ตัวบทไม่มีชื่อ — ประโยคแรก: ལུང་སྟོན་པ་ཀ་ལཱ་པའི་མདོའི་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་བཞུགས་སོ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๙๕ · หน้า 102b

མ་ཡིན་པ་ཞེས་པ་ཅི་ཞེ་ན། ཀྲུཉྩ། ཀྲུཉྩེ། ཀྲུཾ་བྷྱྰཾ། ཀྲུཾ་སུ། འགྲོ་བར་བྱེད་དོ་ཞེས་པས་ཀྭི་པ྄འོ། །འོ་ན་ནང་གི་ཡན་ལག་མ་ཡིན་པ་ཉིད་ཀྱི་ཕྱིར་སྡེ་པ་ལ་སྡེ་པའི་མཐའོ་ཞེས་བས་ན་ཡིག་སྡེ་བའི་མཐར་བྱས་པ་ལ་ཨ་ནུ་ཥཾ་གའི་དོན་ཡོད་པ་མ་ཡིན་ནོ་ཞེས་ཀྲུཉྩ་ལས་ཀྱིས་བཀག་པས་སོ་

ཞེ་ན། བདེན་ཏེ། དགག་པ་ལས་ནུ་ཤེས་པར་བྱའི་སྡེ་པའི་མཐའ་ཞེས་པ་རྟག་ཏུ་མ་ཡིན་ནོ། །དེས་ན། བྲ་ཤཾ་བྷྱཾ་ཞེས་པ་སོགས་ནི་སི་སོགས་ཀྱི་དྷུཊ་ཕ་རོལ་ལ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཡོན་ཏན་མེད་པ་ལ་ཞེས་པས་ཨ་ནུ་ཥཾ་ག་དབྱི་བའང་ཀྲུཉྩ་

ལ་མེད་དོ། །གྷུཊ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། བི་དྭཱན྄། མ་ཧཱན྄། བི་དྭཱནྶཽ། མ་ཧནྟཽ། མཚན་ཉིད་དང་སོ་སོར་བརྗོད་པ་དག་གི་ཞེས་པའི་ཚིག་ལས་འདིར་མི་འགྱུར་ཏེ། སུ་ཀནྶཿ། སུ་ཀཾ་བྷྱམ྄། ཀ་སི་འགྲོ་བ་ལའོ། །ཨི་ཡིག་ནི་ན་ཡིག་ཨཱ་ག་མའི་དོན་ཏོ། །ཨིཏ་རྗེས་སུ་འབྲེལ་པ་

མ་ཡིན་པ་རྣམས་ཀྱི་ཞེས་པའི་ཤེས་པར་བྱེད་པ་ལས་ན་ཡིག་ཨཱ་ག་མའོ། །ལེགས་པར་འགྲོ་བར་བྱེད་དོ་ཞེས་པས་ཀྭིཔ྄འོ། །གཞན་ལ་ཡང་ཨ་ནུ་ཥཾ་ག་དབྱི་བར་བཤད་པར་བྱ་སྟེ། ཆེན་པོའི་དངོས་པོ་ནི། མ་ཧ་ཏྛ། མ་ཏཏྟྭ་མ། བིདྭཏྟཱམ྄། འདི་མཁས་པ་ནི། བཻ་དུ་ཥཾ། དེའི་འདི་ཞེས་པས་ཨ་ནའོ། །

པུ་མནྶའི་ཨན྄འི་སྒྲར་དབྱིའོ། །ཨའང་འདི་ཡིན་ལ་སྒྲ་ཡང་འདི་ཡིན་པ་ནི་ཨ་སྒྲའོ། །ཨན྄་དབྱི་བ་ནི་ཨན྄འི་སྒྲ་དབྱི་བའོ། །བུ་མནྶ་ཞེས་པ་འདིའི་ཨན་སྒྲ་གང་ཡིན་པ་དེ་དབྱི་བར་འགྱུར་ཏེ། གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་ཕ་རོལ་ལའོ། །པུཾ་སཿ། པུཾ་སཿ། བུ་སི་སུ་བྷིཿ།

པུཾ་སུ། གྷུཏ་མ་ཡིན་པ་ཞེས་པ་ཅི་ཞེ་ན། པུ་མཱན྄། པུ་མཱནྶཽ། སྒྲ་སྨོས་པ་ནི་གཞན་ལ་ཡང་དབྱི་བའི་དོན་ཏོ། །དེས་ན། སུ་མནྶའི་དངོས་པོ་ནི། བུཾ་སྟྭ། པུཾ་སྟྭམ྄། ཙ་ཏྭ་རའི་ཝཱ་སྒྲའི་ཨུ་ཉིད་དོ། །ཝ་སྒྲ་ཞེས་པ་ལས་འཛིན་པའོ། །ཙ་ཏྭཱར་ཞེས་པ་འདིའི་ཝའི་སྒྲ་གང་ཡིན་པ་དེ་ཨུ་ཉིད་

དུ་འགྱུར་ཏེ། གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་ཕ་རོལ་ལའོ། །ཙ་ཏུ་རཿ། ཙ་ཏུརྣཱཾ། ཙ་ཏུ་རྦྷིཿ། ཙ་ཏུཪྵུ། ཉིད་ཀྱི་རྐྱེན་ངེས་པར་བསྟན་པ་ལས་གཞན་ལ་ཡང་ཨུ་ཉིད་དེ། བཞི་རྣམས་ཀྱི་དངོས་པོ་ནི། ཙ་ཏུཏྻམ྄། ཡཎ྄འང་སྟེ་རབ་ཏུ་གྲགས་པ་ལས་སོ་ཞེས་པས་ཡཎའོ། །ཙཱ་ཏུ་

เล่ม ๑๙๕ · หน้า 103a

རི་ཀཿ། སྒྲོལ་ལོ་སྤྱོད་དོའང་ཨི་ཀན་ཞེས་པས་ཨི་ཀནའོ། །གྷུཏ྄་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། པྲི་ཡཱ་ཙ་ཏྭཱ་རཿ། གང་གི་དགའ་བ་བཞི་རྣམས་ཡིན་པ་དེ་དགའ་བ་བཞི་རྣམས་སོ། །ཨ་ན་ཌྭ་ཧའི་འང་ངོ་། །ཨན་ཌྭ་ཧ་ཞེས་པ་འདིའི་ཝ་སྒྲའི་ཨུ་ཉིད་དུ་འགྱུར་ཏེ།

གྷུཊ་མ་ཡིན་པའི་དབྱངས་དང་གསལ་བྱེད་དག་ཕ་རོལ་ལའོ། །ཨ་ན་ཌུ་ཧཿ། ཨ་ན་ཌུ་ཧཱ། ཨན་ཌུདྦྷྱཱཾ། ཨན་ཌཏྶུ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པས་ཧའི་དའོ། །གྷུཊ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཨ་ན་དྭན྄། སི་ལ་ནུའོ་ཞེས་པས་ནུ་ཨཱ་ག་མའོ། །བརྩེགས་པའི་མཐའ་

དབྱིའོ། །ཨ་ན་ཌྭཱ་ཧཽ། ཨ་ན་ཌྭཱ་ཧཱཿ། ཨ་ན་ཌྭ་ཧའི་བུད་མེད་ཀྱི་ཡུལ་ལ་ཝཱ་སྒྲའི་ཨུ་ཉིད་དུ་ཡང་ན་བཤད་པར་བྱ་སྟེ། ཨ་ན་ཌུ་ཧཱི། ཨ་ན་ཌྭཱ་ཧཱི། གོ་ར་སོགས་ཀྱི་ཞེས་པས་ཨཱིའི་རྐྱེན་ནོ། །སི་ལ་ནུའོ། །ཨ་ན་ཌྭཱ་ཧ་ཞེས་པ་འདིའི་སི་ཕ་རོལ་ལ་ནུ་ཨཱ་ག་མར་འགྱུར་རོ། །ཨ་ན་ཌྭཱ་ན། སི་ལ་

ཞེས་པ་ནི་ཞེ་ན། ཨ་ན་ཌྭཱ་ཧ྄ཿ། སཾ་བུདྡྷི་ལ་གཉིས་དག་གི་ཐུང་ངུའོ། །གཉིས་དག་གི་སྟེ། ཙ་ཏྭར་དང་ཨ་ན་ཌྭཱ་ཧ་གཉིས་དག་གི་ནི་སམྦུདྡྷི་ཕ་རོལ་ཐུང་ངུར་འགྱུར་རོ། །ཧེ་པྲི་ཡ་ཙ་ཏྭར། གང་གི་དགའ་བར་ནམས་བཞི་ཡིན་པ་དེ་དགའ་བ་བཞི་རྣམས་ཏེ་དེའི་བོད་པ་ལའོ། །ཧེ་ཨ་ན་དཱཧ྄།

སམཱུདྡྷི་ལ་ཞེས་པ་ཅི་ཞེ་ན། པྲི་ཡ་ཙ་ཏྭཱ་རཽ། ཨ་ད་སའི་ཚིག་ལ་མའོ། །ཨ་དས་ཞེས་པ་འདིའི་ཚིག་ལ་སྟེ། ཚིག་གི་བྱ་བ་བྱས་པར་གྱུར་པ་ན་ད་མ་ཉིད་དུ་འགྱུར་རོ། །ཨ་མུཥྨཻ། ཨ་མུཥྨཱཏ྄། དྭི་མ་ཡིན་པའི་ད་མའོ་ཞེས་པས་མ་ཉིད་དུ་གྲུབ་ནའང་ངེས་པའི་དོན་དུ་ཚིག་འདིའོ། །དེས་

ན་ཚིག་གི་བྱ་བ་བྱས་པ་ན་ཕྱིས་མ་ཉིད་དོ། །གལ་ཏེ་ཡང་ཕ་རོལ་ཉིད་ཀྱི་ཕྱིར་མ་ཉིད་དུ་ཐོབ་པ་དེ་ལྟ་ནའང་དང་པོ་ཚིག་གི་བྱ་བ་སྨཻ་ལ་སོགས་པ་རབ་ཏུ་འཇུག་གོ། །དེས་ན་མ་ཉིད་དང་ཨུ་ཉིད་དོ། །ཅི་སྟེ། ཨ་དས྄འི་མཐའི་མ་ཉིད་དུ་འགྱུར་རོ་ཞེས་ཅིའི་ཕྱིར་བཤད་པར་བྱ་བ་མ་

ཡིན་ཞེ་ན། དེ་ལྟར་ནུས་པ་མ་ཡིན་ཏེ། ཚིག་སྨོས་པ་དོན་ཡོད་པར་འགྱུར་བས་དགོས་པ་མེད་པར་འགྱུར་བའི་ཕྱིར་རོ། །གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཨིཊ་དང་བཅས་པའི་འང་ཝནྶའི་ཝ་སྒྲའི་ཨུ་ཉིད་དོ། །གྷུཊ་མ་ཡིན་པ་ནི་གྷུཊ་མིན་པའོ། །རྐྱེན་གང་གི་དང་པོ་དབྱངས་

เล่ม ๑๙๕ · หน้า 103b

ཡིན་པ་དེ་ནི་དབྱངས་དང་པོའོ། །དེ་ནས་ལས་འཛིན་པའོ། །ཨིཊ་དང་ལྷན་ཅིག་ཏུ་འཇུག་པའི་ཝ་སྒྲ་གང་ཡིན་པ་དེ་ཨིཊ་དང་བཅས་པའོ། །ཝནྶཻ་དང་ཝནྶུ་ཞེས་པ་འདི་དག་གི་ཝ་སྒྲ་གང་ཡིན་པ་དེའི་ནི་ཨིཊ་དང་བཅས་པ་ཅན་ཏེ། ཨིཊ་དང་ལྷན་ཅིག་པ་དེའི་དང་། ཡང་གི་སྒྲ་ལས་ཨིཊ་དང་

བྲལ་བའི་ཡང་ཨུ་ཉིད་དུ་འགྱུར་ཏེ། གྷུ་ཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལའོ། །བེ་ཙུ་ཥཿ། པེ་ཙུ་ཥཱ། ཌུ་པ་ཙ་ཥ་འཚེད་པ་ལའོ། །ཀྭནྶུ་ཀྭན་དག་པ་རོ྅ཀྵ་བཞིན་འང་ངོ་ཞེས་པས་ཀྭནྶུའོ། །པ་རོ྅ཀྵཱ་བཞིན་འགྱུར་བས་པ་རོ྅ཀྵ་ཞེས་ལན་གཉིས་བརྗོད་དོ། །གསལ་བྱེད་གཅིག་

པུ་པའི་དབུས་སུ་དང་པོ་ཞེས་པས་ཨི་ཡིག་དང་ཨ་བྷྱཱ་སའི་དབྱིའོ། །ཨརྟྲི་ཨཎ྄་གྷས་དབྱངས་གཅིག་པ་ཨཱཏ྄་ཅེས་པས་ཨིད྄འོ། །ཨིཊ་དང་བཅས་ཏེ་ཨི་ཡིག་དང་ལྷན་ཅིག་པའི་ཝ་ཡིག་ཨུ་ཉིད་དོ། །བི་དུ་ཥཱ། བིད྄ཤེས་པ་ལའོ། །བད་ཏི་ལས་ཤནྟྲྀང྄འི་ཝནྶུའོ་ཞེས་པས་ཤནྟྲྀང྄རྐྱེན་

ཝནྶུ་འགྱུར་རོ། །གྷུ་ཊ་མ་ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། བེ་ཙི་ཝཱནྶཽ། པོ་དྭནྶཽ། །བི་དྭདྦྷྱཱཾ། རྣམ་དབྱེ་མ་ཡིན་པ་ལ་ཡང་འདོད་དེ། འདི་མཁས་པ། བཻ་བུཥམ྄། དེའི་འདི་ཞེས་པས་ཨནའོ། །དེ་ཕན་གྱི་ཡ་ཡིག་ལ་ཡང་འདོད་དེ། མཁས་པའི་རང་བཞིན་ནི།

བཻ་དུ་ཥྱམ྄། བཻ་ཙུ་ཥྱ་མ། ཡཎའང་སྟེ་རབ་ཏུ་གྲགས་པ་ལས་སོ་ཞེས་པས་ཡནའོ། །དེ་བཞིན་དུ་ཕྱིར་མར་ཡང་ངོ་། །ཤྭན་ཡུ་ཝན་མ་གྷ་ཝན་རྣམས་ཀྱི་འང་ངོ་། །ཤྭན་དང་ཡུ་ཝན་དང་མ་གྷ་ཝན་འདི་རྣམས་ཀྱི་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལ་ཝ་སྒྲ་ཨུ་ཉིད་དུ་འགྱུར་རོ། །ཤུནཿ།

ཤུནཱ། ཡཱུནཿ། ཡུ་ནཱ། མ་གྷོ་ནཿ། མ་གྷོ་ནཱ། གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། ཤྭཱ་ནཽ། ཤྭཱ་བྷྱཱམ྄། ཨུ་ཝཱ་ནཽ། ཨུ་ཝ་བྷྱཱཾ། མ་གྷ་ནཱ་ནོ། །མ་གྷ་བ་བྷྱཱམ྄། འདི་ཅིའི་ཕྱིར་མི་འགྱུར། །འདིའི་ཁྱི་ནི། ཤཽ་བ་ནམ྄། དེའི་འདི་ཞེས་པས་ཨནའོ། །ཡ་ཝ་ཚིག་དང་

པོ་དག་གི་ཞེས་པས་ཨཽ་ཡིག་ཨཱ་ག་མའོ། །དེ་བཞིན་དུ། །དར་མའི་དངོས་པོ། ཨཽ་ཝ་ནམ྄། ཡཎའང་སྟེ་རབ་ཏུ་གྲགས་པ་ལས་སོ་ཞེས་པས་རབ་ཏུ་གྲགས་པ་སྨོས་པ་ལས་ཨནའོ། །འདིའི་བརྒྱ་བྱིན་མ་གྷ་བ་ནམ྄ ཞེས་པ་འདིར་ཅིའི་ཕྱིར་མི་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། མངོན་

เล่ม ๑๙๕ · หน้า 104a

པར་བརྗོད་པ་མེད་པའི་ཕྱིར་དེ་ཕན་ཕ་རོལ་ལ་མི་འགྱུར་རོ། །གང་ལ་མངོན་པར་བརྗོད་པ་ཡོད་པ་དེ་ལ་འདི་འགྱུར་བ་ཉིད་དེ། ཨུ་པ་ཤུ་ནམ྄། ས་མི་པཾ་ཤུ་ནཾ་ཞེས་པའི་བསྡུ་བའི་མཐར་རྒྱུར་པ་ཞེས་པས་བསྡུ་བའི་མཐའ་ལ་ཨ་ཡིག་གོ། །བུད་མེད་ཀྱི་ཡུལ་ལའང་འདོད་དེ།

ཤུ་ནཱི། མ་གྷོ་ནཱི། རྀ་དང་ནཱ་རྣམས་ལས་ཨཱིའོ་ཞེས་པས་ཨཱིའོ་རྐྱེན་ནོ། །འོ་ན་རྟགས་སྨོས་པ་ན་རྟགས་ཀྱི་ཁྱད་པར་ཡང་སྨོས་པའོ་ཞེས་པའི་ཚིག་ལས་འདིར་ཅིའི་ཕྱིར་མི་འགྱུར་ཏེ། ཡུ་བ་ཏཱིཿ། པ་ཤྱ། ཨུ་ཝན྄གྱི་སྒྲ་ལས་ལང་ཚོ་ཡོད་དོ་ཞེས་པས་ཏཱིའི་རྐྱེན་ནོ། །ཤས་སོ་ཞེ་ན། བརྗོད་

པར་བྱ་སྟེ། ཚིག་འདི་ནི་རྟག་ཏུ་མ་ཡིན་ནོ། །དེས་ན་ས་ཁིའི་སྒྲའི་གྷུཊ་ལ་ཨཻའོ་ཞེས་པས་ཨཻ་ཡིག་ཏུ་བསྒྱུར་བར་མི་འགྱུར་ཏེ། ས་ཁྱཽ། ས་ཁྱཿ། བ་ཧིའི་བཱ་སྒྲའི་ཨཽ་ཉིད་དོ། །ཝཱ་ཧིའི་བ་ཧ་ཐོབ་པ་ལའོ་ཞེས་པ་འདིའི་ཝིན྄འི་རྐྱེན་གྱི་མཐའ་ཅན་གྱི་ཝའི་སྒྲ་གང་ཡིན་པ་དེ་ཨཽ་ཉིད་དུ་འགྱུར་ཏེ།

གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལའོ། །པྲཥྚཽ་ཧཿ། པྲཥྚཽ་ཧཱཿ། ཏུརྻཽ་ཧཱཿ། ཏུརྻཽ་ཧཱ། བྲེ་གང་ཐོབ་པར་བྱེད་དོ། །གཞི་ཐོབ་པར་བྱེད་དོ་ཞེས་པ་བཧ་ལས་ཀྱང་ངོ་ཞེས་པས་ཝི་ནའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །དེ་བཞིན་དུ། །པྲཥྚཽ་ཧཱི། ཏུརྻཽ་ཧཱི། ན་ད་སོགས་ཨཉྩ་ཝཧ་ཞེས་

པས་ཨཱིའི་རྐྱེན་ནོ། །བྲེ་གང་ཐོབ་པའི་དངོས་པོ་ནི། པྲཱཥྚཽ་ཧྱམ྄། ཏོརྻཽ་ཧྱཾ་མ྄། གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། པྲཥྚ་བཱ་ཧཱ། པྲཥྚ་ཝཱཌྦྷྱཱམ྄། ཏུརྻཝཱ་ཧཽ། ཏུརྻཝཱདྦྷྱཱམ྄། ཨཉྩའི་ཨ་དབྱི་བ་དང་སྔ་མའི་ཡང་རིང་པོའོ། །ཨའིའང་དུ་དབྱི་བ་ནི་ཨ་དབྱི་བའོ། །ཨཉྩུ་འགྲོ་བ་དང་མཆོད་པ་དག་ལའོ་ཞེས་པ་

ཀྭི་པའི་མཐའ་ཅན་འདི་ནི་ཨ་ཡིག་དབྱི་བར་འགྱུར་བ་དང་སྔ་མའི་ཡང་ཐུང་དུ་རིང་པོར་འགྱུར་ཏེ། གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལའོ། །པྲ་ཏཱི་ཙཿ། བྲི་ཏཱི་ཙཱ། པྲ་ཏཱི་ཙེ། མ་དྷཱུ་ཙཿ། མ་དྷཱུ་ཙཱ། མ་དྷཱུ་ཙེ། སོ་སོར་མཆོད་པ་བྱེད་དོ། །སྤྲང་གིས་མཆོད་པར་བྱེད་དོ་ཞེས་པས་ཀྭི་པའོ། །

ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཞེས་པས་ཨ་ནུ་ཥཾ་ག་དབྱིའོ། །དེ་བཞིན་དུ། པྲ་ཏི་ཙཱི་དིཀ྄། སྔ་མ་བཞིན་དུ་ཨཱིའི་རྐྱེན་ནོ། གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། པྲ་ཏྱཉྩཽ། པྲ་ཏྱ་ག་བྷྱཱམ྄། འདིར་གཅིག་ལ་ཨ་ནུ་ཥཾ་ག་དབྱི་བར་མི་འགྱུར་ཏེ། དེ་ལ། རྫཱི་

เล่ม ๑๙๕ · หน้า 104b

གྷྲ་ཏིའི་ཡང་ནའོ་ཞེས་པའི་ཡང་ན་སྨོས་པ་རྗེས་སུ་འཇུག་པའི་ཕྱིར་ཏེ། དེའང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་སོ། །དེས་ན་ཨིཉྩཱི་མཆོད་པའི་དོན་ལ་དགག་པ་ཡིན་གྱི་གཞན་ལ་མ་ཡིན་ནོ། །ཏིརྻཉྩ་ནི་ཏི་རཤྩིའོ། །ཏི་རས྄་སྔ་མ་ཅན་གྱི་ཨཉྩ་ཏི་ལས་འཁྱོག་པོར་འགྲོ་བར་བྱེད་དོ།

ཞེས་པས་ཀྲི་པའོ། །ངེས་པར་བསྟན་པའི་ནུས་པ་ལ་ཨ་ནུ་ཥཾ་ག་དབྱི་བ་མེད་དོ། །དེ་བཞིན་དུ་ཕྱི་མར་ཡང་ངོ་། །ས་ཧ་སཾ་ཏི་རས་རྣམས་ཀྱི་ཞེས་པས་ཏི་ར྄ས་ཀྱི་ཏི་རི་རུ་བསྒྱུར་བའོ། །ཏིརྻཉྩ་ཞེས་པའི་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལ་ཏིརཤྩ་རུ་བསྒྱུར་བར་འགྱུར་རོ། །ཏི་རཤྩ་ཏི་རཤྩེ།

སྔ་མ་བཞིན་དུ་ཨཱིའི་རྐྱེན་ནོ། །འཁྱོག་པོར་འགྲོ་བའི་དངོས་པོ་སྟེ། ཏཤྩྱམ྄། གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། ཏིརྻཉྩཽ། ཏིརྻཾ་བྷྱཱཾ། ཨུ་དཉྩའི་ཨུ་དཱི་ཙིའོ། །ཨུད྄ སྔ་མ་ཅན་གྱི་ཨཉྩ་ཏི་ལས་མདུན་དུ་འགྲོ་བ་བྱེད་དོ་ཞེས་པས་ཀྭིཔའོ། །ཨུ་དཉྩ་ཞེས་པ་འདི་ཨུ་དཱི་ཙ་རུ་

བསྒྱུར་བར་འགྱུར་ཏེ། གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལའོ། །ཨུ་དཱི་ཙཿ། ཨུ་དཱི་ཙཱ། ཨུ་དཱི་ཙེ། ཨུ་དཱི་ཙིཿ། སྔ་མ་བཞིན་དུ་ཨཱིའི་སྐྱེན་ནོ། །ཨུ་དཱི་རྩཱིའི་དངོས་པོ་ནི། ཨུ་དཱི་ཙྱམ྄། ཨུ་ཏ་དང་གོ་སོགས་ལས་ཡཏའོ་ཞེས་པའི་སྦྱོར་བ་རྣམས་པར་གཞག་པར་ལས་ཡཏ྄འོ། །གྷུཊ་མ་

ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། ཨུ་དཉྩཽ། ཨུ་དཾ་བྷྱཱམ྄། པཱ་དའི་དད྄བསྡུ་བའི་མཐའི་འོ། །པཱ་ད་ཞེས་པའོ། །པཱ་དའི་སྒྲའི་ཨ་ཡིག་དབྱི་བ་གཟུང་བར་བྱ་སྟེ། ཉེ་བར་འཇལ་བ་ལས་ཧ་ཏི་སོགས་བོར་བ་ཉིད་ལས་སོགས་ཞེས་པ་ལ་སོགས་པས་ཨ་ཡིག་དབྱིའོ། །པཱ་ད་

ཞེས་པ་འདིའི་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལ་བསྡུ་པའི་མཐའ་སྟེ། གང་གི་ཚེ་བསྡུ་བའི་མཐར་གྱུར་པ་དེའི་ཚེ་པད་དུ་བསྒྱུར་བ་འཐོབ་བོ། །བྱཱ་གྷྲ་པ་དཿ། བྱཱ་གྷྲ་པ་དཱ། བྱཱ་གྷྲ་པ་དེ། གང་གི་རྐང་པ་སྟག་གི་འདྲ་བ་ཞེས་ཚིག་རྣམ་པར་སྦྱར་རོ། །པཱ་དའི་མཐའ་དབྱིའོ། །ཤསྲ་

དང་ཊཱ་དང་ངེའོ། །འདིས་བད་དུ་བསྒྱུར་བའོ། །དེ་བཞིན་དུ། དྭི་པ་དཿ། དྭི་པ་དཱ། དྭི་པ་དེ། དྭི་པ་དཱི། རྐང་པ་གཉིས་དག་ཏུ་གྱུར་བ་ཞེས་ཚིག་རྣམ་པར་སྦྱར་རོ། །འདིར་གྲངས་ངེས་པ་དང་སུ་སྒྲ་དག་ལས་ཀྱང་ཕ་རོལ་གྱི་ཞེས་པའི་ཚིག་ལས་ཨ་ཡིག་དབྱིའོ། །པཱ་ད་ལས་ཡང་ནའོ་

เล่ม ๑๙๕ · หน้า 105a

ཞེས་པས་ཨིའི་རྐྱེན་ནོ། །སྟག་གི་རྐང་པའི་དངོས་པོ་ནི། བཻ་ཡཱ་གྷྲ་པ་དྱམ྄། ཡནའོ། །ཡ་ཝ་ཚིག་དང་པོ་དག་གི་ཞེས་པས་ཨཻ་ཡིག་ཨཱ་ག་མའོ། །གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། བྱཱ་གྷྲ་པཱ་དཽ། ཧསྟི་པཱ་དཱན྄། གང་རྣམས་ཀྱི་རྐང་བ་གླང་

པོའི་འདྲ་བ་དེ་རྣམས་ནི། ཧསྟི་པཱ་དཱཿ། དཱན྄ཧསྟི་ལ་སོགས་པ་བོར་བ་ཉིད་ལ་ཞེས་པའི་དགག་པ་ལས་ཨ་ཡིག་དབྱི་བ་མེད་དོ། །ཝ་མ་བརྩེགས་པ་མ་ཡིན་པ་ལས་ཨ་ནའི་ཨ་དབྱི་བ་དང་སྔ་མའི་ཆོ་ག་ལ་མ་ཕྱིས་པ་བཞིན་འང་ངོ་། །ཝ་དང་མ་ནི་ཝ་མ་དག་གོ། །ཝ་མ་དག་ལས་བརྩེགས་པ་ནི་

ཝ་མ་བརྩེགས་པའོ། །ཝ་མ་དག་ལས་བརྩེགས་པ་མ་ཡིན་པ་ནི་ཝ་མ་བརྩེགས་པ་མིན་པའོ། །ཨ་ནའི་ཨ་དབྱི་བ་ནི་ཨ་དབྱི་བའོ། །ཕྱིས་པ་མ་ཡིན་པ་ནི་མ་ཕྱིས་པའོ། །སྔ་མའི་ཆོ་ག་ལ་མ་ཕྱིས་པ་དང་འདྲ་བ་ནི་མ་ཕྱིས་པ་བཞིན་ནོ། །ཨནའི་སྒྲ་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལ་

ཨ་ཡིག་དབྱི་བར་འགྱུར་རོ། །ཝ་མ་བརྩེགས་པ་མ་ཡིན་པ་ལ་སྟེ། བ་མ་བརྩེགས་པ་ཕ་རོལ་གྱི་ནི་མི་འགྱུར་རོ། །སྔ་མའི་ཆོ་ག་ལ་མ་ཕྱིས་པ་བཞིན་འང་སྟེ། སྔ་མའི་ཡི་གེའི་ཆོ་གའི་བྱ་བ་བྱེད་པ་ལ་མ་ཕྱིས་པ་སྟེ་ཨ་ཡིག་ཕྱིས་པ་ནི་མ་ཕྱིས་པ་དང་འདྲ་བར་འགྱུར་རོ། །ཨ་ཡིག་དབྱི་བ་

བྱས་པ་ལ་གང་སྔ་མའི་བྱ་བ་ཐོབ་པ་དེ་མ་ཕྱིས་པ་དང་འདྲ་བར་འགྱུར་བའི་ཕྱིར་བྱ་བར་མི་འགྱུར་རོ་ཞེས་པའི་དོན་ཏོ། །རཱ་ཛྙཱ། རཛྙེ། འདིར་ཙ་སྡེ་དང་དྲྀ་ཤ་སོགས་རྣམས་ཀྱི་འང་ངོ་ཞེས་པས་ཛ་ཡིག་གི་ན་ཡིག་གསལ་བྱེད་ཕ་རོལ་ལ་གཉིད་དུ་ཐོབ་པ་ལ་དེ་མ་ཕྱིས་པའི་དངོས་པོ་དང་འདྲ་བའི་ཕྱིར་

མི་འགྱུར་རོ། །ཨཀྵུ། ཨཀྞྞེ། ཨསྠི་ད་དྷི་ཤཀྠི་ཨཀྵི་རྣམས་ཀྱི་ཞེས་པས་ཨན་དུ་བསྒྱུར་རོ། །དཱིར་ཧ་ཤཥ་ཚ་ཞེས་པས་ཤ་ཡིག་གི་ཌ་ཉིད་ཐོབ་པ་ལ་མ་ཕྱིས་པ་དང་འདྲ་བར་འགྱུར་བའི་ཕྱིར་མི་འགྱུར་རོ། །དདྷྣ། དདྷྣེ། འདིར་ཡང་དྷ་ཡིག་གི་ན་ཡིག་སྒྲ་ལྡན་ཕ་རོལ་ལ་དྷུཊའི་

གསུམ་པར་ཐོབ་པ་ལའོ། །ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཡ་ཛྲ་ནཿ། ཀརྨ་ཎཿ། ཨན་ཞེས་པ་ཅི་ཞེ་ན། ས་ར་དཱ། སྔ་མའི་ཆོ་ག་ལ་ཞེས་པ་ཅི་ཞེ་ན། རཱ་ཛྙཱ། འདིར་ཕ་རོལ་གྱི་ན་ཡིག་གི་ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལ་ཞེས་པས་ཉ་ཡིག་ཏུ་བྱས་པ་ལ་མ་ཕྱིས་

เล่ม ๑๙๕ · หน้า 105b

པ་དང་འདྲ་བའི་དངོས་པོར་མི་འགྱུར་རོ། །གལ་ཏེ་འགྱུར་ན་ན་ཡིག་ལ་ཛ་ཡིག་གི་སྦྱོར་བ་ལ་དབྱངས་བསྒྱུར་བ་ནི་ཕ་རོལ་ཅན་ནོ་ཞེས་པས་ཨ་ཀ་མེད་པར་འགྱུར་ཞིང་། སྔ་མའི་ཆོ་ག་སོ་སོར་གནས་ཅན་དང་འདྲའོ་ཞེས་པའི་ཚིག་ལས་དབྱི་བ་གནས་ཅན་དང་འདྲ་བའི་དངོས་པོར་འགྱུར་རོ་

ཞེས་པས་སྔ་མའི་ཆོ་ག་ལ་མ་ཕྱིས་པ་དང་འདྲའོ་ཞེས་པ་འདི་ནི་རྟག་ཏུ་ཤེས་པར་བྱའོ། །དེས་ན། བྷུཉྫནྟི། སི་ཙནྟི་ཞེས་པ་ལ་སོགས་པ་གྲུབ་པོ། །ཨི་དང་དི་དག་ལས་ཡང་ནའོ། །ཝ་མ་བརྩེགས་པ་མ་ཡིན་པ་ལ་ཨན྄འི་ཨཱི་དང་ངེ་ཞེས་པ་འདི་དག་ཕ་རོལ་ལ་ཨ་ཡིག་དབྱི་བར་ཡང་ན་

འགྱུར་རོ། །སྔ་མའི་ཆོ་ག་ལ་མ་ཕྱིས་བཞིན་འཐོབ་པ་ལ་རྣམ་པར་རྟོག་པ་འདིའོ། །སཱམྣཱི། སཱ་མ་ནཱི། །ཨཽ་ཨཱིའོ་ཞེས་པས་ཨཱི་ཡིག་གོ། །རཱཛྙི། རཱ་ཛ་ནི། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཡ་ཛྭ་ནཱི། ཀརྨ་ནི། ལྷན་ཅིག་སྤྱོད་པ་ནི་ལྷན་ཅིག་སྤྱོད་པ་ལ་ལྷན་ཅིག་

སྤྱོད་པས་ཡང་དག་པར་རྟོགས་པའི་ཚིག་ལས་ངིའི་རྐྱེན་དང་ལྷན་ཅིག་སྤྱོདྤའི་ཡི་ཡིག་འདི་ཨཽ་ཡིག་བསྒྱུར་བ་འཛིན་པའོ། །དེས་ན་འདིར་རྣམ་པར་བརྟག་པར་མི་འགྱུར་ཏེ། ཨི་ཡཾ་རཱཛྙཱི། རྀ་དང་ན་རྣམས་ལས་ནི་ཨཱིའོ་ཞེས་པས་ཨཱི་ཡིག་གོ། །བྱིངས་ཀྱི་ཨཱ་གྷུཊ་མ་ཡིན་པའི་

དབྱངས་ལའོ། །དབྱིའོ་ཞེས་པ་ཁོ་ནའོ། །ཡང་ན་ཞེས་པ་ལྡོག་གོ། །བྱིངས་ཀྱི་ཨཱ་ཡིག་ནི་གྷུཊ་མ་ཡིན་པའི་དབྱངས་དང་པོ་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཀཱ་ལཱ་ལ་པཱ། ཀི་ལཱ་ལ་པེ། ཨ་ཞེས་པ་ཅི་ཞེ་ན། སུ་པ་ཙཱ། སུ་པ་ཙེ། ལེགས་པར་འཚེད་པར་བྱེད་དོ་ཞེས་པས་

ཀྭིཔའོ། །བྱིངས་ཀྱི་ཞེས་པ་ཅི་ཞེ་ན། མཱ་ལཱཿ། པ་ཤྱ། གྷུཊ་མ་ཡིན་པའི་དབྱངས་ལ་ཞེས་པ་ཅི་ཞེ་ན། ཀི་ལཱ་ལ་པཱཿ། ཛས྄སོ། །ཨཱིཏ྄ ཨཱུཏ་དག་གི་ཨི་ཡ་ཨུཝ྄ དག་དབྱངས་ལའོ། །བྱིངས་དག་གི་ཞེས་པ་ཁོ་ནའོ། །བྱིངས་ཀྱི་ཨཱིཏ་ཨཱུ་ཏ་དག་གང་ཡིན་པ་འདི་དག་གི་

དབྱངས་ཕ་རོལ་ལ་གྲངས་བཞིན་དུ་ཨི་ཡ྄ ཨུ་ཝ་ཞེས་པ་དི་དག་ཏུ་བསྒྱུར་རོ། །ནི་ཡཽ། ནི་ཡཱ། ལུ་ཝཽ། ལུ་ཝཱ། བྱིངས་ཀྱི་ཞེས་པ་ཅི་ཞེ་ན། ལཀྵྨྱཽ། ཨིཏ་ཨུཏ་དག་གི་ཞེས་པ་ཅི་ཞེ་ན། སུ་པ་ཙཽ། ཏ་ཕ་རོལ་དུ་བྱེད་པ་ནི་ཐེ་ཚོམ་མེད་པའི་དོན་དུའོ། །དབྱངས་ལ་ཞེས་པ་ཅི་ཞེ་ན། ནཱི་

เล่ม ๑๙๕ · หน้า 106a

བྷྱཱཾ། ལཱུ་བྷྱྰཾ། སླར་ཡང་དབྱངས་སྨོས་པ་ནི་དབྱངས་མཐའ་དག་གཟུང་བའི་དོན་དུའོ། །སུ་དྷཱིའི་འོ། །དྷྱཻ་སེམས་པ་ལའོ། །སུ་སྔ་མར་རོ། །བློ་བཟང་པོ་བྱེད་དོ་ཞེས་པ་ཀྭིཔ྄འོ། །ངེས་པར་བསྟན་པ་ལས་ཨེ་ཡིག་དབྱི་བ་དང་། སམྤྲ་སཱ་ར་ཎའོ། །

དེ་མཐའ་རིང་པོ་ཞེས་པས་རིང་པོའོ། །འདི་དྲུག་པའི་གཅིག་གི་མཐའ་ཅན་འང་ངོ་། །དང་པོ་དབྱི་ཞིང་དབྱི་བའང་ངེས་པས་ང྄འི་ང་ཡིག་དབྱིའོ། །ཨི་ཡིག་ཅེས་པ་རྗེས་སུ་འཇུག་སྟེ། ཨི་ཡ྄ རུ་བསྒྱུར་བ་ཡང་ངོ་། །སུ་དྷཱིའི་སྒྲའི་ཨཱི་ཡིག་གང་ཡིན་པ་འདི་དབྱངས་ཕ་རོལ་ལ་

ཨིཡ྄་རུ་བསྒྱུར་བར་འགྱུར་རོ། །ཡིག་གེ་གཅིག་མ་ཡིན་པ་དག་གི་ཞེས་པས་ཡ་ཉིད་འཐོབ་པ་ལའོ། །སུ་དྷི་ཡཽ། སུ་དྷི་ཡཱཿ། དབྱངས་ལ་ཞེས་པ་ཅེ་ཞེ་ན། སུ་དྷཱི་བྷིཿ། བྷཱུའི་ཝཪྴཱ་བྷཱུ་པུ་ནར་བྷཱུ་མ་ཡིན་པའི་འོ། །འདི་ནི་དྲུག་པའི་གཅིག་གི་ཚིག་གི་མཐའ་ཅན་ནོ། །ཨུ་ཡིག་རྗེས་

སུ་འཇུག་སྟེ་ཨུ་ཝ་རུ་བསྒྱུར་བའང་ངོ་། །བྷུའི་སྒྲའི་ཨཱུ་གང་ཡིན་པ་འདི་དབྱངས་ཕ་རོལ་ལ་ཨཱུ་ཝ་རུ་བསྒྱུར་བར་འགྱུར་རོ། །བཪྵཱ་བྷཱུ་དང་པུ་ནརུབྷཱུ་མ་ཡིན་པ་སྟེ། བཪྵཱ་བྷཱུ་དང་པུ་ནར་བྷཱུའི་སྒྲ་དག་གི་ནི་མི་འགྱུར་རོ། །ཡི་གེ་གཅིག་མ་ཡིན་པ་དག་གི་ཞེས་པས་ཝ་ཉིད་འཐོབ་

པ་ལའོ། །པྲ་ཏི་བྷཱུ་ཝཽ། པྲ་ཏི་བྷུ་ཝཿ། སོ་སོར་འབྱུང་བར་བྱེད་དོ་ཞེས་པས་ཀྭིཔ྄འོ། །བཪྵཱ་བྷཱུ་དང་པུ་ནར་བྷཱུ་དག་མ་ཡིན་པ་ཞེས་པ་ཅེ་ཞེ་ན། བཪྵ་བྷྭཽ། ཝཪྵཱ་བྷྭཿ། པུ་ནརྦྷྭཽཿ། པུ་ནརྦྷྭཿ། དགག་པ་ལན་གཉིས་བྱེད་པ་ལས་འདིར་ཨཱུ་ཝ་རུ་བསྒྱུར་བར་མི་འགྱུར་ཏེ། ཀཱ་ར་བྷྭཽ། ཀྭ་རབྷཿ།

ཡི་གེ་གཅིག་མ་ཡིན་པ་དག་ནི་བརྩེགས་པ་མ་ཡིན་པ་ལས་ཡ་ཝ་དག་གོ། །གཅིག་མ་ཡིན་པ་ནི་གཅིག་མིན་ནོ། །གང་དག་གི་ཡི་གེ་གཅིག་མ་ཡིན་པ་དེ་དག་ནི་ཡི་གེ་གཅིག་མ་ཡིན་པ་དག་གོ། །བརྩེགས་པ་མ་ཡིན་པ་ནི་བརྩེགས་པ་མིན་ནོ། །ཨཱིཏ྄་དང་ཨཱུཏ྄་དག་གི་ཞེས་པ་

ཁོ་ནའོ། །ཡི་གེ་གཅིག་མ་ཡིན་པ་སྟེ་དབྱངས་གཅིག་མ་ཡིན་པ་དག་གི་སྒྲའི་ཨཱིཏ྄་ཨཱུཏ྄་གང་ཡིན་པ་འདི་དག་ནི་དབྱངས་ཕ་རོལ་ལ་བརྩེགས་པ་མ་ཡིན་པ་ལས་ཕྱི་མ་དག་གི་ཡ་དང་ཝ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །ཨིཡ྄་ཨུཝ྄་འགོག་པའོ། །འགྱུར་བ་མེད་ཅིང་

เล่ม ๑๙๕ · หน้า 106b

གཡོ་བ་མེད་པ་ནི་ཕ་རོལ་དུ་རྗེས་སུ་འགྲོ་བ་མེད་དོ་ཞེས་པས་ཡི་གེའི་སྒྲ་དབྱངས་འཛིན་པའོ། །པྲདྷྱཽ། པྲདྷྱཿ། པྲས་སྔར་མར་རོ། །དྷའི་རྟོགས་པར་བྱེད་དོ་ཞེས་པས་ཀྭིཔ྄འོ། །གྲཱ་མ་ཎྱཽ། གྲཱ་མ་ཎྱཿ། ཡ་ཝ་ལྭཽ། ཡ་ཝ་ལྭཿ། ཡི་གེ་གཅིག་མ་ཡིན་པ་དག་གི་ཞེས་པ་ཅི་ཞེ་ན། ནི་ཡཽ། ལུ་ཝཽ།

བརྩེགས་པ་མ་ཡིན་པ་ལས་ཞེས་པ་ཅེ་ཞེ་ན། ཡ་ཝ་ཀྲི་ཡཽ། ཀ་ཊ་སྲུ་ཝཽ། བྱིངས་ཀྱི་བརྩེགས་པ་མ་ཡིན་པའི་ཁྱད་པར་གང་བཤད་པ་ལས་བྱིངས་ཀྱི་བརྩེགས་པ་ཞེས་པའོ། །དེས་ན་འདིར་དགག་པ་མི་འགྱུར་ཏེ། ཨུནྣྱཽ། ཨུནྣྱཿ། ཨུཏ་སྔ་མར་རོ། །ཨནའི་ཞེས་པ་ཀྭིཔའོ། །དབྱངས་

ལ་ཞེས་པ་ཅི་ཞེ་ན། གྲཱ་མ་ཎི་བྷྱཾ། ཡ་བ་ལཱུ་བྷྱཾ། ནིའི་སྒྲ་ནི་འདིར་ཁྱད་པར་གསལ་བར་བྱེད་པ་སྟེ། དེས་ན་ཨི་ཡིག་དང་ཨུ་ཡིག་མཐའ་ཅན་གྱི་བྱིངས་མི་ཟད་པའི་བྱེད་པ་གང་གི་ཚེ་སྔ་མ་ཡིན་པ་དེའི་ཚེ། ཡ་ཉིད་དང་ཝ་ཉིད་སོ་སོར་མི་འཇུག་གོ། །དེས་ན་འདིར་མི་འཇུག་སྟེ། པ་ར་མ་ཎི་ཡཽ། པ་ར་མ་ཎི་

ཡཿ། ཐོབ་པོ་ཞེས་པས་ཀྭིཔའོ། །པ་ར་མའི་སྒྲ་ནི་ལས་འཛིན་པའོ། །བྷྲཱུ་བྱིངས་བཞིན་ནོ། །བྷྲཱུའི་སྒྲ་ནི་བྱིངས་དང་འདྲ་བར་འགྱུར་ཏེ། དབྱངས་ཕ་རོལ་ལའོ། །ཇི་ལྟར་བྱིངས་ཀྱི་ཨཱུ་ཡིག་གི་མཐའ་ཨུ་ཝ་རུ་བསྒྱུར་བར་བརྗོད་པ་དེ་བཞིན་དུ། བྷྲཱུའི་སྒྲའི་འགྱུར་རོ་ཞེས་པའི་དོན་ཏོ། །བྷྲཱུ་ཝཽ་

བྷྲུ་ཝཿ། དབྱངས་ལ་ཞེས་པ་ཅེ་ཞེ་ན། བྷྲཱུ་བྷྱཱཾ། སྟྲི་ཡང་ངོ་། །སྟྲཱིའི་སྒྲ་ནི་བྱིངས་དང་འདྲ་བར་འགྱུར་ཏེ་དབྱངས་ཕ་རོལ་ལའོ། །ཇི་ལྟར་བྱིངས་ཨཱི་ཡིག་གི་མཐའི་ཨི་ཡ྄་རུ་འགྱུར་བར་བཤད་དེ་བཞིན་དུ། སྟྲཱིའི་སྒྲའང་གྱུར་རོ་ཞེས་པའི་དོན་ཏོ། །སྟྲི་ཡཽ། སྟྲི་ཡཿ། དབྱངས་ལ་

ཞེས་པ་ཅི་ཞེ་ན། སྟྲི་བྷིཿ། བྷྲཱུ་དང་སྟྲི་དག་བྱིངས་བཞིན་ནོ་ཞེས་བྱ་བ་ལ་སྦྱོར་བ་སོ་སོར་བཞག་པ་ནི་མདོ་ཕྱི་མའི་དོན་ཏོ། །ཨམ྄ཤས་དག་ལ་ཡང་ནའོ། །སྟྲཱིའི་སྒྲ་ནི་བྱིངས་དང་འདྲ་བར་ཡང་ན་འགྱུར་ཏེ། ཨམ྄་དང་ཤས་དག་ཕ་རོལ་ལོ། །སྟྲི་ཡམ྄། སྟྲཱི་མ། སྟྲི་ཡཿ། སྟྲིཿ། བྱིངས་

དང་འདྲ་བའི་ཕྱོགས་ལ་ཨི་ཡ་རུ་བསྒྱུར་རོ། །གཞན་ལ་ཨམ་དང་ཤས་དག་གི་དང་པོ་དབྱིའོ་ཞེས་པས་ཨ་ཡིག་དབྱིའོ། །བྷ་ཝནྟའི་བ་ལ་སོགས་པའི་སམྦུདྡྷི་ལ་ཨུ་ཉིད་དོ། །ཆ་ཤས་གང་གི་དང་པོ་ཝ་ཡིག་ཡིན་པ་དེ་ཝ་ལ་སོགས་པའོ། །བྷ་ཝནྟ་ཞེས་པ་འདིའི་གང་ཝ་ལ་སོགས་

เล่ม ๑๙๕ · หน้า 107a

པའི་ཆ་ཤས་ཏེ་ཝནྟའི་སྒྲ་གང་ཡིན་པ་དེའི་ནི་ཡང་ན་ཨུ་ཉིད་དུ་འགྱུར་ཏེ། སམྦུདྡྷི་ཕ་རོལ་ལའོ། །ཧེ་བྷོཿ། ཧེ་བྷ་ཝན྄། སམྦུདྡྷི་ལ་ཞེས་པ་ནི་ཞེ་ན། བྷ་ཝཱན། བྷ་ག་ཝནྟ་དང་ཨ་ག་ཝནྟ་ཞེས་པ་འདི་དག་གི་ཡང་ཝ་ལ་སོགས་པའི་ཨུ་ཉིད་དུ་ཡང་ན་བཤད་པར་

བྱ་སྟེ། སམྦུདྡྷི་ཕ་རོལ་དུ་གྱུར་པ་ལའོ། །ཧེ་བྷ་གོཿ། ཧེ་བྷ་ག་ཝན། ཧེ་ཨ་གོཿ། ཧེ་ཨ་ག་ཝན྄། རྟགས་བཟུང་བ་ན་རྟགས་ཀྱི་ཁྱད་པར་ཡང་བཟུང་བའོ་ཞེས་པའི་ཚིག་ལས་བྷ་ཝ་ཏཱིའི་སྒྲའི་འང་ཨུ་ཉིད་དོ། །ཧེ་བྷོ་བྲ་ཧྨ་ཎི་བ་ཏའི་སྒྲ་གང་ཡིན་པ་ནི་ཨུ་ཉིད་དོ། །ཕྱོགས་གཅིག་ལ། ཧེ་བྷ་

ཝ་ཏཱི་བྲཱ་ཧྨ་ཎི། མི་ཟད་པ་དང་སརྦ་ནཱ་མིའི་དབྱངས་ལས་སྔ་མར་ཨཀ྄ དང་ཀའོ། །མི་ཟད་པ་དང་སརྦ་ནཱ་མི་ནི་མི་ཟད་པ་སརྦ་ནཱ་མིའི་འོ། །མི་ཟད་པ་རྣམས་ཀྱི་སརྦ་ནཱ་མ་རྣམས་ཀྱིའང་མཐའི་དབྱངས་ལས་སྔ་མར་ཨ་ཀའི་རྐྱེན་ཡང་ན་འགྱུར་རོ། །ཨ་ཡིག་ནི་བརྗོད་པའི་དོན་ཏོ། །མི་

ཤེས་སྨད་དང་ཉུང་ངུའམ་ཆུང་། །དེ་བཞིན་ཐུང་ངུ་རྗེས་སུ་བརྩེ། །མིང་ལ་ཡང་ནི་མཁས་རྣམས་ཀྱི། །ཨཀ྄འི་རྐྱེན་དག་རབ་ཏུ་གྲགས། །འདི་མཐོ་བ་ཅི་ཡིན་མི་ཤེས་པ་ནི། ཨུཙྩ་ཀཻཿ། ཨུཙྩཻཿ། དེ་བཞིན་དུ། ནིཙྩ་ཀཻཿ། ནཱིཙྩཻཿ། ཤན་ཀཻ །ཤནཻཿ། དེ་བཞིན་དུ་མཐོན་

པོ་སྨད་པ་ནི། ཨུཙྩ་ཀཻཿ། ཨུཙྩཻཿ། སརྦ་ནཱ་མའི་ངེས་པར་ཡང་སྟེ། ཐམས་ཅད་མི་ཤེས་པ་ནི། སརྦ་ཀཿ། སརྦཿ། གང་སྨད་པ་ནི། ཡ་ཀཿ། ཡཿ། ས་ཀཿ། སཿ། ཨེ་ཥ་ཀཿ། ཁ་ཅིག་ཏུ་སརྦ་ནཱ་མའི་རྣམ་དབྱེའི་དབྱངས་ལས་སྔ་མར་ཨ་ཀའི་རྐྱེན་འདོད་དེ། ཁྱོད་ཀྱིས་མི་

ཤེས་པ་ནི། ཏྭ་ཡ་ཀཱ། །ཕྱོགས་གཅིག་ལ། ཏྭ་ཡཱ། དེ་བཞིན་དུ། མ་ཡ་ཀཱ། མ་ཡཱ། ཨཱ་ཁྱ་ཏའི་རྣམ་དབྱེ་ལས་ཀྱང་སྟེ། འཚེད་པ་མི་ཤེས་པ་ནི། པ་ཙ་ཏ་ཀི། །ཕྱོགས་གཅིག་ལ་པ་ཙ་ཏི། དེ་བཞིན་དུ། ཛ་ལྤ་ཏ་ཀི། །ཛ་ལྤ་ཏི། མི་ཟད་པ་དང་སརྦ་ནཱ་མའི་ཞེས་པ་ཅི་ཞེ་ན།

བྲྀཀྵཿ། མི་ཤེས་པ་ལ་སོགས་པའི་དོན་རྣམས་ལ་རྟགས་ལས་ཀའི་རྐྱེན་བཤད་པར་བྱ་སྟེ། མི་ཤེས་པ་འི་རྟ་ནི། ཨ་ཤྭ་ཀཿ། སྨད་པའི་རྟ་ནི་ཨ་ཤྭ་ཀཿ། ཏིལ་མར་ཉུང་ངུ་ནི། ཏཻ་ལ་ཀཾ། །ཐུང་ངུའི་ཤིང་ནི། བྲྀཀྵ་ཀཿ། རྗེས་སུ་བརྩེ་བའི་བུ་ནི། པུ་ཏྲ་ཀཿ། ལྷས་བྱིན་གྱི་མིང་།

เล่ม ๑๙๕ · หน้า 107b

ནི། དེ་བ་ཏཏྟ་ཀཿ། ཀའི་རྐྱེན་ལ་བུད་མེད་དུ་བྱས་པའི་ཨཱ་ཕ་རོལ་ལ་ཨཱ་ཡིག་སྔ་མ་ཨི་ཡིག་གོ། །བུད་མེད་རྣམས་ཀྱི་བྱ་བ་ནི་བུད་མེད་དུ་བྱས་པའི་འོ། །བུད་མེད་དུ་བྱས་པ་ཡང་འདི་ཡིན་ལ་ཨཱ་ཡིག་ཀྱང་ཡིན་པ་ནི། བུད་མེད་དུ་བྱས་པའི་ཨཱ་ཡིག་གོ། །ཀ་གང་ལས་

བུད་མེད་དུ་བྱས་པའི་ཨ་ཡིག་ཕ་རོལ་ཅན་ཏེ། ཀ་འདི་ནི་བུད་མེད་དུ་བྱས་པའི་ཨཱ་ཡིག་ཕ་རོལ་ཅན་ནོ། །ཀ་གང་ཡིན་པ་ལས་བུད་མེད་དུ་བྱས་པའི་ཨ་ཡིག་ཕ་རོལ་ཅན་དེ་ལ་ཀའི་རྐྱེན་ཕ་རོལ་ཏེ། གང་ཀ་ཡིག་གི་རྐྱེན་ཕ་རོལ་དུ་གནས་པ་ལ་སྔ་མའི་ཨ་ཡིག་རུ་བསྒྱུར་བར་འགྱུར་

རོ། །སརྦི་ཀཱ། བི་ཤྭི་ཀཱ། མི་ཟད་པ་དང་སརྦ་ནཱ་མའི་ཞེས་པས་ཨཀྲའི་རྐྱེན་ནོ། །བུད་མེད་ལ་ཨ་ལས་ཨཱཔ྄འོ། །འདིས་ཨི་ཉིད་དོ། །ཀཱ་རི་ཀཱ། ཧཱ་རི་ཀཱ། ཌུཀྲྀཉ་བྱེད་པ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །ཝུཎ྄ ཏྲྀ་ཙ་དག་གོ་ཞེས་པས་ཨུཎ྄འོ། །ཡུ་བུ་ཛྷ་རྣམས་ཀྱི་ཨན་ཨ་ཀ་ཨནྟ་

རྣམས་སོ་ཞེས་པས་ཨ་ཀ་རུ་བསྒྱུར་རོ། །ཀ་ཞེས་པ་ཅི་ཞེ་ན། ནནྡ་ནཱ། ཌུ་ན་དི་ཡང་དག་པར་སྦྱོར་བ་ལའོ། །ཨ་ལས་ཨིན་མཐའ་ལས་ནནྡི་སོགས་ལས་ཡུའོ་ཞེས་པས་ཡུའོ། །ཡུ་བུ་ཛྷ་རྣམས་ཞེས་པ་ཨ་ན་རུ་བསྒྱུར་རོ། །ཨཱའི་རྐྱེན་ནོ། །རྐྱེན་ལ་ཞེས་པ་ཅི་ཞེ་ན། ས་ཀཱ། ས་ཀཱ་ས། པ་

ཙ་ལ་སོགས་པར་བཀླགས་པའི་ཕྱིར་ཨཙའོ། །བུད་མེད་དུ་བྱས་པ་ཞེས་པ་ཅི་ཞེ་ན། སུ་ཏྲ་ཀཱ་མྱཱ། ཀཱ་མྱའང་ངོ་ཞེས་པས་ཀཱ་མྱའི་རྐྱེན་ནོ། །ཨཱ་ཡིག་སྨོས་པ་ཅི་ཞེ་ན། ནརྟ་ཀཱི། ནྲྀ་ཏཱི་ལུས་གཡོ་བ་ལའོ། །བཟོ་བོ་ལ་བུཥའོ། །སྔ་མ་བཞིན་དུ་ཨ་ཀ་རུ་བསྒྱུར་རོ། །ཡང་ན་ཞེས་པ་

འཇུག་སྟེ། དེའང་རྣམ་པར་གཞན་པ་རྣམ་པར་བཤད་པར་ལས་སོ། །དེས་ན། ཡཏ྄ ཏད྄ དག་མི་འགྱུར་ཏེ། ཡ་ཀཱ། ས་ཀཱ། མདོ་སྔ་མས་ཀའི་རྐྱེན་ནོ། །ཁ་ཅིག་ཏུ་ཡང་ན་འགྱུར་ཏེ། སུ་ཏི་ཀཱ། སུ་ཏ་ཀཱ། སུ་ཏྲི་ཀཱ། བྲྀནྡྲ་རི་ཀཱ། སྐར་མའི་དོན་ལ་ཡང་ན། ཏཱ་ར་ཀཱ།

གཞན་ལ། ཏཱ་རི་ཀཱ། ཕའི་ཉིན་མོའི་དོན་ཁོ་ན་ལ། ཨཥྚ་ཀཱ། གཞན་ལ། ཨཥྚི་ཀཱ། ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་བ་སློབ་མ་ལ་ཕན་པར་མིང་གི་རབ་ཏུ་བྱེད་པའི་རྐང་པ་གཉིས་པ་རྫོགས་སོ།། ༄༅། །ཚིག་ལས་ཡུཥྨད྄ ཨསྨད྄ དག་

เล่ม ๑๙๕ · หน้า 108a

གི་དྲུག་པ་བཞི་བ་གཉིས་པ་རྣམས་ལ་བས྄་ནས་དག་ཚིག་གོ། །ཨམ་ཤས྄་དག་ལ་ཡང་ནའོ་ཞེས་པའི་ཡང་ན་རྗེས་སུ་འཇུག་གོ། །ཡང་ཚིག་ལས་ཕ་རོལ་གྱི་ཡུཥྨད྄ ཨསྨད྄ དག་དང་འབྲེལ་པའི་དྲུག་པ་དང་བཞི་བ་དང་གཉིས་པ་རྣམས་ཀྱི་མང་ཚིག་གནས་པ་དེའི་

གྲངས་ཇི་ལྟ་བ་བཞིན་དུ་བས་དང་ནས་ཞེས་པ་འདི་དག་ཏུ་བསྒྱུར་བར་ཡང་ན་འགྱུར་རོ། །རུ་དྲོ་བཿ། པྲ་བྷཱུཿ། རུ་དྲོ་ནཿཔྲ་བྷུཿ། རུ་དྲོ་ཡུཥྨཱ་ཀཾ་པྲ་བྷུཿ། རུ་དྲོ་ཨསྨ་ཀཾ་པྲ་བྷུཿ། བཞི་པ་ལ། རུ་དྲོ་བོ་དཱ་སྱ་ཏི། རུ་དྲོ་ནོ་དཱ་སྱ་ཏེ། རུ་དྲོ་ཡུཥྨ་བྷྱཱཾ་དཱ་སྱ་ཏི། རུ་དྲོ་ཨསྨ་བྷྱཱཾ་དཱ་སྱ་ཏི། གཉིས་པ་ལ་

ཤི་པོ་བོ་ར་ཀྵ་ཏི། ཤི་བོ་ནོ་རཀྵ་ཏི། ཤི་བོ་ཡུཥྨ་ཀྵ་ཏི། ཤི་བོ་ཨསྨཱཾ་རཀྵ་ཏི། ཡུཥྨཏ྄་དག་གི་ཞེས་པ་ཅེ་ཞེ་ན། ཤི་བ་སྟེ་ཥཱཾ་སྭ་མཱི། །ཚིག་ལས་ཞེས་པ་ཅི་ཞེ་ན། ཡུཥྨཱ་ཀཾ །ཨསྨ་ཀཾ །དྲུག་པ་བཞི་པ་གཉིས་པ་རྣམས་ཞེས་པ་ཅི་ཞེ་ན། གྲྀ་ཧེ་ཡུ་ཡམ྄། ཝ་ནེ་ཝ་ཡམ྄། ཕྱི་

མ་ལ་གཉིས་ཉིད་དང་གཅིག་ཉིད་འང་ངོ་། །བསྒྱུར་བ་གཞན་རྣམས་ཀྱིས་འཆད་པར་འགྱུར་བ་ཉིད་ཀྱི་ཕྱིར་མང་པོ་ཉིད་ཁོ་ན་ལ་ཝས་དང་ནས་རྣམ་པར་ཤེས་པར་བྱའོ། །གཉིས་ཉིད་ལ་བཱན་ནཽ་དག་གོ། །མདོ་སྔ་མ་རྗེས་སུ་འཇུག་གོ། །ཝས྄་ནས྄་དག་ནི་ལྡོག་གོ། །ཚིག་ལས་ཕ་

རོལ་གྱི་ཡུཥྨད་ཨསྨད་དག་དང་འབྲེལ་བའི་དྲུག་པ་བཞི་པ་གཉིས་པ་རྣམས་ཀྱི་གཉིས་ཚིག་ཉིད་གནས་པ་གང་ཡིན་པ་དེའི་གྲངས་ཇི་ལྟ་བ་བཞིན་དུ། ཝན་དང་ནཽ་ཞེས་པ་འདི་དག་ཏུ་བསྒྱུར་བར་ཡང་ན་འགྱུར་རོ། །ཤི་བོ་བཱཾ་སྭཱ་མཱི། །ཤི་བོ་ནཽ་སྭཱ་མཱི། ཤི་བོ་ཡུ་བ་ཡོཿསྭཱ་མི། ཤི་བ་

ཨཱ་བ་ཡོཿ་སྭཱ་མི། བཞི་པ་ལ། ཤི་བོ་བཱནྡ་དཱ་ཏི། ཤི་བོ་ནཽ་ད་དཱ་ཏི། ཤི་བོ་ཡུ་བཱ་བྷྱཱཾ་ད་ད་ཏི། ཤི་བ་ཨཱ་བཱ་བྷྱཱཾ་ད་དཱ་ཏི། གཉིས་པ་ལ། ཤི་བོ་བཱན྄ རཀྵ་ཏི། ཤི་བོ་ནཽ་རཀྵ་ཏི། ཤི་བོ་ཡུ་པོ་རཀྵ་ཏི། ཤི་བ་ཨཱ་བཾ་རཀྵ་ཏི། ཨུཥྨད྄ཨསྨད྄་དག་གི་ཞེས་པ་ཅི་ཞེ་ན། ཤི་བསྟ་ཡོཿསྭཱ་མཱི།

ཚིག་ལས་ཞེས་པ་ཅི་ཞེ་ན། ཡུ་བ་ཡོཿ། ཡུ་བ་ཡོཿ། ཨཱ་བ་ཡོཿ། དྲུག་པ་བཞི་པ་གཉིས་པ་རྣམས་ལ་ཞེས་པ་ཅི་ཞེ་ན། ཀཱི་དྲྀ་ཤཽ་ཡུ་བཱམ྄། སོ་བྷ་ནཽ་ཨཱ་བཱཾ། ཏྭད྄་མད྄་དག་གི་གཅིག་ཉིད་ལ་ཏེ་མེ་སྟེ་སྟྭཱ་མཱ་ནི་གཉིས་པ་ལའོ། །འདིར་མདོག་གཅིག་ལ་མདོ་གསུམ་སྟེ། ཏྭད་མད་

เล่ม ๑๙๕ · หน้า 108b

དག་གི་གཅིག་ཉིད་ལ་ཞེས་མདོ་གཅིག་གོ། །འདིར་ཡུཥྨད྄་ཨསྨད་དག་གི་ཞེས་པ་རྗེས་སུ་འཇུག་ཅིང་གཞན་མ་ཡིན་ནོ། །ཏྭད྄་མད྄་ཅེས་པ་དྲུག་པ་འདིའང་དང་པོའི་གཉིས་ཚིག་གི་གནས་སུའོ་ཞེས་ཟེར་རོ། །དེས་ན་འདིའི་དོན་ནི་ཡུཥྨད་ཨསྨད་དག་གི་གཅིག་ཚིག་ལ་སྟེ། གཅིག་

ཉིད་ཀྱི་དོན་མངོན་པར་བརྗོད་པར་གྱུར་པ་ན་གྲངས་ཇི་ལྟ་བ་བཞིན་དུ། ཏྭད྄་དང་མད྄་ཅེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །ཏྭཱམ྄། མཱམ྄། མ་བསྒྱུར་བ་ལ་ཨེ་ཉིད་དོ་ཞེས་པས་ཨེ་ཉིད་དོ། །དེ་བཞིན་དུ། ཏྭ་ཡི། མ་ཡི། ཏ་བཱ་ཡ་ཏྭ་དཱི་ཡཿ། མ་མཱ་ཡཾ་མ་དཱི་ཡཿ། མ་མཱ་ཡཾ་མ་དཱི་ཡཿ། ཨཱི་ཡ་ནི་ཕན་པ་

ལའོ་ཞེས་པས་ནི་སྒྲ་ལ་ཨཱི་ཡའོ། །ཏ་བ་པུ་ཏྲཿ། ཏྭཏྤུ་ཏྲཿ། མ་མ་པུ་ཏྲཿ། ནཏྤུ་ཏྲཿ། གཅིག་ཉིད་ལ་ཞེས་པ་ཅི་ཞེ་ན། ཡུཥྨ་ཀ་མ་ཡཾ། ཡུཥྨ་དཱི་ཡཿ། ཨསྨ་ཀ་མ་ཡཾ། ཨསྨ་དཱི་ཡཿ། ཏེ་མེ་ལ་ཞེས་པ་མདོ་གཉིས་པའོ། །འདིར་ཏྭད་མད་དག་གི་ཞེས་པ་ལྡོག་ཅིང་གཅིག་

ཉིད་ལ་ཞེས་པ་ནི་འཇུག་གོ། །དྲུག་པ་དང་བཞིན་པ་བཟུང་ཞིང་ཚིག་ལས་ཡུཥྨད་ཨསྨད་དག་གི་ཚིག་ལ་ཞེས་པ་འདི་དང་ཡང་ན་ཞེས་པའང་ངོ་། །དེས་ན་དོན་འདི་ཡིན་ཏེ། གང་ཚིག་ལས་ཕ་རོལ་གྱི་ཡུཥྨད་ཨསྨད་དག་དང་འབྲེལ་བའི་དྲུག་པ་བཞི་པ་དག་གི་གཅིག་ཚིག་

ཉིད་གནས་པ་དེའི་གྲངས་ཇི་ལྟ་བ་བཞིན་དུ། ཏེ་དང་མེ་ཞེས་པ་འདི་དག་ཏུ་བསྒྱུར་བར་ཡང་ན་འགྱུར་རོ། །རུ་དྲ་སྟེ་སྭཱ་མི། རུ་དྲ་མེ་སྭཱ་མི། རུ་དྲ་སྟ་བས་སྭཱ་མཱི། །རུ་དྲོ་མ་མ་སྭཱ་མཱི། །བཞི་པ་ལ། རུ་དྲ་སྟེ་དཱ་སྱ་མི། རུ་དྲོ་མེ་དཱ་སྱ་ཏེ། རུ་དྲསྟུ་བྷྱཱཾ་དཱ་སྱ་ཏི། རུ་དྲོ་མ་ཧྱཾ་དཱ་སྱ་ཏི། ཡུཥྨཏ྄།

ཨསྨཏ་དག་གི་ཞེས་པ་ཅི་ཞེ་ན། རུ་དྲ་སྱ་སྭཱ་མཱི། །ཚིག་ལས་ཞེས་པ་ཅི་ཞེ་ན། ཏ་བ། མ་མ། ཏྭཱ་མ་ནི་གཉིས་པ་ལའོ་ཞེས་པ་ནི་མདོ་གསུམ་པའོ། །འདིར་ཚིག་ལས་ཡུཥྨཏ྄ ཨསྨད་ཏ་དག་གི་གཅིག་ཉིད་ཀྱི་ཚིག་ལ་ཡང་ན་ཞེས་པའང་འབྲེལ་ལོ། །གང་ཚིག་ལས་ཕ་རོལ་

གྱི་ཡུཥྨད྄དང་ཨསྨད་དག་དང་འབྲེལ་པ་གཉིས་པའི་གཅིག་ཚིག་ཉིད་གནས་པ་དེའི་གྲངས་ཇི་ལྟ་བ་བཞིན་དུ་ཏྭ་དང་མཱ་ཞེས་པ་འདི་དག་ཏུ་བསྒྱུར་བར་ཡང་ན་འགྱུར་རོ། །ནིའི་སྒྲ་ནི་མདོའི་དབྱེ་བ་གསལ་བར་བྱེད་པའོ། །རུ་དྲསྟྭ་རཀྵ་ཏི། རུ་དྲོ་མ་རཀྵ་ཏི། རུ་དྲ་ཏྭ་མ་རཀྵ་ཏི། རུ་

เล่ม ๑๙๕ · หน้า 109a

དྲོ་མ་རཀྵ་ཏི། རྐང་པའི་དང་པོ་དག་ལ་མ་ཡིན་ནོ། །རྐང་པའི་དང་པོ་ནི་རྐང་པ་དང་པོའོ། །ཚིག་ལས་ཡུཥྨད྄ཨསྨད་དག་གི་རྐང་པའི་དང་པོ་སྟེ། ཤློ་ཀའི་དང་པོ་དག་ལ་གནས་པར་གྱུར་པ་ན་གྲངས་ཇི་ལྟ་བ་བཞིན་དུ་བསྲ་དང་ནས་སོགས་སུ་བསྒྱུར་བར་

མི་འགྱུར་རོ། །བྷཱུ་ཡཱ་ཏ་ཨུ་མ་པ་ཏི་ར་སོ། །ཡུཥྨ་ཀཾ་བ་ར་དཿས་དཱ། ཝཱ་ལེནྡུ་སེ་ཁ་རཿཤྲཱི་མཱ་ན་སྨཱ་ཀ་མ་རི་སཱུ་ད་ནཿ། པྲ་ཎ་མཱ་མི་བི་བྷཱུ་ད་བཾ། ཡུ་བ་ཡོཿཔ་པ་ན་ཤ་ནཾ། ཏཱི་བྲ་བྷཀྟི་པི་ར་སྲཱ་སྱ་མཱ་ཝ་ཡོ་ར་པི་ཀཱནྟི་དཾ། པི་ནཱ་ཀཾ་ཀ་ཀྲྀས་ཡུཀྟནྟ་བ་ཙེ་ཏཿ། ས་ད་ནྲི་ཥུ། ཨ་ཏོ་ནཱ་

ཐ་བྷ་ཡཱརྟ་སྱ་མ་མཱ་ནུ་གྲ་ཧ་དོ་བྷ་བཿ། བྷཀྟྭ་ནཱཾ་ཤ་ར་ནཱ་ཐཾ་ཏྭ་ས་དཱ་བྷཱུ་ཝ་ཏེ་ཛ་ནཱཿ། བི་ལ་བནྟ་མ་ཏོ་དི་ནཱཾ་མཾ་སམྦུདྡྷར་བནྡྷཏ་དཏ། རྐང་བའི་དང་པོ་དག་ལ་ཞེས་པ་ཅི་ཞེ་ན། ཧ་ར་སྱ་བི་མ་ར་མཱ་བཱ་ཎཱ། བཱནྟུ་བོ་བི་ཏ་ཏ་ཏྭཱི་ཥཿ། ཡེ་བྷྱསྟྲི་སུ་རི་ཎ་པོ་ཥཱ་དྭི་བྷྱ་ཏྱ་པི་དཱ་ན་ཝ། ཚིག་ལས་ཕ་རོལ་གྱི་བོད་

པའི་ཚིག་ལ་ཝས྄་དང་ནས་སོགས་མི་འདོད་དེ། དེ་བ་དཏྟ་ཡུཥྨཱ་ཀཾ་གྲ་མཿ། དེ་བ་དཏྟ་ཨསྨཱ་ཀཾ་གྲཱ་མཿ། ཙ་སོགས་སྦྱོར་བ་ལ་ཡང་ངོ་། །གང་རྣམས་ཀྱི་དང་པོ་ཙ་ཡིག་ཡིན་པ་དེ་རྣམས་ནི་ཙ་ལ་སོགས་པའོ། །དེ་དག་སྦྱོར་བ་ནི་ཙ་སོགས་སྦྱོར་བའོ། །ཚིག་ལས་ཕ་རོལ་གྱི་ཡུཥྨད྄་

ཨསྨད་དག་ནི་ཙ་ལ་སོགས་པ་རྣམས་ཀྱི་སྦྱོར་བའི་འབྲེལ་བར་གྱུར་པ་ན་ཚིག་ལ་ཝས྄་དང་ནས྄་སོགས་སུ་བསྒྱུར་བར་མི་འགྱུར་རོ། །གྲཱ་མོ་ཡུཥྨ་ཀམ་ཙ། གྲཱ་མོ་ཨསྨ་ཀཾ་ཙ། གྲཱ་མོ་ཡུཥྨ་བྷྱཱཾ་ཝ་དཱི་ཡ་ཏེ། གྲཱ་མོ་ཨསྨ་བྷྱ་ཝཱ་དཱི་ཡ་ཏེ། གྲཱ་མོ་ཨསྨ་བྷྱཱཾ་ཝཱ་དཱི་ཡ་ཏེ། ཤི་ཤོ་ཡུཥྨཾ་ཙ་རཀྵ་ཏི།

ཤི་བོ་ཨསྨཉྩ་རཀྵ་ཏི། གྲཱ་མོ་ཡུ་ཝ་ཡོཤྩ་ཏི། གྲཱ་མོ་ཡུ་ཝ་ཡུཤྨ་སྭཾ། གྲཱ་མ་ཨ་ཝཱ་ཡོཤྩ་སྭཾ། གྲཱ་མོ་ཡུ་བཱ་བྷྱཱཾ་མ་ཙ་ད་ཡི་ཏེ། གྲཱ་མ་ཨཱ་ཝཱ་བྷྱཱཾ་ཙ་དཱི་ཡ་ཏེ། ཤི་ཝོ་ཡུ་ཝཱ་ཙ་རཀྵ་ཏི། ཤི་ཝ་ཨཱ་ཝཱཾ་ཙ་རཀྵ་ཏི། གྲཱ་མསྟ་ཝ་ཝ་སྭཾ། གྲཱ་མོ་མ་བ་སྭཾ། གྲཱ་མསྟུ་བྷྱཾ་ཝཱ་དཱི་ཡ་ཏེ། གྲཱ་མོ་མ་ཧྱཾ་བཱ་

དི་ཡ་ཏེ། རུ་དྲསྟྭ་མེ་ཝ་རཀྵ་ཏི། རུ་དྲོ་མཱ་མེ་བརཀྵ་ཏི། ཙ་དང་ཝ་དང་ཧཱ་དང་ཨ་ཧི་དང་ཨེ་བ་ཞེས་པ་ཙ་སོགས་ཏེ། འདི་རྣམས་ཁོ་ནས་སྦྱོར་བ་ལ་དགག་པ་འདི་བཤད་པར་བྱའི་གཞན་ལས་མ་ཡིན་ནོ། །ལྟ་བའི་དོན་གྱི་བྱིངས་རྣམས་ཀྱི་སྦྱོར་བ་ལས་ཝས྄་དང་ནས་སོགས་

เล่ม ๑๙๕ · หน้า 109b

སུ་མི་འདོད་དེ། མིག་གི་རྣམ་པར་ཤེས་པ་མ་ཡིན་པའི་དོན་ལའོ། །གྲཱ་མོ་ཡུཥྨ་ནཱི་ཀྵ་ཏེ། གྲཱ་མོ་ཨསྨཱ་ནཱི་ཀྵ་ཏེ། ཡང་དག་པར་ལྟ་བར་བྱེད་དོ། །མིག་གི་རྣམ་པར་ཤེས་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། རུསྡྲ་སྟྭཾ་པ་ཤྱ་ནི། རུ་དྲོ་མཱཾ་པ་ཤྱ་ཏི་མིག་རྣམས་ཀྱི་རྣམ་པར་ཤེས་པས་མཐོང་ངོ་ཞེས་

པའི་དོན་ཏོ། །འདི་རྣམས་ཀྱི་རྣམ་དབྱེ་ལ་མཐའ་དབྱིའོ། །ཡུཥྨད྄དང་ཨསྨད་དང་ཏྭད་དང་མད྄་འདི་རྣམས་ཀྱི་མཐའ་རྣམས་དབྱེ་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཡུཥྨ་བྷྱཾ། ཨསྨ་བྷྱཾ། བྷྱས་ནི་ཨ་བྷྱཾའོ་ཞེས་པས་ཨ་བྷྱཾ་ཏུ་འགྱུར་རོ། །ཡུཥྨཱ་སུ། ཨསྨཱ་སུ། གསལ་བྱེད་དང་པོ་ལ།

ཨཱ་ཉིད་དོ་ཞེས་པས་ཨཱ་ཉིད་དོ། །ཏྭཏ། མཏ྄། གཉིས་ཉིད་མ་ཡིན་པའི་ལྔ་པ་ནི་ཨཏོ་ཞེས་པས་ཨཏོའོ། །རྣམ་དབྱེའི་སྐབས་སུ་རྣམ་དབྱེ་སྨོས་པ་ནི་རྣམ་དབྱེ་དངོས་ལ་དབྱི་བའི་དོན་དུའོ། །དེས་ན་རྣམ་དབྱེ་གང་ལ་རྐྱེན་གྱི་མཚན་ཉིད་ཡོད་པ་མ་ཡིན་པ་དེ་ལ་དབྱི་བར་མི་འགྱུར་རོ། །

ཁྱོད་ཀྱི་བུ་ནི། ཡུཥྨཏྤུ་ཏྲཿ། དེ་བཞིན་དུ། ཨསྨཏྤུ་ཏྲཿ། ཡི་གེའི་མཐའི་སྒྲུབ་པའོ་ཞེས་པའི་ཚིག་ལས་མཐའ་གཟུང་བ་ཐོབ་པ་ལ་སླར་ཡང་མཐའ་སྨོས་པ་ནི་རྣམ་པར་གསལ་བའི་དོན་དུའོ། །ཡུཝ྄ཨཝཱ་དག་གཉིས་བརྗོད་པ་རྣམས་ལའོ། །གཉིས་དག་གི་དོན་རྣམས་བརྗོད་དེ་

ཞེས་ངག་བྱས་པ་ལ་བྲུའི་ཝ་ཙིའི་ཞེས་པས་ཝ་ཙི་རུ་བསྒྱུར་རོ། །གདོན་མི་ཟ་བ་དང་བུ་ལོན་ལེན་པ་དག་ལ་ཞེས་པས་ཎི་ནིའི་རྐྱེན་ནོ། །རྣམ་དབྱེ་ལ་ཞེས་པ་འཇུག་ཅིང་ཡུཥྨད་དག་གི་ཞེས་པའང་ངོ་། །ཡུཥྨད་དང་ཨསྨད་དག་ནི་གཉིས་བརྗོད་པ་རྣམས་ལ་ཏེ། གང་གཉིས་ཀྱི་

དོན་གྱི་ཚིག་སོ་སོར་རྣམས་ལ་གྲངས་ཇི་ལྟ་བ་བཞིན་དུ། ཡུ་ཝ་དང་ཨཱ་ཝ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་ཏེ་རྣམ་དབྱེ་ཕ་རོལ་ལའོ། །ཡུ་ཝཱཾ། ཨཱ་ཝྰཾ། ཡུ་ཝ་ཡོཿ། ཨཱ་ཝ་ཡོཿ། ཅི་སྟེ་གཉིས་བརྗོད་པ་རྣམས་ལ་ཞེས་པ་ཅིའི་ཕྱིར་ཀློག་པར་མི་བྱེད། དེ་ལྟར་ཡང་ནུས་པ་མ་

ཡིན་ཏེ། ཁྱེད་དག་འདས་པ་ནི་ཡིན་པ་ནི། ཨ་ཏི་ཡུ་ཝཱ་བྷིཿ། ཨ་ཏི་ཨ་ཝཱ་བྷིཿ། འདིར་ཡུ་ཝ་དང་ཨཱ་ཝ་དག་ཏུ་མི་འགྱུར་བས་སོ་ཞེ་ན། འདིར་སྨྲས་པ་ཡུཥྨད་དང་ཨསྨད་དག་ནི་གཉིས་བརྗོད་པ་ཉིད་དེ། རྣམ་དབྱེ་ནི་མ་ཡིན་ནོ། །དེའི་ཕྱིར་ཡུཥྨད྄་ཨསྨད྄་དག་གཉིས་བརྗོད་པ་

เล่ม ๑๙๕ · หน้า 110a

ཉིད་དུ་གྱུར་པ་ཐམས་ཅད་དུ་ཡུ་ཝ་དང་ཨ་ཝ་དག་ཏུ་འགྱུར་ཏེ། ཏྭམ་ཨ་ཧམྲདང་། ཡུ་ཡཾ་དང་ཝ་ཡཾ་དང་། ཏུ་བྷྱཾ་དང་མ་ཧྱ་མ་དང་། ཏ་ཝ་དང་མ་མ་ཞེས་པའི་བསྒྱུར་བ་འདི་རྣམས་མ་གཏོགས་པའོ། །དེས་ན་ཁྱེད་དག་འདས་པ་ནི། ཨ་ཏི་ཏྭམ྄། ཨ་ཏྱ་ཧམ྄།

ཁྱེད་དག་འདས་པ་ནི། ཨ་ཏི་ཡཱུ་ཡཾ། ཨ་ཏི་ཝ་ཡཾ། ངེད་དག་འདས་པའི་ཆེད་དུ་བྱ་བ་ནི། ཨ་ཏི་ཏུ་བྷྱཾ། ཨ་ཏི་མ་ཧྱམ྄། ཁྱེད་དག་འདས་པའི་ནི། ཨ་ཏི་ཏ་ཝ། ཨ་ཏི་མ་མ། ཨམ྄་དང་ཨཽའང་ཨཱ་མ྄འོ། །ཡུཥྨད྄་དང་ཨསྨད྄་དག་ལས་ཕ་རོལ་གྱི་ཨམ་དང་ཨཽ་ཞེས་པ་འདི་དག་ཀྱང་

ཨམ་དུ་བསྒྱུར་བར་འགྱུར་རོ། །ཏྭམ྄། མཱམ྄། ཡུ་ཝཾ། ཨཱ་ཝཱཾ། ཡུཥྨད྄་དང་ཨསྨད྄་འོ་ན་ལྷན་ཅིག་སྤྱོད་པ་ནི་ལྷན་ཅིག་སྤྱོད་པ་དག་གི་ཞེས་པའི་ཚིག་ལས་གཉིས་པའི་གཉིས་ཚིག་ཨཽ་ཡིག་ཁོ་ནའི་འགྱུར་རོ་ཞེ་ན། བདེན་ཏེ། ཁྱབ་པའི་རིགས་པ་ལས་ཐམས་ཅད་ཀྱི་འགྱུར་རོ། །ཤ་སའི་

ཨཱན྄འོ། །ཡུཥྨད྄་དང་ཨསྨད྄་དག་ལས་ཕ་རོལ་གྱི་ཤས྄་ནི་ཨན་དུ་བསྒྱུར་བར་འགྱུར་རོ། །ཡུཥྨཱནྦྲ་ཧྨ་ཎེ་ན། ཨསྨནྦྲ་ཧྨ་ཎེ་ན། ཤས྄་ལ་སྟེ་སའིའང་ནའོ་ཞེས་པ་འདིས་གྲུབ་པ་མ་ཡིན་ནམ་ཞེ་ན། ཨུཥྨཱ་ན་ཀུ་ལ་ནི་ཞེས་པ་འདིར་རྫས྄་ཤས྄་དག་གི་ཞེས་པ་ཤིའི་དངོས་པར་འགྱུར་བ་ལས་སོ། །སི་

ལ་རྣམ་དབྱེ་དང་བཅས་པ་དག་གི་ཏྭམ྄་ཧཾའོ། །རྣམ་དབྱེ་དང་ལྷན་ཅིག་འཇུག་པའི་ཡུཥྨད་ཨསྨད྄་དག་ནི་རྣམ་དབྱེ་དང་བཅས་པའོ། །ཡུཥྨད྄་དང་ཨསྨད྄་དག་ནི་སི་ཕ་རོལ་ལ་རྣམ་དབྱེ་དང་བཅས་པ་ཏྭམ྄་དང་ཨ་ཧམ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །ཏྭམ྄། ཨ་ཧམུ། རྫས྄་

ལ་ཡཱུ་ཡམ་ཝ་ཡམ྄འོ། །རྣམ་དབྱེ་དང་བཅས་པ་ཞེས་པ་རྗེས་སུ་འཇུག་གོ། །མདོ་ཕྱི་མ་དག་ལའང་ངོ་། །ཡུཥྨད྄་དང་ཨསྨད྄་ནི་ཛས་ཕ་རོལ་ལ་རྣམ་དབྱེ་དང་བཅས་པ་ཡཱུ་ཡཾ་དང་ཝ་ཡཾ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །ཡུ་ཡཾ། ཝ་ཡཾ། ངེ་ལ་ཏུ་བྷྱཾ་མ་ཧྱམ྄འོ་

ཡུཥྨད྄་དང་ཨསྨད་ནི་ངེའི་རྐྱེན་ཕ་རོལ་ལ་རྣམ་དབྱེ་དང་བཅས་པ་ཏུ་བྷྱཾ་དང་མ་ཧྱམ་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །ཏུ་བྷྱཾམྲ། མཧྱ་མ྄། ངས྄་ལ་ཏ་ཝ་མ་མའོ། །ཡུཥྨད྄དང་ཨསྨད་དག་ནི་ངས྄འི་རྐྱེན་ཕ་རོལ་ལ་རྣམ་དབྱེ་དང་བཅས་པ་དག་ཏ་ཝ་དང་མ་མ་ཞེས་པ་འདི་

เล่ม ๑๙๕ · หน้า 110b

དག་ཏུ་བསྒྱུར་བར་འགྱུར་རོ། །ཏ་ཝ། མ་མ། གཉིས་ཉིད་མ་ཡིན་པའི་ལྔ་པ་ནི་ཨཏ྄འོ། །ཡུཥྨད྄ དང་ཨསྨད྄ དག་ལས་ཕ་རོལ་གྱི་ལྔ་པ་ཨཏ་དུ་འགྱུར་ཏེ། གཉིས་ཉིད་མ་ཡིན་པ་སྟེ་གཉིས་ཉིད་ཀྱི་ཡུལ་གང་ཡིན་པ་དེ་དོར་ནས་སོ། །ཏྭཏ྄། མཏ྄། ཡུཥྨཏ྄། ཨསྨཏ྄།

གཉིས་ཉིད་ཅེས་པ་ཅི་ཞེ་ན། ཡུ་ཝཱ་བྷྱཾ། ཨཱ་ཝཱ་བྷྱཱཾ་ལྔ་པའོ། །བྷྱས྄ ནི་བྷྱཾའོ། །ཡུཥྨད྄ དང་ཨསྨད྄ དག་ལས་ཕྱི་མའི་བཞི་པའི་མང་ཚིག་བྷྱས་ནི་བྱམ་དུ་བསྒྱུར་བ་འཐོབ་པ། །ཡུཥྨ་བྷྱཾ་དཱི་ཡ་ཏེ། ཨསྨ་བྷྱཾ་དཱི་ཡ་ཏེ། སཱམ྄འི་ཨཱ་ཀ་མའོ། །ས་དང་བཅས་པའི་ཨཱམ྄་ནི་

སམའོ། །དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོ་ཞེས་པས་འདིར་དབྱི་བར་བྱ་ཞེས་འོས་པའི་རྐྱེན་ངེས་པར་བསྟན་པ་ལས་བཅས་པའི་སྒྲ་ཕྱིས་པའོ། །ཡུཥྨད་དང་ཨསྲད་དག་ལས་ཕྱི་མའི་སཱམ྄་ནི་ཨཱ་ཀམ་དུ་བསྒྱུར་བར་འགྱུར་རོ། །ཡུཥྨཱ་ཀཾ་མ། ཨསྨཱ་ཀམ྄། འོ་ན་

ཨམ྄་དང་སཱམ྄་འབྲལ་མེད་དུ་སྤྱོད་པའི་ཕྱིར་ས་ཡིག་གཟུང་བར་འགྱུར་རོ་ཞེས་པས་ས་ཡིག་ཉེ་བར་བླངས་པ་དོན་མེད་དོ་ཞེ་ན། བརྗོད་པར་བྱ་སྟེ། ཨཱ་ཀམ྄་དུ་བསྒྱུར་བར་བྱས་པ་ན་གང་ལ་སུ་ཡིག་ཨཱ་ག་མ་ཐོབ་པ་དེ་ལྡོག་པའི་དོན་དུའོ། །མ་བསྒྱུར་བ་ལ་ཨེ་ཉིད་དོ། །གནས་

པ་ནི་གནས་པའོ། །གང་ལ་བསྒྱུར་བའི་གནས་ཡོད་པ་དེ་ནི་གནས་ཅན་ནོ། །གང་བསྒྱུར་བ་ཡོད་པ་མིན་པ་ཅན་ཞེས་པ་འབྲུ་མང་པོ་པའོ། །ཡུཥྨད྄་དང་ཨསྨད྄་དག་གི་མཐའ་དེ་ནི་ཨེ་ཉིད་དུ་འགྱུར་དུ་འགྱུར་ཏེ། མ་བསྒྱུར་བ་སྟེ་བསྒྱུར་བའི་བྱ་བ་མེད་པའི་རྣམ་དབྱེའི་ཚིག་ཕ་རོལ་ལའོ། །

ཏྭ་ཡཱ། མ་ཡཱ། ཡུ་ཝ་ཡོཿ། ཨཱ་ཝ་ཡོཿ། ཏྭ་ཡི། མ་ཡི། མ་བསྒྱུར་བ་ལ་ཞེས་པ་ཅི་ཞེ་ན། ཏྭཏྲ། མ་ཏ། ཡུཥྨཏ། ཨསྨཏ྄། གཉིས་ཉིད་མ་ཡིན་པའི་ལྔ་པ་ནི་ཨཏའོ་ཞེས་པའི་ང་སི་དང་བྷྱས་ངག་ཨཏ་ཏུ་བསྒྱུར་རོ། །གསལ་བྱེད་དང་པོ་ལ་ཨཱ་ཉིད་དོ། །མ་བསྒྱུར་བ་ལ་ཞེས་པ་ཁོ་ནའོ། །

ཡུཥྨད་དང་ཨསྨད྄་དག་གི་མཐའ་ནི་ཨཱ་ཉིད་དུ་འགྱུར་ཏེ། གསལ་བྱེད་དང་པོ་ཅན་གྱི་མ་བསྒྱུར་བའི་རྣམ་དབྱེའི་ཚིག་ཕ་རོལ་ལའོ། །ཨ་ཉིད་འགོག་པའོ། །ཡུ་ཝཱ་བྷྱམ྄། ཨཱ་ཝཱ་བྷྱཱམ། ཡུཥྨ་བྷིཿ། ཨསྨ་བྷིཿ། ཡུཥྨཱ་སུ། ཨསྨཱ་སུ། མ་བསྒྱུར་བ་ལ་ཞེས་པ་ཅི་ཞེ་ན། ཡུཥྨཱ་བྷྱཱམ྄

เล่ม ๑๙๕ · หน้า 111a

ཨསྨཱ་བྷྱའམ། རཻའོ། །རཻའི་སྒྲ་ནི་ཨཱ་ཉིད་དུ་འགྱུར་ཏེ། གསལ་བྱེད་དང་པོ་ཅན་གྱི་རྣམ་དབྱེ་ཕ་རོལ་ལའོ། །རཱཿ། རཱ་བྷྱཱམ྄། རཱ་བྷིཿ། རཱ་སུ། གསལ་བྱེད་དང་པོ་ལ་ཞེས་པ་ཅི་ཞེ་ན། རཱ་ཡཽ། །རཱ་ཡཿ། རྣམ་དབྱེ་ལ་ཞེས་པ་ཅི་ཞེ་ན། ནོར་གྱི་དངོས་པོ་ནི། རཻ་ཏྭམ྄།

ཨཥྚ་ནའི་ཐམས་ཅད་ལའོ། །ཨཥྚ་ནའི་སྒྲའི་ནི་མང་པོའི་རྣམ་དབྱེ་ཕ་རོལ་ལ་ཨཱ་ཉིད་དུ་འགྱུར་རོ། །ཨཱཥྚཱ་བྷིཿ། ཨངབྟཿ ཨཥྚ་ནཱཾ། ཨཥྚ་སུ། དེ་ལས་རྫས་ཤས་དག་གི་ཨཽའོ། །དེ་ལས་ཏེ་ཨཥྚནའི་ཨཱ་ཡིག་ཏུ་བྱས་པ་ལས་ཕ་རོལ་གྱི་ཛས྄ཤས྄་དག་ཨཽ་ཡིག་ཏུ་བསྒྱུར་བར་

འགྱུར་རོ། །ཨཥྚཽ་ཏིཥྛནྟི། ཨཥྚཽ་པ་ཤྱ། དེ་ལས་ཞེས་པ་ཅི་ཞེ་ན། ཨཥྚཽ་ཏིཥྛནྟི། ཨཥྟ་པ་ཤྱ། དེ་ལས་སྨོས་པས་ཨཥྚན྄འི་སྒྲའི་ཨ་ཡིག་ཏུ་བྱས་པ་ཕ་རོལ་ཅན་རྟོགས་པར་བྱའོ། །འོ་ན་དེ་ལས་སྨོས་པ་ཛས྄་ཤས྄་དག་ཕ་རོལ་ཅན་གྱི་ཨ་ཡིག་ཏུ་བྱས་པ་ཁོ་ན་ལ་ཨཽ་རུ་འགྱུར་རོ་ཞེས་པ་

ཅི་ཞེ་ན། བརྗོད་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ལས་སྨོས་པའི་ཤེས་པར་བྱེད་པ་གང་ལས་ཨཥྚནའི་རྣམ་པར་བརྟག་པས་ཨ་ཉིད་དུ་འགྱུར་རོ་ཞེས་པའོ། །དེས་ན། ཨཥྚ་བྷིཿ། ཨཥྚ་བྷྱཿ། ཨཥྚ་སུ། ཨརྦནའི་རྦནྟི་ནི་ནཉ་མེད་ཅིང་སི་མ་ཡིན་པ་ལའོ། །ཨརྦན྄འི་སྒྲ་ནི་ཨརྦནྟི་

རུ་བསྒྱུར་བར་འགྱུར་རོ། །ནཉ་མེད་པ་ལ་སྟེ་གང་གི་ཚེ་ནཉའི་ཕ་རོལ་དུ་གྱུར་པ་དེའི་ཚེ་ནི་མི་འགྱུར་ཞིང་སི་མིན་པ་ལ་སྟེ་སི་ཡིག་ཕ་རོལ་ལ་མི་འགྱུར་རོ། །བསྒྱུར་བའི་ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཨརྦནྟཽ། ཨརྦནྟ་མ྄། ཨརྦ་ཏཱ། ཨརྦདྡྷྱཱཾ། ཨརྦདྡྷིཿ། ཨརྦཏྶུ། རྣམ་དབྱེ་

མ་ཡིན་པ་ལའང་འདོད་དེ། འདིའི་རྟ་ནི། ཨརྦཏམ྄། དེའི་འདི་ཞེས་པས་ཨཎའོ། །ཨརྦ་ཏཱི། རི་དང་ན་མཐའ་རྣམས་ལས་ཨཱིའོ། །ཨཱརྦ་ཏམ྄། ཡཎའང་སྟེ་རབ་ཏུ་གྲགས་པ་ལས་ཞེས་པས་ཡནའོ། །སི་མིན་པ་ལ་ཞེས་པ་ཅི་ཞེ་ན། ཨརྦཏ། ནཉ་མེད་པ་ལ་ཞེས་པ་ཅི་

ཞེ་ན། ཨནརྦ་ཎཽ། མ་གྷ་ཝན། ནི་སི་ལའང་མ་གྷ་ཝནྟུ་ཡང་ནའོ། །མ་གྷ་ཝནའི་སྒྲ་ནི་རྐྱེན་གཞན་ཕ་རོལ་དང་སི་ལའང་སྟེ་ས་ཡིག་ཕ་རོལ་ལའང་མ་གྷ་ཝནྟུ་བསྒྱུར་བར་ཡང་ན་འགྱུར་རོ། །མ་གྷ་ཝཱན྄། མ་གྷ་ཝནྟཽ། མ་གྷ་ཝནྟཿ། མ་གྷ་བདྷྱམ྄། མ་གྷ་ཝདྡྷིཿ། མགྷ་ཝཏྶུ།

เล่ม ๑๙๕ · หน้า 111b

བརྒྱ་བྱིན་འདི། མཱ་གྷ་ཝ་ཏཾ། བརྒྱ་བྱིན་གྱི་དངོས་པོ་ནི། མཱ་གྷ་ཝ་ཏྱམ྄། ཕྱོགས་གཅིག་ལ། མ་གྷ་ཝཱ། མ་གྷ་ཝཱ་ནཽ། མ་གྷ་ཝནཿ། མ་གྷོ་ནཿ། མ་གྷོ་ནཿ བརྒྱ་བྱིན་གྱི་འདི། མཱ་གྷ་ཝ་ནམ྄། ཛ་ར་དབྱངས་ལ་ཛ་རས་ཡང་ནའོ། །ཛ་རའི་སྒྲ་ནི་དབྱངས་ཕ་རོལ་ལ་ཛ་རས་སུ་བསྒྱུར་

བར་ཡང་ན་འཐོབ་པོ། །ཛ་ར་སཱ། ཛ་ར་ཡ། ཛ་རས། ཛ་རཱ་ཡེ། རྒ་བ་ལས་འདས་པའི་རིགས་རྣམས་ནི། ཨ་ཏི་ཛ་རཾ་སི། དྷུཊ་དང་དབྱངས་ལས་གྷུ་ཊ་ལ་ནུའོ། །ས་མཐའ་དང་མཧནྟ་དག་གི་ཞེས་པས་རིང་པོའོ། །ཕྱོགས་གཅིག་ལ། ཨ་ཏི་ཛ་རཱ་ཎི། དབྱངས་ལ་ཞེས་པ་ཅི་

ཞེ་ན། ཛ་རཱ་བྷྱཾ། ཛ་རཱ་བྷིཿ། ཏིཙ་ཏྭཱ་ར་དག་གི་བུད་མེད་ལ་ཏི་སྲྀ་ཙ་ཏ་སྲྀ་དག་རྣམ་དབྱེ་ལའོ། །ཡང་ན་ཞེས་ལྡོག་ཅིང་ལ་ཞེས་པའང་ངོ་། །ཏྲི་དང་ཙ་ཏྭཱར་ཞེས་པ་འདི་དག་བུད་མེད་ལ་འཇུག་བཞིན་པ་ན་རྣམ་དབྱེ་ཕ་རོལ་གྲངས་ཇི་ལྟ་བ་བཞིན་དུ་ཏི་སྲྀ་དང་ཙ་ཏ་སྲྀ་ཞེས་པ་འདི་དག་

ཏུ་བསྒྱུར་བར་འགྱུར་རོ། །ཏི་སྲཿ། ཙ་ཏ་སྲཿ། ཏི་སྲྀ་བྷིཿ། ཙ་ཏ་སྲྀ་བྷིཿ། ཏི་སྲྀ་ཥུ། བུད་མེད་ལ་ཞེས་པ་ཅི་ཞེ་ན། ཏ྄ ཡཿ། ཙ་ཏྭཱ་རཿ། ཏྲི་ནི། ཙ་ཏྭཱ་རི། རྣམ་དབྱེ་ལ་ཞེས་པ་ཅི་ཞེ་ན། གསུམ་རྣམས་ཀྱི་རྫོགས་པ་ནི་ཏྲྀ་ཏཱི་ཡ། བཞི་པ་རྣམས་ཀྱི་རྫོགས་པ་ནི། ཙ་ཏུརྠཱི། ར་ཥ་

དག་གི་མཐའ་ལ་ཌ་ཐའོ་ཞེས་པས་ཙ་ཏུར྄་ལ་ཐ་ཡིག་ཨཱ་ག་མའོ། །ན་ད་སོགས་ཉིད་ལས་ཨཱི་ཡིག་གོ། །དེ་དག་དབྱངས་ལ་རའོ། །དེ་དག་སྟེ་ཏི་སྲྀ་དང་ཙ་ཏ་སྲྀའི་སྒྲ་དག་གི་དབྱངས་ཕ་རོལ་ལ་ར་ཉིད་དུ་འགྱུར་རོ། །ངི་དང་གྷུཊ་དག་ལས་ཨར་དུ་བསྒྱུར་བ་ཐོབ་པ་དང་། ཤས་ལ་

ཨགྣི་བཞིན་དུ་བསྒྱུར་བ་ཐོབ་པ་དང་། ང་སི་ངས྄་དག་གི་རིཏ྄མཐའ་ལས་སྔ་མ་དང་བཅས་པའོ་ཞེས་པས་ཨུ་ཡིག་ཏུ་བསྒྱུར་བ་ཐོབ་པས་དེ་རྣམས་འགེགས་པའོ། །ཏི་པྲསྟིཥྛནྟི། ཙ་ཏ་སྲསྟིཥྛནྟི། ཏི་སྲཿ། པ་ཤྱ། ཙ་ཏ་སྲཿ། པ་ཤྱ། བྲམ་ཟེ་གང་དག་གི་དགའ་བ་གསུམ་

ཡིན་པ་དེ་དག་དགའ་བ་གསུམ་པ་སྟེ། དེ་ལས་ནི། པྲི་ཡ་ཏི་པྲ་ཨཱ་ག་ཏཿ། དེ་བཞིན་དུ། བྲི་ཡ་ཙ་ཏ་པྲ་ཨཱ་ག་ཏཿ། པྲི་ཡ་ཏི་སྲཿསྭམ྄། པྲི་ཡ་ཙ་ཏ་སྲཿསྭམ྄། པྲི་ཡ་ཏི་སྲི། པྲི་ཡ་ཙ་ཏ་སྲི། དབྱངས་ལ་ཞེས་པ་ཅི་ཞེ་ན། ཏི་སྲྀ་བྷིཿ། ཙ་ཏ་སྲྀ་བྷིཿ། ནཱམ་ལ་རིང་པོ་མ་ཡིན་ནོ། །ན་དང་ལྡན་པའི་

เล่ม ๑๙๕ · หน้า 112a

ཨཱམ྄ནི་ནཱམ྄འོ། །ནཱམ྄་དེ་ལས་ཏེ་ཏི་སྲྀ་དང་ཙ་སྲྀའི་སྒྲ་དག་གི་ནི་ན་ཡིག་ཨཱ་ག་མ་དང་ལྡན་པའི་ཨཱམ྄་ཕ་རོལ་ལ་རིང་པོར་མི་འགྱུར་རོ། །ནུ་དང་བཅས་པའི་ཨཱམ྄་ལ་རིང་པོའོ་ཞེས་པས་ཐོབ་པ་ལའོ། །ཏི་སྲྀ་ཎཱཾ། ཙ་ཏ་སྲི་ནཱམ྄། ནྲྀའི་ཡང་ནའོ། །ནྲྀའི་

སྒྲ་ནི་ཨཱམ་ཕ་རོལ་ལ་རིང་པོར་ཡང་ན་འགྱུར་རོ། །ནྲཱྀ་ནཱ། ཎི་ཎཱམ྄། ཏྱད་སོགས་རྣམས་ཀྱི་རྣམ་དབྱེ་ལ་ཨའོ། །ཏྱད་དང་ཏད་དང་ཡང་དག་ཨེ་ཏད་དང་ཨ་དས་དང་ཨི་དམ་དང་དྭི་སྟེ་འདི་རྣམས་ཏད་སོགས་རྣམས་ཏེ། འདི་རྣམས་ཀྱི་མཐའ་རྣམ་དབྱེ་ཕ་རོལ་ལ་ཨ་ཡིག་

ཏུ་བསྒྱུར་བར་འགྱུར་རོ། །སྱཿ། སཿ། ཡཿ། ཨེཥཿ། ཏྱད་སོགས་རྣམས་ཀྱི་ཞེས་པ་ཅི་ཞེ་ན། བྷ་ཝཱན྄། བྷ་ཝནྟཽ། བྷ་ཝནྟཿ། སླར་ཡང་རྣམ་དབྱེ་སྨོས་པ་ནི་རྣམ་དབྱེ་དངོས་ལས་ཏྱད་སོགས་ཀྱི་ཨ་ཉིད་ཀྱི་དོན་དུའོ། །དེ་ནས་རྣམ་དབྱེ་གང་ལ་རྐྱེན་གྱི་མཚན་ཉིད་ཡོད་པ་དེ་

ལ་མི་འགྱུར་ཏེ། དེའི་བུ་ནི། ཏཏྶུ་ཏྲཿ། ཏད་སོགས་རྣམས་ཀྱིའང་རྣམ་དབྱེ་དངོས་ལ་འདོད་དོ། །ཀིམ་ཀའོ། །ཀི་མའི་སྒྲ་ནི་རྣམ་དབྱེ་ཕ་རོལ་ལ་ཀ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཀཿ། ཀཽཿ། ཀེ ཀེན། ཀསྱཻ། དྭི་མ་ཡིན་པའི་ད་མའོ། །ཏྱད་སོགས་རྣམས་ཀྱི་ད་ཡིག་ནི་རྣམ་

དབྱེ་ཕ་རོལ་ལ་ན་ཉིད་དུ་འགྱུར་ཏེ། དྭི་མ་ཡིན་པ་སྟེ་དྭཱི་ད་ཡིག་ཉིད་མ་གཏོགས་སོ། །ཨི་མཽ། ཨི་མེ། ཨི་མཾ། ཨི་མཱན྄། དྭི་མ་ཡིན་པའི་ཞེས་པ་ཅེ་ཞེ་ན། དྭཽ། དྭཱ་བྷྱམ྄། སི་ལ་སའོ། །ཏྱད་སོགས་རྣམས་ཀྱི་ད་ཡིག་ནི་སི་ཕ་རོལ་ལས་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨ་སཽ།

ཏའིའང་ངོ་། །ཏྱད་སོགས་རྣམས་ཀྱི་ཏ་ཡིག་ནི་སི་ཕ་རོལ་ལ་ས་ཡིག་ཏུ་བསྒྱུར་བར་འགྱུར་རོ། །སྱཿ། སཿ། ཨེཥཿ། ཡིད་དམ྄ ཨི་ཡམ྄ སྟེ་སྐྱེས་པ་ལ་ཨ་མ་ཡའོ། །སི་ལ་ཞེས་པ་ཁོ་ནའོ། །ཏྭི་ཙ་ཏྭར་དག་གི་བུད་མེད་ལ་ཞེས་པའི་མདོ་དེའི་བུད་མེད་ལ་ཞེས་པ་འཇུག་གོ།

ཨི་དམ་གྱི་སྒྲ་ནི་བུད་མེད་ཀྱི་ཡུལ་ལ་སི་ཕ་རོལ་ལ་ཨི་ཡཾ་དུ་བསྒྱུར་བར་འགྱུར་རོ། །ཨི་དམ་གྱི་སྒྲ་སྐྱེས་པའི་ཡུལ་ལ་ནི་སི་ཕ་རོལ་ལ་ཨ་ཡཾ་དུ་བསྒྱུར་བར་འགྱུར་རོ། །ཨ་ཡྨཾ་གཽ་རཱིཿ། ཨ་ཡཾ་རུ་ཏྲཿ། མ་ནིང་ལ་ནི་བསྒྱུར་བ་མེད་པའི་ཕྱིར་ཨི་དམ་ཞེས་པ་ཁོ་ན་ཏེ། ཨི་དམ྄

เล่ม ๑๙๕ · หน้า 112b

ཝ་ནམ྄། གསལ་བྱེད་ལས་ཨཀ་མེད་པའི་ཨཏ྄འོ། །ཨི་དམ་གསལ་བྱེད་ལ་ཨཀའི་རྐྱེན་ཡོད་པ་མ་ཡིན་པ་དེ་ནི་ཨཀ་མེད་པའོ། །ཨི་དམ་ཞེས་པ་ཁོ་ནའོ། །ཨཀ྄་མེད་པ་སྟེ་ཨཀ྄འི་རྐྱེན་དང་བྲལ་བའི་ཨི་དཾ་ནི་རྣམ་དབྱེ་གསལ་བྱེད་ཕ་རོལ་ལ་ཨ་ཡིག་ཏུ་བསྒྱུར་བར་འགྱུར་

རོ། །ཨསྨཻ། ཨཱ་བྷྱཱཾ། ཨ་བྷིཿ། ཨེ་ཥུ། གསལ་བྱེད་ལ་ཞེས་པ་ཅི་ཞེ་ན། ཨི་མཽ། རྣམ་དབྱེའི་གསལ་བྱེད་ལ་ཞེས་པ་ཅི་ཞེ་ན། ཨི་དཾ་ཝཱན྄། ཨཀ་མེད་པ་ཞེས་པ་ཅི་ཞེ་ན། འདི་རྣམས་ཀྱི་མི་ཤེས་པ་ནི། ཨི་མ་ཀཻཿ། དེའི་དབུས་སུ་ལྷུང་བ་ནི་དེ་སྨོས་པས་གཟུང་པར་བྱའོ་ཞེས་

པས་ཨཀ་དང་བཅས་པའི་ཨི་དམ་པའི་འང་བསྒྱུར་བར་འགྱུར་རོ། །ཊཱ་ཨོས་དག་ལ་ཨ་ནའོ། །ཨཀ་མེད་པ་ཞེས་པ་རྗེས་སུ་འཇུག་སྟེ། སི་ལ་ཨཽ་ཏེ་སི་ཏེ་སི་དབྱི་བ་ཞེས་པ་འདི་ལས་གོང་དུའོ། །ཨཀ྄འི་རྐྱེན་དང་བྲལ་བའི་ཨི་དམ྄་ནི་ཊཱ་དང་ཨོས་ཞེས་པ་འདི་དག་ཕ་རོལ་ལ་ཨ་ན་རུ་བསྒྱུར་

བར་འགྱུར་རོ། །ཨ་ནེ་ན། ཨ་ན་ཡོཿ། ཨཀ྄ མེད་པ་ཞེས་པ་ཅི་ཞེ་ན། ཨི་མ་ཀེ་ན། ཨི་མ་ཀ་མོཿ། ཨེ་ཏད་འི་རྗེས་སུ་བསྟན་པ་ལ་གཉིས་པ་ལ་ཡང་ཨེ་ནའོ། །ཨི་དམ྄་དང་ཨེ་དང་ཨེ་ཏདའི་འང་གཉིས་པ་དང་ཊཱ་ཨོས་ཞེས་པ་འདི་རྣམས་ཕ་རོལ་ལ་ཨེ་ན་རུ་བསྒྱུར་བར་བཤད་པར་བྱ་

སྟེ། རྗེས་སུ་བསྟན་པའི་ཡུལ་ལའོ། །གང་དུ་གཅིག་གི་དངོས་པོ་ཅུང་ཟད་ཙམ་བསྒྲུབ་ནས་སླར་ཡང་གཞན་སྒྲུབ་པ་དེ་ནི་རྗེས་སུ་བསྟན་པའོ། །སློབ་མ་འདི་ལ་རིག་བྱེད་ཀློག་ཏུ་འཇུག །ཨ་ཐོ་ཨེ་ནཾ་བྱཱ་ཀ་ར་ཎ་མ་སྱ་དྱ་ས་ཡ། ཨེ་ནཾ་ཤི་ཥྱཾ་བ་དེ་མ་དྷྱ་ས་ཡ། ཨཐོ་ཨེ་ནཾ་བྱཱ་ཀ་

ར་ཎམ་སྱ་དྷྱཱ་ས་ཡ། སློབ་མ་འདིས་ཚིགས་བཅད་ཀློག །ཨ་ཐོ་ཨེ་ནེ་ན་བྱཱ་ཀ་ར་ཎ་མ་སྱ་དྷི་ཏམ྄། དེ་དག་གི་སློབ་མ་ངང་ཚུལ་བཟང་པོ་ནི། ཨ་ཐོ་ཨེ་ན་ཡོཿ། པྲ་བྷུ་ཏཾ་སྭཱཾ། དེ་ས་ཚིགས་བཅད་ཀློག །ཨ་ཐོ་ཨེ་ནེ་ན་བྱཱ་ཀ་ར་ཎམ་སྱ་དྷཱི་ཏམ྄། དེ་དག་གི་སློབ་མ་ངང་ཚུལ་

བཟང་པོ་ནི། ཨ་ཐོ་ཨེ་ན་ཡོ་པྲ་བྷཱུ་ཏཾ་སྭཾ། དེ་ལས་བྷིས྄བྷིང྄འོ། །དེ་ལས་ཏེ་ཨཀ྄་མེད་པའི་ཨི་དམ྄་ལས་ཕ་རོལ་གྱི་ནི་བྷིར་དུ་བསྒྱུར་བར་འགྱུར་རོ། །ཨེ་བྷིཿ། བྷི་སའི་བྷིར྄འི་ཚིག་ནི་ཨཻས་མི་འཇུག་པའི་དོན་དུའོ། །ཨཀ྄་མེད་པ་ཞེས་པ་ཅི་ཞེ་ན། འདི་རྣམས་ཀྱི་མི་ཤེས་པ་

เล่ม ๑๙๕ · หน้า 113a

ནི། ཨི་མ་ཀཻཿ། དེ་ལས་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཨ་དས྄་ལས་ཀྱང་ངོ་། །ཨཀ྄་མེད་པའི་ཨ་དས྄་ལས་ཕ་རོལ་གྱི་བྷིས་ནི་བྷིར་དུ་བསྒྱུར་བར་འགྱུར་རོ། །ཨ་མཱི་བྷིཿ། ཨཀ྄་མེད་པ་ཞེས་པ་ཅི་ཞེ་ན། ཨ་མུ་ཀེཿ། སིལ་

ཨཽ་སྟེ་སི་དབྱི་བའང་ངོ་། །ཨཀ་མེད་པ་ཞེས་པ་ལྡོག་གོ། །ཨ་དསའི་མཐའ་ནི་སི་ཕ་རོལ་ལ་ཨཽ་ཉིད་དུ་འགྱུར་ཞིང་སིའང་དབྱའོ། །ཨ་སཽ། ཨ་ས་ཀོ། མ་ལས་ཨུ་ཉིད་དོ། །གང་ཨ་དས་དང་འབྲེལ་པའི་མ་ཡིག་དེ་ལས་ཕ་རོལ་གྱི་ཡི་གེ་ནི་ཨུ་ཉིད་དུ་འགྱུར་རོ། །

ཨ་མུ། ཨ་མཱུ་ནཱ། ཨ་མུཥྨཻ། ཨ་མུཥྨཱཏ྄། ཨ་མུ་ཥྱ། ཨ་མུཥྨིན྄། གང་མ་ལས་ཕ་རོལ་གྱི་ཡི་གེ་དྭི་མ་ཡིན་པའི་མ་དེ་ལ་དེ་ལྟར་བསྒྱུར་བའི་གནས་ཀྱི་མཐའ་ལའོ་ཞེས་པའི་ཚིག་ལས་སོ། །མ་ལས་ཞེས་པ་ཅི་ཞེ་ན། ཨུ་མུ་ཀཱ་བྷྱཱཾ། ཀ་ལས་ཕ་རོལ་གྱི་

མི་འགྱུར་རོ། །མང་པོ་ཉིད་ལ་ནི་ཨེཏ྄ ཨཱི་ཉིད་དོ། །མ་ལས་ཞེས་པ་ཁོ་ནའོ། །ཨ་དས྄འི་མ་ཡིག་དེ་ལས་ཕ་རོལ་གྱི་མང་པོ་ཉིད་ཀྱི་ཡུལ་གྱི་ཨེ་ཡིང་ཨཱི་ཡིག་ཏུ་འགྱུར་རོ། །ཨུ་ཉིད་ཐོབ་པ་ལའོ། །ཨ་མཱི། ཨ་མཱི་བྷྱཿ། ཨ་མཱི་ཥཱ་མཱ། མང་པོ་

ཉིད་ལ་ཞེས་པ་ཅི་ཞེ་ན། ཨ་མུ། ཨ་དས྄། ཨཽའོ། །ཏྱད྄་ལ་སོགས་པའི་ཨ་ཉིད་དོ། །བུད་མེད་ལ་ཨ་ལས་ཨཱཔའོ། །ཨཽ་ཨཱིའོ། །ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ། །མ་ཉིད་དུ་བྱས་པ་ན་མ་ལས་ཨུ་ཉིད་དོ་ཞེས་པས་ཨུ་ཉིད་དོ། །ཨཔ྄འི་བྷ་ལ་དའོ།

ཨཔ྄་ཞེས་པ་འདིའི་རྣམ་དབྱེའི་བྷ་ཡིག་ཕ་རོལ་ལ་ད་ཉིད་དུ་འགྱུར་རོ། །ཨདྦྷིཿ། ཨདྦྷྱཿ། བྷ་ལ་ཞེས་པ་ཅི་ཞེ་ན། ཨཔྶུ། རྣམ་དབྱེ་སྨོས་པ་ནི་ཞེ་ན། ཆུ་རྣམས་ཀྱི་ཁུར་ནི། ཨབབྷཱརཿ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཨ་ན་ཌྭ་ཧ་ན་ཧི་ཝནྶ་རྣམས་ཀྱིའང་ངོ་། །

གང་རྣམས་ཀྱི་དང་པོ་གསལ་བྱེད་ཡིན་པ་དེ་རྣམས་ནི་གསལ་བྱེད་དང་པོ་རྣམས་སོ། །དེ་ནས་ཟླས་དབྱེ་བའང་ངོ་། །ཨ་ན་ཌྭ་ཧ་དང་ན་ཧི་དང་ཝནྶི་ཞེས་པའང་ཟླས་དབྱེ་བའོ། །ཨ་ན་ཌྭ་ཧའི་འང་ངོ་ཞེས་པས་ཨ་ན་ཌྭཧ་ཞེས་པ་འདིའི་ཨུ་ཉིད་དོ། །འདིས་ཧའི་དའོ། །ཚིག་མཐའ་

เล่ม ๑๙๕ · หน้า 113b

ལ་དྷུཊ་རྣམས་ཀྱི་ཞེས་པས་དའི་ཏའོ། །དེ་ནས་ལྔ་པའོ། །ཨ་ན་ཌྭ་ཧ་དང་ནཧ྄་དང་ཝནྶ་ཞེས་པ་འདི་རྣམས་ཀྱི་རྫོགས་པ་དང་གསལ་བྱེད་དང་པོ་ལ་ད་ཉིད་དུ་འགྱུར་རོ། །གྲོང་ཁྱེར་གང་ན་གླང་བཟང་པོ་ཡོད་པ་དེ་ནི། སྭ་ན་ཌུཏ྄། ཨ་ན་ཌུ་དྦྷྱཱམ྄། ཨ་ན་ཌུ་ཏྶུ། སྭ་ན་ཌུཏ྄་

ཅེས་པ་འདིར་རྫོགས་པ་དང་གསལ་བྱེད་དང་པོ་ལ་བརྗོད་པ་ནི་ཞེས་པས་ཨུ་ཉིད་དོ། །ཨུ་པཱ་ན་དྦྷྱཱཾ། ཨུ་པཱ་ནཏྶུ། གྲོང་ཁྱེར་གང་ན་མཁས་པ་དེ་ནི། སུ་བིདྭཏ྄། བི་དྭདྦྷིཿ། བི་དྭཏྶུ། ཨ་ན་ཌྭན྄་ཞེས་པ་འདིར་ན་ཡིག་གི་ད་ཉིད་དུ་མི་འགྱུར་ཏེ། ནུ་ཡིག་ཨཱ་ག་

མ་སྒྲུབ་པའི་ཤུགས་ལས་སོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། ཨ་ན་ཌྭ་ཧོ། ཨུ་པཱ་ན་ཧོ། བི་དྭཱནྶཽ། སུ་བྷ་སྨོས་པར་བྱ་བ་ལ་གསལ་བྱེད་སྨོས་པ་ནི་མཚུངས་པའི་གསལ་བྱེད་གཞན་ཕ་རོལ་གཟུང་བའི་དོན་དུའོ། །དེས་ན།

ཨ་ན་ཌུཏྟ། བི་དྭཏྟཱ། དངོས་པོ་ལ་ཏ་ཏྭ་དག་གོ་ཞེས་པས་ཏའི་རྐྱེན་ནོ། །སྨད་པའི་བ་ལང་ནི། །ཨ་ན་ཌྭ་ཏྤཱ་ཤ། ཅུང་ཟད་མ་རྫོགས་པའི་ལྷམ་ནི། ཨུ་པཱཏྐལྤ། སྨད་པའི་མཁས་པ་ནི། བིདྭཏྤཱ་ཤཿ། ཏ་མ་སོགས་ཉིད་ལས་ཀལྤ་དང་པཱ་ཤའི་རྐྱེན་དག་གོ། །

ཡང་ན་ཞེས་པ་འཇུག་སྟེ་དེའང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་སོ། །དེས་ན། དེ་ཕན་གྱི་ཡ་ཡིག་ལ་མི་འགྱུར་ཏེ། ཨ་ན་ཌུ་ཧྱམ྄། ཨོ་པ་ན་ཧྱམ྄། བཻ་དུ་ཥྱམ྄་དང་ཡཎའི་རྐྱེན་ནོ། །དེ་བཞིན་དུ་ཕྱི་མར་འང་ངོ་། །སྲ་སི་དྷྭས་དག་གི་འང་ངོ་། །རྫོགས་

བ་དང་གསལ་བྱེད་དང་པོ་ཞེས་པ་རྗེས་སུ་འཇུག་སྟེ། སམྦུདྡྷི་མ་ཡིན་པ་ལའོ་ཞེས་པ་འདི་ལས་གོང་དུའོ། །སྲནྶ་དང་དྷྭནྶ་ཞེས་པ་འདི་དག་གི་ཀྭིཔ྄་དང་ཨ་ནུ་ཥཾ་ག་དག་ཕྱིས་པར་གྱུར་པ་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ད་ཉིད་དུ་འགྱུར་རོ། །ཨུ་ཁཱ་

སྲཏ། ཨུ་ཁཱ་སྲདྦྷྱཱཾ། ཨུ་ཁཱ་སྲཏྟཱ། པརྞ་དྷྭཏ྄། པརྞ་དྷྭདྦྷྱཱཾ། པརྞ་དྷྭཏྟཱ། རླུང་ཡབ་ཀྱི་བྱེད་དོ། །ལོ་མ་འཇིག་པའོ་ཞེས་པས་ཀྭིཔ྄འོ། །ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་པས་ན་དབྱིའོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན།

เล่ม ๑๙๕ · หน้า 114a

ཨུ་ཁཱ་སྲ་སཽ། པརྞ་དྷྭ་སཽ། ཧ་ཤ་ཥ་ཙ་མཐའ་དང་ཡ་ཛ་སོགས་རྣམས་ཀྱི་ཌའོ། །ཧ་ཤ་ཥ་ཚ་འདི་རྣམས་ནི་ཧ་ཤ་ཥ་ཚ་མཐའ་རྣམས་སོ། །གང་རྣམས་ཀྱི་མཐའ་ཧ་དང་ཤ་དང་ཥ་དང་ཚ་ཡིན་པ་དེ་རྣམས་ནི་ཧ་ཥ་ཚ་མཐའ་འོ། །གང་རྣམས་ཀྱི་དང་པོ་ཡ་ཛ་ཡིན་པ་

དེ་རྣམས་ཡཛ྄་སོགས་སོ། །ཨི་ཙ་ལ་སྭ་པི་ཝ་ཙི་ཞེས་པས་སམྤྲ་སཱ་ར་ན་བྱས་པ་ཞེས་པའི་དངོས་པོ་ནི་ཡ་ཛཱ་དག་གོ། །དེ་ནས་ཟླས་དབྱེ་བའོ། །མཐའི་སྒྲ་ནི་སོ་སོར་རེ་རེ་ལ་འབྲེལ་ཏེ་ཧ་ཡིག་གི་མཐའ་ཅན་རྣམས་དང་། ཤ་ཡིག་གི་མཐའ་ཅན་རྣམས་དང་།

ཥ་ཡིག་གི་མཐའ་ཅན་རྣམས་དང་། ཚ་ཡིག་གི་མཐའ་ཅན་རྣམས་དང་། ཡ་ཛ་སོགས་རྣམས་ཀྱིའང་སྟེ། ཡ་ཛ་དང་སྲྀ་ཛ་དང་མྲྀ་ཛ་དང་རཱ་ཛ་དང་བྷྲ་ཛ་དང་བྲཤྩ་དང་པ་རི་པྲཱཛ་ཞེས་པ་འདི་རྣམས་ཀྱི་འང་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཌ་ཉིད་དུ་འགྱུར་རོ། །ཧ་ཡིག་གི་

མཐའ་ཅན་རྣམས་ཀྱི་ནི། མ་དྷུ་ལིཊ྄། མ་དྷུ་ལིཌྦྷྱཱཾ། སྤྲང་ཟ་བའི་དངོས་པོ་ནི། མ་དྷུ་ལིཊ་ཏྭམ྄། སྤྲང་ཟ་བ་སྨད་པ་ནི། མ་དྷུ་ལི་ཊཱ་པ་ཤ། ལི་ཧ་ཟ་བ་ལའོ། །སྤྲང་ཟ་བར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཤ་ཡིག་གི་མཐའ་ཅན་རྣམས་ཀྱི་ནི། སུ་བི་ཊ། སུ་བིཌྦྷྱཱཾ། བི་ཤ་འཇུག་

པ་ལའོ། །ལེགས་པར་འཇུག་གོ་ཞེས་པས་ཀྭིཔ྄འོ། །ཥ་ཡིག་གི་མཐའ་ཅན་རྣམས་ཀྱི་ནི། སུ་ཏྭི་ཊ། སུ་ཏྭིཊ྄ བྷྱཿ། སུ་ཏྭིཊ྄ ཏྭམ། ཏྭཥ་འོད་ལའོ་འོད་མཛེས་སོ་ཞེས་པས་ཀྭིཔ྄འོ། །དེ་བཞིན་དུ། ཥཊ྄། ཥཌྦྷྱཿ། དྲུག་གི་དངོས་པོ་ནི། ཥཊ་ཏྭམ྄། ཚ་ཡིག་གི་མཐའ་ཅན་རྣམས་

ཀྱི། ཤབྡ་པྲཱཏ྄། ཤབྡ་པྲཱཌྦྷྱཱཾ། ཤབྡ་པྲཱཊ་ཏྭམ྄། པྲཙྪ་འདྲི་བ་ལའོ། །སྒྲ་འདྲི་བར་བྱེད་དོ་ཞེས་དཔས་ཀྭིཔ྄འོ། ཝཙ། པྲིཙྪ། ཤྲི་དྲུ་སྲུ་ཛུ་རྣམས་ཀྱི་རིང་པོ་དང་སཾ་པྲ་སཱ་ར་ཎ་མེད་པའང་ངོ་ཞེས་པས་ཀྭིཔ་སྟེ་རིང་པོ་འང་ངོ་། །ཡ་ཛ་སོགས་རྣམས་ཀྱི་ནི། དེ་ཝེ་ཊ། དེ་ཝེཌྦྷྱཱམ྄།

དེ་ཝེཊ་ཏྭམ། ཡཛ་ལྷ་མཆོད་པ་ལའོ། །ལྷ་རྣམས་མཆོད་པར་བྱེད་ཅེས་པས་ཀིཔ྄འོ། །སྭཔི་ཝཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ར་ཛ་ཛུ་སྲྀ་ཊ། ར་ཛ་ཛུ་སྲྀཌྦྷྱཱཾ། ར་ཛ་ཛུ་སྲྀཊ་ཏྭམ྄། སྲྀཛ་བསྒྱུར་བ་ལའོ། །ཐག་པ་སྒྱུར་པར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཀཾ་ས་པ་རི་མྲྀཊ། ཀཾ་ས་པ་

เล่ม ๑๙๕ · หน้า 114b

རི་མྲྀཊ྄་ཏྭམ྄། མྲྀ་ཛུ་ཥ་དག་པ་ལའོ། །སྡེར་ཡང་དག་པར་འཁྲུད་དོ་ཞེས་པས་ཀྭིཔའོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། མ་དྷུ་ལི་ཧཽ། དེ་ཝེ་ཛོ། ཡང་ན་ཞེས་པ་འཇུག་སྟེ། དེའང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་སོ། །དེས་ན་འདིར་

མི་འགྱུར་ཏེ། སརྦིཿཥུཿ། དྷནུཿཤུ། དོ་ཥུ། ད་དང་པོའི་ཧའི་གའོ། །གང་གི་དང་པོ་ད་ཡིག་ཡིན་པ་དེ་ནི་ད་དང་པོའོ། །བྱིངས་ཀྱི་ཆ་ཤས་ཀྱི་ད་དང་པོའི་ཧ་ཡིག་མཐའ་ཅན་གྱི་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ག་ཉིད་དུ་འགྱུར་རོ། །གོ་དྷུཀ། གོ་དྷུགྦྷྱཱཾ། གོ་དྷུཀྟྭམ྄།

དུ་ཧ་འཇོ་བ་ལའོ། །འཇོ་བའོ་ཞེས་པས་ཀྭིཔ྄འོ། །ཧ་དང་བཞི་པ་མཐའ་ཅན་གྱི་ཞེས་པས་དའི་དྷོའོ། །ཧ་ཉིད་དུ་བྱས་པ་ན་མ་བྱས་པ་ཉིད་དང་འདྲ་བར་འགྱུར་རོ། །འདིས་ཧའི་གའོ། །ད་དང་པོའི་ཞེས་པ་ཅི་ཞེ་ན། མ་དྷུ་ལིཊ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་

ཞེས་པ་ཅི་ཞེ་ན། གཽ་དུ་ཧཽ། ཙ་སྡེ་དང་དྲྀ་ཤ་སོགས་རྣམས་ཀྱིའང་ངོ་། །ཙའི་སྡེ་པ་ནི་ཙ་སྡེའོ། །གང་རྣམས་ཀྱི་དང་པོ་དྲྀ་ཤ་ཡིན་པ་དེ་རྣམས་ནི་དྲྀ་ཤ་སོགས་རྣམས་སོ། །གང་གསལ་བྱེད་མཐའ་ཅན་གྱི་སུ་བྷ་དག་ལའོ་ཞེས་པའི་ཚིག་ལས་ག་ཉིད་དོ། །དེ་ནས་ཟླས་དབྱེ་བའོ། །

ཙ་སྡེའི་མཐའ་ཅན་གྱི་སྒྲ་དང་དྲྀ་ཤ་སོགས་རྣམས་ཀྱིའང་སྟེ། དྲྀ་ཤ་དང་སྤྲྀ་ཤ་དང་རྀ་ཏྭི་ཛ་དང་ད་དྷྲྀ་ཥ་དང་། པྲི་ཛ་དང་དི་ཤ་དང་ཨུཥྣི་ཧ་ཞེས་པ་འདི་རྣམས་ཀྱི་མཐའ་ནི་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ག་ཉིད་དུ་འགྱུར་རོ། །སྲཀ྄། །ས་གྦྷྱཱམ། སྲཀྟྭམ྄། སུ་ཡུཀྲ།

སུ་ཡུགྦྷྱཱམ྄། སུ་ཡུཀྟྭཾ། སུ་ཡུ་ཛིར་སྦྱོར་བ་ལའོ། །མཛེས་པར་སྦྱོར་རོ་ཞེས་པས་ཀྭིཔ྄འོ། །དྲྀ་ཤ་སོགས་རྣམས་ཀྱི་ནི། ཏྲྀཀ྄། ཏྲྀགྦྷྱཱཾ། དྲྀཀྟྭམ྄། ད་དྷྲིཀ྄། ད་དྷྲྀགྦྷྱཱམ྄། ད་དྷྲྀཀྟྭཾ། སྤྲྀཀ྄། སྤྲྀགྦྷིཿ། སྤྲྀཀྟྭཾ། ཨུཥྣིཀ྄། ཨུཥིགྦྷྱཱམ྄། ཨུཥྣི་ཀྟྭཾ། རྫོགས་པ་དང་གསལ་བྱེད་དང་

པོ་རྣམས་ལས་ཞེས་པ་ཅི་ཞེ་ན། པྲྀ་དོ། རྀ་ཏྭི་ཛཽ། མུ་ཧ་སོགས་རྣམས་ཀྱི་ཡང་ནའོ། །མུ་ཧ་དང་དྲུ་ཧ་དང་ཥྣི་ཧ་ཞེས་པ་འདི་རྣམས་ཀྱི་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཉིད་དུ་ཡང་ན་འགྱུར་རོ། །དྲུ་ཧའི་ད་དང་པོའི་ཧའི་གའོ་ཞེས་པས་ག་ཉིད་རྟག་ཏུ་ཐོབ་པ་ལའོ། །

เล่ม ๑๙๕ · หน้า 115a

གཞན་རྣམས་ཀྱི་ནི་ཐོབ་པ་མ་ཡིན་ནོ། །ཨུནྨུཀ྄། ཨུཾ་མུགྦྷྱཱཾ། ཨུནྨུཀྟྭམ྄། ཨུནྨུཊ། ཨུནྨུཌྦྷྱཾ། ཨུནྨུཊ་ཏྭཾ། མུན་རྨོངས་པ་ལའོ། །ཨུཏ྄་སྔ་མར་རོ། །ཤིན་ཏུ་རྨོངས་པར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཤ་ཏྲུ་དྷྲུཀ྄། ཤ་ཏྲུ་དྷྲུགྦྷྱཱཾ། ཤ་ཏྲུ་དྷྲུཀྟྭཾ། ཤ་ཏྲུ་དྷྲུཊ྄། ཤ་

ཏྲུ་དྷྲུཌྦྷྱཱཾ། ཤ་ཏྲུ་དྷྲུཊ་ཏྭཾ། དྲུ་ཧ་འཁུ་བ་ལའོ། །དགྲ་ལ་འཁུ་བར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཧ་དང་བཞི་པ་མཐའ་ཅན་གྱི་ཞེས་པས་ད་དྷའོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། ཨུ་ན་མུ་ཧཽ། བྱིངས་ཧ་དང་བཞི་པ་མཐའ་ཅན་གསུམ་པ་དང་པོ་ཅན་གྱི་

དང་པོ་བཞི་པ་ཉིད་དེ་མ་བྱས་པ་དང་འདྲའོ། །ཧ་དང་བཞི་པ་ནི་ཧ་བཞི་པ་དག་གོ། །དེ་དག་གི་མཐའ་ཅན་གང་ཡིན་པ་དེ་ནི་ཧ་དང་བཞི་པ་མཐའ་ཅན་ནོ། །གང་གི་དང་པོ་ན་གསུམ་པ་ཡོད་པ་དེ་ནི་གསུམ་པ་དང་པོ་ཅན་ནོ། །དང་པོ་བཞི་པ་དེའི་དངོས་པོ་ནི་དང་པོ་བཞི་པ་ཉིད་དོ། །མ་བྱས་པ་

ནི་མ་བྱས་པ་དང་འདྲ་བའོ། །བྱིངས་ཀྱི་ཆ་ཤས་ཧ་ཡིག་གི་མཐའ་ཅན་དང་བཞི་པའི་མཐའ་ཅན་དག་གི་གསུམ་པ་དང་པོ་ཅན་གང་ཡིན་པ་དེ་ནི་རང་གི་སྡེ་པ་སོ་སོའི་བཞི་པར་བསྒྱུར་བར་འགྱུར་ཏེ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལའོ། །དེ་བཞིན་དུ། དང་པོ་བཞི་པ་ཉིད་

དུ་མ་བྱས་པ་དང་འདྲ་བར་འགྱུར་རོ། །དེས་ན་ད་དང་པོའི་ཧའི་གའོ་ཞེས་པས་ག་ཉིད་དུ་བྱས་པ་ད་ལ་ཡང་བཞི་པ་ཉིད་འཇུག་གོ། །གོ་དྷུཀ྄། གོ་དྷུགྦྷྱཱཾ། གོ་དྷུཀྟྭཾ། ཀཱཥྚ་དྷཀ྄། ཀཱཥྚ་དྷགྦྷྱཱཾ། ཀཱཥྚ་དྷཀྟྭམ྄། དཧ་ཐལ་བར་བྱེད་པ་ལའོ། །བུད་ཤིང་སྲེག་པར་བྱེད་དོ་ཞེས་པས་ཀྭིཔ྄འོ། །

ནི་གྷུཊ྄། ནི་གྷུཌྦྷྱཱཾ། ནི་གྷུཊ྄ ཏྭཾ། གུ་ཧཱུ་ཉེ་བར་ལེན་པ་ལའོ། །ནི་སྔ་མར་རོ། །ཉེ་བར་ལེན་པར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཨརྠ་བྷུཏ྄། ཨརྠ་བྷུདྦྷྱཱཾ། ཨརྠ་བྷུཏྟྭཾ། པུདྷ་རྟོགས་པ་ལའོ། །དོན་རྟོགས་པའོ་ཞེས་པས་ཀྭིཔ྄འོ། །བི་དྷཔ྄། བི་དྷགྦྷྱཱཾ། བི་དྷཔྟྭཾ། དནྦུ་ཚུལ་འཆོས་པ་

ལའོ། །རྣམ་པར་འཆོས་པར་བྱེད་དོ་ཞེས་པས་ཀྭིཔ྄འོ། །ཨིཏ྄་རྗེས་སུ་འབྲེལ་བ་མ་ཡིན་པ་ཞེས་ན་དབྱིའོ། །ཧ་དང་བཞི་པ་མཐའ་ཅན་གྱི་ཞེས་པ་ཅི་ཞེ་ན། སུ་གཎ། སུ་གཾབྷྱཱཾ། གཎ་བགྲང་བ་ལའོ། །སུ་སྔ་མར་རོ། །ལེགས་པར་བགྲང་ངོ་ཞེས་པས་ཀྭིཔ྄འོ། །བྱིངས་ཀྱི་ཆ་

เล่ม ๑๙๕ · หน้า 115b

ཤས་ཀྱི་ཞེས་པ་ཅི་ཞེ་ན། དཱ་མ་ལི་ཊ། ལི་ཧ་རོ་མྱང་བ་ལའོ། །ཀུན་ནས་མྱོང་ངོ་ཞེས་པས་ཀྭིཔ྄འོ། །གསུམ་པ་དང་པོ་ཅན་གྱི་ཞེས་པ་ཅི་ཞེ་ན། བི་ཀྲུཏ྄། ཀྲུ་དྷ་ཁྲོ་བ་ལའོ། །རྣམ་པར་ཁྲོ་བོ་ཞེས་པས་ཀྭིཔ྄འོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། གོ་

དུ་ཧོ། འོ་ན་དང་པོ་བཞི་པ་ཉིད་དུ་བྱས་པས་ན། ད་དང་པོའི་ཧའི་གའོ་ཞེས་པའི་མདོ་བརྩམས་པའི་ནུས་པ་ལས་ག་ཉིད་དུ་འགྱུར་རོ་ཞེས་པས། ཅིའི་ཕྱིར་མ་བྱས་པས་དང་འདྲ་བ་སྨོས་ཤེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། མདོ་བརྩམས་པའི་ནུས་པ་ཉིད་ལས་ད་དང་པོའི་བྱིངས་དག་

གི་དང་པོ་བཞི་པ་ཉིད་དུ་མི་འགྱུར་བས་སོ། །ས་ཛུ་ཥ་དང་ཨཱ་ཤཱི་ཤ་དག་གི་རའོ། །ས་ཛུཥ་དང་ཨཱ་ཤཱིཥ་ཞེས་པ་འདི་དག་གི་རེ་ཕར་འགྱུར་ཏེ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལའོ། །ཧ་ཤཥ་ཚ་མཐའ་ཞེས་པས་ཌ་ཉིད་ཐོབ་པའོ། །ས་ཛཱུཿ། ས་ཛཱུ་རཱ་བྷྱཱཾ། ས་ཛུ་སྟྭཾ། ཨཱ་ཤཱིཿ།

ཨཱ་ཤཱིརྦྷྱཱཾ། ཨཱ་ཤཱིསྟྭཾ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། ས་ཛུ་ཥཽ། ཨཱ་ཤཱི་ཥཽ། ཨཱ་ཤིར་སྒྲའི་ཨཱངའི་ཕ་རོལ་ནི་བ་ཏྱ་པ་བ་གཙོ་བོ་སྟེ། དེས་ན། མི་ཏྲ་ཤཱིཿ། ཨཱརྻཤཱིཿ། གྲོགས་པོ་སྟེན་པར་བྱེད་དོ། །འཕགས་པ་སྟེན་པར་བྱེད་དོ་ཞེས་པས་

ཀྭིཔ྄འོ། །ཨིར྄་ཨུར྄་དག་ནི་ཨཱིར་ཨཱུར་དག་གོ། །བྱིངས་ཀྱི་ཞེས་པ་ཁོ་ནའོ། །བྱིངས་ཀྱི་ཨིར་དང་ཨུར་དག་གང་ཡིན་པ་དེ་ནི་གྲངས་ཇི་ལྟ་བ་བཞིན་དུ། ཨཱིར་དང་ཨཱུར་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་ཏེ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལའོ། །གཱིཿ། གཱིརྦྷྱཱཾ།

གཱི་སྟྭཾ། དྷུཿ། དཧཱུརྦྷྱཱཾ། དྷཱུསྟྭཾ། གྲི་རྣམ་པར་གནོན་པ་ལའོ། །དྷུརྦཱི་འཚེ་བ་ལའོ། །གནོན་ནོ། །འཚེའོ་ཞེས་པས་ཀྲྀ་ཏྱ་དང་ཡུཊ་རྣམས་གཞན་ལ་ཡང་ངོ་ཞེས་པས་ཀྭིཔ྄འོ། །རཱྀཏ་མཐའི་ཨིརའོ། །ར་ལས་དབྱི་བར་བྱ་བ་དག་གོ་ཞེས་པས་ཝ་དབྱིའོ། །བྱིངས་ཀྱི་ཞེས་པ་ཅི་ཞེ་ན།

སརྤིརྦྷྱཱཾ། དྷ་ནུརྦྷྱཱཾ། ཨིས་ཨུས་དོས་རྣམས་ཀྱི་ཞེས་པས་རའོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། གི་རཿ། དྷུ་རཿ། ཨ་ཧནའི་སའོ། །ཨ་ཧན་ཞེས་པ་འདིའི་རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ས་ཉིད་དུ་འགྱུར་རོ། །ཨ་ཧཿ། མ་ནིང་ལ་

เล่ม ๑๙๕ · หน้า 116a

སེ་ཨམ྄་དག་གི་ཞེས་པས་སི་དབྱེའོ། །ཨ་ཧོ་བྷིཿ། ཨ་ཧོ་བྷྱཱཾ། ཨ་ཧསྟྭཾ། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། ཨ་ཧཱ་ནཱི། །བརྩེགས་པའི་མཐའ་དབྱིའོ། །བརྩེགས་པའི་མཐའ་ནི་བརྩེགས་མཐའ་འོ། །རྟགས་ཀྱི་བརྩེགས་པའི་མཐའ་གང་ཡིན་པ་དེ་ནི་རྫོགས་པ་དང་

གསལ་བྱེད་དང་པོ་རྣམས་ལ་དབྱི་བར་འགྱུར་རོ། །པུ་མཱ་ན། །པུཾ་བྷིཿ། པུཾ་བུ། ཡང་ན་ཞེས་པ་རྗེས་སུ་འཇུག་སྟེ་དེའང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་སོ། །དེས་ན་འདིར་མི་འགྱུར་ཏེ། ཨཱུརྐ྄། །ཨཱུརྒ྄ བྷྱཱཾ། ཨཱུརྫ་སྟོབས་ལའོ། །སྟོབས་ཞེས་པས་ཀྭིཔ྄འོ། །དེ་བཞིན་དུ། པུནྶའི་ཤིཊ་བོར་བའི་སྒྲ་མེད་པ་ཕ་རོལ་ལ་ཡང་

སྟེ། སྐྱེས་པ་ཡང་འདི་ཡིན་ལ་ཁུ་བྱུག་ཀྱང་འདི་ཡིན་པ་ནི། པུཾ་ས་ཀཽ་ཀི་ལཿ། དེ་བཞིན་དུ། པུཾཤྩ་ཀོ་རཿ། པུཾཥྚི་ཊྚིབྷཿ། སྐྱེས་པའི་འབྲས་བུ་ནི། པུཾ་ས་ཕལ་ནམ་ཤིཊ་བོར་བ་ཞེས་པ་ཅི་ཞེ་ན། སྐྱེས་པའི་མཚོ་ནི། པུཾ་སརཿ། སྒྲ་མེད་པ་ཞེས་པ་ཅི་ཞེ་ན། བྲན་ཕོ་ནི། པུཾ་དཱ་སཿ། བརྩེགས་པའི་དང་པོ་དྷུཊའིའོ། །བརྩེགས་པའི་དང་པོ་ནི་བརྩེགས་

པ་དང་པོའོ། །བརྩེགས་པའི་དང་པོའི་དྷུཊ་དབྱི་བར་འགྱུར་ཏེ། རྫོགས་པ་དང་གསལ་བྱེད་དང་པོ་དག་ཕ་རོལ་ལའོ། །གོ་རཊ། གོ་ར་ཌྦྷྱཾ། གོ་རཊ྄ ཏྭཾ། རཀྵ་བསྲུང་བ་ལའོ། །མཐོ་རིས་བསྲུངས་ཞེས་པས་ཀྭིཔ྄འོ། །འདིས་ཀ་ཡིག་དབྱིའོ། །ཧ་ཤ་ཥ་ཚ་མཐའ་ཞེས་པས་ཌའོ། །ཡུ་པ་ཏཊ྄། ཡུ་པ་ཏཌྦྷྱཾ། ཡུ་པ་ཏཊ་ཏྭཾ། ཏཀྵུ། ཏྭཀྵུ་ཕྲ་

མོར་བྱེད་པ་ལའོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། གོ་རཀྵཽ། རྟགས་མཐའི་ན་ཡིག་གོ། །རྟགས་ཀྱི་མཐའ་ནི་རྟགས་མཐའ་འོ། །དེ་ནི་ལས་འཛིན་པའོ། །རྟགས་མཐའི་ན་ཡིག་ནི་རྫོགས་པ་དང་གསལ་བྱེད་དང་པོ་ལ་དབྱི་བར་འགྱུར་རོ། །རཱ་ཛཱ། རཱ་ཛཱ་རྟེབྷྱུཾ། རཱ་ཛ་ཏྭཾ། རཱ་ཛི་གསལ་བ་ལའོ། །གསལ་

བའོ་ཞེས་པ། ཡུ་ཁྲྀ་ཥི་ཏཀྵི་རཱ་ཛི་དྷ་ནྭི་པྲ་ཏི་དི་བ་ཞེས་པས་ཀ་ནིནའོ་ཞེས་པས་ཀ་ནིན྄འོ། །རྟགས་སྨོས་པ་ཅི་ཞེ་ན། ཨ་ཧན྄། ཧན་འཚེ་བ་ལའོ། །ཧྱསྟ་ནཱིའི་དིའོ། །བྱིངས་ཀྱི་དང་པོར་ཨཊའོ། །ཨན་བི་ཀ་ར་ཎའོ། །ཨང་སོགས་ལས་འཇིག་གོ། །གསལ་བྱེད་ལས་དི་སི་དག་གིའོ་ཞེས་པས་དི་དབྱིའོ། །རྟགས་ཀྱི་སྐབས་

སུ་སླར་ཡང་རྟགས་སྨོས་པ་ནི་ཕྱི་མར་བྱིངས་འབའ་ཞིག་གི་སྤང་བྱ་རྟོགས་པའི་དོན་དུའོ། །དེ་ནས་ལཛྫ་ཏི་བྷིཛྫ་ཏི་ཞེས་པ་ལ་སོགས་པ་གྲུབ་པོ། །རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཞེས་པ་ཅི་ཞེ་ན། རཱ་ཛཱ་ནཽ། སམྦུདྡྷི་ལ་མ་ཡིན་ནོ། །རྟགས་མཐའི་ན་ཡིག་སམྦུདྡྷི་ཕ་རོལ་ལ་དབྱི་བར་མི་འགྱུར་རོ། །ཧེ་རཱ་

เล่ม ๑๙๕ · หน้า 116b

ཇན྄། ཧེ་ཏཀྵན། དགག་པ་བསྟན་པ་ནི་རྟག་ཏུ་མ་ཡིན་ནོ། །དེས་ན་མ་ནིང་གི་རྟགས་ཀྱི་ན་ཡིག་སམྦུདྡྷི་ལ་ཡང་ན་དབྱི་བར་འགྱུར་རོ། །ཧེ་སཱ་མན྄། ཧེ་ས་མ། ཧེ་བརྨན྄། ཧེ་བརྨ། རྟགས་མཐའི་ན་ཡིག་ནི་སམྦུདྡྷི་ལ་མ་ཡིན་ནོ་ཞེས་སྦྱོར་བ་གཅིག་ཏུ་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་དུའོ། །

ན་དང་བརྩེགས་པའི་མཐའ་དག་ཕྱིས་པ་ནི་མ་ཕྱིས་པ་བཞིན་ནོ། །བརྩེགས་པའི་མཐའ་ནི་བརྩེགས་མཐའ་འོ། །ན་དང་བརྩེགས་པའི་མཐའ་དག་ནི་ན་དང་བརྩེགས་མཐའ་དག་གོ། །དེ་དག་དབྱི་བ་ནི་ན་དང་བརྩེགས་མཐའ་དབྱི་བའོ། །ན་ཡིག་དང་བརྩེགས་པའི་མཐའ་དག་ཕྱིས་པ་གང་ཡིན་པ་དེ་ནི་མ་

ཕྱིས་པ་བཞིན་དུ་འགྱུར་རོ། །ཕྱིས་པ་གང་ལ་བྱ་བ་ཐོབ་པ་དེ་མི་འགྱུར་རོ་ཞེས་པའི་དོན་ཏོ། །རཱ་ཛ་བྷྱཱཾ། འདིར་ན་ཡིག་ཕྱིས་པ་ནི་མ་ཕྱིས་པ་དང་འདྲ་བའི་ཕྱིར་ཨ་ཡིག་རིང་པོའོ་ཞེས་པས་རིང་པོར་མི་འགྱུར་རོ། །རཱ་ཛ་བྷིཿ། ཨཻས྄་སུ་མི་འགྱུར་རོ། །རཱ་ཛ་སུ། ཨེ་ཉིད་དུ་མི་འགྱུར་རོ། །གོ་མཱན྄། སུ་མཱན྄། བརྩེགས་པའི་

མཐའ་ཕྱིས་པ་ནི་མ་ཕྱིས་པ་དང་འདྲ་བར་འགྱུར་བའི་ཕྱིར་ན་དབྱི་བ་མེད་དོ། །མཚམས་སྦྱོར་གྱི་བྱ་བ་ཥ་ཉིད་ལ་བྱ་བ་ལ་མ་ཕྱིས་པ་དང་འདྲ་བའི་དངོས་པོར་གཞན་དག་འདོད་དེ། སྭཱ་མཱི། ཨཱི་ཤྭར྄། ཨ་དྷི་པ་ཏི་ཞེས་པ་དང་སཱ་དྷུ་ཀ་རི་རྣམས་ལ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །ཨིས྄་དང་ཨུས྄་དོས྄་

རྣམས་ཀྱི་སྒྲ་ལྡན་ལ་རའོ། །ཨིས྄་དང་ཨུས྄་དང་དོས྄་ཞེས་པ་འདི་རྣམས་ཀྱི་སྒྲ་ལྡན་ཕ་རོལ་ལ་རེ་ཕར་འགྱུར་རོ། །ཤ་ཉིད་འགེགས་པའོ། །སརྦི་རྦྷྱཱཾ། དྷ་ནུརྦྷྱཱཾ། དོརྦྷྱཱཾ། སྒྲ་ལྡན་ལ་ཞེས་པ་ཅི་ཞེ་ན། སརྦིཿ་ཥུ། དྷ་ནུཿཥུ། དྷུཊ་རྣམས་ཀྱི་གསུམ་པའོ། །དྷུཊ་རྣམས་ཀྱི་སྒྲ་ལྡན་ཕ་རོལ་ལ་གསུམ་པར་འགྱུར་

རོ། །ཨགྣི་མདྦྷྱའཾ། ཛྙཱ་ན་བྷུདྦྷྱཱཾ། མཛྫཏྀ། ཌུ་མ་མསྫོ་གསལ་བ་ལའོ། །ཝརྟ་མཱ་ནའི་ཏིའོ། །ཨན་བི་ཀ་ར་ཎའོ། །ལྀ་ཏུ་ལས་རྣམས་ཀྱི་སའོ་ཞེས་པས་ཡི་གེ་གནས་འདྲ་བའི་ཕྱིར་སའི་གསུམ་པ་དའོ། །ཏ་སྡེའི་ཙ་ཊའི་སྡེ་པ་ཞེས་པས་དའི་ཛའོ། །སྒྲ་ལྡན་ལ་ཞེས་པ་ཅི་ཞེ་ན། ཇ་གཏྶུ། སྒྲ་མེད་པ་ལ་དང་པོའོ། །དྷུཊ་

རྣམས་ཀྱི་ཞེས་པ་ཁོ་ནའོ། །དྷུཊ་རྣམས་ཀྱི་སྒྲ་མེད་ལ་ཕ་རོལ་ལ་དང་པོར་འགྱུར་རོ། །ཨསྡི་མརླུ། ཛྙཱ་ན་བྷུཏྶུ། སྒྲ་མེད་ལ་ཞེས་པ་ཅི་ཞེ་ན། ཛྙཱ་བུདྡྷཽ། རྫོགས་པ་ལ་ཡང་ནའོ། །དྷུཊ་རྣམས་ཀྱི་རྫོགས་པ་ལ་སྟེ་མཐའ་འཇུག་བཞིན་པ་ལ་དང་པོར་ཡང་ན་འགྱུར་རོ། །གསུམ་པ་སྨྲོས་པ་རྗེས་སུ་འཇུག་པས་

เล่ม ๑๙๕ · หน้า 117a

ཕྱོགས་གཅིག་ལ་གསུམ་པའོ། །ཛྙཱ་ན་བྷུཏ། ཛྙཱ་ན་བྷུད྄། ཨགྣི་མཏ྄། རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །ཇི་སྐད་བསྟན་པའི་རེ་ཕ་དང་ས་ཡིག་དག་རྣམ་པར་གཅད་བྱར་འགྱུར་རོ། །གཱིཿ། དྷུཿ། ཡ་ཡཿ། པ་ཡོ་བྷིཿ། ཡ་ཤོ་བྷིཿ། རྫོགས་པ་དང་གསལ་བྱེད་དང་པོ་ལ་

བརྗོད་པ་ནི་མ་ནིང་ལས་སི་ཨམ་དག་ཕྱིས་པ་ལའང་ངོ་། །གང་རྫོགས་པ་དང་གསལ་བྱེད་དང་པོ་དག་ལ་བརྗོད་པའི་བྱ་བ་དེ་མ་ནིང་ལས་ཕ་རོལ་གྱི་སི་ཨམྲ་དག་ཕྱིས་པ་བྱས་པར་གྱུར་པ་ལ་འགྱུར་རོ། །མ་ནིང་གི་ཉིད་དེ། ཉིན་མོ་གང་ལ་ཉི་མ་བཟང་པོ་ཡོད་པ་དེ་ནི། སུ་དྱུ། རུདྦུ། འདིར།

དི་ཝ྄འི་ཨུ་ཉིད་དོ། །གྲོང་ཁྱེར་གང་ལ་ལམ་བཟང་པོ་ཡོད་པ་དེ་ནི། སུ་པ་ཐི། འདིར་ཡང་པ་ནྠའི་སྒྲའི་ན་དབྱིའོ། །སུ་སྨོས་པར་བྱ་བ་ལ་གསལ་བྱེད་སྨོས་པ་ནི་གསལ་བྱེད་སྒྲས་བརྗོད་པར་བྱས་པའི་བྱ་བ་སོ་སོར་རྟོགས་པའི་དོན་དུའོ། །དེས་ན། ཏད྄། ཡད྄་ཅེས་པ་འདིར་ཏད་

སོགས་ཀྱི་ཨ་ཉིད་དུ་མི་འགྱུར་རོ། །འོ་ན། གལ་ཏེ་ཨི་དཾ་ཀུ་ལཾ་ཞེས་པ་འདིར་གསལ་བྱེད་ལ་ཨཀ་མེད་པའི་ཨ་ཏ྄འོ་ཞེས་པས་ཨ་ཡིག་ཏུ་བསྒྱུར་བ་འཐོབ་བོ་ཞེ་ན། བདེན་ཏེ་ཡང་གི་སྒྲ་འདིར་བཀླག་པར་བྱའོ། །དེས་ན་མི་འགྱུར་རོ། །ཇོ་བོ་དྲག་འབྱོར་གྱིས་

མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མིད་གི་རབ་ཏུ་བྱེད་པའི་རྐང་པ་གསུམ་པ་རྫོགས་སོ།། །།འདི་ནི་མཁས་པའི་མཁས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་སྐད་གཉིས་སྨྲ་བའི་དབང་པོ་ཆོས་ཀྱི་རྗེ་དཔལ་ལྡན་བློ་གྲོས་བརྟན་པའི་ཞབས་ཀྱི་བཀའ་དྲིན་ལ་བརྟེན་ནས་ལུང་

དང་རིག་པའི་ཚུལ་ལ་བློའི་སྣང་བ་ཆེར་རྒྱས་ཤིང་། བརྡ་སྤྲོད་པའི་གཞུང་གི་ཚུལ་རིག་པ་སྐད་གཉིས་སྨྲ་བ་ཤཱཀྱའི་དགེ་སློང་བྱང་ཆུབ་རྩེ་མོ་ཞེས་བྱ་བས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་བརླབས་པ་དང་། སྐྱེས་བུ་ཆེན་པོ་དཔོན་ཀུན་དགའ་རྡོ་རྗེ་པའི་གསུང་གི་བསྐུལ་

བ་དང་མཐུན་རྐྱེན་བསྒྲུབས་པ་ལ་བརྟེན་ནས། ཡུལ་དབུས་ཀྱི་སྙིང་པོ་ཇོ་བོ་རིན་པོ་ཆེའི་བཞུགས་གནས་ལྷ་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། མཚལ་གང་ཐང་གི་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ་ལེགས་པར་གཏན་ལ་ཕབ་པའོ།། །།

เล่ม ๑๙๕ · หน้า 117b

༄༅༅། །ཨོཾ་སྭསྟི། ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །མི་ཟད་པར་གྱུར་པ་ལས་ཨ་ཡིག་མཐའ་ལས་ལྔ་པ་མིན་པའི་རྣམ་དབྱེ་རྣམས་ཀྱི་ཨཾའོ། །མི་ཟད་པར་གྱུར་བ་ལས་ཨ་ཡིག་མཐའ་ལས་ཕ་རོལ་དུ་གནས་པའི་རམ་དབྱེ་རྣམས་ནི་ཨཾ་དུ་བསྒྱུར་བར་འགྱུར་ཏེ་ལྔ་པ་མིན་པ་སྟེ་ལྔ་

པའི་རྣམ་དབྱེ་དོར་བ་ཉིད་ནའོ། །ཉེ་བའི་བུམ་པའི་ཨུ་པ་ཀུཾ་བྷ་ཨཽ་ཨུ་པ་ཀུམྦྷ་ཏིཥྛཏི། ཨུ་པ་ཀུ་བྷཾ་པ་ཤྱ། ཨུ་པ་ཀུམྦྷཾ་དོ་ཧེ། ཨུ་པ་ཀུམྦྷཾ་སྭམ྄། མི་ཟད་པར་གྱུར་པ་ལས་ཞེས་པ་ཅི་ཞེ་ན། རྒྱལ་པོའི་སྐྱེས་བུ་ནི། རཱ་ཛ་པུ་རུ་ཥཿ། ཨ་ཡིག་མཐའ་ལས་ཞེས་པ་ཅི་ཞེ་ན། ཉེ་བའི་བུ་མོ་ནི། ཨུ་པ་བ་དྷུ།

དབྱངས་ཐུང་ངུའོ་ཞེས་པ་ཐུང་ངུའོ། །གཞན་ལས་འཇིག་གོ་ཞེས་པས་དེའི་འཇིག་གོ། །རྣམ་དབྱེ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཉེ་བའི་བུམ་པའི་དངོས་པོ་ནི། ཨུ་པ་ཀུམྦྷ་ཏཱ། ལྔ་པ་མིན་པའི་ཞེས་པ་ཅི་ཞེ་ན། ཨུ་པ་ཀུམྦྷ་ཏཱ། གསུམ་པ་བདུན་པ་དག་གི་ཡང་ནའོ། །མི་ཟད་པར་གྱུར་པ་

ལས་ཨ་ཡིག་མཐའི་ལས་ཕྱི་མའི་གསུམ་པ་དང་བདུན་པ་དག་ཡང་ན་ཨཾ་དུ་བསྒྱུར་བར་འགྱུར་ཏེ། རྣམ་པར་བརྟག་པས་འཐོབ་བོ། །ཨུ་པ་ཀུཾ་བྷཾ་ཀྲྀ་ཏཾ། ཨུ་བ་ཀུཾ་བྷཾ་སྠ་པ་ཡ། ཨུ་པ་ཀུཾ་བྷེ་སྠ་པ་ཡ། བཞན་ལས་འཇིག་གོ། །མི་ཟད་པར་གྱུར་པ་ལས་ཨེ་ཡིག་མཐའ་ལས་གཞན་

ལས་ཕ་རོལ་གྱི་རྣམ་དབྱེ་རྣམས་འཇིག་པར་འགྱུར་རོ། །ཉེ་བའི་བུ་མོ་ནི། ཨུ་པ་བ་དྷུ། ཨུ་པ་བ་དྷུ་ཀྲྀ་ཏཾ། ཨུ་པ་བདྷུ་སྭཾ། ཕུན་སུམ་ཚོགས་པར་བྱེད་པ་པོ་རྣམས་ཀྱི། ཡུ་ཀར་ཏྲྀ། སུ་ཀ་རྟི་ཏྲཾ་ཏཾ། སུ་ཀརྟི་སྭཾ། བུད་མེད་རྣམས་ལ་ཇི་ལྟར་འཇུག་སྟེ། ཨ་དྷི་སྟི། གཞན་ལས་ཞེས་

པ་ཅི་ཞེ་ན། ཨུ་པ་ཀུ་བྷེ་ན། ཨུ་པ་ཀུཾ་བྷེ། མི་ཟད་པ་ལས་ཀྱང་ངོ་། །མི་ཟད་པ་ལས་ཕྱི་མའི་རྣམ་དབྱེ་རྣམས་ནི་འཇིག་པར་འགྱུར་རོ། །ཙ། ཝཱ། ཧཱ། གལ་ཏེ་དེ་རྣམས་འཇིག་པར་བྱ་ན་དེ་རྣམས་སྐྱེས་པས་ཅིའི་ཕྱིར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། ཚིག་ནི་མིང་ཇི་ལྟ་བར་འགྱུར་བའི་ཕྱིར་རོ། །

ཝ་སྲ་ནས་ལ་སོགས་པ་དག་ལ་འགྱུར་བ་ཡོད་ན། གྲཱ་མཤྩ་ཏེ་སྭཾ། ན་ག་རཉྩ་མེ་སྭཾ། གྲགས་པ་རྣམས་ཀྱི་མང་པོ་ཉིད་ལ་བུད་མེད་མིན་པའི་བུ་རྒྱུད་ཀྱིའོ། །བུ་རྒྱུད་ལ་རྐྱེན་ནི་བུ་རྒྱུད་རྐྱེན་ནོ། །རྒྱལ་པོ་གང་རྣམས་ཡུལ་གྱི་སྒྲས་བརྗོད་པ་དེ་རྣམས་ནི་གྲགས་པ་རྣམས་སོ། །གྲགས་པ་

เล่ม ๑๙๕ · หน้า 118a

རྣམས་དང་འབྲེལ་པའི་བུ་རྒྱུད་ཀྱི་རྐྱེན་མང་པོ་ཉིད་དུ་སྐྱེས་པ་འཇིག་པར་འགྱུར་ཏེ། བུད་མེད་མིན་པའི་སྟེ་བུད་མེད་ཀྱི་ཡུལ་དོར་བ་ཉིད་ནའོ། །ཨཾ་གི་བུ་རྒྱུད་མང་པོ་རྣམས་ནི། ཨཾ་གཱཿ། བུ་རྒྱུད་ལ་ཨཎ་ཡང་ནའོ་ཞེས་པས་ཨཎའོ། །དེ་འཇིག་གོ། །འཇིག་གོ་འིས་ཕྱིས་པ་ལ་རྐྱེན་

གྱི་བྱ་བ་མེད་དོ་ཞེས་པས་འཕེལ་བ་མེད་དོ། །དེ་བཞིན་དུ། ཝད་གཱཿ། གྲགས་པ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། པུ་རུའི་བུ་རྒྱུད་མང་པོ་རྣམས་ནི་སཽ་ར་ཝཿཨཎའོ། །ཨུའི་ཡི་གེ་རྣམས་ནི་ཨོ་ཉིད་དུ་ཐོབ་པོ་ཞེས་པས་ཨོ་ཉིད་དོ། །མང་པོ་ཉིད་ལ་ཞེས་པས་ཅི་ཞེ་ན། ཨཾ་གའི་བུ་རྒྱུད་ནི། ཨཱཾ་གཿ།

ཝཱཾ་གཿ བུད་མེད་མ་ཡིན་པའི་ཞེས་པ་ཅི་ཞེ་ན། ཨཾ་གའི་བུད་མེད་ཀྱི་བུ་རྒྱུད་རྣམས་ནི། ཨཱཾ་གྱཿཝཱཾགྱཿ། ཨཾ་ག་དང་ཝཱཾ་ག་དག་ལ་ཨཎའོ། །ཨ་ཎ་དང་ཨེ་ཡ་ཎ་དང་ཨི་ཀ་ཎ་ལས་ཞེས་པས་ཨཱི་ཡིག་གོ། །བུད་མེད་དུ་བྱས་པའི་ཨཱི་ཡིག་ལས་ཨ་དབྱི་བར་བྱའོ། །ཛས྄ཁོ། །ཡ་ཉིད་དོ། །བུ་རྒྱུད་

ཀྱི་རྐྱེན་གྱི་ཞེས་པ་ཅི་ཞེ་ན། པཉྩ་ལ་པའི་སློབ་མ་འདི་རྣམས་ནི། པཱཉྩ་ལཱཿ། དེའི་འདི་ཞེས་པས་ཨཎའོ། །གརྒ་ཡསྐ་བི་ད་སོགས་རྣམས་ཀྱིའང་ངོ་། །ཟླས་དབྱེ་ཁོང་ན་ཡོད་པའི་འབྲུ་མང་པོ་པའོ། །གརྒ་སོགས་རྣམས་དང་། ཡསྐ་སོགས་རྣམས་དང་། བིད་སོགས་རྣམས་དང་། འབྲེལ་

བའི་བུ་རྒྱུད་ཀྱི་རྐྱེན་མང་པོ་ཉིད་དུ་སྐྱེས་པ་རྣམས་ཀྱང་འཇིག་པར་འགྱུར་ཏེ་བུད་མེད་མ་ཡིན་པའི་འོ། །གྲགས་པ་མིན་པའི་དོན་བརྗོད་པའོ། །གརྒའི་བུ་རྒྱུད་མང་པོ་རྣམས་ནི། གརྒཿ། ཝ་སྶཱཿ། བཛ྄ཱཿ། ཨརྒ་སོགས་ལས་ཎྱའོ་ཞེས་པས་ཎྱོའོ། །དེ་འཇིག་བོ། །ཛས་སོ། །ཡསྐའི་བུ་རྒྱུད་

རྣམས་ནི། ཡསྐཿ། ལཛྫཿདྲུ་ཧྱཱཿ། ཨ་ཎ་སྟེ་འཇིག་གོ། །བི་དའི་བུ་རྒྱུད་རྣམས་ནི། བི་དཱཿཨུར་ཝཿ། བྷ་རཱ་དྷྭ་ཛཱཿཨཎ་འཇིག་གོ། །མང་པོ་ཉིད་ཀྱི་ཞེས་པ་ཅི་ཞེ་ན། གརྒའི་བུ་རྒྱུད་ནི། གཱརྒྱཿ། དེ་བཞིན་དུ། ཡཱསྐཿ། བཻ་དཿ། བུད་མེད་མིན་པའི་ཞེས་པ་ཅི་ཞེ་ན། གརྒའི་བུད་མེད་

ཀྱི་བུ་རྒྱུད་རྣམས་ནི། གཱརྒྱཿ། གཱརྒའི་སྒྲ་ལས་ཎྱའོ། །ཨིའི་ཡི་གེ་དང་ཨའི་ཡི་གེ་དག་དབྱིའོ། །ཎྱ་ལས་ཞེས་བ་ཨཱི་ཡིག་གོ། །བུ་རྒྱུད་ཀྱི་ཡའི་ཞེས་པས་ཡ་དབྱིའོ། །ཛས་སོ། །དེ་བཞིན་དུ། ཡཱ་སྐྱཿ། བཻ་ཪྻཿ། ཡསྐ་དང་བིད་དག་ལས་ཨཎའོ། །ཨཎ་དང་ཨེ་ཡ་དང་ཨིཀ་

เล่ม ๑๙๕ · หน้า 118b

ལས་ཞེས་པས་ཨཱི་ཡིག་གོ། །ཛས་སོ། །བུ་རྒྱུད་ཀྱི་རྐྱེན་གྱི་ཞེས་པ་ཅི་ཞེ་ན། གརྒའི་སློབ་མ་འདི་རྣམས་ནི། གཱརྒཱཿ། ཡཱསྐཱཿ། བཻ་དཱཿ། དེའི་འདི་ཞེས་པས་ཨཎའོ། །གརྒ་དང་། ཝནྶ་དང་། བཛྲ་དང་། སཾ་ཀྲྀ་ཏི་དང་། པྲཱ་མཱ་ཏ་དང་། བྱ་གྷྲ་པཱ་ཏ་དང་། ཨ་ཛ་དང་བེད་དང་བྷུ་མ་ཞེས་སོགས་

རྣམས་ནི་གརྒ་སོགས་རྣམས་སོ། ཡསྐ་དང་། ལཛྫ་དང་། དྲུ་ཧ་དང་། ཨ་ཡ་སྠཱུ་ཎ་དང་། བྷ་ལན་དྷ་ར་ཞེས་པ་ལ་སོགས་པ་ཡསྐ་སོགས་རྣམས་སོ། །བི་ད་དང་། ཨུརྦ་དང་། བྷ་ར་དྷྭཱ་ཛ་དང་། ཀུརྦ་ཙཱ་ར་དང་། ཨུ་པ་མ་ནྱུ་ཀ་ཤྱ་པ་ཞེས་པ་ལ་སོགས་པ་རྣམས་ནི་བི་ད་སོགས་སོ། །བྷྲྀ་གུ།

ཨ་ཏི། ཨཾ་གི་རས། ཀུཏྶ་བ་ཤིཥྛ། གོ་ཏ་མ་རྣམས་ལས་ཀྱང་ངོ་། །བྷྲྀ་གུ་དང་། ཨ་ཊི་དང་། ཨཾ་གི་རས་དང་། ཀུཏྶ་དང་། བ་ཤིཥྛ་དང་། གོ་ཏམ་ཞེས་པ་འདི་རྣམས་ལས་ཕ་རོལ་གྱི་བུད་མེད་མིན་པའི་བུ་རྒྱུད་ཀྱི་རྐྱེན་མང་པོ་ཉིད་དུ་སྐྱེས་པ་འཇིག་པར་འགྱུར་རོ། །བྷྲྀ་གུའི་བུ་རྒྱུད་མང་པོ་

རྣམས་ནི། བྷྲྀ་ག་ཝཿ། ཨ་ཏྲ་ཡཿ། ཨཾ་གི་རས། ཀུཏྭཱཿ། བ་ཤིཥྛཿ། གོཏ་མཱཿ། ཨ་ཏྲིའི་སྒྲ་ལས་བུད་མེད་དང་ཨ་ཏྲི་སོགས་ལས་སོ་ཨེ་ཡཎའོ་ཞེས་པས་ཨེ་ཡཎའོ། །ལྷག་མ་རྣམས་ལས་བུ་རྒྱུད་ལ་ཨཎ་ཡང་ནའོ་ཞེས་པས་ཨཎའོ། །དེ་དག་འཇིག་གོ། །མང་པོ་ཉིད་ཀྱི་ཞེས་

པ་ཅི་ཞེ་ན། བྷྲྀ་གུའི་བུ་རྒྱུད་ནི། བྷཱརྒ་ཝཿ། ཨཱ་ཏྲེ་ཡཿ། ཨཾ་གིར་སཿ། ཀཽཏྶཿ། ཝཱཤིཥྛཿ། གཽ་ཏ་མཿ། བུད་མེད་མ་ཡིན་པའི་ཞེས་པ་ཅི་ཞེ་ན། བྷྲྀ་གུའི་བུད་མེད་ཀྱི་བུ་རྒྱུད་རྣམས་ནི། བྷརྒ་བྱཿ། ཨཱ་ཏྲ་ཡྱཿ། ཨའང་གི་ར་སྱཿ། ཀཽ་ཏ་སྱཿ། ཝཱ་ཤིཥྛྱཿ། གཽ་ཏམྱཿ། ཨེ་ཡཎ་དང་ཨཎ་

བྱས་པ་ལ་ཨཎ་དང་ཨེ་ཡ་དང་ཨིཀ་ལས་ཞེས་པས་ཨཱི་ཡིག་གོ། །ཛས་སོ། །བུ་རྒྱུད་ཀྱི་རྐྱེན་གྱི་ཞེས་པ་ཅི་ཞེ་ན། བྷྲྀ་གུའི་སློབ་མ་འདི་རྣམས་ནི། བྷརྒ་ཝཱཿ། སྔ་མ་ལྟར་ཨཎའོ། །གང་ལས་འབྲལ་བའམ་འཇིགས་པའམ་ལེན་པ་དེ་ངེས་པར་ཀུན་སྦྱིན་པའོ། །འབྲལ་བ་ཞེས་པ་ཚིག་

གཉིས་ཏེ། དེ་བཞིན་དུ་ལེན་པ་ཞེས་པའང་ངོ་། །གང་ལས་འབྲལ་བ་སྟེ། གང་ལས་ཕྲལ་བ་ཐོབ་པ་དང་། གང་ལས་འཇིགས་པ་དང་གང་ལས་ལན་ཅིང་འཛིན་པ་དེ་ངེས་པར་ཀུན་སྦྱིན་པའི་མིང་ཅན་དུ་འགྱུར་རོ། །གྲཱ་མཱ་དཱ་གཙྪ་ཏི། གྲཱ་མཱ་དཱ་ག་མིཥྱ་ཏི། ཨདྷརྨཱནྣི་ཝརྟྟ་ཏེ། ཨ་ཤྭཏ་པ་ཏི་ཏཿ།

เล่ม ๑๙๕ · หน้า 119a

ཙཽ་རེ་བྷྱོ་བི་བྷེ་ཏི། ཨུ་པཱ་དྷྱ་ཡཱདྦི་དྱཱ་མཱ་དརྟེ། ཀོཥྛ་གཱ་རཱ་དྡྷ་ནྱ་གྲྀཧྱ་ཏེ། འོ་ན། གྲཱ་མཱནྣཱ་གཙྪ་ཏི། ཞེས་པ་འདིར་ཅིའི་ཕྱིར་ངེས་པར་ཀུན་སྦྱིན་པའི་མིང་ཅན་ཡིན་ཏེ། འདིར་ནི་ཕྲལ་བ་དགག་པར་བྱ་བའོ་ཞེ་ན། བདེན་ཏེ། ཇི་སྲིད་དུ་ཕྲལ་བ་བསྟན་པར་བྱ་བ་མ་ཡིན་པ་དེ་སྲིད་དུ་ནི་སུ་

ཞིག་དགག་པ་ཡོད། དེས་ན་ཕྲལ་བར་གྱུར་པ་ངེས་པར་ཀུན་སྦྱིན་པའི་མིང་ཅན་ཡོད་པ་དེ་ལ་དགག་པ་འབྲེལ་པ་མེད་དོ། །གང་ལས་འབྲེལ་པ་ཞེས་པ་འདིས་གྲུབ་པ་ཉིད་ལས་ལེན་པ། སྨོས་པ་ནི་སྤྲོས་པའི་དོན་ཏོ། །དེ་བཞིན་དུ་འཇིགས་ཞེས་སྨོས་པའང་སྟེ། དེ་ལྟར་ནི། རྩཽ་བོ་རེ་བྷྱོ་བི་བྷེ་སྟི།

ཞེས་པ་འདིར་གང་འཇིགས་པར་བྱེད་པ་ཆོམ་རྐུན་པ་སྟེ་དེ་ལས་ཕྲལ་བར་བྱ་བའོ། །ངེས་པར་ཀུན་སྦྱིན་པའི་མིང་གི་གང་དུ་དགོས་ཤེ་ན། ལྷག་མ་རྣམས་ལས་བྱེད་པ། ཡང་དག་པར་རབ་ཏུ་སྦྱིན་པ་ཞེས་པ་འདིར་འཆད་པར་འགྱུར་བའི་མིང་གིས་དེ་ཉིད་དུ་དགོས་སོ། །བསྲུང་བའི་དོན་རྣམས་

ཀྱིས་འདོད་པའང་ངོ་། །གང་རྣམས་ཀྱི་བསྲུང་བའི་དོན་གྱི་བྱིངས་དེ་རྣམས་ནི་བསྲུང་བའི་དོན་ཏོ། །ཐོས་ཤིང་རྗེས་སུ་དཔག་པས་བརྟགས་པས་མདོའི་དོན་ཡོངས་སུ་བརྟག་གོ་ཞེས་པའི་སྦྱོར་བའི་སྒྲ་བདུན་པའི་མཐའི་ཐ་སྙད་དུ་བྱའོ། །གང་འདོད་ཅིང་མངོན་པར་འདོད་པའི་བསྲུང་བའི་དོན་གྱི་བྱིངས་

རྣམས་ཀྱི་སྦྱོར་བར་གྱུར་པ་དེ་ངེས་པར་ཀུན་སྦྱིན་པའི་མིང་ཅན་དུ་འགྱུར་ཏེ། འང་གི་སྒྲ་ལས་འདོད་པ་མ་ཡིན་པའི་ཡང་ངོ་། །ཡ་བེ་བྷྱོ་གཱཾ་རཀྵ་ཏི། ཏི་ལེ་བྷྱཿཀཱ་ཀཱ་ནྭཱ་ར་ཡ་ཏི། ཨ་ཧི་བྷྱཿསུ་ཏྲཾ་རཀྵ་ཏི། ཀཱུ་པཱནྡནྡྷཾ་ཝ་ར་ཡ་ཏི། སྤྲོས་པའི་དོན་གྱི་སྦྱོར་བ་སྟེ་གང་ལས་འབྲལ་བ་ཞེས་པ་འདིས་གྲུབ་པ་

ཉིད་ལས་སོ། །ནས་ལ་སོགས་པ་རྣམས་ལས་བ་ལང་ལ་སོགས་ལ་ཕྲལ་བར་བྱ་བ་ཡོད་པས་སོ། །གང་གི་ཆེད་དུ་སྦྱིན་པར་འདོད་པའམ་སྲེད་པར་བྱེད་པའམ་འཛིན་དུ་འཇུག་པར་བྱེད་པ་དེ་ཡང་དག་པར་རབ་ཏུ་སྦྱིན་པའོ། །གང་གི་ཆེད་དུ་སྦྱིན་པར་འདོད་ཅིང་ལེན་པར་འདོད་པ་དང་། གང་གི་ཆེད་དུ་

སྲེད་པར་བྱེད་པ་དང་གང་གི་ཆེད་དུ་འཛིན་དུ་འཇུག་པ་དེ་ཡང་དག་པར་རབ་ཏུ་སྦྱིན་པའི་མིང་ཅན་དུ་འགྱུར་རོ། །བི་པྲཱ་ཡ་བྷི་ཀྵཾ་ད་དཱ་ཏི། ཨུ་པཱ་དྷྱཱ་ཡཱ་ཡ་གཱཾ་ད་དཱ་ཏི། དེ་ཝ་དཏྟཱ་ཡ་རོ་ཙ་ཏི་མོ་ད་ཀཱཿ། ཡཛྙ་དཏྟཱ་ཡ་ཤ་ཏཾ་དྷཱ་ར་ཡ་ཏེ། སྦྱིན་པར་འདོད་པ་ཞེས་པ་ཅི་ཞེ་ན། ར་ཛྙོ་དནྜཾ་ད་དཱ་ཏི། དབང་དུ་གྱུར་པའི་ཡུལ་ལ་

เล่ม ๑๙๕ · หน้า 119b

མིང་འདི་འདོད་དོ། །དེས་ན་གཞན་གྱི་རྗེ་བོ་ཉིད་དུ་གྱུར་པ་གང་ལ་སྦྱིན་པ་དེ་ལ་མིང་འདིའོ། །དེས་ན་འདིར་མི་འགྱུར་ཏེ། རཱ་ཛ་ཀ་སྱ་བསྟྲམ་ད་དཱ་ཏི། གང་ཀུན་ནས་འཛིན་པ་དེ་གནས་གཞིའོ། །གང་ལ་རྣམ་པར་གནས་པ་འཛིན་པར་བྱེད་པ་དེ་ཀུན་འཛིན་པའོ། །ཨ་དྷི་ཨཱ་ཡ་ནྱ་ཡོ་དྱོ་ཞེས་པས་ཚིག་

ཕྲད་ལ་གྷཉའོ། །གང་ཀུན་ནས་འཛིན་པ་དེ་གནས་གཞིའི་མིང་ཅན་དུ་འགྱུར་རོ། །ད་དྷྣི་གྷྲྀ་ཏཾ། པྲ་ཡངྒེ་ཤེ་ཏེ། ཛ་ལེ་མཱཏྶྱཱཿ། གང་ཡང་རྟེན་དང་བརྟེན་པའི་དངོས་པོ་འབྲེལ་པ་འཆད་པར་འདོད་པ་དེར་ཡང་མིང་དུ་འགྱུར་ཏེ། ཨངྒུ་ལྱ་གྲེ་ཧསྟི་ཡུ་ཐ་ཤ་ཏ་མསྟི། གང་གིས་བྱ་བ་དེ་བྱེད་པའོ། །

གང་གང་གིས་བྱ་བ་དེ་བྱེད་པའི་མིང་ཅན་དུ་འགྱུར་རོ། །དཱ་ཏྲེ་ཎ་ལུ་ནཱ་ཏི། པ་ར་ཤུ་ནཱཙྪི་ནི་ཏི། གང་གི་ཚེ་སྤྱོད་པ་སོགས་ནི་སྐྱེས་བུའི་བྱ་བ་ལ་ལྟོས་པ་མེད་པ་དེའི་ཚེ་བྱེད་པ་ཉིད་དུ་མི་འགྱུར་ཏེ། དཱ་ཏྲཾ་ལུ་ནཱ་ཏི། གང་བྱ་བ་དེ་ལས་སོ། །གང་བྱ་བ་དེ་ལས་ཀྱི་མིང་ཅན་དུ་འགྱུར་རོ། །ཀ་ཊཾ་ཀ་རོ་ཏི།

ཨོ་ད་ནཾ་པ་ཙ་ཏི། ཨཱ་དི་ཏྱཾ་པ་ཤྱ་ཏི། ཨ་དྷི་སྔ་མ་རྣམས་ཀྱི་ཤིང་དང་སྠ་དང་ཨཱསྟི་ཞེས་པ་འདི་རྣམས་ཀྱི་སྦྱོར་བ་ལ་ཀུན་འཛིན་པའི་ལས་ཀྱི་མིང་ཅན་དུ་བཤད་པར་བྱ་སྟེ། གྲཱ་མ་མ་དྷི་ཤེ་ཏེ། གྲཱ་མ་མ་དྷི་ཏིཥྛ་ཏི། གྲཱ་མ་མ་བྷྱ་ཏེ། དུས་དང་དངོས་པོ་དང་ལ་དང་ཡུལ་རྣམས་ཀྱི་ལས་མེད་པའི་བྱིངས་

དག་གི་སྦྱོར་བ་ལ་ལས་ཀྱི་མིང་ཅན་དུ་བཤད་པར་བྱ་སྟེ། དུས་ཀྱི་ནི། མཱ་ས་མ་སྟི། དངོས་པོའི་ནི། གོ་དོ་ཧ་མ་སྟི། ལམ་གྱི་ནི། ཀྲོ་ཤ་མ་སྟི། ཡུལ་གྱི་ནི། ཀུ་ཏུན་སྭ་བི་ཏི། བྱ་བའི་ཁྱད་པར་རྣམས་ཀྱི་འང་སྟེ། སོ་བྷ་ནཾ་པ་ཙ་ཏི། གང་བྱེད་མཁན་དེ་བྱེད་པ་པོའོ། །གང་བྱེད་

མཁན་དེ་བྱེད་པ་པོའི་མིང་ཅན་དུ་འགྱུར་རོ། །རུ་དྲེ་ན་ཀྲི་ཏཾ། བིཥྞུནཱ་ཀྲྀ་ཏམ། བྱེད་པ་པོའི་མིང་གིས་གང་དུ་དགོས་ཤེ་ན། བྱེད་པ་པོ་ལའང་ངོ་ཞེས་པ་ལ་སོགས་པ་རྣམས་སུའོ། །གང་བྱེད་དུ་འཇུག་པ་དེ་རྒྱུའང་ངོ་། །བྱེད་པ་པོ་སྨོས་པ་རྗེས་སུ་འབྲེལ་བར་བྱ་སྟེ། གང་བྱེད་པ་པོ་དང་

རྗེས་སུ་འཇུག་པ་དེ་རྒྱུའི་མིང་ཅན་དུ་འགྱུར་ཏེ། འང་གི་སྒྲ་ལས་བྱེད་པ་པོའི་མིང་ཅན་ཡང་ངོ་། །ཀཱ་ར་ཡ་ཏི། པཱ་ཋ་ཡ་ཏི། ཌུ་ཀྲྀཉ་བྱེད་པ་ལའོ། །བཋ་ཀློག་པ་ལའོ། །བྱེད་དུ་འཇུག་པ་ལ་སྦྱོར་བར་བྱེད་དོ། །ཀློག་ཏུ་འཇུག་པ་ལ་སྦྱོར་བར་བྱེད་དོ་ཞེས་པ་དང་བྱིངས་ཀྱིའང་རྒྱུ་ལའོ་ཞེས་པས་

เล่ม ๑๙๕ · หน้า 120a

ཨིནའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བ་དང་རིང་པོར་འགྱུར་རོ། །ཨན་བི་ཀ་ར་ཎའོ། །ཡོན་ཏན་ནོ། །རྒྱུའི་མིང་ཡོད་པ་དེ་ལ་རྒྱུའི་དོན་ལ་ཨིནའོ། །བྱེད་པ་པོའི་མིང་མེད་པ་ན་ཨིན་དང་ཉ་དང་ཡྸ་ཛ་སོགས་ལས་གཉི་གའོ་ཞེས་པས་པ་ར་སྨཻའི་ཚིག་གོ། །

རྒྱུའི་མིང་གིས་གང་དུ་དགོས་ཤེ་ན། བྱིངས་ལས་ཀྱང་རྒྱུ་ལའོ་ཞེས་པས་འདིར་རོ། །དེ་རྣམས་ཀྱི་གཉིས་ཐོབ་པ་ལ་ཕ་རོལ་ལོ། །གཉིས་ཀ་དག་གི་ཐོབ་པ་ནི་གཉིས་ཀ་ཐོབ་པའོ། །གལ་ཏེ་ཡང་། ཨུ་བྷ་ཡའི་སྒྲ་ཚིག་སྡུད་ལ་ཐོབ་པ་དེ་ལྟ་ན་ཡང་ཨུ་བྷའི་སྒྲས་ཚིག་རྣམ་པར་སྦྱར་བར་བྱ་སྟེ།

གཉིས་ཉིད་ཀྱི་ཡུལ་ལ་ཨུ་བྷ་ཡའི་སྒྲ་སྦྱོར་བ་མི་སྲིད་པས་སོ། །ཨུ་བྷ་ཡའི་སྒྲ་ནི་གཅིག་ཉིད་དང་མང་པོ་ཉིད་དག་ལ་རབ་ཏུ་སྦྱར་བར་བྱའོ། །ཨུ་བྷའི་སྒྲའི་གཉིས་ཉིད་ལའོ། །དེ་རྣམས་ཀྱི་སྟེ་ངེས་པར་ཀུན་སྦྱིན་པ་ལ་སོགས་པའི་བྱེད་པ་ཅན་རྣམས་ཀྱི་ནང་ནས་གཉིས་ཀ་དག་གི་སྟེ་བྱེད་པ་ཅན་

གཉིས་དག་ཡུལ་གཅིག་ལ་ཐོབ་པ་གང་ཡིན་པའི་ཕ་རོལ་ན་ཡོད་པའི་བྱེད་པ་ཅན་དེ་ཁོ་ནར་འགྱུར་རོ། །བྲྀ་ཀྵཾ་ཏྱ་ཛ་ཏི་ཁ་གཿ འདིར་ཤིང་ལས་བྱ་ཕྲལ་བར་བྱའོ་ཞེས་བྲྀཀྵ་ལ་ངེས་པར་ཀུན་སྦྱིན་པའི་མིང་ཅན་ཐོབ་པ་ལ་ཤིང་དང་འབྲེལ་བཞིན་པ་ཉིད་ལས། ལས་སུ་འགྱུར་རོ་ཞེས་ལས་ཀྱི་

མིང་ཅན་ཡང་འགྱུར་བ་ལས་ཕ་རོལ་ཉིད་ཀྱི་ཕྱིར་ལས་ཀྱི་མིང་ཅན་ཁོ་ནར་འགྱུར་རོ། །ཏྱ་ཛ་ཏི་དཎྜཾ་དཎྜཱི་འདིར་དབྱུག་པ་ཅན་ལས་དབྱུག་པ་ཕྲལ་བར་བྱའོ་ཞེས་དཎྜི་ལ་ངེས་པར་ཀུན་སྦྱིན་པའི་མིང་ཅན་ཐོབ་པ་ལའོ། །དབྱུག་པ་ཅན་ལས་དབྱུག་པ་འབྲེལ་པ་ན་ཡང་བྱེད་པ་པོ་ཉིད་དུ་ཡོད་དོ་ཞེས་བྱེད་

པ་པོའི་མིང་ཅནའང་འགྱུར་མོད་ཕ་རོལ་ཉིད་ཀྱི་ཕྱིར་ལས་ཀྱི་མིང་ཅན་ཁོ་ནར་འགྱུར་རོ། །སྔར་བཤད་པ་དང་ཕྱིས་བརྗོད་པས་ཡོངས་སུ་བཤད་པ་ཉིད་ཀྱིས་གྲུབ་པ་ལས་སྦྱོར་བ་བརྩམས་པ་འདི་ལྟ་བུ་ནི་སྤྲོས་པའི་དོན་ཏོ། །རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ། །རྟགས་ཀྱི་དོན་ནི་

རྟགས་དོན་ནོ། །དེའི་ཚིག་ནི་རྟགས་ཀྱི་དོན་གྱི་ཚིག་གོ། །རྟགས་ཀྱི་དོན་གྱི་ཚིག་མངོན་པར་བརྗོད་པར་གྱུར་པ་ལ་རྟགས་རྣམ་དབྱེ་དང་པོར་འགྱུར་རོ། །དེ་ལས་ཕ་རོལ་ཞེས་པ་འདིས་སི་ལ་སོགས་པ་རྣམས་གྲུབ་པ་ཉིད་ལས་འོན་ཀྱང་རབ་ཏུ་བྱེད་པ་འདི་ནི་འདི་ལྟ་བུའི་དོན་གྱི་ཚིག་ཅན་གྱི་དོན་ལ་

เล่ม ๑๙๕ · หน้า 120b

བརྩམ་པར་བྱའོ། བྲྀ་ཀྵཿ། ཀུ་མཱ་རཱི། ཀུཎྜཾ། དྲོཎཿ། ཨཱཊ་ཀཾ། རྟགས་ཀྱི་དོན་ལ་ཞེས་བྱ་བ་ལ་ཚིག་སྨོས་པ་ནི་གང་གཅིག་ཉིད་ལ་སོགས་པའི་དོན་རྣམས་ཀྱི་རང་བཞིན་བརྗོད་པ་དེ་ལ་ཡང་དང་པོ་འཇུག་པའི་དོན་ཏོ། ཨེཀཿ། དྭཽ། བ་ཧ་ཝ། འདིར་ཨེ་ཀའི་སྒྲས་གཅིག་ཉིད་བརྗོད་ཅིང་

དྭིའི་སྒྲས་གཉིས་ཉིད་དང་བ་ཧུའི་སྒྲས་མང་པོ་ཉིད་དོ། །རྣམ་དབྱེ་སྨོས་པ་ནི་དེ་ལྟར་དགོས་པ་ལྡན་པའོ་ཞེས་གསུང་ངོ་། །བོད་པ་ལ་ཡང་ངོ་། །བོད་པའི་དོན་ལ་རྟགས་ལས་རྣམ་དབྱེ་དང་པོར་འགྱུར་རོ། །ཧེ་ཤཾ་ཀ་ར། ཧེ་ཀྲྀཥྞ། ཧེ་བྲྀཀྵ། འོ་ན་སྔ་མས་གྲུབ་ཡོད་དོ་ཞེས་པས་ཅི་ལྟར་སྦྱོར་

བ་བརྩམས་ཤེ་ན། དེ་ནི་ཡང་ངག་མ་ཡིན་ཏེ་འདིར་བོད་ལ་ལྷག་པ་ནི་རྟགས་ཀྱི་དོན་དུ་རྟོགས་སོ་ཞེས་པས་རྟགས་ཀྱི་དོན་དགག་པ་མེད་པའི་ཕྱིར་མདོ་བྱས་པ་དོན་མེད་པ་མ་ཡིན་ནོ། །ལྷག་མ་རྣམས་ལས་བྱེད་པ་ཡང་དག་པར་རབ་ཏུ་སྦྱིན་པ་ངེས་པར་ཀུན་སྦྱིན་པ་རྗེ་བོ་ལ་སོགས་པ་གཞི་

རྣམས་ལའོ། །སྒྲ་གང་རྣམས་ཀྱི་དང་པོ་རྗེ་བོ་ཡིན་པ་དེ་རྣམས་ནི་རྗེ་བོ་ལ་སོགས་པ་རྣམས་སོ། །དེ་ནས་ཟླས་དབྱེ་བའོ། །རྗེ་བོ་ལ་སོགས་པའི་སྒྲས་སྦྱོར་བ་སྨོས་པ་ནི་དཀྱུས་མ་སྤོང་བ་ཡིན་ནོ། །ལྷག་མ་གཉིས་པ་ལ་སོགས་པའི་རྣམ་དབྱེ་རྣམས་ནི་ལས་བྱེད་པ་དང་ཡང་དག་པར་རབ་ཏུ་

སྦྱིན་པ་དང་ངེས་པར་ཀུན་སྦྱིན་པ་དང་རྗེ་བོ་ལ་སོགས་པའི་སྦྱོར་བ་དང་གཞི་རྣམས་ལས་འགྱུར་རོ། །ལས་ལ་གཉིས་པ་སྟེ། ཀ་ཊཾ་ཀ་རོ་ཏི། ལས་བརྗོད་པ་ལ་མི་འགྱུར་ཏེ་བརྗོད་པའི་དོན་རྣམས་ཀྱི་སྦྱོར་བ་ལ་མ་ཡིན་ནོ་ཞེས་པའི་ཚིག་ལས་སོ། །ཀྲྀ་ཡ་ཏེ་ཀ་ཊཿ། འདིར་ཡི་ཥྤེའི་ཚིག་

གིས་ལས་བརྗོད་པའི་ཕྱིར་རོ། །ཀྲྀ་ཏཿ། ཀ་ཊཿ། འདིར་ཡང་རྐྱེན་གྱིས་བརྗོད་པས་སོ། །བྱེད་པ་ལ་གསུམ་པ་སྟེ། པ་ར་ཤུ་ནཱཙྪི་ན་ཏི། ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པ་སྟེ། ཨུ་པཱ་དྷྱཱ་ཡཱ་ཡ་གཱཾ་ད་དཱ་ཏི། ཞེས་པར་ཀུན་སྦྱིན་པ་ལ་ལྔ་པ་སྟེ། གྲཱ་མཱ་དཱ་ག་ཏཿ། རྗེ་བོ་ལ་སོགས་

པ་སྦྱོར་བ་ལ་དྲུག་པ་སྟེ། དེ་ཝ་དཏྟ་སྱ་སྭཱ་མཱི། ཡཛྙཱ་དཏྟ་སྱ་སྭཱ་མཱི། ཙྪ་ཏྲཱ་ཎཱཾ་མུ་ཧཱཿ། བཞི་ལ་བདུན་པ་སྟེ། ཀ་ཊེ་ཨཱ་ཏེ། ཨུ་བྷ་ཡ་དང་སརྦ་ཞེས་པའི་འདི་དག་ལ་ཏས་སྦྱོར་བ་ལ་གཉིས་པ་བཤད་པར་བྱ་སྟེ། ཨུ་བྷ་ཡ་ཏེ་གྲཱ་མཾ་བ་ས་ཏི། སརྦ་ཏོ་ན་ག་རེ་བ་ས་ཏི། གཉིས་ཀ་

เล่ม ๑๙๕ · หน้า 121a

ལ་ཐམས་ཅད་ལ་ཞེས་ཨཱ་དི་སོགས་ལས་ཏས་སོ་ཞེས་པས་ཏས་སོ། །ཧ་དང་དྷི་ཀའི་སྒྲ་སྦྱོར་བ་ལའང་ངོ་། །ཧཱ་དེ་ཝ་དཏྟི། ཧྲིགྡེཝདཏྟཾ། ཧའི་སྒྲ་སྦྱོར་བ་ལ་དང་པོ་ཡང་བལྟ་བར་བྱ་སྟེ། ཧཱ་དེ་ཝ་དཏྟཿ།ཨ་བྷི་ཏས་དང་ས་རི་ཏས་དང་ས་མ་ཡཱ་དང་ནི་ཀ་སཱ་ཞེས་

པ་འདི་རྣམས་ཀྱི་སྦྱོར་བ་ལ་ཡང་ངོ་། །ཨ་བྷི་ཏོ་གྲཱ་མཾ་ཝ་ས་ཏི། གྲོང་གཉིས་པོ་ཞེས་པའི་དོན་ཏོ། །པ་རི་ཏོ་ན་ག་རཾ་བ་ས་ཏི། གྲོང་ཁྱེར་ཀུན་ཞེས་པའི་དོན་ཏོ། །ཨ་བྷི་དང་པ་རི་དག་ལས་གཉིས་ཀྱི་དོན་དང་ཐམས་ཅད་ཀྱི་དོན་ལ་ཏས་སོ། །ས་མ་ཡཱ་གྲཱ་མཾ། ས་མ་ཡ་དང་ནི་ཀཱ་སིའི་སྒྲ་དག་

ནི་ཉེ་བའི་ཚིག་གོ། །ཨནྟ་ར་དང་ཨནྟ་རེ་ཎ་ཞེས་པ་འདི་དག་གི་སྦྱོར་བ་ལ་ཡང་ངོ་། །ཨནྟ་ར་ཏྭཾ་ཙ་མཱཉྩ་གྷ་ཊ་ཨནྟ་ར་ནི་ནང་མ་ཞེས་པའི་དོན་ཏོ། །ཨནྟ་རེ་ཎ་པུ་རུ་ཥ་ཀཱཾ་རཾ་ཀིཉྩིད་པྲ་སྱ་ཏེ། སྐྱེས་བུའི་བྱེད་པ་མེད་པར་ཞེས་པའི་དོན་ཏོ། །པྲ་ཀྲྀ་ཏི་ལ་སོགས་པ་རྣམས་ལས་གསུམ་པ་བཤད་པར་

བྱ་སྟེ། པྲ་ཀྲྀ་ཏྱདཪྵ་ནཱི་ཡཿ། པྲཱ་ཡེཎ་ཡཱ་ཛྙ་ཀཿ། གོ་ཏྲེ་ཎ་གཱརྒྱཿ། གང་པྲ་ཀྲྀ་ཏི་ལ་སོགས་པའི་སྒྲ་དེ་རྣམས་ཀྱི་བྱེད་པ་པོ་དང་། བྱེད་པ་དག་མ་གཏོགས་པ་ལ་གསུམ་པ་བལྟ་བར་བྱའོ། །པྲྀ་ཐ་ཀ་དང་བི་ནཱ་དང་། ནཱི་ནཱ་རྣམས་ཀྱི་སྦྱོར་བ་ལ་གཉིས་པ་དང་གསུམ་པ་དང་ལྔ་པ་བཤད་པར་བྱ་སྟེ།

པྲྀ་ཐགྡེ་བ་དཏྟཾ། པྲྀ་ཐགྡེ་བ་དཏྟེ་ན། པྲྀ་ཐགྡེ་བ་དཏྟཱད། དེ་བཞིན་དུ་བི་ནཱ་དང་ནཱ་ནའི་སྒྲ་སྦྱོར་བ་དཔེར་བརྗོད་པར་བྱའོ། །ཤ་བའི་བྱིངས་ཀྱི་སྦྱོར་བ་ལ་བཞི་པ་བཤད་པར་བྱ་སྟེ། ངག་གིས་ལུས་ཀྱི་དལ་བུའི་དོན་ལའོ། །དེ་བ་དཏྟཱ་ཡ་ཤ་པ་ཏེ། སྤྲི་ཧའི་སྦྱོར་བ་ལ་འདོད་པའི་དོན་ལའོ། །

རུ་དྲཱ་ཡ་སྤྲི་ཧ་ཡ་ཏི། ཏད་རྠེ་ཡཱུ་པཱ་ཡ་དཱ་རུ། །ཧི་ཏ་སྦྱོར་བ་ལ་ཏེ། དེ་བཱ་ཡ་ཧི་ཏཾ། ཡ་སའི་སྒྲའི་མཐའ་ཕྱིས་པ་ན་མས་དང་བཞི་དག་ལ་ལྔ་པ་བཤད་པར་བྱ་སྟེ། པྲཱ་སཱ་དཱ་ཡཱ་རུ་ཧྱ་པྲེཀྵ་ཏེ། པྲཱ་སཱ་དཱཏྤྲེཀྵཏེ། ཨཱ་ས་ནེ་ཨུ་པ་བི་ཤྱ་བི་ཀྵ་ཏེ། ཨཱ་ས་ནཱ་ཏ་བིཀྴ་ཏེ། རུ་ཧ་ས་བོན་ལའོ། །ཨཱང་

ལྔ་མའོ། །བི་ཤ་འཇུག་པ་ལའོ། །ཨུཔ་ལྔ་མར་རོ། །བྱེད་པ་པོ་གཅིག་དག་གོ་ཞེས་པས་ཀྟའོ། །བསྡུ་བ་མ་འབྱུང་བ་ལ་ཞེས་པས་དེའི་ཡས྄ ཏུ་བསྒྱུར་རོ། །དབྱི་བར་བྱའོ་ཞེས་པས་འོས་པའི་རྐྱེན་ངེས་པར་བསྟན་པ་ལས་ཨ་རུ་ཧྱ་དང་ཨུ་པ་བི་ཤྱ་དག་གི་དབྱིའོ། །རྒྱུ་མཚན་ལས་ལས་

เล่ม ๑๙๕ · หน้า 121b

ལ་སྦྱོར་བལ་ལ་བདུན་བཤད་པར་བྱ་སྟེ། ཙརྨ་ཎི་དྭི་པི་ནཾ་ཧནྟི། པགས་པའི་རྒྱུན་ལ་ཞེས་པའི་དོན་ཏོ། །དེ་བཞིན་དུ། །དནྟ་ཡཏྟནྟི་ཀུཉྫྭ་རཾ། ཀེ་ཤེཥུ་ཙ་མ་རཱི་ཧནྟི། སཱི་མྣི་པུཥྤ་ལ་ཀོ་ཧ་ཏཿ། ཐམས་ཅད་པའི་མིང་ཅན་གྱི་རྒྱུན་མཚན་གྱི་སྦྱོར་བ་ལ་རྣམ་དབྱེ་ཐམས་ཅད་འདོད་དེ། ཀིནྣི་མིཏྟཾ་བ་བ་ཏི།

ཀེན་ནི་མིཏྟེ་ན། ཀསྨཻ་ནི་མིཏྟཱ་ཡ། ཀསྨཱནྣི་མི་ཏཱ་ཏ། ཀ་སྱ་ནི་མིཏྟ་སྱ། ཀསྨཱི་ནྣི་མིཏྟེ། རྒྱུ་མཚན་ཞེས་པ་འདིར་དོན་གཟུང་བར་བྱ་སྟེ། དེས་ན། ཀིཾ་ཀཱ་ར་ཎ་ཝ་ས་ཏི། ཀོ་ཧེ་ཏུ་ར་ཝ་ས་ཏི། ཀེཾ་པྲ་ཡོ་ཛ་ནཾ་ཝ་ས་ཏི། ཞེས་པ་ལ་སོགས་པའི་འང་གནས་སོ། །པ་རི་ཨ་པ་ཨཱང་སྦྱོར་བ་ལ་

ལྔ་པའོ། །པ་རི་དང་ཨ་པ་དང་ཨཱང་སྟེ་དེ་རྣམས་ནི་པ་རི་ཨཔ་ཨཱང་ངོ་། །དེ་རྣམས་ཀྱི་སྦྱོར་བ་ནི་པ་རི་ཨ་པ་ཨཱང་སྦྱོར་བའོ། །པ་རི་དང་ཨ་པ་དང་ཨཱང་ཞེས་པ་འདི་རྣམས་ཀྱི་སྦྱོར་བ་ལ་རྟགས་ལས་ལྔ་པར་འགྱུར་རོ། །ལས་རབ་ཏུ་བརྗོད་པ་རྣམས་ཀྱིས་ཀྱང་ངོ་ཞེས་པས་གཉིས་པ་ཐོབ་པ་ལའོ། །

པ་རི་ཤྲུ་གྷྣཱདྡེ་ཝོ་བྲྀཥྚཿ། ཨ་པ་ཀ་ནྱ། ཀུབྫཱདྡེ་བོ་བྲྀཥྚཿ། ཨཱ་ཀུ་རུ་ཀྵེ་དེ་ཝོ་བྲྀཥྚཿ། བ་རི་ཨབ་ཨཱང་ཞེས་བྱ་བ་ལ་སྦྱོར་བ་སྨོས་པ་ནི་ལས་རབ་ཏུ་བརྗོད་པ་རྣམས་ཀྱི་བཟུང་བའི་དོན་ཏོ། །ཉེར་བསྒྱུར་རྣམས་ཀྱི་མི་འགྱུར་རོ། །དེས་ན་འདིར་མི་འགྱུར་ཏེ། པ་རི་བྷྲ་མ་ཎཾ། ཨ་པ་ས་ར་ཎཾ། ཨཱ་ནཱ་ཡ་ནཾ། ཀྲྀ་

ཡའི་སྦྱོར་བར་གྱུར་པ་ལ་པ་རི་སོགས་རྣམས་ཉིད་ཀྱི་ཉེར་བསྒྱུར་ཉིད་དོ་ཞེས་གསུང་ངོ་། །འདིར། འོ་ན། བྲྀཀྵཾ་པ་རི་བི་དྱོ་ཏ་ཏེ་པི་དྱུ་ཏ། ཅིའི་ཕྱིར་མི་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། ཨ་པའི་སྒྲའི་བོར་བའི་དོན་ལ་ལས་རབ་ཏུ་བརྗོད་པར་བཤད་བྱ་སྟེ། དེའི་ཕྱིར་བོར་བའི་དོན་ཅན་དེ་དང་

ལྷན་ཅིག་སྤྱོད་པའི་ཕྱིར་པ་རིའི་སྒྲ་བོར་བའི་དོན་ཅན་གཟུང་ངོ་། །པ་རི་ཞེས་པ་འདིར་སྤང་པ་རིའི་སྒྲ་མཚན་ཉིད་ཀྱི་དོན་དུ་གསལ་བར་བྱེད་དེ། ལྗོན་ཤིང་གི་ནི་གློག་མཚོན་ནོ། །ཕྱོགས་ཨི་ཏ་ར། རྀ་ཏ། གཞན་པ་རྣམས་ཀྱིས་ཡང་ངོ་། །ཕྱོགས་ཀྱིས་སྒྲས་སྦྱོར་བ་དང་། ཨི་ཏ་ར་དང་། རྀ་ཏེ་དང་།

གཞན་པ་ཞེས་པ་འདི་དག་གིའང་རྟགས་ལས་ལྔ་པར་འགྱུར་རོ། །པཱུརྦོ་གྲཱ་མཱཏ྄། དཀྵི་ཎི་ན་ག་རཱཏ྄། ཨི་ཏ་རོ་དེ་ཝ་དཏྟཱཏ། པཎྜིཏཿརྀ་ཏེ་ཤམྦྷོཿ། ཀུཏོ་མོཀྵཱཏ། ཨནྱོ་དེ་ཝ་དཏྟཱཏ། གཞན་ཞེས་པ་འདིར་དོན་གཟུང་བར་བྱ་སྟེ། དེས་ན། བི་ལཀྵ་ནོ་དེ་ཝ་དཏྟཱ་ཏ། ཨརྠཱནྟ་རཾ་ཡ་ཛྙ་དཏྟཱ་ཏ།

เล่ม ๑๙๕ · หน้า 122a

ཨེ་ན་ཡིས་གཉིས་པའོ། །ཨེ་ནའི་རྐྱེན་མཐའི་སྒྲས་སྦྱོར་བ་ལ་རྟགས་ལས་གཉིས་པར་འགྱུར་རོ། །དཀྵི་ཎེ་ན་གྲཱ་མཾ་ཝ་ས་ཏི། ཨུཏྟ་རེ་ཎ་ན་ག་རཾ་ཝ་ས་ཏི། ལྷོའི་ཕྱོགས་ན་བྱང་གི་ཕྱོགས་ན་ཞེས་པའོ། །པུ་ར་སྟཱཏ་སོགས་རྣམས་ཀྱང་ངོ་ཞེས་པས་ཚིག་ཕྲད་ལས་ཨེ་ནའི་རྐྱེན་ཏེ་ཨིའི་

ཡི་གེ་དང་ཨའི་ཡི་གེ་དག་དབྱིའོ། །དྲུག་པ་ཡང་འདོད་དེ། དཀྵི་ཎེ་ན་གྲཱ་མ་སྱ་ཝ་ས་ཏི། ལས་རབ་ཏུ་བརྗོད་པ་རྣམས་ཀྱང་ངོ་། །ལས་རབ་ཏུ་བརྗོད་པ་ལས་ཨ་ནུ་ལ་སོགས་དེ་རྣམས་ཀྱི་སྦྱར་བ་ལ་རྟགས་ལས་གཉིས་པར་འགྱུར་རོ། །བྲྀཀྵ་མ་ནུ་བི་དྱོ་ཏ་ཏེ་བི་དྱུད། འགྲོ་བའི་དོན་གྱི་ལས་ལ་ལམ་མ་ཡིན་པ་ལ་གཉིས་པ་དང་བཞི་པ་དག་

སྟེ་གཡོ་བ་ལའོ། །གང་རྣམས་ཀྱི་འགྲོ་བའི་དོན་གྱི་བྱིངས་དེ་རྣམས་ནི་འགྲོ་བའི་དོན་ཏོ། །དེའི་ལས་ནི་འགྲོ་བའི་དོན་གྱི་ལས་སོ། །འགྲོ་བའི་དོན་གྱི་བྱིངས་ཀྱི་ལས་དེ་ལ་ལས་ལ་ལམ་མ་ཡིན་པ་སྟེ། ལམ་མ་གཏོགས་པ་ལ་གཉིས་པ་དང་བཞི་བ་དག་འགྱུར་ཏེ། གཡོ་བ་ནི་འགྲོ་བཞིན་པ་སྟེ་

ལུས་གཡོ་ཞིང་ཡོངས་སུ་རྒྱུག་བའོ། །ཏཱིརྠཾ་གཙྪ་ཏི། ཏཱིརྠཱ་ཡ་གཙྪ་ཏི། ཀུ་རུ་ཀྵེ་ཏྲཾ་བྲ་ཛ་ཏི། །ཀུ་རུ་ཀྵེ་ཏྲ་ཡ་བྲ་ཛ་ཏི། འགྲོ་བའི་དོན་སྨོས་པ་ཅི་ཞེ་ན། ཨོ་ད་ནཾ་པ་ཙ་ཏི། ལས་ལ་ཞེས་པ་ཅི་ཞེ་ན། ཨ་ཤྭེ་ན་བྲ་ཛ་ཏི། གཡོ་བ་ལ་ཞེས་པ་ཅི་ཞེ་ན། མཱ་ན་སཱ་ཝཱ་རཱ་ཎ་སཱི་གཙྪ་ཏི། ལམ་

མིན་པ་ལ་ཞེས་པ་ཅི་ཞེ་ན། ཨ་དྷྭ་ནཾ་བྲ་ཛ་ཏི། ལམ་ཞེས་པ་འདིར་དོན་གཟུང་བར་བྱ་སྟེ། དེས་ན། པནྠ་ནཾ་གཙྪ་ཏི། མཱརྒཾ་བྲ་ཛ་ཏི། གང་གི་ཚེ་ལམ་པོ་ཆེའི་མ་ཐོབ་པར་འདོད་པ་དེའི་ཚེ་ཨ་དྷྭ་ནེ་གཙྪ་ཏི་ཞེས་པར་ཡང་འགྱུར་རོ། །བཞི་པ་ལ་ཡང་ན་ཞེས་བྱ་བ་ལ་གཉིས་པ་སྨོས་པ་ནི་

དགག་པར་བྱ་བ་ལ་ཏེ་དྲུག་པའི་ཡུལ་ལའང་གཉིས་པ་བཞི་པ་དག་འཇུག་པའི་དོན་ཏོ། །དེས་ན་གང་དུ་བྱེད་པ་པོ་དང་ལས་དག་ལ་ཀྲྀཏ་ལ་ཞེས་པས་དྲུག་པ་ཐོབ་པ་དེ་ལ་དེ་འགེགས་པ་ཉིད་ཀྱིས་ན་གཉིས་པ་དང་བཞི་པ་ཉིད་འགྱུར་རོ། །གྲཱ་མཱཾ་གནྟཱ། གྲཱ་མཱ་ཡ་གནྟཱ། ག་མིའི་བྱིངས་ལ། ཝུཎ྄་ཏྲྀ་ཙ་

དག་གོ་ཞེས་པས་ཏྲྀ་ཙའོ། །མ་ནྱའི་ལས་ལ་སྲོག་ཆགས་མ་ཡིན་པ་ལའང་སྟེ་མ་གུས་པ་ལའོ། །མ་ནྱ་ཏི་ཞེས་པ་འདིའི་ཕྱོགས་གཅིག་མ་ནྱའི་སྒྲ་གཟུང་བའོ། །མ་ནྱ་ཏིའི་ལས་ནི་མ་ནྱའི་ལས་སོ། །མན་ཤེས་པ་ལའོ་ཞེས་པ་འདིའི་ལས་གང་དེ་ལ་སྲོག་ཆགས་མ་ཡིན་པ་སྟེ་སྲོག་ཆགས་དོར་

เล่ม ๑๙๕ · หน้า 122b

བ་ན་ལས་ལ་གཉིས་པ་དང་བཞི་པ་དག་འགྱུར་ཏེ། མ་གུས་པ་རྟོགས་པར་བྱ་བ་ལའོ། །མ་གུས་པ་ནི་ཁྱད་དུ་གསོད་པའོ། །ཏྲྀ་ཎ་མ་སི་ཏྭཱཾ་ན་མནྱེ། འང་གི་སྒྲ་འདིར་བཀླགས་པ་དེའང་ཁྱད་པར་གསལ་བར་བྱེད་པའོ། །དེས་ན། ཡུཥྨཏ་ལ་བཞི་པར་མི་འགྱུར་རོ། །མ་ནྱ་ཞེས་པ་ཅི་ཞེ་ན། ཏྲྀ་ནཾ་ཏྭཱཾ་

ཙནྟྲ་ཡཱ་མི། མནྱ་ཞེས་ཡ྄ཎའི་ས་ངེས་པར་བསྟན་པ་ནི་མ་ནུ་རྟོགས་པ་ལའོ་ཞེས་པ་འདིའི་མ་ནུཏི་ལྡོག་པའི་དོན་ཏོ། །དེས་ན། ཏྲོ་རྞ་ཏྭ་མ་ནུ་ཏེ། མ་གུས་པ་ལ་ཞེས་པ་ཅི་ཞེ་ན། སུ་བ་རྞྞཾ་ཏྭཱ་མ་ནྱེ། སྲོག་ཆགས་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཤྭ་ནཾ་ཏྭཱཾ་མ་ནྱ། ནམཿ་སྭསྟི་སྭཱ་ཧཱ་སྭ་དྷཱ་ནུས་པ་བ་ཥཊ྄་སྦྱོར་བ་ལ་

བཞི་པའོ། །ནམས་དང་སྭསྟི་དང་སྭཱ་ཧཱ་དང་སྭ་དྷཱ་ནུས་པ་དང་བ་ཥཊ་ཞེས་པ་འདི་རྣམས་སྦྱོར་བ་ལ་རྟགས་ལས་བཞི་པར་འགྱུར་རོ། །ན་མོ་རུ་དྲཱ་ཡ། སྭེ་སྟི་པྲ་ཛཱ་བྷྱཱཿ། ཨགྣ་ཡེ་སྭཱ་ཧཱ། པི་ཏྲྀ་བྷྱཿསྭ་དྷཱ། ཨ་ལཾ་མལློ་མལླཱ་ཡ། བ་ཥ་ཌིནྡྲི་ཡ། ནུས་པ་ཞེས་པ་འདིར་དོན་གཟུང་བར་བྱ་སྟེ། དེས་

ནས་མརྠོ་མལློ་མལླཱ་ཡ། ཤཀྟོ་མལློ་མལླཱ་ཡ། ན་མཿསྭསྟི་སྭཱ་ཧཱ་སྭ་དྷཱ་ནུས་པ་བ་ཥཊ་རྣམས་ཀྱིས་ཞེས་བྱ་བ་ལ་སྦྱོར་བ་སྨོས་པ་ནི་ཡོངས་སུ་རྫོགས་པའི་དོན་ཅན་གྱི་ཨ་ལཾ་གཟུང་བའི་དོན་དུའོ། །དེས་ན་བཟློག་པའི་དོན་གྱི་མི་འགྱུར་ཏེ། ཨ་ལཾ་རོ་ད་ནེ་ན། ཉེ་བའི་ཚིག་གི་རྣམ་དབྱེ་བས་བྱེད་

པ་ཅན་གྱི་རྣམ་དབྱེ་ཤེས་སྟོབས་དང་ལྡན་པའོ་ཞེས་པའི་ཚིག་ལས་འདིར་མི་འགྱུར་ཏེ། ནཱ་རཱ་ཡཎཾ་ན་མ་སྐྲྀ་ཏྱ། ཞེས་པའི་ནམཿའི་སྒྲ་ནི་ཉེ་བའི་ཚིག་གི་རྣམ་དབྱེ་ལའོ། །ལས་ལ་སོགས་པའི་བྱེད་པ་ཅན་གང་ཡིན་པའི་རྣམ་དབྱེ་དེ་ནི་བྱེད་པ་ཅན་གྱི་རྣམ་དབྱེའོ། །ཏུ་མའི་དོན་ལས་ཀྱང་དངོས་

པོ་བརྗོད་པ་ལའོ། །ཏུཾའི་མཚུངས་པའི་དོན་ཏུཾའི་དོན་ཏོ། །དབྱི་བར་བྱའོ་ཞེས་འོས་པའི་རྐྱེན་ངེས་པར་བསྟན་པ་ལས། ས་མཱ་ནའི་སྒྲ་དབྱིའོ། །དངོས་པོ་བརྗོད་པའོ་ཞེས་པས་དངོས་པོ་འཆད་པའོ། །ཝཙུ་བརྗོད་པ་ལའོ། །མིང་ལ་རིགས་མ་ཡིན་པ་ལས་ཞེས་པས་ཎི་ནིའོ། །ཏུམའི་མཚུངས་

པའི་དོན་ཏེ་མཉམ་པའི་དོན་གང་ཡིན་པའི་རྐྱེན་དངོས་པོ་བརྗོད་པ་སྟེ་དངོས་པོ་བརྗོད་པ་ལ་ཞེས་པ་འདིས་སྒྲབ་པ་དེའི་མཐའ་ལས་རྟགས་ལས་བཞི་པར་འགྱུར་རོ། །པཱ་ཀཱ་ཡ་པྲ་ཛ་ཏི། པཀྟུཾ་བྲ་ཛ་ཏི། ཞེས་པའི་དོན་ཏོ། །ཀ་ར་ཎཱ་ཡ་བྲ་ཛ་ཏི། ཀཏྟུཾ་པྲ་ཛ་ཏེ། ཞེས་པའི་དོན་ཏོ། །པཾ་སྠི་ཏ་ཡེ་བྲ་

เล่ม ๑๙๕ · หน้า 123a

ཛཏི། སཾ་སྠཱ་ཏུཾ་བྲ་ཛཏི། ཞེས་པའི་དོན་ཏོ། །ཨ་ཤྲ་ཡཱ་ཡ་བྲ་ཛ་ཏི། ཨཱ་ཤྲ་ཡི་ཏུཾ་བྲ་ཛ་ཏི། ཞེས་པའི་དོན་ཏོ། ཏུམྨ྄འི་དོན་ལས་ཞེས་པ་ཅི་ཞེ་ན། པ་ཙ་ནཾ་པཱ་ཀཿ། ཏྱ་ཛ་ཨཱོཾ་ཏྱ་གཿ། །དངོས་པོ་བརྗོད་པ་ཅི་ཞེ་ན། ཀཱ་ར་ཀོ་བྲ་ཛ་ཏི། བྱ་བ་ལ་བྱ་བའི་དོན་ལ་ཝུཎ་ཏུམ྄་ཎམ྄་དག་གོ་

ཞེས་པས་ཝུཎའོ། །ལྷན་ཅིག་སྦྱོར་བ་ལ་གསུམ་པའོ། །ལྷན་ཅིག་གི་སྦྱོར་བ་ནི་ལྷན་ཅིག་སྦྱོར་བའོ། །ལྷན་ཅིག་པའི་དོན་གྱི་སྦྱོར་བ་ལ་རྟགས་ལས་གསུམ་པར་འགྱུར་རོ། །པུ་ཏྲེ་ཎ་ས་ཧ་ཨཱ་ག་ཏཿ། པི་ཏཱ་པུ་ཏྲེཎ་ས་ཧ་སྠུལཿ། པུ་ཏྲེ་ཎ་ས་ཧ་གོ་མཱན། འདིར་གཙོ་བོ་མ་ཡིན་པ་ལས་གསུམ་པ་

བཤད་པར་བྱའོ། །དེས་ན་པི་ཏྲྀ་སྒྲ་ལས་མི་འགྱུར་རོ། །ལྷན་ཅིག་ཅེས་པ་ནི་འདིར་དོན་འཛིན་པ་སྟེ། དེས་ན། པུ་ཏྲེཎ་པ་ཀཾ་པ་ཋ་ཏི། པུ་ཏྲེ་ཎ་སཱ་མཾ་ཏྲཱ་ཡ་ཏི། པུ་ཏྲེ་ཎ་སཱ་དྷྭཾ་པཱུ་ཛ་ཡ་ཏི། །ཏུ་ལྱའི་དོན་གྱི་སྒྲའི་རྟགས་ལས་དྲུག་པ་དང་གསུམ་པ་དག་བཤད་པར་བྱ་སྟེ། ཉེ་བར་འཇལ་བའི་མཉམ་པའོ་ཞེས་པའི་ཏུ་ལྱའི་

དོན་དོར་བ་ཉིད་ལའོ། །ཏུ་ལྱོ་དེ་བ་དཏྟ་སྱ། ཏུ་ལྱོ་དེ་བ་དཏྟེ་ན། ས་དྲྀ་ཤོ་དེ་བ་དཏྟ་སྱ། ས་དྲྀ་ཤོ་དེ་བ་དཏྟེན། ཉེ་བར་འཇལ་བའི་ཏུ་མྱ་འོས་སྦྱོར་བ་ལ་དྲུག་པའང་ངོ་། །ཏུ་ལཱ་ཏུ་ཏ་སྱ་ནཱ་ཏི་ཨུ་བ་མཱ་ཀྲྀཥྞ་སྱ་ན་བི་དྱ་ཏེ། རྒྱུའི་དོན་ལའོ། །རྒྱུའང་འདི་ཡིན་ལ་དོན་ཡང་ཡིན་པ་ནི་རྒྱུའི་དོན་ཏོ། །འདིར་

གསུམ་པ་རྗེས་སུ་འཇུག་སྟེ། མདོ་ཕྱི་མ་གསུམ་རྣམས་ལའང་ངོ་། །འབྲས་བུ་སྒྲུབ་པ་དང་ལྡན་པའི་དངོས་པོ་ནི་རྒྱུའོ། །རྒྱུ་ལས་གསུམ་པར་འགྱུར་རོ། །བི་དྱ་ཡཱ་ཡ་ཤཿ། ཀ་ནྱ་ཡཱ་ཤོ་ཀཿ། རྒྱུ་ལའོ་ཞེས་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །སྨད་པ་ལ་ཡན་ལག་ལའོ། །ཡན་

ལག་ལ་སྨད་ཅིང་སྨོད་པར་བྱེད་པ་ལ་གསུམ་པར་འགྱུར་རོ། །ཨཀྵྞཱ་ཀཱ་ཎཿ། ཤི་ར་སཱ་ཁལླིཊ། ནཱ་ས་ཡཱ་ཙི་པ་ཊཿ། སྨད་པ་ལ་ཞེས་པ་ཅི་ཞེ་ན། མུ་ཁེ་གཽ་རཿ། འདིར་གཙོ་བོ་མ་ཡིན་པ་ལས་གསུམ་པ་བཤད་པར་བྱའོ། །དེས་ན་འདིར་མི་འགྱུར་ཏེ། ཨཀྵི་ཀཱ་ཎ་དེ་བ་དཏྟ་སྱ། འདིར་ནི་ཨཀྵི་

གཙོ་བོའོ། །ཁྱད་པར་དུ་བྱེད་པ་ལའོ། །གང་གིས་ཁྱད་པར་དུ་བྱེད་པ་དེ་ཁྱད་པར་དུ་བྱེད་པའོ། །ཁྱད་པར་དུ་བྱེད་པ་ལ་གསུམ་པར་འགྱུར་རོ། །ཛ་ཊཱ་བྷི་སྟཱ་པ་ས་དྲྀཥྚཿ། ཁཌྒེ་ན་བྷ་ཊོ་དྲྀཥྚཿ། བྱེད་པ་པོ་ལའང་ངོ་། །བྱེད་པ་པོ་ལ་གསུམ་པར་འགྱུར་རོ། །རུ་དྲེ་ཎ་དགྡྷཾ་དྲྀ་པུ་རཾ། བིཥྞུ་བདྡྷོ་

เล่ม ๑๙๕ · หน้า 123b

བེ་ལིཿ། དུས་དང་དངོས་པོ་དག་ལ་བདུན་པའོ། །དུས་དངོས་པོ་དག་ལ་བདུན་པར་འགྱུར་རོ། །རེ་ཞིག་དུས་ལ། ཤ་ར་དི་པུཥྤནྟི་བ་པྟཙྪ་དཿ། བཪྵ་སུ་པུཥྤ་པནྟི་ཀུཌྫཱ་ནི། དངོས་པོ་ལ་སྟེ་དངོས་པོ་ནི་ཡོད་པའོ། །དེ་ཝ་དཏྟེ་ག་ཏེ། ཡཛྙ་དཏྟེ་བྷཱུཾ་ཀྟེ། ཨགྣེ་ཧོ་ཏྲེ་ཧྲི་ཡཱ་མཱ་ནེ་གཏཿ། དུས་དང་དངོས་

པོ་དག་ལས་གང་གི་ཚེ་གཞན་ཅུང་ཟད་མཚོན་པར་བྱེད་པ་དེའི་ཚེ་བདུན་པར་བཤད་པར་བྱའོ། །དེས་ན་འདིར་མི་འགྱུར་ཏེ། ཤ་རཏྟཿ། སཱ་དྷུ་དང་ཨ་སཱ་དྷཱུའི་སྒྲ་དག་གི་སྦྱོར་བ་ལ་བདུན་པ་བཤད་པར་བྱ་སྟེ། དྲུག་པ་འགེགས་པའོ། །ས་དྷུ་རིམཱ་ཏ་རི། ཨ་སཱ་དྷུཿཔི་ཏ་རི་དཱ་ཏ་རི། སྭཱ་མི། ཨཱི་ཤྭ་ར།

ཨ་དྷི་པ་ཏི། དཱ་ཡ་ད། སཱཀྵི། པྲ་ཏི་བྷུ། །པྲ་སཱུ་ཏ་རྣམས་ཀྱི་དྲུག་པའང་ངོ་། །སྭཱ་མི་དང་། ཨཱི་ཤྭ་ར་དང་། ཨ་དྷི་པ་ཏི་དང་། དཱ་ཡཱ་ད་དང་། སཀྵི་དང་། པྲཏི་བྷུ་དང་། བྲ་སཱུ་ཏ་ཞེས་པ་འདི་རྣམས་ཀྱི་སྦྱོར་བ་ལ་བདུན་པར་འགྱུར་ཏེ་དྲུག་པའང་ངོ་། །རྗེས་སུ་འབྲེལ་བ་ལའོ། །རྟག་ཏུ་དྲུག་

པ་ཐོབ་པ་ལའོ། །དྷ་ནེ་སྭཱ་མཱི། །དྷ་ན་སྱ་སྭཱ་ཤྭ་རཿ། དེ་ཤེ་ཨ་དྷི་པ་ཏི། དེ་ཤ་སྱ་ཨཱ་དྷི་པ་ཏི། །དྷ་ནེ་དཱ་ཡཱ་དཿ། དྷ་ན་སྱ་དཱ་ཡ་དཿ། དྷ་ནེ་སཱཀྵི། དྷ་ན་སྱ་སཱཀྵི། དྷ་ནེ་པྲ་ཏི་བྷུཿ། དྷ་ན་སྱ་པྲ་ཏི་བྷཱུཿ། ག་ཝཱཾ་པྲ་སཱུ་ཏཿ། གོ་ཥུ་པྲ་སཱུ་ཏཿ། འོ་ན། སྭཱ་མི་དང་།

ཨཱི་ཤྭ་ར་དང་། ཨ་དྷི་པ་ཏིའི་སྒྲ་རྣམས་ཀྱི་གཅིག་ཡོད་པ་དེ་ལའང་ཡོད་པས་སྭཱ་མི་ཁོ་ན་གཟུང་བར་བྱས་པས་དེ་བཞིན་དུ་དེས་ཨཱི་ཤྭ་ར་དང་ཨ་དྷི་པ་ཏིའི་སྒྲ་དག་གཟུང་བར་འགྱུར་རོ་ཞེས་པས་ཅིའི་དོན་དུ་ཨཱི་ཤྭ་ར་དང་ཨ་དྷི་པ་ཏི་དག་སྨོས་ཤེ་ན། བརྗོད་པར་བྱ་སྟེ། ཇི་ལྟར་ཨཱི་ཤྭ་ར་དང་ཨ་དྷི་པ་ཏིའི་སྒྲ་དག་བཟུང་བ་

དེ་བཞིན་དུ་པྲ་བྷུ་དང་། ཨེ་ཤ་ཞེས་པ་ལ་སོགས་པ་རྣམས་ཀྱིའང་འགྱུར་བའི་ཕྱིར་རོ། །ངེས་པར་བཀར་བ་ལའང་ངོ་། །དྷྲྀང་ངེས་པར་གནས་པ་ལའོ། །ནིར་སྔ་མར་རོ། །དེ་ཉིད་ཀྱི་ཕྱིར་ངེས་པར་བསྟན་པ་ལས་རང་གི་དོན་ལ་ཨིནའོ། །འཕེལ་བའོ། །ངེས་པར་དགར་བར་བྱ་ཞིང་ཐ་དད་པར་བྱའོ་

ཞེས་པ་ལ་ཀྲྀ་ཏྱ་ཡུཊ་རྣམས་གཞན་ལ་ཡང་ངོ་ཞེས་པས་ཡུཊའོ། །ཨན་རུ་བསྒྱུར་རོ། །ཀཱ་རི་ཏ་དབྱིའོ། །དྲུག་པ་དང་བདུན་པ་དག་རྗེས་སུ་འབྲེལ་ལོ། །ངེས་པར་བཀར་བ་ལ་དྲུག་པ་དང་བདུན་པ་དག་འགྱུར་རོ། །རིགས་དང་ཡོན་ཏན་དང་བྱ་བ་རྣམས་ཀྱིས་ཚོགས་པ་ལས་ཕྱོགས་གཅིག་ཏུ་ཐ་དད་ཏུ་བྱེད་པ་

เล่ม ๑๙๕ · หน้า 124a

ནི་ངེས་པར་བཀར་བ་སྟེ་པུ་རུ་ཥཱ་ཎཱཾ་ཀྵ་ཏི་ཡཿཤུ་རཿ། ཡང་ན། པུ་རུ་ཥེ་ཥུ། ཤྱ་མཱ་ནཱ་རཱི་ཎཱཾ་ད་ཪྵ་ནཱི་ཡ། ཡང་ན། ནཱ་རཱི་ཥུ། དྷ་ཝནྟོ་དྷྭ་གཱ་ནཱཾ་ཤྲཱི་གྷྲ་གཱཿ། ཡང་ན། ཨདྷྭ་གེ་ཥུ། ཧེ་ཏུ་སྦྱོར་བ་ལ་དྲུག་པའོ། །ཧེ་ཏུའི་སྦྱོར་བ་ནི་ཧེ་ཏུ་སྦྱོར་བའོ། །ཧེ་ཏུའི་སྒྲའི་སྦྱོར་བ་བརྗོད་པར་གྱུར་བ་

ལ་རྟགས་ལས་དྲུག་པར་འགྱུར་རོ། །རྒྱུའི་དོན་ལའོ་ཞེས་པས་གསུམ་པ་ཐོབ་པ་ལའོ། །བིདྱཱ་ཡཱ་ཧེ་ཏོརྦ་ས་ཏི། ཨནྣ་སྱ་ཧེ་ཏོརྦ་ས་ཏི། དྲན་པའི་དོན་གྱི་ལས་ལའོ། །བྱིངས་རྣམས་ཀྱི་དོན་དྲན་པ་ཡིན་པ་དེ་རྣམས་དྲན་པའི་དོན་ཏོ། །དེ་རྣམས་ཀྱི་ལས་ནི་དྲན་པའི་དོན་གྱི་ལས་སོ། །དྲན་པའི་དོན་

རྣམས་ཀྱི་ལས་གང་ཡིན་པ་དེ་ལ་ལས་དྲུག་པར་འགྱུར་རོ། །བི་ཏུཿསྨ་ར་ཏི། མཱ་ཏུ་ར་དྷྱ་ཡ་ཏི། ཡང་ན་ཞེས་བཤད་པར་བྱ་སྟེ། དེས་ན་གཉིས་པ་ཡང་འགྱུར་ཏེ། པི་ཏ་རཾ་སྨ་ར་ཏི། དྲན་པའི་དོན་ཅན་རྣམས་ཀྱིས་ཞེས་པ་ཅི་ཞེ་ན། ཨོ་ད་ནཾ་པ་ཙ་ཏི། ཀ་རོ་ཏིའི་འབད་པ་ལའོ། །ཡོད་པའི་ཡོན་

ཏན་བར་མ་ཆད་དུ་འབྱུང་བ་དེ་ནི་འབད་པའོ། །ཀ་རོ་ཏིའི་ལས་གང་ཡིན་པའི་ལས་དེ་ལ་དྲུག་པར་འགྱུར་ཏེ་འབད་དུ་འགྲོ་བཞིན་པ་ལའོ། །ཨེ་དྷོ་ད་ཀ་སྱོ་བ་སཾ་སྐུ་རུ་ཏེ། ཨ་ཤི་པ་དྲ་སྱོ་བ་སྐུ་རུ་ཏེ། ཡང་ན་ཞེས་བཤད་པར་བྱ་སྟེ། དེས་ན། ཨེ་དྷོ་ད་ཀ་མུ་པ་ཀུ་རུ་སྟེ། འཚེ་བའི་དོན་རྣམས་

ཀྱིས་ཛྭ་ར་མ་ཡིན་པ་ལའོ། །འཚེ་བའི་དོན་ནི་སྲོག་ཆགས་ཉེ་བར་འཇོམས་པའོ། །འཚེ་བའི་དོན་རྣམས་ཀྱི་ལས་གང་ཡིན་པ་དེ་ལ་དྲུག་པར་འགྱུར་ཏེ། ཛྭ་ར་མ་ཡིན་པ་སྟེ། ཛྭ་ར་ནད་ལའོ་ཞེས་པ་འདི་དང་འབྲེལ་བའི་ལས་གང་ཡིན་པ་དེ་དོར་བ་ཉིད་ནའོ། །ཙཽ་ར་སྱ་རུ་ཛ་ཏི་རོ་གཿ། ཙཽ་ར་སྱ་ལ་ཡ་ཏི་ཏོ་

དཿ། ཕྱི་མར་རྟག་ཏུ་སྨོས་པའི་ཕྱིར་འདིར་རྣམ་པར་བརྟག་པའོ། །དེས་ན། ཙཽ་རཾ་རུ་ཛ་ཏི། འཚེ་བའི་དོན་ཅན་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཨེ་ཏི་ཛཱི་བནྟཿ། མཱ་ནནྡཿ། ཛྭ་ར་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཙཽ་རཾ་ཛྭ་ར་ཡ་ཏི་ཛྭ་རཿ། སཾ་སྔ་མ་ཅན་གྱི་ཏ་པ་ཡོངས་སུ་གདུང་བ་ལའོ་ཞེས་པ་འདིའི་ཨིནའི་

མཐའ་ཅན་གྱི་སྦྱོར་བ་ལས་ལ་དྲུག་པ་མི་འདོད་དེ། ཙཽ་རཾ་སཾ་ཏཱ་པ་ཡ་ཏི་ཏཱ་པཿ། གང་གི་ཚེ་འཚེ་བའི་དོན་ཅན་རྣམས་ཀྱིས་དངོས་པོ་ལ་ཨ་དྱ་དང་པོའི་རྐྱེན་བརྗོད་པར་བྱ་བ་བྱེད་པ་པོར་འགྱུར་བ་དེའི་ཚེ་དྲུག་པ་བཤད་པར་བྱའོ། །དེས་ན་འདིར་མི་འགྱུར་ཏེ། ཝཱ་ཡུཿཔུ་རུ་ཥཾ་ཧི་ན་ཏི། འདིར་འཚེ་བའི་དོན་གྱི་ཝཱ་

เล่ม ๑๙๕ · หน้า 124b

ཡུ་བྱེད་པ་པོའོ། །བྱེད་པ་པོ་དང་ལས་དག་ལ་ཀྲྀཏ་ལ་རྟག་ཏུའོ། །རྟག་ཏུ་ཞེས་པ་བྱ་བའི་ཁྱད་པར་ཉིད་ལས་སོ། །གཉིས་པའི་མཐའི་མ་ནིངའང་དེའོ། །བྱེད་པ་པོ་དང་ལས་ལའང་རྟག་ཏུ་དྲུག་པར་འགྱུར་ཏེ། ཀྲྀཏ་ལ་སྟེ་ཀྲྀ་ཏའི་རྐྱེན་གྱི་མཐའི་སྒྲ་སྦྱོར་བཞིན་པར་གྱུར་པ་ལའོ། །རེ་ཞིག་བྱེད་པ་པོ་ལ།

བྷ་ཝ་ཏ་ཨ་སཱི་ཀཱ། བྷ་ཝ་ཏོ་གྲཱ་གཱ་མི་ཀཱ། ཨས་སྡོད་པ། གམླྀ་འགྲོ་བ། ཨ་གྲ་སྔ་མར་འོ། །བརྒྱུད་རིམ་འོས་པ་བུ་ལོན་ཞེས་པས་བུ་ཉའོ། །ཡུ་ཝུ་ཛྷའི་ཞེས་པས་ཨ་ཀ་རུ་བསྒྱུར་རོ། །བུད་མེད་ལས་ཨཱ་ལས་ཨཱ་པའོ། །ཀའི་རྐྱེན་ལ་ཞེས་པས་ཨ་ཉིད་དོ། །ལས་ལ། བཛྲ་སྱ་

བྷརྟྟཱ། བྷུ་ཝ་ན་སྱ་རཀྵི་ཏཱ། ཌུ་བྷྲྀཉ་འཛིན། རཀྵ་བསྲུང་བ། ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཏྲྀ་ཙཱོ། །ཨིཊའོ། །ཡ་ཝཱ་ནཱཾ་ལ་བ་ཀཿ། སཀྟཱུ་ནཱཾ་པ་ཡ་ཀཿ། ལཱུཉ་གཅོད་པ་ལའོ། །པཱ་འཐུང་བ་ལའོ། །ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཝུཎའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །

ཨཱཏ་མཐའི་ཨི་ཙ་ལ་ཨཱ་ཡིའོ་ཞེས་བས་ཨཱ་ཡིའོ། །བྱེད་པ་པོ་དང་ལས་དག་ལ་ཞེས་པ་ཅི་ཞེ་ན། ཨ་ཤྭེ་ན་གནྟཱ། ག་མི་ལས་ཏྲྀ་ཙའོ། །ཀྲྀ་ཏྱའི་རྐྱེན་མཐའི་སྒྲའི་སྦྱོར་བ་ལ་བྱེད་པ་པོ་ཡང་དྲུག་པ་མང་ན་བཤད་པར་བྱེ་སྟེ། བྷ་མ་ཏཿ། ཀཊཿ། ཀརཏྟ་བྱཿ། བྷ་བ་ཏོ་གྲཱ་མོ་ག་མྱཿ། བྷ་བ་ཏཱ་གྲཱ་མོ་ག་

མྱཿགམྱཿ། གཉིས་ཀ་ཐོབ་པ་ལ་ལས་ཁོ་ནའི་བྱས་པ་ནི་མདོ་སྡེའི་རྣམས་པ་སྣ་ཚོགས་པ་སྟེ། སློབ་དཔོན་སརྦ་ཝརྨ་ངག་གི་འདོད་པ་འཇོ་བ་ངག་སྐྱོང་བས་མཛད་པའོ། །ནིཥྛ་སོགས་རྣམས་ལ་མ་ཡིན་ནོ། །ནིཥྛ་དང་། ཀྭནྶུ་དང་། ཀཱན་དང་། ཤནྟྲིང་དང་། ཨཱ་ན་ཤ་དང་། ཀི་དང་། ཨུ་དང་།

ཨུ་ཀཉ་དང་། ཨིཥྞུ་དང་། ཀྟྭ་དང་། ཁལ་དང་། ཡུ་དང་། ཤཱ་ནང་དང་། ཏྲིན་དང་། ཝུཎ་དང་། ཎིན་ཞེས་པ་འདི་རྣམས་ཀྱིས་ནིཥྛ་ལ་སོགས་པའི་སྦྱོར་བ་ཡོད་པར་གྱུར་པ་རྣམས་ལ་ནི་བྱེད་པ་པོ་དང་ལས་དག་ལ་དྲུག་པ་མི་འགྱུར་རོ། །མདོ་སྔ་མས་ཐོབ་པ་ལའོ། །ནིཥྛའི། །དེ་ཝ་དཏྟེ་ན་

བྷུཀྟཿ། ཡོ་ད་ནཾ་བྷུཀྟི་ཝཱན། བྷུཛ་སྐྱོང་བ། ནིཥྛའོ་ཞེས་པས་ཀྟ་དང་ཀྟ་ཝནྟུའོ། །ཙ་སྡེའི་ཀིའོ། །ཀྭནྶུའི། ཨོ་ད་ནཾ་པེ་ཙི་ཝཱན། ཌུ་པ་ཙཥ་འཚེད་པ་ལའོ། །ཀྭནྶུ་དག་ལ་ཞེས་པས་ཀྭནྶུའོ། །པ་རོཀྵ་དང་འདྲ་བར་འགྱུར་བའི་ཕྱིར་གཉིས་བརྗོད་དོ། །གསལ་བྱེད་གཅིག་པུ་བའི་དབུས་ན་

เล่ม ๑๙๕ · หน้า 125a

ཡོད་པའི་མ་བསྒྱུར་བའི་ཞེས་པས་ཨ་བྷྱ་ས་དབྱིའོ། །ཨརྟི་ཨིཎ་གྷས་དབྱངས་གཅིག་བ། ཨཱཏ་རྣམས་ཀྱི་ཞེས་པས་ཨིཊའོ། །ཨོ་ད་ནཾ་པེ་ཙཱ་ནཿ། ཀྭནྶུ་ཀཱན་དག་གཅེས་པས་ཀཱནའོ། །གཞན་སྔ་མ་དང་འདྲའོ། །ཤནྟྲྀངའི། ཨོ་ད་ནཾ་བ་ཙ་ན། ད་ལྟར་བ་ལ་ཤནྟྲྀང་ཞེས་པས་

ཤནྟྲྀངའོ། །ཨན་བི་ཀ་ར་ཎའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་ས་དབྱིའོ། །ཨ་དྷཱི་ཡན་པཱ་རཱ་ཡ་ཎཾ། ཨ་དྷི་སྔ་མར་འོ། །ཨིང་དྷཱ་རི་དག་ལས་ཤནྟྲྀང་ཞེས་པས་ཤནྟྲྀངའོ། །ཨན་བི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། །དབྱངས་དང་པོ་ལ་ཨིའི་ཡི་གེ་ཞེས་པས་ཨི་ཡའོ། །ཨཱ་ན་ཤྲའི།

ཨོ་ད་ནཾ་ཙ་མཱ་ནཿ། བརྟ་མཱ་ན་ལ་ཤནྟྲྀང་ཞེས་པས་ཨཱ་ན་ཤའོ། ཨན་བི་ཀ་ར་ཎའོ། །ཨ་ལས་ཨཱ་ན་ལ་མ་མཐའ་འོ་ཞེས་པས་མ་ཡིག་ཨཱ་ག་མའོ། །ཀའི། །ད་དི་གཱཿ། ཌུ་དཱཉ་སྦྱིན། ཨཱཏ་ཨིའི་ཡི་གེ་ཨུ་པ་དྷ་ཞེས་པས་ཀིའོ། །གཉིས་དག་ཀྱང་ངོ་ཞེས་པའི་ཚིག་ལས་ལན་གཉིས་

བརྗོད་དོ། །ཐུང་ངུའོ། །བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨ་དབྱིའོ་ཞེས་པས་ཨ་དབྱིའོ། །གཱ་ཞེས་པ་འདིར་གོ་སྒྲའི་ཨམ་ཤས་དག་ལ་ཨཱའོ་ཞེས་པས་ཨཱ་ཉིད་དོ། །ཨུའི། ཨོ་ད་ནཾ་བུ་བྷུ་ཀྵུཿ། བྷུ་ཛ་སྐྱོང་བ་ལའོ། །བྱིངས་ཀྱི་ལས་ལ་ཡང་ན་ཞེས་པས་ས་ནའོ། །ཙཎ་པ་རོ་ཀྵ་ཞེས་པས་

ལན་གཉིས་བརྗོད་དོ། །གཉིས་པ་བཞི་པ་དག་གི་ཞེས་པས་བྷའི་བའོ། །ཙ་སྡེའི་ཀིའོ། །ཉ་ཤ་ཉིད་དོ། །སན་མཐའ་དང་ཨཱ་ཤཾ་སི་ཞེས་པས་ཨུའི་རྐྱེན་ནོ། །ཨའི་ང་དབྱིའོ། །ཨུ་ཀཉའོ། ཨཱ་གཱ་མུ་ཀོ་གྲཱ་མཾ་དེ་ཝ་དཏྟཿ། གམླི་འགྲོ་བ་ལའོ། །ཤྲཱི་ཀམ་གམ་ཧན་ཞེས་པས་ཨུ་ཀཉའོ། །

ཨའི་ཨུ་བདྷཱ་ཞེས་པས་རིང་པོའོ། ཨིཥྞུའི། ཀ་ནྱཱ་མ་ལཾ་ཀ་རིཥྞུཿ། ཌུ་ཀྲྀཉ་བྱེད་པ། ཨ་ལཾ་སྔ་མར་འོ། །ཨ་ལཾ་ནི་རབ་ཏུ་ཐོབ་པ་དང་། ཟློག་པ་དང་། རྒྱན་རྣམས་ལའོ། །བྷྲ་ཛི་ཨ་ལཾ་ཀྲྀཉ་ཞེས་པས་ཨིཥྞུའོ། །ཡོན་ཏན་ནོ། །ཀྟྭའི། །ཀ་ཊཾ་ཀྲྀ་ཏྭཱ། བྱེད་པ་པོ་གཅིག་དག་གི་ཞེས་པས་གྷཱའོ། །

ཁལའི། །ཨཱིཥ་དྱ་ཌྷྱ་བྷ་བཾ་བྷ་བ་ཏཱ། བྷཱུ་ཡོད་པ་ལའོ། །ཨཱི་ཥཏ་སྔ་མརའོ། །བྱེད་པ་པོ་དང་ལ་དག་ལའང་བྷཱུ་ཀྲྀཉ་དག་གིའོ་ཞེས་པས་ཁལའོ། །ཡུའི། །ཨཱི་ཥ་ཏསྠ་ནཾ་བྷ་ཝ་ཏཱ། ཥྛ་འགྲོ་བ་ལྡོག་པ་ལའོ། །ཨཱཏ་རྣམས་ལས་ད་རི་དྲ་ཏི་མ་ཡིན་པ་ལས་ཡུའོ་ཞེས་པས་ཡུའོ། །ཡུ་ཝུ་ཛྷ་རྣམས་ཀྱི་

เล่ม ๑๙๕ · หน้า 125b

ཞེས་པས་ཨ་ན་རུ་བསྒྱུར་རོ། །ཤ་ནངའི། སོ་མཾ་བ་བ་མཱ་ནཿ། པཱུང་དག་པར་བྱེད་པར་བྱེད་པ་ལའོ། །པུང་ཡ་ཛ་དག་གི་ཤཱ་ནངའོ། །ཨན་བི་ཀ་ར་ཎའོ། །ཡོན་ཏན་ནོ། །ཨ་ལས་ཨཱན་ལས་མ་མཐའ་འོ་ཞེས་པས་མ་ཡིག་ཨཱ་ག་མའོ། །ཏྲྀཎའི། ཀརྟྟཱ་ཀ་ཊཾ། ཏྲྀ་ནའོ་ཞེས་པས་ཏྲྀནའོ། །ཝུཎའི།

ཀ་ཊཾ་ཀཱ་ར་ཀོ་བྲ་ཛཏི། ཌུ་ཀྲྀཉ་བྱེད་པ། བྱ་བ་ལ་བྱ་བའི་དོན་ལ་ཝུཎ་ཏུམ་དག་གོ་ཞེས་པས་ཝུཎའོ། །ཎིནའི། ཤ་ཏཾ་དཱ་ཡཱི། ཌུ་དཱཉ་སྦྱིན། གདོན་མི་ཟ་བ་དང་བུ་ལོན་ལེན་པ་དག་ལ་ཎིནའོ་ཞེས་པས་ཎིནའོ། །ཨིཙ་ལ་ཨཱ་ཡི་ཞེས་པས་ཨཱ་ཡི་རུ་བསྒྱུར་རོ། །ད་ལྟར་བའི་དུས་ལ་ཀྟའི་རྐྱེན་གྱིས་

སྦྱོར་བ་གང་ཡིན་པ་དེ་ལ་དགག་པ་མི་འདོད་དེ། རཱ་ཛྙཱཾ་ཛྙཱ་ཏཿ། ཉ་རྗེས་སུ་འབྲེལ་པ་དང་ཞེས་པས་ད་ལྟར་བ་ལ་ཀྟའོ། །ལས་ལ། ཨུཀཉའི་རྐྱེན་གྱིས་སྦྱོར་བ་གང་ཡིན་པ་དེ་ལ་ཡང་ངོ་། །དཱ་སྱཿཀཱ་མུ་ཀཿ། ཝུཎའི་རྐྱེན་འབྱུང་འགྱུར་གྱི་དུས་ལ་བྱས་པའི་ཝུཎ་ཏུམ་དག་ཅེས་པས་འདིས་བྱས་པ་གཟུང་བར་

བྱའོ། །དེས་ན་འདིར་དགག་པ་མི་འགྱུར་ཏེ། ཡ་བཱ་ནཱཾ་ལཱ་བ་ཀཿ། སཀྟཱུ་ནཱཾ་པ་ཝ་ཀཿ། ཥ་ཌའི་ན་ལ་ཎའོ། །ཥ་ཌ་ཞེས་པའི་མཐའི་ཎ་ཉིད་དུ་འགྱུར་ཏེ་ན་ཡིག་ཕ་རོལ་ལའང་ངོ་། ཥཎྞཱམ྄། དྲུག་གིས་ལྷག་པའི་དགུ་བཅུ་ནི། །ཥཎྞ་ཝ་ཏི། གྲོང་ཁྱེར་དྲུག་རྣམས་ཀྱི་ནི། ཥཎྞ་ག་རཱི། ན་ཡིག་ལ་

ཞེས་པ་ཅི་ཞེ་ན། ཥཌྦྷིཿ། མ་ན་དག་གི་དྷུཊ་ལ་རྗེས་སུ་ང་རོའོ། །མ་ཡིག་དང་ན་ཡིག་དག་ནི་དྷུཊ་ཕ་རོལ་ལ་རྗེས་སུ་ང་རོ་རུ་འགྱུར་རོ། །མ་ཡིག་ཚིག་མཐའ་མ་ཡིན་པའི་དོན་གཟུང་སྟེ། ཚིག་མཐའ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་དང་ལྷན་ཅིག་སྤྱོད་པའི་ཕྱིར་ན་ཡིག་གིའང་ཚིག་མཐའ་མ་ཡིན་པའི་དོན་གཟུང་

ངོ་། །དེ་བཞིན་དུ་ཕྱི་མར་ཡང་ངོ་། །ཨཱ་ཀྲྀ་སྱ་ཏི། རཾ་སྱ་ཏེ། ཀྲ་མུ་རྐང་པ། ར་མ་རྩེ་བ། སྱ་ཏེའོ། །འདིས་རྗེས་སུ་ང་རོའོ། །སརྦཱི་ཥི། དྷ་ནུཾ་ཥི། ཡ་ཤཱཾ་སི། དྷུཊ་ལ་ཞེས་པ་ཅི་ཞེ་ན། གམྱ་ཏེ། སྡེ་པ་ལ་སྡེ་པའི་མཐའོ། །མ་ཡིག་དང་ན་ཡིག་དག་ནི་སྡེ་བ་ཕ་རོལ་ལ་སྡེ་པའི་མཐར་འགྱུར་

རོ། སྔ་མས་རྗེས་སུ་ང་རོ་ཐོབ་པ་ལའོ། །ཤཱནྟཿ། ཤཱནྟ་ཝཱན། ཤ་མུ་ཉེ་བར་ཞི་བ་ལའོ། །འགྲོ་བའི་དོན་དང་ལས་མ་ཡིན་པ་ལ་ཞེས་པས་ཀྟའོ། །ནིཥྛའོ་ཞེས་པས་ཀྟ་ཝནྟུའོ། །པཉྩ་མི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །ཤཱནྟཿཤཱནྟ་ཝའྣ། ཤིངྐི་ཏཱ། ཝངྐི་ཏཱ། ཤ་ཀི་དོགས་པ་

เล่ม ๑๙๕ · หน้า 126a

ལའོ། །ཝ་ཀི་འཁྱོག་པ། ཨི་ཡིག་ནི་ན་ཡིག་ཨཱ་ག་མའི་དོན་ཏོ། །ཨི་ཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་པའི་ཤེས་པར་བྱེད་པ་ལས་ན་ཡིག་ཨཱ་ག་མའོ། །ཏཱའོ། །ཨིཊའོ། །ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལ་ཙ་ཊའི་སྡེ་པ་དག་གོ། །ཏའི་སྡེ་པ་ནི་ཏ་སྡེའོ། །ཙ་དང་ཊ་ནི་ཙ་ཊའོ། །

ཙ་དང་ཊ་དག་གི་སྡེ་པ་ནི་ཙ་ཊའི་སྡེའོ། །དེ་དག་གི་སྦྱོར་བ་ནི་ཙ་ཊའི་སྦྱོར་བའོ། །ཏ་སྡེའི་ནི་ཙ་སྡེ་སྦྱོར་བ་དང་། ཊ་སྡེའི་སྦྱོར་བར་གྱུར་པ་ལ་ཙ་སྡེ་དང་ཊ་སྡེར་བསྒྱུར་བ་འཐོབ་སྟེ། ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལའོ། །རཱ་ཛྙཿ། བྷྲྀཛྫ་ཏི། བྷྲསྫ་སྨིན་པ་ལའོ། །ཏི་ཨན་ནི་བི་ཀ་ར་ཎའོ། །གྲ་ཧི་ཛྱཱ་ཝ་ཡི་ཞེས་པས་སཾ་

པྲ་སཱ་ར་ཎའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་སའི་དའོ། །འདིས་དའི་ཛའོ། །ཡཱ་ཙྙཱ། ཊུ་ཡཱ་ཙ་རི་སློང་བ་ལའོ། །ཡཱ་ཙཾ་བིཙྪ་པྲཙྪ་ཞེས་པས་ནའི་འོ། །ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལའོ། །ཨཱིཊྚེ། ཨཱིཌ་བསྟོད་པ་ལའོ། །ཏེའོ། །ཨན་བི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། །

སྒྲ་མེད་པ་ལ་དང་པོ་ཞེས་པས་ཌའི་ཊའོ། །ཨཊ་འགྲོ་བ་ལའོ། །ཏི་དང་ཏའོ། །ཨཊྚི། ཨཊྚཱ། ཨཊྚ་ཨ་བྷིཿཥཎྞ། ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ཉིད་ལའོ་ཞེས་བྱ་བ་ལ་ལྗི་བའི་མདོའི་བྱེད་པ་ལས་ཁ་ཅིག་ཏུ་མི་འགྱུར་ཏེ། མདྷུ་ལིཊྟྲ། མདྷུ་ལིཊྟ་རཿ། མ་དྷུ་ལིཊྟ་མཿ། ནཱ་མི་དང་ཀ་དང་ར་ལས་

ཕ་རོལ་རྐྱེན་དང་རྣམ་འགྱུར་དང་ཨཱ་གམ་ལ་གནས་པའི་སའི་ཥ་སྟེ་ནུ་དང་རྣམ་པར་གཅད་བྱ་དང་ཥ་བར་ན་ཡོད་ཀྱང་ངོ་། །ནཱ་མི་དང་ཀ་དང་ནི་ནཱ་མི་ཀ་རའོ། །ནཱ་མི་དང་ཀ་དང་ར་ལས་ཕ་རོལ་ནི་ནཱ་མི་ཀ་ར་ཕ་རོལ་ལོ། །རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་དང་དེ་རྣམས་ནི་རྐྱེན་རྣམ་འགྱུར་ཨཱ་ག་མའོ། །དེ་རྣམས་ལ་

གནས་པའི་ཞེས་པ་ནི་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའོ། །མིང་ལ་སྠ་ལས་ཀྱང་ངོ་ཞེས་པས་ཏིཥྛ་ཏི་ལས་ཀའི་རྐྱེན་ནོ། །ནཱ་མི་དང་ཀ་དང་ར་ལས་ཕ་རོལ་ཡང་འདི་ཡིན་ལ་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའང་འདི་ཡིན་པ་ཞེས་ལས་འཛིན་པའོ། །ནུ་དང་རྣམ་པར་གཅད་བྱ་དང་ཥ་དང་དེ་

རྣམས་ནི་ནུ་དང་རྣམ་པར་གཅད་བྱ་དང་ཥ་སྟེ་གང་གི་བར་ན་དེ་རྣམས་ཡོད་པ་ཞེས་འབྲུ་མང་པོ་པའོ། །ནཱ་མི་དང་ཀ་དང་ར་ལས་ཀྱང་ཕ་རོལ་གྱི་རྐྱེན་ལ་གནས་པ་དང་རྣམ་འགྱུར་ལ་གནས་པ་དང་ཨཱ་ག་མ་གནས་པའི་ས་ཡིག་ནི་ཥ་ཉིད་དུ་འགྱུར་ཏེ། ནུ་དང་རྣམ་པར་གཅད་བྱ་དང་ཥ་བར་ན་ཡོད་ཀྱང་སྟེ། ནུ་དང་རྣམ་

เล่ม ๑๙๕ · หน้า 126b

པར་གཅད་བྱ་དང་ཥ་ཞེས་པ་འདི་རྣམས་པར་བ་ཡོད་ལའང་ངོ་། །སི་ཡིག་ལས་ཨི་ཡིག་ནི་བརྗོད་པའི་དོན་ཏོ། །རེ་ཞིག་ནཱ་མི་ལས། ཨགྣི་ཥུ། ཝཱ་ཡུ་ཥུ། ཀ་ལས། ཝཱཀྵུ། ཏྭཀྵུ། ར་ལས། གཱིཪྵུ། དྒཱུཪྵུ། འདི་རྣམས་རྐྱེན་ལ་གནས་པའི་ས་ཡིག་གོ། །རྣམ་འགྱུར་གྱི་ས་ཡིག་ནི།

ཨེ་ཥཿ། ཨཱ་ག་མའི་ས་ཡིག་ནི། ཨེ་ཥཱཾ། ནུ་དང་རྣམ་པར་གཅད་བྱ་དང་ཥ་བར་ན་ཡོད་པ་ནི། སརྤཱི་ཥི། དྷ་ནཱུཾ་ཥི་སརྤིཿ་ཥུ། དྷ་ནུཿ་ཥུ། ད་སརྤིཥྵུ། དྷ་ནུཥྵུ། འོ་ན་ཕ་རོལ་གྱི་ས་ཡིག་ཥ་ཉིད་དུ་བྱས་པ་ན་ཕ་རོལ་གྱི་གཟུགས་སུ་རྣམ་པར་རྟག་པར་གྱུར་པའི། སརྤིཿཥུ། སརྤིཥྵུ། ཞེས་པའི་

གཟུགས་གཉིས་ནི་རྣམ་པར་གཅད་བྱ་གཟུང་བ་བྱས་པ་ཉིད་ཀྱིས་གྲུབ་པ་ཁོ་ནའོ་ཞེས་པས་ཅིའི་ཕྱིར་ཥ་སྨོས་ཤེ་ན་བརྗོད་པར་བྱ་སྟེ་རྣམ་པར་གཅད་བྱ་བཀག་པ་རྗེས་སུ་འཇུག་སྟེ། གཱིཪྵུ། ས་ཛུཪྵུ། ཞེས་སོགས་དང་འདྲ་བར་སརྦི་སྲ་ཀྱི་ཡང་རྣམ་པར་གཅད་བྱ་འཇུག་པའི་ཕྱོགས་ལ་སའི་ཥ་ཉིད་དུ་བྱས་

མོད། དེ་བཀག་པར་གྱུར་པ་ན་ཕ་རོལ་གྱི་ས་ཡིག་ནི་ཥ་ཉིད་དུ་མི་འགྲུབ་པོ་ཞེས་པས་ཥ་ཉིད་སྨོས་སོ། །ནཱ་མི་དང་ཀ་དང་ར་ལས་ཕ་རོལ་ཞེས་པ་ཅི་ཞེ་ན། ཨ་སཽ། རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་ཞེས་པ་ཅི་ཞེ་ན། པུ་སི་སཽ། པི་སྲྀ། པི་སྲྀ་འགྲོ་བ་ལའོ། །མཛེས་པར་འགྲོ་བར་བྱེད་

དོ་ཞེས་པས་ཀྭཱི་པའོ། །སཱཏའི་རྐྱེན་གྱི་ཥ་ཉིད་དུ་མི་འདོད་དེ། ཨགྣི་སཱཏ། ད་དྷི་སཱ་ཏ། ལྕགས་ཐམས་ཅད་ལས་མེ་འབྱུང་ངོ་། །འོ་མ་ཐམས་ཅད་ཞོར་འགྱུར་རོ་ཞེས་པས་ཏ་མ་ལ་སོགས་པ་ཉིད་ལས་སོགས་པས་ཏའི་རྐྱེན་ནོ། །རཥ་རིའི་ཡི་གེ་རྣམས་ལས་མཐའ་ཡིན་པའི་ནའི་ཎ་སྟེ་དབྱངས་དང་

ཧ་དང་མ་དང་ཝ་དང་ཀ་སྡེ་དང་པ་སྡེ་བར་ན་ཡོད་ཀྱང་ངོ་། །ར་དང་ཥ་དང་རིའི་ཡི་གེ་ཞེས་ཟླས་དབྱེ་བའོ། །མཐའི་དངོས་པོ་ནི་མཐའ་འོ། །མཐའ་མ་ཡིན་པ་ནི་མཐའ་མ་ཡིན་ནོ། །ཀའི་སྡེ་པ་ནི་ཀ་སྡེའོ། །དེ་བཞིན་དུ་པ་སྡེའི་འང་ངོ་། །དབྱངས་དང་ཧ་ཡ་ཝ་དང་ཀ་སྡེ་བར་ན་ཡོད་པ་ཅན་ཞེས་ཟླས་དབྱེ་

བའི་ཁོང་ན་ཡོད་པའི་འབྲུ་མང་པོ་པའོ། །རེ་ཕ་དང་ཥ་ཡིག་དང་རྀའི་ཡི་གེ་རྣམས་ལས་ཕ་རོལ་མཐའ་མ་ཡིན་པ་སྟེ་ཚིག་གི་མཐའ་མ་ཡིན་པའི་ན་ཡིག་ནི་ཎ་ཡིག་ཏུ་འགྱུར་ཏེ། དབྱངས་དང་ཧ་དང་ཝ་དང་ཀ་སྡེ་དང་པ་སྡེ་ཞེས་པ་འདི་རྣམས་པར་ན་ཡོད་པ་ལ་ཡང་ངོ་། །རེ་ཞིག་ར་ལས། ཙ་ཏུརྞྞཱཾ། ཥ་ལས།

เล่ม ๑๙๕ · หน้า 127a

ཥཱུ་ཎཱཾ། རྀའི་ཡི་གེ་ལས། ཏྲི་སྲྀ་ཎཱཾ། བི་ཏྲྀ་ཎཱཾ། དབྱངས་དང་ཧ་དང་ཡ་དང་ཝ་དང་ཀ་སྡེ་དང་པ་སྡེ་བར་ན་ཡོད་པ་ལས་ནི། བུ་རུ་ཥེ་ཎ། ཨརྡྷེ་ཎ། ཨརྷེ་ཎ། ཨརྻི་ཎ། སརྦེ་ཎ། ཨརྐེ་ཎ། མཱུ་ཪེྑ་ཎ། བརྒེ་ཎ། ཨརྒེ་ཎ། དརྤེ་ཎ། རེ་ཕེ་ཎ། དརྦྷེ་ཎ། དྷརྨེ་ཎ།

ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པ་ཅི་ཞེ་ན། བ་ནམ྄། མཐའ་མ་ཡིན་པའི་ཞེས་པ་ཅི་ཞེ་ན། པྲྀཀྵཱ་ན། པི་ཏྲྀན། གི་རཱིན། ར་ཥ་རྀའི་ཡི་གེ་རྣམས་ལས་ན་ཡིག་འང་གང་གི་ཚེ་ཚིག་ཕྲད་དུ་གནས་པ་དེའི་ཚེ་ཎ་ཉིད་དུ་མི་འདོད་དེ། དེས་ན། ཨགྣི་ར་ན་བྷ་ཝ་ཏི། རྣམ་པར་གཅད་བྱ་ལྕེ་རྩ་ཅན་དང་མཆུ་དང་

ཉེ་བ་ཅན་གྱི་གནས་ལ་ཡང་ན་མི་འདོད་དོ། ཨུ་རཿཀེ་ན། ཨུརཿཔེ་ན། ཨུ་རཿཀེཎཿ། ཨུ་རཿཔེ་ཎ། ཀཻགཻ་སྒྲ་ལའོ། །པཱ་འཐུང་བ་ལའོ། །ཨུ་རས་སྔ་མར་རོ། །བྲང་གིས་སྒྲོགས་པར་བྱེད་དོ། །བྲང་གིས་འཐུང་བར་བྱེད་དོ་ཞེས་པས་ཉེར་བསྒྱུར་མེད་པའི་ཨཱཏ་ལས་ཀའོ། །ཁ་ཅིག་ཏུ་རྣམ་

པར་བརྟག་པ་ཎ་ཉིད་དུ་བལྟ་སྟེ། ཀྵི་ར་པེ་ནམ྄། གི་རིན་དཱི། ཝ་ད་རཱི་བ་ནམ། ཝ་ད་རཱི་བ་ཎམ྄། ཁ་ཅིག་ཏུ་ནི་མ་ཡིན་པ་ཉིད་དེ། དེ་བ་དཱ་རུ་བ་ནཾ། བྷ་དྲ་དཱ་རུ་བ་ནཾ། ཉེར་བསྒྱུར་ལ་གནས་པའི་ར་ཥ་རྀའི་ཡི་གེ་ལས་ཕ་རོལ་གྱི་བྱིངས་ཀྱི་དང་པོའི་ཎ་ཡིག་གང་། ན་ཡིག་ཡིན་པ་དེ་ཎ་ཡིག་ཏུ་འདོད་དེ།

པྲ་ཎ་ཡ་ཏི། པྲ་ཎ་མ་ཏི། ཎཱིཉ་ཐོབ་པ་ལའོ། །ཎམ྄ རབ་ཏུ་བྱེད་པ་ལའོ། །དང་པོའི་ཎ་ཡིག་ཅེས་པ་ཅི་ཞེ་ན། པྲ་ནནྡ་ཏི། ཊུ་ན་དི་ཡང་དག་པར་རྟོགས་པ་ལའོ། །བུད་མེད་ལ་ཨ་ལས་ཨཱཔ྄འོ། །ཨ་ལ་སྟེ་ཨ་ཡིག་མཐའ་ཅན་གྱི་རྟགས་བུད་མེད་ལ་འཇུག་བཞིན་པར་གྱུར་པ་ལས་ཨཱཔ྄འི་རྐྱེན་

དུ་འགྱུར་རོ། །བ་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །དེ་ཝ་དཏྟཱ། ཡཱ། སཱ་ཌཱ་ཀཱ། བུད་མེད་ལ་ཞེས་པ་ཅི་ཞེ་ན། དེ་ཝ་དཏྟཿ། ཨ་ལས་ཞེས་པ་ཅི་ཞེ་ན། མ་ཏི། ནད་སོགས་དང་། ཨཉྩ། བ་ཧ། ཨུ། ཨཱི། ཨནྶི། ཨནྟ་རཾ། ས་ཁི། ན་མཐའ་རྣམས་ལས་ཨཱིའོ། །གང་རྣམས་

ཀྱི་དང་པོ་ན་དའི་སྒྲ་ཡིན་པ་དེ་རྣམས་ནི་ན་དཱ་སོགས་རྣམས་སོ། །གང་རྣམས་ཀྱི་མཐའ་ན་ཡིག་ཡིན་པ་དེ་རྣམས་ནི་ན་མཐའ་རྣམས་སོ། །དེ་ནས་ཟླས་དབྱེ་བའོ། །བུད་མེད་ལ་ཞེས་པ་ཁོ་ནའོ། །ནད་སོགས་རྣམས་དང་། ཨཉྩ་དང་། ཝཱ་ཧ་དང་། ཨུ་དང་། ཨནྶི་དང་། ཨནྟ་དང་། རྀ་དང་།

เล่ม ๑๙๕ · หน้า 127b

ལ་ཁི་དང་། ན་མཐའ་ཞེས་པ་འདི་རྣམས་བུད་མེད་ལ་འཇུག་བཞིན་པར་གྱུར་པ་ལས་ཨཱིའི་རྐྱེན་དུ་འགྱུར་རོ། །རེ་ཞིག་ན་ད་སོགས་རྣམས་ལས། ན་དཱི། མ་ཧཱི། ཀི་སོ་རཱི། ཨནྩུ་ལས། པྲཱ་ཙཱི། པྲ་ཏཱི་ཙི། ཨཉྩུ་འགྲོ་བ་ལའོ། །ཀྭཱིཔ྄འོ། །ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པའི་ཞེས་པས་ན་

དབྱིའོ། །ཨཉྩིའི་ཨ་དབྱི་བ་དང་སྔ་མའི་འང་རིང་པོའོ། །བཱ་ཧ་ལས། པྲཥྚཽ་ཧཱི། བ་ཧ་ཐོབ་པ་ལའོ། །བ་ཧའི་འང་ངོ་ཞེས་པས་ཨིཎའོ། །ཨུ་པ་དྷའི་ཨ་ཞེས་པས་རིང་པོའོ། །བཱ་ཧཱིའི་བཱ་སྒྲའི་ཨཽ་ཉིད་དོ། །ཨུའི། པ་ཊྭཱི། མྲྀ་དྭཱི། ཨནྶིའི། བི་དུ་ཥཱི། བི་དྭནྶ་དང་། པི་ཙི་ཝནྶའི་ནི།

གྷུཊ་མ་ཡིན་པའི་དབྱངས་དང་ངོ་། ལ་ཨིཊ་དང་བཅས་པའི་ཞེས་པས་ཨུ་ཉིད་དོ། །ཨནྟ་ལས། གོ་མ་ཏཱི། དྷ་ན་ཝ་ཏཱི། ས་ཀ་ར་ཏྲཱི། ས་ཁིའི། ས་ཁཱི། ན་མཐའ་ལས། དཎྜི་ནཱི། པདྨི་ནཱི། གལ་ཏེ་ཡང་ཨཉྩུ་ལ་སོགས་པ་དེ་རྣམས་ནི་ན་ད་སོགས་ཀྱི་ཚིགས་སུ་རྣམ་པར་བྱས་པའི་ཕྱིར་ན་ད་ལ་

སོགས་པ་ཉིད་ལས་ཨཱིའི་རྐྱེན་གྲུབ་པས་ཉེ་བར་བླངས་པས་ཅི་བྱ་ཞེ་ན། བདེན་ཏེ། སྤྲོས་པའི་དོན་ཏོ། །བུད་མེད་དུ་བྱས་པའི་ཨཱི་ཡིག་ལས་ཨ་དབྱི་བར་བྱའོ། །བུད་མེད་ལ་བྱས་པ་ནི་བུད་མེད་དུ་བྱས་པའོ། །དབྱི་བ་ཐོབ་པ་ནི་དབྱི་བར་བྱ་བའོ། །ཨའང་འདི་ཡིན་ལ་དབྱི་བར་བྱ་བའང་ཡིན་པ་ནི་ཨ་དབྱི་བར་

བྱ་བའོ། །བུད་མེད་དུ་བྱས་པའི་ཨཱི་ཡིག་ཕ་རོལ་ལ་ཨ་ཡིག་དབྱི་བར་བྱ་བར་འགྱུར་རོ། །དེ་ཝཱི། ན་དཱི། ཨཱི་ཡིག་ལ་ཞེས་པ་ཅི་ཞེ་ན། ཡུ་བ་ཏིཿ། ན་ཚོད་ལྡན་པ་མོ་ལ་ཡུ་བ་ལས་ཏིའོ་ཞེས་པས་ཏིའི་རྐྱེན་ནོ། །བུད་མེད་དུ་བྱས་པ་ཞེས་པ་ཅི་ཞེ་ན། ཀུཎྜེ། ཨཽ་ཨཱིའོ། །མ་ནིང་ལ་དབྱངས་ཐུང་ངུའོ། །

གང་མ་ནིང་གི་ཡུལ་ལ་རྟགས་མཐའི་དབྱངས་དེ་ནི་ཐུང་ངུར་འགྱུར་རོ། །སེ་ནཱ་ནི་ཀུ་ལཾ། ཡ་བ་ལུ་ཀུ་ལཾ། སྡེ་ལས་འདྲེན་པར་བྱེད་དོ། །ནས་ལས་གཅོད་པར་བྱེད་དོ་ཞེས་པས་ཀྭཱི་པའོ། །འདིས་ཐུང་ངུའོ། །ཨ་ཏི་རི་ཀུ་ལཾམ྄། ཨ་ཏི་ནུ་ཛ་ལཾ། རིམ་པ་འདས་པའི་ནོར་ལ། རིམ་པ་འདས་པའི་གྲུལ་

ཞེས་པའི་དོན་ཏོ། །འདིས་ཐུང་ངུ་སྟེ་ཨཻ་ཡིག་གི་ཨི་དང་། ཨཽ་ཡིག་གི་ཨུའོ། །མ་ནིང་ལ་ཞེས་པ་ཅི་ཞེ་ན། གཽཿ སྦྱོར་བ་འདི་རྣམ་པར་དབྱེ་བར་བྱ་སྟེ། དབྱངས་ཐུང་ངུའོ་ཞེས་པས་སྦྱོར་བ་གཅིག་གོ། །དེས་ན་མ་ཡིན་པ་ལའང་ཁ་ཅིག་ཏུ་ཐུང་ངུའོ། །ཁྲི་ལྔས་ཉོས་པ་ནི། ཀྲཱི་ཏཿཔཉྩ་ཁ་ཊྭཿ།

เล่ม ๑๙๕ · หน้า 128a

མའི་མཛོད་འདས་པ་ནི། ནིསྐོ་ཥཱམྦིཿ། གང་གི་བ་ལང་ཁྲ་བོ་ཡིན་པ་དེ། ཙི་ཏྲ་གུཿ། དབྱངས་སྨོས་པ་ནི་མཐའི་ཐུང་ངུའི་དོན་ཏོ། །འདིར་མི་འགྱུར་ཏེ། སུ་ཝཱ་ཀ་ཀུ་ལཾ་ཞེས་པའོ། །གལ་ཏེ་ཡི་གེའི་མཐའི་ཡོངས་སུ་བཤད་པ་ནི་མཐའ་ཉིད་ཀྱི་འགྱུར་རོ་ཞེས་པ་ཅི་ཞེ་ན། དེ་ལྟར་ནི་

རྣམ་པ་གསལ་བའི་དོན་ཏོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་མིང་གི་རབ་ཏུ་བྱེད་པའི་རྐང་པ་བཞི་པ་རྫོགས་སོ།། །།མིང་རྣམས་སྦྱོར་བའི་དོན་བསྡུ་བའོ། །མིང་ནི་མིང་སྟེ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་རྟགས་དང་རྣམ་དབྱེའི་མཐའ་ཅན་ལ་བྱས་བའོ། །སྦྱོར་བའང་

འདི་ཡིན་ལ་དོན་ཡང་ཡིན་པ་ནི་སྦྱོར་བའི་དོན་ཏོ། །གང་མིང་རྣམས་སྦྱོར་བའི་དོན་དེ་ནི་བསྡུ་བའི་མིང་ཅན་དུ་འགྱུར་རོ། །ངོ་བོའམ་ཚུལ་གཅིག་ཉིད་དུ་གྱུར་པའི་དོན་དེ་སྦྱོར་བའི་དོན་དེས་བརྗོད་པར་བྱའོ། །ནཱི་ལོཏྤ་ལཾ། རཱ་ཛ་པུ་རུ་ཥཿ། སྦྱོར་བའི་དོན་སྨོས་པ་ཅི་ཞེ་ན། བསྟྲཾ་ནཱི་ལཾ། ཨུདྦ་ལཾ། ཝཪྵ་

སུ་པུ་ཥྱ་ཏི། བྷཱ་རྻཱ་རཱ་ཛྙཿ། པུ་རུ་ཥོ་དེ་ཝ་དཏྟསྱ། བསྡུ་བའི་མིང་གིས་གང་དུ་དགོས་ཤེ་ན། བསྡུ་བའི་མཐར་གྱུར་པ་རྣམས་ཀྱིས་ཞེས་པ་ལ་སོགས་པ་རྣམས་སུའོ། །དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོ། །དེ་ལ་གནས་པ་ཞེས་པ་ནི་དེར་གནས་པ་སྟེ་མིང་ལས་ཀྱང་སྠ་ལའང་ངོ་ཞེས་པས་ཀའོ། །

དབྱི་བར་འོས་པ་ཞེས་པས་དབྱི་བར་བྱ་བའོ། །དེར་ལེགས་པ་ལའང་ཡའོ་ཞེས་པའི་འང་གི་སྒྲ་ལས་དབྱི་བར་འོས་པའི་དོན་ལ་ཡའོ། །དེར་སྨོས་པས་ཚིག་སྡུད་ལ་སྙེག་གོ། །ཚིག་སྡུད་ཀྱི་དོན་གྱི་ངག་ཀྱང་ཚིག་སྡུད་ཀྱི་སྒྲས་བརྗོད་པར་བྱ་སྟེ། དབང་པོའི་དོན་གནས་པ་དབང་པོའི་སྒྲས་བཞིན་ནོ། །དེས་ན་

གང་ཚིག་སྡུད་ཀྱི་དོན་གྱི་ངག་ལ་གནས་པའི་རྣམ་དབྱེ་དེ་རྣམས་དབྱི་བར་བྱ་བར་འགྱུར་རོ། །རཱ་ཛྙཱ་པུ་རུ་ཥཿ། རཱ་ཛ་པུ་རུ་ཥཿ། སཾ་ཀུ་ལཱ་ཡ་ཁཎྜཿ། སཾ་ཀུ་ལ་ཁཎྜཿ། དབྱི་བར་བྱའོ་ཞེས་པས་འོས་པའི་རྐྱེན་ངེས་པར་བསྟན་པ་ལས་སྦྱོར་བའི་དབང་གིས་གཞན་གྱིའང་དབྱི་བར་འོས་པ་རྣམས་དབྱི་བར་བྱའོ། །

གང་གི་ཞལ་ཏའི་ཞལ་དང་འདྲ་བ་དེ་ནི། དེ་ཝ་མུ་ཁཿ། མར་གྱིས་གང་བའི་རྫ་མ་ནི། གྷྲྀ་ཏ་གྷཊཿ། གང་ལ་སྡིག་པ་ཡོད་པ་མ་ཡིན་པ་དེ་ནི། ཨ་པཱ་པཾ། ཨི་བ་དང་། པཱུརྞ་དང་། བིདྱ་མཱ་ན་རྣམས་ཀྱིས་དབྱིའོ། །གསུམ་པ་དང་བདུན་པ་དག་ལ་ཡང་ནའོ་ཞེས་པས་འདིའི་ཡང་ན་ཞེས་པ་འཇུག་སྟེ།

เล่ม ๑๙๕ · หน้า 128b

དེའང་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་སོ། །དེས་ན་ཁ་ཅིག་ཏུ་རྣམ་དབྱེ་དབྱི་བར་མི་འགྱུར་ཏེ། གང་གི་མགྲིན་པ་ལ་ནག་པོ་ཡོད་པ་དེ། ཀཎྛ་ཀཱ་ལཿ། གང་གི་བྲང་ལ་སྤུ་ཡོད་པ་དེ་ནི། ཨུ་ར་སི་ལོ་མཱ། དེ་བཞིན་དུ་ཨཱཏྨ་ནའི་སྒྲ་ལས་ཕ་རོལ་གྱི་གསུམ་པ་ནི། རྫོགས་པའི་རྐྱེན་གྱི་མཐའ་

ཅན་གྱི་ཚིག་ཕ་རོལ་ལ་དབྱི་བར་མི་འགྱུར་ཏེ། ཨདྨ་ནཱ་པཉྩ་མཿ། གསུམ་པ་ལས་ཞེས་པ་ཅི་ཞེ་ན། ཛཱ་ནཱརད་ན་སྟྭཱཏྨ་ཙ་ཏུརྠ། ཞེས་པ་འདིར་གང་གི་བདག་ཉིད་བཞི་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དབྱངས་མཐའི་རང་བཞིན་འང་ངོ་། །རྣམ་དབྱེ་སྨོས་པ་རྗེས་སུ་འཇུག་ཅིང་འོས་པའི་རྐྱེན་དང་

བྲལ་བ་དང་དབྱི་བ་སྨོས་པའང་ངོ་། །དེའི་དོན་གྱི་དབང་ལས་བདུན་པའི་མཐའི་ཤེས་པར་བྱ་བའོ། །དབྱངས་མཐའི་སྒྲའི་ཚིག་སྡུད་བྱས་པ་ལ་ནི་རྣམ་དབྱེ་ཕྱིས་པར་གྱུར་པ་ལ་རང་བཞིན་ཏེ་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་འགྱུར་རོ། །རྐྱེན་གྱི་མཚན་ཉིད་ཀྱི་ཐོབ་པའི་བྱ་བ་འགེགས་པའོ། །མཱ་ཏ་རི་ཎི་སུ་

ཎཿ། མ་ཏྲྀ་ནི་པུ་ཎཿ། པི་ཏ་རི་སཱ་དྷུཿ། པྀ་ཏྲྀ་སཱ་དྷུཿ། ངི་ལ་ཨརའོ་ཞེས་པས་ཨར་དུ་བསྒྱུར་བ་མེད་དོ། །སཱ་ཁཱ་ཡཾ་པྲཱཔྟཿ། སཱ་ཁི་པྲཱཔྟཿ། གྷུཊ་ལ་ནི་ཨཻའོ་ཞེས་པས་ཨཻ་ཉིད་དུ་མི་འགྱུར་རོ། །རྣམ་དབྱེའི་རྒྱུ་མཚན་གྱི་བྱ་བའི་རང་བཞིན་དུ་གྱུར་པ་དེས་གཞན་བཟློག་པ་མ་ཡིན་ཏེ། སྭ་རཱནྟ་སྱ་ཞེས་

པའི་མཚུངས་པའི་རིང་པོར་མཛད་པས་སོ། དེ་ན། ཡ་བཱ་ནཱ་མཱ་ཊཱ་ཀཾ། ཡ་ཝཱ་ཊ་ཀཾ། ཞེས་པ་འདིར་མཚུངས་པའི་རིང་པོར་གྲུབ་བོ། །གསལ་བྱེད་མཐའི་གང་སུ་བྷ་དག་ལའོ། །རྣམ་དབྱེ་དབྱི་བ་སྨོས་པ་རྗེས་སུ་འཇུག་གོ། །གང་སུ་ཡིག་དང་བྷ་ཡིག་ཕ་རོལ་ལ་གང་བརྗོད་པའི་བྱ་བ་དེ་ནི་གསལ་

བྱེད་མཐའ་ཅན་གྱི་སྒྲ་ལ་ཚིག་སྡུད་བྱས་ཤིང་རྣམ་དབྱེ་ཕྱིས་པར་གྱུར་པ་ལའང་འགྱུར་རོ། །མཁས་པའི་དོན་ནི། བི་དྭ་དརྠཿ། ཨ་ནུ་ཥཾ་ག་དབྱི་བ་དང་ཉིད་དུའང་འགྱུར་རོ། །རྒྱལ་པོའི་དོན་ནི། རཱ་ཛཱརྠཿ། འདིར་ཡང་ན་དབྱིའོ། །དེ་བཾ་ག་ཏཿ །དྱུ་ག་ཏཿ། དི་ཝའི་ཨུ་ཉིད་དོ། །ཥཎྞཱ་མཱ་ཤྲ་

ཡཿ། ཥ་ཌཱ་ཤྲ་ཡཿ། ཌ་ཉིད་དོ། །སུ་བྷ་དག་ཅིག་ཅར་བརྗོད་པ་ལ་བསྒྲུབ་པར་བྱ་བ་སྟེ། བྷ་ཡིག་འབའ་ཞིག་པ་གང་ཡིན་པ་དེ་ལ་མ་ཡིན་ནོ། །དེས་ན། ཨ་སཱམ྄བྷཱ་རཿ། ཨ་བ་བྷཱ་རཿ། ཞེས་པ་འདིར་ཨབ྄ རྣམས་ཀྱི་བྷ་ལ་དའོ་ཞེས་བྷ་ཡིག་ཕ་རོལ་ལ་ད་ཉིད་དུ་བརྗོད་པར་མི་འགྱུར་རོ་ཏེ།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด