བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་

ชื่อสันสกฤต (อักษรทิเบต ตามตัวบท) བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๗๐ · หน้า 281a

པུ་ཏྲ་མ་ཛཱི་ཛ་ན་ཏ། །ཡ་དཱ་ཏཛྫནྨ་ནི་པི་ཏུཿསརྦྦཱ་རྠཱཿབུརྞ་ཏཾ་ཡ་ཡུཿ། །ས་ཏ་དཱ་པུརྞྞ་ནཱ་མཱ་བྷཱུངྦཱ་ལཿཔཱུརྞེནྡུ་པུནྡ་རཿ། །ཛྱེཥྛཱ་སྟྲ་ཡཿཀྲྀ་ཏོདྦཱ་ཧ་ཡ་ཡུ་རབྡྷིནྡྷ་ནཱརྠི་ནཿ། །པཱུརྞྞསྟུ་བྷཎྜ་ཤཱ་ལཱ་ཡཱཾ་པི་ཏུཤྩ་ཀྲེ་དྷ་ནཱརྫ་

དེ་ལ་བུ་ནི་བཙས་པར་གྱུར། །གང་ཚེ་དེ་སྐྱེས་ཕ་ཡི་ནི། །ནོར་ཀུན་གང་བ་ཉིད་དུ་གྱུར། །བྱིས་པ་ཟླ་ཉ་ལྟར་མཛེས་དེ། །དེ་ཚེ་གང་པོ་ཞེས་པར་གྱུར། །ཕུ་བོ་གསུམ་གྱིས་ཆུང་མ་བླངས། །རྒྱ་མཚོར་ནོར་དོན་གཉེར་དུ་སོང་། །གང་པོས་ཕ་ཡི་ཚོང་ཁང་དུ། །འདུག་ནས་ནོར་གྱི་བསྒྲུབ་པ་

ནཾ། །ཏ་ཏཿཔྲ་ཏི་ནི་པྲྀཏྟཱསྟེ་པྲཱཔྟཱརྠཱཿསཱ་ག་རཱཏྶུ་ནཿ། །ག་ཎ་བཱཾ་ཧེ་མ་ལཀྵཱ་ཎཱཾ་ཀྲྀ་ཏྭཱ་སྭ་མུ་དི་རེ་པུ་རཾ། །ས་མུ་དྲ་ག་མ་ནེ་ཏེ་ཥཾ་ཡཱ་བཱ་ནཱ་སཱིདྡྷ་ནཱ་ག་མཿ། །པཱུརྞྞ་སྱ་སྭ་གྲྀ་ཧེ་པ་ཎྱཻརྦ་བྷཱུ་བཱ་བྷྱེ་དྷི་ཀསྟ་ཏཿ། །ཏདྡྲྀཥྚྭཱ་ཛ་ན་ཀསྟེཥཱཾ་

བྱས། །དེ་ནས་དེ་དག་ནོར་ཐོབ་སྟེ། །རྒྱ་མཚོ་ལས་ཀྱང་གྲོང་ཁྱེར་དུ། །སླར་ལོག་གསེར་ནི་འབུམ་ཕྲག་རྣམས། །བགྲང་བར་བྱས་ཏེ་དགའ་བར་གྱུར། །དེ་དག་རྒྱ་མཚོར་བགྲོད་པ་ལ། །ནོར་ནི་ཇི་སྙེད་བྱུང་གྱུར་པ། །རང་གི་ཁྱིམ་དུ་གང་པོ་ལ། །དེ་ལས་ལྷག་པ་ཟོང་གིས་བྱུང་། །དེ་མཐོང་དེ་དག་རྣམས་ཀྱི་ཕ། །

བྲྀདྦྷཿཔཪྻ་ནཱ་བཱ་ས་རེ། །ཏ་ནཱུ་ཙེ་ཧི་ཏ་མཱ་པ་ཏྱཱཾ་ཏྲྀཥྞཱ་ནཻ་ཀ་ཀྵ་ཡོ་ད་ཡཿ། །དྲྀཥྚཾ་བྷ་བདྦྷིཿསཱ་མུ་དྲ་ལཱ་བྷེ་ཀྲྀ་ཏ་པ་རི་ཤྲ་མཻཿ། །པཱུརྞྞེ་ནོ་པརྫི་ཏཾ་བིཏྟ་མ་ཀླེ་ཤེ་ན་མ་ཧཱི་ཡ་ཡཱ། །ཤུ་བྷ་ཀརྨྨ་བི་པཱ་ཀཻ་ན་བྷ་བནྡྱརྠཱ་དྷ་ནཱརྠི་

རྒན་པོས་མཇུག་གི་ཉི་མ་ལ། །དེ་ལ་ཕན་སྨྲས་སྲེད་པས་ནི། །རྒུད་ཚེ་དུ་མ་ཉམས་པ་བསྐྱེད། །ངལ་དུབ་ཆེན་པོ་མེད་པ་ཡིས། །གང་པོས་ནོར་ནི་ཉེར་བསྒྲུབས་པ། །རྒྱ་མཚོའི་རྙེད་པ་དག་ལ་ནི། །ཡོངས་ངལ་བྱས་པ་ཁྱོད་ཀྱིས་མཐོང་། །དགེ་བའི་ལས་ཀྱི་རྣམ་སྨིན་གྱིས། །ནོར་དོན་གཉེར་བ་དོན་ཡོད་

เล่ม ๑๗๐ · หน้า 281b

ནཱཾ། །ཧསྟཱ་ཏ་པ་ལཱ་ཡ་ཏེ྅ནྱ་སྱ་པྲཱབྣོ་ཏི་པ་ཏི་ཏཾ་པ་རཿ། །སནྨཱརྒྒ་སྱཱ་པ་རི་ཏྱཱ་གཱ་ཏ་ཡུཀྟ་ཡུཀྟ་བི་བེ་ཙ་ནཱ་ཏ། །དེ་ཤ་ཀཱ་ལ་པ་རི་ཛྙཱ་ནཱ་ཏ་ས་ཏཱཾ་སརྦྦ་ཏྲ་སམྤ་དཿ། །བྷ་བནྟི་སྭ་གྲྀ་ཧེ་དྷ་ཎྱཿསུ་དྷི་ཡོ་

འགྱུར། །གཞན་གྱི་ལག་ནས་འབྲོས་པར་བྱེད། །གཞན་གྱི་ལྟུང་བར་གྱུར་པ་ཐོབ། །དམ་པའི་ལམ་ནི་ཡོངས་མ་བཏང་། །རིགས་དང་མི་རིགས་རྣམ་བཅད་ཅིང་། །ཡུལ་དང་དུས་ནི་ཡོངས་ཤེས་ལ། །དམ་པ་ཀུན་ཏུ་ཕུན་སུམ་ཚོགས། །བློ་བཟང་སྐལ་ལྡན་རང་ཁྱིམ་དུ། །ཆོས་ཀྱི་

དྷརྨྨ་བྷཱ་གི་ནཿ། །ག་ཏྭཱ་རཏྣཱ་ཀ་རཾ་ཙཱ་ནྱེ་ལ་བྷནྟེ་པྲཱ་ཎ་སཾ་ཤཱ་ཡཾ། །ཡཏྣེ་ན་བོདྡྷ་བྱ་སདྦྷིཿདྷ་ན་སྱོ་པ་ནི་ཥཏ་བ་རཱ། །ཨ་དྲོ་ཧ་ཤུདྡྷ་བུདྡྷི་ནཱཾ་སྭཱ་དྷཱི་ནཱ་དྷ་ན་ད་ཤྲི་ཡཿ། །རཀྵ་ཎཱི་ཡོ་བྷ་བདྡྷིཤྩ་

བགོ་སྐལ་ལྡན་པར་འགྱུར། །གཞན་ནི་རིན་ཆེན་འབྱུང་གནས་སུ། །སོང་ནས་སྲོག་ལ་ཐེ་ཚོམ་འཐོབ། །ནོར་གྱི་ཉེ་བར་གནས་པ་མཆོག །དམ་པས་འབད་དེ་རྟོགས་པར་བྱ། །འཁུ་མེད་དག་པའི་བློ་ལྡན་ལ། །ནོར་སྦྱིན་དཔལ་ནི་རང་དབང་འགྱུར། །རྟག་ཏུ་ཁྱོད་ནི་འགྲོགས་པ་ཡིས། །

བྷེ་དཿས་ཏ་ཏ་སཾ་ཧ་ཏེཿ། །བྷིནྣཱཏྶྑ་ལ་ཏི་ཀ་ལྱཱ་ཎཾ་ཀུ་ལཱ་ཏ་ཀུམྦྷ་དི་བོ་ད་ཀཾ། །ཡ་ཐཱ་བྷིནྣནྡྷ་ན་སྱཱགྷེ་རྣ་ཤྱནྟི་ས་དྲྀ་ཤཱ་ཏྭི་ཥཿ། །ཏ་ཐཱ་བི་པུ་ལ་བཾ་ཤ་སྱ་བྷིནྣ་ཛྙཱ་ཏེརྦི་བྷུ་ཏ་ཡཿ། །བྷྲཱ་ཏྲཱི་ཎཾ་སནྟ་ཏོ་བྷེ་དཿཀ་ཐཾ་ནཱ་

དབྱེ་བ་དག་ནི་བསྲུང་བར་བྱ། །རིགས་ནི་དབྱེ་བས་དགེ་བ་དག །ཟག་པར་འགྱུར་ཏེ་བུམ་ཆུ་བཞིན། །ཇི་ལྟར་བུད་ཤིང་བྱེ་བ་ཡིས། །མེ་ཡི་འོད་ནི་མཚུངས་པ་ཉམས། །དེ་བཞིན་རིགས་བརྒྱུད་ཆེན་པོ་ཡིས། །གཉེན་འདུན་བྱེ་བའི་འབྱོར་པའོ། །ཆུང་མས་རྟག་ཏུ་མཚན་མོ་ནི། །སྡང་བའི་

เล่ม ๑๗๐ · หน้า 282a

མ་ནི་བརྟྟ་ཏེ། །ཨ་དྷྱཱ་པི་ཏྲ་ནཾ་པཏྣཱི་དྷི་རྡྭེ་ཥ་བི་དྱཱཾ་ས་དཱ་ནི་ཤི། །ཨུནྣ་ཌཱ་ནཱཾ་སྭ་བཾ་ཤཱ་ནཱཾ་དྭཻ་དྷཱཾ་ཏཱ་བནྣ་ཛ་ཡ་ཏེ། །ཡཱ་བཏཀུ་ཋ་ར་དྷཱ་རེ་བ་ཡོ་ཥིདྦི་ཤ་ཏི་ནཱནྟ་རཾ། །བྷྲཱ་ཏ་རརྠཱ་ན་བཱ་དེ་ན་གུ་རུཾ་པ་རུ་ཥྱ་ཀུཏྶ་

རིག་བྱེད་བསླབས་པ་ཡི། །སྤུན་ཟླ་བྱེ་བའི་བརྒྱུད་དག་ནི། །ངེས་པ་ཉིད་དུ་ཇི་ལྟར་ཟློག །ཇི་སྟེ་སྟ་རེ་རྣོ་ལྟ་བུའི། །བུད་མེད་ནང་དུ་མ་ཞུགས་པ། །དེ་སྲིད་རང་རིགས་སྨིག་མ་ནི། །མཐོན་པོ་རྣམ་གཉིས་མི་འགྱུར་རོ། །ནོར་ལ་རྩོད་པ་སྤུན་ཟླ་དང་། །སྨོད་ཅིང་རྩུབ་པས་བླ་མ་

ཡཱཿ། །མི་ཏྲ་མེ་ཀཱ་བྷི་ལཱ་ཥེ་ཎ་ན་ཡནྟི་དྭེ་ཥ་ཏཱཾ་སྟྲི་ཡཿ། །ཏདྤ་དནྟི་ཧ་སནྟྱ་བི་བྷྲུ་བི་ལཱ་སེ་ན་ཡོ་ཥི་ཏཿ། །ཡཏ་པྲ་ཡཱ་ཏི་སུ་ཧྲྀཏ་སྣེ་ཧ་མཱུ་ལོནྨཱུ་ལ་ན་ཧེ་ཏུ་ཏཱཾ། །ཧི་ཏ་མུཀྟྭེ་ཏི་པུ་ཏྲཱ་ཎཾ་བྷཱུ་ཏ་ཡེ྅བྷི་མ་ཏཾ་བྷ་

དང་། །གཅིག་ལ་འདོད་པས་གྲོགས་པོ་ལ། །བུད་མེད་ཀྱིས་ནི་སྡང་དུ་འཇུག །གྲོགས་ཀྱི་མཛའ་གཅུགས་རྩ་བ་ནས། །འབྱིན་པའི་རྒྱུར་ནི་རབ་འགྱུར་གང་། །དེ་ནི་བུད་མེད་སྨིན་མ་དག །གཡོ་ཞིང་དགོད་ཀྱང་སྨྲ་བར་བྱེད། །བུ་རྣམས་འབྱོར་པས་མངོན་འདོད་པས། །ཕན་པ་འདི་བརྗོད་འབྱོར་

བཿ། །ཨ་ནི་ཏྱ་ཏཱ་པ་རི་མུཀྟཿཀཱ་ལེ་ནི་དྷ་ན་མཱ་ཡ་ཡཽ། །ཨ་བི་བྷཀྟེ་དྷ་ནེ་ཤཀྟྭཱ་དེ་ཤཱནྟ་ར་དྷ་ནཱརྫ་ནེ། །ཛྱེཥྛཱ་བ་བྷཱུ་བུཿཔུརྞྞ་སྟུ་གྲྀ་ཧེ་བིཏྟ་མ་ཙིནྟ་ཡཏ། །ཀ་ལེ་ན་གྲྀ་ཧ་མཱཔྟཱ་ནཾ་བསྟྲཱ་ཤ་ན་བི་བཱ་དི་

པ་ནི། །མི་རྟག་པ་ལས་ཡོངས་མ་གྲོལ། །དུས་ཀྱིས་ཕ་རོལ་སོང་བར་གྱུར། །ནོར་ནི་དགོས་པ་མིན་པའི་ཚེ། །ཕུ་བོ་རྣམས་ནི་ཡུལ་གཞན་དུ། །ནོར་ཉིད་བསྒྲུབ་ལ་ཆགས་གྱུར་ཅིང་། །གང་པོས་ཁྱིམ་དུ་ནོར་ལ་བསམས། །དུས་ཀྱི་ཁང་པར་འོངས་པར་གྱུར། །གོས་དང་ཟས་ལ་རྩོད་པ་

เล่ม ๑๗๐ · หน้า 282b

ནཱཾ། །སྟྲཱི་མནྟྲ་དཏྟ་ཀརྞཱ་ནཱཾ་བྷེ་དསྟེ་ཥཱ་མ་ཛཱ་ཡ་ཏ། །བིཏྟེ་བི་བྷ་ཛྱ་མཱ་ནེ་ཐ་ཏཻརྦི་དྭི་ཥ་བ་ཤཱི་ཀྲྀ་ཏཻཿ། །དཱ་སཱི་སུ་ཏོ་ཡ་མི་ཏྱུཀྟྭཱ་ནཱི་ཏཿཔཱུརྞྞོ་ནི་རཾ་ཤ་ཏཱཾ། །སོ་པི་པཱུརྞྞ་དྷ་ནཿཀཱ་ལེ་ཤཱི་ཏ་སཾ་ཀུ་ཙི་ཏཾ་པ་ཋེ། །ད་དཪྴ་གྲྀཥྨཱ་

དང་། །རྣ་བར་བུད་མེད་སྔགས་བྱིན་པས། །དེ་དག་རྣམས་ནི་རྩེ་བར་གྱུར། །དེ་ནས་ནོར་ནི་བཀོད་པ་ན། །སྡང་བས་དབང་བྱས་དེ་དག་གིས། །འདི་ནི་འབངས་མོའི་བུ་ཞེས་བརྗོད། །གང་པོ་སྐལ་པ་མེད་པར་བྱས། །དེ་ཡང་ནོར་གྱིས་གདུང་དུས་སུ། །ལམ་དུ་སོ་ཀའི་ཚ་བ་ལའང་། །གྲང་བས་འཁོངས་

ཏཱ་པེ་པི་བི་བ་ཤཾ་དཱ་རུ་བྷཱ་རེ་ཀཾ། །ཨ་དཱ་ཡ་དཱ་རུ་མཱུ་ལྱེ་ན་ས་ཏསྨཱཏ་དཱ་རུ་བྷཱ་ར་ཀཾ། །དི་བྱ་ཙནྡ་ན་མ་དྲཱཀྵཱི་ཏ་ད་ཧ་ན་སྱཱ་པི་ཤཱི་ཏ་དཾ། །སུ་ཀྲྀ་ཏེ་ནཻ་བ་མ་ཧཱ་ཏ་ཏེ་ན་ལབྡྷ་མ་ཧཱདྷ་ནཿ། །ས་སེ་བྱཿསཱརྠ་

ཤིང་ཉེན་པ་ཡིས། །ཤིང་ནི་ཁུར་བ་དག་གཅིག་མཐོང་། །དེ་ཡིས་དེ་ལས་ཤིང་གི་ནི། །རིན་གྱིས་ཤིང་གི་ཁུར་པོ་བླངས། །སྲེག་བྱེད་ལ་ཡང་བསིལ་སྟེར་བ། །ལྷ་ཡི་ཙནྡན་དག་ཏུ་མཐོང་། །ལེགས་བྱས་ཆེན་པོ་ཉིད་ཀྱིས་བཞིན། །དེ་ཡིས་ནོར་ཆེན་ཐོབ་པས་དེ། །དེད་དཔོན་རྣམས་

བཱ་ཧཱ་ནཱཾ་པཱུ་ཛྱོ་བྷུཏྤྲྀ་ཐི་བཱི་པ་ཏེཿ། །རཏྣཱ་ཀ་ར་པ་ཥཊ་ཀྲྀ་ཏྭཿཔྲ་ཡཱ་ཏཿསརྦྦ་དོ྅རྠི་ནཱཾ། །ཙ་ཀཱ་ར་སརྦྦ་བཱ་ནི་ཛཱཾ་ཏ་ར་ཤུལྐཱ་དྱ་ནུ་གྲ་ཧཾ། །ཤྲཱ་བསྟཱི་བཱ་སི་བྷིཿསཱརྠ་བ་ཎིགྦྷིཿཔུ་ན་རརྠི་

ཀྱིས་བསྟེན་བྱ་སྟེ། །ས་ཡི་བདག་པོས་མཆོད་བྱར་གྱུར། །སློང་བ་རྣམས་ལ་ཀུན་སྟེར་དེས། །རིན་ཆེན་འབྱུང་གནས་ལན་དྲུག་བགྲོད། །ཚོང་པ་ཀུན་གྱི་གྲུ་བཙས་དང་། །ཤོ་གམ་ལ་སོགས་རྗེས་བཟུང་བྱས། །སླར་ཡང་མཉན་ཡོད་ན་གནས་པའི། །དོན་མཐུན་ཚོང་པས་གསོལ་

เล่ม ๑๗๐ · หน้า 283a

ཏཿ། །ཡ་ཡོ་པྲ་བ་ཧ་ཎཱ་རཱུ་ཌྷཿས་མུ་དྲ་དྭཱི་པ་མཱ་ཤུ་སཿ། །པྲ་ཏྱཱ་པྲྀཏྟེ་པྲ་བ་ཧ་ཎེ་སོ྅ཐ་ཤུ་ཤྲཱ་བ་གཱ་ཡ་ཏཱཾ། །བ་ཎི་ཛཱཾ་སྠཱ་བ་རཱི་ཤཻ་ལ་གཱ་ཐཱཿསུ་ག་ཏ་སཾ་ཤྲ་ཡཱཿ། །ཀ་སྱཻ་ཏཱ་ཨི་ཏི་ཏེ་ཏེ་

བཏབ་ནས། །རྒྱ་མཚོའི་གླིང་དུ་མགྱོགས་པར་དེ། །གཟིངས་ལ་རབ་ཏུ་ཞོན་ནས་སོང་། །དེ་ནས་གཟིངས་ནི་སླར་ལོག་ཚེ། །ཚིགས་སུ་བཅད་པ་བསྟན་པའི་ཕྱིར། །བདེ་གཤེགས་ལ་བརྟེན་ཚོང་པ་རྣམས། །གླུ་རུ་ལེན་པ་དེ་ཡིས་ཐོས། །འདི་ནི་སུ་ཡིས་ཞེས་དེས་

ན་པྲྀཥྚཱ་སརྦྦ་བ་བྷཱ་ཥི་རེ། །ཨེ་ཏཱ་བྷ་ག་བ་ཏཱ་གཱི་ཏཱ་གཱ་ཐཱ་བུདྡྷེ་ན་དྷཱི་མ་ཏཱ། །ཨི་ཏི་བུདྡྷཱ་བྷི་དྷཱ་མེ་བ་ཤྲུ་ཏྭཱ་ཧཪྵ་མ་བཱ་པ་སཿ། །པུཾ་སཱཾ་སྭ་བཱ་ས་ནཱ་རཱུ་ཌྷ་བྱཀྟི་མཱ་ཡཱ་ཏྱུ་དཱི་རི་

དྲིས། །དེ་དག་ཀུན་གྱིས་ལེགས་སྨྲས་པ། །འདི་དག་སངས་རྒྱས་བཅོམ་ལྡན་འདས། །བློ་ལྡན་གྱིས་གསུངས་ཚིགས་སུ་བཅད། །ཅེས་པ་སངས་རྒྱས་མཚན་ཐོས་ནས། །དེ་ཡིས་དགའ་བ་ཐོབ་པར་གྱུར། །སྐྱེས་བུ་རང་ལ་བག་ཆགས་གནས། །བརྗོད་པས་གསལ་བ་ཉིད་

ཏཾ། །ཏཻརྦིསྟ་རེ་ཎ་ཀ་ཐི་ཏཱ་མཱ་ཀརྞྱ་བྷ་ག་ཝ་ཏ་ཀ་ཐཱཾ། །སོ྅བྷ་བཏྟངྒ་ཏ་མ་ནཱ་ཏ་དཪྴ་ན་ས་མུཙྪུ་ཀཿ། །ས་ཤ་ནཻརྒྲྀ་ཧ་མཱ་ག་ཏྱ་ཏྱཀྟྭཱ་སརྦྦ་པ་རི་ཙྪ་དཾ། །ཨ་ནཱ་ཐ་པཎྜི་དཾ་དྲཥྚུཾ་ཤྲཱ་བ་སྟཱཾ་

དུ་གྱུར། །དེ་དག་གིས་ནི་རྒྱས་བཤད་པའི། །བཅོམ་ལྡན་འདས་ཀྱི་གཏམ་དག་དེས། །ཐོས་ནས་དེ་ལ་ཡིད་སོང་སྟེ། །དེ་ནི་ལྟ་བར་འདོད་པར་གྱུར། །རིམ་གྱིས་ཁྱིམ་དུ་འོངས་ནས་དེས། །ཡོ་བྱད་ཐམས་ཅད་ཡོངས་བཏང་སྟེ། །གྲོགས་པོ་མགོན་མེད་ཟས་སྦྱིན་ནི། །ལྟ་རུ་མཉན་

เล่ม ๑๗๐ · หน้า 283b

སུ་ཧྲྀ་དཾ་ཡ་ཡཽ། །ཨ་བྷི་ལཱ་ཥཾ་ནི་བེ་དྱསྨཻ་པྲ་བྲ་ཛྱཱ་ཡཱཾ་ཛི་ཏེནྡྲ་ཡཿ། །ཛ་གཱ་མ་ས་ཧི་ཏསྟེ་ན་བྷཀྟྱཱ་བྷ་ག་བ་ཏོནྟི་ཀཾ། །དྲྀཥྚྭཻ་བེ་ཏ་ཏྲ་སརྦ་ཛྙཾ་མོ་ཧ་དྷྭནྟ་དི་བཱ་ཀ་རཾ། །ཏཏྤཱ་ད་བརྞྞ་ནེ་ནཻ་བ་མེ་ནེ་ས་ཀྲྀ་ཏ་ཀྲྀ་ཏྱ་ཏཱཾ། །

དུ་ཡོད་པར་སོང་། །རབ་ཏུ་བྱུང་བར་མངོན་འདོད་པ། །དེ་ལ་དབང་པོ་ཐུལ་བས་བཤད། །དེ་དག་ལྷན་ཅིག་གུས་པ་ཡིས། །བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་། །གཏི་མུག་མུན་པ་ཉིན་མོར་བྱེད། །ཀུན་མཁྱེན་དེར་ནི་དེས་མཐོང་ནས། །དེ་ཡི་ཞབས་མཐོང་ཉིད་ན་དེས། །བྱ་བ་བྱས་པ་ཉིད་དུ་བསམས། །

བི་ཛྙ་ཡ་ཏ་སྱ་བྷ་ག་བཱན་སཾ་ཀལྤནྟ་མ་བྷཱ་ཥ་ཏ། །དེ་ཤ་ན་ཛྱོཏྤྣ་ཡ་ཀུརྦྦན་བི་བེ་ཀ་བི་མ་ལཱ་དི་ཤཿ། །ཨེ་ཧི་བྷིཀྵོ་ནི་རཱ་ཀཱཾ་ཀྵེ་ནིརྦི་བཀྵེ་ཀྵ་ཡཽ་ཛྫྙི་ཏེ། །ཨཱ་ཁྱཱ་ཏེ་དྷརྨྨ་བི་ན་ཡེ་བྲཧྨ་ཙཪྱཱཾ་ཙ་

དེ་ཡི་བརྟག་པ་བཅོམ་ལྡན་གྱིས། །རྣམ་པར་མཁྱེན་ནས་དེ་ལ་ནི། །ཕྱོགས་རྣམས་ཚེམས་ཀྱི་ཟླ་འོད་ཀྱིས། །དྲི་མེད་དབེན་པར་མཛད་ཅིང་གསུངས། །དགེ་སློང་ཚུར་ཤོག་དོགས་མེད་ཅིང་། །མི་མཐུན་ཕྱོགས་བྲལ་ཉམས་པ་སྤངས། །ལེགས་པར་གསུངས་པའི་ཆོས་འདུལ་ལ། །ཚངས་པའི་སྤྱོད་

རེཔྶི་ཏཾ། །ཨི་ཏི་པྲ་སཱ་ད་ཤཱི་ལེ་ན་ཛི་ནེ་ནོ་དཱི་རི་ཏེ་པུ་རཿ། །པྲ་བྲ་ཛྱ་ས་ཧ་སཻ་བཱ་སྱ་པ་པཱ་ཏཱ་ལཀྵི་ཏཱ་ཏ་ནཽ། །ཏ་ཏཿས་ཤ་ཏྲོ་མི་ཏྲེ་ཙ་པྲ་ཤ་མཱ་ཏ་ས་མ་ཏཱཾ་ཤྲི་ཏཿ། །ཤསྟུཿཤཱ་ས་ནམཱ་དྭཱ་ཡ་པྲ་ཎི་པ་ཏྱ་ཛ་གཱ་མ་

པ་སྤྱད་འདོད་པའོ། །ཞེས་པ་རབ་དང་ངང་ཚུལ་གྱིས། །རྒྱལ་བས་སྔོན་དུ་བརྗོད་པའི་ཚེ། །དེ་ཡི་ལུས་ལ་འཕྲལ་ཉིད་དུ། །མཚོན་པ་མེད་པར་རབ་བྱུང་ལྷུང་། །རབ་ཏུ་ཞི་ལས་དགྲ་དང་ནི། །གྲོགས་ལ་མཚུངས་པར་བསྟེན་པ་དེས། །སྟོན་པའི་བཀའ་ནི་རབ་བཟུང་ནས། །དེ་ལ་ཕྱག་ནི་བཙལ་ཏེ་

เล่ม ๑๗๐ · หน้า 284a

ཏཾ། །ཤྲོ་ཎཱ་པ་རཱནྟ་ཀ་ནཱ་མ་དེ་ཤཾ་ཀྲཱུ་ར་ཛ་ནཱ་ཤྲ་ཡཾ། །སྭ་ཡཾ་པ་རཱིཀྵི་ཏུཾ་ཀྵཱནྟིཾ་ཛཾ་ནེ་ན་ས་ཧ་ས་མཱ་ཡ་ཡཽ། །ཏ་ཏཱ་དྲྀཥྚཱ་ཏ་མ་ཡཱནྟཾ་མྲྀ་ག་ཡཱ་ཡཱ་མངྒ་ལཾ། །ལུབྡྷ་ཀཤྩཱ་ས་མཱ་ཀྲྀ་ཥྱ་ཧནྟུཾ་ཀྲོ་དྷཱ་ཏ་ས་མུ་དྲ་བཏ། །

སོང་། །སྲོ་ནའི་ཕ་རོལ་འགྲམ་ཞེས་ཡུལ། །མ་རུངས་སྐྱེ་བོའི་གནས་སུ་ནི། །རང་ཉིད་བཟོད་པ་ཡོངས་རྟོག་ཅིང་། །སྐྱེ་བོ་དག་དང་ལྷན་ཅིག་སོང་། །རི་དྭགས་ཤོར་བ་ལ་མི་ཤིས། །དེ་ནི་དེ་ནས་འོངས་མཐོང་ནས། །རྔོན་པ་རྣམས་ཀྱིས་གཞུ་བཀང་སྟེ། །ཁྲོ་བས་གསོད་པར་ཡང་དག་གཟས། །

ནིརྦི་ཀཱ་རཾ་ནི་རུདྤེ་གཾ་ས་ཏཾ་བི་ག་ཏ་སཱ་དྷཱ་སཾ། །པྲ་ཧ་རེ་ཏི་བྲུ་བཱ་ཎཉྩ་དྲྀཥྚྭཻ་བ་ཤ་མཱ་མཱཔྟ་བཱན། །ཤཱ་མྱ་ཏསྟ་སྱ་ས་ཧ་སྱ་པྲ་སཱ་དཱི་ལུབྡྷ་ཀ་སྱ་སཿ། །དྷརྨྨནྡི་དེ་ཤ་ཡེ་ནཱ་སཽ་བོ་དྷིཾ་པྲཱ་བ་ས་ཧཱ་ནུ་གཻཿ། །ས་ཏ་ཏྲ་སུ་ག་ཏཱརྷཱ་ཎཱཾ་སརྦོ་པ་

རྣམ་འགྱུར་མེད་ཅིང་མྱ་ངན་མེད། །འཇིགས་པ་དང་ནི་བྲལ་བ་སྟེ། །སྣུན་ཅིག་ཅེས་ཀྱང་བརྗོད་མཐོང་ནས། །དེ་དག་ཞི་བ་ཐོབ་པར་གྱུར། །རྔོན་པ་འཕྲལ་ལ་ཞི་གྱུར་པ། །དེ་ལ་རབ་ཏུ་དང་ལྡན་དེས། །གང་གིས་དེ་ནི་རྗེས་འབྲང་བཅས། །བྱང་ཆུབ་རྟོགས་བྱེད་ཆོས་བསྟན་ཏོ། །དེར་ནི་བདེ་གཤེགས་ལ་འོས་པའི། །ཡོ་

སྐ་ར་སམྤ་དཱམ། །ཤ་ཏཱནི་པཉྩ་ར་མྱཱ་ཎཱཾ་བི་ཧཱ་རཱ་ཎཱ་མ་ཀ་ར་ཡཏ། །པཱུརྞྞོ་པི་ཛྙཱ་ན་སཾ་པཱུརྞྞ་པྲསྟ་སྟྲི་ད་ཤ་པཱུ་ཛྱ་ཏཱམ། །བཻ་རཱ་གྱ་ལཀྵྨྱ་ཡུཀྟོ་བྷཱུ་ན་མུ་ནཱི་ནཱཾ་སྤྲྀ་ཧ་ཎཱི་ཡ་ཡཱ། །ཨ་ཐ་ཏ་སྱཱ་གྲ་ཛཱ་བྷྲཱ་ཏཱ་བྷ་པི་ལཿཀྵཱི་

བྱང་ཐམས་ཅད་ཕུན་ཚོགས་ཀྱི། །གཙུག་ལག་ཁང་ནི་ཉམས་དགའ་བ། །ལྔ་བརྒྱ་དག་ནི་དེ་ཡིས་བྱས། །གང་པོའི་ཡེ་ཤེས་ཡོངས་སུ་རྫོགས། །སྐབས་གསུམ་པ་ཡིས་མཆོད་བྱ་ཐོབ། །ཐུབ་པ་རྣམས་ཀྱིས་དགྱེས་བྱ་བ། །ཆགས་བྲལ་དཔལ་དང་ལྡན་པར་གྱུར། །དེ་ནས་དེ་ཡི་སྔོན་སྐྱེས་སྤུན། །འབྱོར་ལྡན་དུས་

เล่ม ๑๗๐ · หน้า 284b

ཎ་བིཏྟ་ཏཱཾ། །ཀཱ་ལེ་ནོ་པ་ག་ཏཿཔྲ་ཡ་ཏ་ས་མུ་དྲཾ་དྲ་བི་ཎཱ་ཤ་ཡཱ། །ཏ་ཏཿཔྲ་བ་ཧ་ཎཱ་རཱུ་ཌྷཿསོ྅ནུ་ཀཱུ་ལཻཿས་མཱི་ར་ཎཻཿ། །གོ་ཤཱིཪྵ་ཙནྡ་ན་བ་ནཾ་པྲ་པི་ཏ་སྭལྤ་བཱ་ས་རཻཿ། །ཀུ་ཋཱ་རི་ཀ་ཤ་ཏེསྟསྨིན་པཉྩ་བྷིཤྪེཏྟ་མུ་དྱ་ཏེ། །ཏཙྩནྡ་ན་བ་

ཀྱི་ནོར་རྣམས་ནི། །ཟད་པ་ཉིད་དུ་རབ་གྱུར་ཏེ། །ནོར་གྱི་བསམ་པས་རྒྱ་མཚོར་སོང་། །དེ་ནས་དེ་ནི་གཟིངས་ལ་ཞོན། །རྗེས་མཐུན་ཡང་དག་གཡོ་བ་ཡིས། །གོ་ཤཱིཪྵ་ཡི་ཙནྡན་ནགས། །ཉི་མ་ཉུང་དུས་སླེབ་པར་གྱུར། །སྟ་རེ་ཐོགས་པ་ལྔ་བརྒྱ་ཡིས། །དེར་ནི་མཆོག་གི་ཙནྡན་ནགས། །ལག་འགྲོའི་ཚོགས་

ནཾ་དི་བྱཾ་བྷུ་ཛ་ག་ག་ཎ་སཾ་ཀུ་ལཾ། །ཏ་ཏཿསྭཱ་མི་ཡཀྵ་སེ་ནཱ་ནཱཾ་མ་ཧེ་ཤྭ་ར་ཨི་ཏི་ཤྲུ་ཏཿ། །ཀོ་པཱ་དུ་ད་སྲི་ཛ་ཏཾ་གྷོ་རཾ་ཀཱ་ལི་ཀཱ་ཁྱཾ་མ་ཧཱ་ནི་ལཾ། །མ་རུ་ཏཱ་ཏེ་ན་མ་ཧཱ་ཏཱ་པྲཱ་པི་ཏཱཿཔྲཱ་ཎ་སཾ་ཤ་ཡཾ། །ཙ་ཀྲནྡུརྦྦ་ཎི་ཛཿསརྦྦེ་ཤརྦྦ་ཤ་ཀྲ་མུ་ཁཱ་ན་

ཀྱིས་རྒྱས་གྱུར་པ། །དེ་ལ་གཅོད་པར་ཞུགས་པའི་ཚེ། །དེ་ནས་གནོད་སྦྱིན་སྡེ་ཡི་རྗེ། །དབང་ཕྱུག་ཆེན་པོ་ཞེས་གྲགས་པ། །ཁྲོས་ཏེ་འཇིགས་པའི་རླུང་ཆེན་ནི། །ཀ་ལི་ཀ་ཞེས་བྱ་བ་སྤྲོས། །རླུང་ནི་ཆེན་པོར་གྱུར་པ་དེས། །སྲོག་ལ་ཐེ་ཚོམ་ཐོབ་གྱུར་པ། །ཚོང་པ་ཀུན་གྱིས་དབང་ཕྱུག་དང་། །བརྒྱ་བྱིན་ལ་སོགས་

སུ་རཱན། །ཏཱ་ནཱ་རྟུ་ར་བ་མུ་ཁ་རཱན་བྷ་བི་ལཿསཱརྠ་ནཱ་ཡ་ཀཿ། །ཨུ་བཱ་ཙ་སཉྩིནྟྱ་ཙི་རཾ་པཤྩཏྟཱ་པ་ས་མཱ་ཀུ་ལཿ། །པཱུརྞྞཿཀ་ནཱི་ཡཱན་བྷྲཱ་ཏཱ་སོ་ཧི་ཏཻ་ཥཱི་མཱཾ་པུ་རཱ་བ་དཏ། །བ་ཧུཀླེ་ཤོ྅ལྤ་སུ་ཁཿཀྭ་ནུ་གནྟ་བྱསྟྭ་ཡཱཾ་

ལྷ་རྣམས་བོས། །མུ་ཅོར་གདུང་སྒྲོགས་དེ་དག་ལ། །དོན་མཐུན་འདྲེན་པ་འབྱོར་ལེན་ནི། །རྗེས་སུ་གདུང་བས་འཁྲུགས་པ་ཡིས། །ཡུན་རིང་བསམས་ནས་རབ་སྨྲས་པ། །སྤུན་ཟླ་གཞོན་པ་གང་པོ་དེས། །ཕན་འདོད་བདག་ལ་སྔོན་སྨྲས་པ། །ཉོན་མོངས་མང་ཞིང་བདེ་བ་ཉུང་། །ཆུ་གཏེར་དུ་ཁྱོད་གང་ལ་

เล่ม ๑๗๐ · หน้า 285a

བུ་དྷིཿ། །ཨ་ཀྲྀ་ཏྭཱ་དྷཱི་མ་ཏསྟ་སྱ་བ་ཙ་ནཾ་ས་ཏྱ་དཪྴི་ནཿ། །ཙྱུ་ཏོ྅ཧཾ་དྷ་ན་ལོ་བྷེ་ན་གྷོ་རེ་སྨིན་བྱ་ས་ནཱརྞྞ་བེ། །ཤྲུ་ཏྭེ་ཏདྦ་ཎི་ཛཿསརྦེ་པྲ་བྷཱ་བཾ་ལོ་ཀ་བི་ཤྲུ་ཏཾ། །པཱུརྞྞ་སྱ་མཱ་ན་སཱ་དྷྱ་ཏྭཱ་ཏ་མེ་བ་ཤ་ར་ཎཾ་ཡ་

འགྲོ། །བློ་ལྡན་བདེན་པ་མཐོང་གྱུར་པ། །དེ་ཡི་ཚིག་ནི་མ་བྱས་པས། །འཇིགས་རུང་སྡུག་བསྔལ་རྒྱ་མཚོ་འདིར། །ནོར་ལ་ཆགས་པས་བདག་ལྷུང་ངོ་། །དེ་དག་ཐོས་ནས་ཚོང་པ་ཀུན། །གང་པོའི་མཐུ་ནི་འཇིག་རྟེན་དུ། །རྣམ་པར་གྲགས་པ་ཡིད་ལ་བསྒོམས། །དེ་ཉིད་ལ་ནི་སྐྱབས་

ཡུཿ། །ན་མསྟུ་བྷྱཾ་ཛ་གཏྐླེ་ཤ་བི་ཥ་དོ་ཥཱ་ས་ཧ་རི་ཎི། །པུརྞྞཱ་ཡོ་དཱིརྞྞ་ཀ་རུ་ཎཱ་སུ་དྷཱ་སཾ་པཱུརྞྞ་ཙེ་ཏ་སྱ། །ཨི་ཏྱེ་ཀ་སྭ་རཱ་ར་བེ་ཎ་ཏེ་ཥཱཾ་སཾ་པཱུ་རི་ཏེ྅མྦ་རེ། །ཀྵ་ཎེ་ན་ག་ཏྭཱ་ཏདྦྲྀཏྟཾ་པཱུརྞྞ་པྲཱ་ཧ་སྭ་དེ་བ་ཏཱ། །

སུ་སོང་། །འགྲོ་བའི་ཉོན་མོངས་དུག་གི་སྐྱོན། །འཕྲོག་ཅིང་སྙིང་རྗེ་རྒྱས་པ་ཡི། །བདུད་རྩིས་ཡང་དག་རྫོགས་པའི་ཐུགས། །གང་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་དེ་དག་རྣམས་ཀྱི་སྒྲ། །དབྱངས་གཅིག་གིས་ནི་མཁའ་ཁེངས་ཚེ། །སྐད་ཅིག་ལ་ཕྱིན་དེ་ཡི་སྤྱོད། །གང་པོ་ལ་སྨྲས་རང་གི་ལྷས། །

ཤྲོ་ཎཱ་པ་རཱནྟ་ཀ་ག་ཏཿཤྲུ་ཏྭཱ་ཏེ་ཥཾ་ས་པིསླ་བཾ། །བྱོམྣ་ས་མཱ་དྷི་སནྣདྡྷཿཔྲཱ་པ་པྲ་བ་ཧ་ཎཾ་ཀྵ་ཎཱ་ཏ། །ཏསྨིན་པཪྻཾ་ཀ་བནྡྷེ་ན་སྠི་ཏོ་མེ་རུ་རི་བཱ་ཙ་ལཿ། །པྲ་ལ་ཡོཏྟཱ་ལ་བེ་ག་སྱ་ག་ཏིཾ་བཱ་ཡོརྫྫ་ཧཱ་ར་སཿ། །པཱུརྞྞེ་

སྲོ་ནའི་ཕ་རོལ་འགྲམ་གནས་པ། །དེ་ཡིས་དེ་དག་བསླད་ཐོས་ནས། །ཏིང་འཛིན་བསྒྲུབས་པས་ནམ་མཁའ་ལ། །སྐད་ཅིག་གིས་ནི་གཟིངས་ཅན་ཕྱིན། །དེར་ནི་དེ་ཡིས་སྐྱིལ་ཀྲུང་བཅས། །ལྷུན་པོ་བཞིན་དུ་མི་གཡོ་བས། །འཇིག་དུས་རླུང་ཚུབ་ལྟ་བུ་ཡི། །རླུང་གི་ཤུགས་ཀྱིས་འགྲོ་བ་ཕྲོགས། །གང་

เล่ม ๑๗๐ · หน้า 285b

ན་པ་བ་ཎི་རུདྡྷཾ་ཛྙཱ་ཏྭཱ་ཡཀྵ་ག་ཎཱ་གྲ་ཎཱིཿ། །ཏཾ་པྲ་སཱ་ད་ཡ་ཡཽ་ཏྱཀྟྭཱ་ཏེ་བྷྱཤྩནྡ་ན་ཀཱ་ན་ནཾ། །པཱུརྞྞ་པྲ་སཱ་དཱ་དཱ་དཱ་ཡ་བྷ་བི་ལཤྩནྡ་ན་དྲུ་མཱན། །ཧྲྀཥྚ་སྟེ་ནཻ་བ་ས་ཧི་ཏཿཤཱུ་པཱ་རཾ་སྭ་པུ་རཾ་ཡ་ཡཽ། །པཱུརྞྞེ྅ཐ་

པོས་རླུང་ནི་བཀག་པ་དང་། །གནོད་སྦྱིན་ཚོགས་ཀྱི་གཙོ་བོས་ཤེས། །དེ་ལ་དང་བས་ཙནྡན་ནགས། །དེ་དག་རྣམས་ལ་བཏང་ནས་སོང་། །གང་པོའི་དྲིན་གྱིས་ཙནྡན་ཤིང་། །འབྱོར་ལེན་དག་གིས་བླངས་ནས་ནི། །རང་གི་གྲོང་ཁྱེར་སློབ་མ་འདྲར། །དགའ་བས་དེ་དང་ལྷན་ཅིག་སོང་། །དེ་ནས་གང་

སམྨཏྟེ་བྷཱ་ཏུ་སྟ་ཏྲ་གོ་ཤཱིཪྵ་ཙནྡ་ནཻཿ། །ཙཀྲེ་ཙནྡ་ན་མཱ་ལཱ་ཁྱཾ་པྲ་སཱ་དཾ་སུ་ག་ཏོ་ཙི་ཏཾ། །ཏ་ཏྲ་པཱུརྞྞེ་ན་བྷ་ག་བཱན་དྷྱཱ་ཏསྟཱུརྞྞ་བི་ཧཱ་ཡ་སཱ། །ས་མཱ་ཡ་ཡཽ་ཛེ་ཏ་བ་ནཱ་དུལླཾ་གྡྱ་ཤ་ཏ་ཡོ་ཛ་ནཱིཾ། །ཨཱ་

པོས་སྤུན་ལ་བགྲོས། །གོ་ཤཱིཪྵ་ཡི་ཙནྡན་གྱིས། །བདེ་གཤེགས་ལ་འོས་ཁང་བཟང་དེར། །ཙནྡན་ཕྲེང་བ་ཞེས་པ་བྱས། །དེར་ནི་གང་པོས་བསམས་པ་ན། །བཅོམ་ལྡན་མགྱོགས་པར་ནམ་མཁའ་ལས། །རྒྱལ་བྱེད་ཚལ་ནས་དཔག་ཚད་བརྒྱ། །འདས་ནས་ཡང་དག་བྱོན་པར་གྱུར། །བཅོམ་

གཙྪ་ཏོ་བྷ་ག་བ་ཏཿཔུ་རཿཔྲ་པྲྀ་ཏ་ཡཱ་ཛ་གཏ། །དེ་ཧ་ཀཱནྟྱ་ཀ་པི་ཤི་ཏཾ་སརྦྦཾ་ཧེ་མ་མི་བཱ་བྷ་བཏ། །པུ་རོ་སཱན་ཏ་ནི་བཱ་སི་ནྱ་སྟཾ་བི་ལོ་ཀྱ་གྲྀ་ཧཱདྒ་ནཱཿ། །ཏཱི་པྲ་ཙིནྟ་པྲ་སཱ་དེ་ན་པྲ་ཤ་མོནྨུ་ཁ་ཏཱཾ་ཡ་ཡུཿ། །ཀུ་ཤ་ལོ་

ལྡན་བྱོན་པའི་སྔོན་དུ་ནི། །སྐུ་ཡི་འོད་ཟེར་རབ་འཕྲོས་པས། །གསེར་བཞིན་དུ་ནི་འཇིག་རྟེན་རྣམས། །ཐམས་ཅད་སེར་པོ་ཉིད་དུ་གྱུར། །དེ་མཐོང་གྲོང་གི་ཉེ་འཁོར་ན། །གནས་པ་ཁྱིམ་གྱི་བུད་མེད་རྣམས། །དང་བའི་སེམས་ནི་དྲག་པོ་ཡིས། །རབ་ཞི་ཉིད་ལ་མངོན་ཕྱོགས་གྱུར། །གང་གིས་དེ་

เล่ม ๑๗๐ · หน้า 286a

པ་ཙི་ཏཱཾ་ཏཱ་སཱཾ་བྷ་ག་བཱན་པ་ཏྱ་དེ་ཤ་ནཱཾ། །ཙཀྲེ་བྷ་བཱ་ད་ཏི་ཀྲཱནྟཱཿཏཱཿཔྲཱ་སུཿཀུ་ཤ་ལ་ཡ་ཡུཿ། །རྀདྡྷྱ་བྷ་ག་བ་ཏསྟ་ཏྲ་ཙཻ་ཏྱཾ་པོ་རཱདྒ་ནཱ་བྷི་དྷཾ། །ཏཱ་བྷིརྦྦི་ཧི་ཏ་མ་དྱཱ་པི་བནྡནྟེ་ཙཻ་ཏྱ་བནྡ་

དག་སྲིད་པ་ལས། །འདས་ནས་དགེ་ཐོབ་བཅོམ་ལྡན་གྱིས། །དགེ་བར་འོས་པ་བདེན་པ་ནི། །དེ་དག་རྣམས་ལ་བསྟན་པ་མཛད། །བཅོམ་ལྡན་རྫུ་འཕྲུལ་དག་གིས་དེར། །མཆོད་རྟེན་གྲོང་པའི་བུད་མེད་བརྗོད། །དེ་དག་གིས་བསྐྲུན་ད་ལྟ་ཡང་། །མཆོད་རྟེན་ཕྱག་བྱེད་ཕྱག་

ཀཱཿ། །མུ་ནཱི་ནཱཾ་བྷ་ག་བཱན་ཀྲྀ་ཏྭཱ་ཏ་ཐཱ་བལྐ་ལི་ནོ་མུ་ནེཿ། །པྲ་བྲ་ཛྱཱ་ནུ་གྲ་ཧཾ་ཤུདྡྷཾ་བི་ད་དྷེ་དྷརྨྨ་དེ་ཤ་ནཱཾ། །ཏ་ཏཤྩནྡ་ན་མཱ་ལཱ་ཁྱཾ་པྲ་སཱ་དཾ་བྷ་ག་བཱན་ཛི་ནཿ། །པྲ་བི་ཤྱ་སྤ་ཊི་ཀཉྩ་ཀྲེ་ཛ་ན་སཾ་གྷ་བྷ་རཀྵ་

འཚལ་བྱེད། །བཅོམ་ལྡན་གྱིས་ནི་ཐུབ་རྣམས་དང་། །དེ་བཞིན་ཐུབ་པ་ཤིང་ཤུན་ཅན། །རབ་ཏུ་བྱུང་བས་རྗེས་བཟུང་ནས། །དག་པའི་ཆོས་ནི་བསྟན་པ་མཛད། །དེ་ནས་བཅོམ་ལྡན་རྒྱལ་བས་ནི། །ཁང་བཟང་ཙནྡན་ཕྲེང་ཞེས་པར། །རབ་ཞུགས་འགྲོ་བའི་ཚོགས་ཀྱིས་ཁུར། །བཟོད་པ་ཤེལ་གྱི་

མཾ། །ཨ་ཐ་རཏྣཱ་ས་ནཱ་སི་ནཿས་ཏ་ཏྲ་ཀ་རུ་ཎཱ་ནི་དྷིཿ། །བི་ད་དྷེ་སརྦྦ་ས་ཏྭཱ་ནཱཾ་ཤཱནྟྱཻ་ནིརྦ་ཎ་དེ་ཤ་ནཱཾ། །ཨ་ཏྲཱནྟ་རེ་ས་ནུ་ཙ་རཽ་མུ་ནཱིནྡྲཽ་ཀྲྀཥྞ་གཽ་ཏ་མཽ། །ཨ་བྷྱེ་ཏྱ་དྷརྨྨ་ཤྲ་བ་ཎེ་ཤཱསྟུཿཤཱ་ས་

རང་བཞིན་མཛད། །དེ་ནས་དེར་ནི་སྙིང་རྗེའི་གཏེར། །རིན་ཆེན་ཁྲི་ལ་རབ་བཞུགས་དེས། །སེམས་ཅན་ཐམས་ཅད་ཞི་བའི་སླད། །རྣམ་པར་གྲོལ་བ་བསྟན་པ་མཛད། །སྐབས་དེར་ཐུབ་དབང་ནག་པོ་དང་། །གཽ་ཏ་མ་རྗེས་འབྲང་བཅས། །ཆོས་ཉན་པ་ལ་མངོན་ཕྱོགས་ཏེ། །སྟོན་པའི་བསྟན་ལ་

เล่ม ๑๗๐ · หน้า 286b

ནཱ་པྲཱ་པ་ཏུཿ། །ཏ་ཏྲ་ཀྲྀ་ཏྭཱ་ཐ་བྷ་ག་བཱན་པྲཱ་སཱ་ད་སྱ་པྲཱ་ཏི་གྲ་ཧཾ། །པུ་ན་རྫེ་ཏ་བ་ནཾ་གཙྪ་མུདྻ་ཡཽ་ས་ཧ་བྷི་ཀྵུ་བྷིཿ། །བྲ་ཛནྨཱ་རཱི་ཙཱི་ལོ་ཀ་སྠཾ་མཽདྒ་ལྱཱ་ཡ་ཎཱ་མཱ་ཏ་རཾ། །སདྒི་ར་ཪྱ་པ་ཏྱཱ་ཧ་ཏ་དྷརྨྨ་མཱརྒྒེ་

འོངས་པར་གྱུར། །དེ་ནས་དེར་ནི་བཅོམ་ལྡན་གྱིས། །ཁང་བཟང་རབ་ཏུ་བླངས་པ་མཛད། །དགེ་སློང་དང་འགྲོགས་རྒྱལ་བྱེད་ཀྱི། །ཚལ་དུ་སླར་ཡང་གཤེགས་པར་བརྩོན། །གཤེགས་ཤིང་མཽ་གལ་བུ་ཡི་མ། །འཇིག་རྟེན་འོད་ཟེར་ཅན་གནས་པ། །ཚིག་གིས་འཕགས་པའི་བདེན་པ་ཡི། །

ནྱ་བེ་ཤ་ཡཏ། །ཨ་ཐ་ཛེ་ཏ་བ་ནཱཾ་པྲཱཔྟཾ་བྷ་ག་བཱནྟཾ་ས་བིསྨ་ཡཱཿ། །པཱུརྞྞ་སྱ་པུཎྱཾ་པ་པྲཙྪུརྦྷི་ཀྵ་བཿསོ་པྱ་བྷཱ་ཥ་ཏ། །ཀཱ་ཤྱ་པ་སྱ་པུ་རཱ་སམྱག་སཾ་བུདྡྷ་སྱཱ་ནྱ་ཛནྨ་ནི། །བི་ཧཱ་རཱ་བི་

གཞོམ་མེད་ཆོས་ཀྱི་ལམ་ལ་བཀོད། །དེ་ནས་བཅོམ་ལྡན་རྒྱལ་བྱེད་ཀྱི། །ཚལ་གཤེགས་གང་པོའི་བསོད་ནམས་ལ། །ཡ་མཚན་ལྡན་པའི་དགེ་སློང་གིས། །དྲིས་ཤིང་དེས་ཀྱང་བཀའ་སྩལ་པ། །སྔོན་གྱི་ཡང་དག་རྫོགས་སངས་རྒྱས། །འོད་སྲུངས་ཀྱི་ནི་དགེ་འདུན་གྱི། །གཙུག་ལག་ཁང་

ཀྲྀ་ཏཿཔཱུརྞྞཿསཾ་གྷོ་པ་སྠཱ་ཡ་ཀོ྅བྷ་བཏ། །ས་ཀ་དཱ་ཙི་ད་སཾ་མྲྀཥྚཱཾ་དྲྀཥྚཱ་བཻ་ཧཱ་རི་ཀིཾ་བྷཱུ་བཾ། །པྲཱ་ཧ་པྲ་བྲ་ཛི་ཏཾ་ཏཱི་བྲཾ་ཀྲོ་དྷཱ་དུ་པ་དྷི་བཱ་རི་ཀཾ། །དྲྀཔྟ་སྱོ་པ་དྷི་བ་རོ྅དྱ་བི་ཧཱ་རོ྅སྨིནྣ་མཱརྫྫི་ཏེ། །ཀ་སྱ་དཱ་

སྐྱོང་ཉེ་གནས་སུ། །སྐྱེ་བ་གཞན་ལ་གང་པོ་གྱུར། །ནམ་ཞིག་དེ་ཡིས་གཙུག་ལག་ཁང་། །ས་གཞི་བྱི་དོར་མ་བྱས་མཐོང་། །རེ་མོས་འབབ་པའི་རབ་བྱུང་ལ། །ཁྲོ་བ་དྲག་པོས་རབ་ཏུ་སྨྲས། །དེང་འདིར་གཙུག་ལག་ཁང་མ་ཕྱགས། །དྲེགས་པ་ལྡན་པ་འབངས་མོའི་བུ། །སུ་ཡིས་རེས་

เล่ม ๑๗๐ · หน้า 287a

སཱི་སུ་ཏ་སྱེ་ཏི་བྲུ་བཱ་ཎསྟ་མ་བྷརྟྶ་ཡཏ། །ཏེ་ན་པཱ་རུ་ཥྱ་པཱ་པེ་ན་བྷུཀྟྭཱ་ན་ར་ཀ་དུ་རྒ་ཏིཾ། །དཱ་སཱི་སུ་ཏོ྅བྷ་བཏྤཱུརྞྞཿཔཉྩ་ཛནྨ་ཤ་ཏཱ་ནི་སཿ། །སཾ་གྷོ་པཱ་སེ་ན་མེ་བཱ་སྱ་པུ་ཎྱཱ་ཡ་བྷཱུནྨ་ཧི་ཡ་སཱ། །

ལ་བབ་པ་ཞེས། །བརྗོད་ཅིང་དེ་ལ་རབ་ཏུ་སྨད། །ཚིག་རྩུབ་སྡིག་པ་དེ་ཡིས་ནི། །དམྱལ་བའི་ངན་འགྲོར་སྡུག་བསྔལ་སྤྱད། །སྐྱེ་བ་ལྔ་བརྒྱར་གང་པོ་དེ། །འབངས་མོ་ཡི་ནི་བུ་རུ་གྱུར། །དགེ་འདུན་བསྙེན་པ་ཉིད་འདི་ཡི། །བསོད་ནམས་ཆེན་པོའི་སླད་གྱུར་ཏེ། །

ཨརྷ་ཏྭཾ་ཡེ་ན་ནིཿཤེ་ཥ་བྷ་བ་ཀླེ་ཤོཛྫྱི་ཏཾ་ཤྲི་ཏཿ། །ཨི་ཏི་པྲ་གྷཱ་བཾ་ཀ་ཐི་ཏཾ་ཛི་ནེ་ན་པཱུརྞྞ་སྱ་པུ་ཎྱོ་པ་ཙ་ཡ་པྲ་ཎཱི་ཏཾ། །ཤྲུ་ཏྭཱད་བྷུ་ཏཾ་སཾ་ས་དི་བྷིཀྵུ་སཾ་གྷཿཔུ་ཎྱ་པྲ་སཾ་ཤཱ་བྷི་ར་ཏོ་བ་

གང་གིས་སྲིད་པའི་ཉོན་མོངས་རྣམས། །མ་ལུས་སྤངས་པའི་དགྲ་བཅོམ་བསྟེན། །དེ་ལྟར་བསོད་ནམས་བསགས་པས་རབ་བསྐྲུན་པ། །གང་པོའི་མཐུ་ནི་རྨད་བྱུང་རྒྱལ་བ་ཡིས། །མདུན་སར་བཤད་པ་ཐོས་ནས་དགེ་འདུན་ཚོགས། །བསོད་ནམས་བསྔགས་ལ་མངོན་པར་

བྷུ་བཿ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་པཱུརྞྞཱ་བ་དཱ་ནཾ་སཔྟ་ཏྲིཾ་ཤཿཔལླ་ཝཿ།། །།ཨཱ་ཀིཉྩི་ནྱ་སུ་ཁཱ་ཡ་ནི་སྤྲྀ་ཧ་ཏ་

དགའ་བར་གྱུར། །ཅེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་གང་པོའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་སུམ་ཅུ་རྩ་བདུན་པའོ།། །།ཅི་ཡང་མེད་པའི་བདེ་སླད་ཆགས་པ་མེད་པ་ཆགས་

เล่ม ๑๗๐ · หน้า 287b

ཡཱ་བ་རཱ་གྱ་ལཀྵྨཱི་ཛུ་ཥཿསརྦྦཾ་ཡཱནྟི་བི་ཧཱ་ཡ་ཀཱ་ཡ་ས་ཙི་བཱཿསནྟཿཔྲ་ཤཱནྟྱཻ་བ་ན། །ཏ་ཏྲཱ་སི་བྲ་ཏ་ཌམྦ་རེ་པ་རི་ཀ་རཱ་རམྦྷཱ་ཡ་ཙིཏ་པཉྩ་ཡསྟཏ་ཀཿཀོ་ཤ་པ་རིཙྩ་དོ་པ་ཀ་ར་ཎཻརྒྒེ་ཧེ྅པ་རཱ་དྷཿཀྲྀ་

བྲལ་དཔལ་འབྱོར་སྟེན་བྱེད་པ། །ཐམས་ཅད་བཏང་ནས་ལུས་ཀྱི་གྲོགས་ལྡན་དམ་པ་རྣམས་ཀྱི་ཞི་སླད་ནགས་སུ་འགྲོ། །དེར་ཡང་ཚུལ་འཆོས་བརྟུལ་ཞུགས་དག་ལ་ཡོ་བྱད་རྩོམ་པ་གལ་ཏེ་གསོག་བྱེད་ན། །མཛོད་ཀྱི་ཡོ་བྱད་ཉེར་མཁོ་དེ་དག་རྣམས་ཀྱིས་ཁྱིམ་དུ་གནོད་པ་ཅི་ཞིག་

ཏཿ། །ཛི་ནེ་ཛེ་ཏ་བཱ་ནཱ་རཱ་མཱ་བི་ཧཱ་རཱ་བྷི་ར་ཏཿཔུ་རཿ། །ཤཱཀྱ་རཱ་ཛ་ཀུ་མཱ་རཱ་ཎཱཾ་པྲ་བྲ་ཛྱཱ་ཛུ་ཥཱཾ་པུ་རཿ། །ཙི་ཏྲ་ཙཱི་བ་ར་སཏྤཱ་ཏྲ་ཡོ་ག་པཊྚཱ་དི་སཉྩ་ཡཾ། །པྲ་བྷཱུ་ཏ་ཏ་ར་མཱ་ལོ་ཀྱ་བྷ་ག་བཱན་

བྱས། །རྒྱལ་བ་རྒྱལ་བྱེད་གཙུག་ལག་ཁང་། །ཀུན་དགའ་ར་བར་སྔོན་བཞུགས་པས། །མདུན་དུ་ཤཱཀྱའི་རྒྱལ་པོ་རྣམས། །རབ་ཏུ་བྱུང་བ་བསྟེན་པ་ཡི། །བཀྲ་བའི་གོས་དང་དམ་པའི་སྣོད། །པུས་འཁྱུད་ལ་སོགས་བསགས་པ་དག །རབ་ཏུ་མང་པོ་གཟིགས་གྱུར་ནས། །བཅོམ་ལྡན་འདས་

ས་མ་ཙིནྟ་ཡཏ། །ཨ་ཧོ་བ་ཏེ་ཥཱཾ་ནཱ་དྱ་པི་བནྡྷ་ཧེ་ཏུརྣྣི་བརྟྟེ། །ཨ་བྷི་མཱ་ན་མ་ཡཿཀཱ་ཡེ་པྲི་ཡཿཔ་རི་ཀ་ར་གྲ་ཧཿ། །ཀཱ་ཡེ་ཀཱ་ཡ་པ་རི་སྐཱ་རསྟ་སྱོ་པ་ཀ་ར་ཎཱ་བ་ལཱི། །ཏ་སྱཱཿཔ་རི་ཀཱ་རཱ་དཱ་ན་མ་ཧོ་ནུ་

ཀྱིས་ཡང་དག་བསམས། །ཀྱེ་མ་འདི་དག་ད་དུང་ཡང་། །ལུས་ལ་སྡུག་པའི་ཡོ་བྱད་འཛིན། །མངོན་པར་ཁེངས་པའི་རང་བཞིན་གྱིས། །འཆིང་བའི་རྒྱུ་ནི་ཡོངས་མ་ཟློག །ལུས་ལ་ལུས་ཀྱི་ཆས་རྣམས་ཏེ། །དེ་ལ་ཉེ་བར་མཁོ་བའི་བསྲེད། །དེ་ཡི་ཡོ་བྱད་འཛིན་པ་ནི། །ཀྱེ་མ་འཆིང་བའི་

เล่ม ๑๗๐ · หน้า 288a

བནྡྷ་ཤྲིཾ་ཁ་ལཱ། །ཨི་ཏི་སཾ་ཙིནྟྱ་བྷ་ག་བཱན་ནཻ་ཀཱནྟ་བི་ཧི་ཏསྠི་ཏཿ། །ཀཱ་རུ་ཎྱ་དུ་བ་སནྣཱ་ནཱི་ཀུ་ཤ་ལཱ་ཡ་ས་མུདྻ་ཏཿ། །མཱ་པ་ཏྲ་ཡ་མུ་པ་སྠཱ་ནཾ་ཀརྟྟ་བྱཾ་ཡེ་ན་ཀེ་ན་ཙིཏ། །ཨ་

ལྕགས་སྒྲོག་ཡིན། །དེ་ལྟར་བསམས་ནས་བཅོམ་ལྡན་འདས། །དབེན་པར་གནས་པ་བསྒྲུབས་པ་ཡིས། །ཉེར་འཛིན་རྣམས་ལ་སྙིང་རྗེ་ལས། །དགེ་བའི་སླད་དུ་ཡང་དག་བརྩོན། །དགེ་སློང་རྣམས་ཀྱིས་མི་མཐོང་སླད། །ཟླ་བ་གསུམ་དུ་བདག་ལ་ནི། །སུས་ཀྱང་

དཪྴ་ནཱ་ཡ་བྷི་ཀྵུ་ཎཱ་མ་ཀ་རོ་དི་ཏི་སཾ་བི་དཾ། །པྲ་བྲྀཏྟེ་ནི་ལ་མེ་ཏསྨིན་བྷིཀྵུ་རཱ་ར་ཎྱ་ཀ་བྲ་ཏཿ། །ཨཱ་ཡ་ཡཱ་བུ་པ་སེ་ནཱ་ཁྱཱཿཀཱཪྻཱརྠཾ་ཏ་ནུ་ཙཱི་བ་རཿ། །པྲ་བཱ་རི་ཏཿས་སཾ་བྲཱ་པྱ་དྷ་ནྱཿསུ་ག་ཏ་དཪྴ་ནཾ། །

ཉེ་བར་གནས་མི་བྱ། །ཞེས་པའི་བགྲོ་བ་མཛད་པར་གྱུར། །ངེས་པ་དེ་ལ་རབ་ཞུགས་ཚེ། །དགེ་སློང་དགོན་པའི་བརྟུལ་ཞུགས་ཅན། །ཆོས་གོས་དམན་ལྡན་ཉེ་བའི་སྡེ། །ཞེས་པ་དགོས་པའི་སླད་དུ་འོངས། །རབ་ཟློག་སྐལ་བ་ལྡན་པ་དེས། །བདེ་གཤེགས་མཐོང་བ་ཡང་དག་ཐོབ། །

ཀྲྀ་ཏ་ཀྲྀ་ཏྱཿཀྵ་ཎཾ་སྠི་ཏྭ་སྲ་ཏ་སྠེ་པ་ཎི་པ་ཏྱ་ཏཾ། །བྲ་ཛནྟ་མེ་ཏྱ་བ་པྲཙྪུ་བྷིཀྵ་བཿཔ་རི་བཱཪྱ་ཏཾ། །ཏ་བཱཪྱ་དཪྴ་ན་མ་ཧོ་དཏྟཾ་བྷ་ག་བ་ཏཱ་ཀ་ཐཾ། །མཱ་ས་ཏྲ་ཡཾ་དཪྴ་ནེ་སྱ་ནི་ཡ་མཿཤཱ་ས་ནེ་

བྱ་བ་བྱས་ཏེ་སྐད་ཅིག་འདུག །དེ་ལ་ཕྱག་འཚལ་རབ་ཏུ་སོང་། །དགེ་སློང་རྣམས་ཀྱིས་བགྲོད་དེ་ལ། །ཡོངས་བསྐོར་སྔོན་དུ་ཕྱིན་ཏེ་དྲིས། །འཕགས་པ་ཁྱོད་ལ་བཅོམ་ལྡན་གྱིས། །ཀྱེ་མ་མཐོང་བ་ཇི་ལྟར་གནང་། །འདི་ཡི་བཀའ་ལ་ཟླ་གསུམ་དུ། །དགེ་འདུན་དག་གིས་མཐོང་

เล่ม ๑๗๐ · หน้า 288b

ན་ཡཿ། །ས་ཀ་ཐཾ་བྷ་བ་ཏཱ་བྷགྣཿསཾ་གྷ་སྱོནྨཱརྒྒ་གཱ་མི་ནཱ། །ཤྲུ་ཏྭེ་ཏི་བ་ཙ་ནཾ་ཏེ་ཥཱ་མུ་པ་སེ་ནཿསྨིཏོཏྟ་རཾ། །ཏཱ་ནུ་ཙེ་ན་མ་ཡཱ་ཀཤྩིཏ་ཀྲྀ་ཏཿས་མ་ཡ་བི་སླ་བཿ། །ཨ་ཧ་མུཀྟོ་བྷ་ག་བ་ཏཱ་དཪྴ་ནཱ་བ་ས་

མེད་པའི། །ངེས་པ་གང་དེ་ལམ་མིན་ནས། །བགྲོད་པ་ཁྱོད་ཀྱིས་ཇི་ལྟར་བཤིག །དེ་དག་ཚིག་དེ་ཐོས་གྱུར་ནས། །ལྷག་པར་འཛུམ་ཞིང་ཉེ་སྡེ་ཡིས། །དེ་དག་ལ་སྨྲས་བདག་གིས་ནི། །ངེས་པ་གང་ཡང་ཉམས་མ་བྱས། །བདག་ནི་བལྟ་བའི་གནས་སྐབས་ན། །བཅོམ་ལྡན་རང་

རེ་སྭ་ཡཾ། །ཨཱ་ར་ཎྱ་ཀ་སྱ་མེ་བྷིཀྵོརྣྣི་ཥེ་དྷོ་ནཱསྟི་དཪྴ་ནེ། །པ་རི་ཙྪ་དོ་པ་ཀ་ར་ཎ་ཏྱཱ་ག་ནིརྨུཀྟ་བནྡྷ་ནཱཿ། །ཨ་བཱཪྻ་དཪྴ་ན་བྲྀཀྵ་མཱུ་ལི་ཀཿཔཾ་ཤུ་ཀཱུ་ལི་ཀཱ། །ཨི་ད་མ་དྱ་པ་རཾ་པྲཱ་ཏ་རི་ཏི་ཡེ་

གིས་བཀའ་སྩལ་པ། །དགེ་སློང་དགོན་པ་པ་རྣམས་ནི། །ལྟ་བ་བདག་གིས་བཀག་པ་མེད། །ཡོ་བྱད་ཉེར་མཁོ་ཡོངས་བཏང་ཞིང་། །འཆིང་བ་དག་ལས་ངེས་གྲོལ་བ། །ཤིང་དྲུང་ཕྱག་དར་ཁྲོད་པ་དག །ལྟ་བ་དག་ནི་བཟློག་པ་མེད། །ལྷུང་བཟེད་ཆོས་གོས་ཚོགས་རྣམས་ལ། །འདི་

པཉྩ་ཡེ་རེ་ཏཱཿ། །པཱ་ཏྲ་ཙཱི་བ་ར་བརྒྒེ་ཥུ་ཏེ་ཥཱཾ་ནསྟཱི་ཧ་དཪྴ་ནཾ། །སཱ་ཐོ་བྷིཿཔྲ་ས་རཏྟུ་ཥཱ་ར་ཤི་ཤི་རཻ་སྟྲྀཥྞཱ་ཏུ་རསྟེ་པ་རཾ་ཏེ་ནིརྦི་གྷཱ་ནི་དྷཱ་ན་དྷཱམྣི་བི་བྲྀ་ཏཽ་དཻ་ནྱཱ་ད་ལཾ་དུརྒ་ཏཱ། །ཏེ་

དེང་ནང་པར་གཞན་ནོ་ཞེས། །གང་ཞིག་བསགས་པ་ལ་དགའ་བ། །དེ་དག་འདིར་ནི་མཐོང་བ་མེད། །གང་ཞིག་རབ་ཞིའི་བརྟུལ་ཞུགས་ཡོ་བྱད་དག་ལ་འབད་པས་མངོན་པར་ཁེངས་འདིས་འཆིང་། །དེ་དག་ཙནྡན་རྐང་འཐུང་དག་ལས་ཡང་དག་གདུང་བྱེད་མེ་ནི་ཉེ་བར་བསྐྲུན། །ཁ་

เล่ม ๑๗๐ · หน้า 289a

ཥཱཾ་ཙནྡ་ན་པཱ་དུ་པཱ་ན་ཏཿསནྟ་པ་ཀཿཔཱ་བ་ཀོ་ཡེ་རེ་ཥ་པྲཱ་ཤ་མ་བྲ་ཏོ་པ་ཀ་ར་ཎེ་བདྡྷོ་བྷི་མཱ་ན་གྲ་ཧཿ། །ཨི་ཏྱུཀྟ་མུ་པ་སེ་ནེ་ན་ཤྲུ་ཏྭཱ་ཏ་ཤཱཀྱབྷིཀྵ་བཿ། །བཻ་ལ་

བས་རབ་རྒྱས་བསིལ་བའི་ཆུ་རྣམས་དག་གིས་དེ་དག་མཆོག་ཏུ་སྐོམ་པས་གདུང་། །མྱང་འདས་གེགས་མེད་གཏེར་གྱི་གནས་ལ་དེ་དག་བཀྲེན་ཞིང་ཕོངས་པ་ཉིད་དུ་གྱུར། །ཉེ་སྡེས་དེ་སྐད་བརྗོད་ཐོས་ནས། །ཤཱཀྱའི་དགེ་སློང་དེ་དག་རྣམས། །སྐྱེངས་

ཀྵྱ་ཀྵ་ཡི་ཏོཏྶཱ་ཧཱཿས་ཧ་སཻ་བ་བྱ་ཙིནྟ་ཡཏ། །ཨེ་ཏ་ད་བྷ་ག་བ་ཏཱ་དིཥྚ་མསྨཱནྣུདྡི་ཤྱ་ནཱ་པ་རཱན། །བི་ཙི་ཏྲ་ཙཱི་པ་ར་ཙ་ཡ་པྲཱ་བཱ་རཱ་བ་ཡ་མེ་བ་ཡཏ། །བི་ར་ཏེཙྪཱ་པྲི་ཡཱ་ཤསྟུརྨ་ཧེཙྪཱ་

པས་སྤྲོ་བ་ཟད་གྱུར་པས། །འཕྲལ་ལ་ཉིད་དུ་རྣམ་པར་བསམས། །འདི་དག་བཅོམ་ལྡན་གྱིས་གསུངས་པ། །བདག་ཅག་ཆེད་ཡིན་གཞན་ལ་མིན། །གང་ཕྱིར་ཆོས་གོས་བཀྲ་བའི་ཚོགས། །བདག་ཅག་ཁོ་ནས་རབ་ཏུ་གྱོན། །འདོད་བྲལ་རྣམས་ལ་སྟོན་པ་དགྱེས། །འདོད་

བ་ཡ་མ་པྲི་ཡཱཿ། །ཏསྨཱ་དིཙྪཱཾ་པ་རི་ཏྱ་ཛྱ་བྷ་བ་མསྟ་སྱ་སམྨ་ཏཱཿ། །ཨི་ཏི་ས་མ་ཙིནྟྱ་ཏེ་སརྦྦེ་ཙཱ་རུ་ཙཱི་བ་ར་སཉྩ་ཡཾ། །པྲཱ་བྲི་ཏྱཱ་བྷྱ་དྷི་ཀཾ་ཏྱཀྟྭཱ་ཡ་ཡུརྦྷ་ག་བ་ཏོནྟི་ཀཾ། །ཨིཙྪཱ་བི་

ཆེན་བདག་ཅག་ལ་དགྱེས་མིན། །དེ་སླད་འདོད་པ་ཡོངས་བཏང་ནས། །བདག་ཅག་དེ་ཡིས་བཞེད་པར་འགྱུར། །ཞེས་བསམས་དེ་དག་ཐམས་ཅད་ཀྱིས། །རབ་ཏུ་གྱོན་པ་ལས་ལྷག་པའི། །མཛེས་པའི་གོས་ཀྱི་ཚོགས་བཏང་ནས། །བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་། །འདོད་པ་བྲལ་

เล่ม ๑๗๐ · หน้า 289b

རཱ་མེ་བྷ་ག་བཱན་བྱ་དྷཱཏྟེ་ཥཱ་མ་ནུ་གྲ་ཧཾ། །ཛྙཱ་ན་བཛྲེ་ཎ་སཏྐཱ་ཡ་དྲྀཥྚི་ཤཻ་ལཾ་བི་བྷེ་ད་ཡཿ། །ཤཱཀྱ་རཱ་ཛ་ཀུ་མཱ་རཱ་ཎཱཾ་ཤྲོ་ཏཿཔྲཱཔྟི་ཕ་ལ་སྤྲྀ་ཤཾ། །བྷིཀྵུ་བྷིཿཔཱུརྦྦ་བྲྀཏྟཱནྟཾ་པྲྀཥྚཿཔྲ་ཧ་ཏ་ཐཱ་ག་

ཚེ་བཅོམ་ལྡན་གྱིས། །འཇིག་ཚོགས་ལྟ་བའི་རི་བོ་ནི། །ཡེ་ཤེས་རྡོ་རྗེས་རྣམ་བཅོམ་གང་། །དེ་དག་རྗེས་སུ་བཟུང་བ་མཛད། །རྒྱུན་ཞུགས་འབྲས་བུ་ལ་རེག་པ། །ཤཱཀྱའི་རྒྱལ་སྲས་རྣམས་དག་གི །སྔོན་བྱུང་དགེ་སློང་རྣམས་ཀྱིས་དྲིས། །དེ་བཞིན་གཤེགས་པས་བཀའ་

ཏཿ། །བཱ་རཱ་ཎ་སྱཱ་མ་བྷུཏ་པུརྦྦཾ་བྲཧྨ་དཏྟ་མ་ཧཱི་པ་ཏིཿ། །དཱ་ནརྡཱ་ཧསྟོ་ཡད་བཱ་ཧུཿཀྵྨཱ་མ་དྷཱདྡི་ཤ་དྭི་པོ་པ་མཿ། །ཏ་སྱ་བྲཧྨཱ་བ་ཏཱི་མུཀྟཱ་ལ་ཏེ་པ་གུ་ཎ་ཤཱ་ལི་ནཱི། །ཀཱིརྟྟི་སཏྤུ་རུ་ཥ་སྱེ་བ་བི་ཤྲུ་ཏཱ་

སྩལ་པ། །བཱ་རཱ་ཎ་སཱིར་སྔོན་བྱུང་བ། །ས་ཡི་བདག་པོ་ཚངས་པས་བྱིན། །གང་དཔུང་ས་འཛིན་སྦྱིན་པ་ཡིས། །ལག་བརླན་ཕྱོགས་ཀྱི་གཉིས་འཐུང་བཞིན། །ད་ཡི་བཙུན་མོ་མུ་ཏིག་གི །འཁྲི་ཤིང་བཞིན་དུ་ཡོན་ཏན་ཅན། །སྐྱེས་བུ་དམ་པའི་སྙན་པ་བཞིན། །གྲགས་པ་ཚངས་

ད་ཡི་ཏཱ་བྷ་བཏ། །པྲ་ཏི་བིམྦོ་པ་མཾ་པ་ཏྱུཿཔཱ་སུ་ཏཾ་བི་མ་ལཱ་ཤ་ཡཱ། །ཛ་ལ་ཀྲཱི་ཌཱ་ག་ཏཱ་ཀཱ་ལེ་སུ་ཥུ་བེ་དི་བྱ་ལཀྵ་ཎཾ། །ཨུ་ད་ཀཱ་ཁྱཱཿས་བ་ལོ྅བྷཱུཏ་སཾ་ཛཱ་ཏཿས་ལི་ལཱནྟ་རེ། །བརྡྷ་མཱ་ཎཿཔི་ཏུསྟུ་ལྱཾ་ཡཽ་བ་རཱ་ཛྱ་མ་ནོ་ར་

ལྡན་མ་ཞེས་གྱུར། །དྲི་མེད་བསམ་པ་དང་ལྡན་དེ། །ཆུ་ལ་རྩེ་རུ་སོང་བའི་ཚེ། །བདག་པོའི་གཟུགས་བརྙན་ལྟ་བུའི་བུ། །མཚན་མཆོག་ལྡན་པ་བཙས་པར་གྱུར། །ཆུ་ནང་དུ་སྐྱེས་བྱིས་པ་དེ། །ཆུ་སྐྱེས་ཞེས་ནི་བྱ་བར་གྱུར། །ཡབ་ཀྱི་རྒྱལ་ཚབ་བཞེད་པ་དང་། །མཚུངས་པ་ཉིད་དུ་ཆེ་བར་

เล่ม ๑๗๐ · หน้า 290a

ཐཻཿ། །ཤ་ཏཱ་ནི་པཉྩཱ་མཱ་ཏྱཱ་ནཱཾ་ཏ་སྱ་ཛནྨ་དི་ནཾ་ས་མཾ། །ཨ་བཱ་པུསྟུ་ལྱ་རཱུ་པ་ཎཱཾ་པུ་ཏྲཱ་ཎཱཾ་ཤ་ཏ་པཉྩ་ཀཾ། །ནི་ཛཾ་ཛཱ་ཏི་སྨ་རཿསྨྲྀ་ཏྭཱ་པྲཱགྦྲྀཏྟཾ་ཤི་ཤུཿཤ་ནཻཿ། །ཨ་ཙིནྟ་ཡཏ་པྲཱཔྟ་ཀཱ་ལཾ་

སྐྱེས། །དེ་ནི་སྐྱེས་པའི་ཉིན་པར་ལ། །བློན་པོ་ལྔ་བརྒྱས་མཚུངས་པར་ནི། །གཟུགས་ནི་མཚུངས་པའི་བུ་རྣམས་དག །ལྔ་བརྒྱ་རབ་ཏུ་ཐོབ་པར་གྱུར། །རང་གི་སྐྱེ་དྲན་བྱིས་པ་དེས། །རིམ་གྱིས་སྔོན་བྱུང་དྲན་གྱུར་ནས། །བདག་ཉིད་ལ་ཕན་ལེགས་བྱས་ཀྱི། །དུས་

ཧི་ཏཾ་སུ་ཀྲྀ་ཏ་མཱཏྨ་ནཿ། །ཥཥྛ་བཪྵཱ་ཎི་ཀྲྀ་ཏྭཱ་ཏུ་ཡཽ་བ་རཱ་ཛྱ་མ་ཧཱ་པུ་རཱ། །ཨ་བྷ་བཾ་ཀྲྀཙྪྭ་སཾ་ཏཔྟཤྩི་རཾ་ན་ར་ཀ་སཾ་ཀ་ཊེ། །ཛནྨ་ནྱསྨིནྣ་པི་བུ་ནཪྻཽ་བ་རཱ་ཛྱ་མུ་པ་སྠི་ཏཾ། །སརྦྦ་ཐཱ་བྲཱརྠྱ་མ་ཎོ་པི་

ལ་བབ་པར་ཡང་དག་བསམས། །ལོ་ནི་དྲུག་ཅུ་ཐམ་པར་སྔོན། །བདག་གིས་རྒྱལ་ཚབ་བྱས་པ་ན། །མི་བཟད་དམྱལ་བར་ཡུན་རིང་དུ། །ཉམ་ངའི་སྡུག་བསྔལ་གདུང་བ་ཐོབ། །སླད་ནས་སྐྱེ་བ་འདི་ལ་ཡང་། །རྒྱལ་ཚབ་དག་ནི་ཉེ་བར་གནས། །རྣམ་པ་ཀུན་ཏུ་གསོལ་བཏབ་

ན་ཀ་རི་ཥྱ་མི་བཱ་ཏ་ཀཾ། །ཨི་ཏི་སཉྩིནྟྱ་ས་ཙི་རཾ་རཱ་ཛྱ་བྷོ་ག་པ་རཱདྨུ་ཁཿ། །པི་ཏུ་རུདྦེ་ག་ཛ་ན་ནཱི་མ་གྲ་ཧཱི་ཏ་པཾ་གུ་མཱུ་ཀ་ཏཱཾ། །སརྦྦ་ལ་ཀྵ་ཎ་ཡུཀྟོ་པི་རཱ་ཛ་བྲྀཏྟེ་ར་བྷཱ་ཛ་ནཾ། །ས་མཱུ་

ཀྱང་། །བདག་ནི་སྡིག་པ་མི་བྱེད་དོ། །ཞེས་པ་དེ་ཡིས་ཡུན་རིང་བསམས། །རྒྱལ་སྲིད་ལོངས་སྤྱོད་ལས་ཕྱིར་ཕྱོགས། །ཕ་ནི་ཡིད་འབྱུང་སྐྱེད་བྱེད་པའི། །ལྐུགས་པ་འཕྱེ་བོ་བཟུང་བར་གྱུར། །མཚན་ཉིད་ཐམས་ཅད་ལྡན་མོད་ཀྱང་། །རྒྱལ་པོའི་ལུགས་ཀྱི་སྣོད་མ་གྱུར། །གཉེན་

เล่ม ๑๗๐ · หน้า 290b

ཀ་པཾ་གུ་ནཱ་མ་བྷཱུད་བནྡྷཱུ་ནཱཾ་དུཿཁ་བརྡྷ་ནཿ། །པྲཱཔྟེ་ཥུ་མནྟྲི་སུ་ཏེ་ཥུ་ཤསྟྲ་ཤཱསྟྲ་བ་ལོ་ད་ཡཾ། །རཱ་ཛ་པུ་ཏྲཿཔྲ་བྲྀདྡྷོ་སི་ནོ་ད་ཏིཥྛནྣ་ཙཱ་བ་དཏ། །པྲྀཥྚཱསྟ་ཏཿཀྵི་ཏཱི་ཤེ་ན་བཻ་དྱཱསྟ་དངྒོ་དྡཽ་ཥ་

རྣམས་སྡུག་བསྔལ་སྐྱེད་བྱེད་དེ། །ལྐུགས་པའི་འཕྱེ་བོ་ཞེས་པར་གྱུར། །མཚོན་དང་བསྟན་བཅོས་སྟོབས་རྒྱས་པ། །བློན་པོའི་བུ་རྣམས་ཀྱིས་ཐོབ་ཚེ། །རྒྱལ་སྲས་རབ་ཏུ་ཆེར་གྱུར་ཀྱང་། །ལྡང་བ་མ་ཡིན་སྨྲ་བ་མིན། །དེ་ནས་དེ་ཡི་ལུས་སྐྱོན་གྱི། །སྨན་ནི་ས་ཡི་དབང་

བྷེ་ཥ་ཛཾ། །ཨ་བ་ད་ན་བཻ་ཀ་ལྱཾ་རཱ་ཛ་སཱུ་ནོརྣ་དྲྀ་ཤྱ་ཏེ། །ཨ་བྷྱཱ་སཱ་དྱ་དི་ཛཱ་ཏོ྅སྱ་དོ་ཥོ྅ཡི་སུ་ཁ་སེ་བིནཿ། །ཏ་དེ་ཥ་བྷ་ཡ་སཾ་བེ་གཱ་དུཏྟིཥྛ་ཏི་ཙ་བཀྟི་ཙ། །ཨི་ཏི་བཻ་དྱཻ་ར་བྷི་ཧི་ཏ་ཏ་ཐེ་ཏྱུཀྟྭཱ་ཀྵི་

པོས་དྲིས། །སྨན་པས་སྨྲས་པ་རྒྱལ་པོ་ཡི། །སྲས་ལ་མ་ཚང་མཐོང་བ་མེད། །གལ་ཏེ་བདེ་བ་བསྟན་པ་འདིའི། །སྐྱོན་ནི་གོམས་ལས་སྐྱེས་གྱུར་པ། །དེ་ལྟ་ན་འདི་འཇིགས་པ་ཡི། །ཤུགས་ལས་ལྡང་འགྱུར་སྨྲ་བར་འགྱུར། །ཞེས་པ་སྨན་པས་སྨྲས་པའི་ཚེ། །དེ་བཞིན་ཞེས་སྨྲས་

ཏཱི་ཤྭ་རཿ། །མི་ཐྱཻརྦ་དྷྱ་བ་སུ་དྷཱཾ་བྷ་ཡཱ་ཡ་བྱ་སྲྀ་ཛ་ཏ་སུ་ཏཾ། །ས་བྷརྟྶྱ་མཱ་ནཿཔུ་རུ་ཥཻསྟ་ནུ་བཱ་ཙ་ར་ཐ་སྠི་ཏཾ། །ཨ་པི་ཀཤྩིདྦ་ས་ཏྱ་སྱཱཾ་བཱ་རཱ་ཎ་སྱཾ་ན་ན་བཱ་ཛ་ནཿ། །ཨི་ཏི་ཏདྦ་ཙ་ནཾ་ཤྲུ་ཏྭཱ་ཏཻརྣཱི་ཏཿས་ནྲྀ་བནྟི་ཀཾ། །ཏ་

ས་དབང་གི། །བརྫུན་གྱིས་གསོད་པའི་ས་རུ་ནི། །འཇིགས་པ་བགྱི་སླད་བུ་བཏང་གྱུར། །སྨོད་བྱེད་སྐྱེས་བུ་དེ་དག་ལ། །ཤིང་རྟ་ལ་གནས་དེས་སྨྲས་པ། །བཱ་རཱ་ཎ་སཱི་འདི་ན་ནི། །སྐྱེ་བོ་འགའ་ཞིག་ཡོད་དམ་མེད། །ཅེས་པ་དེ་ཡི་ཚིག་ཐོས་ནས། །དེས་དེ་མི་བདག་དྲུང་དུ་ཁྱེར། །དེར་

เล่ม ๑๗๐ · หน้า 291a

ཏྲ་པི་ཏཱརྠྱ་མཱ་ནོ་པི་མཱུ་ཀ་ཨེ་བཱ་བྷ་བཏ་པུ་ནཿ། །པུ་ནརྦ་དྷྱ་བྷུ་བཾ་ནཱི་ཏཿཤ་བཾ་དྲྀཥྚཱ་ཛ་གཱ་དསཿ། །ཨ་སྱེ་ཥ་ཛཱི་བ་ཏི་ཤ་བཿཀིམྦཱ་སརྦྦཱཏྨ་ནཱཾ་མྲྀ་ཏཿ། །ཤྲུ་ཏྭེ་ཏཏྟཻཿཔི་ཏུཿཔཱརྴྭེནྱསྟོ་མཽ་ནཾ་བྱ་དྷཱཏྤུ་ནཿ། །

ནི་ཡབ་ཀྱིས་གསོལ་བཏབ་ཀྱང་། །སླར་ཡང་ལྐུགས་པ་ཉིད་དུ་གྱུར། །སླར་ཡང་གསོད་སར་ཁྲིད་པ་ན། །རོ་ཞིག་མཐོང་ནས་ངེས་སྨྲས་པ། །རོ་འདི་འཚོ་བ་ཡིན་ནམ་ནི། །བདག་ཉིད་ཀུན་གྱི་ཤི་བ་ཡིན། །དེ་ཐོས་ཡབ་ཀྱི་ངོགས་སུ་དེས། །བཀོད་ཚེ་སླར་ཡང་སྨྲ་བཅད་བྱས། །

པུ་ནརྦྦདྷ་བྷ་ཡཱ་ཡཻ་བ་ནཱི་ཏཿཔྲོ་བཱ་ཙ་ཏཱན་པ་ཐི། །རཱ་ཤིཪྻ་ཨེ་ཥ་དྷ་ནྱ་སྱ་ས་ཧི་བྷུཾཀྟོ྅ནུ་བྷཱུ་ཛྱ་ཏེ། །ཨི་ཏྱུཀྟ་བཱ་ཀྱོ་པི་པུ་ནརྣོ་ཙེ་ཀིཉྩི་ཏ་པི་ཏུཿཔུ་རཿ། །ཏ་ཏཿཁྱུཏཿཁྱཱ་ཏ་པྲ་ཏི་ཀྵེ་པེ་ཏ་སྱཱ་དིཥྚེ་མ་ཧཱི་བྷཱུ་ཛཱ། །སོ་བ་དདྦ་བཱ་རཱ་དཱ་ནེ་ན་

སླར་ཡང་གསོད་འཇིགས་ཉིད་སླད་ཁྱེར། །དེ་དག་ལ་ནི་ལམ་དུ་སྨྲས། །གང་ཞིག་འབྲུ་ཡི་ཕུང་པོ་འདི། །གང་ཕྱིར་དེ་ཟོས་རྗེས་སུ་ཟ། །ཞེས་པའི་ཚིག་འདི་བརྗོད་ཀྱང་སླར། །ཕ་ཡི་མདུན་དུ་ཅང་མི་སྨྲ། །དེ་ནས་དེ་ལ་ས་བདག་གིས། །བཤད་པས་རབ་སྨད་བསྟན་པའི་ཚེ། །དེ་ཡིས་སྨྲས་པ་མཆོག་སྟེར་ན། །

བཙྨི་པདྦྷྱཱཾ་བྲ་ཛཱ་མི་ཙ། །ཨ་ཐཱ་སྱ་རཱ་ཛྙཱ་ཧྲྀཥྚེ་ན་བ་ར་དཱ་ནེ་པྲ་ཏི་ཤྲུ་ཏེ། །ས་པདྦྷྱཱཾ་སྭ་ཡ་མ་བྷྱེ་ཏྱ་སྤཥྚཾ་པི་ཏ་ར་མ་བྲ་བཱིཏ། །ནཱ་ཧཾ་སངྒུརྣ་མཱུ་ཀོ྅ཧཾ་ནཻ་བ་ཙཱ་ཧཾ་ཛ་ཌཱ་ཤ་ཡཿ། །ཀིནྟུ་ཛནྨཱནྟ་ར་ཀླེ་ཤཾ་སྨྲྀ་ཏྭཱ་བཻ་ཧྭ་

བདག་ནི་སྨྲ་ཞིང་རྐང་པས་འགྲོ། །དེ་ནས་རྒྱལ་པོ་དགྱེས་པ་ཡིས། །དེ་ལ་མཆོག་སྟེར་རྗེས་ཐོས་ཚེ། །རང་གི་རྐང་པས་མངོན་ཕྱོགས་ཏེ། །གསལ་བར་ཕལ་དེ་ཡིས་སྨྲས། །བདག་ནི་འཕྱེ་མིན་བདག་ལྐུགས་མིན། །བསམ་པ་བླུན་པོའང་བདག་མིན་ཏེ། །འོན་ཀྱང་སྐྱེ་བ་གཞན་ཉོན་མོངས། །དྲན་ཞིང་རྣམ་

เล่ม ๑๗๐ · หน้า 291b

ལྱ་མཱ་ཤྲེ་ཏཿ། །ཡཽ་བ་ར་ཛྱ་སུ་ཁཾ་བྷུཀྟྭཱ་ཥཥྛི་བཪྵཱ་ཎྱ་ཧཾ་པུ་རཱ། །ཥཥྛི་བཪྵ་ས་ཧ་སྲ་ཎི་ནྱ་པ་སན་ན་ར་ཀོ་ད་རེ། །རཱ་ཛ་བྷཱི་ཏྱ་མ་ཡཱ་ཏསྨཱ་ཏ་ཀྲྀ་ཏེ་ཡཾ་མཱུ་ཀ་སངྒུ་ཏཱ། །པྲ་བྲ་ཛྱ་ཡཱ་བྲཧྨ་ཙ་རྱཾ་ཙ་རཱ་མྱེ་ཥ་བ་རོ་

པར་འཁྲུགས་ལ་བརྟེན། །ལོ་ནི་དྲུག་ཅུ་བདག་གིས་སྔོན། །རྒྱལ་ཚབ་བདེ་བ་ལོངས་སྤྱད་ནས། །ལོ་ནི་སྟོང་ཕྲག་དྲུག་ཅུ་དག །དམྱལ་བའི་ནང་དུ་གནས་པར་གྱུར། །དེ་སླད་བདག་ནི་རྒྱལ་པོ་ཡིས། །འཇིགས་ནས་ལྐུགས་འཕྱེ་འདི་ཉིད་བྱས། །རབ་བྱུང་ཚངས་པར་སྤྱད་པ་དག །སྤྱོད་པ་འདི་ནི་བདག་

མ་མ། །ཨི་ཏི་ཏེ་ནོཀྟ་མཱ་ཀརྞྱ་ཏ་མུ་བ་ཙཱ་ཙ་མ་ཧཱི་པ་ཏིཿ། །ཨ་མཱུ་ཀ་ཨི་ཏྱཱ་སྟ་དྲྀ་ཏིརྦྦི་རཀྟ་ཨི་ཏི་དུཿཁི་ཏཿ། །དྷརྨྨ་མཱུ་ལ་མི་དཾ་རཱ་ཛྱཾ་པུ་ཏྲ་ན་ཏྱཀྟུ་མརྷ་སི། །ཡ་ཛྙཱ་དཱ་ན་པྲ་ཛཱ་ཏྲ་ཎཻཿཔུ་ཎྱ་པཱུརྞྞཱ་ནྲྀ་པ་ཤྲི་

གི་མཆོག །ཅེས་པ་དེ་ཡིས་བརྗོད་ཐོས་ནས། །མ་ལྐུགས་ཞེས་པས་དགའ་ཐོབ་ཅིང་། །ཆགས་བྲལ་ཞེས་པས་སྡུག་བསྔལ་བའི། །ས་ཡི་བདག་པོས་དེ་ལ་སྨྲས། །ཆོས་ཀྱི་རྩ་བ་རྒྱལ་སྲིད་འདི། །བུ་ཀྱེ་བཏང་བར་མི་འོས་སོ། །མཆོད་སྦྱིན་སྦྱིན་པས་སྐྱེ་རྒུ་སྐྱོབ། །མི་བདག་དཔལ་ནི་བསོད་ནམས་

ཡཿ། །ཨེ་ཀ་པུ་ཏྲསྟྭ་ཡཱ་པུ་ཏྲ་པ་རི་ཏྱཱ་ག་ར་སཱ་ད་ཧཾ། །ནི་དྲཱ་ད་རི་དྲ་ཏཱཾ་ནཱི་ཏཿཤོ་ཀ་ཤ་ཡྻཱ་ས་མཱ་ཤྲ་ཡཿ། །སཾ་པུརྞྞ་ཙནྡྲ་རུ་ཙི་རཾ་བྱཀྟ་མུཀྟི་ཀ་ཧཱ་སི་ནཱིཾ། །ཀ་ཐཾ་སཾ་པ་ད་མུ་ཏ་སྲྀ་ཛྱ་པྲ་བྲ་

རྫོགས། །བུ་གཅིགས་བདག་བུ་ཁྱོད་ཀྱིས། །ཆགས་པ་ཡོངས་སུ་བཏང་བ་ལས། །གཉིད་ཀྱིས་དབུལ་བ་ཐོབ་གྱུར་ཅིང་། །མྱ་ངན་མལ་སྟན་དག་ལ་བརྟེན། །ཡོངས་རྫོགས་ཟླ་བ་ལྟར་མཛེས་ཤིང་། །མུ་ཏིག་གསལ་བར་དགོད་པ་ཅན། །ཕུན་སུམ་ཚོགས་པ་སྤངས་ནས་ཁྱོད། །རབ་

เล่ม ๑๗๐ · หน้า 292a

ཛྱཱ་བྷི་མ་ཏཱ་ཏ་བ། །ཀ་ཐཾ་ཤ་ཡྻཿ་པ་རི་ཏྱ་ཛྱ་པྲཱ་ཛྱ་པྲཱ་ཛྱ་རཱ་ཛྱ་སུ་ཁ་ཙི་ཏཱཿ། །བ་ནཱནྟ་བཱ་ས་བྱ་ས་ནཱི་སེ་བ་སེ་པཱཾ་ཤུ་ལཱ་སྠ་ལཱི། །ཀཱནྟཱ་ལཱི་ལཱ་མུ་ཀུ་ར་མ་ཎི་མནྨནྡི་རཱི་རཱ་ཛ་དྷཱ་ནཱི་མེ་ཏཱཾ་ཏྱཀྟྣ་ན་ནུ་བ་ན་

འབྱུང་ཇི་ལྟར་མངོན་པར་འདོད། །རྒྱལ་པོ་ལ་འོས་བདེ་བ་ཡི། །མལ་སྟན་མཆོག་ནི་ཡོངས་བཏང་ནས། །ནགས་མཐའི་གནས་ལ་ཞེན་པ་ཡི། །རྡུལ་ཁྲོད་ས་གཞི་ཇི་ལྟར་སྟན། །རྒྱལ་པོའི་ཕོ་བྲང་མཛེས་མ་རོལ་པའི་མེ་ལོང་ནོར་བུ་དང་ལྡན་ཁང་པ་ནི། །འདི་དག་བཏང་ནས་

བྷུ་བཿསཾ་པ་ཏདྦྱ་གྷྲ་གྷོ་རཱཿ། །སེ་བ་པྲི་ཏྱཻ་ཛ་ར་ད་ཛ་ག་རཱ་ཤྭཱ་ས་བི་པླུཥྚ་ཤླིཥྚ་ཀླིཥྚཙྪཱ་ཡ་པྲ་བི་ར་ལ་ལ་ཏཱསྟཱཿཀ་ཐནྟེ་བྷ་བྷ་བནྟི། །པི་ཏུཿཤྲུ་ཏྭེ་ཏི་བ་ཙ་ནཾ་རཱ་ཛ་པུ་ཏྲསྟ་

ནགས་ཀྱི་ས་གཞི་འཇིགས་རུང་སྟག་ནི་ཡང་དག་རྒྱུ་བྱེད་ཅིང་། །བརྟན་པའི་སྤྲུལ་ནི་རྒན་པོའི་དབུགས་ཀྱི་བསྲེགས་པ་དང་ལྡན་གྲིབ་མ་དམན་གྱུར་པ། །འཁྲི་ཤིང་ཉུང་བ་དེ་དག་རྣམས་ཀྱིས་མཉེས་གཤིན་ཁྱོད་ཀྱི་དགྱེས་པ་ཇི་ལྟར་འགྱུར། །ཞེས་པ་ཡབ་ཀྱི་ཚིག་ཐོས་ནས། །རྒྱལ་པོའི་བུ་

མ་བྲ་བཱིཏ། །དནྟ་ཀཱནྟཱ་དྷ་ར་རུ་ཙིཾ་བཻ་རཱ་གྱཾ་གྲཱ་ཧཱ་ཡནྣི་བཱ། །ཤཱི་ཏ་ལ་ནིརྨ་ལ་ཛ་ལཱཿསནྟོ་ཥ་ཤ་ཤི་ཤཱི་ཏ་ལཱཿ། །བ་ནེ་བཻ་རཱ་གྱ་སུ་བྷ་གཱ་བྷུ་བཿཀ་སྱ་ན་བལླ་བྷཱཿ། །པ་ར་དཱ་ར་ཨི་བ་ཀྵི་པྲ་སུ་ཁཱ་བརྫྫི་ཏ་

ཡིས་དེར་སྨྲས་པ། །མཆུ་མཛེས་སོ་ཡི་འོད་ཀྱིས་ནི། །ཆགས་བྲལ་ལེན་དུ་འཇུག་པ་བཞིན། །ཆུ་ནི་བསིལ་ཞིང་དྲི་མ་མེད། །ཆོག་ཤེས་རི་བོང་ལྡན་པ་བསིལ། །ཆགས་བྲལ་སྐལ་བ་བཟང་པོའི་ས། །ནགས་ཚལ་ལ་ནི་སུ་མི་དགའ། །གཞན་གྱི་ཆུང་མ་དག་ལ་བཞིན། །བདེ་མྱུར་ངན་པས་

เล่ม ๑๗๐ · หน้า 292b

དུརྫ་ནཱཿ། །ན་ར་ཀ་པྲ་ཏྱ་ཡཱ་ཡཱ་མེ་སཱ་པཱ་ཡཱ་ན་པྲི་ཡཱཿཔྲི་ཡཱཿ། །དྷྱཱ་ནཾ་མནྟྲཿཔ་རི་ཛྙཱ་ན་མིནྡྲ་ཡཱ་ཎཱཉྩ་ནིརྫ་ཡཿ། །རཱ་ཛྙཱ་ཧིཾ་སཱ྅པྲ་ཡཏྣེ་ན་ཡོ་གོ་ཡཾ་ན་ར་ཀ་པྲ་དཾ། །ཧ་སནྟྱཿསཾ་སཱ་རཾ་

མ་བཏང་བ། །གང་ཞིག་དམྱལ་རྐྱེན་གནོད་བཅས་ཀྱི། །དགའ་མ་རྣམས་ལ་བདག་མི་དགའ། །བསམ་གཏན་སྔགས་དང་ཡོངས་ཤེས་དང་། །དབང་པོ་རྣམས་ནི་ཐུལ་བ་དང་། །འཚེ་བས་རྒྱལ་པོའི་སྦྱོར་བ་འདི། །འབད་པ་མེད་པས་དམྱལ་བ་སྟེར། །ནགས་ཀྱི་ས་གཞི་མེ་ཏོག་རབ་རྒྱས་

ཀུ་སུ་མ་ཀ་ལི་ལཱཿཀཱ་ན་ན་བྷཱུ་བཿསྭ་བྷཱ་བེ་ན་པྲཱི་ཏིཾ་བི་ད་དྷ་ཏི་བུ་དྷཱ་ནཱཾ་ཤ་མ་མ་ཡཱཾ། །དྲྀ་ཌྷཾ་ཙིནྟཱ་ཤྲཱནྟཱ་བྱ་ཛ་ན་པ་བ་ནོཙྪཱ་ས་བ་ཧུ་ལཱ་བི་བྷུ་ཏིརྦྷུ་པཱ་ནཱཾ་བྷ་བ་ཏི་ཁ་ལུ་ནེ་ཡཾ་སུ་ཁ་ས་ཁཱི། །ཨ་ནུ་ཛཱ་ནཱི་ཧི་མཱཾ་ཏཱ་ཏ་བྲ་

འཁོར་བ་དག་ལ་དགོད་པ་འདྲ། །ངོ་བོ་ཉིད་ཀྱིས་མཁས་པ་རྣམས་ལ་ཞི་བའི་རང་བཞིན་དགའ་བ་སྐྱེད། །བསམ་པ་ཡི་ནི་མཆོག་ཏུ་ངལ་ཞིང་རླུང་ཡབ་རླུང་གི་ཤུགས་རིངས་མང་། །ས་བདག་རྣམས་ཀྱི་འབྱོར་པ་འདི་ནི་ངེས་པར་བདེ་བའི་གྲོགས་མ་ཡིན། །ཡབ་གཅིག་བདག་ལ་རྗེས་གནང་གསོལ། །

ཛཱ་མྱེ་ཥ་ཏ་པོ་བ་ནཾ། །ཛ་ནཱི་ཧི་སརྦྦ་བྷཱ་བཱ་ནཱཾ་ཤི་རཿཤཀྟ་མ་ནི་ཏྱ་ཏཱཾ། །ཨི་ཏི་པུ་ཏྲ་བ་ཙ་ནཾ་ཤྲུ་ཏྭཱ་ཏཏྟ་ཐེ་ཏི་ཙིནྟ་ཡན། །ཨུ་པཱ་ཙོ་པ་ཙི་ཏཱཤྩཪྻསྟཾ་མ་ནཱི་ཥཱི་མ་ཧཱི་པ་ཏིཿ། །བི་བེ་ཀ་བི་མ་ལཾ་པུ་ཏྲ་ཏྭ་མིཙྪ་

བདག་ནི་དཀའ་ཐུབ་ནགས་སུ་འགྲོ། །མི་རྟག་པ་ཉིད་དངོས་ཀུན་གྱི། །རྩེ་མོར་ཆགས་པ་མཁྱེན་ལགས་སམ། །ཞེས་པ་བུ་ཡི་ཚིག་ཐོས་ནས། །དེ་དེ་བཞིན་ཞེས་རྣམ་པར་བསམས། །ས་བདག་མཁས་པ་ངོ་མཚར་ནི། །རྒྱས་པར་གྱུར་པས་དེ་ལ་སྨྲས། །དྲི་མེད་དབེན་པའི་ནགས་ཚལ་དུ། །བུ་ཁྱོད་

เล่ม ๑๗๐ · หน้า 293a

སི་ས་ཙེདྦ་ནཾ། །ཧི་ཏྭཱ་མེ་སཾ་ཤ་ཡཾ་ཏཱ་བ་ཏ་པཤྩ་དྱུཀྟི་ཀ་རི་ཥྱ་སི། །བྲ་ཛ་ཏཱ་བ་དྷྱ་བ་སུ་དྷཱཾ་ཏིརྱ་གུཀྟཾ་སྟྭ་ཡཱ་བ་ཙཿ། །པྲ་ཙུ་རཾ་ཏ་ད་བྷི་པྲཱ་ཡཾ་བཀྟུ་མརྷ་སི་ཏ་ཏྭ་ཏཿ། །ཨི་ཏི་ཀྵི་ཏི་བྷུ་ཛ་

གལ་ཏེ་འགྲོ་འདོད་ན། །རེ་ཞིག་བདག་གི་ཐེ་ཚོམ་གསོལ། །ཕྱི་ནས་རིགས་པར་ཁྱོད་འགྱུར་རོ། །ཁྱོད་ནི་གསོད་སར་འགྲོ་བ་ཡིས། །འཁྱོག་པོ་དག་ཏུ་ཚིག་མང་པོ། །སྨྲས་པ་དེ་དག་དགོངས་པ་ནི། །དེ་བཞིན་ཉིད་དུ་བརྗོད་པར་འོས། །ས་ཡི་བདག་པོས་དྲིས་པ་

པྲྀཥྚཿསོ྅བྲ་བཱིརྟནྨ་ཡོ་དི་ཏཾ། །བ་ས་ཏྱ་ཏྲ་ན་ཀཤྩིཏ་ཏྭཱ་མདྦ་དྷཱདྦྷྱོ་ནི་བརྟྟ་ཏེ། །སུ་ཀྲྀ་ཏཱི་ཛཱི་བ་ཏི་ཤ་བཿས་པཱ་པསྟུ་མྲྀ་ཏོ྅མྲྀ་ཏཿ། །བྲཱཀྤུ་ཎྱ་བྷཀྵྱ་ཏེ་མཱུ་ལཱཏ་ས་དྷ་ནཻརྡྷཱ་ནྱ་རཱ་ཤི་བཏ། །ཨི་

དང་། །དེས་སྨྲས་བདག་གིས་བརྗོད་པ་དེས། །འདི་ན་སུ་ཞིག་བདག་གསོད་ལས། །ཁྱོད་ཀྱི་ཟློག་པ་མི་གནས་སམ། །ལེགས་བྱས་དག་གི་རོ་ཡང་གསོན། །སྡིག་ལྡན་ཤི་བ་མིན་ཡང་ཤི། །བསོད་ནམས་སྔ་མའི་རྩ་བ་སྤྱོད། །ནོར་ལྡན་རྣམས་ཀྱི་འབྲུ་ཕུང་བཞིན། །ཞེས་

ཏྱཱ་ཤ་ཡཱནྨ་ཡཱ་ཏ་དུཀྟཾ་བ་ཙ་ནཾ་པྲ་ཡཾ། །ཨི་ཏི་ཤྲུ་ཏྭཱ་ཀྵི་ཏི་པ་ཏིཿཏཾ་པ་རི་ཥྭ་ཛྱ་སཱ་ད་རཿ། །ཨུ་ཙི་ཏཾ་ཀྲི་ཡ་ཏཱཾ་པུ་ཏྲ་ཀུ་ཤ་ལཱ་ཡེ་ཏྱ་བྷཱ་ཥ་ཏ། །ཏ་ཏཿས་པི་ཏྲཱ་ནུ་ཛྙཱ་ཏཿསཱ་ཤྲུ་ནེ་ཏྲེ་ཎ་ཀཱ་

པའི་བསམ་པས་བདག་གིས་ནི། །ཚིག་ནི་གསུམ་པོ་དེ་དག་བརྗོད། །ཅེས་པ་ཐོས་ནས་ས་ཡི་བདག །དེ་ལ་ཡོངས་འཁྱུད་གུས་བཅས་པས། །བུ་གཅིག་དགེ་བའི་སླད་དུ་ནི། །རིགས་པ་མཛོད་ཅེས་རབ་ཏུ་སྨྲས། །དེ་ནས་ཡབ་ནི་མིག་ཆུ་དང་། །བཅས་པས་རྗེས་གནང་ནགས་

เล่ม ๑๗๐ · หน้า 293b

ན་ནཾ། །པྲ་ཡ་ཡཽ་མནྟྲི་པུ་ཏྲཱ་ཎཱཾ་ས་ཧི་ཏཿཔཉྩ་བྷིཿཤ་ཏཻཿ། །མ་ཧཪྵོ་རནྟི་ཀེ་ཏ་ཏྲ་པྲ་བྲ་ཛྙཱཾ་པྲཱ་པྱ་སཱ་ནུ་གཿ། །ཏེ་ཥཱཾ་ཀཱ་ལེ་ན་སོ་པ་ཤྱ་ཀུཎྜ་བལྐ་ལ་སཉྩ་ཡཾ། །ཏ་ཏཿས་སཾ་ཙ་ཡ་དྭེ་ཥཱི་ཏ་ད་དཪྴ་ན་སཾ་

ཚལ་དུ། །བློན་པོའི་བུ་ནི་ལྔ་བརྒྱ་དང་། །ལྷན་ཅིག་རབ་ཏུ་སོང་བར་གྱུར། །དེར་ནི་དྲང་སྲོང་ཆེ་དྲུང་དུ། །རྗེས་འབྲང་བཅས་པས་རབ་བྱུང་ཐོབ། །དུས་ཀྱིས་དེ་དག་རིལ་བ་དང་། །ཤིང་ཤུན་བསགས་པ་དེ་ཡིས་མཐོང་། །དེ་ནས་བསགས་པ་ལ་སྡང་དེས། །དེ་དག་མི་བལྟར་ངེས་

བི་དཱ། །ཨེ་ཀཱ་ཀཱི་བི་ཛ་ནེ་ཏ་སྠཽ་ཀཉྩིཏ་ཀཱ་ལཾ་མ་ཧཱ་མ་ཏིཿ། །དཪྴ་ནཱ་བྷཱ་ཥ་ཎེ་བདྡྷ་ནི་ཡ་མོ་པི་ཡ་དྲྀཙྪ་ཡཱ། །པྲཱཔྟཾ་སུ་ག་ཏ་མི་ཏྱུཀྟྭཱ་པ་པྲཙྪཿཀུ་ཤ་ལཾ་མྲྀ་གཾ། །པུ་ནཤྩ་པཱུ་ཛི་ཏཾ་དྲྀཥྚྭཱ་མུ་ནིནྟེ་

བྱས་ནས། །བློ་གྲོས་ཆེན་པོས་ཇི་ཙམ་དུས། །སྐྱེ་བོས་དབེན་པར་གཅིག་པུར་བསྡད། །མཐོང་དང་སྨྲ་བ་ངེས་པ་ཡིས། །བསྡམས་ཀྱང་འདོད་དགར་འོངས་པ་ཡིས། །རི་དྭགས་ལ་ནི་དགེ་བ་དག །ལེགས་པར་འོངས་ཞེས་སྨྲས་ནས་དྲིས། །སླར་ཡང་ཐུབ་པ་རི་དྭགས་ཀྱི། །བརྟུལ་

ན་མྲྀ་ག་བྲ་ཏཾ། །ཨ་མཱ་ཏྱ་ཏ་ན་ཡཱཿསརྦྦེ་བི་ལཀྵཱཿས་མ་ཙིནྟ་ཡན། །མྲྀ་གོ་མྲྀ་ག་བྲ་ཏཤྩཱ་ཡཾ་པཱུ་ཛི་ཏཽ་ནིཿཔ་རི་གྲ་ཧཽ། །ཨེ་ཏཻ་བཱ་ནཱ་ཛི་ནཱ་དཎྜ་སམྦྷཱ་རཱ་ཌམྦ་རོཛྫྙི་ཏཽ། །

ཞུགས་དེ་ཡིས་མཆོད་མཐོང་ནས། །བློན་པོའི་བུ་རྣམས་ཐམས་ཅད་ནི། །སྐྱེངས་པར་གྱུར་པས་ཡང་དག་བསམས། །ནགས་སུ་ཡོངས་འཛིན་མེད་པ་ཡི། །རི་དྭགས་རི་དྭགས་བརྟུལ་ཞུགས་འདི། །གོས་དང་དབྱུག་པའི་ཚོགས་དག་གི། །ཕུང་པོ་སྤངས་པ་འདི་དག་མཆོད། །

เล่ม ๑๗๐ · หน้า 294a

ཨེ་ཏ་དརྠ་མ་ནེ་ནཱསྨ་དཪྴཱི་ན་ནི་ཡ་མཿཀྲྀ་ཏཿ། །པྲ་ཏོ་བ་ཀ་ར་ཎ་བྱ་གྲཱ་ཏ་ནུ་ན་མ་སྱཱ་པི་བཱ་ར་ཡེཏ། །ཨི་ཏི་སཉྩིནྟྱ་སརྦྦཾ་ཏེ་བྲ་ཏོ་བསྐཱ་ར་སཉྩ་ཡཾ། །ན་དྱཱཾ་པྲ་ཀྵི་པྱ་བཱ་རཱ་ཡཱཾ་

དེ་ཡི་དོན་དུ་འདི་ཡིས་ནི། །བདག་ཅག་བལྟ་ལ་ངེས་པ་བྱས། །བརྟུལ་ཞུགས་ཡོ་བྱད་བསགས་པ་ན། །འདི་དག་གིས་ཀྱང་བཟློག་གམ་སྙམ། །ཞེས་པ་བསམས་ནས་དེ་དག་གིས། །བརྟུལ་ཞུགས་ཡོ་བྱད་བསགས་པ་ཀུན། །ཆུ་ཡི་ཀླུང་དུ་རབ་སྤངས་

ཡ་ཡུཿཤུདྡྷཱ་སྟ་དནྟི་ཀཾ། །ཏྱཀྟ་གྲ་ཧ་བྷུ་པཱཾ་ཏེ་ཥཱ་མཱ་ཤ་ཡཱ་ནུ་ཤ་ཡོ་ཙི་ཏཱཾ། །ས་དྷཱ་ཏུཾ་པྲ་ཀྲྀ་ཏིཾ་ཛྙཱ་ཏྭཱ་བི་དི་དྷེ་དྷརྨྨ་དེ་ཤ་ནཱཾ། །རཱ་ཛ་པུ་ཏྲཿས་ཨེ་བཱ་ཧཾ་ཤཱཀྱ་སྟེ་མནྟྲི་སཱུ་ན་བཿ། །པུ་ནསྟྱཱ་གོ་པ་དེ་

ནས། །དག་པས་དེ་དང་ཉེ་བར་ཕྱིན། །འཛིན་པ་སྤངས་པ་དེ་དག་གིས། །ཁམས་དང་རང་བཞིན་མཁྱེན་ནས་དེའི། །བསམ་པ་བག་ལ་ཉལ་དག་ལ། །འོས་པའི་ཆོས་ནི་བསྟན་པ་མཛད། །རྒྱལ་པོའི་བུ་དེ་ང་ཉིད་དེ། །བློན་པོའི་བུ་དག་ཤཱཀྱ་རྣམས། །ད་ལྟ་བདག་གིས་དེ་དག་ལ། །

ཤོ་ཡ་མ་དྱཱ་སྱེ་ཥཱཾ་མ་ཡཱ་ཀྲྀ་ཏཱཿ། །ཨི་ཏི་ཤཱཀྱ་ཀུ་མཱ་རབྲྀཏྟ་མེ་ཏཏྐ་ཐི་ཏཾ་བྷིཀྵུ་ག་ཎཿསྭ་ཡ་ཛི་ནེ་ན། །ཨ་བི་དྷཱརྱ་པ་རཱ་མ་པཱུ་ཛ་ཡཏ་ཏཱཾ་ཀཱ་རུ་ཎ་མཱ་ཤྲི་ཏ་བཏྶ་ལྱ་སྱ་ཏ་སྱ། །ཨི་ཏི་ཀྵེ་

གཏོང་བ་ཉེར་བསྟན་འདི་སླར་བྱས། །ཞེས་པ་ཤཱཀྱ་གཞོན་ནུ་རྣམས་ཀྱི་སྔོན་བྱུང་ནི། །རྒྱལ་བ་ཉིད་ཀྱིས་གསུངས་པ་དེ་དག་ངེས་བཟུང་སྟེ། །རྟེན་བྱེད་རྣམས་ལ་མཉེས་གཤིན་ལྡན་པར་གྱུར་པ་དེའི། །ཐུགས་རྗེ་དེ་ནི་དགེ་སློང་ཚོགས་ཀྱིས་རབ་ཏུ་མཆོད། །ཅེས་པ་དགེ་བའི་

เล่ม ๑๗๐ · หน้า 294b

མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་མཱུ་ཀཱ་པདྒྭ་བ་དཱ་ན་མཥྚ་ཏྲིདྴཿཔལླ་ཝཿ།། །།ཏེ་ཛ་ཡནྟི་དྷྲྀ་ཏི་ཤཱ་ལི་ནཿཔ་རཾ་ནིརྦྦི་ཀཱ་ར་རུ་ཙི་སཱུ་བི་ཏདྦྷཱུ་

དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་ལྐུགས་པ་འཕྱེ་བོའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །།བརྟན་པའི་ཁུར་གྱིས་མི་གདུང་ལྷག་མ་བཞིན། །ལེགས་བྱས་བཟོད་པ་གང་གི་བཟོད་

ཏཱཿ། །ཤེ་ཥ་བཏ་པྲྀ་ཐུ་ལ་བྷཱ་ར་ཎིརྦྱ་ཐཱ་ཡེ་བ་ཧནྟི་སུ་ཀྲྀ་ཏཀྵམཿཀྵ་མཱཾ། །པུ་ར་པུརྦྦ་པུ་ཎྱ་བི་སདྱ་སེ་ན་རི་སུཿཔྲ་ཛཱ་ནཱཾ་ཛ་ནི་ཏ་པྲ་ཀམྤ། །ཨུ་དུམྦཱ་ནཱ་མཱ་ནི་བི་ཌོ་པ་ཏཱ་པཻཪྻཀྵཿཀྵ་ཡཱ་ཡཻ་བ་ཀྲྀ་ཏ་ཀྵ་ཎོ་དྷུཏ། །

པ་འཛིན། །རྣམ་འགྱུར་མེད་པའི་མཛེས་པ་རྨད་བྱུང་བསྐྱེད། །བརྟན་ལྡན་དེ་དག་མཆོག་ཏུ་རྒྱལ་གྱུར་ཅིག །སྔོན་གྱི་བསོད་ནམས་ཕྱིན་ཅི་ལོག་པས་སྔོན། །གནོད་སྦྱིན་འདིར་སྐྱེས་སྐྱེ་རྒུ་རྣམས་ཀྱི་དགྲ། །ཨུ་དུམ་པ་ཞེས་བྱ་བ་དྲག་པོར་ནི། །གདུང་བས་འཇིགས་ལ་དུས་བྱས་བཞིན་དུ་གྱུར། །

ཨ་ཀཱ་ལ་ཀཱ་ལཾ་ཏ་མ་ནཱ་ཐ་བནྡྷུ་ལོ་ཀཱ་ནུ་ཀམྤཱི་བྷ་ག་བཱ་ན་ས་ཛྱ། །ཤིཀྵོ་པ་དེ་ཤཾ་ཤ་ར་ཎཾ་པྲ་པནྣཾ་ཤ་མཱ་བྷི་དྷཱ་ཡཱི་བི་ན་ཡེ་ནྱ་ཡུཀྟ། །ཏསྨིན་པྲ་ཤཱནྟེ་བྷུ་བ་ནོ་པ་ཏཱ་སེ་དྲྀཥྚཾ་པྲ་ཧྲྀཥྚཿསུ་ག་ཏཾ་ས་མེ་ཏྱ། །སཉྩ་

འཇིག་རྟེན་ལ་བརྩེ་མགོན་མེད་རྣམས་ཀྱི་གཉེན། །བཅོམ་ལྡན་ཞི་བ་བརྗོད་པས་འཕྲལ་ལ་ནི། །དུས་མིན་དུས་དེར་བསླབ་པ་ཉེར་བསྟན་ཅིང་། །སྐྱབས་འགྲོ་རབ་ལྡན་འདུལ་བ་དག་ལ་བཀོད། །སྲིད་པའི་གདུང་བ་རབ་ཏུ་ཞི་བ་དེ། །བདེ་གཤེགས་དེ་དུས་འཛུམ་སྐྱེས་རྒྱུ་བ་ལ། །རབ་ཏུ་

เล่ม ๑๗๐ · หน้า 295a

རི་ཎཾ་ནཱ་ཀ་པ་ཏིཿཔྲ་ཎ་མྱ་ཏཏྐཱ་ལ་ཛཱ་ཏསྨི་ཏ་མི་ཏྱུ་བཱ་ཙ། །ཀསྨཱ་ད་ཀསྨཱ་ཏ་སྨི་ཏ་ཙནྡྲ་ལེ་ཁཱ་མུ་ཁཱམྦུ་ཛེ་བྷཱ་ཏི་ཏ་བཱདྦྷུ་ཏཱ་ཡ། །ཨ་ཀཱ་ར་ཎཾ་ས་ཏྭ་སུ་དྷཱ་ས་མུ་དྲ་ན་ལོ་ཀ་ས་མཱ་ནྱ་ཏ་ཡཱ་ཧ་སནྟི། །

དགའ་བས་ལྟ་རུ་འོངས་གྱུར་པ། །མཐོ་རིས་བདག་པོས་ཕྱག་འཚལ་འདི་སྐད་སྨྲས། །ཅི་སླད་གློ་བུར་འཛུམ་པའི་ཟླ་རིས་ཀྱིས། །ཁྱོད་ཞལ་ཆུ་སྐྱེས་རྨད་བྱུང་སླད་དུ་མཛེས། །སྙིང་སྟོབས་བདུད་རྩིའི་རྒྱ་མཚོ་རྒྱུ་མེད་དུ། །འཇིག་རྟེན་ཐུན་མོང་བཞིན་དུ་བཞད་མ་ལགས། །

ཤྲུ་ཏྭེ་ཏི་བཱ་ཀྱཾ་ཏྲི་ད་ཤེ་ཤྭ་ར་སྱ་ཏཾ་སརྦྦ་དཪྴཱི་བྷ་ག་བཱན་བ་བྷཱ་ཥེ། །ཨསྨིནྡྲ་དེ་ཤེ་ནི་ཛ་པཱུརྦྦ་བྲྀཏྟཾ་སྨྲྀ་ཏྭཱ་སྨི་ཏཾ་ཛཱ་ཏཾ་མི་དཾ་མ་མེནྡྲ། །པུ་ར་མུ་ནིཿ་ཀྵཱནྟིརྦཱ་དི་བ་ནེསྨིན་ནུ་བཱ་པ་ནིརྦཱ་སི་ཏ་རོ་ཥ་དོ་

སྐབས་གསུམ་དབང་ཕྱུག་ཚིག་དེ་ཐོས་གྱུར་ནས། །བཅོམ་ལྡན་ཐམས་ཅད་གཟིགས་པས་དེར་གསུངས་པ། །ཕྱོགས་འདིར་རང་གི་སྔོན་བྱུང་དྲན་གྱུར་ནས། །དབང་པོ་བདག་ལ་འཛུམ་པ་འདི་སྐྱེས་སོ། །སྔོན་ཚེ་ནགས་ཚལ་འདིར་ནི་གནས་གྱུར་པ། །ཁྲོ་བའི་སྐྱོན་སྤངས་ཐུབ་པ་བཟོད་ལ་

ཥཿ། །ཡོ྅བྷཱུདྦྷུ་བེ་རཱ་ག་ར་ཛཿསྭ་བྷཱ་བེ་བི་དྭེ་ཥ་བཱ་ནིནྡུ་རཾ་བཱ་ར་བིནྡེ། །ཨ་ཐོཏྟ་རཱ་ཤཱ་དྷི་པ་ཏིརྦྦ་སནྟེ་བ་ནཱནྟ་རཱ་ལོ་ཀ་ན་ཀཽ་ཏུ་ཀེ་ན། །སནྟཿཔུ་རཿཀེ་ལི་སུ་ཁཱ་ཡ་ཀཱ་མི་ཏ་དཱ་ཤྲ་ཡོ་པཱནྟ་མ་ཧཱི་མ་

དགའ། །ཆགས་རྡུལ་རང་བཞིན་སྲིད་ལ་སྡང་བ་གང་། །པདྨ་དག་ལ་ཟླ་བ་བཞིན་དུ་གྱུར། །དེ་ནས་དཔྱིད་ཀ་བྱང་ཕྱོགས་བདག་པོ་ནི། །ཆགས་ལྡན་བཙུན་མོའི་ཚོགས་བཅས་རྩེ་དགའི་སླད། །ནགས་ཀྱི་ནང་རྣམས་བལྟ་ཞིང་དགེ་མཚན་གྱིས། །དེ་ཡི་བསྟི་གནས་ཉེ་བའི་ས་གཞིར་

เล่ม ๑๗๐ · หน้า 295b

བཱ་པ། །རཱ་གཱི་ཀཱ་ལིརྣཱ་མ་ས་བྷཱུ་མི་པཱ་ལཿཔཱ་ད་པྲ་ཧཱ་རེརྦ་ད་ན་ས་བཻཤྩ། །ལེ་བྷི་བི་ལཱ་སེ་ཥུ་ནི་ཏམྦི་ནཱི་ནཱ་མ་ཤོ་ཀ་ཤོ་བྷཱཾ་བ་ཀུ་ལ་ཤྲི་ཡཿ། །དི་ཤསྟ་པོ་ལོ་པ་པྲྀ་ཐུ་པྲ་ཀོ་པ་བྷྲུ་བྷདྒ་པྲྀནྡཻ་རི་བ་ཏ་པཱ་ས་ནཱཾ། །

འོངས། །ཆགས་ལྡན་ས་སྐྱོང་རྩོད་ལྡན་ཞེས་པ་དེས། །རྩེ་དགའ་ལ་ནི་བུད་མེད་རྣམས་དག་གིས། །རྐང་པས་བསྣུན་དང་ཁ་ཡི་ཆང་གིས་ཀྱང་། །མྱ་ངན་མེད་མཛེས་བ་ཀུ་ལ་དཔལ་ཐོབ། །དེར་ནི་ཕྱོགས་རྣམས་དཀའ་ཐུབ་པ་རྣམས་ཀྱིས། །དཀའ་ཐུབ་ཉམས་བྱེད་ཁྲོ་ཆེན་སྨིན་འཁྱོག་གི །

ཏ་ཏྲ་བྷྲ་མདྦྷིརྦྷ་རཻརྦ་བྷུ་པུཿཀཱ་མགྣི་དྷཱུ་མཻ་རི་བ་སཱནྡྷ་ཀཱ་རཱཿ། །ལི་ལ་པི་ལོ་ལཱཿས་བ་ནཱ་ཀུ་ལཱ་ནཱཾ་སྟན་བ་ན་མྲཱཿསྟ་བ་ཀ་ན་ཏཱ་ནཱཾ། །རཀྟཱ་དྷ་རཱཿསཱ་ཊ་ལ་པལླ་བཱ་ནཱཾ་པྲ་པུརྦི་ལཱ་སཾ་ལ་ལ་ནཱ་ལ་ཏཱ་ནཱཾ། །རཱ་ཛཱངྒ་

ཚོགས་ཀྱིས་བཞིན་དང་འདོད་མེའི་དུ་བས་བཞིན། །བུད་བ་འཁོར་བས་མུན་པ་དང་བཅས་གྱུར། །རླུང་གིས་བསྐྱོད་པ་རྩེ་དགས་གཡོ་བ་དང་། །མེ་ཏོག་ཕུན་བུས་དུད་པ་ནུ་མས་སྒུ། །ཡལ་འདབ་དམར་པོ་དང་ལྡན་མཆུ་སྒྲོས་དམར། །འཁྲི་ཤིང་རོལ་རྩེད་བུད་མེད་རྣམས་ཀྱིས་ཐོབ། །རྒྱལ་

ནཱཿཀོ་ཏུ་ཀ་བི་བྷྲ་མེ་ཎ་པ་ནེ་ཙ་རནྟྱསྟ་མྲྀ་ཥིཾ་བི་ལོཀྱ། །ཨ་ཙཉྩ་ལ་དྷྱཱ་ན་ས་མཱ་དྷི་སཀྟཾ་བི་མུཀྟ་རཱ་གཾ་པ་རི་བཱཪྻ་ཏསྠུཿ། །ཏདྡེ་ཤ་མ་བྷྱེ་ཏྱ་ན་རེ་ཤྭ་རོ྅ཐ་དྲྀཥྚྭཱ་བ་དྷཱུ་བྷིཿཔ་རི་བཱ་རི་

པོའི་བཙུན་མོ་དགེ་མཚན་རྣམ་འཕྲུལ་ལ། །ནགས་སུ་རྒྱུ་བས་ཆགས་ལས་རྣམ་གྲོལ་ཞིང་། །གཡོ་མེད་བསམ་གཏན་ཏིང་འཛིན་ལ་ཆགས་པ། །དྲང་སྲོང་དེ་ལ་ཡོངས་སུ་བསྐོར་ནས་གནས། །དེ་ནས་མི་དབང་ཕྱོགས་དེར་མངོན་ཕྱོགས་པས། །བུད་མེད་རྣམས་ཀྱིས་ཡོངས་བསྐོར་དེ་

เล่ม ๑๗๐ · หน้า 296a

ཏཾ་ཏཾ། །ཨིཪྵྱཱ་པྲ་ཀོ་པཱ་ན་ལ་དུརྣི་རཱིཀྵྱཿཙིཙྪེ་ད་ཏ་སྱཱ་ཤུ་ས་པཱ་ཎི་པཱ་དཾ། །ཚིནྣཱདྒ་བརྒོ་བི་ས་ནིརྦི་ཀཱ་རཤྩུ་ཀོ་པ་བྷཱུ་པཱ་ཡ་ནཱ་མ་དྷཱི་རཿ། །ནྱ་བཱ་ར་ཡཏ་ཀྲུདྡྷ་ཏ་རཉྩ་ཏསྨཻ་གནྡྷརྦྷ་ཡཀྵོ་ར་ག་

མཐོང་ནས། །ཕྲག་དོག་ཁྲོ་བའི་མེ་ནི་བལྟ་དཀའ་དེས། །དེ་ཡི་ལག་པ་རྐང་པ་མྱུར་དུ་བཅད། །བརྟན་པར་རྣམ་འགྱུར་མེད་དེས་ཡན་ལག་ཚོགས། །བཅད་ཀྱང་ས་ཡི་བདག་ལ་ངེས་མ་ཁྲོས། །དྲི་ཟ་གནོད་སྦྱིན་ལྟོ་འཕྱེ་ལྷ་ཚོགས་ཀྱིས། །དེ་ལ་ཁྲོ་བ་དྲག་པོ་དག་

དེ་པ་སཾ་གྷཿ། །ཏ་ཏཿཔྲ་ཡཱ་ཏེ་ནྲྀ་པ་ཏཽ་པུ་རིཾ་སྭཾ་ས་མེ་ཏྱ་སརྦྦེ་མུ་ན་ཡོ་བ་ནེ་བྷྱཿ། །ཏཾ་ཏ་ཏྲ་ཀྲིཏྟཱ་བ་ཡ་བཾ་བི་ལོཀྱ་ཀྵཱནྟཱ་ཨ་བི་ཀྲོ་དྷ་དྷུ་ཏཱ་བ་བྷཱུ་བུཿ། །ཤཱ་ས་པྲ་དཱ་ནཱ་བྷི་མུ་ཁཱན་ནི་བཱརྱ་ཀྵཱནྟ་བྱ་མི་ཏྱེ་བ་ས་ཏཱ་ནུ་བཱ་

ལས་བཟློག །དེ་ནས་མི་བདག་རང་གི་གྲོང་སོང་ཚེ། །ནགས་ནས་འོངས་པའི་ཐུབ་པ་ཐམས་ཅད་ཀྱིས། །དེར་ནི་ཡན་ལག་བཅད་པ་དེ་མཐོང་ནས། །བཟོད་ལྡན་དག་ཀྱང་ཁྲོ་བས་འདར་བར་འགྱུར། །དམོད་པ་འདེབས་ལ་མངོན་ཕྱོགས་དེ་དག་ལ། །བཟློག་ནས་བཟོད་པར་བྱ་ཞེས་དེ་ཡིས་

ཙ། །ཀྵ་མཱ་ས་མཱ་ལིདྒི་ཏ་མཱ་ན་སཱ་ནཱཾ་ཀོ་པ་ཀྲི་ཡཱ་བྷིཿཡ་ཏེ་ན་སཾ་གཿ། །བི་ཀཱ་ར་བེ་གོ་པི་ན་པཱ་ཎི་པཱ་ད་ཙྪེ་དེ་མ་མཱ་བྷཱུཪྻ་དི་བཱི་ཏ་མ་ནྱོཿ། །ས་ཏྱེ་ན་ཏེ་ནཱ་ཀྵ་ཏ་དེ་ཧ་ཨེ་བ་སྱཱ་མི་ཏྱ་བ་དཱི་ས་སུ་ནཿཔྲ་

སྨྲས། །བཟོད་པས་ཡང་དག་འཁྱུད་པའི་ཡིད་ལྡན་རྣམས། །ཁྲོ་བའི་ལས་ཀྱིས་ཆགས་པར་མི་བྱེད་དོ། །ཁྲོ་བྲལ་བདག་གི་རྐང་ལག་བཅད་གྱུར་ཀྱང་། །གལ་ཏེ་རྣམ་འགྱུར་ཤུགས་ལྡན་མ་གྱུར་ན། །བདེན་པ་དེ་ཡིས་ཉམས་མེད་ལུས་ལྡན་པར། །བདག་གྱུར་ཅིག་ཅེས་རབ་དང་དེས་

เล่ม ๑๗๐ · หน้า 296b

སཱ་དཱི། །ཏ་ཏཿཀྵ་ཎཱཏ་སདྒ་ཏ་པཱ་ཎི་པཱ་དཾ་རཱུ་ཌྷཾ་བྲ་ཎཾ་བ་ཏྱ་ས་དོ་ད་ཡེ་ན། །ཨ་བཱུ་ཛ་ཡཏ་ཀྵཱན་ཏི་གུ་ཎཾ་སྟ་བེ་ན་ཏཾ་དེ་བ་ཏཱ་ས་ཏྭ་སི་ཏཻཤྩ་པུཥྤཻཿ། །རཱ་ཛཱ་པི་ཏཏ་ཀིལྦི་ཥ་ཀཱ་ལ་ཀུ་ཊ་བི་སྤོ་ཊ་སཾ་གྷཊྚ་བི་ན་ཥྚ་

སླར་སྨྲས། །དེ་ནས་བདེན་ཚིག་བརྗོད་པས་སྐད་ཅིག་ལ། །ལག་པ་རྐང་པ་འབྱར་ཞིང་རྨ་དག་གསོས། །ལྷ་ཡིས་བཟོད་པའི་ཡོན་ཏན་དེ་བསྟོད་ཅིང་། །སྙིང་སྟོབས་དཀར་བའི་མེ་ཏོག་རྣམས་ཀྱིས་མཆོད། །རྒྱལ་པོའང་དེ་སྡིག་ནག་པོ་བརྩེགས་ལྟ་བུས། །ཆུ་བུར་གྱིས་གཏམས་སྤྱོད་

ཙེཥྚཿ། །པཱུ་ཡོཏྐ་ཊཱ་བརྟྟ་བི་བརྟྟ་མཱ་ནཿསཾ་བརྟྟ་པཱ་ཀཾ་ན་ར་ཀཾ་ཛ་གཱ་མ། །ཡོ྅བྷཱུཏྤུ་རཱ་ཀྵཱནྟི་ར་ཏིརྨྨ་ཧཪྵིཿསོ྅ཧཾ་ཀ་ལིཪྻཤྩ་ས་དེ་བ་དཏྟཿ། །ཨ་ཏཱི་ཏ་བྲྀཏྟསྨ་ར་ཎེ་ཤཀྲ་ནཱ་ཀཱ་ར་ཎཾ་ཛཱ་ཏ་མི་

ཚུལ་རྣམ་པར་ཉམས། །རབ་དྲག་རྣག་གི་འཁོར་མོར་རྣམ་འཁོར་ཞིང་། །འཇིགས་བྱེད་སྨིན་པའི་དམྱལ་བར་སོང་བར་གྱུར། །བཟོད་དཀའ་དྲང་སྲོང་ཆེན་པོར་གང་སྔོན་བྱུང་། །ང་ཉིད་རྩོད་ལྡན་གང་དེ་ལྷ་སྦྱིན་ནོ། །བརྒྱ་བྱིན་འདས་པའི་སྤྱོད་ཚུལ་དྲན་པ་ལ། །བདག་གི་འཛུམ་པ་འདི་

དཾ་སྨི་ཏཾ་མེ། །ཨི་ཏཱི་བྷ་ག་བ་ཏཿཤྲུ་ཏྭཱ་བཱ་ཀྱཾ་བིསྨི་ཡ་མཱ་ན་སཿཔྲ་མ་ད་བི་ཀ་ཙ་བྱཀྟོཏྶཱ་ཧཱ་བ་ཧནྣ་ཡ་ནཱ་མ་ལཱིཿ། །ཏ་ར་ཎི་ཀི་ར་ཎ་སྤཪྴེ་ནེ་བ་སྥུ་ཊཿཀ་མ་ལཱ་ཀ་ར་སྟྲི་ད་ཤ་བ་ས་ཏིཾ་པྲི་ཏཿཔྲཱ་ཡཱ་པ་ཏི་སྟྲི་དི་

སྐྱེས་རྒྱུ་མེད་མིན། །ཞེས་པ་བཅོམ་ལྡན་གསུང་ཐོས་ཡ་མཚན་དག་དང་ལྡན་པའི་ཡིད། །རབ་དགའ་རྣམ་རྒྱས་སྤྲོས་པས་གསལ་བའི་སྤྱན་གྱི་ཕྲེང་འཛིན་ཅིང་། །ཉི་མའི་འོད་ཟེར་རེག་པས་པདྨོའི་འབྱུང་གནས་རྒྱས་པ་བཞིན། །ལྷ་རྣམས་བདག་པོ་དགའ་བས་སྐབས་གསུམ་གནས་སུ་སོང་

เล่ม ๑๗๐ · หน้า 297a

པཽ་ཀ་སཱཾ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་ཀྵཱནྟྱ་བ་དཱ་ན་མཱུ་ནཱ་ཙ་ཏྭཱ་རིཾ་ཤ་པལླ་ཝཿ།། །།ཨ་ཏྱནྟ་མུནྣ་ཏི་མ་ཏཱཾ་

བར་གྱུར། །ཅེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་བཟོད་པ་ལ་དགའ་བའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་སུམ་ཅུ་རྩ་དགུ་པའོ།། །།ཆེན་པོ་ཁྱད་འཕགས་མཐོ་བ་རྣམས་

མ་ཧ་ཏཱཾ་བི་ན་ཤ་དོ་ཥྱ་སྱ་དུརྫ་ནཱ་ས་མཱ་ག་མ་ཨེ་བ་ཧེ་ཏུཿ། །ཀཱུ་ལ་དྲུ་མཱཿཀི་ལ་ཕ་ལ་པྲ་ས་བཻ་ས་ཧཻ་བ་ས་དྱཿབ་ཏནྟི་ཛ་ལ་སངྒ་ཏི་བྷིནྣ་མཱུ་ལཱཿ། །རུ་ཙི་རཱ་གཱ་ར་ཤཱ་ལི་ནྱཱཾ་བྷ་ག་བཱན་པུ་

ནི་ཉམས་པར་འགྱུར་བ་ཡི། །སྐྱོན་གྱི་རྒྱུ་ནི་སྐྱེ་བོ་ངན་དང་འགྲོགས་པ་ཁོ་ན་ཡིན། །འཇུག་ངོགས་ཤིང་ནི་ངེས་པར་འབྲས་བུ་སྐྱེ་བས་ལྷན་ཅིག་ཉིད། །ཆུ་དང་འགྲོགས་པས་རྩ་བ་ཕྱུང་ནས་འཕྲལ་ལ་འགྱེལ་བར་འགྱུར། །བཅོམ་ལྡན་དེ་བཞིན་གཤེགས་པ་སྔོན། །ཆུ་བོ་ཡིད་འོང་ལྡན་པའི་

རཱ། །བལྒུ་མ་ཏྱཱ་ཏ་ཊེ་ན་དྱཱ་བི་ཙ་ཙཱ་ར་ཏ་ཐཱ་ག་ཏཿ། །ཏ་སྱཱཿཀཻ་བརྟྟ་སརྠེ་ན་གམྦྷཱི་རེམྦྷཱ་སེ་དུསྟ་ར། །ཀ་དཱ་ཙིད་གྷོ་ར་མ་ཀ་རཿཀྵིཔྟྭཱ་ཛཱ་ལཾ་ས་མུདྡྷྲྀ་ཏཿ། །ཨཥྚཱ་ད་ཤ་ཤི་རཱཿསིཾ་ཧ་དྭི་པ་དྭཱི་པ་ཁ་

ངོགས། །ཁང་བཟང་མཛེས་པ་དང་ལྡན་པ། །ཡངས་པ་ཅན་ན་རྣམ་པར་རྒྱུ། །ཉ་པའི་ཚོགས་ཀྱིས་དེ་ཡི་ཆུ། །བསྒྲལ་བར་དཀའ་ཞིང་ཟབ་པ་ལས། །ནམ་ཞིག་རྒྱ་ནི་འཕངས་པ་ན། །འཇིགས་རུང་ཆུ་སྲིན་ཡང་དག་འཐོན། །མགོ་བོ་བཅོ་བརྒྱད་སེང་གེ་དང་། །གཉིས་འཐུང་སྟག་དང་

เล่ม ๑๗๐ · หน้า 297b

རཱ་ན་ནཿ། །ནྲྀ་ཎཱཾ་ས་ཧཱ་སྲཻ་རཱ་ཀྲྀཥྚཿསརྦྦ་ཏཱ་ཀཱ་ར་བི་གྲ་ཧཿ། །ཏཾ་དྲྀཥྚྭཱ་ཏ་ཏྲ་བི་ཏྲསྟཱཿསྲཔྟཱ་ཀཪྵ་ཎ་རཛྫ་བཿ། །ཨཱཤྩརྱ་ནིཤྩ་ལ་དཱ་ཤཱ་ན་ཏ་སྠུརྣྣ་ཡ་ཡུ་ཀྵ་ཎི། །ག་ཎ་ནི་ག་ཧ་ནཱ་ཤྩརྱ་བི་ཤེ་ཥ་ཤ་ཏ་ཤཱ་ལི་

བུང་བུའི་བཞིན། །ལུས་ནི་རི་ཡི་རྣམ་པ་ཅན། །མི་ནི་སྟོང་ཕྲག་དག་གིས་དྲངས། །དེར་ནི་དེ་མཐོང་རྣམ་པར་སྐྲག །འདྲེན་པའི་ཐག་པ་ཆད་གྱུར་ཅིང་། །ངོ་མཚར་གཡོ་མེད་ཉ་པ་རྣམས། །སྐད་ཅིག་སྡོད་མིན་འགྲོ་བ་མིན། །འཁོར་བ་ལས་ཀྱིས་རྣམ་བཀྲ་བར། །རྣམ་འགྱུར་ངོ་མཚར་ཟབ་མོ་

ནཱཾ། །སཾ་སཱ་རེ་ཀརྨྨ་བཻ་ཙི་ཏྲྱེ་བི་ཀཱ་རཱ་ཎཱཾ་ཀ་རོ་ཏི་ཀཿ། །ཨ་ཏྲནྟ་རེ་ཏ་མུདྡེ་ཤཾ་བྷ་ག་བཱན་བྷཱུ་ཏ་བྷཱ་བ་ནཿ། །ཛི་ནཿས་མཱ་ཡ་ཡཽ་སརྦྦ་ཛ་ན་ཏྲཱ་ཎ་ཀྲྀ་ཏ་ཀྵ་ཎཿ། །ས་བྲདྡྷ་བཱ་ལ་ལ་ལ་ནཾ་ཛ་ནཾ་ཀཽ་ཏུ་ཀ་སཾ་ག་ཏཾ། །དྲྀཥྚྭཱ་

ནི། །བརྒྱ་དང་ལྡན་པའི་ཁྱད་པར་རྣམས། །སུ་ཞིག་གིས་ནི་རྩི་བར་བྱེད། །སྐབས་དེར་དེ་ཡི་ཆེད་དུ་ནི། །འབྱུང་པོ་དགོངས་པ་བཅོམ་ལྡན་འདས། །སྐྱེ་བོ་ཐམས་ཅད་སྐྱོབ་པ་ལ། །དུས་མཛད་རྒྱལ་བ་ཡང་དག་བྱོན། །རྒན་པོ་བྱིས་པ་བུད་མེད་བཅས། །ལྟད་མོ་ལ་འཚོགས་སྐྱེ་བོ་དག །བཅོམ་

ཏ་ཏྲ་ཀ་རོཏྟཱི་རེ་བྷ་ག་བཱ་ནཱ་ས་ན་གྲ་ཧཾ། །བྷིཀྵུ་སཾ་གྷཻཿཔ་རི་བྲྀ་ཏཾ་དྲྀཥྚྭཱ་ཏ་ཏྲ་ཏ་ཐཱ་ག་ཏཾ། །ཛ་ནོ་བྷཱུཏྟོནྨུ་ཁཿསརྦྦཿཔྲ་ཏྱཱ་བྲྀཏྟ་ཨི་བོ་ད་དྷིཿ། །ཏཾ་བི་ལོ་ཀྱཻ་བ་བི་ན་ཏཱཿཀེ་

ལྡན་གྱིས་གཟིགས་འཇུག་ངོགས་དེར། །སྟན་ནི་ཡོངས་སུ་བཟུང་བ་མཛད། །དགེ་སློང་ཚོགས་ཀྱིས་ཡོངས་བསྐོར་བའི། །དེ་བཞིན་གཤེགས་པ་དེར་མཐོང་ནས། །ཆུ་གཏེར་ཕྱིར་ལ་ལོག་པ་བཞིན། །སྐྱེ་བོ་ཐམས་ཅད་དེར་ཕྱོགས་གྱུར། །དེ་མཐོང་ཉིད་ཀྱི་འཕྲལ་ལ་ནི། །ཉ་པ་རྣམ་

เล่ม ๑๗๐ · หน้า 298a

བརྟྟཱ་པྲ་ཎི་བནྡྷ་ནཾ། །བི་ཤཱ་ལཾ་ཛཱ་ལཾ་ས་ཧ་སཱ་སཾ་སཱ་ར་མི་བ་ཏ་ཏྱ་ཛུཿ། །མཏྶྱ་ཀུམྦྷཱི་ར་ན་ཀྲཱ་དི་སཾ་བྷཱ་རཾ་ཏངྒི་རཱཾ་བྷ་སི། །ཏྱཀྟྭཱ་ཏེ་བི་ར་ཏ་ཀོ་ས་བ་བྷཱུ་བུཿཀིལྦི་ཥ་དྭི་ཥཿ། །ཏཻརྣྱ་སྟཾ་བྷ་ག་བཱན་དྲྀཥྚཱ་མ་ཧཱ་མ་

པར་དུད་པ་ཡིས། །སྲོག་ཆགས་འཆིང་བ་ཡངས་པའི་རྒྱ། །འཁོར་བ་ལྟ་བུ་བཏང་བར་གྱུར། །དེ་ཡི་གསུང་གིས་ཆུ་ལ་ཉ། །ཆུ་སྲིན་ན་ཀྲ་ལ་སོགས་ཚོགས། །བཏང་ནས་དེ་དག་ཁྲོ་བྲལ་བས། །སྡིག་པ་ཡི་ནི་དགྲ་བོར་གྱུར། །དེ་དག་གིས་བཀོད་ཆུ་སྲིན་ཆེ། །མདུན་དུ་བཅོམ་

ཀ་ར་མ་གྲ་ཏཿ། །ཏཾ་ཛ་གཱ་ད་སྲྀ་ཛདྡནྟ་ཀཱནྟྱེ་བ་ཀ་རུ་ཎ་ན་དིཾ། །ཨ་པི་ཏྭཾ་ཀ་བི་ལཿཔུ་ཏྲ་ཀིནྣ་སྨ་ར་སི་དུཿཀྲྀ་ཏཾ། །པ་ཙོ་དུཤྩ་རི་ཏ་སྱཱ་ཡ་མ་པི་བཱ་ཀོ྅ནུ་བྷཱུ་ཡ་ཏེ། །སཱ་སྱ་ཀ་ལྱཱ་ཎ་མི་ཏྲནྟེ་ཛ་ན་ནེ་ཀྭཱ་དྱ་བརྟྟ་ཏེ། །སརྦྦ་

ལྡན་གྱིས་གཟིགས་ནས། །ཚེམས་ཀྱི་མཛེས་པ་སྙིང་རྗེ་ཡི། །ཆུ་བོ་སྤྲོ་བཞིན་དེ་ལ་སྨྲས། །བུ་ཀྱེ་སེར་སྐྱ་ཁྱོད་ཀྱིས་ནི། །ཉེས་པ་བྱས་པ་མི་དྲན་ནམ། །འདི་ཡང་དག་གིས་ཉེས་སྤྱད་དག །སྨིན་པ་ཉམས་སུ་མྱོང་བ་ཡིན། །ཁྱོད་ཀྱི་མི་དགེའི་གྲོགས་གྱུར་པ། །མ་དེ་ད་ལྟ་གང་ན་གནས། །ཐམས་

ཛྙེ་ནེ་ཏྱ་བི་ཧི་ཏཿསྨྲྀ་ཏྭཱ་ཛཱ་ཏི་མུ་བཱ་ཙ་སཿ། །བི་བྷོ་བྷ་བཱ་མི་ཀ་པི་ལཿསྨ་རཱ་མི་ནི་ཛ་དུཿཀྲྀ་ཏཾ། །བ་ཙོ་དུཤྩ་རི་ཏ་སྱཱ་ཡཾ་པ་རི་པཱ་ཀོ་ནུ་བྷཱུ་ཡ་ཏེ། །ཛཱ་ཏཱ་མེ་ན་ར་ཀཱཾ་དེ་ཏཱ་ན་ར་ཀཱ་དེ་ཤི་ནཱི་པུ་རཿ། །ཨི་ཏྱུཀྟྭཱ་

ཅད་མཁྱེན་པས་འདི་བརྗོད་ཚེ། །དེ་ཡིས་སྐྱེ་བ་དྲན་ནས་སྨྲས། །ཁྱབ་བདག་བདག་ནི་སེར་སྐྱ་ཡིན། །རང་གིས་ཉེས་པ་བྱས་པ་དྲན། །ངག་གིས་ཉེས་བྱས་ཡོངས་སྨིན་པ། །འདི་ནི་ཉམས་སུ་མྱོང་བར་གྱུར། །དམྱལ་བ་སྟོན་བྱེད་བདག་གི་མ། །སྔོན་དུ་དམྱལ་བ་དག་ཏུ་སྐྱེས། །ཞེས་པ་སྨྲས་

เล่ม ๑๗๐ · หน้า 298b

མ་མ་ཀསྟ་ཏྲ་རུ་རོ་ད་པ་རུ་ཥ་སྭ་རཾ། །ཏཾ་ཤོ་ཀ་སཱ་ག་རེ་མགྣཾ་བ་བྷཱ་ཥེ་བྷ་ག་བཱན་པུ་ནཿ། །ཨ་ཀཱ་ལེ་ཀིཾ་ཀ་རོ་མྱ་དྱ་ཏིཪྻགྻོ་ནི་ག་ཏ་སྱ་ཏེ། །ཨ་པུ་ཎྱ་པྲཱ་རམྦྷེ་ར་བྷ་ས་ཧ་སི་ཏོལླཱ་ས་བི་ཧི་ཏི་པྲ་མཏཱ་

ནས་ཆུ་སྲིན་དེར། །ང་རོ་དྲག་པོས་རབ་ཏུ་དུས། །མྱ་ངན་རྒྱ་མཚོར་བྱིང་དེ་ལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དུད་འགྲོའི་སྐྱེ་གནས་སོང་ཁྱོད་ལ། །དུས་མིན་དེ་རིང་ཅི་ཞིག་བགྱི། །བག་མེད་རྣམས་ཀྱི་བསོད་ནམས་མིན་པའི་རབ་ཏུ་རྩོམ་པ་གཟུ་ལུམས་དག། །དགོད་ཅིང་རངས་

ནཱཾ་ཡཱ་ཏེ་ན་ར་ཀ་པ་རི་སཱ་ཀ་པྲ་ཎ་ཡི་ཏཱཾ། །ཨ་ཤཱནྟཿསནྟཱ་པཾ་རུ་དི་ཏ་ཤ་ར་ཎཱ་ནཱཾ་པྲ་ཏི་ནི་ཤཾ་བྷྲྀ་ཤཾ་ཀླ་ཤཱ་བི་ཤཻརྡི་ཤ་ཏི་བི་ཥ་ཏུ་ལྱཻ་ར་ནུ་ཤ་ཡཿ། །ཀྵ་ཎ་དུཿཁ་ཀྵ་ཡཱ་ཡཻ་བ་མ་ཡི་ཙིཏྟཾ་པྲ་སཱ་ད་

པས་བསྒྲུབས་པ་དམྱལ་བར་ཡོངས་སུ་སྨིན་ལ་ཆགས་གྱུར་ཚེ། །ཉོན་མོངས་འབེབས་པ་དུག་དང་མཚུངས་པའི་རྗེས་སུ་འགྱོད་པ་མ་ཞི་བས། །ངུ་ལ་སྐྱབས་གནས་རྣམས་ལ་མཚན་མོ་སོ་སོར་མཆོག་ཏུ་གདུང་བར་བྱེད། །སྡུག་བསྔལ་སྐད་ཅིག་གིས་འཇིག་སླད། །བདག་ལ་སེམས་ནི་དང་

ཡ། །པྲ་སནྣ་མཱ་ན་སཿཀཱ་ལེ་ཡཱ་སྱ་པི་ཏྲི་ད་ཤཱ་ལ་ཡཾ། །ཤྲྀ་ཎུ་བཏྶ་ཧི་ཏཉྩེ་དཾ་བི་ཙཱརྱ་ཀུ་རུ་ཙེ་ཏ་སི། །ཨ་ནི་ཏྱཱཿསརྦྦ་སཾ་སྐཱ་རཱཿཤཱནྟི་ནིརྦྦཱ་ཎ་མ་ཀྵ་ཡཾ། །ཨི་ཏྱཱ་ཛྙ་ཡཱ་བྷ་ག་བ་ཏསྟསྨིན་ཡཱ་ཏེ་པྲ་

བར་བྱོས། །དང་བའི་ཡིད་ཀྱིས་དུས་བྱས་ནས། །ལྷ་ཡི་གནས་སུ་ཁྱོད་བགྲོད་འགྱུར། །མཉེས་གཤིན་ཕན་པ་འདི་ཡང་ཉོན། །རྣམ་པར་དཔྱོད་ལ་ཡིད་ལ་གྱིས། །འདུ་བྱེད་ཐམས་ཅད་མི་རྟག་ཅིང་། །ཞི་བ་མྱང་འདས་འཇིག་པ་མེད། །བཅོམ་ལྡན་འདས་ཀྱི་བཀའ་འདི་ཡིས། །དེ་ནི་རབ་དང་གྱུར་

เล่ม ๑๗๐ · หน้า 299a

སནྣ་ཏཾ། །ཛ་ན་སཾ་གྷཿས་སུ་ཙི་རཾ་བ་བྷཱུ་བཱཤྩཪྻ་ནིཤྩལཿ། །ཨཱརྱཱ་ནནྡཿཔྲ་ཎ་ཡི་ནཱ་ཛ་ནེ་ནཱ་བྷྱརྠི་ཏསྟ་ཏཿ། །ཏབཱུརྦྦ་བྲྀཏྟཾ་པ་པྲཙྪ་བྷ་ག་བནྟཾ་ཀྲྀ་ཏཱཉྫ་ལིཿ། །ས་ཏེ་ན་པྲྀཥྚ་པྲོ་

པའི་ཚེ། །སྐྱེ་བོའི་ཚོགས་ཀྱང་ཡུན་རིང་དུ། །ངོ་མཚར་གཡོ་བ་མེད་པར་གྱུར། །དེ་ནས་སྐྱེ་བོས་གུས་པར་ནི། །གསོལ་བཏབ་འཕགས་པ་ཀུན་དགའ་བོས། །བཅོམ་ལྡན་འདས་ལ་ཐལ་སྦྱར་བྱས། །དེ་ཡི་སྔོན་བྱུང་རབ་ཏུ་དྲིས། །དེ་ཡིས་དྲིས་ལ་ཡེ་ཤེས་

བཱ་ཙ་བི་མ་ལ་ཛྙཱ་ན་ལོ་ཙ་ནཿ། །ཨ་སྱཱ་ཀུ་ཤ་ལ་ཤཱི་ལ་སྱ་པྲྀཏྟཱནྟཿཤྲུ་ཡ་ཏཱ་མ་ཡཾ། །བྷ་དྲ་ཀཱ་ཁྱེ་སུ་ར་ཀལྤེ་བཪྵཱ་ཡུ་ཏ་ཡུ་གཱ་ཡུ་ཥི། །ཛ་ནེ་བ་བྷཱུ་བ་བྷ་ག་བཱན་ཀཱ་ཤྱ་པཱ་ཁྱསྟ་ཐཱ་ག་ཏཿ། །ཀྲྀ་ཀཱིརྣཱ་མ་མ་ཧཱི་པཱ་

སྤྱན། །དྲི་མེད་དེ་ཡིས་རབ་ཏུ་གསུངས། །སྡིག་པའི་ངང་ཚུལ་འདི་ཡི་ནི། །བྱུང་བའི་མཐའ་འདི་མཉན་པར་གྱིས། །བསྐལ་བ་བཟང་པོ་དག་ལ་སྔོན། །སྐྱེ་བོ་ཚེ་ལོ་ཁྲི་ཕྲག་ཟུང་། །ཐུབ་ཚེ་བཅོམ་ལྡན་དེ་བཞིན་གཤེགས། །འོད་སྲུངས་ཞེས་པ་བྱུང་བར་གྱུར། །བཱ་རཱ་ཎ་སཱིར་དེ་དུས་སུ། །

ལཿཀལྤ་ཤཱ་ལ་ཨི་བཱརྠི་ནཱི། །ཨ་བྷ་བཏྶ་མ་ཡེ་ཏསྨིན་བཱ་རཱ་ཎ་སྱཱམྦ་ཧུ་པྲ་དཿ། །ཀ་དཱ་ཙིངྦི་བུ་དྷཱ་སྠཱ་ནེ་ས་ཧ་སྲཱཀྵ་མི་པ་པཱ་རཾ། །ཨཱ་སཱི་ནཾ་བཱ་དི་སིཾ་ཧཱ་ཁྱ་ཏཾ་བིདྦཱ་ནཱ་ཡ་ཡཽ་དྭི་ཛཿ། །ཨ་བི་ལམྦི་ཏ་སཾ་པྲཱཔྟ་

ས་སྐྱོང་ཀྲྀ་ཀཱི་ཞེས་བྱ་བ། །སློང་བའི་དཔག་བསམ་ཤིང་ལྟ་བུ། །མང་པོ་རབ་ཏུ་སྟེར་བ་བྱུང་། །ནམ་ཞིག་མཁས་པའི་གནས་སུ་ནི། །མིག་སྟོང་གཞན་པ་བཞིན་དུ་གནས། །དེར་ནི་གཉིས་སྐྱེས་རིག་བྱེད་ལྡན། །སྨྲ་བའི་སེང་གེ་ཞེས་པ་འོངས། །ཐོགས་པ་མིན་པར་ཕྲད་པ་དང་། །

เล่ม ๑๗๐ · หน้า 299b

དཪྴ་ནཱ་ས་ན་སཏྐྲྀ་ཏིཿ། །ས་ཏ་དཱ་ཤཱིརྣྣ་ར་པ་ཏིཾ་ཤི་ཥྱ་སྲེ་ཎི་བྲྀ་ཏོ་བྱ་དྷཱཏ། །སྭསྟི་སྭསྟི་མ་ཏེ་བུ་དྷཱ་དྷཱི་པ་ས་བྷ་ཡ་ཏུ་བྷྱཾ་བི་བྷོ་ལུབྡྷཱཿས་ཙྩ་རི་ཏཱ་མྲྀ་ཏེ་ཏ་བ་པ་རཾ་ས་ནྡཪྴ་ནེ་རཱ་གི་

སྟན་དང་བསྙེན་བཀུར་ཡང་དག་ཐོབ། །སློབ་མའི་འཕྲེང་བས་བསྐོར་བ་དེས། །དེ་ཚེ་རྒྱལ་ལ་ཤིས་བརྗོད་པ། །ཁྱབ་བདག་མཁས་པའི་བདག་པོ་མདུན་སར་འདུག་འོས་ཤིས་ལྡན་ཁྱོད་ནི་ཤིས་གྱུར་ཅིག །ཁྱོད་ཀྱི་ལེགས་སྤྱོད་བདུད་རྩི་དག་ལ་མཆོག་ཏུ་སྲེད་ལྡན་ཡང་དག་བལྟ་ལ་

ཎཿ། །ས་དྭེ་ཥཱཿཔ་ར་བྷཱུ་པ་ནཱམྣི་མུ་ཁ་རཱསྟ་གུ་ཎོ་དཱི་ར་ཎེ྅ཀསྨཏ་སརྦྦ་གུ་ཎ་ཤྲ་མེ་ཎ་བྷ་བ་ཏཱ་དོ་ཥཻརྦ་ཡཾ་ཡོ་ཛི་ཏཱཾ། །ཡདྻཱ་ཙ་ཀཱ་ཨ་པི་ནི་རནྟ་ར་རཏྣ་བཪྵེ་ནཱ་ནཱརྠི་སཱརྠ་པ་རི་པཱུ་ར་ཀ་

ཆགས། །ས་བདག་གཞན་གྱི་མིང་ལ་སྡང་ལྡན་ཡོན་ཏན་བརྗོད་ལ་མུ་ཅོར་ཆེ་བར་སྒྲོགས། །ཡོན་ཏན་ཀུན་གྱི་རྟེན་གནས་ཁྱོད་ཀྱིས་གློ་བུར་ཉིད་དུ་བདག་ལ་སྐྱོན་རྣམས་སྦྱར། །གང་ཞིག་སློང་བ་རྣམས་ཀྱང་བར་མེད་རིན་ཆེན་ཆར་ཕབ་པས། །སྣ་ཚོགས་སློང་བའི་དོན་མཐུན་ཡོངས་སུ་

ཏཱཾ་པྲཱ་ཡཱནྟི། །སརྦཾ་བྷ་བཱ་ནུ་ས་མ་པུཎྱ་ནི་དྷེ་བ་དཱ་ནྱ་ནི་རྡཻ་ནྱ་དཱ་ན་བི་བྷ་བ་སྱ་བི་ཛྲྀམྦྷི་ཏཾ་ཏྭཏ། །རཱ་ཛ་ན་ཀིཉྩི་ཏ་པ་རི་ཙི་ཏ་གུ་ཎཻཿསེ་བ་ཡཱ་སདྒུ་རུ་བྷྱཿ་པྲཱཔྟསྨཱ་བྷིརྦི་བུ་དྷ་

ཚིམ་པར་བྱེད་གྱུར་པ། །དེ་དག་ཐམས་ཅད་གཏོང་ཕོད་དང་ལྡན་མཚུངས་མེད་བསོད་ནམས་གཏེར། །ཁྱོད་ཀྱི་སྦྱིན་པ་བཀྲེན་མེད་འབྱོར་པའི་རྣམ་པར་འཕེལ་བ་ཡིན། །རྒྱལ་པོ་ཡོན་ཏན་ཅུང་ཟད་ཡོངས་སུ་འདྲིས་པ་བདག་གི་བླ་མ་དམ་པ་དག །བསྟེན་ལས་མཁས་པ་རྒྱལ་བྱེད་

เล่ม ๑๗๐ · หน้า 300a

བི་ཛ་ཡི་ཀོ་པི་བི་དྱཱཾ་ཤ་ལེ་ཤཿ། །ཨ་སྱཱཾ་བི་དྭད་ཀ་མ་ལ་བྷ་ར་སོ་མྱ་པྲ་བྷཱ་ས་བྷཱ་ཡཱཾ་ཏ་སྱོཏྐཪྵཾ་ཀ་ཏི་པ་ཡ་པ་དཾ་པྲ་ཏྱ་ཡཾ་དཪྴ་ཡ་མཿ། །ནི་ཛ་གུ་ཎ་ག་ཎ་ནེ་དྷཱིརླླཛྫ་ཏེ་སཛྫ་ནཱ་ནཱཾ་མུ་ཁ་ར་ཡ་ཏི་ཏ་

རིག་པའི་ཆ་ཡི་ཆ་ཤས་ཅི་ཡང་ཐོབ། །ཡིད་འོང་མཁས་པའི་པདྨའི་ཚོགས་ཀྱི་འོད་དང་ལྡན་པའི་མདུན་ས་འདིར། །དེ་ཡི་ཚིག་ནི་ཕུལ་དུ་བྱུང་བའི་ཡིད་ཆེས་འགའ་ཞིག་བདག་གིས་བསྟན། །སྐྱེ་བོ་དམ་པའི་བློ་ནི་རང་གི་ཡོན་ཏན་བརྩིར་ངོ་ཚ། །དེ་ལྟ་ན་ཡང་སྨྲ་འདོད་དྲག་

ཐཱ་བི་པྲོ་ཌྷ་བཱ་དཱ་བྷི་ལཱ་ཥཿ། །ཨི་ཡ་ཏི་ཛ་ག་ཏི་རཱ་ཛན་ཀྵི་པྲ་མ་ནྭི་ཥྱ་ཏཱཾ་མེ་པྲ་ཏི་བ་ཙ་ན་རུ་ཙིཤྩེ་དསྟི་ཀཤྩིདྦི་པཤྩིཏ། །སནྡརྦྷརྒརྦྷ་གམྦྷི་ར་མི་ཏི་ཏ་སྱོཏྐ་ཊམྦ་ཙཿ། །ཤྲུ་ཏྭཱ་ཀྵི་ཏི་པ་ཏིཿཀྵི་པྲཾ་བི་ལཀྵཿས་མ་ཙིནྟ་

པོས་མུ་ཅོར་སྒྲོག་ཏུ་བཅུག །རྒྱལ་པོ་འགྲོ་འདི་དག་ན་བདག་གི་ཚིག་ལན་ལ་སྲེད་པའི། །གལ་ཏེ་མཁས་པ་ཡོད་ན་མྱུར་བ་ཉིད་དུ་བརྟག་པར་གྱིས། །ཞེས་པ་དེ་ཡི་གཞུང་གི་ཚིག །དྲག་པོར་སྙེམས་ཤིང་ཟབ་པ་དག །ཐོས་ནས་ས་ཡི་བདག་པོ་ནི། །སྐྱེངས་པས་མྱུར་བར་ཡང་དག་

ཡད། །ཨ་པྲཱཔྟ་པྲ་ཏི་མལློ་ཡཾ་ཡ་དི་ཡཱ་ཡཏ་མ་དོདྡྷ་ཏཿ། །ཏ་དེ་ཥ་མ་མ་དེ་ཤ་སྱ་ཡ་ཤཿཁཎྜ་ན་ཌིཎྜི་མཿ། །གུ་ཎཱ་བ་མཱ་ན་ཀྲྀཪྻ་ཏྲ་མཱུརྑོ་བྷ་བ་ཏི་བྷཱུ་པ་ཏིཿ། །ན་ཀ་རོ་ཏི་ཛ་ནསྟ་ཏྲ་བི་དྱཱཛྫ་ན་པ་རི་ཤྲ་མཾ། །བི་

བསམས། །གལ་ཏེ་ལན་ནི་མ་ཐོབ་པར། །རྒྱགས་ཤིང་འཕྱར་འདི་སོང་གྱུར་ན། །དེ་ལྟ་ན་ནི་བདག་ཡུལ་གྱི། །གྲགས་པ་མིན་པ་སྒྲོག་པའི་རྔ། །གང་ན་ས་བདག་བླུན་པོར་གྱུར། །ཡོན་ཏན་ཅན་རྣམས་དམན་པར་བྱེད། །དེ་ན་སྐྱེ་བོ་རིག་བྱེད་ལ། །ཡོངས་སུ་ངལ་བ་བྱེད་མ་ཡིན། །ས་

เล่ม ๑๗๐ · หน้า 300b

བེ་ཀ་བི་མ་ལ་ལོ་ཀེ་དྷརྨྨཱ་རཱ་མེ་མ་ཧི་པ་ཏཽ། །ལོ་ཀེ་བི་དྱཱཿཔྲ་བརྟྟནྟེ་ས་དཱ་ཙཱ་ར་ཀྲི་ཡ་ཨི་བ། །ཏསྨཱ་ད་སྱ་པྲ་ཡཏྣེ་ན་ཀརྟྟ་བྱོ་མ་ད་ནི་གྲ་ཧཿ། །བི་དྱཱ་ད་རི་དྲ་ཏཱ་དེ་ཤེ་དོ་ཥ་ཨེ་བ་བཾ་ཤཱཾ་པ་ཏིཿ། །ཨི་ཏི་

བདག་ཆོས་ཀྱི་ཀུན་དགའ་ར། །དྲི་མེད་དབེན་པའི་སྣང་བ་ཅན། །འཇིག་རྟེན་རིག་བྱེད་ལ་འཇུག་སྟེ། །དམ་པའི་བྱ་བའི་སྤྱོད་ལ་བཞིན། །དེ་སླད་འདི་ཡི་རྒྱགས་པ་ནི། །རབ་ཏུ་འབད་པས་ཚར་གཅད་བྱ། །ཡུལ་ནི་རིག་བྱེད་ཀྱིས་དབུལ་བ། །རིགས་ཀྱི་བདག་པོ་ཉིད་ཀྱི་སྐྱོན། །དེ་ལྟར་

སཉྩིནྟྱ་ནྲྀ་པ་ཏིརྦི་པྲ་ཀརྦྦ་ཊ་བཱ་སི་ནཾ། །ཨཱ་ནི་ནཱ་ཡ་མ་ཧཱ་མཱ་ཏྱཻ་ར་ནྭི་ཥྱ་བི་དུ་ཥཱཾ་གུ་རུཾ། །བྷཱུ་བྷྲྀཏ་ས་བྷ་མུ་སཱ་དྷྱཱ་ཡཿ་པྲ་ཏྱ་ཏ་ཏརྐྐ་ཏརྐྐ་ཤཿ། །ཙ་ཀཱ་ར་བཱ་དི་སིཾ་ཧ་སྱ་དརྦྦ་ཀེ་ཤ་ར་ཀརྟྟ་ནཾ། །ཏ་སྱ་

བསམས་ནས་མི་བདག་གིས། །བྲམ་ཟེ་ཀར་པ་ཊར་གནས་པ། །མཁས་པའི་བླ་མ་རྣམ་དཔྱད་ནས། །བློན་པོ་ཆེན་པོས་འགུགས་སུ་བཅུག །མཁན་པོ་རྟོག་གེ་རྣོ་ལྡན་པ། །ས་བདག་མདུན་ས་དེར་འོངས་ནས། །སྨྲ་བའི་སེང་གེ་དྲེགས་པ་ཡི། །རལ་པ་དག་ནི་ཆད་པར་བྱས། །མྱུར་

ཏེ་ན་ཛི་ཏ་སྱཱ་ཤུ་བི་ཛི་ཏཱ་ཤེ་ཥ་པཱ་དི་ནཿ། །མཽ་ན་མུ་ཏྲཾ་ས་མ་པེ་དེ་ལཛྫི་ཏེ་བ་ས་ར་སྭ་ཏཱི། །ཨཱ་རཱུ་ཌྷཿཔྲ་བྷྲ་མ་ཧ་སཾ་ནཀྵ་ཏྲཱ་ཎཱ་མི་བོ་ད་ཡཱཿ། །ཨུ་པྻུ་རི་དྲཾ་ཥྱནྟེ་གུ་ཎཏྐོ་ཪྵ་མ་ནཱི་ཥི་ཎཱཾ། །བཱ་དི་

བར་སྨྲ་བ་མ་ལུས་ལས། །རྣམ་རྒྱལ་དེ་ཡིས་ཕམ་པ་དེའི། །དབྱངས་ཅན་ངོ་ཚར་གྱུར་པ་བཞིན། །སྨྲ་བཅད་རྒྱ་ནི་ཡང་དག་ཐོབ། །སྐར་མ་རྣམས་ནི་འཆར་བ་བཞིན། །མཁས་པ་གཟི་བྱིན་ཆེ་རྣམས་ཀྱིས། །ཡོན་ཏན་ཁྱད་འཕགས་ལ་གནས་པ། །གོང་ནས་གོང་དུ་མཐོང་བ་ཡིན། །དེ་ནས་

เล่ม ๑๗๐ · หน้า 301a

སིཾ་ཧཾ་བི་སྲྀ་ཛྱཱ་ཐ་ད་ཏྭཱ་བྷཱུ་རི་དྷ་ནཾ་ནྲྀ་པཿ། །ད་དཽ་དྭི་ཛཱ་ཡ་ཛ་ཡི་ནེ་ཀརྦྦ་ཊཾ་ན་ག་རོ་པ་མཾ། །ལབྡྷ་རཱ་ཛ་ག་ཛཱ་ཤྭོ྅ཐ་ཙཱ་རུ་ཀེ་ཡཱུ་རཱ་ཀཾ་ཀ་ཎཾཿ། །ཨུ་པཱ་དྷྱཱ་ཡཿསྭ་བྷ་བ་ནཾ་པྲ་བི་བེ་ཤ་ས་ཧ་ཤྲི་ཡཱ། །བྷཱུ་ཛཱརྫྫི་

ནོར་མང་མི་བདག་གིས། །བྱིན་ནས་སྨྲ་བའི་སེང་གེ་བཏང་། །གྲོང་ཁྱེར་ལྟ་བུ་ཀར་པ་ཊ། །གཉིས་སྐྱེས་རྒྱལ་བ་དག་ལ་བྱིན། །དེ་ནས་རྒྱལ་ལས་གླང་པོ་རྟ། །དཔུང་རྒྱན་གདུ་བུ་མཛེས་པ་ཐོབ། །མཁན་པོ་དཔལ་དང་ལྷན་ཅིག་ཏུ། །རང་གི་ཁྱིམ་དུ་རབ་ཏུ་ཞུགས། །རྒྱལ་པོའི་

ཏཱ་མི་བྷཱུ་ཛཱཾ་བ་ནི་ཛཱཾ་སཱ་ག་རཱརྫྫི་ཏཱ། །བི་དྱཱ་བ་ཏཱི་བི་རཱ་ཛནྟེ་གུ་ཎོཏྐ་ཪྵཱརྫྫི་ཏཱཿཤྲི་ཡཿ། །ཀཱ་ལེན་ཤྲཾ་མ་དསྟ་སྱ་པུ་ཏྲ་ཛནྨོཏྶ་བོ་བྷ་བཏ། །སུ་ཁེ་པི་སུ་ཁ་སཾ་པཏྟིཪླླ་ཀྵཎཾ་པུ་ཎྱ་ཀརྨྨ་

དཔུང་པས་བསྒྲུབས་པ་དང་། །ཚོང་པས་རྒྱ་མཚོ་ནས་བསྒྲུབས་དང་། །མཁས་པའི་ཡོན་ཏན་ཁྱད་འཕགས་ཀྱིས། །བསྒྲུབས་པའི་དཔལ་ནི་རྣམ་པར་མཛེས། །དུས་ཀྱིས་དཔལ་དང་ལྡན་པ་དེ། །བུ་སྐྱེས་ཀུན་ཏུ་དགའ་བར་གྱུར། །བདེ་ལའང་བདེ་བ་ཕུན་ཚོགས་པ། །བསོད་ནམས་ལས་ཀྱི་མཚན་

ཎཾ། །ཀ་པི་ལོ་ནཱ་མ་ས་ཤི་ཤུསྟེ་ཛཿཔིངྒཾ་ཤི་རོ་རུ་ཧཿ། །བརྡྷ་མ་ནཱ་མ་ཏིརྦྦི་དྭ་ན་པི་ཏུ་ར་བྷྱ་དྷི་ཀོ྅བྷ་བཏ། །ཀུ་ལེ་མ་ཧཱ་ཏི་བཻ་དུ་ཥྱཾ་བཻ་དུཥྱེ་བི་བྷ་བོདྦྷ་བཿ། །བི་བྷ་བེ་སཏྶུ་ཏ་ཏྐོཪྵཿཕ་ལཾ་སུ་ཀྲྀ་ཏཤ་ཁི་

ཉིད་ཡིན། །སྐྲ་ནི་སེར་སྐྱ་གཟི་བྱིན་ཅན། །སེར་སྐྱ་ཞེས་བྱ་བྱིས་པ་དེ། །ཆེར་སྐྱེས་ཤིན་ཏུ་མཁས་པ་ནི། །ཕ་ལས་མངོན་པར་ལྷག་པར་གྱུར། །རིགས་བརྒྱུད་ཆེན་པོ་དག་ལ་མཁས། །མཁས་པ་ལ་ནི་འབྱོར་པ་རྒྱས། །འབྱོར་ལ་ཁྱད་འཕགས་དམ་པའི་བུ། །ལེགས་བྱས་ཡལ་ག་ལྡན་

เล่ม ๑๗๐ · หน้า 301b

ནཿ། །ཀ་དཱ་ཙིཏ་བྱཱ་དྷི་སཾ་ཡོ་གཱཏ་པྲ་ཏྱཱ་སནྣཏ་ནུ་ཀྵ་ཡཿ། །བི་ཛ་ནེ་པུ་ཏྲ་མཱ་ཧ་ཡ་སོ྅བ་བཏ་པུ་ཏྲ་བཏྶ་ལཿ། །བཱ་ལྱེ་གུ་ཎཱརྫ་ནཾ་པུ་ཏྲ་ཏཱ་རུ་ཎྱེ་དྲ་བི་ཎཱརྫྫ་ནཾ། །མ་ཡ་ཀྲྀ་ཏཾ་ན་ཏུ་པུ་ནཿཔ་ར་ལོ་ཀ་སུ་

པའི་འབྲས། །ནམ་ཞིག་ནད་ཀྱི་སྦྱོར་བ་ཡིས། །ལུས་ནི་འཇིག་ལ་ཉེ་བ་ན། །སྐྱེ་བོ་མེད་སར་བུ་བོས་ནས། །བུ་ལ་མཉེས་གཤེན་དེས་སྨྲས་པ། །བདག་གིས་གཞོན་ལ་ཡོན་ཏན་བསྒྲུབས། །དར་ལ་བབས་ཚེ་ནོར་ཟས་བསྒྲུབས། །བུ་གཅིག་འཇིག་རྟེན་ཕ་རོལ་གྱི། །བདེ་བསྒྲུབ་སླར་

ཁཱརྫ་ནཾ། །ཨུཏྟ་མརྞྞ་ཨི་བ་པྲཔྟེ་ཀཱ་ལེ་སུ་ག་ཎི་ཏཱ་བ་དྷཽ། །ཨ་དྷུ་ནཱ་བི་བ་ཤཿཀྭཱ་ཧཾ་ཀྭ་སཱ་བི་དྱཱ་ཀྭ་ཏདྡྷ་ནཾ། །གུ་ཎ་པུཥྤེ་སུ་ཁ་ཕ་ལེ་བརྡྷ་མུ་ལ་དྷ་ནཻརྫ་ནེ། །བ་ནེ་བཛྲ་ཨི་བཱ་ཀཱ་ལ་ཀཱ་ལཿཔ་ཏ་

ཡང་བྱས་པ་མེད། །མཚམས་ནི་ལེགས་པར་བགྲངས་པའི་དུས། །བུ་ལོན་པ་བཞིན་འོངས་པའི་ཚེ། །ད་ནི་འཁྲུགས་ཏེ་བདག་གང་ན། །རིགས་དེ་གང་ན་ནོར་གང་ན། །ཡོན་ཏན་མེ་ཏོག་བདེ་འབྲས་ལྡན། །ནོར་གྱི་རྩ་བཅིངས་སྐྱེ་བོ་ཡིས། །ནགས་སུ་དུས་མིན་རྡོ་རྗེ་བཞིན། །བཟོད་དཀའི་

ཏི་དུཿས་ཧཿ། །ཀྵ་པ་ཡ་ཏི་ས་ཀ་ལཱ་བིརྫྫནྨ་བི་དྱཱ་ཀ་ལཱ་བྷིཿཀྵ་ཎི་ཀ་སུ་ཁ་ནི་མིཏྟཾ་སནྣི་དྷཏྟེ་ཙ་བིཏྟཾ། །པ་ཤུ་ཤི་ཤུ་ཥུ་མ་ནུཥྱཿཔྲི་ཡ་ཏེ་མོ་ཧ་ཤི་ཥྱཿཏ་ནུ་བི་ར་ཧ་མུ་ཧཱུརྟྟེ་སརྦྦ་མ་ནྱཏ་ས་ཙཱ་ནྱཿ། །ཨི་

དུས་ནི་ལྟུང་བར་འགྱུར། །མཐའ་དག་རིག་དང་སྒྱུ་རྩལ་རྣམས་ཀྱིས་སྐྱེ་བ་འཕེན་བྱེད་ཅིང་། །སྐད་ཅིག་བདེ་བའི་རྒྱུར་ནི་ནོར་རྣམས་རབ་ཏུ་འཛིན་པར་བྱེད། །རྨོངས་པའི་སློབ་མ་མི་རྣམས་ཕྱུགས་དང་བུ་ལ་དགའ་བར་བྱེད། །ལུས་འབྲལ་ཡུད་ཙམ་དག་ལ་ཐམས་ཅད་གཞན་ཏེ་དེ་ཡང་གཞན། །མཛའ་

เล่ม ๑๗๐ · หน้า 302a

ཏནྟུ་ཏེ་ཧི་ཏཾ་བཙྨི་སྣེ་ཧ་མོ་ཧ་བ་ཤཱི་ཀྲྀ་ཏཿ། །སཾ་སཱ་ར་སཱ་ར་ས་ར་ཎཾ་བཏྶ་བིཏྶི་བ་ཧུ་ཤྲུ་ཏཿ། །སནྟཿཔྲ་ཎ་མྱཱཿཔ་རུ་ཥཾ་ན་བ་ཙྱཾ་ཀཱརྱ་བྲ་ཡཏྣེ་ན་པ་རོ་པ་ཀ་རཿ། །པཱ་པཱ་བ་པཱ་ཏེ་ས་ཏ་ཏཱཾ་ཧི་པུཾ་སཱ་

བ་རྨོངས་པས་དབང་བྱས་བདག །ཁྱོད་ལ་ཕན་པས་འདི་བརྗོད་དོ། །མཉེས་གཤིན་མང་དུ་ཐོས་པ་ལས། །འཁོར་བའི་སྙིང་པོའི་ལམ་རིག་བྱ། །དམ་པར་ཕྱག་བྱ་རྩུབ་པོར་སྨྲ་མི་བྱ། །རབ་ཏུ་འབད་པས་གཞན་ལ་ཕན་པ་བྱ། །སྐྱེས་བུ་སྡིག་པའི་གཡང་སར་ལྷུང་རྣམས་

མེ་ཏཱ་ནི་པུཎྱཱ་ནྱ་བ་ལམྦ་ནཱ་ནི། །ཨ་ལོ་བྷ་ཤོ་བྷཱ་བྷ་ར་ཎཱ་བི་བྷཱུ་ཏིར་དྭེ་ཥ་སཀྟིཿསྭ་སུ་ཁེ་ཥྭ་མོ་ཧཿ། །མཱུ་ལ་ཏྲ་ཡེསྨིན་ཀུ་ཤ་ལ་དྲུ་མ་སྱ་བ་ས་ཏྱ་ཤེ་ཥཱ་ཁི་ལ་སཏྥ་ལ་ཤྲིཿ། །ཡཱ་བཏྟ་པ་ཏི་ཏཱིཀྵྞཱཾ་ཤུ་རསྨི་བྷུ་

ཀྱིས། །བསོད་ནམས་འདི་དག་རྣམས་ནི་བརྟེན་ས་ཡིན། །འབྱོར་པ་དག་ལ་མ་ཆགས་མཛེས་པས་བརྒྱན། །སྡང་མེད་སྟོབས་དང་རང་བདེ་ལ་མ་རྨོངས། །རྩ་བ་གསུམ་པོ་འདི་ལ་དགེ་བའི་ཤིང་། །འབྲས་བུ་དམ་པའི་དཔལ་ལྡན་མ་ལུས་གནས། །ཇི་སྲིད་ས་ཡི་དཀྱིལ་འཁོར་དག །ཚ་ཟེར་

བ་ན་མཎྜ་ལེ། །ཏཱ་བཏྟྭཏ་ས་དྲྀ་ཤཿཔུ་ཏྲ་བི་དྭཱན་བཱ་དཱི་བི་དྱ་ཏེ། །བྷིཀྵུ་བྷིསྟུ་ན་ཀརྟྟ་བྱ་སྟྭ་ཡཱ་བཱ་དཿཀ་དཱ་ཙ་ན། །གམྦྷཱི་ར་ཛྙཱ་ན་དུརྦོ་དྷ་པྲ་བུདྡྷ་བཽདྡྷ་བུདྡྷ་ཡཿ། །པུ་རཱ་བྷིཀྵུརྨྨ་ཡཱ་པྲྀཥྚཿཔ་ད་སྱཱརྠཾ་ཛ་

གྱིས་གདུངས་དེ་སྲིད་བ། །འདི་ན་བུ་ཁྱོད་མཚུངས་པ་ཡི། །མཁས་པ་སྨྲ་བ་པོ་ཡོད་མིན། །ཁྱོད་ཀྱིས་ནམ་གྱི་དུས་ན་ཡང་། །དགེ་སློང་རྣམས་ལ་རྩོད་མི་བྱ། །སངས་རྒྱས་པ་ཡི་བློ་རབ་རྒྱས། །ཡེ་ཤེས་ཟབ་ཅིང་རྟོགས་པར་དཀའ། །དགེ་སློང་ལ་སྔོན་ཚིག་གི་དོན། །བདག་གིས་དྲིས་ཚེ་

เล่ม ๑๗๐ · หน้า 302b

ཧཱ་ས་མཱཾ། །པྲཤྣཾ་ཀརྟུཾ་ན་ཛཱ་ནཱི་ཥེ་བི་དྭཱ་ནི་ཏི་ཛ་གཱ་ད་ཙ། །ཏསྨཱད་བྷིཀྵུ་བི་པཱ་དསྟེ་པ་རཾ་པཎྜི་ཏྱ་པཱི་ཌ་ནཾ། །བ་ལ་པྲ་བྷཱ་བ་ཀཱ་མོ་ཧི་གི་རིཾ་མཱུརྡྷྣཱ་ན་ཏཱ་ཌ་ཡེཏ། །ཨི་ཏྱུཀྟྭཱ་ཏ་ན་ཡཾ་བི་པྲཿཔ་ར་ལོ་ཀ་བྷུ་བཾ་ཡ་

བདག་ལ་བཤད། །མཁས་པ་ཁྱོད་ཀྱི་དྲི་བ་དག །བྱ་བ་མི་ཤེས་ཤེས་པའང་སྨྲས། །དེ་སླད་དགེ་སློང་ལ་རྩོད་ན། །ཁྱོད་མཁས་མཆོག་ཏུ་ཞུམ་པར་འགྱུར། །གང་ཕྱིར་སྟོབས་མཐུ་འདོད་པ་ཡིས། །རི་ལ་སྤྱི་བོས་བརྡུང་མི་བྱ། །བུ་ལ་དེས་སྨྲས་བྲམ་ཟེ་ནི། །འཇིག་རྟེན་ཕ་རོལ་ས་ལ་

ཡཽ། །ཀཱ་ཡཱ་བ་ས་ཐ་སཱནྠཱ་ནཱཾ་དེ་ཧི་ནཱཾ་ན་ཙི་རཾ་སྠི་ཏིཿ། །བཱགྨཱི་ཀཱ་ལེ་ན་ཀ་པི་ལཿཁཎྜི་ཏཱ་ཁི་ལ་པཎྜི་ཏཿ། །ནྲྀ་པཱདྦ་ཧུ་གུ་ཎཾ་པྲ་པ་དྷ་ན་མཱ་ན་མ་ཧོ་ད་ཡཾཿ། །ཏ་ཏཿཀ་དཱ་ཙི་དེ་ཀཱནྟེ་ཀ་པི་ལཾ་ཀཱ་ཙ་རཱ་

སོང་། །ལུས་ཀྱི་ཁང་པར་ལུས་ཅན་གྱི། །འགྲོན་རྣམས་རིང་པོར་མི་གནས་སོ། །དུས་ཀྱིས་སྨྲ་མཁས་སེར་སྐྱ་ནི། །མཁས་པ་མ་ལུས་ཉམས་བྱེད་པ། །ཡོན་ཏན་མང་པོས་རྒྱལ་པོ་ལས། །ནོར་དང་མཆོད་ཆེན་རྒྱས་པ་ཐོབ། །དེ་ནས་ནམ་ཞིག་སེར་སྐྱ་ནི། །རྒོལ་བའི་རྒྱལ་སྲིད་

བྷི་དྷཱ། །སཾ་པྲཱཔྟ་བཱ་དི་སཱ་མྲཱ་ཛྱཾ་ཛ་གཱ་ད་ཛ་ན་ནཱི་ཤ་ནཻཿ། །བཱ་དིརྡརྤྤ་ཙྪི་དཱ་པུ་ཏྲ་དིག་དྭཱི་པ་ཛ་ཡི་ནཱ་ཏྭ་ཡཱ། །དུརྫ་ནཱཿཤྲ་མ་ཎཱཿཀསྨཱདྡརྤཱནྡྷཱཿཔ་རི་བརྫྫི་ཏཿ། །པ་རོཏྐཪྵཱ་དྷི་རཱུ་ཌྷ་སྱ་པྲ་ཏི་པཀྵཱེ་ཀྵ་

ཐོབ་པ་ལ། །དབེན་པར་དལ་བུས་རང་གི་མ། །ཀ་ཙ་ར་ཞེས་བྱ་བས་སྨྲས། །རྒོལ་བའི་དྲེགས་པ་གཅོད་པའི་བུ། །ཕྱོགས་དང་གླིང་ལས་རྒྱལ་བ་ཁྱེད། །དགེ་སློང་ངན་པ་དྲེགས་པ་ཡིས། །ལོང་རྣམས་ཅི་སླད་ཡོངས་སུ་གཏོང་། །གཞན་ལས་ཁྱད་འཕགས་ལ་ཞེན་ཅིང་། །མི་མཐུན་དག་ལ་

เล่ม ๑๗๐ · หน้า 303a

མཱ་ར་ཏེ། །ཨ་ཀྵ་མོ་ཡ་མི་ཏི་བྱཀྟྱཾ་ཀྵ་ཎེ་ནཀྵཱི་ཡ་ཏེ་ཡ་ཤཿ། །ཨི་ཏི་མཱ་ཏུརྦྦ་ཙ་ཤྲུ་ཏྭཱ་སོ྅བ་དདྦི་དུ་ཥཱ་བ་ཙཿ། །ན་བཱ་དཾ་ཤྲ་མ་ཎེཿཀཱརྱཿཔི་ཏྲ་ཧ་མི་ཏི་བཱ་རི་ཏཿ། །ཨི་ཡཾ་དུརྫཱི་བི་ཀཱསྨཱ་

བཟོད་དཀའ་བ། །འདིས་མི་བཟོད་ཅེས་སྐད་ཅིག་གིས། །གསལ་བར་གྲགས་པ་ཉམས་པར་གྱུར། །ཞེས་པ་མ་ཡི་ཚིག་ཐོས་ནས། །མཁས་པའི་མཆོག་དེས་རབ་སྨྲས་པ། །དགེ་སློང་རྣམས་ལ་རྩོད་མི་བྱ། །ཞེས་དེ་བདག་གི་ཕ་ཡིས་བཟློག །གང་གིས་ཡོན་ཏན་ལྡན་

ཀཾ་པ་ཏྲ་ལམྦ་ན་བཱ་དི་ནཱཾ། །ཀྲྀ་ཡ་ཏེ་གུ་ཎ་མཱ་ནྱཱ་ནཱཾ་མཱ་ནམླཱ་ནིརྨུ་ཁེ་ཡ་ཡཱ། །དྷི་གེ་ཏཙྩཎྜ་པཱཎྜི་ཏྱཾ་གུ་རུ་བི་དྭེ་ཥ་དུཿས་ཧཾ། །མ་ཧ་ཏཱཾ་སུ་ཁ་བྷངྒཱ་ཡ་ས་དཱ་ཡསྨིན་ས་མུདྻ་མཿ། །ཡ་སྱཱཾ་ན་མཱ་ཡཱ་སཱ་

རྣམས་ཀྱིས། །ཁ་ལ་མཆོད་པ་དམན་པར་བྱེད། །ཡི་གེ་འདེབས་བྱེད་སྨྲ་བ་པོ། །བདག་ཅག་འཚོ་ཐབས་འདི་ཡང་ངན། །ཆེན་པོ་རྣམས་ཀྱི་བདེ་གཞོམ་སླད། །རྟག་ཏུ་གང་ཞིག་རབ་བརྩོན་པ། །བླ་མ་ལ་སྡང་བཟོད་དཀའ་བའི། །མཁས་པ་གཏུམ་པོ་འདི་དག་སྨད། །གང་ཞིག་གཡོ་སྒྱུ་མེད་དེ་

བུདྡྷིཿསཱ་ཤྲཱིརློ་བྷཾ་ནི་ཧནྟི་ཡཱ། །དརྤྤོ་ན་ཡ་སྱ་བི་དྱཱ་སཱ་ཤཀྟིཪྻཱ་ཀྵ་མ་བ་ཏཱི། །ཨེ་བ་མེ་བ་ན་ཀརྟྟ་བྱཿས་རེརྦྦི་དྭེ་ཥ་བི་གྲ་ཧཿ། །ཀིཾ་པུ་ནརྫ་ག་ཏཱཾ་པཱུ་ཛྱརྦྷི་ཀྵུ་བྷིཿཁྱཱ་ཏ་ལཀྵྨ་བྷིཿ། །བི་ཛིཏྟུཾ་ན་ཙ་ཏེ་ཤཱཀྱཿ

བློ། །གང་ཞིག་ཆགས་པ་བཅོམ་དེ་དཔལ། །གང་ཞིག་དྲེགས་པ་མེད་དེ་རིག །གང་ཞིག་བཟོད་པ་ལྡན་དེ་སྟོབས། །དེ་ལྟ་ཉིད་དུ་གཞན་རྣམས་དང་། །སྡང་བས་རྩོད་པར་མི་བྱ་ན། །འགྲོ་བས་མཆོད་འོས་དགེ་སློང་ནི། །གྲགས་པས་མཚོན་དང་སྨོས་ཅི་དགོས། །ཚད་མས་ཡོངས་ངེས་དེ་དག་

เล่ม ๑๗๐ · หน้า 303b

པྲ་མཱ་ཎ་པ་རི་ནིཥྛི་ཏཱཿ། །པྲ་ཏི་པཀྵཻ་ར་བི་ཀྵི་པྟཾ་ཡེ་ཥཱཾ་ནཻ་རཱཏྨྱ་ཤཱ་ས་ནཾ། །ཨི་ཏི་པུ་ཏྲ་བ་ཙ་ཤྲུ་ཏྭཱ་ཀུ་པི་ཏཱ་ཏ་མཱུ་བ་ཙ་སཱ། །ཨ་བྷཱུཏྟ་བ་པི་ཏཱ་ནཱུ་ནཾ་པཱ་པ་ཤྲ་མ་ཎ་ཙེཊ་ཀཿ། །མ་ཧ་ཏི་བྲཱཧྨ་ཎ་ཀུ་ལེ་ཛཱ་ཏ་པྲཱ་

ལས། །རྒྱལ་བར་ཡང་ནི་མི་ནུས་ཏེ། །གང་ཞིག་བདག་མེད་བསྟན་པ་རྣམས། །མི་མཐུན་ཕྱོགས་ཀྱིས་ཡོངས་མི་སྐྱོད། །ཅེས་པ་བུ་ཡི་ཚིག་ཐོས་ནས། །ཁྲོས་ཏེ་དེ་ཡིས་དེ་ལ་སྨྲས། །ཁྱོད་ཀྱི་ཕ་ནི་སྡིག་པ་ཅན། །དགེ་སྦྱོང་འབངས་གྱུར་མ་ཡིན་ནམ། །བྲམ་ཟེའི་རིགས་ནི་ཆེ་བར་སྐྱེས། །མང་དུ་

ཛྙོ་བ་ཧུ་ཤྲུ་ཏཿ། །བྷིཀྵུ་པཀྵེ་ནི་པ་ཏི་ཏཿཀ་ཐཾ་ཏྭ་མ་པི་ཏཱ་དྲྀ་ཤཿ། །པྲྀ་ཐུ་པྲ་མཱ་ཎ་ཁཌྒེ་ན་ཀུ་རུ་ཤྲ་མ་ཎ་ནི་གྲ་ཧཾ། །ཨ་བི་དཱརྱཱ་བྷྲ་སཾ་གྷ་ཏཾ་ཏིཀྵྞཱ་ཤུརྣྣ་བི་རཱ་ཛ་ཏེ། །ཨི་ཏི་ས་པྲེ་རི་ཏོ་མཱ་ཏུརྒི་

ཐོས་པས་ཤེས་རབ་ལྡན། །དགེ་སློང་ཕྱོགས་སུ་ལྷུང་གྱུར་པ། །ཁྱོད་ཀྱང་དེ་དང་མཚུངས་སམ་ཅི། །ཚད་མའི་རལ་གྲི་ཆེན་པོ་ཡིས། །དགེ་སློང་རྣམས་ནི་ཚར་གཅད་མཛོད། །སྤྲིན་གྱི་ཚོགས་རྣམས་མ་བཅོམ་ན། །ཚ་ཟེར་བྱེད་པ་མི་མཛེས་སོ། །ཞེས་པ་མ་ཡི་ཚིག་གིས་བསྐུལ། །

རཱ་ཏདྦྷཀྟི་ཡནྟྲི་ཏཿ། །བྷིཀྵུ་ཎཱ་མཱ་ཤྲ་མ་པ་དཾ་ཤ་ནཻརྒནྟུཾ་ས་མུདྻ་ཡཽ། །བྲ་ཛ་ན་ས་སཾ་མུ་ཁཱ་ཡཱ་ཏཾ་བྷིཀྵུརྫི་ཛྙཱ་ས་ཡཱ་བ་ཐི། །གྲནྠ་པཱ་རཾ་པྲ་མཱ་ཎཉྩས་པྲཙྪ་ས་མ་ཡོ་ཙི་ཏཾ། །ས་ཏེ་ན་པྲྀཥྚཿཔྲོ་བཱ་ཙ་

དེ་ལ་གུས་པས་བསྡམས་པ་དེས། །དགེ་སློང་རྣམས་ཀྱི་བ་སྟི་གནས་སུ། །དལ་བུས་འགྲོ་བར་ཡང་དག་བརྩམས། །དེ་ནས་བགྲོད་པས་ཤེས་འདོད་ནས། །ལམ་དུ་དགེ་སློང་འོང་བ་ལ། །གཞུང་གི་སྙིང་པོ་ཚད་མ་ཡང་། །དུས་སུ་འོས་པ་ཡང་དག་དྲིས། །དེས་དྲིས་དེ་ཡིས་རབ་སྨྲས་པ། །སྒྲ་

เล่ม ๑๗๐ · หน้า 304a

གཱུ་ཌྷ་ཤཔྡཱརྠ་ནི་རྞྞ་ཡཾ། །ལཀྵ་ཏྲ་ཡཿཔྲ་མཱ་ཎཾ་ནཿཤཱསྟྲཾ་ཏཱིརྨྲི་ཀ་དུརླླ་བྷཾ། །ཀུ་ཏཿས་རཱ་ནི་བརྟྟནྟེ་ཀྭ་ཙ་བརྟྨ་ནི་བརྟནྟེ། །སུ་ཁ་དུཿཁེ་ཙ་ལོ་ཀ་སྱ་ཀྭ་ཙི་ཏ་མ་བི་བ་དྷཱ་ཏཿ། །ཨི་ཏི་གམྦྷཱི་

དོན་ངེས་པར་སྦས་གྱུར་པ། །ངེད་ཀྱི་ཚད་མ་འབུམ་ཕྲག་གསུམ། །བསྟན་བཅོས་མུ་སྟེགས་དག་ལ་དཀོན། །མཚོ་ནི་གངས་ལས་ལྡོག་འགྱུར་ཞིང་། །ལམ་ནི་གངས་ལས་ལྡོག་པར་འགྱུར། །གང་དུ་འཇིག་རྟེན་སྡུག་བསྔལ་དང་། །བདེ་བ་ཡང་ནི་འགག་པར་འགྱུར། །ཞེས་པ་བཅོམ་

ར་ཤཔྡཱརྠཾ་ཤཱསྟུརྦྷ་ག་བ་ཏོ་བ་ཙཿ། །ཨ་ནུ་པཱ་སི་ཏ་སརྦྦ་ཛྙཻརྫྙཱ་ཡ་ཏེ་ན་ཡ་ཐཱ་ཏ་ཐཱ། །ཨེ་ཏ་དཱ་ཀརྞྱ་ཀ་པི་ལཿཤླཽ་ཀ་གམྦྷཱིཪྻ་བི་སྨི་ཏཿ། །ཡ་ཡཽ་བྷ་ག་བ་ཏཿཔུ་ཎྱཾ་ཀཱ་ཤྱ་པ་སྱ་ཏ་པོ་བ་ནཾ། །ཏ་ཏྲ་བྷིཀྵུ་ག་ཎཾ་དྲྀཥྚྭཱ་

ལྡན་སྟོན་པ་ཡི། །གསུང་གི་སྒྲ་དོན་ཟབ་མོ་དག །ཐམས་ཅད་མཁྱེན་པ་ལ་བརྟེན་པས། །ཇི་ལྟ་དེ་ལྟར་ཤེས་མ་ཡིན། །དེ་དག་ཐོས་ནས་སེར་སྐྱ་ནི། །ཚིགས་བཅད་ཟབ་མོས་ཡ་མཚན་ཏེ། །བཅོམ་ལྡན་འོད་སྲུངས་བདག་གིས་ནི། །དཀའ་ཐུབ་ནགས་ཚལ་གཙང་མར་སོང་། །དེར་ནི་དགེ་སློང་ཚོགས་

པྲ་སནྣ་ཧྲྀ་ད་ཡཱ་ན་ནཿ། །ཨ་ཙིནྟ་ཡཏྟ་ད་ཤྲདྡྷཱཾ་བི་ཧཱ་ཡ་ག་ཏ་མཏྶ་རཿ། །ཨེ་ཏེ་ཥཱཾ་དྭེ་ཥཱ་ཀཱ་ལུ་ཥྱ ཏ་ཀྲཽཪྻཾ་ཀཿཀརྟུ་མརྷ་ཏི། །ཡེ་ཥཱཾ་སནྡཪྴ་ནཻ་བ་བཻ་མ་ལྱཾ་ལ་བྷ་ཏེ་མ་ན། །ཨི་ཏི་སཉྩིནྟྱ་ས་ཙི་ར་ཏདྦི་བཱ་

མཐོང་ནས། །དེ་ལ་མ་དད་རབ་སྤངས་ཏེ། །སྙིང་དང་བཞིན་རས་རབ་དང་ཞིང་། །ཕྲག་དོག་བྲལ་བས་རབ་ཏུ་བསམས། །གང་ཞིག་ཡང་དག་མཐོང་ཉིད་ན། །ཡིད་ནི་དྲི་མ་མེད་ཐོབ་པ། །སྡང་བའི་རྙོག་པས་དེ་དག་ལ། །གདུག་པ་བྱ་བར་སུ་ཡིས་འོས། །དེ་ལྟར་དེ་ཡིས་ཡུན་རིང་བསམས། །དེ་དང་

เล่ม ๑๗๐ · หน้า 304b

ད་པ་རཱཏྨུ་ཁཿ། །དཱུ་རཱ་དྷཱ་ཁིནྣཿསྭ་གྲྀ་ཧཾ་ག་ཏྭཱ་པྲོ་བཱ་ཙ་མཱ་ཏ་རཾ། །མི་ཐྱེ་བཱ་ཧཾ་ཏྭ་ཡཱ་མཱ་ཏཱཿཔྲེ་རི་ཏཱཿཀ་ལི་ཀརྨ་ཎི། །ཨ་ཛ་ཡྻཱཿཤྲ་མ་ཎཱ་ལོ་ཀེ་གཱ་ཌྷཱརྠཱ་གྲནྠ་བཱ་དི་ནཿ། །ཤློ་ཀ་མཱ་ཏྲཾ་མ་ཡཱ་ཤྲུ་ཏྭཱ་བྷིཀྵོ་རེ་ཀ་སྱ་

རྩོད་ལས་ཕྱིར་ཕྱོགས་ཏེ། །ལམ་རིང་གིས་དུབ་རང་ཁྱིམ་དུ། །ཕྱིན་ནས་མ་ལ་རབ་སྨྲས་པ། །མ་མ་རྩོད་པའི་ལས་ལ་ང་། །ཁྱོད་ཀྱིས་བསྐུལ་བ་རྫུན་ཉིད་དོ། །དོན་སྦས་གཞུང་སྨྲ་དགེ་སྦྱོང་ལས། །འཇིག་རྟེན་དུ་ནི་རྒྱལ་མི་ནུས། །ལམ་དུ་དགེ་སློང་གཅིག་གི་ནི། །ཚིགས་བཅད་ཙམ་ཞིག་

བརྟྨ་ནིཿ། །ཨ་ཛྙཱ་ཏཱརྠེ་ན་བཻ་ལཀྵྱ་ཏ་སུ་ཙི་རཾ་བཱིཀྵི་ཏཱོ་ཀྵི་ཏིཿ། །ཏངྒྲནྠེ་ཥྭ་ཀྲྀ་ཏཱ་བྷྱཱ་སསྟཱ་ན་བཀྟུཾ་ཀཿཔྲ་གམྦྷ་ཏེ། །ཀ་ཐ་ཡནྟི་སྭ་ཤཱསྟྲཾ་ཏེ་ན་ཧི་པྲ་བྲ་ཛི་ཏཱ་དྲྀ་ཏེ། །ཨི་ཏི་ཏེ་ནོ་དི་ཏཾ་ཤྲུ་ཏྭཱ་ཛ་ན་ནཱི་ཏ་མ་བྷཱ་ཥ་

བདག་གིས་ཐོས། །དོན་མ་ཤེས་པས་སྐྱེངས་གྱུར་ཏེ། །ཤིན་ཏུ་ཡུན་རིང་ས་ལ་བལྟས། །དེ་ཡི་གཞུང་ལ་གོམས་མ་བྱས། །སུ་ཡིས་དེ་ལ་སྨྲ་བར་སྤོབས། །དེ་དག་རབ་བྱུང་མིན་པ་ལ། །རང་གི་བསྟན་བཅོས་འཆད་མི་བྱེད། །ཅེས་པ་དེ་ཡིས་བརྗོད་ཐོས་ནས། །མ་ཡིས་དེ་ལ་རབ་སྨྲས་

ཏ། །ཨཱ་ཡཱ་པི་ཏཱ་ཧཾ་བྷ་བ་ཏཱ་གརྦྷཱ་རེ་ཎ་ཀེ་བ་ལཾ། །སཾ་གྷཪྵཱ་མཪྵ་ཤཱུ་ནྱེ་ན་དཻ་ནྱཱ་ཏ་སརྦྦ་པྲ་ཎཱ་མི་ནཱ། །དྷཪྵ་ཎཱ་ནིརྦྦི་མཪྵེ་ཎ་ཀྲི་ཡ་ཏེ་པུ་རུ་ཥེ་ཎ་ཀིཾ། །ལོ་ཀ་ས་ཀ་ལ་རཏྣཱ་ནཱཾ་ཏེ་ཛ་སཻ་བ་མ་ཧཱརྒྷ་ཏཱཾ། །ཀོ྅རྠཿ

པ། །ཁྱོད་ཀྱི་མངལ་གྱི་ཁུར་གྱིས་བདག །ངལ་དུབ་བསྐྱེད་པ་ཉིད་དུ་ཟད། །འགྲན་ཟླ་ལ་ནི་ཁྲོ་བས་སྟོང་། །དམན་པས་ཀུན་ལ་རབ་ཏུ་འདུད། །གནོད་པ་བྱས་ལ་མི་སེམས་པའི། །སྐྱེས་པ་དེ་ཡིས་ཅི་ཞིག་བྱེད། །རིན་ཆེན་མཐའ་དག་འཇིག་རྟེན་ན། །རིན་ཆེན་གཟི་བརྗིད་ཉིད་ཀྱི་ཚེ། །གཟི་

เล่ม ๑๗๐ · หน้า 305a

པུ་རུ་ཥ་དྲཱ་ཎཻ་སྟེ་ཛོ་ཛཱི་བ་ན་བརྫི་ཏཻཿ། །མི་ཐྱཱ་ཏངྒྲནྠ་ལཱ་བྷཱ་ཡ་པྲ་བྲ་ཛྱ་གྲྀ་ཧྱ་ཏེ་ན་ཀིཾ། །མཱུརྡྷྣི་ཀྲྀཏྟེ་ཥུ་ཛཱ་ཡནྟེ་ཀིཾ་ཀེ་ཤེ་ཥུ་ཀུ་ཤཿཔུ་ནཿ། །ཨི་ཏི་མཱ་ཏུརྒི་རཱ་ཏ་སྱ་མ་ནཿཀ་ལུ་ཥ་ཏཱཾ་ཡ་ཡཽ། །ས་ཧཱ་

བརྗིད་འཚོ་བ་སྤངས་པ་ཡི། །སྐྱེས་བུའི་སྲོག་གི་ཅི་ཞིག་དོན། །དེ་གཞུང་ཐོབ་སླད་རྫུན་གྱིས་ནི། །རབ་ཏུ་བྱུང་བ་ཅིས་མི་བཟུང་། །སྐྲ་བཅད་མགོ་ལ་ཀུ་ཤ་དག །སླར་ཡང་སྐྱེ་བར་འགྱུར་རམ་ཅི། །ཞེས་པ་མ་ཡི་ཚིག་གིས་དེའི། །ཡིད་ནི་རྙོག་པ་ཉིད་དུ་གྱུར། །འཕྲལ་ལ་

ས་ཀཱ་ལ་བཱ་ཏཱ་ལཱི་ར་ཛོ་རུདྡྷ་མི་བཱམྦ་རཾ། །ཏ་ཏཿས་ཀུ་ཊ་པྲ་ཤ་མ་པྲ་ཎ་ཡཱི་བྷིཀྵུ་ཀཱ་ན་ནཱཾ། །ག་ཏྭཱ་གྲྀ་ཧཱི་ཏྭཱ་པྲ་བྲ་ཛྱཾ་ཤཱསྟྲཾ་སཽ་ག་ཏ་མཱཔྟ་བཱན། །ཀཱ་ལེ་ན་དྷརྨྨ་ཀ་ཐ་ཀི་ས་བི་དྭཱན་གུ་ཎ་གཽ་ར་

དུས་མིན་རླུང་ཚུབ་ཀྱི། །རྡུལ་གྱིས་ནམ་མཁའ་འགེགས་པ་བཞིན། །དེ་ནས་རབ་ཞི་ལ་ཆགས་ཤིང་། །ཟོག་ལྡན་དེ་ཡིས་དགེ་སློང་གི། །ནགས་སུ་ཕྱིན་ནས་རབ་བྱུང་བླངས། །བདེ་བར་གཤེགས་པའི་བསྟན་བཅོས་ཐོབ། །དུས་ཀྱིས་ཡོན་ཏན་ལ་གུས་པས། །སེང་གེའི་ཁྲི་ལ་ཡང་དག་

བཱཏ། །སིཾ་ཧཱ་ས་ནཾ་ས་མཱ་རུ་ཧྱ་བི་ད་དྷེ་དྷརྨྨ་དེ་ཤ་ནཱཾ། །ཛ་ན་ནྱཱ་པྲེ་རི་ཏསྟ་སྱཱཾ་དེ་ཤ་ནཱཾ་ཡཱཾ་ཀྲ་མེ་ཎ་སཿ། །བྷིཀྵུ་དྷརྨྨ་བི་རུདྡྷཱརྠཾ་བཀྟུཾ་ས་མུ་པ་ཙ་ཀྲ་མེ། །དྷརྨྨ་པྲ་ཧཱ་ར་བྱ་ཐི་ཏི་བྷིཀྵུ་བྷིཿས་པ་དེ་པ་

འཛེགས། །མཁས་པ་ཆོས་ནི་སྨྲ་བ་པོ། །དེ་ཡིས་ཆོས་ནི་བསྟན་པ་བྱས། །མ་ཡིས་བསྐུལ་བར་གྱུར་པ་དེའི། །བསྟན་པ་དེ་ལ་རིམ་པ་ཡིས། །དགེ་སློང་ཆོས་དང་འགལ་བའི་དོན། །སྨྲ་བ་རུ་ནི་ཡང་དག་བརྩམས། །ཆོས་ལ་བསྣུན་པས་གདུངས་གྱུར་པའི། །དགེ་སློང་རྣམས་ཀྱི་ཚིག་དང་

เล่ม ๑๗๐ · หน้า 305b

དེ། །ནི་བཱརྱ་མཱ་ཎ་སྟཱ་ནུ་ཙེ་ཀྲྀ་ཏྭཱ་བི་ཀྲྀ་ཏ་མཱ་ན་ནཾ། །ཨ་ཛྙཱ་ཏྭཱདྡརྤྤ་མུ་ཁ་རཻ་ར་སྠཱ་ནེ་བ་ཧུ་བཱ་དི་བྷིཿ། །བྷ་བདྦྷིཿསྠུ་ལ་དནྟོཥྛཻརྦྱཱ་ཁྱཱ་མ་མ་བི་སཱུ་དི་ཏཱ། །ཡཱུ་ཡཾ་གརྡྷ་བྷ་མརྐྐ་ཊོཥྚྭ་བ་ད་ནཱ་དྭཱི་

ཚིག །བཟློག་ཀྱང་དེ་ཡིས་དེ་དག་ལ། །བཞིན་གྱི་རྣམ་འགྱུར་བྱས་ནས་སྨྲས། །གནས་སྐབས་མིན་པ་མང་དུ་སྨྲ། །དྲེགས་ལྡན་མུ་ཅོར་སོ་མཆུ་དག །ཁྱེད་ཀྱིས་ཤེས་པ་མིན་པ་ལས། །བདག་གིས་བཤད་པ་རྣམ་པར་འགོག །ཁྱེད་རྣམས་བོང་བུ་སྤྲེའུ་རྔ་མོའི་བཞིན་ལྡན་སྟག་གི་

པཱ་སྱ་པ་ཤྭཱ་ན་ནཱ་མཱརྫྫ་རཻ་ཎ་བ་རཱ་ཧ་ཀུཀྐུ་ར་མུ་ཁཱ་དུརྡཪྴ་བཀྟྲཱཿཔ་རཾ། །ས་ཧྱཱ་མཽ་ན་ཛུ་ཥོ་པི་ནཻ་བ་བི་ཀ་ཊཱ་ཌྷོ་པཾ་ར་ཊནྟཿཀི་མུ་བྷྲཱུ་བྷཾ་གཻ་རི་ཏི་བྷིཀྵུ་སཾ་གྷ་མ་ས་ཀྲྀནྣརྦྷརྟྶ་ཡན་སོ་བྷྱ་དྷཱཏ། །ཏ་སྱ་བཱཀྱ་ཤ་

ཁ་དང་བ་གླང་གདོང་། །བྱི་ལ་ཨེ་ན་ཕག་དང་ཁྱི་ཡི་བཞིན་ལྡན་མཆོག་ཏུ་ལྟ་བར་དཀའ་བའི་གདོང་། །སྨྲ་བཅད་བསྟན་ཡང་བཟོད་པ་མིན་ན་དྲག་པོའི་སྒྲ་ཆེན་སྒྲོག་པ་སྨོས་ཅི་དགོས། །ཞེས་པ་སྨིན་མ་འཁྱོག་ཅིང་ལན་གཅིག་མ་ཡིན་དགེ་སློང་ཚོགས་ལ་དེ་ཡིས་སྨྲས། །དེ་ཡི་ཚིག་མངའ་རྣོན་པོ་

རཻསྟཱི་ཀྵྣཻ་རྦི་ཀྲྀཏྟཱ་ཨི་བ་བྷི་ཀྵ་བཿ། །ཨ་ནུཀྟྱེ་བ་པྲ་ཏི་བ་ཙ་སྟྱཀྟྭཱ་ཏཾ་ཡ་ཡུ་ར་ནྱ་ཏཿ། །ཏེ་ན་བཱཀ་པཱ་ཏ་ཀེ་ནཱ་ཐ་པཥྩཏྟཱ་ས་མུ་ག་ཏཿ། །ཏ་ཏྱཱ་ཛ་ཛ་ན་ནཱི་མ་བ་པྲ་བྲ་ཛྱཱཾ་ན་ཏུ་ཏཱཾ་དྭི་ཛཿ། །ཤྲ་མ་ཎཻརྨེ་ཧྲྀ་ཏཿཔུ་ཏྲ་ཨི་ཏི་ས་བི་

ཡིས། །རྣམ་པར་བཅད་བཞིན་དགེ་སློང་རྣམས། །ལན་གྱི་ཚིག་ནི་མི་བརྗོད་པར། །དེ་བཏང་ནས་ནི་གཞན་དུ་སོང་། །དེ་ནས་ངག་གི་སྡིག་པ་དེས། །ཕྱི་ནས་འགྱོད་པས་གདུངས་གྱུར་ཏེ། །གཉིས་སྐྱེས་དེ་ཡིས་མ་ཉིད་བཏང་། །རབ་ཏུ་བྱུང་བ་བཏང་མ་གྱུར། །བདག་གི་བུ་ནི་དགེ་སྦྱོང་གིས། །ཕྲོགས་ཞེས་

เล่ม ๑๗๐ · หน้า 306a

པྲ་ལཱ་པི་ནཱི། །ཨུནྨཱ་དི་ནི་ཏ་ནུཾ་ཏྱཀྟྭཱ་པྲ་པེ་དེ་ན་ར་ཀསྠི་ཏིཾ། །ཏ་ཏཿཀཱ་ལེ་ན་ཀ་པི་ལཿསྭ་ཡཾ་ཀ་ལི་ར་ཀིལྦི་ཥཿ། །དེ་ཧཱནྟེ་བཱཀྱ་པཱ་རུ་ཥྱཱ་དི་མཱཾ་མ་ཀ་ར་ཏཱཾ་ག་ཏཿ། །ཏཱ་ནྱེ་ཏཱ་ནི་མུ་ཁ་ནྱ་སྱ་ཡཱནྱཱ་ཙེ་བྷིཀྵུ་བྷརྟྶ་

ཆོ་ངེ་སྨྲ་དེ་ཡང་། །སྨྱོན་མར་གྱུར་ཅིང་ལུས་བཏང་ནས། །དམྱལ་བ་དག་ཏུ་གནས་པ་ཐོབ། །དེ་ནས་དུས་ཀྱིས་སྡིག་པ་དག །རང་གིས་བྱས་པའི་སེར་སྐྱ་ནི། །ལུས་ཀྱི་མཇུག་ཏུ་ཚིག་རྩུབ་ཀྱིས། །ཆུ་སྲིན་འདི་ཉིད་དག་ཏུ་གྱུར། །དགེ་སློང་སྨད་ལ་གང་སྨྲས་པ། །དེ་དག་འདི་ཡི་གདོང་འདི་

ནེ། །ཕ་ལཾ་ས་དྲྀ་ཤ་རཱུ་པཾ་ཧི་ཀརྨྨ་བཱི་ཛཱ་ཏ་པྲ་ཛཱ་ཡ་ཏེ། །ཨི་ཏྱུཀྟྭཱ་ཏ་ཏྲ་བྷ་ག་བཱན་དྷརྨྨ་མཱ་དི་ཤྱ་ཤཱ་ཤྭ་ཏཾ། །ཛ་ན་སྱཱ་ནུ་གྲ་ཧཉྩ་ཀྲེ་ནཱ་ནཱ་བོ་དྷི་བི་དྷཱ་ཡ་ཀཾ། །ཏ་ཏཿཔྲ་ཡཱ་ཏེ་སྭ་པ་དཾ་ཛི་ནེ་ཏནྨ་ཡ་མཱ་ན་

དག །གང་ཕྱིར་ལས་ཀྱི་ས་བོན་ལས། །འབྲས་བུ་མཚུངས་པའི་རང་བཞིན་སྐྱེ། །ཞེས་གསུངས་དེར་ནི་བཅོམ་ལྡན་གྱིས། །རྟག་པའི་ཆོས་ནི་བསྟན་མཛད་ནས། །ཐ་དད་བྱང་ཆུབ་སྒྲུབ་བྱེད་པའི། །སྐྱེ་བོ་དག་ལ་རྗེས་བཟུང་མཛད། །དེ་ནས་རྒྱལ་བ་རང་གནས་སུ། །གཤེགས་ཚེ་དེ་ཡི་རང་བཞིན་

སཿ། །མ་ཀ་རཿ་པྲོཛྫྷི་ཏཱ་ཧཱ་རསྟྱཀྟྭཱ་དེ་ཧཾ་དི་བཾ་ཡ་ཡཽ། །ཙཱ་ཏུརྨྨ་ཧཱ་རཱ་ཛི་ཀེ་ཥུ་དེ་བ་ཥུ་བི་ཤ་ད་དྻུ་ཏིཿ། །ཤྲཱི་མཱན་ས་ཛཱ་ཏཿསུ་ག་ཏེ་ཀྵ་ཎཾ་ཙིཏྟ་པྲ་སཱ་ད་ནཱཏ། །ཏ་ཏཿཔཱུརྞྞེནྡུ་བ་ད་ནཿསྲགྦཱི་རུ་ཙི་ར་ཀུཎྜ་ལཿ། །ས་

ཡིད། །ཆུ་སྲིན་ཁ་ཟས་རབ་སྤངས་ནས། །ལུས་བཏང་ལྷ་ཡི་གནས་སུ་སོང་། །དེ་ནི་སྐད་ཅིག་བདེ་གཤེགས་ལ། །སེམས་ནི་རབ་ཏུ་དང་བ་ལས། །རྒྱལ་ཆེན་བཞི་པའི་ལྷ་རྣམས་སུ། །དཔལ་ལྡན་དྲི་མེད་མཛེས་པར་སྐྱེས། །དེ་ནས་ཟླ་བ་ཉ་བའི་བཞིན། །འཕྲེང་བ་དང་ལྡན་རྣ་རྒྱན་མཛེས། །ཀུན་

เล่ม ๑๗๐ · หน้า 306b

སཱ་ཀཱ་ར་ཨི་བཱ་ནནྡཿསུ་ག་ཏཾ་དྲཥྚུ་མཱ་ཡ་ཡཽ། །པྲ་ཀིརྞྞ་དི་བྱ་ཀུ་སུ་མཿཀི་རཱི་ཊ་སྤྲྀཥྚ་བྷཱུ་ཏ་ལཿ། །པྲ་བྷཱ་པཱུ་རི་ཏ་དིཀྩཀྲསྟཾ་བྷཀྟྱ་པྲ་ཎ་ནཱ་མ་སཿ། །ཙཀྲེ་ཏ་སྱོ་པ་བིཥྚ་སྱ་བྷ་ག་བཱན་དྷརྨྨ་དེ་ཤ་ནཱཾ། །ཡ་ཡཱ་

དགའ་རྣམ་པ་དང་བཅས་བཞིན། །དེ་ནི་བདེ་གཤེགས་བལྟ་རུ་འོངས། །ལྷ་ཡི་མེ་ཏོག་རབ་ཏུ་གཏོར། །ཅོད་པན་གྱིས་ནི་ས་ལ་རེག །འོད་ཀྱིས་ཕྱོགས་ཀྱི་འཁོར་ལོ་བཀང་། །དེ་ཡིས་དེ་ལ་གུས་ཕྱག་འཚལ། །ཉེར་འཁོད་དེ་ལ་བཅོམ་ལྡན་གྱིས། །ཆོས་ནི་རབ་ཏུ་བསྟན་པ་མཛད། །གང་གིས་

ཤྲོ་ཏཿཕ་ལཾ་པྲཱ་སྱས་ཏྱ་དཪྴི་ཛ་གཱ་མ་སཿ། །ཏྲྀ་ཎ་མི་བ་གུ་རུ་ཀཱཪྻོ་པྻུདྡྷྲྀ་ཏཿཔཱ་པ་པདྐཱ་དི་ཏི་ས་ཛ་ན་ཀཱ་ཡཿསོ་པི་དུཿཁརྫ་ནེ་ན། །བྱ་ས་ན་ནི་པ་ཏི་ཏཱ་ནཱཾ་ལཱི་ལ་ཡཱ་པུ་ཎྱ་ཤཱི་ལཱ་ནི་

བདེན་མཐོང་རྒྱུན་ཞུགས་ཀྱི། །འབྲས་བུ་ཐོབ་ནས་དེ་སོང་གྱུར། །དེ་ལྟར་བྱ་བ་དཀའ་ཡང་དེ་ནི་རྩྭ་བཞིན་སྡིག་པའི་འདམ་དག་ལས། །བཏོན་ཅིང་སྐྱེ་བོའི་ཚོགས་པ་དེ་དག་ཀྱང་སྟེ་སྡུག་བསྔལ་བསྒྲུབས་པ་ཡིས། །གདུང་བར་ངེས་པར་ལྷུང་བ་རྣམས་ཀྱི་ཉོན་མོངས་རྩ་བ་མཚུངས་མེད་དག །མ་ལུས་

ཁི་ལ་མ་ཏུ་ལ་མཱུ་ལཾ་ཀླེ་ཤ་མུནྨུ་ལ་ཡནྟི། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་ཀ་པི་ལཱ་བ་དཱ་ནཾ་ནཱ་མ་ཙ་ཏྭཱ་རིཾ་ཤཿཔལླ་ཝཿ།། །།ཏུ་ལྱ་མེ་བ་པུ་རུ་ཥེ་ཎ་

བསོད་ནམས་ངང་ཚུལ་རྣམས་ཀྱིས་བདེ་བླག་ཉིད་དུ་འཇོམས་པར་བྱེད། །ཅེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་སེར་སྐྱའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བཞི་བཅུ་པའོ།། །།ལུས་ཀྱི་སྣོད་སོན་དགེ་དང་མི་

เล่ม ๑๗๐ · หน้า 307a

བྷུ་ཛྱ་ཏེ་ཀཱ་ཡ་བྷཱ་ཛ་ན་ག་ཏཾ་ཤུ་བྷཱ་ཤུ་བྷཿ། །དེ་ཧི་ནཱཾ་བི་བི་དྷ་ཀརྨྨ་ཛཾ་ཕ་ལཾ་ཧྱ་བྷུཀྟ་མུ་པ་ཡཱ་ཏི་སཾ་ཀྵ་ཡཾ། །བྷ་ག་བཱན་སུ་ག་ཏཿཔཱུརྦྦཾ་པུ་རེ་རཱ་ཇེ་གྲྀ་ཧཱ་བྷི་དྷེ། །ཀ་ལཱནྡ་ཀ་ནི་པཱ་པཱ་ཁྱ་པི་

དགེ་བ། །མཉམ་པ་ཉིད་དུ་སྐྱེས་བུ་ལོངས་སྤྱོད་དེ། །ལུས་ཅན་རྣམས་ཀྱི་རྣམ་མང་ལས་སྐྱེས་འབྲས། །གང་ཕྱིར་མ་སྤྱད་ཀུན་ཏུ་ཟད་མི་འགྱུར། །བཅོམ་ལྡན་བདེ་བར་གཤེགས་པ་སྔོན། །གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་ནི། །ཀ་ལན་ད་ཀའི་གནས་ཞེས་པའི། །

ཛ་ཧཱ་ར་བ་ནཱནྟཱ་རེ། །བིམྦི་སཱ་རཿཀྵི་ཏི་པ་ཏི་ཏ་ཏྲཱ་བྷཱུདྤི་ཤྲུ་ཏཿཤྲི་ཡཱ། །རཏྣཱ་ཀ་རཿསཏྭ་རཏྣཱ་ནཱཾ་རཏྣཱ་ཀ་ར་ཨི་བཱ་པ་རཿ། །བ་བྷཱུ་བ་ས་མ་ཡེ་ཏསྨིན་རཽ་རུ་ཀཱ་ཁྱེ་པུ་རེ་ནྲྀ་པཿ། །ཤྲི་མཱ་ནུ་དྲཱ་ཡ་ཎོ་

ནགས་ཀྱི་ནང་ན་རྣམ་པར་གནས། །གཟུགས་ཅན་སྙིང་པོ་ས་ཡི་བདག །དེར་ནི་དཔལ་གྱི་རྣམ་པར་གྲགས། །རིན་ཆེན་ཀུན་གྱི་འབྱུང་གནས་གྱུར། །རིན་ཆེན་འབྱུང་གནས་གཞན་པ་བཞིན། །དུས་དེར་གྲོང་ཁྱེར་སྒྲ་སྒྲོགས་ཞེས། །བྱ་བར་མི་བདག་དཔལ་དང་ལྡན། །གྲགས་པ་ཟླ་བའི་ཆུ་

ནཱ་མ་ཡ་ཤཤྩནྡྲ་མ་ཧོ་ད་དྷིཿ། །ཏ་སྱ་ཙནྡྲ་པྲ་བྷཱ་ནཱ་མ་པཏྣཱི་ཙནྡྲཱ་ན་ནཱ་བྷ་བཏ། །ཤི་ཁཎྜི་ཡུ་བ་རཱ་ཛཤྩ་སཱུ་ནུརྦྦི་ཀྲ་མ་ཀརྐ་ཤཿ། །ཧི་རུ་ཀོ་བྷི་རུ་ཀཤྩེ་ཏི་ཏ་སྱཱ་མཱ་ཏྱཽ་བ་བྷུ་བ་ཏུཿ། །ག་ཎ་ནཱི་ཡོ་ན་བི་ན་ཡེ་ཡ་ཡཽ་ཤུ་ཀྲ་བི་ཧསྶ་

གཏེར་ཆེ། །ཨུ་དྲཱ་ཡ་ན་ཞེས་པ་བྱུང་། །དེ་ཡི་བཙུན་མོ་ཟླ་བའི་འོད། །ཅེས་པ་ཟླ་བའི་བཞིན་རས་ཅན། །སྲས་ནི་དྲག་པོའི་རྩལ་དང་ལྡན། །རྒྱལ་ཚབ་གཙུག་ཕུད་ཅན་ཞེས་གྱུར། །ཧེ་རུ་ཀ་དང་བྷི་རུ་ཀ །ཞེས་པ་དེ་ཡི་བློན་པོ་གཉིས། །འདུལ་བ་དཀར་པོ་ཕུར་བུ་དག །བགྲང་བར་བྱ་བ་མིན་པར་

เล่ม ๑๗๐ · หน้า 307b

ཏཱི། །ཛཱ་ཏཱ་བྷཱུ་མི་བྷུ་ཛོཿཔྲི་ཏིརླེ་ཁཻརླླེ་ཁ་ཏྭི་ཥསྟ་ཡཽཿ། །ཨ་པི་དུ་ར་སྠ་ཡོ་རརྐ་ཀ་མ་ལཱ་ཀ་ར་ཡོ་རི་བ། །ཨ་པཱུརྦྦ་རཏྣ་ནི་ཙ་ཡཾ་པྲེ་ཥ་ནཻརྦ་ཧུ་གསྟ་ཡོཿ། །པ་རི་པཱུརྞྞ་པ་རཾ་པྲ་པ་ས་ཁྱཾ་པྲེ་མ་ནི་དྷཱ་ན་

གྱུར། །ས་བདག་ལྷ་ཡི་འོད་ཟེར་ཅན། །དེ་གཉིས་སྤྲིང་ཡིག་གིས་མཛའ་གྱུར། །རིང་དུ་གནས་ཀྱང་ཉི་མ་དང་། །པདྨ་ཡི་ནི་འབྱུང་གནས་བཞིན། །དེ་གཉིས་མང་དུ་ཕོ་ཉ་ཡིས། །སྔོན་མེད་རིན་ཆེན་ཚོགས་དག་དང་། །གྲོགས་ཉིད་མཆོག་ཏུ་ཡོངས་རྫོགས་པས། །མཛའ་བའི་གཏེར་ནི་ཐོབ་

ཏཾ། །དཱུ་ར་སྠཱ་པི་པ་རཾ་པྲཱི་ཏིཿས་ཏཱཾ་ཀཱིརྟྟི་རི་བཱ་ཀྵ་ཡཱ། །སཾ་སཀྟཱ་པི་ཁ་ལ་པྲཱི་ཏི་ཏྲྀ་ཎ་ཛྭཱ་ལེ་བ་ན་སྠི་ར་རཱ། །ཀ་དཱ་ཙིདྡི་བྱ་རཏྣཱངྐ་ཀ་བ་ཙ་ཀཱཉྩ་ནོཛྫྭ་ལཾ། །པྲཱ་ཧི་ཎོ་བིམྦི་སཱ་རཱ་ཡ་སཱ་

པར་གྱུར། །དམ་པའི་མཛའ་བ་རིང་གནས་ཀྱང་། །མཆོག་ཏུ་མི་ཟད་གྲགས་འབར་བཞིན། །མི་བསྲུན་མཛའ་བ་ཉེར་གནས་ཀྱང་། །བརྟན་པ་མ་ཡིན་རྩྭ་འབར་བཞིན། །ནམ་ཞིག་གཟུགས་ཅན་སྙིང་པོ་ལ། །མཆོག་གི་གོ་ཆ་གསེར་འོད་འབར། །ལྷ་ཡི་རིན་ཆེན་གྱིས་མཚན་པ། །མི་

ར་མུ་དྲཱ་ཡཱ་ཎ་ནྲྀ་པཿ། །བི་ཥ་ཤསྟྲཱགྣི་རཀྵཱརྷ་བི་ཙི་ཏྲ་རཏྣ་ཀཾ་ཀ་ཊཾ། །སུ་ཧྲྀཏ་པྲེ་ཥི་ཏ་མཱ་བཱ་ཡ་པྲོ་བཱ་ཙ་ས་ཙི་བཱན་ནྲྀ་པཿ། །ཨི་དཾ་མེ་པྲ་ཧི་ཏཾ་ཏེ་ན་སཽ་ཛ་ནྱ་མི་བ་བྷཱུ་བྷུ་ཛཱ། །སརྦྦ་རཀྵ་ཀྵ་

བདག་ཨུ་དྲཱ་ཡ་ནས་སྤྲིངས། །དུག་མཚོན་མེ་རྣམས་བསྲུང་འོས་པ། །རྣམ་བཀྲ་རིན་ཆེན་གོ་ཆ་ནི། །གྲོགས་ཀྱིས་སྤྲིངས་པ་ལེགས་བླངས་ནས། །རྒྱལ་པོས་བློན་པོ་རྣམས་ལ་སྨྲས། །ས་བདག་དེ་ཡིས་ལུགས་བཟང་བཞིན། །ལྷག་པར་མཛའ་བ་གོ་བྱེད་ཅིང་། །ཐམས་ཅད་བསྲུང་

เล่ม ๑๗๐ · หน้า 308a

མཾ་བརྨྨ་གཱ་ཌྷ་པྲེ་མ་ནི་བི་དེ་ཀཾ། །ན་པ་ཤྱ་མྱ་སྱ་ས་དྲྀ་ཤཾ་པྲ་ཏི་དེ་ཡཾ་ཏ་ཏོ་དྷི་ཀཾ། །ཨལྤ་པྲ་ཏི་ཀྲི་ཡཱ་ཤ་ལྱ་མུ་པ་ཀཱ་རོ་པ་ཀཱ་ར་ཡཽཿ། །ཨུ་ཙི་ཏཾ་ཙིནྟྱ་ཏཱཾ་ཀིཉྩི་ཏ་པྲེ་ཥ་ཎཱི་ཡ་མ་ཏོདྷི་ཀཾ། །སརྦྦཻརྦྷ་

བར་བཟོད་པ་ཡི། །གོ་ཆ་འདི་ནི་བདག་ལ་སྤྲིངས། །འདི་ལ་ལན་དུ་སྦྱིན་འོས་པ། །དེ་ལས་ལྷག་པ་ངས་མ་མཐོང་། །ཕན་དང་གནོད་པ་དག་ལ་ཡང་། །ལན་ནི་ཆུང་བ་ཟུག་རྔུ་ཡིན། །འདི་ལས་ལྷག་པ་ཅུང་ཟད་ཅིག །བསྐུར་འོས་ཁྱེད་རྣམས་ཐམས་ཅད་ཀྱིས། །བསམ་

བདྦྷི་རི་ཏྱུཀྟྭཱ་ནྲྀ་པཤྩིནྟཱ་ཀུ་ལོ་བྷ་བཏ། །ཨ་ཐ་དྷཱི་མཱན་མ་ཧཱ་མཱ་ཏྱཤྩི་རཾ་དྷྱ་ཏྭཱ་ཏ་མ་པྲ་བཱིཏ། །བརྵཱ་ཀཱ་ར་བྷི་དྷོ་བི་པྲཿསརྦྦ་བི་དྱཱ་སུ་པཱ་ར་གཿ། །ཨ་ཏོ་བ་ཧུ་གུ་ཎཾ་རཱ་ཛ་ན་ནཻ་ཀ་མེ་བསྟྱུ་པཱ་ཡ་

པར་མཛོད་ཅེས་བརྗོད་ནས་ནི། །མི་བདག་བསམ་པ་འཁྲུགས་པར་གྱུར། །དེ་ནས་བློ་ལྡན་བློན་པོ་ཆེ། །དབྱར་གྱི་རྣམ་པ་ཞེས་བྲམ་ཟེ། །རིག་ཀུན་ལེགས་པར་ཕ་རོལ་ཕྱིན། །ཡུན་རིང་བསམས་ནས་དེ་ལ་སྨྲས། །འདི་ལས་ཡོན་ཏན་མང་བའི་སྐྱེས། །རྒྱལ་པོ་གཅིག་ཀྱང་ཡོད་མ་

ནཾ། །ཏ་སྱ་སཾ་པྲེ་ཥ་ཎེ་ཡཏནཿཀྲི་ཡ་ཏཱཾ་ཡཾ་དི་ཤ་ཀྱ་ཏེ། །ཡ་ཨེ་ཥ་བྷ་ག་བཱན་བུདྡྷ་སྠི་ཏསྟྭདྦི་ཥ་ཡཱནྟི་ཀ། །དེ་བཱ་ནཱ་མཱ་ད་ར་སྠཱ་ནཾ་པ་ཊསྟཏྤྲ་ཏི་མངྐི་ཏཿ། །ཨ་ཤེ་ཥ་ལོ་ཀ་ཀ་ལྱཱ་ཎ་ཀ་ལི་ཀཱ་ཀལྤ་པཱ་

ཡིན། །གལ་ཏེ་ནུས་ན་འབད་པ་ཡིས། །དེ་ནི་རབ་ཏུ་སྤྲིང་བར་མཛོད། །གང་ཞིག་བཅོམ་ལྡན་སངས་རྒྱས་འདི། །ཁྱོད་ཀྱི་ཡུལ་ན་ཉེ་བར་གནས། །ལྷ་རྣམས་དག་གི་ལུས་གནས་ཀྱི། །ཐང་ཀ་དེ་ཡི་གཟུགས་ཀྱིས་མཚན། །མ་ལུས་འཇིག་རྟེན་དགེ་བ་ཡི། །མེ་ཏོག་གསར་པའི་དཔག་

เล่ม ๑๗๐ · หน้า 308b

ད་བཿ། །ཙི་ཏྲེ་སྭཔྣེ་ཐ་སཾ་ཀལྤེ་པྲྀ་ཐུ་པུ་ཎྱཻཿས་དྲྀ་ཤྱ་ཏེ། །ཨི་ཏི་མནྡྲཾ་བ་ཙཿཤྲུ་ཏྭཱ་ཏ་ཐེ་ཏྱུཀྟྭཱ་མ་ཧཱི་པ་ཏིཿ། །ག་ཏྭཱ་བྷ་ག་བ་ཏེ་ན་མྲཿཏ་མེ་བཱརྠཾ་བྱ་བེ་ད་ཡཏ། །ཨ་ནུ་ཛྙཱ་ཏ་སྟ་ཏསྟེ་ན་ནྲྀ་པཤྩི་ཏྲ་ཀ་རཱན་

བསམ་ཤིང་། །རི་མོ་རྨི་ལམ་ཀུན་རྟོག་ལའང་། །དེ་ནི་བསོད་ནམས་ཆེ་བས་མཐོང་། །ཞེས་པ་བློན་པོའི་ཚིག་ཐོས་ནས། །དེ་བཞིན་ཞེས་བརྗོད་ས་ཡི་བདག །སོང་ནས་བཅོམ་ལྡན་ལ་བཏུད་དེ། །དོན་དེ་ཉིད་ནི་རབ་ཏུ་གསོལ། །དེ་ནས་དེ་ཡིས་རྗེས་གནང་སྟེ། །རི་མོ་མཁན་པོ་མཆོག་

བ་རཱན། །ཨཱ་དི་དེ་ཤཱ་ཤུ་བྷ་ག་བ་ཏེཿཔྲ་ཏི་མོལླེ་ཁ་ཀརྨྨ་ཎི། །ཛི་ན་སྱཱ་ལོ་ཀ་ཡནྟསྟེ་མཱུརྟྟིཾ་རཱུ་པ་བ་ཤཱི་ཀྲྀ་ཏཱཿ། །ཡ་ཡུཿཔྲ་མཱ་ཎ་གྲ་ཧ་ཎེ་པྲ་གལྦྷཱ་ཨ་སྱ་ཤཀྟ་ཏཱཾ། །སཾ་ཀྲནྟཾ་ནིརྨྨ་ལ་པ་ཊེ་ཙྪཱ་ཡཱཾ་བྷ་ག་བ་

རྣམས་ལ། །བཅོམ་ལྡན་སྐུ་གཟུགས་བྲི་བའི་ལས། །མི་ཡི་བདག་པོས་མྱུར་བར་བསྐོས། །རྒྱལ་བའི་སྐུ་ནི་ལྟ་བྱེད་པ། །དེ་དག་གཟུགས་ཀྱི་དབང་བྱས་ནས། །སྤོབས་དང་ལྡན་ཡང་ཚད་དག་ནི། །རབ་ཏུ་གཟུང་བར་ནུས་མ་གྱུར། །དེ་ནས་བཅོམ་ལྡན་སྐུ་གཟུགས་ནི། །དྲི་མེད་རས་ལ་

ཏསྟ་ཏཿ། །སུ་བརྞྞ་བྷཱ་བ་ནཱ་བྷི་ཛྙཱསྟེ་ཤ་ནཻཿས་མ་པཱུ་ར་ཡན། །པྲཱ་ཧི་ཎོ་ད་ཐ་བྷཱུ་པཱ་ལ་སྟཾ་བུདྡྷ་པྲ་ཏི་མཱ་པ་ཊཾ། །ཛ་གནྣ་ཡ་ན་པུ་ཎྱཱ་ནཱཾ་མཱུརྟྟཱ་ནཱ་མི་བ་སཉྩ་ཡཾ། །བིམྦི་སཱ་ར་སྱ་

འཕོས་པ་དག །གཟུགས་བཟང་བསྒོམ་པ་མངོན་ཤེས་དེས། །དལ་བུས་ཡང་དག་རྫོགས་པར་བྱས། །འགྲོ་བའི་མིག་གི་བསོད་ནམས་རྣམས། །གཟུགས་ཅན་ཡང་དག་བསགས་པ་བཞིན། །སངས་རྒྱས་སྐུ་གཟུགས་ཐང་ཀ་དེ། །དེ་ནས་ས་གཞི་སྐྱོང་བས་སྤྲིངས། །གཟུགས་ཅན་སྙིང་

เล่ม ๑๗๐ · หน้า 309a

ཧསྟཱངྐ་ལེ་ཁཱ་མུ་དྲཱ་ཡ་ཎོ་ནྲྀ་པཿ། །བ་ཊ་སྱ་པུ་ར་ཏཿཔྲཱཔྟཾ་ཧྲྀཥྚཿསྭ་ཡ་མ་བཱ་ཙ་ཡཏ། །སུ་ག་ཏ་ཙ་ར་ཎ་པདྨ་ནྱཱ་ས་པུ་ཎྱོ་པ་ཀཎྛཱཏ་ཏྲི་ད་ཤ་པུ་ར་བི་ཥེ་ཥཱནྨཱ་ག་དྷོ་དཱ་ར་དེ་ཤཏ། །ཀུ་ཤ་ལ་ཀ་

པོའི་ལག་རྟགས་ཅན། །སྤྲིང་ཡིག་ཐང་ཀའི་སྔོན་བྱུང་བ། །མི་བདག་ཨུ་དྲཱ་ཡ་ན་ནི། །རབ་ཏུ་དགའ་བས་རང་གིས་བཀླགས། །བདེ་བར་གཤེགས་པའི་ཞབས་པད་བཀོད་པའི་བསོད་ནམས་ཉེ་གྱུར་པ། །སྐབས་གསུམ་གྲོང་གི་ཁྱད་པར་རྒྱ་ཆེ་མ་ག་དྷ་ཡུལ་ནས། །དགེ་བ་བྱས་པའི་

ལི་ཏ་མཱུརྟྟིརྦྷུ་པ་ཏིརྦིམྤི་སཱ་རཿཀྵི་ཏི་ཏ་ལ་ཏི་ལ་ཀཾ་ཏྭཱཾདྷརྨྨ་བནྡྷུརྦྲ་བཱི་ཏི། །ཨེ་ཏཏྟེ་པྲ་ཧི་ཏཾ་ཧི་ཏཾ་བྷ་བ་མ་ཧཱ་མོ་ཧཱ་མ་ཡེ་བྷེ་ཥ་ཛཾ་ར་ག་དྭེ་ཥ་བི་ཥཱ་པ་ཧཾ་བྷ་ག་བ་ཏོ་བིམྦི་ཤ་ཤཱངྐ་ཏྭི་ཥཿ། །ཏྲྀཥྞཱ་པཾ་

གཟུགས་ཅན་ས་ཡི་བདག་པོ་གཟུགས་ཅན་སྙིང་། །ཆོས་ཀྱི་གཉེན་གྱིས་ས་གཞིའི་ཐིག་ལེ་ཁྱོད་ལ་རབ་སྨྲས་པ། །རི་བོང་མཚན་མའི་འོད་ལྡན་བཅོམ་ལྡན་སྐུ་གཟུགས་ཆགས་སྡང་དུག་ནི་ཉམས་པར་བྱེད། །སྲེད་པ་ཡང་དག་ཞི་བྱེད་སྲིད་པའི་རྨོངས་ཆེན་ནད་ཀྱི་སྨན་དང་ཕན་པ་དང་། །རབ་དང་མངར་

ཤ་མ་ནཾ་པྲ་སནྣ་མ་དྷུ་རཾ་ཏྭནྣེ་ཏྲ་པཱ་ཏྲཱརྦྦི་ཏཾ་དྷ་ནྱཿཔུ་ཎྱ་རཱ་ས་ཡ་ནཾ་པི་བ་ཧ་ཋཱ་དཱ་ཀཎྛ་མུཏྐཎྛི་ཏ། །སནྨཱརྒྒེ་བི་ནི་ཡོ་ཛ་ན་གུ་ཎ་ག་ཎཱ་དྷཱ་ནེ་ས་དཱ་དྷྱཱ་པ་ནཾ་དུརྦྱཱ་སཱ་ར་ནི་བཱ་ར་ཎཾ་སྠི་ར་སུ་ཁ་པྲཱཔྟཽ་པ་

བའི་བསོད་ནམས་བཅུད་ལེན་ཁྱོད་ཀྱི་མིག་གི་སྣོད་དུ་རབ་བླུགས་པ། །འདི་ནི་ཁྱོད་ལ་རབ་སྤྲིངས་སྐལ་ལྡན་མགྲིན་པའི་བར་དུ་རབ་ཏུ་འདོད་པས་འཐུང་། །དམ་པའི་ལམ་ལ་རྣམ་པར་སྦྱོར་ཞིང་ཡོན་ཏན་ཚོགས་རྣམས་འཛིན་པ་རྟག་ཏུ་སློབ། །བྱ་བ་ངན་ལས་རྣམ་པར་ཟློག་ཅིང་བརྟན་པའི་བདེ་བ་

เล่ม ๑๗๐ · หน้า 309b

རི་པྲེ་ར་ཎཾ། །ནིརྦྱཱ་ཛོ་པ་ཀྲྀ་ཏཽ་ནི་རནྟ་ར་ཏ་ཡཱ་སརྦཱཏྨ་ནཱ་བརྟྟ་ནཾ་ཀརྟྟ་བྱཾ་ཀི་མ་ཏཿཔ་རཾ་པྲི་ཡ་ཧི་ཏཾ་ཀ་ལྱཱ་ཎ་མི་ཏྲཻཿས་ཏཱཾ། །ཨི་ཏི་ལེ་ཁཱརྠ་མཱ་སྭཱ་དྱ་སུ་ཧྲྀཏ་པྲེ་མཱ་མྲྀ་ཏོ་ཙི་ཏཾ། །རཱ་ཛ་ག་ཛཱ་དྷི་རཱུ་ཌྷ་སྱ་པ་

འཐོབ་ལ་མཆོག་ཏུ་བསྐུལ། །རྒྱུན་ཆད་མེད་པ་ཉིད་དུ་བདག་ཉིད་ཀུན་གྱི་ཟོལ་མེད་ཕན་པ་སྐྱེད་བྱེད་པ། །དམ་པའི་དགེ་བའི་གྲོགས་ཀྱི་ཡིད་འོང་ཕན་པ་འདི་ལས་མཆོག་ནི་ཅི་ཞིག་བྱ། །ཞེས་པའི་སྤྲིང་ཡིག་གྲོགས་མཛའ་བའི། །བདུད་རྩི་ལ་འོས་དོན་མྱངས་ནས། །གླང་པོ་ལ་གནས་ཐང་སྐུ་ཡི། །སྔོན་

ཊ་པྲ་ཡ་ཡཽ་པུ་རཿ། །ཨ་བྷི་ནནྡྱ་ཏ་མཱ་ནནྡ་ཏ་སཱ་མཱ་ཏྱཿས་པུ་རོ་ཧི་ཏཿ། །ཧེ་མ་སིཾ་ཧཱ་ས་ནོཏྤཾ་གེ་ས་པྲ་སཱརྱ་ནྱ་བེ་ཤ་ཡཏ། །ལཱ་བ་ཎྱ་པུ་ཎྱ་ནི་ལ་ཡཾ་དྲྀཥྚྭཱ་ཏཏྶཽ་ག་ཏཾ་བ་པུཿ། །ན་མོ་ན་མཿཔྲ་བུདྡྷཱ་ཡ་

དུ་རྒྱལ་པོ་རབ་ཏུ་སོང་། །བློན་བཅས་མདུན་ན་འདོན་བཅས་ཏེ། །མངོན་པར་དགའ་ནས་ཀུན་དགའ་ལས། །གསེར་གྱི་སེང་གེའི་ཁྲི་སྟེང་དུ། །དེ་ནི་རབ་ཏུ་བཀྲམ་ནས་བཀོད། །མཛེས་སྡུག་བསོད་ནམས་དག་གི་གནས། །བདེ་གཤེགས་སྐུ་དེ་མཐོང་གྱུར་ནས། །སྐྱེ་བོས་སངས་རྒྱས་རབ་རྒྱས་ལ། །

བུདྡྷཱ་ཡེ་ཏྱ་བ་དཛྫ་ནཿ། །བུདྡྷཱ་བྷི་དྷཱ་ནཾ་ཤྲུ་ཏྭེ་བ་པུ་ལ་ཀཱ་ལཾ་ཀྲྀ་ཏཱ་ཀྲྀ་ཏིཿ། །པུཥྤ་བཪྵེ་སུ་རཻརྨུཀྟེ་བིསྨི་ཏོ་བྷུཏ་མ་ཧཱི་པ་ཏིཿ། །པུ་ཎྱཾ་བྷ་ག་བན་ཏཿཤྲུ་ཏྭཱ་ས་ཏ་ཏྲ་ཙ་རི་ཏཱ་མྲྀ་ཏཾ། །པ་ཡོ་ད་ནཱ་སཏྐོཎྛ་

ཕྱག་འཚལ་ཕྱག་འཚལ་ཞེས་པ་སྨྲས། །སངས་རྒྱས་མངོན་བརྗོད་ཐོས་ཉིད་ན། །སྤུ་ལོང་གིས་བརྒྱན་དབྱིབས་གྱུར་ཅིང་། །ལྷ་ཡི་མེ་ཏོག་ཆར་ཕབ་ཚེ། །ས་ཡི་བདག་པོ་ཡ་མཚན་གྱུར། །དེར་ནི་བཅོམ་ལྡན་སྤྱོད་པ་ཡི། །བདུད་རྩིའི་བསོད་ནམས་ཐོབ་ནས་ནི། །ཆུ་འཛིན་སྒྲ་ཡིས་མགྲིན་སྔོན་

เล่ม ๑๗๐ · หน้า 310a

ནཱི་ལ་ཀཎྛ་ཏུ་ལཾ་ཡ་ཡཽ། །ཏྭཱ་ད་ཤཱཾ་ག་པ་ཊ་སྱཱ་དྷཿསཱ་ནུ་ལོ་མ་བི་པཪྻ་ཡཾ། །པྲ་ཏཱི་ཏྱ་ས་མུཏྤཱ་ད་ཙ་དྲྀཥྚྭཱ་མོ་ཧཾ་མུ་མོ་ཙ་པཿ། །ཤྲོ་ཏཿཔྲཱཔྟི་ཕ་ལེ་ནཻ་བཾ་དྲྀཥྚ་ས་ཏྱོ྅ཐ་བྷཱུ་པ་ཏིཿ། །

དང་། །རབ་འདོད་ལྡན་པ་མཚུངས་པར་གྱུར། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། །རྗེས་མཐུན་ལྡོག་པ་དང་བཅས་པ། །ཐང་ཀའི་འོག་ཏུ་མཐོང་གྱུར་ནས། །དེ་ཡིས་རྨོངས་པ་རྣམ་པར་གྲོལ། །དེ་ནས་ས་བདག་རྒྱུན་ཞུགས་ཀྱི། །འབྲས་ཐོབ་བདེན་པ་མཐོང་བ་ཡི། །

དེ་དེ་ཤ་པྲ་ཏི་སཾ་དེ་ཤཾ་ས་ཁྱུརྦྷིཀྵུ་བི་སརྫ་ནེ། །བིམྦི་སཱ་རཿཏ་ཏསྟསྨཻ་ཀྲྀ་ཏོ་བྷ་ག་བ་ཏོ྅རྠ་ནཱཾ། །ཀཱ་ཏྱཱ་ཡ་ནཉྩ་བྱ་སྲྀ་ཛཏ་ཤཻ་ལ་ཁྱཱཉྩཱ་པི་བྷིཀྵཱུ་ཎཱིཾ། །ཨུ་དྲཱ་ཡ་ན་སྱ་ནྲྀ་པ་ཏེ་རཱ་རྱཿཀཱ་ཏྱཱ་ཡ་ནོ་྅ཐ་སཿ། །པཱུ་

གྲོགས་ལ་དགེ་སློང་རྫོངས་ཞེས་པའི། །འཕྲིན་གྱི་ལན་ནི་རབ་ཏུ་སྤྲིངས། །དེ་ནས་གཟུགས་ཅན་སྙིང་པོ་ཡིས། །བཅོམ་ལྡན་འདས་ལ་གསོལ་བྱས་ནས། །ཀཱ་ཏྱཱ་ཡ་ན་དགེ་སློང་མ། །རི་མ་ཞེས་པའང་དེ་ལ་སྤྲིངས། །དེ་ནས་མཆོད་པ་སྒྲུབ་བྱེད་པ། །མི་བདག་ཨུ་དྲཱ་ཡ་ན་ལ། །འཕགས་

ཛཱ་བི་དྷཱ་ཡི་ནསྟ་ཏྲ་བི་ད་དྷེ་དྷརྨྨ་དེ་ཤ་ནཱཾ། །དྷརྨྨ་དེ་ཤ་ན་ཡཱ་ཏ་སྱ་སཾ་ག་ཏཿསུ་མ་ཧཱན་ཛ་ན། །ཤྲོ་ཏཿས་ཀྲྀ་ད་ནཱ་ག་མི་ཕ་ལཱརྷཏ་པ་ད་མཱཔྟ་བཱན། །ཏསྨིན་གྲྀ་ཧ་པ་ཏཱི་ཁྱ་ཏཽ་ཏི་ཥྱ་པུ་ཥྱ་བྷི་དྷཱ་པུ་རེ། །

པ་ཀཱ་ཏྱཱ་ཡ་ན་དེས། །དེར་ནི་ཆོས་རྣམས་བསྟན་པ་མཛད། །དེ་ཡིས་ཆོས་ནི་བསྟན་པ་ཡིས། །སྐྱེ་བོ་རབ་མང་འདུས་པ་རྣམས། །རྒྱུན་དང་ལན་གཅིག་ཕྱིར་མི་འོང་། །དགྲ་བཅོམ་འབྲས་བུའི་གནས་ཐོབ་གྱུར། །གྲོང་ཁྱེར་དེར་ནི་རྒྱལ་དང་ནི། །སྐར་རྒྱལ་ཞེས་གྲགས་ཁྱིམ་བདག་གཉིས། །

เล่ม ๑๗๐ · หน้า 310b

ཤཱནྡྱཻ་པྲ་བྲ་ཛྱ་ཏ་སྱཱ་གྲེ་པ་རི་ནིརྦྲྀ་ཏི་མཱ་སཏྟ། །ཀཱ་ལེ་ན་བི་ཧི་ཏཽ་སྟཱུ་པཽ་དེ་ཧཱནྟེ་ཛྙཱ་ཏི་བྷིསྟ་ཡོཿ། །ཏནྣཱ་མ་ཙིཧྣཱ་བ་དྱཱ་པི་བནྡནྟེ་ཙཻ་ཏྱ་བནྡ་ཀཱཿ། །དེ་བྱཱཤྩནྡྲ་པྲ་བྷཱ་ཡཱཤྩ་ཤཻ་ལཱ་ཁྱཱ་སཱ་པི་བྷིཀྵུ་ཎཱི། །ཀྲ་

ཞི་སླད་དེ་མདུན་རབ་བྱུང་ནས། །ཡོངས་སུ་མྱ་ངན་འདས་པ་ཐོབ། །དུས་ཀྱིས་དེ་ཡི་གཉེན་རྣམས་ཀྱིས། །ལུས་ཀྱི་མཇུག་ཏུ་མཆོད་རྟེན་བསྒྲུབས། །དེ་མིང་གིས་མཚན་ད་ལྟ་ཡང་། །མཆོད་རྟེན་ཕྱག་བྱེད་ཕྱག་འཚལ་བྱེད། །བཙུན་མོའི་འཁོར་དུ་དགེ་སློང་མ། །རིམ་ཞེས་ནི་བྱ་བས་ཀྱང་། །རིམ་

མེ་ཎཱནྟཿཙ་ཀྲེ་ས་ཏ་ཏཾ་དྷརྨྨ་དེ་ཤ་ནཱཾ། །ཀ་དཱ་ཙི་ད་ཐ་བྷཱུ་པཱ་ལཿཀྲཱྀ་ཌཱ་གཱ་ར་ག་ཏཿཔྲི་ཡཾ། །ཏ་མ་ཛྙཱ་སཱིནྣི་མིཏྟ་ཛྙཱཿསཔྟཱ་ཧཱ་བ་དྷི་ཛི་བི་ཏཱཾ། །ཛྙཱ་ཏ་སཾ་སཱ་ར་ཙ་རི་ཏ་སྟ་ཏཿཏཱ་བ་སུ་དྷཱ་དྷ་པཿ། །ཨ་ནུ་ཛ་

གྱིས་ལྷ་མོ་ཟླ་འོད་ལ། །རྟག་ཏུ་ཆོས་ནི་བསྟན་པ་མཛད། །དེ་ནས་ནམ་ཞིག་ས་སྐྱོང་གི །རྩེ་དགའི་ཁང་པར་སོང་གྱུར་པ། །མཚན་མ་ཤེས་པས་དེ་ཡིས་ནི། །འཚོ་བ་ཞག་བདུན་མཚམས་སུ་རིག །དེ་ནས་འཁོར་བའི་སྤྱོད་ཚུལ་ཤེས། །ནོར་འཛིན་བདག་པོས་དེ་ལ་ནི། །སྔོན་ལ་རབ་

ཛྙེ་ཤུ་བྷ་པ་དཾ་པྲཱ་སྣུཾ་པྲ་བྲ་ཛྱ་ཡཱ་པུ་རཿ། །སྭཱ་ཁྱཱ་ཏེ་དྷརྨྨ་བི་ན་ཡེ་བྷིཀྵུ་ཀྱཱ་ནྲྀ་པ་ཏེཾ་གི་རཱ། །དེ་བཱི་པྲ་བྲ་ཛི་ཏཱ་དེ་ཧཾ་དི་ནེ་ཏ་ཏྱཱ་ཛ་སཔྟ་མེ། །ཙ་ཏུརྨ་ཧཱ་རཱ་ཛི་ཀེ་ཥུ་དེ་བེ་ཥུ་ས་ཧ་སཻ་བ་སཱ། །པྲ་ཡཱ་

ཏུ་བྱུང་བ་ཡིས། །དགེ་བའི་གནས་ཐོབ་རྗེས་སུ་གནང་། །ལེགས་པར་གསུངས་པའི་ཆོས་འདུལ་ལ། །མི་བདག་ཚིག་གིས་དགེ་སློང་མས། །ལྷ་མོ་རབ་ཏུ་ཕྱུང་བའི་ལུས། །ཉི་མ་བདུན་པ་ཉིད་ལ་བཏང་། །རྒྱལ་ཆེན་བཞི་པའི་ལྷ་རྣམས་སུ། །ལྷ་ཡི་བུ་མོ་ཉིད་དུ་ནི། །འཕྲལ་ཉིད་

เล่ม ๑๗๐ · หน้า 311a

ཏ་དཻ་བ་ཀ་ནྱཱ་ཏྭཱཾ་ཛ་གཱ་མ་ཛི་ན་ཀཱ་ན་ནཾ། །ཏ་ཏྲ་པཱུརྞེནྡུ་བ་ད་ནཱ་དི་བྱཱ་ར་ཎ་བྷཱུ་ཥི་ཏཱ། །དྲྀཥྚྭཱ་ཤཱཀྱ་མུ་ནིཾ་ཧྲྀཥྚཱ་ཤ་ཡ་པཱ་ཏཱ་སྱ་པཱ་ད་ཡོཿ། །པྲ་ཀཱི་ཎཾ་དི་བྱ་པུཥྤ་ཡཱ་སྟ་སྱཱཤྩཀྲེ་ཏ་ཐཱ་ག་ཏཿ། །

རབ་ཏུ་གྱུར་པ་དེ། །རྒྱལ་བ་ཡི་ནི་ནགས་སུ་སོང་། །དེར་ནི་ཟླ་ཉའི་བཞིན་རས་ཅན། །ལྷ་ཡི་རྒྱན་གྱིས་བརྒྱན་པ་དེས། །ཤཱཀྱ་ཐུབ་པ་མཐོང་གྱུར་ནས། །དགའ་བས་དེ་ཡི་ཞབས་ལ་གཏུགས། །ལྷ་ཡི་མེ་ཏོག་རབ་འཐོར་ལ། །དེ་ལ་དེ་བཞིན་གཤེགས་པ་ཡིས། །

དྷརྨྨོ་པ་པཱ་ད་ནཾ་ཡེ་ན་དྲྀཥྚ་ས་ཏྱཱ་ཛ་གཱ་མ་སཱ། །སཱ་ག་ཏྭཱ་ན་ག་རཾ་པ་ཏྱུརྦྱོམྣཱ་མཱུརྟྟི་རི་བཻརྡེ་བཱི། །བི་བོ་དྷྱ་ནི་ཤི་སུཔྟ་སྱ་ཙཀྲེ་བོ་དྷི་པྲ་ཀཱ་ཤ་ནཾ། །ཡཱ་ཏཱ་ཡ་སྭ་པ་དཾ་ཏ་སྱཱཾ་པྲ་བྷཱ་ཏེ་བ་སུ་དྷཱ་དྷི་

གང་གིས་བདེན་པ་མཐོང་བྱེད་པའི། །ཆོས་ནི་བསྟན་མཛད་དེ་སོང་གྱུར། །དེ་ཡིས་མཁའ་ལ་ཟླ་བ་ཡི། །གཟུགས་བཞིན་བདག་པོའི་གྲོང་ཁྱེར་ཕྱིན། །མཚན་མོ་ཉལ་བ་བསླངས་ནས་ནི། །བྱང་ཆུབ་རབ་ཏུ་གསལ་བར་བྱས། །དེ་ནི་ཐོ་རངས་རང་གནས་སུ། །སོང་བའི་ཚེ་ན་ནོར་འཛིན་

པཿ། །པྲ་བྲ་ཛྱཱ་བྷི་མུ་ཁཿཔུ་ཏྲ་མ་བྷི་ཥི་ཙྱ་ཤི་ཁཎྜི་ནཾ། །པྲ་ཛཱ་ཏྲཱ་ཎཱ་ཡ་ནི་ཀྵི་སྱ་ཏཾ་མ་ཧཱ་མཱ་ཏྱ་ཡོསྟ་ཏཿ། །ནྲྀ་པ་ཏེརྦིམྦི་སཱ་ར་སྱ་སུ་ཧྲྀ་དཿས་ཡ་ཡཽ་པུ་རཾ། །བིམྦི་སཱ་རསྟ་མཱ་ཡཱ་ཏཾ་བི་ག་ཏཙྪཏྟྲ་ཙཱ་

བདག །རབ་བྱུང་མངོན་པར་ཕྱོགས་པས་སུ། །གཙུག་ཕུད་ཅན་ནི་དབང་བསྐུར་ཏེ། །དེ་ནས་བློན་པོ་དག་ལས་དེ། །སྐྱེ་རྒུ་བསྐྱབ་པའི་ཕྱིར་གཏད་ནས། །དེ་ནི་མི་བདག་གཟུགས་ཅན་སྙིང་། །གྲོགས་པོའི་གྲོང་ཁྱེར་དག་ཏུ་སོང་། །གདུགས་དང་རྔ་ཡབ་དང་བྲལ་བ། །དེ་འོངས་གཟུགས་

เล่ม ๑๗๐ · หน้า 311b

མ་རཾ། །ནྲི་པོ་པ་ཙཱ་རཻཿཔྲ་ཎ་ཏཿཔྲཱི་ཏི་པཱུ་ཏཻ་ར་པཱུ་ཛ་ཡ་ཏ། །བི་ཤྲཱནྟ་མཱ་ས་ནཱ་སི་ནཾ་ས་ཏ་མཱུ་ཙེ་བ་བི་སྨ་ཡཿ། །ཧྲྀཥྚཿསཾ་དཪྴ་ནེ་ནཱ་སྱ་ཤྲཱི་བི་ཡོ་གེ་ན་དུཿཁི་ཏཿ། །རཱ་ཛནྣ་ནནྟ་སཱ་མནྟ་མཽ་ལི་

ཅན་སྙིང་པོ་ཡིས། །རབ་བཏུད་མི་བདག་ཉེར་སྤྱད་ནི། །མཛེས་ཤིང་གཙང་མ་རྣམས་ཀྱིས་མཆོད། །ངལ་བསོས་ཁྲི་ལ་འཁོད་དེ་ལ། །དེ་དང་ཕྲད་པས་རབ་དགའ་ཞིང་། །དཔལ་དང་བྲལ་བས་སྡུག་བསྔལ་བའི། །ཡ་མཚན་ལྡན་པ་དེ་ཡིས་སྨྲས། །མཐའ་ཡས་ཀུན་གྱི་མགོ་བོ་ལ། །

བི་ཤྲཱནྟ་ཤཱ་ས་ནཿ། །པཱ་ཀ་ཤཱ་ས་ན་ཏུ་ལྱ་སྟྭཾ་ཀ་ཐ་མེ་བ་མུ་པཱ་ག་ཏཿ། །ཨ་བྷིནྣ་བཀྟྲ་པྲ་ཀྲྀ་ཏེརྒུཔྟ་མནྟྲ་སྱ་དྷཱི་མ་ཏཿ། །པ་རེ་ཎ་རཱ་ཛྱ་ཧ་ར་ཎཾ་བཱི་ར་སཾ་བྷཱ་བྱ་ཏེ་ན་ཏེ། །ཨི་ཏི་པྲྀཥྚཿས་སུ་ཧྲྀ་དཱ་སསྨི་

རྒྱལ་པོའི་བཀའ་ནི་ངལ་གསོ་བ། །བརྒྱ་བྱིན་དག་དང་མཚུངས་པ་ཁྱོད། །འདི་བཞིན་ཉེ་བར་ཇི་ལྟར་གྱུར། །རང་བཞིན་བཞིན་རས་མ་བྲལ་ཞིང་། །བློ་ལྡན་དོན་ནི་སྦས་པ་ཅན། །དཔའ་བ་ཁྱད་ཀྱི་རྒྱལ་སྲིད་ནི། །གཞན་གྱིས་གྲོགས་པོ་སྲིད་མ་ཡིན། །ཞེས་པ་གྲོགས་ཀྱིས་དྲིས་ལ་དེས། །

ཏསྟ་མ་བྷཱ་ཥ་ཏ། །རཱ་ཛ་ན་བྲྀདྡྷཱ་བི་བྷཱུ་ཏིརྨ་ན་པྲི་ཡཱ་སརྦྦ་གཱི་མི་ནཱི། །བི་ཥ་ཡཱ་སྭཱ་ད་པཻ་མུ་ཁྱཱད་བི་ཏྲྀཥྞེ་ན་མ་ཡཱ་སྭ་ཡཾ། །ཨུཏྶྲྀཥྚ་མི་བ་སཾ་ཏྱཀྟ་མཻ་ཤྭརྱཾ་བྷོ་ག་བྷཱ་ཛ་ནཾ། །ཏྭ་ཡཱ་ཀ་ལྱཱ་ཎ་མི་

འཛུམ་བཅས་དེ་ལ་རབ་སྨྲས་པ། །རྒྱལ་པོ་འབྱོར་པ་ཐམས་ཅད་དུ། །འགྲོ་ཞིང་རྒན་ལ་བདག་མི་དགའ། །ཡུལ་ཉམས་མྱོང་ལས་ཕྱིར་ཕྱོགས་སུ། །སྲེད་དང་བྲལ་བ་བདག་རང་གིས། །དབང་ཕྱུག་ལོངས་སྤྱོད་སྣོད་དག་ནི། །ལྷག་མ་བཞིན་དུ་ཡང་དག་བཏང་། །དགེ་བའི་གྲོགས་པོ་ཁྱོད་

เล่ม ๑๗๐ · หน้า 312a

ཏྲེ་ཎ་སུ་ག་ཏ་བྲ་ཏི་མཱ་པ་ཊཿ། །ཡོ་སཽ་ཧི་ཏཱ་ཡ་པྲ་ཧི་ཏཿས་བཻ་རཱ་གྱ་གུ་རུམྨ་མ། །ཨ་དྷུ་ནཱ་ཏྭཏྤྲ་སཱ་དེ་ན་ག་ཏྭཱ་བྷ་ག་བ་ཏོནྟི་ཀཾ། །ཨི་ཙྪཱ་མྱ་བཱཔྟུཾ་པྲ་བྲ་ཛྱཱ་མ་གཱ་རཱ་ད་ནཱ་གཱ་

ཀྱིས་ནི། །བདེ་གཤེགས་སྐུ་གཟུགས་ཐང་ཀ་གང་། །ཕན་སླད་རབ་ཏུ་སྤྲིངས་པ་དེ། །བདག་གི་ཆགས་བྲལ་བླ་མར་གྱུར། །ད་ནི་ཁྱོད་ཀྱི་བཀའ་དྲིན་གྱིས། །བཅོམ་ལྡན་འདས་ཀྱི་དྲུང་ཕྱིན་ནས། །ཁྱིམ་ནས་ཁྱིམ་ནི་མེད་ཉིད་དུ། །རབ་བྱུང་འཐོབ་པར་བདག་

རི་ཀཾ། །ཨི་ཏི་ས་ཁྱུརྦྦ་ཙཿཤྲུ་ཏྭཱ་ཏཏྟ་ཐེ་ཏི་བི་ཙིནྟྱ་ཙ། །སཱ་ད་རསྟདྦི་བེ་ཀེ་ན་བིམྦི་སཱ་རསྟ་མ་བྲ་བཱིཏ། །དྷ་ནྱོ་བ་ཧུ་མ་ཏུཤྩཱ་པི་སཱ་ཏཱཾ་པྲྀ་ཐི་བཱི་པ་ཏེཿ། །སཾ་སཱ་ར་བི་མུ་ཁཱི་ཀ་ཐཾ་ཛཱ་ཏཱ་ཏེ་མ་ཏི་རཱི་དྲྀ་

འཚལ་ལོ། །ཞེས་པ་གྲོགས་ཀྱི་ཚིག་ཐོས་ནས། །དེ་དེ་བཞིན་ཞེས་རྣམ་བསམས་ཏེ། །དེ་ཡི་དབེན་པ་ལ་གུས་ལྡན། །གཟུགས་ཅན་སྙིང་པོས་དེ་ལ་སྨྲས། །ས་ཡི་བདག་པོ་ཁྱོད་ཀྱི་བློ། །དམ་པ་མང་པོས་བཀུར་བ་ཡང་། །འཁོར་བ་ལས་ནི་ཕྱིར་ཕྱོགས་པ། །སྐལ་ལྡན་འདི་འདྲ་ཅི་ལྟར་

ཤཱི། །སནྟོ་ཥ་བི་བྷ་བཱ་བྷོ་ག་སུ་བྷ་གཿཤོ་བྷ་སེ་པ་རཾ། །ལཀྵ་ཎཾ་ཤུདྡྷ་ས་ཏྭཱ་ནཾ་བཻ་རཱ་གྱཱ་བྷ་ར་ཎ་མ་ནཿ། །ཀི་མ་སཱ་མྲཱ་ཛྱ་མ་ཧཽ་ཛ་སཱ་ས་ར་ཛ་སཱ་དུཿསཱདྷ་ནཻཿསཱ་དྷ་ནཻཿཀིཾ་བྷོ་གཻ་ཀྵ་ཎ་བྷོ་ཛ་ནཻཿཀ་ལུ་ཥ་དཻཿཀིཾ་སཀྟ་

སྐྱེས། །ཆོག་ཤེས་འབྱོར་པ་ཐོབ་གྱུར་པས། །སྐལ་བ་བཟང་པོ་མཆོག་ཏུ་མཛེས། །ཡིད་ནི་ཆགས་བྲལ་གྱིས་བརྒྱན་པ། །སེམས་ཅན་དག་པའི་མཚན་ཉིད་ཡིན། །དམ་པ་རྣམས་ནི་འཁོར་བ་ཉེ་བར་ཞི་སླད་རྨོངས་ཆེན་མྱུ་གུ་ཉམས་བྱེད་པ། །སྐྱེ་བ་གཞན་ལ་ཉེར་བསྒྲུབས་ཆགས་བྲལ་

เล่ม ๑๗๐ · หน้า 312b

དུཿཁཻཿསུ་ཁཻཿ། །སཾ་སཱ་རོ་ས་ར་མཱ་ཡ་ཙེ་ཏ་སི་ས་ཏཱཾ་ཛནྨཱནྟ་རོ་པཱརྫི་ཏཾ་བཻ་རཱ་གྱཾ་ཀུ་རུ་ཏེ་བ་དཾ་ཡ་དི་མ་ཧཱ་མོ་ཧ་པྲ་རོ་ཧཱ་པ་ཧཾ། །ཡེ་ན་པྲཱ་ཎ་ཡ་ཎཾ་པྲི་ཡཱ་བ་སུ་མ་ཏཱི་སཾ་ཏྱ་ཛྱ་ཏེ་ལཱི་

གནས་ནི་གལ་ཏེ་ཡིད་ལ་བྱེད་པ་ན། །རྒྱལ་སྲིད་ཆེན་པོ་གཟི་ཆན་རྡུལ་བཅས་ཀྱིས་ནི་བསྒྲུབ་དཀའ་སྒྲུབ་བྱེད་རྣམས་ཀྱིས་ཅི། །ལོངས་སྤྱོད་སྐད་ཅིག་སྤྱོད་རྣམས་ཀྱིས་ཅི་སྡིག་སྟེར་སྡུག་ལྡན་བདེ་བ་རྣམས་ཀྱིས་ཅི། །གང་གིས་ནོར་མཆོག་སྲོག་ལས་ཕངས་པའི་ནོར་ལྡན་མ་ནི་བདེ་བླག་

ལ་ཡཱ་ཏྲཻ་ལོཀྱཱ་བྷི་མ་ཏེ་པི་ཡཿསྨ་ར་སུ་ཁེ་བཻ་མུ་ཁྱ་དཱིཀྵཱ་གུ་རུཿ། །སཾ་མོ་ཧ་བྱ་ས་ནཱ་ཏུ་རཾ་ཛ་ག་དི་དཾ་ཡེ་ནཱ་ནུ་ཀམྤཱསྤ་དཾ་པུ་ཎྱཻཿཀོ་པི་ས་ཛཱ་ཡ་ཏེ་མ་ཏི་མ་ཏཱཾ་སཾ་སཱ་ར་བཱ་མཿཤ་མཿ། །

ཉིད་དུ་གཏོང་། །གང་ཞིག་འཇིག་རྟེན་གསུམ་པོ་འདོད་ཀྱང་འདོད་པའི་བདེ་ལ་ཕྱིར་ཕྱོགས་འདོམས་པའི་བླ། །གང་གིས་ཀུན་རྨོངས་སྡུག་བསྔལ་གྱིས་གཟིར་འགྲོ་བ་འདི་ནི་རྗེས་སུ་བརྩེ་བའི་གནས། །བསོད་ནམས་དག་གིས་བློ་ལྡན་རྣམས་ཀྱི་ཞི་བ་ཅི་ཡང་འཁོར་བའི་གཡོན་དེར་འགྱུར། །

ཨིཏྱུཀྟྭཱ་བིམྦི་སཱ་རསྟཾ་ནི་ཏྭཱ་བེ་ཎུ་བ་ནཱ་ཤྲ་མཾ། །ས་པྲ་ཎཱ་མཾ་བྷ་ག་བ་ཏེ་ཏདྦྲྀཏྟཱནྟཾ་ནྱ་བེ་ད་ཡཏ། །ཨུ་དྲཱ་ཡ་ཎོ་པི་སུ་ག་ཏཱ་ཀཱ་རཾ་སུ་ཙི་ར་ཙིནྟ་ཏཾ། །བི་ལོ་ཀྱ་ཧཪྵ་དཱཏྨ་ནཾ་ཀྲྀ་ཏ་ཀྲྀ་ཏྱ་མ་

ཞེས་བརྗོད་གཟུགས་ཅན་སྙིང་པོ་དེས། །འོད་མའི་ཚལ་གྱི་གནས་ཁྲིད་ནས། །རབ་ཏུ་བཏུད་བྱས་བཅོམ་ལྡན་ལ། །དེ་ཡིས་བྱུང་བའི་མཐའ་རྣམས་གསོལ། །བདེ་གཤེགས་རྣམ་པ་མཐོང་གྱུར་ནས། །དགའ་བས་ཡུན་རིང་བསམས་བྱས་ཏེ། །བདག་ཉིད་བྱ་བ་བྱས་པར་གྱུར། །ཨུ་དྲཱ་ཡ་ན་

เล่ม ๑๗๐ · หน้า 313a

མ་ནྱ་ཏ། །པྲ་ཎཱ་མ་བྱ་གྲ་ཤི་ར་སཱ་སཾ་སཱ་རཙྪེ་དི་ནཱི་ཏ་ནཽ། །པ་བཱ་ཏ་བྷ་ག་བ་པྡྲྀཥྚཱི་སྟ་སྱ་པྲ་བྲ་ཛྱ་ཡཱ་ས་ཧ། །བྷིཀྵུ་བྷཱ་བ་མ་ཐཱ་སཱ་དྱ་པཱ་ཏྲ་པཱ་ཎིཿས་ཙཱི་བ་རཱི། །ན་ག་རེ་པིཎྜ་པཱ་ཏཱརྠཱི་

ཡིས་ཀྱང་བསམས། །མགོ་བོས་ཕྱག་འཚལ་གྱིས་བྲེལ་བ། །དེ་ཡི་ལུས་ལ་བཅོམ་ལྡན་གྱིས། །གཟིགས་པ་འཁོར་བ་གཅོད་བྱེད་ནི། །རབ་བྱུང་ཉིད་དང་ལྷན་ཅིག་བབས། །དེ་ནས་དགེ་སློང་དངོས་པོ་ཐོབ། །ལག་ན་ཆོས་གོས་ལྷུང་བཟེད་ལྡན། །གྲོང་ཁྱེར་དུ་ནི་བསོད་

ཙ་ཀཱ་ར་ཛ་ན་བིསྨ་ཡཾ། །པྲ་ཛཱཿཤི་ཁཎྜི་དྷརྨྨེ་ཎ་པཱ་ལ་ཡི་ཏྭཱ་པྲ་སནྣ་དྷཱིཿ། །ཡཱ་ཏ་ཀཱ་ལེ་ན་ཀཱ་ལུ་ཥྱ་མ་དྷརྨྨཱ་བྷི་ར་ཏོ྅བྷ་བཏ། །ཀ་ལུ་ཥ་ཀཱཉྩ་ན་རུ་ཙ་བྱ་ཀྟིབིདྻུདྦི་ལཱ་སི་ནཱི། །ན་ཀ་སྱ་ཀུ་རུ་

སྙོམས་བསླངས། །སྐྱེ་བོ་ཡ་མཚན་ལྡན་པར་བྱས། །གཙུག་ཕུད་ཅན་གྱི་རབ་དང་བློས། །ཆོས་ཀྱིས་སྐྱེ་རྒུ་བསྐྱངས་བྱས་ནས། །དུས་ཀྱིས་ཆོས་མིན་མངོན་འདོད་ཅིང་། །རྙོག་པ་དག་དང་ལྡན་པར་གྱུར། །གསེར་འོད་གསལ་བའི་གློག་དག་ནི། །རྣམ་པར་རོལ་པའི་སྤྲིན་འཕྲེང་བཞིན། །ཕུན་སུམ་ཚོགས་

དེ་ལཀྵྨཱིརྨེ་གྷ་མཱ་ལེ་བ་མཱ་ན་སཾ། །ཨ་ནཱ་ཡཏྟཾ་མ་ཧཱ་མ་དྱཻ་རྷེ་རུ་ཀོ་བྷི་རུ་ཀཤྩ་ཏཾ། །ཨ་དྷརྨྨ་ཀརྨྨ་ནིར་ཏཾ་ཀྲུདྡྷཾ་ཏ་ཏྱ་ཛ་ཏུཿཔྲ་བྷུཾ། །ཏཏ་པ་དེ་བི་ཧི་ཏཽ་རཱ་ཛྙཱ་ས་ཙི་བཽ་དཎྜ་མུངྒ་རཽ། །ཙིཏྟཱ་ནུ་བྲྀཏྟ་ཀུ་ཤ་ལཽ་སྭཻ་རཾ་སཀྟཾ་ཏ་མུ་ཙ་

པས་སུ་ཡི་ཡིད། །དྲི་མ་ཅན་དུ་བྱེད་མ་ཡིན། །ཧེ་རུ་ཀ་དང་བྷི་རུ་ཀ །བློན་ཆེན་དག་གིས་ཆོས་མིན་གྱི། །ལས་ལ་དགའ་ཞིང་དབང་མ་གྱུར། །ཁྲོ་ལྡན་ཇོ་བོ་དེ་བཏང་གྱུར། །དེ་ནས་གནས་སུ་རྒྱལ་པོ་ཡིས། །དབྱུག་པ་ཐོ་བ་བློན་པོར་བཅུག །སེམས་ཀྱི་རྗེས་འཇུག་མཁས་པ་ཡིས། །དམན་པར་ཆགས་པ་དེ་

เล่ม ๑๗๐ · หน้า 313b

ཏུཿ། །པྲ་ཛཱ་རཉྫ་ན་སཾ་སཀྟཱ་རཱ་ཛ་དོརྫ་ནྱ་བཱ་དི་ནཿ། །སྭ་ཡ་ཤཿཁྱཱ་ས་ནཱ་ཡཻ་བ་ཛཱ་ཡནྟེ་དྷཱུ་རྟཱ་མནྟྲི་ཎཿ། །ན་དྷརྨྨ་ན་སུ་ཁཾ་ནཱརྠཾ་ན་ཀིརྟྟ་ཡེ་ན་ཛཱི་བི་ཏཾ། །ག་ཎ་ཡནྟི་པྲ་བྷོ་རརྠེ་ཏེ་བྷྲྀ་ཏྱཱ་བྷ་བྱ་

ལ་སྨྲས། །སྐྱེ་རྒུ་རྣམས་ལ་མཛའ་བས་ཡང་དག་ཆགས། །རྒྱལ་པོ་གཞུང་ངན་དག་ཏུ་སྨྲ་བར་བྱེད། །གཡོན་ཅན་བློན་པོ་རྣམས་ཀྱིས་རང་ཉིད་ཀྱི། །གྲགས་པ་རབ་ཏུ་སྒྲོགས་པར་བྱེད་པ་ཡིན། །གང་ཞིག་རྗེ་བོའི་དོན་དུ་ནི། །ཆོས་ལ་མི་རྩི་བདེ་ལ་མིན། །དོན་མིན་གྲགས་མིན་འཚོ་བ་མིན། །དེ་དག་མཆོག་ཏུ་

བྷཀྟ་ཡཿ། །ནཱ་ཁཎྜི་ཏཱ་ཀྵ་ཡི་ཏཱ་ན་ཏཔྟཱ་ནཱ་སྱ་པཱི་ཌི་ཏཱ། །ཀུརྦྦནྟྱརྠི་ཀྲི་ཡཱ་རཱ་ཛྙཱ་སྟི་ལ་ཏུ་ལྱཱཿཀི་ལ་པྲཱ་ཛཱཿ། །ཨི་ཏི་བྲུ་བཱ་ཎཽ་ཏཽ་རཱ་ཛྙཱ་ནི་ཡུཀྟཽ་རཱ་ཛྱ་ཙིནྟ་ནེ། །ལོ་བྷཱཏ་པྲ་བྲྀཏྟཽ་དུརྣྲྀ་ཏཽ་ཧནྟུཾ་ནིཿཤ་

གུས་པའི་གཡོག །ངེས་པར་ཏིལ་མཚུངས་སྐྱེ་རྒུ་རྣམས། །རྒྱལ་པོའི་དོན་བྱེད་མ་བཅག་པས། །མ་ཡིན་མ་ཉམས་པས་ཀྱང་མིན། །མ་གདུངས་པས་མིན་མ་གཟིར་མིན། །ཞེས་སྨས་དེ་དག་རྒྱལ་སྲིད་ཀྱི། །བསམ་པ་ལ་ནི་རྒྱལ་པོས་བསྐོས། །ཆགས་ལས་སྤྱོད་ཚུལ་ངན་པ་ཡིས། །སྐྱབས་མེད་

ར་ཎཿཔྲ་ཛཱཿ། །ནི་རྦི་ཙ་རེ་དུ་རཱ་ཙཱ་རེ་ཀུ་མ་ཏཽ་པྲི་ཐི་བཱི་པ་ཏཽ། །ལུཔྟ་ས་ཏྱེ་མ་ཧཱམཱ་ཏྱེ་པྲ་ཛཱ་ནཱཾ་ཛཱི་བི་ཏེ་ཀུ་ཏཿ། །ཨུ་དྲཱ་ཡ་ཎོ་ཐ་ཙི་རེ་ཎ་ཀ་དཱ་ཙིདྦི་ཎི་ཛཾ་པ་ཐི། །ནི་ཛ་དེ་ཤཱ་ག་ཏཾ་བཱརྟྟཾ་ས་པྲཙྪ་ནྲྀ་པ་རཥྚཱ་ཡོཿ། །སོ་བ་དདྡེ་

སྐྱེ་རྒུ་གཞོམ་པར་ཞུགས། །ས་ཡི་བདག་པོ་བློ་གྲོས་ངན། །རྣམ་པར་མི་སྤྱོད་སྤྱོད་ཚུལ་ངན། །སྣ་ཆེན་བདེན་པ་ཉམས་པའི་ཚེ། །སྐྱེ་རྒུ་རྣམས་ནི་ག་ལ་འཚོ། །དེ་ནས་ནམ་ཞིག་ཡུན་རིང་ན། །ལམ་དུ་ཨུ་དྲཱ་ཡ་ན་ཡིས། །རང་ཡུལ་ནས་འོངས་ཚོང་པ་ལ། །མི་བདག་ཡུལ་འཁོར་གཏམ་དག་དྲིས། །དེ་ཡིས་སྨྲས་

เล่ม ๑๗๐ · หน้า 314a

བ་ཀུ་ཤ་ལི་སུ་ཏསྟ་བ་མ་ཧཱི་པ་ཏིཿ། །ཀིནྟུ་སནྨནྟི་ར་ཧི་ཏཿཀུ་མནྟྲི་བ་ཤ་མཱ་ག་ཏཿ། །ཏ་ཏྲ་པྲ་ཛཱ་ནཱཾ་བི་ཏ་ཏོ་པ་ཏཱ་པཿཀོ་པི་བྲ་བྲྀཏྟཿཔྲ་བྷུ་ཤཱ་ས་ནེ་ན། །ཡེ་ནཱ་དྱ་ཏཏྐུཏྤི་ཏ་དཻ་ཤ་ཛནྨ་དི་བཱ་ནི་ཤཾ་ཤོ་ཙ་ཏི་པཽ་ར་ལོ་ཀཿ། །

པ་ལྷ་ཁྱོད་ཀྱི། །སྲས་པོས་ས་ཡི་བདག་པོ་དགེ །འོན་ཀྱང་དམ་པའི་བློན་དང་བྲལ། །བློན་པོ་ངན་པའི་དབང་དུ་སོང་། །དེར་ནི་ཇོ་བོའི་བཀའ་ཡིས་སྐྱེ་རྒུ་རྣམས། །ཉེ་བར་གདུང་བ་རབ་རྒྱས་ཅི་ཡང་གྱུར། །གང་གིས་ད་ལྟ་དེ་ནི་ཡུལ་ངན་སྐྱེས། །གྲང་བའི་འཇིག་རྟེན་ཉིན་དང་མཚན་མོར་གདུང་། །

ཡ་ཏྲ་དྷྭནྟཾ་སྲི་ཛ་ཏི་ཏ་ར་ཎིཪྻ་ཏྲ་ཙནྡྲཱགྣི་བཪྵཱི་ཡ་ཏྲོ་དེ་ཏི་པྲ་ཀ་ཊ་མ་མྲྀ་ཏཱ་དུཏྐ་ཊཿཀཱ་ལ་ཀཱུ་ཊཿ། །ཡ་ཏྲ་ཏྲཱ་ཏཱ་ཧ་ར་ཏི་ནྲྀ་པ་ཏིརྫཱི་བ་བྲྀཏྟིཾ་པྲ་ཛཱ་ནཱཾ་ཏ་ཏྲཱ་ཀཱནྡཾ་པྲ་པྲྀ་ཏ་བི་པུ་ལོ་པ་པླ་བེ་ཀཿཤྲྀ་ཎོ་ཏི། །ཨི་ཏྱཱ་སཀྟ་ནྲྀ་པ་ཡཱ་ས་ཁིནྣ་སྱཱརྟྟི་

གང་ན་ཉི་མས་མུན་པ་སྤྲོ་བྱེད་གང་ན་ཟླ་བ་མེ་ཆར་འབེབས། །གང་ན་བདུད་རྩི་ལས་ནི་རབ་དྲག་ནག་པོ་བརྩེགས་པ་རབ་གསལ་སྐྱེ། །གང་ན་སྐྱོབ་བྱེད་མི་ཡི་བདག་པོས་སྐྱེ་རྒུ་རྣམས་ཀྱི་སྲོག་འཚོ་འཕྲོག །ཉེར་འཚེ་ཆེ་བ་རབ་རྒྱས་དེ་ན་ཆོ་ངེ་དག་ནི་སུ་ཞིག་ཉན། །མི་བདག་གིས་གདུངས་སྐྱོ་ལ་གཅགས། །ཚོང་

མ་ཡཾ་བ་ཙཿ། །དུཿས་ཧ་བ་ཎི་ཛཿཤྲུ་ཏྭཱ་ས་ཏ་མཱུ་ཙེ་ཀྲཱྀ་པཱ་ནི་དྷིཿ། །མངྒི་རཱ་ཏྭཱ་མི་ཏོ་ག་ཏྭཱ་ཏཱུརྞྞ་མཱ་ཤྭཱ་ས་ཡ་པྲ་ཛཱཿ། །སྠཱ་པ་ཡི་ཥྱཱ་མྱ་ཧཾ་དྷརྨྨེ་སྭ་ཡ་མེ་ཏྱ་ཤི་ཁཎྜི་ནཾ། །ཨི་ཏྱུཀྟསྟེ་ན་སཱ་ནནྡཿསྭ་དེ་ཤཾ་ཤ་ན་ཀཻརྦྦ་

པའི་ཚིག་ནི་བཟོད་དཀའ་བ། །གདུང་བའི་རང་བཞིན་དེ་ཐོས་ནས། །བརྩེ་བའི་གཏེར་དེས་དེ་ལ་སྨྲས། །བདག་གི་ཚིག་གིས་འདི་ནས་ཁྱོད། །སོང་ལ་སྐྱེ་རྒུ་དབུགས་དབྱུང་མཛོད། །ང་ཉིད་འོངས་ནས་གཙུག་ཕུད་ཅན། །ཆོས་ལ་རབ་ཏུ་དགོད་པར་བྱ། །ཞེས་པ་དེ་བརྗོད་ཀུན་དགའ་ལྡན། །ཚོང་པ་རིམ་གྱིས་རང་ཡུལ་

เล่ม ๑๗๐ · หน้า 314b

ཎིཀ། །ག་ཏྭཱ་པྲ་ཛཱ་ནཱཾ་བི་ད་དྷེ་སྭཻ་ར་མཱ་ཤྭཱ་ས་ནཾ་པུ་རཿ། །པྲ་བཱ་དེ་པྲ་སྲྀ་ཏ་ཏསྨིནྣ་མཱ་ཏྱཽ་དཎྜ་མུངྒ་རཽ། །ཨ་ཏཱི་ཏ་བྷཱུ་པཱ་ལ་ག་མ་ཎ་ཏྲ་སྟཽནྲྀ་པ་ཏི་མཱུ་ཙ་ཏུཿ། །སརྦྦ་ཏྲ་ཤྲུ་ཡ་ཏེ་དེ་བ་པྲ་བཱ་དཿསཱ་དྷུ་ནནྡི་ཏཿ། །བྲྀདྡྷཿཔྲ་

དུ། །སོང་ནས་སྔོན་དུ་སྐྱེ་རྒུ་རྣམས། །དལ་བུས་དབུགས་ནི་དབྱུང་བ་བསྒྲུབས། །གཏམ་དེ་རབ་ཏུ་གྲགས་པའི་ཚེ། །བློན་པོ་དབྱུག་པ་ཐོ་བ་དག །འདས་པའི་ས་སྐྱོང་འོང་བ་ཡིས། །སྐྲག་སྟེ་མི་ཡི་བདག་ལ་སྨྲས། །ལེགས་པ་རྣམས་ཀྱིས་སྨད་པའི་གཏམ། །རྒྱལ་པོ་རྒན་པོ་རབ་བྱུང་བ། །རྒྱལ་སྲིད་

བྲ་ཛི་ཏོ་རཱ་ཛཱ་རཱ་ཛྱ་རྠཱི་ཡནྣ་བཱ་ནི་ཏི། །ཏཱི་བྲ་བྲ་ཏ་པ་རི་ཀླིཥྚཿསཾ་བྷོ་གཱ་བྷི་མུ་ཁཱ་ད་རཿ། །ལཛྫཱཾ་པྲ་བྲ་ཛ་ཡཱ་སཱརྡྷཾ་ཏྱཀྟྭཱ་ས་པུ་ན་རེ་ཥྱ་ཏི། །རཱ་ཛནྣ་ས་ཀྭ་བཻ་རཱ་གྱཱསྟྱ་ཛནྟི་ས་ཧ་སཻ་བ་ཡཏ། །

འབད་པས་དོན་གཉེར་ལྡན། །ཞེས་པ་ལྷ་གཅིག་ཀུན་ཏུ་ཐོས། །བརྟུལ་ཞུགས་དྲག་པོས་ཡོངས་སུ་དུབ། །གུས་པས་ལོངས་སྤྱོད་ལ་མངོན་ཕྱོགས། །རབ་བྱུང་ངོ་ཚ་ཐབས་ཅིག་ཏུ། །བཏང་ནས་དེ་སླར་འོང་བར་འགྱུར། །རྒྱལ་པོ་ཆགས་བྲལ་མ་སྨིན་པས། །འཕྲལ་ལ་ཉིད་དུ་གང་བཏང་བ། །

ཏཏྤཱུརྦྦཱ་བྷྱ་དྷི་ཀཾ་ཏེ་ཥཱཾ་བྲ་ཡཱ་ཏི་པྲི་ཡ་ཏཱཾ་པུ་ནཿ། །ལོ་ཀ་སྠི་ཏི་བི་རུདྡྷེ་ཥུ་བི་ཥ་ཡེ་ཥུ་བི་ཤེ་ཥ་ཏཿ། །སྤྲྀ་ཧཱ་སཾ་ཛཱ་ཡ་ཏེ་ཛནྟོ་ར་པ་ཐྱེ་ཥྭི་བ་རོ་གི་ཎཿ། །སུ་ཁོཏྶེ་ཀཱཏ་པ་རི་ཏྱཱཀྟཾ་པ་ར་ཧསྟ་མུ་པ་ག་

དེ་རྣམས་སླར་ཡང་དེ་དག་ལ། །སྔོན་ལས་ལྷག་པར་དགའ་བར་འགྱུར། །འཇིག་རྟེན་ལུགས་དང་འགལ་བ་ཡིས། །ཡུལ་རྣམས་ལ་ནི་ཁྱད་པར་དུ། །སྲོག་ཆགས་ཡང་དག་འདོད་གྱུར་ཏེ། །གནོད་པའི་ཟས་ལ་ནད་ཅན་བཞིན། །བདེ་བ་རབ་རྒྱས་ལས་ཡོངས་བཏང་། །གཞན་གྱི་ལག་ཏུ་ཉེ་བར་

เล่ม ๑๗๐ · หน้า 315a

ཏཾ། །པྲཱ་ཡ་སརྦྦཾ་བྷ་བ་ཏྱེ་བ་ཛ་ཌ་སྱཱ་མྲ་མི་བ་པྲི་ཡཾ། །ཏསྨཱདྦྷ་བནྟ་མུཏྤཱཪྻ་པྲ་ཏཱ་པ་ནི་དྷི་མཱ་ས་ནཱ་ཏ། །ཀྵཱི་ཎཿཤ་ཤཱི་སྠ་བི་རཿས་རཱ་ཛྱ་བྷོཀྟུ་མིཙྪ་ཏི། །ཙཱི་བ་རོདྦིགྣ་གཱ་ཏྲ་སྱ་བ་ར་བསྟྲཱ་བྷི་ལཱ་

སོང་། །བླུན་པོ་དག་གི་ཨ་མྲ་བཞིན། །ཕལ་ཆེར་ཐམས་ཅད་དགའ་བར་འགྱུར། །དེ་སླད་གཟི་བྱིན་ཆེན་པོའི་གཏེར། །ཁྱོད་ནི་ཁྲི་ལས་རབ་བསྐྱོད་ནས། །གནས་བརྟན་རི་བོང་ཅན་ཉམས་བཞིན། །དེ་ནི་རྒྱལ་སྲིད་སྤྱོད་པར་འདོད། །ལུས་ནི་ཆོས་གོས་ཀྱིས་སྐྱོ་ཞིང་། །གོས་མཆོག་མངོན་

ཥི་ཎཿ། །ཛཱ་ཏཱ་སྱ་མུཎྜི་ཏེ་མཱུརྡྷྣི་རཏྣཱཾ་ཀ་མུ་ཀུ་ཊ་སྤྲྀ་ཧཱ། །རཏྣ་ཧརྨྱེ་ཥུ་ན་བ་ཏཱ་སམྦྷོ་ག་བི་བྷ་བོདྦྷ་བ། །ཏྱཀྟྭཱ་བི་ལཱ་སཾ་སཱ་ཡཱ་སཾ་པ་ན་བཱ་པཾ་ས་ཧེ་ཏ་ཀཿ། །མྲྀ་དུ་ཤ་ཡ་ན་སུ་ཁཱརྷཱ་ཡེ་ཀ་ཐཾ་ཤེ་ར་ཏེ་ཏེ་ཧ་

པར་འདོད་ལྡན་འདི། །མགོ་ཟླུམ་ལ་ནི་རིན་ཆེན་གྱིས། །མཚན་པའི་ཅོད་པན་འདོད་པར་གྱུར། །རིན་ཆེན་ཁང་པར་གསར་པ་ཡི། །ལོངས་སྤྱོད་འབྱོར་བས་རྣམ་བསྐྲུན་པའི། །རྩེ་དགའ་བཏང་ནས་ནགས་ཀྱི་གནས། །དལ་དུབ་ལྡན་པ་སུ་ཡིས་བཟོད། །རི་དྭགས་རྨིག་པས་རྩུབ་ཅིང་ཚེར་མ་བལྟམས་པའི་ཐང་ཁ་

རི་ཎ་ཁུ་ར་ཁ་རོདྻཏྐཎྜ་ཀཱ་སུ་སྠ་ལཱི་ཥུ། །མ་དྷུ་བི་དྷུ་ཀ་ར་ཤཱི་ཏཾ་ཡནྣི་པཱི་ཏཾ་ཀ་ཐནྟེ་བ་ན་ཛ་ག་ཛ་མ་དོཥྞཾ་ཏིཀྟ་མ་མྦྷཿབི་བནྟི། །ཨ་དྷུ་ནཻ་བ་ཏ་བ་སནྣ་པྲ་བ་ས་བི་ཥ་མ་སྠི་ཏཿ། །ཨཱ་དྱམྨ་ཏཾ་ན་ཡ་བི་དཱ་མ་རཱ་ཛ་པུ་ཏྲ་ནི་པཱ་

ལ། །གང་ཞིག་འཇམ་པའི་མལ་སྟན་བདེར་འོས་དེ་དག་ཇི་ལྟར་ཉལ། །གང་གིས་ཟླ་ཟེར་ལྟར་བསིལ་ཆང་འཐུངས་དེ་དག་ནགས་སྐྱེས་ཀྱི། །གླང་པོའི་ཆང་གིས་དྲོ་ཞིང་ཁ་བའི་ཆུ་ནི་ཇི་ལྟར་འཐུང་། །ཁྱོད་ལ་མི་བཟང་བགྲོད་པ་ནི། །ད་ལྟ་ཉིད་དུ་ཉེ་བར་གནས། །ལུགས་ཤེས་རྣམས་ཀྱི་དང་པོའི་གྲོས། །རྒྱལ་སྲས་ངེས་

เล่ม ๑๗๐ · หน้า 315b

ཏ་ནཾ། །ཏསྨཱ་ད་ནཱ་ག་ཏོ་རཱ་ཛཱ་པཱུརྦྦ་བ་དྷྱ་སྟ་བ་པྲ་བྷོ། །དཱི་པཾ་ཧནྟི་པ་ཏཾ་གོ་ཧི་ན་དགྡྷེཤྩེཏ་ས་མཱ་བ་ཏན། །ཏ་ཡོ་རི་ཏི་གི་རཱ་ཀྵི་པྲ་མ་བྷུདྡྷུ་པ་ཏི་རཱ་ཀུ་ལཿ། །ཁ་ལ་མེ་གྷཻཿཀ་ལུ་ཥ་ཏཱཾ་ནཱི་ཏཾ་ཀ་སྱ་ན་མཱ་ན་སཾ། །ས་ཏཽ་བ་བྷཱ་

པར་ལྷུང་བྱེད་པའོ། །དེ་སླད་རྒྱལ་པོ་མ་འོངས་པའི། །སྔོན་དུ་ཇོ་བོ་ཁྱོད་ཀྱིས་གསོད། །ཕྱེ་མ་ལེབ་ནི་འབབ་པ་དག །གལ་ཏེ་མ་བསྲེགས་མར་མེ་འཇོམས། །ཞེས་པ་དེ་དག་ཚིག་གིས་ནི། །ས་བདག་མྱུར་དུ་འཁྲུགས་པར་གྱུར། །མི་བསྲུན་སྤྲིན་གྱིས་སུ་ཡི་ཡིད། །དྲི་མ་ལྡན་པར་བྱེད་མི་འགྱུར། །དོགས་བཅས་

ཥེ་སཱ་ཤི་ཀཿཀྲ་ཀ་ཙ་ཀྲཱུ་ར་ཏཱཾ་ག་ཏཿ། །བཱ་དྷཿསཱ་དྷཱ་ར་ཨེ་བཱ་ཡཾ་ཡུ་བ་ཡོརྨ་མ་ཙཱ་གྲ་ཏཿ། །བྷ་བདྦྷྱཱ་མེ་བ་བི་ན་ཡོ་པཱ་ཡ་བི་ཤྲཱནྟ་ཡཱ་དྷི་ཡཱ། །བི་ཙཱརྱ་ཀཱརྱ་ཏཱཏྤརྱཾ་ཡདྻུཀྟཱཾ་ཏདྦི་དྷི་ཡཱ་ཏཱཾ། །ཨི་

སོག་ལེ་བཞིན་དུ་ནི། །རྩུབ་མོར་གྱུར་དེས་དེར་སྨྲས་པ། །བདག་དང་ཁྱེད་གཉིས་མདུན་དུ་ནི། །གནོད་པ་འདི་ནི་ཐུན་མོང་ཉིད། །ཁྱོད་གཉིས་ཉིད་ཀྱིས་ཁྱད་པར་གྱིས། །ཚུལ་དང་ཐབས་ལ་གནས་པའི་བློས། །བྱ་བའི་དེ་ཉིད་རྣམ་དཔྱོད་ལ། །གང་རིགས་དེ་ནི་སྒྲུབ་པར་མཛོད། །ཅེས་

ཏི་རཱཛྙཱ་ཀྲྀ་ཏ་སོཏྤ་ཧཱ་ཏཽ་བི་སྲྀ་ཛྱཱ་ཤུ་གྷཱ་ཏ་ཀཱན། །ཨུ་དྲཱ་ཡ་ཎ་སྱཱ་གྲ་པ་ཐཾ་བ་དྷཱ་ཡཻ་བ་བ་བནྡྷ་ཏུཿ། །སོ་བི་བྲ་ཛཱ་པ་རི་ཏྲཱ་ཎེ་ནི་ཡོཀྟུཾ་པུ་ཏྲ་མུདྱ་ཏཿ། །བྷ་ག་བ་ཏཾ་ས་མ་བྷྱེ་ཏྱ་བྲ་ཛཱ་མཱི་ཏི་བྱ་ཛི་ཛྙཱ་པཏ། །

ཏེ་རྒྱལ་པོས་སྤྲོ་བར་བྱས། །དེ་དག་གིས་མགྱོགས་གསོད་བྱེད་བཏང་། །གསད་ཕྱིར་ཨུ་དྲཱ་ཡ་ན་ཡི། །མདུན་གྱི་ལམ་ནི་རབ་ཏུ་བསྡམས། །དེས་ཀྱང་སྐྱེ་རྒུ་ཡོངས་བསྐྱབ་སླད། །བུ་ལ་བསྒོ་བར་བརྩོན་པ་ཡིས། །བཅོམ་ལྡན་འདས་ལ་མངོན་ཕྱོགས་ཏེ། །བདག་འགྲོའོ་ཞེས་ཞུ་བར་བྱས། །

เล่ม ๑๗๐ · หน้า 316a

སརྦ་སྙཻ་ནཱ་དྷྱ་ནུ་ཛྙཱ་ཏཿརྦ་གྲཾ་ཏཾ་བྷུ་ཛྱེ་ཏཱ་མི་ཏི། །ཀརྨྨ་པཱ་ཤ་ས་མཱ་ཀྲིཥྚཿས་ཡ་ཡཽ་རོ་རུ་ཀཾ་པུ་རཾ། །ཏ་མདྦ་ཛནྟཾ་ནི་རྦྱཱ་ཛ་མཱ་ཙཱ་ར་མི་བ་དུརྫ་ནཱཿ། །དུཥྚཱ་མཱ་ཏྱ་པྲ་ཡུཀྟསྟ་ཛགྷྣུརྦྦརྟྨ་ནི་གྷཱ་ཏ་

རང་གིས་བྱས་པ་སྤྱོད་མཛོད་ཅེས། །ཐམས་ཅད་མཁྱེན་པས་རྗེས་གནང་ནས། །ལས་ཀྱི་ཞགས་པས་ཡང་དག་དྲངས། །དེ་ནི་སྒྲ་སྒྲོག་གྲོང་ཁྱེར་སོང་། །ལམ་དུ་ཟོལ་མེད་འོང་བ་དེ། །བློན་པོ་གདུག་པས་བསྐོས་པ་ཡིས། །གཤེད་མ་དེ་དག་རྣམས་ཀྱིས་བསད། །སྐྱེ་བོ་ངན་པས་ཀུན་སྤྱོད་

ཀཱཿ། །ཏ་སྱ་ཙཱི་བ་ར་པཱ་ཏྲཱ་དཱི་བྲྀ་ཧཱི་ཏྭཱ་ནི་ཧ་ཏེ་སྱ་ཏེ། །ནྱ་བེ་ད་ཡན་ཀྲྀ་ཏཾ་པྲཱི་ཏྱཻ་རཱ་ཛ་ཀཱརྱ་མ་མཱ་ཏྱ་ཡོཿ། །ཏ་ཏཿབཱ་བ་བྲ་ཧྲྀཥྚཱ་བྷྱཱཾ་ནྲྀ་པསྟཱ་བྷྱཱཾ་པྲ་དཪྴི་ཏཾ། །དྲྀཥྚཱ་མུ་མོ་ཧ་ས་ཧ་སཱ་རཀྟཱཀྟཾ་ཙཱི་བ་རཾ་བི་ཏུཿ། །ས་

བཞིན། །བསད་པ་དེ་ཡི་ཆོས་གོས་དང་། །ལྷུང་བཟེད་སོགས་བཟུང་དེ་དག་གིས། །བློན་པོ་དག་ལ་མགུ་བའི་སླད། །རྒྱལ་པོའི་བྱ་བ་བྱས་པས་སྨྲས། །སྡིག་པས་རབ་དགའ་དེ་དག་གིས། །མི་ཡི་བདག་ལ་རབ་ཏུ་བསྟན། །ཕ་ཡི་ཆོས་གོས་ཁྲག་གིས་ནི། །སྦགས་མཐོང་འཕྲལ་ལ་རྨོངས་པར་གྱུར། །དལ་

ལབྡྷ་སཾ་ཛྙཱ་ཤ་ན་ཀཻཿཤུ་ཤོ་ཙ་ན་ཏ་ཐཱ་གུ་རུཾ། །ཡ་ཐཱ་པ་ཏི་ཏ་མཱཏྨཱ་ནཾ་གྷོ་རེ་ན་ར་ཀ་ག་ཧྭ་རེ། །སོ྅བ་དདྦ་ཏ་སཾ་པྲཱ་པྟཾ་ཕ་ལཾ་ཁ་ལ་ཛ་ནཱནྨ་ཡཱ། །ཨཻ་ཤྭཱརྱ་མ་དྷུ་ལུབྡྷེ་ན་པཱ་བ་པཱ་ཏ་མ་བ་ཤྱ་ཏཱ། །ཨ་ཧོ་པ་ཏ་ནི་རཱ་ལམྦེ་

གྱིས་འདུ་ཤེས་ཐོབ་པ་དེས། །ཇི་ལྟར་བདག་ཉིད་དམྱལ་བ་ནི། །འཇིགས་རུང་གཏིང་དུ་ལྷུང་བ་ཡིས། །མྱ་ངན་དེ་བཞིན་བླ་མའི་མིན། །དེས་སྨྲས་དབང་ཕྱུག་སྦྲང་རྩི་ཆགས། །སྡིག་པར་ལྷུང་བ་མ་མཐོང་བ། །བདག་གིས་སྐྱེ་བོ་མི་བསྲུན་ལས། །ཀྱེ་མ་འབྲས་བུ་ཡང་དག་ཐོབ། །ཀྱེ་མ་ཀྱེ་ཧུད་རྟེན་ས་མེད། །འཇིགས་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด