ตัวบทไม่มีชื่อ — ประโยคแรก: ལུང་སྟོན་པ་ཀ་ལཱ་པའི་མདོའི་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་བཞུགས་སོ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๕ · หน้า 285b
ཤིན་ཏུ་སྡོད་པར་ནུས་སོ་ཞེས་ནུས་པ་དང་ན་ཚོད་དང་དེའི་ངང་ཚུལ་ལ་ཤཱ་ནངའོ། །འདིས་ཨཱི་ཉིད་དོ། །ཨ་ལས་ཨཱ་ན་ལ་མ་མཐའོ། །ཨཱ་ལས་ཞེས་པ་དྲུག་པའི་གནས་ལ་ལྔ་པ་སྟེ། དེས་ན་ཨའི་སྟེ་ཨ་ཡིག་མཐའི་སྒྲའི་ཨཱ་ནའི་རྐྱེན་ཕ་རོལ་ལ་མ་ཡིག་ཨཱ་ག་མ་འགྱུར་ཏེ། པ་ཙ་མ་ནཿ། ད་ལྟར་བ་ལ་
ཤནྟྲྀང་ཨཱ་ན་ཤ་ཞེས་པས་ཨཱ་ན་ཤའོ། །ཨན་བི། འདིས་མ་ཨཱ་ག་མའོ། །ཨ་ལས་ཞེས་པ་ཅི་ཞེ་ན། སུ་ནྭཱ་ནཿ། ཨཱ་ན་ཤའོ། །བི་ཀ་ར་ཎའི་ནུའི་ཝ་ཡིག་གོ་ཞེས་པས་ཝ་ཉི་དོ། །པུང་ཡ་ཛ་དག་གི་ཤཱ་ནངའོ། །པུང་དང་ཡ་ཛན་ལས་ཤ་ནང་ཕ་རོལ་ཏུ་འགྱུར་རོ། །པ་བ་མཱ་ནཿ། །ཡ་ཛ་མཱ་ནཿ། ཤྭ་
ནངའོ། ཨན་བི། །ཨ་ལས་ཨཱ་ན་ལ་མ་མཐའོ་ཞེས་པས་མ་ཡིག་ཨཱ་ག་མའོ། །ང་ཡིག་རྗེས་སུ་འབྲེལ་པ་བྱེད་པ་ནི་ཕྱི་མའི་དོན་དུའོ། །དས་ལྟར་བ་ལ་ཤནྟྲྀང་ཨཱ་ན་ཤ་དག་གོ་ཞེས་པ་འདི་ཉིད་དེའི་རབ་ཏུ་སྤྲོས་པས་ཤཱ་ནང་གི་རྐྱེན་མདོ་འདིས་བྱའོ། །ནུས་པ་དང་ན་ཚོད་དང་དེའི་ངང་ཚུལ་ལའོ། །ནུས་པ་དང་ན་ཚོད་
དང་དེའི་དང་ཚུལ་རྟོགས་པར་བྱ་བཞིན་པ་ལ་བྱིངས་ལས་ཤཱ་ནང་ཕ་རོལ་ཏུ་འགྱུར་རོ། །ནུས་པ་ལ། ཀ་ཏཱི་ཧ་ནི་གྷྣ་ནཱཿ། ཧནྟིའི་སྔོན་དུ་ནིའོ། །ངེས་པར་འཇོམས་ནུས་སོ་ཞེས་ལ་ཤཱ་ནངའོ། །གམྲ་ཧན་ཛན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཨུ་པ་དྷཱ་ཕྱིས་པའི་ཡང་ཞེས་པས་གྷའོ། །ན་ཚོད་ལ། ཀ་བ་ཚ་བ་
ཧ་མཱནཿ། ཐོབ་པར་བྱེད་དོ་ཞེས་ལ་ཤཱ་ནངའོ། །དེའི་ངང་ཚུལ་ལ། བྷུཥ་ཡ་མཱ་ནཿ། བྷུཥ་རྒྱན་ལའོ། །ཙུར་སོགས་ཉིད་ཀྱི་ཕྱིར་ཡིནའོ། །རྒྱན་གྱི་ངང་ཚུལ་ཞེས་ལ་ཤཱ་ནངའོ། །ཨན་བི། ཡོན་ཏན་ནོ། མ་ཡིག་ཨཱ་ག་མའོ། །ཨིང་དྷ་རི་དག་ལས་དཀའ་སྤྱད་མིན་པ་ལ་ཤནྟྲྀངའོ། །ཨིང་དང་དྷཱ་
རི་ལས་ཤནྟྲྀང་འགྱུར་ཏེ། དཀའ་སྤྱད་རྟོགས་པར་བྱ་བཞིན་པ་མ་ཡིན་པ་ལའོ། །ཨིང་ལས་ཨཱ་ན་ཤ་དང་དྷཱ་རི་ལས་ཀྱང་ཤནྟྲྀང་ཨཱ་ན་ཤ་དག་ཐོབ་བ་ལའོ། །ཨ་དྷི་ཡན། དྷ་ར་ཡ་ན། ཨིང་ཀློག་པ་ལའོ། །དྷྲྀང་འཛིན་པ་ལའོ། །ཨིནའོ། །ཤནྟྲྀངའོ། །ཨན་བི་ཨིངའི་ཨད་སོགས་ལས་འཇིག་གོ། །དབྱངས་
དང་པོ་ལ་ཨིཡ་ཨུ་ལྦ་དག་གོ་ཞེས་པས་ཨིཡའོ། །ཡོན་ཏན་ནོ། །དཀའ་སྤྱད་མིན་པ་ལ་ཞེས་པ་ཅི་ཞེ་ན། ཀྲྀཙྪེ་ཎ་དྷ་ཡི་ཏེ། ཀྲྀཙྪེ་ཎ་དྷ་ར་ཡ་ཏི། དྭིཥ་ལས་དགྲ་བོ་ལའོ། །དྭིཥ་ལས་དགྲ་བོའི་དོན་ལ་ཤནྟྲྀང་ཕ་རོལ་ཏུ་འགྱུར་རོ། །དྭིཥ་གཉི་གའི་ཚིག་ཅན་ཉིད་ཀྱི་ཕྱིར་ཤནྟྲྀང་ཨཱ་ན་ཤ་དག་ཐོབ་པ་ལའོ།
เล่ม ๑๙๕ · หน้า 286a
དྭི་ཥན྄། དགྲ་བོ་ལ་ཞེས་པ་ཅི་ཞེ་ན། དྭིཥྚ་པ་ཏི་བྷཱཪྻཱ་སུཉ་ལས་མཆོད་སྦྱིན་ལ་ཡང་དག་པར་སྦྱོར་བ་ལའོ། །མཆོད་སྦྱིན་ལ་ཡང་དག་པར་སྦྱོར་བཞིན་པ་ལ་སུཉ་ལས་ཤནྟྲྀང་ཕ་རོལ་ཏུ་འགྱུར་རོ། །ཤནྟྲྀང་ཨཱ་ན་ཤ་དག་ཐོབ་པ་ལའོ། །སུ་ནྭ་ན། ཤནྟྲྀངའོ། །སུ་སོགས་
ལས་ནུའོ། །བི་ཀ་ར་ཎའི་ཞེས་པས་ཝཡིག་གོ། །མཆོད་སྦྱིན་ཡང་དག་པར་སྦྱར་བ་ལ་ཞེས་པ་ཅི་ཞེ་ན། སུ་ནོ་ཏི་སུ་ར་ཏོ་ཡེ་ན། ཨརྷ་ལས་བསྔགས་པ་ལའོ། །བསྔགས་པ་སྟེ་བསྟོད་བཞིན་པ་རྟོགས་པ་ལ་ཨརྟ་ཏི་ལས། ཤནྟྲྀང་ཏི་ལས་ཤནྟྲྀང་ཕ་རོལ་ཏུ་འགྱུར་རོ། །ཨརྷན། བསྔགས་པ་ལ་
ཞེས་པ་སྟེ་ཞེ་ན། ཨརྷ་ཏ་ཙཽ་རོ་བ་དྷཾ། དེའི་ངང་ཚུལ་དེའི་ཆོས་དེ་ལེགས་པར་བྱེད་པ་རྣམས་ལ་ཀྭི་པའི་བར་རོ། །བྷྲ་ཛི་ཞེས་པས་ཀྭིཔ། འཆད་པར་འགྱུར་བའི་བར་ཏེ་ཀྭི་པའི་སྒྲ་བརྗོད་པ་འདི་ནས་དེའི་གོང་དུ་འཆད་པར་འགྱུར་བའི་བར་གྱི་རྐྱེན་དེ་རྣམས་ནི་དེའི་དང་ཚུལ་དང་དེའི་ཆོས་དང་དེ་ལེགས་པར་བྱེད་པ་དང་།
བྱེད་པ་པོ་ཡང་རིག་པར་བྱའོ་དེ་ཞེས་པ་བྱིངས་ཀྱི་དོན་ངེས་པར་བསྟན་པ་སྟེ་བྱིངས་ཀྱི་དོན་དང་བཅས་པ་བྱེད་པ་པོ་གང་གི་ངང་ཚུལ་ཡིན་པ་དེ་དེའི་ངང་ཚུལ་ལོ། །བྱིངས་དོན་དང་བཅས་པ་གང་གི་ཆོས་ཡིན་པ་རྣམས་ཏེ། ཚིག་སྡུད་ལས། དེའི་ཆོས་རྣམས་སོ། །བསྡུ་བའི་མཐར་གྱུར་པ་ཞེས་པས་ཨད་བསྡུ་བའི་
མཐའོ། །བྱིངས་དོན་དེ་ལེགས་པར་བྱེད་དོ་ཞེས་པ་དེ་ལེགས་པར་བྱེད་པའོ། །མདོ་ཕྱི་མ་རྣམས་སུ་དཔེར་བརྗོད་འཆད་པར་འགྱུར་རོ། །ཏྲྀནའོ། །བྱིངས་ལས་ཏྲིན་ཕ་རོལ་ཏུ་འགྱུར་ཏེ། དེའི་ངང་ཚུལ་ལས་ལ་དང་དེའི་ཆོས་ལ་དང་དེ་ལེགས་པར་བྱེད་པ་ལ་ཡང་བྱེད་པ་པོ་ལའོ། །དེའི་ངང་ཚུལ་ལ།
ཀརྟཱ་ཀ་ཊཱ་ན། བ་ད་ཏཱི། ཛ་ནའི་དམིགས་ཀྱིས་བསལ་བ་རྣམས་སོ། །བྱེད་པའི་ངང་ཚུལ་ལོ། །སྨྲ་བར་བྱེད་པའི་ངང་ཚུལ་ལོ་ཞེས་ལ་ཏྲྀནའོ། །འདིར་བྱེད་པ་པོ་དང་ལས་དག་ལ་ཀྲྀཏ་ལ་ཞེས་པས་དྲུག་པ་ཐོབ་པ་ལ། ནིཥྛཱ་སོགས་རྣམས་ལ་མ་ཡིན་ནོ་ཞེས་པའི་ཕྱིར་མི་འགྱུར་རོ། །དེའི་ཆོས་ལ།
མུཎྜ་ཡི་ཏཱ་དཿ། ཤྲ་བིཥྛ་ཡ་ནཱཿ། བདྷུ་མུ་ཌྷ་མ། ཨུ་ད་ཀ་པྲ་ཎེ་ཏཱ་རཿ། ཏོ་ལྭ་ལཿ། བུ་ཏྲེ་ཎ་ཛཱ་ཏེ། མུ་ཌི་དུམ་བུ་ལའོ། །ཨིནའོ། །ཎཱིཉ་ཐོབ་པ་ལའོ། །པྲ་སྔོན་དུའོ། །ཆོས་རྣམས་དུམ་བུར་བྱེད་དོ། །ཆོས་རྣམས་ཐོབ་པར་བྱེད་དོ་ཞེས་ཏྲྀནྲའོ། །ཨིཊའོ། །ཡོན་ཏན་ནོ། །ཛས་སོ། །བྱིངས་
เล่ม ๑๙๕ · หน้า 286b
ལས་ཏྲྀ་སྒྲའི་ཨཱརའོ། །དེར་ལེགས་པར་བྱེད་པ་ལ། གནྟྲཱ་ཁེ་ལཿ། ལེགས་པར་བྱེད་དུ་འགྲོའོ་ཞེས་པས་ཏྲྀནའོ། །ཏྲྀན྄འི་ན་ཡིག་ནི་བྱིངས་ལས་ཏྲི་སྒྲའི་ཞེས་པས་འདིར་ཏྲིཙ་གཟུང་བའི་དོན་དུ་སྟེ། རྣམ་པ་གཞན་དུ་ན། རྗེས་སུ་འབྲེལ་པ་མེད་པ་བཟུང་ན། རྗེས་སུ་འབྲེལ་པ་དང་བཅས་པའི་
མ་ཡིན་ནོ་ཞེས་པས་ཏྲྀཙ་གཟུང་བར་མི་འགྱུར་རོ། །བྷྲཱ་ཛི་ཨ་ལཾ་ཀྲྀཉ་བྷཱུ་ས་ཧི་རུ་ཙི་བྲིཏ་བྲི་དྷ་ཙ་རི་པྲ་ཛན་ཨ་པ་ཏྲ་པ་ཨིན་རྣམས་ཀྱི་ཨིཥྞུའོ། །བྷྲ་ཛྲི་གསལ་བ་ལའོ། །ཨ་ལང་སྔོན་མ་ལས་ཀྲྀཉའོ། །བྷཱུ་ཡོད་པ་ལའོ། །ཥ་ཧ་བཟོད་པ་ལའོ། །རུ་ཙ་གསལ་བ་ལའོ། །བྲྀ་ཏུ་འཇུག་པ་ལའོ། །བྲྀ་དྷུ་
འཕེལ་བ་ལའོ། །ཙ་ར་འགྲོ་བའི་དོན་ཏོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །པྲ་སྔོན་དུའོ། །ཏྲ་པུཥ་ངོ་ཚ་བ་ལའོ། །ཨ་པ་སྔོན་དུའོ། །འདི་རྣམས་དང་ཨིན་མཐའ་རྣམས་ལས་ཀྱང་། དེར་ལེགས་པ་སོགས་དང་བྱེད་པ་པོ་རྣམས་ལ། ཨིཥྞུ་འགྱུར་རོ། །བྷྲ་ཛིཥྞུཿ། ཆོས་རྣམས་གསལ་བར་བྱེད་དོ། །
ཡང་ན། ལེགས་པར་གསལ་བར་བྱེད་དོ་ཞེས་ལ་ཨིཥྞུའོ། །དེ་བཞིན་དུ། ཨ་ལཾ་ཀ་རིཥྞུཿ། བྷ་བིཥྞུཿ། ས་ཧིཥྞུ། རོ་ཙཥྞུཿ། བྲྟིཥྞུཿ། བདྡྷིཥྞུཿ། ཙ་རིཥྞུཿ། པྲ་ཛ་ནིཥྞུཿ། ཨ་པ་ཏྲ་བིཥྞུཿ། དྷ་ར་པིཥྞུཿ། སཱ་ར་ཡིཥྞུཿ། དྷཱ་རི་ལས་ཨིཥྞུའོ། །ཀཱ་རི་ཏའི་ཨཱམ་ཨིཊ་བི་ཀ་རི་ཎུ་ཞེས་པས་ཀ་རི་
ཏ་དབྱི་བ་མེད་དོ། །ཀྲྀཉ་ནིར་སྔོན་མ་ཅན་ལས་ཀྱང་འདོད་དེ། ནི་རཱ་ཀ་རིཥྞུཿ། ཨུ་ཏ་ལ་མ་དཱི་པ་ཏི་པ་ཙ་རྣམས་ཀྱིའོ། །ཨུཏ་ཉེ་བའི་ཚིག་ལ། མ་དཱི་དགའ་བ་ལའོ། །པད་འགྲོ་བ་ལའོ། །པཏླྀ་འགྲོ་བ་ལའོ། །ཌུ་པ་ཙཥ་འཚེད་པ་ལའོ། །འདི་རྣམས་ལས་ཨིཥྞུ་ཕ་རོལ་ཏུ་འགྱུར་རོ། །ཨུནྨ་དིཥྞུཿ།
ཨུཏྤ་དིཥྞུཿ། ཨུཏྤ་ཏིཥྞུཿ། ཨུཏྤ་ཙིཥྞུཿ། ཛི་བྷཱུ་དག་གི་སྣུ་ཀའོ། །ཛི་དང་བྷཱུ་ཞེས་པ་འདི་དག་ལས་སྣུ་ཀ་འགྱུར་རོ། །ཛིཥྞུཿ། བྷུཥྞུཿ། ཤྲྀ་ཨུ་ཡིག་བྲྀ་རིཏ་རྣམས་ཀྱི་ཞེས་པས་བྷཱུ་ལས་ཨིཊ་མེད་དོ། །གླཱམླཱ་སྠཱཀྵེ་པ་ཙི་པ་རི་མྲྀ་ཛ་རྣམས་ཀྱི་སྣུའོ། །གླཻ་དགའ་བ་ཟད་པ་ལའོ། །མླཻ་ལུས་རྣམ་པར་
ཉམས་པ་ལའོ། །ཥྛཱ་འགྲོ་བ་ལྡོག་པ་ལའོ། །ཀྵི་ཟད་པ་ལའོ། །ཌུ་པ་ཙཥ་འཆེད་པ་ལའོ། །མྲི་ཛཱུ་ཥ་དག་པ་ལའོ། །འདི་རྣམས་ལས་སྣུ་འགྱུར་རོ། །གླཱ་སྣུཿ། མླཱ་སྣུཿ། སྠཱ་སྣུཿ། ཀྵེཥྞཿ། པཀྵྞུཿ། པ་རི་མཱརྐྵྞུཿ། མྲྀ་ཛིའི་མརྫི་འོས་མརྫིའོ། །བྷྲྀ་ཛ་སོགས་ཉིད་ཀྱི་ཕྱིར་ཥའོ། །ཥ་ཌྷ་དག་གི་ས་ལ་
เล่ม ๑๙๕ · หน้า 287a
ཀའོ། །ཏྲ་སི་གྲྀ་དྷ་དྷྲྀ་ཥ་ཀྵི་པ་རྣམས་ཀྱིར་ཀྣུའོ། །ཏྲ་སིའི་སྐྲག་པ་ལའོ། །གྲྀ་དྷུ་མངོན་པར་དགའ་བ་ལའོ། །ཉི་དྷྲྀཥ། སྤྱི་བརྟོལ་ལའོ། །ཀྵིཔ་གཏོང་བ་ལའོ། །འདི་རྣམས་ལས་ཀྣུ་འགྱུར་རོ། །ཏྲསྣུཿ། གྲྀདྷྣུཿ། དྷྲྀཥྞུཿ། ཀྵི་སྣུཿ། སྒྲ་ལྡན་དང་ཏི་དག་ལའང་ཀྲྀཏ་ལའོ་
ཞེས་པས་ཨིཊ་མེད་དོ། །ཤམ྄ རྣམས་ཀྱི་བརྒྱད་རྣམས་ཀྱི་གྷི་ནིཎ་འོ། །ཤ་མུ་ཉེ་བར་ཞི་བ་ལའོ། །ཏ་མུ་འདོད་པ་ལའོ། །ད་མུ་ཉེ་བར་ཞི་བ་ལའོ། །ཤྲ་མུ་དཀའ་དུབ་དང་སྐྱོ་བ་ལའོ། །བྷྲ་མུ་མི་གནས་པ་ལའོ། །ཀྵ་མུ་ཥ་བཟོད་པ་ལའོ། །ཀླ་མུ་དམན་པ་ལའོ། །མ་དཱི་དགའ་བ་ལའོ། །འདི་རྣམས་
ཤམ་སོགས་བརྒྱད་རྣམས་ཏེ། གྷི་ནིཎ་ཕ་རོལ་ཏུ་འགྱུར་རོ། །ཤ་མཱི། ད་མཱི། ཏ་མཱི། ཤྲ་མཱི། བྷྲ་མཱི། ཀྵ་མཱི། ཀླ་མཱི། པྲ་མཱ་དཱི། ཨིཊ་དང་བཅས་པའི་ཨམ་མཐའི་ཞེས་པས་རིང་པོ་མེད་དོ། །བརྒྱད་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཨ་ས་ཏཱི། ཨསི་ཏཱ། ཨསུ་འཕེན་པ་ལའོ། །ཏྲྀནའོ། །ཡུ་ཛ་
རུ་ཛ་བྷུ་ཛ་བྷ་ཛ་དྭི་ཥ་དྲུ་ཧ་དུ་ཥ་ཨཱ་ཀྲཱྀཌ་ཏྱ་ཛ་ཨ་ནུ་རུ་དྷཾ་ཨཱང་ཡ་མ་ཨཱང་ཡ་ས་རཉྫ་ཨ་བྷྱཱ་ཧན྄ རྣམས་ཀྱི་འང་ངོ་། །ཡུ་ཛིར་སྦྱོར་བ་ལའོ། །ཡུཛ་ཏིང་ངེ་འཛིན་ལའོ་ཞེས་པ་ཡང་ནའོ། །རུ་ཛོ་འཇོམས་པ་ལའོ། །བྷུ་ཛ་སྐྱོང་བ་ལའོ། །བྷུ་ཛོ་འཁྱོག་པོ་ལའོ་ཞེས་པ་ཡང་ནའོ། །བྷཛ་བསྟེན་པ་ལའོ། །དྭིཥ་མི་དགའ་བ་
ལའོ། །དྲུ་ཧ་འཁུ་བ་ལའོ། །དུཥ་རྣམ་འགྱུར་ལའོ། །ཀྲཱྀཌ་གནས་པ་ལའོ། །ཨཱང་སྔོན་དུའོ། །ཏྱ་ཛ་སྤོང་བ་ལའོ། །ཨ་ནུ་རུ་དྷ་འདོད་པ་ལའོ། །ཡ་མུ་ཉེ་བར་འཇིག་པ་ལའོ། །ཡ་སུ་འབད་པ་ལའོ། །ཨཱད་དག་སྔོན་དུའོ། །རཉྫ་ཚོས་ལའོ། །ཧནྟིའི་ཨ་བྷི་དང་ཨཱང་སྔོན་དུའོ། །འདི་
རྣམས་ལས་གྷི་ནིཎ་ཕ་རོལ་ཏུ་འགྱུར་རོ། །ཡོ་གཱི། རོ་གཱི། བྷོ་གཱི། བྷཱ་གཱི། དྭེཥཱི། དྲོཧཱི། དོ་ཥཱི། ཨཱ་ཀྲྀ་ཌི། ཏྱཱ་གཱི། ཨ་ནུ་རོ་དྷི། ཨཱ་ཡཱ་མཱི། ཨཱ་ཡཱ་སཱི། ར་གཱི། ཨ་བྷྱཱ་གྷཱ་ཏཱི། བུཥ་དང་གྷི་ནིཎ་དག་ལ་ཡང་ངོ་ཞེས་པས་རཉྫིའི་ལྔ་པ་དབྱི་བར་བྱའོ། །སམྲ་ལ་སྲྀ་ཛི་པྲྀ་ཙི་ཛྭ་རི་རྣམས་ཀྱིའོ། །
སཾ་གི་སྒྲ་ཉེ་བའི་ཚིག་ལ་སྲིཛ་འདོར་བ་ལའོ། །པྲྀ་ཙཱི་ཡང་དག་པར་རེག་པ་ལའོ། །ཛྭ་ར་ནད་ལའོ། །འདི་རྣམས་ལས་གྷི་ནི་ཎ་ཕ་རོལ་ཏུ་འགྱུར་རོ། །སཾ་སརྒྒཱི། སཾ་པརྒཱི། སཾ་ཛྭ་རི། བི་ལེ་བི་ཙ་ཀནྠ་ཤྲཾ་བྷུ་ཀ་ཥ་ལ་ཥ་ལ་ཤ་རྣམས་ཀྱིའོ། །བིའི་སྒྲ་ཉེ་བའི་ཚིག་ལ་བི་ཙིར་ཐ་དད་པའི་དངོས་པོ་ལའོ། །ཀནྠ་
เล่ม ๑๙๕ · หน้า 287b
བསྔགས་པ་ལའོ། །ཤྲནྦྷུ་དབུགས་དབྱུང་བ་ལའོ། །ཀཥ་འཚེ་བའི་དོན་ཏོ། །ལཥ་མཛེས་པ་ལའོ། །ལ་ས་སྦྱོར་བ་དང་རོལ་རྩེད་དག་ལའོ། །འདི་རྣམས་ལས་གྷི་ནིཎ་འགྱུར་རོ། །བི་བེ་ཀཱི། བི་ཀནྠཱི། བི་ཤྲམྦྷི། བི་ཀཱ་ཥི། བི་ལཱ་ཥཱི། ལཥའི་ཨ་པ་ལའང་འགྱུར་ཏེ། ཨཔ་ལཱཥཱི།
པྲ་ལ་དྲུ་མ་ཐ་བ་ད་བསར་པ་ལས་རྣམས་ཀྱིའོ། །པྲའི་སྒྲ་ཉེ་བའི་ཚིག་ལ། དྲུ་འགྲོ་བ་ལའོ། །མ་ཐེ་སྲུབ་པ་ལའོ། །བ་ད་བརྡུང་བ་ལའོ། །བ་ས་གནས་པ་ལའོ། །རཔྲ་ལས་གསལ་བར་བརྗོད་པ་ལའོ། །འདི་རྣམས་ལས་གྷི་ནིཎ་ཕ་རོལ་ཏུ་འགྱུར་རོ། །པྲ་དྲ་བཱི། པྲ་མ་ཐཱི། པྲ་བྷཱ་དཱི། པྲ་
བཱ་སཱི། པྲ་ར་པཱི། པྲ་ལཱ་པཱི། པ་རིལ་སྲི་ད་ཧ་དག་གིའོ། །པ་རི་ཉེ་བའི་ཚིག་ལ་སྲྀ་དང་དཧ་དག་ལས་གྷི་ནིཎ་ཕ་རོལ་ཏུ་འགྱུར་རོ། །པ་རི་པཱ་རི། པ་རི་ད་ཧཱི། ཀྵི་པ་རཌ་བ་ད་བཱི་ད་དེ་བི་རྣམས་ལས་བུཎ་འང་ངོ་། །པ་རི་ལ་ཞེས་པ་འཇུག་གོ། །ཀྵི་པ་དེད་པ་ལའོ། །རཱཊ་ཡོངས་སུ་བཤད་པ་ལའོ། །
བད་གསལ་བར་སྨྲ་བ་ལའོ། །ཨིན་མཐའ་འབའ་ཞིག་ལས་ཀྱང་། དེ་བྲྀ་རྩེ་བ་ལའོ། །པ་རི་ཉེ་བའི་ཚིག་ལ་འདི་རྣམས་ལས་གྷི་ནིཎ་འགྱུར་ཞིང་བུཎ་ཡང་ངོ་། །པ་རི་ཀྵེ་པཱི། པ་རི་ཀྵེ་པ་ཀཿ། པ་རི་རཱ་ཊཱི། པ་རི་རཱ་ཊ་ཀཿ། པ་རི་བཱ་དཱི། པ་རི་བ་ད་ཀཿ། ཡོངས་སུ་སྨྲ་རུ་འཇུག་གོ་ཞེས་པས།
པ་རི་བཱ་དཱི། པ་རི་བཱ་ད་ཀཿ། བ་རི་དེ་བཱི། པ་རི་དེ་བ་ཀཿ། འོ་ན་ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཀྵི་པ་སོགས་རྣམས་ལས་བུཎའི་རྐྱེན་གྲུབ་པ་ལས་འདི་དོན་མེད་ཅིང་བུཎ་སྨོས་པ་དེའི་ངང་ཚུལ་ལ་སོགས་པ་རྣམས་ཀྱི་དོན་ལ་གྷི་ནིཎ་ཡིན་གྱི་བུཎ་འགེགས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་བུད་མེད་ལ་གཟུགས་
མཚུངས་པ་ཡང་ནའོ་ཞེས་པའི་ཚིག་གི་ཕྱིར་རོ། །འདིར་བརྗོད་པར་བྱ་སྟེ་བུཎ་སྨོས་པས་འདི་ཤེས་པར་བྱེད་དེ། དེའི་ངང་ཚུལ་ལ་སོགས་པའི་སྐབས་ལ་བྱས་པའི་རྐྱེན་རྣམས་ཀྱི་དེའི་ངང་ཚུལ་ལ་སོགས་པའི་སྐབས་ལ་བྱས་པ་དང་ལྷན་ཅིག་བསྒྲུབ་པའི་གཟུགས་མཚུངས་པ་ཡང་ན་མེད་དོ་ཞེས་པ་སྟེ།
དེས་ནཀྵི་ར་སོགས་རྣམས་ལས་དེའི་ངང་ཚུལ་ལས་སོ་ཞེས་པའི་དོན་རྣམས་ལ་གྲུབ་པའི་གཟུགས་མཚུངས་པས་ཡང་ན་ཏྲྀན་ལ་སོགས་པ་རྣམས་ཐོབ་པ་མ་ཡིན་ཏེ་ངེས་ན་འགྱུར་རོ། །ནིནྡི་ཧི་ས་ཀླི་ཤ་ཁཱད། དབྱངས་གཅིག་པ་མིན་པ་བི་ནཱ་ཤི་བྱཱ་བྷ་ཥ་ཨ་སུ་ཡ་རྣམས་ཀྱི་བུཉའོ། །ཀཎྜུ་སོགས་ཡཎ་
เล่ม ๑๙๕ · หน้า 288a
གྱི་མཐའ་ཅན་རྣམས་ཨ་སུ་ཡའི་སྒྲ་དབྱངས་མེད་པ་མདོར་བྱས་པས་གཟུང་བར་བྱའོ། །ནི་དི་སྨད་པ་ལའོ། །ཧི་སི་འཚེ་བ་ལའོ། །ཀླི་ཤ་སྤྱིའོ། །ཁཱ་དྲི་ཟ་བ་ལའོ། །འདི་རྣམས་དང་། དེ་བཞིན་དུ་དབྱངས་གཅིག་པ་མིན་པ་དང་། བི་སྔོན་མ་ཅན་གྱི་ནཱ་ཤི་ཨིན་མཐའ་
ལས་དང་། དབྱངས་སྔོན་མ་ཅན་གྱི་བྷཱཥ་ལས་དང་ཨ་སུ་ཡའི་སྒྲ་དང་ཀཎྜུ་ལ་སོགས་པ་ཡཎའི་མཐའ་ལས་བུཉ་འགྱུར་རོ། །ནནྡི་ཀཿ། ཧི་ས་ཀཿ། ཀླེ་ཤ་ཀཿ། ཁཱ་ད་ཀཿ། དབྱངས་གཅིག་པ་མིན་པ་རྣམས་ལས། ད་རི་དྲཱ་ཡ་ཀཿ། ད་རི་དྲ་ཏིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལའོ་ཞེས་པས་ཡ་དབྱི་བ་
ཐོབ་སྟེ། འཇིག་རྟེན་གྱི་ཉེ་བར་སྤྱོད་པ་ལེས། ད་རི་དྲཱ་ཡ་ཀཿ། ཞེས་པར་མི་འགྱུར་རོ། །ག་ཎཀཿ། གཎ་ལས་ཙུར་སོགས་ཉིད་ཀྱི་ཕྱིར་ཨིནའོ། །ཨའི་ཡང་དབྱིའོ་ཞེས་པས་ཨ་ཡིག་དབྱིའོ། །བི་ནཱ་ཤ་ཀཿ། རྣམ་པར་འཇོམས་པར་བྱེད་དུ་འཇུག་གོ་ཞེས་ལ་ཨིནའོ། །བུཉའོ། །ཀཱ་རི་ཏ་དབྱིའོ། །བྱ་
བྷཱཥ་ཀཿ། ཨ་སཱུ་ཡ་ཀཿ། ཨ་སུའི་སྒྲ་ལས་ཀཎྜུ་སོགས་ཉིད་ཀྱི་ཕྱིར་ཡཎའོ། །ནཱ་མིནའི་མཐའ་རྣམས་ཀྱི་ཡཎ་ཞེས་པས་རིང་པོའོ། །བུཉའོ། །ཨའི་ཡང་དབྱིའོ། །འོ་ན་བི་ནཱ་ཤི་དབྱངས་གཅིག་མིན་པ་ཉིད་ཡིན་པའི་ཕྱིར། འདིའི་དཔེ་བརྗོད་པ་ལས་ལོགས་སུ་བྱས་པ་དོན་མེད་དོ་ཞེ་ན་བདེན་ཏེ། ངེས་
པའི་དོན་དུ་སྟེ་ཨིན་མཐའི་དབྱངས་གཅིག་མིན་གྱི་བི་ནཱ་ཤི་ཉིད་ཀྱི་ཇི་ལྟ་བར་འགྱུར་ལ། འདིར་མི་འགྱུར་བར་བྱས་ནས། ཀཱ་ར་ཡི་ཏཱ། ཏྲྀན་དང་ཨིཊའོ། །ཨ་སུ་ཡའི་སྒྲའི་ཡང་ངེས་པའི་དོན་དུ་དཔེ་བརྗོད་པ་ནི་ཡཎའི་རྐྱེན་མཐའི་དབྱངས་གཅིག་མིན་གྱི་ཨ་སུ་ཡའི་སྒྲ་ཉིད་ཀྱི་ཇི་ལྟ་བ་བཞིན་དུ་འགྱུར་བ་
ལ་འདིར་མི་འགྱུར་ཏེ། ཀཎྜུ་ཡི་ཏ། ཀཎྜུཡའི་སྒྲ་ལས་ཡཎའོ། །ཏྲྀནའོ། །ཨའི་ཡང་དབྱིའོ། །དཀྱུས་མའི་བུཎ་ལ་བུཉ་སྨོས་པ་ནི་གྷི་ནིཎ་ཡང་འཇུག་པར་མི་འགྱུར་རོ་ཞེས་པའོ། །ཉེར་བསྒྱུར་ལ་དེ་ཝ་ཀྲུ་ཤ་དག་གི་འང་ངོ་། །ཉེར་བསྒྱུར་ཉེ་བའི་ཚིག་ལ་དི་བི་རྩེ་བ་ལའོ་ཞེས་པ་འདིའི་ཨིན་
མཐའ་ལས་དང་ཀྲུ་ཤ་ལས་ཀྱང་བུཉ་ཕ་རོལ་ཏུ་འགྱུར་རོ། །ཨཱ་དེ་བ་ཀཿ། ཨཱ་ཀྲོ་ཤ་ཀཿ། ཉེར་བསྒྱུར་ལ་ཞེས་པ་ཅི་ཞེ་ན། དེ་བ་ཡི་ཏཱ། ཀྲོཥྚཱ། ཏྲྀནྲའོ། །ཁྲོ་བ་དང་རྒྱན་དང་གཡོ་བ་དང་སྒྲའི་དོན་རྣམས་ལས་ཡུའོ། །ཟླས་དབྱེ་ཁོང་ན་གནས་པའི་འབྲུ་མང་པོ་པའོ། །བྱིངས་རྣམས་ལས་ཁྲོ་བོའི་དོན་
เล่ม ๑๙๕ · หน้า 288b
རྣམས་དང་རྒྱན་གྱི་དོན་རྣམས་དང་གཡོ་བའི་དོན་རྣམས་དང་སྒྲའི་དོན་རྣམས་ལས་ཡུ་ཕ་རོལ་ཏུ་འགྱུར་རོ། །ཁྲོ་བོའི་དོན་ལ། ཀྲོ་དྷནཿ། ཀོ་པ་ནཿ། ཀྲུ་དྷ་ཁྲོ་བ་ལའོ། །ཀུ་པ་ཁྲོ་བ་ལའོ། །རྒྱན་གྱི་དོན་རྣམས་ལས། མཎྜ་ནཿ། བྷུ་ཥ་ཎཿ། མཎྜི་རྒྱན་ལའོ། །བྷུཥ་རྒྱན་ལའོ། །གཡོ་བའི་དོན་
རྣམས་ལས། ཙ་ལ་ནཿ། ཀམྤནཿ། ཙ་ལ་གཡོ་བ་ལའོ། །ཀ་པི་གཡོ་བ་ལའོ། །སྒྲའི་དོན་རྣམས་ལས། ར་བ་ཎཿ། བྷཎ་ནཿ། རུ་སྒྲ་ལའོ། །རུཙ་སོགས་ལས་ཀྱང་གསལ་བྱེད་དང་པོ་ལས། བྱིངས་ཨཱཏྨ་ནེའི་ཚིག་ཅན་གང་ཡིན་པ་དེ་ནི་རུཙ་སོགས་རྣམས་སོ། །རུཙ་སོགས་ཀྱི་བྱིངས་
ཀྱི་ཚོགས་ལས་གསལ་བྱེད་དང་པོ་ལ་ཡུ་འགྱུར་རོ། །རོ་ཙ་ནཿ། བརྟནཿ། སྱ་ཏ་དྷ་ནཿ། ཛུ་གུ་པྶ་ནཿ། མཱི་མཱནྶནཿ། ཡུའི་རྐྱེན་ནོ། །ཨའི་ཡང་དབྱིའོ། །རུཙ་སོགས་ལས་ཞེས་པ་ཅི་ཞེ་ན། བྷ་བ་ཏཱི། ཏྲིན྄འོ། །གསལ་བྱེད་དང་པོ་ལ་ཞེས་པ་ཅི་ཞེ་ན། ཨེ་དྷ་ཏཱི། ཛུ་ཙཾ་ཀྲ་མྱ་དཾ་ཏྲ་མྱ་
སྲྀ་གྲྀ་དྷི་ཛྭ་ལ་ཤུཙ་རྣམས་ཀྱིའོ། །ཛུ་ཞེས་པ་མདོའོ། །ཙཾཀྲ་མྱ་དང་ད་དྲ་མྱ་སྒྲ་དག་ཙེ་ཀྲི་ཡི་ཏའི་མཐའ་ཅན་ནོ། །སྲྀ་འགྲོ་བ་ལའོ། །གྲྀ་དྷུ་མངོན་པར་འདོར་བ་ལའོ། །ཛྭ་ལ་འབར་བ་ལའོ། །ཤུཙ་མྱ་ངན་ལའོ། །འདི་རྣམས་ལས་ཡུ་ཕ་རོལ་ཏུ་འགྱུར་རོ། །ཛ་བཱ་ནཿ། ཙཾ་ཀྲ་མཎཿ། དཾ་ཏྲ་མཎཿ།
ས་རཎཿ། གརྡྷ་ནཿ། ཛྭ་ལནཿ། ཤོ་ཙ་ནཿ། འཁྱོག་པོར་གནོད་པར་བྱེད་དོ། །དེ་བཞིན་དུ་ཤིན་ཏུ་བགྲོད་པར་བྱེད་དོ་ཞེས་ཡ་སྒྲའོ། །གཉིས་བརྗོད་དོ། །རྗེས་སུ་སྣ་ལྡན་མཐའ་ཅན་གྱི་ཨཏའི་མཐའ་རྗེས་སུ་ང་རོའོ། །འདིས་ཡུའི་རྐྱེན་ནོ། །ཨའི་ཡང་དབྱིའོ། །ཡའི་ཨན་མིན་པ་ལ་
ཞེས་པས་ཡ་དབྱིའོ། །ཛུ་དང་ཙཾ་ཀྲ་མྱ་དང་དཾ་དྲ་མྱ་དང་སྲྀཞེས་པ་འདི་རྣམས་གཡོ་བའི་དོན་ཉིད་ཀྱི་ཕྱིར་ཁྲོ་བ་དང་རྒྱན་དང་གཡོ་བ་ཞེས་པ་འདིས་ཡུའི་རྐྱེན་གྲུབ་པ་ལ་སླར་ཡང་དཔེར་བརྗོད་པ་ནི་སྤྲོས་པའི་དོན་ཏོ། །ཡ་མཐའ་དང་སཱུད་དཱི་པི་དཀྵི་རྣམས་ཀྱི་མ་ཡིན་ནོ། །གང་རྣམས་ཀྱི་མཐའ་ཡ་ཡིག་ཡིན་
པ་དེ་ནི་ཡ་མཐའོ། །དེ་ནས་ཟླས་དབྱེ་བའོ། །ཡ་ཡིག་གི་མཐའ་ཅན་རྣམས་དང་སཱུ་ད་འཚེ་བར་བྱེད་པ་ལའོ། །དཱི་པཱི་གསལ་བ་ལའོ། །དཱིཀྵི་མགོ་ཟླུམ་ལའོ་ཞེས་པ་འདི་རྣམས་ལས་ཡུ་མི་འགྱུར་རོ། །རུཙ་སོགས་ཉིད་ལས་ཐོབ་པ་ལ་དགག་པའོ། །ཀྣུ་ཡི་ཏཱ། ཀྵྨ་ཡི་ཏཱ། སཱུ་དཏཱི། དཱི་པ་ཏཱ།
เล่ม ๑๙๕ · หน้า 289a
དཱིཀྵ་ཏྲི། ཏྲྀནིའོ། །ཤྲྀ་ཀམ་གམ་ཧན་བྲྀཥ་བྷཱ་སྠཱ་ལཥ་པཏ་བད་རྣམས་ཀྱི་ཨུ་ཀཉའོ། །ཤྲྀ་འཚེ་བ་ལའོ། །ཀ་མུ་མཛེས་པ་ལའོ། །གམླྀ་འགྲོ་བ་ལའོ། །ཧ་ན་འཚེ་བ་དང་འགྲོ་བ་ལའོ། །བྲྀཥུ་བཀྲུ་བ་ལའོ། །བྷཱུ་ཡོད་པ་ལའོ། །ཥྛ་འགྲོ་བ་མི་འཇུག་པ་ལའོ། །ལཥ་མཛེས་
བ་ལའོ། །པཏླྀ་འགྲོ་བ་ལའོ། །བ་ད་རྟོགས་པ་ལའོ། །འདི་རྣམས་ལས་ཨུ་ཀ་ཉཕ་རོལ་ཏུ་འགྱུར་རོ། །ཀི་ཤཱ་རུ་ཀཿ། སུ་ལ་ཡང་འཚེ་བར་བྱེད་དོ་ཞེས་པ་ཨུ་ཀ་ཉའོ། །ཀཱ་མུ་ཀཿ། ཨཱ་གཱ་མུ་ཀཿ། ཨཱ་གྷཱ་ཏུཀཿ། པྲ་བཪྵུ་ཀཿ། པྲ་བྷ་ཝུ་ཀཿ། ཨུ་པསྠཱ་ཡུ་ཀཿ། ཨུ་པ་ལ་ཥུ་ཀཿ། པྲཔཱ་ཏུ་ཀཿ་
ཨུ་པ་པཱ་དུ་ཀཿ། ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བ་དང་རིང་པོའོ། །ཧནྟའི་ཏའོ། །ཧའི་གྷིའོ། །ཡོན་ཏན་ནོ། །ཨཱ་མཐའ་རྣམས་ཀྱི་ཨིཙ་ལ་ཨཱ་ཡི་འོ་ཞེས་པས་ཨཱ་ཡིའོ། །བྲྀཉ་བྷི་ཀྵི་ལུཎྜི་ཛལྤི་ཀུཊྚ་རྣམས་ཀྱི་ཥཱཀའོ། །བྲྀཉ་འདམ་པ་ལའོ། །བྷིཀྵ་སློང་བ་ལའོ། །ལུཎྜ་རྐུ་བ་ལའོ། །ཛལྤ་
ཛ་པ་གསལ་བར་སྨྲ་བ་ལའོ། །ཀུཊྚ་གཅོད་པ་དང་སྨོད་པ་དག་ལའོ། །འདི་རྣམས་ལ་ཥཱ་ཀའི་རྐྱེན་འགྱུར་རོ། །ཥ་ཡིག་ནི་ཨཱི་ཡིག་གི་དོན་ཏོ། །བ་རཱ་ཀཿ། བ་རཱ་ཀཱི། བྷི་ཀྵཱ་ཀཿ། ཛལྤ་ཀཿ། ལུཎྜ་ཀཿ། ཀུཊྚ་ཀཿ། པྲ་ལ་ཛུ་སཱུ་དག་གི་ཨིནའོ། །པྲའི་སྒྲ་ཉེ་བའི་ཚིག་ལ་མདོ་ལས་འབྱུང་བའི་
ཛུ་ཞེས་པ་འདི་དང་ཥུ་དེད་པ་ལའོ་ཞེས་པ་འདི་ལས་ཀྱང་། ཨིན་ཕ་རོལ་ཏུ་འགྱུར་རོ། །པྲ་ཛ་བཱི། བྲ་ས་བཱི། ཛི་ཨིཎ་ཏྲྀ་ཀྵི་བི་ཤྲི་པ་རི་བྷཱུ་བམ་ཨ་བྷྱ་མ་ཨ་བྱ་ཐ་རྣམས་ཀྱིའོ། །ཛི་རྒྱལ་བ་ལའོ། ཨིཎ་འགྲོ་བ་ལའོ། །དྲྀ་གུས་པ་ལའོ། །ཀྵི་ཟད་པ་ལའོ། །ཤྲིཉ་བསྟེན་པ་ལོ། །བི་སྔོན་དུའོ། །
བྷཱུ་ཡོད་པ་ལའོ། །བ་རི་སྔོན་དུའོ། །ཌུ་པ་མ་སྐྱུག་པ་ལའོ། །ཨམ་འགྲོ་བ་ལའོ། །ཨ་བྷི་སྔོན་དུའོ། །བྱ་ཐའི་སྔོན་དུ་ན་ཉའོ། །འདི་རྣམས་ལས་ཨིན་ཕ་རོལ་ཏུ་འགྱུར་རོ། །ཛ་ཡཱི། ཨ་ཡཱི། ད་རཱི། ཀྵ་ཡཱི། བི་ཤྲ་ཡཱི། པ་རི་བྷ་བཱི། བ་མཱི། ཨ་བྷྱ་མཱི། ཨ་བྱ་ཐཱི། ད་ཡི་པ་ཏི་གྲྀ་ཧི་སྦྲྀ་ཧི་
ཤྲདྡྷ་ཏནྟྲནི་ཏྲ་རྣམས་ལས་ཨཱ་ལུའོ། །ད་ཡ་སྦྱིན་པ་དང་འགྲོ་བ་དང་བསྲུང་བ་རྣམས་ལའོ། །པ་ད་འགྲོ་བ་ལའོ། །གྲྀ་ཧ་འཛིན་པ་ལའོ། །སྤྲྀ་ཧ་འདོད་པ་ལའོ། །གསུམ་ནི་ཙུར་སོགས་ཉིད་ཀྱི་ཕྱིར་ཨིན་མཐའོ། །ཤྲད་སྔོན་མ་ལས་དྷཉའོ། །ཏནྟྲ་ཞེས་པ་མདོ་ལས་འབྱུང་བའོ། །དྲ་སྨད་པ་དང་འགྲོ་བ་
เล่ม ๑๙๕ · หน้า 289b
ལའོ། །ནི་སྔོན་དུའོ། །འདི་རྣམས་ལས་ཨ་ལུ་ཕ་རོལ་ཏུ་འགྱུར་རོ། །ད་ཡཱ་ལུཿ། པ་ད་ཡཱ་ལུཿ། གྲྀ་ཧ་ཡཱ་ལུཿ། སྤྲི་ཧ་ཡཱ་ལུཿ། པ་དི་དང་གྲྀ་ཧི་དང་སྤྲི་ཧི་རྣམས་ལས་ཨིནའོ། །ཨའི་ཡང་དབྱིའོ། །ཨ་ལུ་ཨིཥྞུ་ཞེས་པས་ཀཱ་རི་ཏ་དབྱི་བ་མེད་དོ། །ཤྲདྡྷཱ་ལུཿ། ཏནྡྲ་ལུཿ། ནི་དྲ་ལུཿ། ཤིང་ལས་ཀྱང་འདོད་
དེ། ཤ་ཡཱ་ལུཿ། ཤི་ཏ་ཨུཥྞ་དག་ལས་ཀྱང་ལྷན་ཅིག་པ་མིན་པ་ལའོ། །ཤཱི་ཏ་དང་ཨུཥྞའི་སྒྲ་དག་ལས་ལྷན་ཅིག་པ་མིན་པའི་བྱེད་པ་པོ་ལ་ཨཱ་ལུ་ཕ་རོལ་ཏུ་འགྱུར་རོ། །སྟབས་གཅིག་པ་མ་ཡིན་ནོ་ཞེས་པའི་དོན་ནི། ལྷན་ཅིག་པ་མིན་པ་སྟེ་པཙ་སོགས་ཉིད་ཀྱི་ཕྱིར་ཨཙའོ། །གྲང་བ་དང་བཅས་པ་མིན་པ་
ནི། ཤཱི་ཏཱ་ལུཿ། དྲོ་བ་དང་བཅས་པ་མིན་པ་ནི། ཨུཥྞ་ལུཿ། ཤདི་སདི་དྷེ་ཊ་དཱ་སི་རྣམས་ལས་རུའོ། །ཤ་དི་ས་དི་དང་དྷེཊ་ཅེས་པ་འདི་རྣམས་དང་ཌུ་དཱ་ཉ་སྦྱིན་པ་ལའོ། །ཥི་འཆིང་བ་ལའོ་ཞེས་པ་འདི་དག་ལས་ཀྱང་རུའི་རྐྱེན་འགྱུར་རོ། །ཤ་དྲུཿ། ས་དྲུཿ། དྷཱ་རུཿ། དཱ་རུཿ། སེ་རུཿ། སྲྀ་ཨ་དི་གྷས་
རྣམས་ཀྱི་མར་ཀའོ། །སྲྀ་འགྲོ་བ་ལའོ། །ཨད་ཟ་བ་ལའོ། །གྷ་སི་མདོ་ལས་འབྱུང་བའི་བྱིངས་སོ། །འདི་རྣམས་ལས་མ་ར་ཀ་ཕ་རོལ་ཏུ་འགྱུར་རོ། །སྲི་མ་རཿ། ཨསྨ་རཿ། གྷསྨ་རཿ། མི་དི་བྷ་སི་བྷཉྫ་རྣམས་ཀྱི་གྷུ་རའོ། །འདི་རྣམས་ལས་གྷུ་ར་ཕ་རོལ་ཏུ་འགྱུར་རོ། །མེ་དུརཿ། པཱ་ཤུརཿ། བྷཱ་སུ་
རཿ། བྷཾ་གུརཿ། ཙ་ཛ་དག་གི་ཞེས་པས་ག་ཉིད་དོ། །བྷཾ་ཛ་ལས་བྱེད་པ་པོ་ལ་སྦྱོར་བའི་བྱེད་པ་པོ་ཙམ་མིན་ནོ་ཞེས་སྨྲའོ། །དེ་བཞིན་དུ་ཕྱི་མ་ལ་ཚི་དི་དག་གོ། །ཚི་དི་བྷི་དི་བི་ད་རྣམས་ཀྱི་ཀུ་རའོ། །འདི་རྣམས་ལས་ཀུ་རའི་རྐྱེན་འགྱུར་རོ། །ཚི་དུརཿ། བྷི་དུ་རཿ། བི་དུ་རཿ། བི་ད་ཤེས་པའི་མིང་དོན་
གཟུང་བར་བྱའི་གཞན་མ་ཡིན་ཏེ་མངོན་པར་བརྗོད་པ་མེད་པའི་ཕྱིར་རོ། །ཛ་གྲྀ་ལས་ཨཱུ་ཀའོ། །ཛཱ་གརྟི་ལས་ཨཱུ་ཀའི་རྐྱེན་འགྱུར་རོ། །ཛཱ་ག་རཱུ་ཀཿ། ཙོ་ཀྲཱི་ཡི་ཏའི་མཐའ་རྣམས་ཀྱི་ཡ་ཛིཛ་པི་དཾ་ཤ་བད་རྣམས་ཀྱིའོ། །ཡ་ཛི་དང་ཛ་པི་དང་དཾ་ཤི་དང་བ་དི་རྣམས་ཙེ་ཀྲཱི་ཡི་ཏའི་མཐའ་རྣམས་ལས་ཨཱུ་ཀའི་རྐྱེན་འགྱུར་རོ། །
ཡཱ་ཡ་ཛུ་ཀཿ། ཛཾ་ཛ་བཱུ་ཀཿ། དཾ་ད་ཤུ་ཀཿ། བཱ་བ་དུ་ཀཿ། ཤིན་ཏུ་མཆོད་པར་བྱེད་དོ། །གསང་ནས་བཟླས་པར་བྱེད་དོ། །དེ་བཞིན་དུ་ཟ་བར་བྱད་དོ། །ཤིན་ཏུ་སྨྲ་བར་བྱེད་དོ་ཞེས་པས་ཡ་སྒྲའོ། །ཛ་པ་སོགས་རྣམས་ཀྱི་འང་ངོ་ཞེས་པས་རྗེས་སུ་ང་རོ་ཨཱ་ག་མའོ། །འདིས་ཨཱུ་ཀའོ། །ཨའི་ཡང་དབྱིའོ། །
เล่ม ๑๙๕ · หน้า 290a
ཡའི་ཨན་མིན་པ་ལ་ཞེས་པས་ཡ་ཡིག་དབྱིའོ། །ཨཱ་ག་མ་མེད་བའི་མཐའི་རིང་པོ་ཞེས་པས་རིང་པོའོ། །དེའི་ཨ་ཙ་ལ་འཇིག་གོ། །དེའི་སྟེ་ཙ་ཀྲཱི་ཡི་ཏའི་ཨཙ་ཕ་རོལ་ལ་འཇིག་པར་འགྱུར་རོ། །ལོ་ལུ་བཿ། པོ་པུ་བཿ། ཤིན་ཏུ་གཅོད་པར་བྱེད་དོ། །ཤིན་ཏུ་དག་པར་བྱེད་དོ་
ལ་ཡ་སྒྲའོ། །གཉིས་བརྗོད་དོ། །པཙ་སོགས་རྣམས་ལས་ཨཙ་འང་ངོ་ཞེས་པས་ཨཙའོ། །འདིས་ཡ་སྒྲ་འཇིག་གོ། །ཎ་རྗེས་སུ་འབྲེལ་པ་ཞེས་སྦྱོར་བ་རྣམ་པར་གཞག་པ་ལས་ཡོན་ཏན་མེད་དོ། །དབྱངས་དང་པོ་ལ་ཨི་ཡ་ཨུ་ཝ་དག་ཅེས་པས་ཨུ་ཝའོ། །དེ་ལས་ཡཱ་ཏི་ལས་བ་རའོ། །ཙེ་ཀྲཱྀ་
ཡི་ཏའི་མཐའ་དེ་ལས་ཡཱ་ཏི་སྟེ་ཡ་ཐོབ་པ་ལའོ་ཞེས་པ་འདི་ལས་བ་རའི་རྐྱེན་འགྱུར་རོ། །ཡཱ་ཡཱ་བ་རཿ། ཤིན་ཏུ་ཐོབ་པར་བྱེད་དོ་ལ་བཤད་པ་ལས་ཡ་སྒྲའོ། །འདིས་བ་རའི་རྐྱེན་ནོ། །ཨའི་འང་དབྱིའོ། །གསལ་བྱེད་ལ་ཡ་བ་དག་གི་ཞེས་པས་ཡ་དབྱིའོ། །འོ་ན་དབྱངས་བསྒྱུར་བ་ཡོངས་སུ་བཤད་པས་
ཨ་ཡིག་དབྱི་བ་གནས་ཅན་དང་འདྲ་བར་འགྱུར་བའི་ཕྱིར་གསལ་བྱེད་ཕ་རོལ་ཏུ་གྱུར་པ་ཉིད་ལས་ཡ་དབྱི་བ་ཇི་ལྟར་འགྱུར་ཞེ་ན། འདི་ཡོད་མོད་འོན་ཀྱང་ཡ་དབྱི་བའི་སྒྲུབ་པ་རབ་ཏུ་འགེགས་པ་ལ་གནས་ཅན་དང་འདྲ་བར་འགྱུར་བ་ཡ་དབྱི་བའི་སྒྲུབ་པ་སོ་སོར་གནས་ཅན་བཞིན་མིན་ནོ་ཞེས་པའི་ཚིག་ལས་སོ། །
ཀ་སི་པི་སི་བྷཱ་སི་ཨཱི་ཤ་སྠཱ་པྲ་མད་རྣམས་ཀྱི་འང་ངོ་། །ཀས་འགྲོ་བ་ལའོ། །པེ་སྲྀ་འགྲོ་བ་ལའོ། །བྷཱ་སྲྀ་གསལ་བ་ལའོ། །ཨཱི་ཤ་དབང་ཕྱུག་ལའོ། །ཥྛ་གནས་པ་ལའོ། །མ་དཱི་དགའ་བ་ལའོ། །པྲ་སྔོན་དུའོ། །འདི་རྣམས་ལས་ཝ་རའི་རྐྱེན་འགྱུར་རོ། །ཀ་ས་རཿ། པ་སྭེ་རཿ། བྷཱ་སྭ་རཿ། ཨཱི་ཤྭ་རཿ།
སྠ་བརཿ། པྲ་མ་དྭ་རཿ། སྒྲ་ལྡན་དང་ཞེས་པས་ཨིཊ་མེད་དོ། །སྲྀ་ཛྲྀ་ཨིཎ་ན་ཤ་རྣམས་ཀྱི་ཀྭར་པའོ། །སྲི་དང་ཛི་དང་ཨིཎ་དང་ན་ཤ་ཞེས་པ་འདི་རྣམས་ལས་ཀར་པའི་རྐྱེན་འགྱུར་རོ། །སྲིཏྭརཿ། སྲིཏྭརཱིཿ། ཛི་ཏྭརཿ། ཨིཏྭ་རཿ། ན་ཤྭརཿ། བྱིངས་ཀྱི་མཐའ་ཏའོ། །ག་མའི་ཏ་འང་ངོ་། །གམ་ལས་
ཀྭ་རབ་ཕ་རོལ་ཏུ་འགྱུར་ཞིང་ཏ་ཡིག་ཏུ་བསྒྱུར་བ་འང་ངོ་། །ག་ཏྭ་རཿ། དཱི་པི་ཀམྤི་ཨ་ཛ་སི་ཧིཾ་སི་ཀ་མི་སྨིང་ནམ་རྣམས་ཀྱི་རའོ། །དཱི་པི་གསལ་བ་ལའོ། །ཀམྤི་འདར་བ་ལའོ། །ཛ་སུ་གྲོལ་བ་ལའོ། །ནཉ་སྔོན་དུའོ། །ཧི་སིཧིཾ་ས་འཚེ་བ་ལའོ། །ཀ་མུ་མཛེས་པ་ལའོ། །སྨིང་འཛུམ་པ་ལའོ། །
เล่ม ๑๙๕ · หน้า 290b
ནམ་འདུད་པ་ལ་སྟེ་སྒྲ་ལ་འང་ངོ་། །འདི་རྣམས་ལས་རའི་རྐྱེན་འགྱུར་རོ། །དཱི་པྲཿ། ཀམྤྲཿ། ཨཛསྲིཿ། ཧིཾསྲཿ། ཀ་མཿ། སྨེརཿ། ན་མྲཿ། སྔ་མ་བཞིན་དུ་ཨིཊ་མེད་དོ། །སན་མཐའ་དང་ཨཱ་ཤཾ་སི་དང་བྷིཀྵ་རྣམས་ཀྱི་ཨུའོ། །བྱིངས་སན་མཐའ་ཅན་དང་ཨཱང་སྔོན་མའི་ཤཾ་སི་དང་བྷི་ཀྵ་ལས་ཀྱང་
ཨུའི་རྐྱེན་འགྱུར་རོ། །བྱེད་པར་འདོད་དོ་ལ། ཙ་ཀཱི་ཪྵུཿ། འཚེད་པར་འདོད་དོ་ལ། པི་སཀྵུཿ། ཨུའི་རྐྱེན་ནོ། །ཨའི་ཡང་དབྱིའོ། །ཨཱ་ཤཾ་སུཿ། བྷི་ཀྵུཿ། བྷིནྡྷུ་དང་ཨིཙྪུ་ཡང་ངོ་། །བིནྡྷུ་དང་ཨིཙྪུའོ། །ཞེས་པའི་སྒྲ་འདི་དག་ཚིག་ཕྲད་དོ། །བི་དི་ལས་ཨུའི་རྐྱེན་དང་ནི་ཡིག་ཨཱ་ག་མའང་ངོ་། །
ཨི་ཥིའི་ཨཙྪ་ཉིད་ཀྱང་ངོ་། །ཨཱ་ཏ་རྀ་ཡིག་མཐའ་ཨུ་པ་དྷཱ་ཕྱིས་པ་རྣམས་ཀྱི་ཀི་སྟེ་གཉིས་དག་ཀྱང་ངོ་། །གང་རྣམས་ཀྱི་ཨུ་པ་དྷཱ་ཕྱིས་པ་ཡོད་པ་དེ་རྣམས་ནི་ཨུ་པ་དྷཱ་ཕྱིས་པ་ཅན་ནོ། །ཨཱཏ་དང་རྀ་ཡིག་དང་ཨུ་པ་དྷཱ་ཕྱིས་པ་ཅན་ཞེས་ཟླས་དབྱེ་བའོ། །ཨ་ཡིག་མཐའ་ཅན་རྣམས་དང་རྀ་ཡིག་མཐའ་ཅན་
རྣམས་དང་ཨུཔ་དྷཱ་ཕྱིས་པ་ཅན་རྣམས་ཀྱི་ཀིའི་རྐྱེན་འགྱུར་ཞིང་། འདི་རྣམས་ཀྱིའང་གཟུགས་གཉིས་སུ་འགྱུར་ཏེ། ཚིག་གཉིས་སུ་འགྱུར་རོ་ཞེས་པའི་དོན་ཏོ། །ཨཱ་ཡིག་གི་མཐའ་ཅན་རྣམས་ལས། ཨིཿ། དྷིཿ། པ་འཐུང་བ་ལའོ། །དྷུ་དྷཱ་ཉ་འཛིན་པ་ལའོ། །ཀིའི་རྐྱེན་ནོ། །གཉིས་བརྗོད་དོ། །
བྱིངས་ཐམས་ཅད་པ་མིན་པ་ལ་ཨཱ་དབྱིའོ་ཞེས་པས་ཨ་ཡིག་དབྱིའོ། །རྀ་ཡིག་གི་མཐའ་ཅན་རྣམས་ལས། ཙ་ཀྲིཿ། པ་སྲིཿ། ཌུཀྲྀ་གསུམ་བྱེད་པ་པའོ། །པྲྀ་འགྲོ་བ་ལའོ། །ཨུ་པ་དྷ་ཕྱིས་པ་ཅན་རྣམས་ལས། ཛ་ཛྙིཿ། ཙཁྣིཿ། ཛན་སྐྱེ་བ་ལའོ། །ཁ་ནུ་ངེས་པར་འཇོམས་པ་ལའོ། །གམ་ཧན་ཛན་
ཁན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ས་ཧི་ཙ་ལི་བ་ཧི་བ་དི་པ་ཏི་རྣམས་ལས་ཀྱང་ཙེ་ཀྲཱི་ཡི་ཏའི་མཐའ་རྣམས་ལས་ཀྱིའི་རྐྱེན་བཤད་པར་བྱ་སྟེ། སཱ་ས་ཧིཿ། ཙཱ་ཙ་ལིཿ། བཱ་བ་ཏིཿ། བཱ་བ་དིཿ། པཱ་པ་ཏིཿ། ཥ་ཧ་བཟོད་པ་ལའོ། །ཙལ་འདར་བ་ལའོ། །བཧ་ཐོབ་པ་ལའོ། །བད་གསལ་བར་བརྗོད་པ་
ལའོ། །པཏླི་འགྲོ་བ་ལའོ། །ཡ་སྒྲའོ། །བཤད་པ་ལས་ཀིའོ། །ཨའི་ཡང་དབྱིའོ། །ཡའི་ཨན་མིན་པ་ལ་ཞེས་པས་ཡ་དབྱིའོ། །ཏྲྀ་ཥི་དྷྲྀ་ཥི་སྭ་པ་རྣམས་ཀྱི་ན་ཛིངའོ། །འདི་རྣམས་ལས་ནི་ཛིད་རྐྱེན་དུ་འགྱུར་རོ། །ཏྲྀཥྞ་ཀ །དྷྲྀཥྞ་ཀ །སྭཔྣ་ཀ །སྔ་མ་བཞིན་དུ་ཨིཊ་མེད་དོ། །ཤྲི་བཾ་དི་དག་གི་
เล่ม ๑๙๕ · หน้า 291a
ཨཱ་རུའོ། །ཤྲཱི་འཚེ་བ་ལའོ། །བ་དི་མངོ་པར་འདུད་པ་ལའོ། །འདི་དག་ལས་ཨ་རུའི་རྐྱེན་འགྱུར་རོ། །ཤ་རཱ་རུཿ། བནྡཱ་རུཿ། བྷཱི་ལས་རུ་ལུག་དག་ཀྱང་ངོ་། །བྷཱི་འཇིགས་པ་ལའོ་ཞེས་པ་འདི་ལ་ལས་རུག་ལུག་ཅེས་པ་འདི་དག་འགྱུར་རོ། །བྷཱི་རཱུཿ། བྷཱི་ལུཿ། རུ་ཀ་ཀ་དང་ལུཀ་ཀ་
དག་ཀྱང་འདོད་དོ། །བྷཱི་རུ་གཿ། བྷཱི་ལུ་ཀཿ། བྷྲ་རྫི་བྲི་དྷུརྦི་ཨུརྫི་གྲ་བ་རུ་དྷུ་ཏི་བྲས་རྣམས་ཀྱིའང་ཀྭིཔའོ། །བྷྲྀ་ཛ་གསལ་བ་ལའོ། །པྲྀ་སྐྱོང་བ་ལའོ། །དྷུརྦ་འཚེ་བ་ལའོ། །ཨུརྫི་སྟོབས་ལའོ། །ཙུར་སོགས་ཉིད་ཀྱི་ཕྱིར་ཨིན་མཐའོ། །ཥྚུའི་སྔོན་དུ་གྲ་བའོ། །དྷུ་ཏ་འབར་བ་ལའོ། །བྷ་སྲྀ་སྣང་བ་ལའང་
འདི་རྣམས་ལས་ཀྭི་པ་ཕ་རོལ་ཏུ་འགྱུར་རོ། །བི་བྷཱ་ཊ། ཧ་ཤཥ་ཚ་མཐའ་ཞེས་པས་ཌའོ། །པཱུཿ། པུ་རཽ། མཆུར་གྱུར་ཨུ་པ་དྷཱའི་ཞེས་པས་ཨུརའོ། །ཨི་ར་ཨུར་དག་གི་ཨཱིར་ཨཱུར་དག་གོ། །དྷུཿ། དྷུ་རཽ། ར་ལས་དབྱི་བ་དག་གོ་ཞེས་པས་བ་དབྱིའོ། །ཨུརྐ། ཀྭིཔའོ། །ཀཱ་རི་ཏ་དབྱིའོ། །ཙ་སྡེ་
དང་དྲྀ་ཤ་ཞེས་པ་གའོ། །གྲ་བསྟུ་ཏ། གྲ་བ་བསྟོད་དོ་ཞེས་ཀྭི་པའོ། །བྱིངས་ཀྱི་མཐའ་ཏའོ། །བི་དྷུ་ཏ། བྷཿ། དེའི་ངང་ཚུལ་ལས་སོགས་ཀྱི་དོན་བརྗོད་པར་འདོད་པ་ལའོ། །དྲིན་གྱིས་གནོད་པར་གྱུར་རོ་ཞེས་ཀྭི་པའི་རྐྱེན་གྲུབ་ཀྱང་སླར་ཡང་བརྗོད་པར་བྱའོ། །དྷུ་ཏི་གམ་དག་གཉིས་ཀྱང་ངོ་། །དྷུ་ཏི་
དང་ག་མི་དད་པས་ཀྭི་པ་ཕ་རོལ་ཏུ་འགྱུར་ཞིང་དེ་དག་གི་གཟུགས་ཀྱང་གཉིས་སུ་འགྱུར་རོ། །དི་དྷུ་ཏ། ཛ་གཏ། གལ་བར་བྱེད་དོ་འགྲོ་བར་བྱེད་དོ་ལ་ཀྭི་པའོ། །དྷུ་ཏི་སྭ་པི་དག་གི་ཨ་བྷྱ་སའི་ཞེས་པས་དྷུ་ཏི་ལས་སཾ་པྲ་སཱ་ར་ཎའོ། །ཡམ་མན་ཏན་གམ་རྣམས་ཀྱི་ཀྭི་པ་ལའོ་ཞེས་པས་ག་མིའི་ལྔ་པ་
དབྱིའོ། །བི་ཤམ་བྲ་རྣམས་ལ་བྷ་ལས་ཌུའོ། །བི་དང་ཤམ་དང་པྲ་ཞེས་པ་འདི་རྣམས་ཉིཨའི་ཚིག་ལ་བྷ་བ་ཏི་ལས་ཊུའི་རྐྱེན་འགྱུར་རོ། །བི་བྷུཿ། ཤ་མབྷུཿ། པྲ་བྷུཿ། ཌུའི་རྐྱེན་ནོ། །མཐའི་དབྱངས་སོགས་དབྱིའོ། །དྷེ་ཊ་ལས་ལས་ལ་ཥྚནའོ། །དྷེཊ་ལས་ལས་ཀྱི་དོན་ལ་ཥུཊྲན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་ནི་རྣམ་པ་སྣ་ཚོགས་པའི་
དོན་ཏོ། །དེ་འཐུང་བར་བྱེད་དོ་ཞེས་དྷཱ་ཏཱི། དྷེཊ་འཐུང་བ་ལའོ། །ཥྚྲ་ནའོ། །ཥ་ཡིག་ཨཱི་ཡིག་གི་དོན་ཏོ། །ཥ་ཉིད་མི་འཇུག་པ་ལ་ཊ་ཉིད་ལྡོག་སྟེ། ཨིས་མནྟྲ་ཞེས་ཏ་ཡིག་བརྗོད་པའི་ཕྱིར་རོ། །ཥཊ་རྗེས་སུ་འབྲེལ་པ་ཞེས་པས་ཡཱི་ཡིག་གོ། །ནཱི་དཱ་བ་ཤ་སུ་ཡུ་ཡུ་ཛི་སྟུ་ཏུ་ད་སི་སི་ཙ་མི་ཧ་བ་ཏ་དཾ་ཤན་ཧ་རྣམས་ཀྱི་
เล่ม ๑๙๕ · หน้า 291b
བྱེད་པ་ལའོ། །ཎིཉ་ཐོབ་པ་ལའོ། །དཔཱ་གཅོད་པ་ལའོ། །ཤསུ་འཚེ་བ་ལའོ། །ཡུ་བསྲེ་བ་ལའོ། །ཡུ་ཛཱ་རི་སྦྱོར་བ་ལའོ། །ཥྚུཉ་བསྟོད་པ་ལའོ། །ཏུད་འཐེར་བ་ལའོ། །ཥེཉ་འཆིང་བ་ལའོ། །ཥྀ་ཙ་འཛག་པ་ལའོ། །མི་ཧ་སིང་བ་ལའོ། །པཏླྀ་འགྲོ་བ་ལའོ། །དཾ་ཤ་ཟ་བ་ལའོ། །ནཧ་འཆིང་
བ་ལའོ། །འདི་རྣམས་ལས་བྱེད་པའི་དོན་ལ་ཥྚན་ཕ་རོལ་ཏུ་འགྱུར་རོ། །འདིས་འཐོབ་པར་བྱེད་དོ། །ནེ་ཏྲམ། འདིས་གཅོད་པར་བྱེད་དོ་ཞེས། དཱ་ཏྲཾ། འདིས་འཚེ་བར་བྱེད་དོ་ཞེས། ཤསྟྲཾ། འདི་བསྲེ་བར་བྱེད་དོ་ཞེས། ཨོསྟཱཾ། འདིས་སྦྱོར་བར་བྱེད་དོ་ཞེས། ཡོཀྟྲཾ། འདིས་བསྟོད་པར་བྱེད་དོ་
ཞེས། སྟོ་ཏྲཾ། འདིས་འཐོར་བྱར་བྱེད་དོ། །ཏོཏྟྲཾ། འདིས་སིང་བར་བྱེད་དོ་ཞེས། སེ་ཏྲཾ། འདིས་འཛག་པར་བྱེད་དོ་ཞེས། སེཀྟྲཾ། འདིས་དྲན་པར་བྱེད་དོ་ཞེས། མེ་ཌྷ། ཧའི་ཌྷའོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་ཏའི་ཌྷའོ། །ཌྷ་ལས་ཌྷཱི་དབྱིའོ། །འདིས་འགྲོ་བར་བྱེད་དོ་ཞེས། བཏྟྲ། ཨ་
མ་ཡིན་པ་ལས་ཞེས་པས་ཨིཊ་ཨཱ་ག་མ་མེད་དེ། །ཥྣུ་དཾ་ག་ཨེ་ཡིག་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདིར་ཟ་བར་བྱེད་དོ་ཞེས། དཾཥྚྲ། ཚ་ཤ་དག་གི་འང་ངོ་ཞེས་པས་ཥའོ། །འདིས་འཆིང་བར་བྱེད་དོ་ཞེས། ནི་ཧིའི་དྷའོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་དའོ། །
ཥ་ཌ་རྗེས་སུ་འབྲེལ་པ་ལས་ཨཱིའོ། །སཱུ་ལས་ཐོང་པ་དང་ཕག་དག་ལའོ། །ཐོང་པ་ཕག་དག་གི་ཞེས་དྲུག་པའོ། །སུ་ཞེས་པ་འདིས་པུང་དང་པུཉ་གཟུང་བར་བྱའོ། །པུང་ལས་བྱེད་པ་པོའི་དོན་ལ་ཥྚྲ་ན་ཕ་རོལ་ཏུ་འགྱུར་ཏེ། དེ་གལ་ཏེ་ཕག་དང་ཐོང་པ་དག་དང་འབྲེལ་པའི་བྱེད་པ། ཧ་ལ་སྱ་སོ་ཏྲཾ། སཱ་ཀ་ར་སྱ་
པོཏྲཾ། གདོང་པའོ་ཞེས་པའི་དོན་ཏོ། །འདིས་འཐུང་བར་བྱེད་དོ་ཞེས་ཥྚྲནའོ། །ཨརྟི་ལཱུ་དྷཱུ་སཱུ་ཁ་ནི་ས་ཧི་ཙ་རི་རྣམས་ལས་ཨི་ཏྲནའོ། །རྀ་འགྲོ་བ་ལའོ། །ལཱུཉ་གཅོད་པ་ལའོ། །དྷུ་རྣམ་པར་བསྐྱོད་པ་ལའོ། །ཥུ་དེད་པ་ལའོ། །ཁ་ནུ་ངེས་པར་འཇོམས་པ་ལའོ། །ཥཧ་བཟོད་པ་ལའོ། །ཙར་འགྲོ་བའི་དོན་ཏོ། །
འདི་རྣམས་ལས་བྱེད་པའི་དོན་ལ་ཨི་ཏྲན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །འདི་འགྲོ་བར་བྱེད་ཅེས། ཨ་རི་ཏྲཾ། འདི་ས་གཅོད་པར་བྱེད་དོ་ཞེས། བི་ཏྲཾ། འདིས་སྐྱོད་པར་བྱེད་དོ་ཞེས། དྷ་བི་ཏྲཾ། འདིས་འདེད་པར་བྱེད་དོ་ཞེས། ས་བི་ཏྲཾ། འདིས་རྐོ་བར་བྱེད་དོ་ཞེས། ཁ་ནི་ཏྲཾ།
เล่ม ๑๙๕ · หน้า 292a
འདིས་བཟོད་པར་བྱེད་དོ་ཞེས། ས་ཧི་ཏྲཾ། འདིས་རྒྱུ་བར་བྱེད་དོ་ཞེས། ཙ་རི་ཏྲཾ། པུང་ལས་མིང་ལའོ། །མིང་གི་ཡུལ་ལ་བུང་ལས་ཨཾ་ཏྲན་ཕ་རོལ་ཏུ་འགྱུར་རོ། །པ་ཝི་ཏྲཾ། རྩ་ཀུ་ཤའི་རྣམ་འགྱུར་བརྗོད་པར་བྱའོ། །བྱེད་པ་པོ་ལ་དྲང་སྲོང་དང་ལྷ་དག་ལ་འོ། །དྲང་སྲོང་དང་ལྷ་བྱེད་པ་པོ་ལ་
པུང་ལས་ཨི་ཏྲིན་ཕ་རོལ་ཏུ་འགྱུར་རོ། །དག་པར་བྱེད་དོ་ཞེས། ས་བི་ཏྲཾ་རི་ཥིཿ། ལྷ་ལ་དག་པར་ཞེས། ས་བི་ཏྲཾ་ཏུ་ཏྲཿ། ཉི་རྗེས་སུ་འབྲེལ་པ་དང་འདོད་པ་བློ་མཆོད་པའི་དོན་རྣམས་ལས་ཀྱང་ཀྟའོ། །གང་རྣམས་ཉི་རྗེས་སུ་འབྲེལ་པ་དེ་ནི་ཉི་རྗེས་སུ་འབྲེལ་པའོ། །འདོད་པ་དང་བློ་དང་མཆོད་པ་ཉིད་ནི་གང་རྣམས་
ཀྱི་འདོད་པ་བློ་མཆོད་པའི་དོན་ཏོ། །དེ་ནས་ཟླས་དབྱེའོ། །ཉི་རྗེས་སུ་འབྲེལ་པ་རྣམས་དང་འདོད་པའི་དོན་རྣམས་དང་བློའི་དོན་རྣམས་དང་མཆོད་པའི་དོན་རྣམས་ལས་ཀྱང་ད་ལྟར་བའི་དུས་ལ་ཀྟའི་རྐྱེན་འགྱུར་རོ། །མིནྣཿ། ཀྵིཎྞཿ། ཉི་མི་དཱ་སྣུམ་པ་ལའོ། །ཉི་ཀྵྭི་དཱ་གྲོལ་བ་ལའོ། །སྣུམ་པར་བྱེད་དོ། །གྲོལ་
བར་བྱེད་དོ་ཞེས་ཀྟའོ། །ཨཱཏ་རྗེས་སུ་འབྲེལ་པ་ལས་ཀྱང་ཞེས་པས་ཨིཊ་མེད་དོ། །ད་ལས་དའི་ཞེས་པས་ན་ཉིད་དོ། །ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ཞེས་པས་ནི་ཡིག་གི་ཎ་ཡིག་གོ། །འདོད་པའི་དོན་རྣམས་ལས། རཛྙཱམྨ་ཏཿ། ལན་ཤེས་པ་ལའོ། །ཤེས་པར་བྱེད་དོ་ཞེས་ཀྟའོ། །བ་ན་ཏི་ཏ་ནོ་ཏི་སོགས་ཞེས་
པས་ལྔ་པ་དབྱིའོ། །བློའི་དོན་རྣམས་ལས། རཛྙཱ་བུདྡྷཿ། བུདྷ་རྟོགས་པ་ལའོ། །རྟོགས་པར་བྱེད་དོ་ཞེས་ཀྟའོ། །མཆོད་པའི་དོན་རྣམས་ལས། རཱ་ཛྙ་བུ་ཛི་ཏཿ། པུ་ཛི་ལས་ཙུར་སོགས་ཉིད་ཀྱི་ཕྱིར་ཨི་ནའོ། །མཆོད་དོ་ཞེས་པས་ཀྟའོ། །ཨི་ནའི་ནིཥྛ་ཨིཊ་ཅན་ལའོ་ཞེས་པས་ཀཱ་རི་ཏ་དབྱིའོ། །ཀྱང་གི་སྒྲས་
གཞན་ལ་ཡང་ད་ལྟར་མ་ལ་ཀྟ་འདོད་དེ། རཀྵི་ཏཿ། རུཥྚཿ། ཧྲྀཥྚཿ། ཏུཥྚཿ། སཾ་ཡཏཿ། ཨུདྱ་ཏཿ། ཤ་ཡི་ཏཿ། ཏྲྀཔྟཿ། ལིཔྟཿ། པདྡྷཿ། རཀྵ་བསྲུང་བ་ལའོ། །རུཥ་ཁྲོ་བ་ལའོ། །ཧྲྀཥ་ཚི་པ་ལའོ། །ཏུཥཱ་དགའ་བ་ལའོ། །ལམ་ཉེ་བར་འཇིག་པ་ལའོ། །ཨུད་སྔོན་དུའོ། །ཤིང་ཉལ་བ་
ལའོ། །ཏྲྀ་བ་དགའ་བ་ལའོ། །ལི་པ་བྱུག་པ་ལའོ། །བནྡྷ་འཆིང་བ་ལའོ། །ཧྲྀ་ཥི་ལྤ་སྤུ་རྣམས་ལ་ཞེས་པས་ཨིཊ་ཡང་ནའོ། །བ་ན་ནི་ཏ་ནོ་ཏི་ཞེས་སོགས་ཀྱི་ཡ་མའི་འང་ལྔ་པ་དབྱིའོ། །ཤིང་པུང་ཞེས་པས་ཤཱིངའི་ཡོན་ཏན་ཏོ། །ཇོ་བོ་དྲག་འབྱོར་གྱི་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀྲྀ་ཏ་ཀྱི་
เล่ม ๑๙๕ · หน้า 292b
སྐབས་ཀྱི་རྐང་པ་བཞི་པ་རྫོགས་སོ།། །།ཨུན་སོགས་རྣམས་བྱུང་བ་ལ་འང་ངོ་། །བྱིངས་རྣམས་ལས་ད་ལྟར་བའི་དུས་ལ་ཨུན་སོགས་ཀྱི་རྐྱེན་རྣམས་འགྱུར་ཞིང་འབྱུང་པ་སྟེ་འདས་པ་ལའོ། །རེ་ཞིག་ད་ལྟར་བ་ལ། བྱེད་དོ་ལཿ། ཀཱ་རུཿ། བཱ་ཡུཿ། ཌུ་ཀྲྀ་ཉེ་བྱེད་པ་ལའོ། །བ་འགྲོ་བ་ལའོ། །
ཀྲྀ་བཱ་ས་ཛི་མི་སྭ་དི་སྭ་དྷྱ་རྣམས་ལས་ཨུཎའོ། །བྱུང་བ་ལ། བྷ་སི་ཏ་བྷསྨཱ། ཙ་ར་ཏི་ཙཾརྨཱ། བྷས་གཅོ་བ་ལའོ། །ཙར་འགྲོ་བའི་དོན་ཏོ། །མནའོ། །སྒྲ་མེད་པ་དག་ལའོ་ཞེས་པས་ཨིཊ་མེད་དོ། །འབྱུང་འགྱུར་ལ་ག་མི་ལ་སོགས་པ་རྣམས་སོ། །ག་མི་ལ་སོགས་པའི་སྒྲ་རྣམས་འབྱུང་འགྱུར་གྱི་དུས་
བསྒྲུབ་པར་འགྱུར་རོ། །སྔ་མས་བྱུང་བ་དང་ལྟར་བ་ཐོབ་པ་ལའོ། །འགྲོ་བར་འགྱུར་ཞེས་ག་མི་ལས་ཨི་ནིའོ་ཞེས་པས་ཨི་ནིའོ། །འོང་བར་འགྱུར་རོ་ཞེས། ཨཱ་གཱ་མཱི། ཨཱང་ལ་ནི་ཏའོ་ཞེས་པས་ཨི་ནིའོ། །ཨའི་ཨུ་པ་དྷཱ་རིང་པོའོ། །འབྱུང་བར་འགྱུར་རོ་ཞེས་བྷ་བཱི། བྷཱ་ལས་ལས་ཀྱང་ངོ་ཞེས་པས་ཨི་
ནིའོ། །དེ་ལ་ནི་ཏ་ཞེས་པ་འཇུག་སྟེ་དེས་ན་འཕེལ་བའོ། །གམཱི། ཨཱ་གཱ་མཱི། བྷ་བཱི། པྲ་ཡཱ་མཱི། །པྲ་ཏི་རེདྷཱི། པྲ་བོ་དྷཱི་ཞེས་པ་རྣམས་ག་མཱི་སོགས་སོ། །བྱ་བ་ལ་བྱ་བའི་དོན་ལ་བུཎ་ཏུམ་དག་གོ། །བྱ་བ་གང་གིས་བྱ་བའི་དོན་ལ་བྱ་བའི་དོན་སྦྱོར་བ་དེ་ནི་བྱ་བའི་དོན་ཏོ། །འབྱུང་འགྱུར་ལ་ཞེས་པ་
འཇུག་སྟེ། གྷཉ་བསྒྲགས་པ་གོང་དུའོ། །བྱ་བ་ལ་བྱ་བའི་དོན་ཉེ་བའི་ཚིག་ལ་བྱིངས་ལས་འབྱུང་འགྱུར་གྱི་དུས་ལ། བུཎ་དང་ཏུམ་དག་འགྱུར་རོ། །སཱ་ཙ་ཀོ་བྲ་ཛི་ཏ། སཱཀྟུཾ་པྲ་ཛ་ཏི། ཀ་ར་ཀོ་བྲཛ་ཏི། ཀརྟུ་ཡྦྲ་ཛ་ཏི། བྱ་བ་ལ་ཞེས་པ་ཅི་ཞེ་ན། བྷིཀྵིཥྱེ་ཨི་ཏྱ་སྱ་ཛཊཱ། འདིར་ཛཊཱའི་སྒྲ་ཉེ་བའི་ཚིག་ཏུ་
གྱུར་པའི་བྷིཀྵའི་བྱ་བ་བརྗོད་པའི་རྐྱེན་མེད་དོ། །བྷིཀྵའི་དོན་ཉིད་ཀྱི་ཕྱིར་རལ་པ་སོགས་ཀྱི་བྱ་བའི་དོན་ཉིད་ཡོད་པ་ཁོ་ནའོ། །བྱ་བའི་དོན་ལ་ཞེས་པ་ཅི་ཞེ་ན། པ་ཏི་ཥྱི་ཏ་དྷཱ་བ་ཏ་སྟེ་དནྜཿ། འདིར་དྷཱ་བ་བྱ་བ་མིན་པ་ཉེ་བའི་ཚིག་ཏུ་འགྱུར་བ་དེ་ནི་དནྜ་དང་པཱ་ཏའི་དོན་མ་ཡིན་ཏེ་པ་ཏི་ལས་རྐྱེན་མེད་དོ། །འོ་ན་གལ་ཏེ་བུ་ཎའི་
རྐྱེན་གྲུབ་ཟིན་པས་བུཎ་སྨོས་པ་དེ་ནི་དོན་མེད་དེ་ཏུ་མའི་ས་འགེགས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་དོན་ཐ་དད་པའི་ཕྱིར་རོ། །གལ་ཏེ་མི་ཟད་པ་བྱ་བའི་དངོས་པོ་ལ་འགྱུར་རོ་ཞེས་པས་དངོས་པོ་ལ་ཏུ་མའི་རྐྱེན་དང་བྱེད་པ་པོ་ལ་ནི་བུཎ་ཡིན་ན། འོ་ན་ཤནྟྲྀང་ཨཱན་དག་གིས་གནོད་པར་འགྱུར་རོ་ཞེ་ན། གཟུགས་
เล่ม ๑๙๕ · หน้า 293a
མཚུངས་པའི་ཡང་ནའི་ཆོག་མི་འགྱུར་རོ། །དེ་ལྟ་ན་བུཎ་སྨོས་པ་ལས་འདིར་ཤེས་པར་བྱ་བ་མ་ཡིན་ཏེ། བྱ་བའི་ཚིག་ཉེ་བའི་སྐབས་ལ་གཟུགས་མཚུངས་པའི་ཡང་ནའི་སྒྲུབ་པ་ཡོད་དོ་ཞེས་པས་སོ། །གལ་ཏེ་བྱ་བ་ལ་བྱ་བའི་དོན་འགྱུར་ན་དྲྀན་སོགས་རྣམས་ལས་ཀྱང་འགྱུར་རོ། །
དེའི་ཕྱིར་ཤནྟྲྀང་དང་ཨཱ་ན་དག་གིས་བུཎ་ལ་གནོད་པར་མི་འགྱུར་བས་བུཎ་སྨོས་སོ། །དངོས་པོ་བརྗོད་པ་རྣམས་ཀྱང་ངོ་། །དངོས་པོ་རྗོད་པར་བྱེད་དོ་ཞེས་པ་ནི་དངོས་པོ་བརྗོད་པ་སྟེ། བྲུའི་བཙིའོ། །མིང་ལས་རིགས་མ་ཡིན་པ་ལ་ཞེས་པས་ཎི་ནིའོ། །བྱ་བ་ལ་བྱ་བའི་དོན་ཉེ་བའི་ཚིག་ལ་བྱིངས་ལས་འབྱུང་འགྱུར་གྱི་
དུས་ལ་དངོས་པོ་རྗོད་པར་བྱེད་པའི་རྐྱེན་རྣམས་འགྱུར་རོ། །སཱ་ཀཱ་ཡ་བྲ་ཛ་ཏི། བྷུཀྟ་ཡ་བྲ་ཛ་ཏི། ཀ་རི་ན་ཡ་བྲ་ཛ་ཏི། འོ་ན་གྷཉ་སོགས་དངོས་པོ་ལའོ་ཞེས་པ་ལ་སོགས་པ་རྣམས་ཀྱིས་འཆད་པ་ལ་གྲུབ་པས་སྦྱོར་བ་བརྩམས་པ་འདིས་དོན་མེད་དོ་ཞེ་ན། དོན་མེད་པ་ཅན་མིན་ཏེ་བུཎ་དང་ཏུམ་དང་ཨམ་ཞེས་པ་འདིས་ཏུམ་
སོགས་རྣམས་ལ་གནོད་པར་འགྱུར་རོ། །དེའི་ཕྱིར་བྱ་བ་ཉེ་བའི་ཚིག་ལ་གྷཉ་སོགས་མི་འགྱུར་རོ། །ལས་ལའང་ཨཎའོ། །བྱ་བ་ལ་བྱ་བའི་དོན་གྱི་ལས་ཉེ་བའི་ཚིག་ལ་བྱིངས་ལས་འབྱུང་འགྱུར་གྱི་དུས་ལ་ཨཎའི་རྐྱེན་འགྱུར་རོ། །ཀཱཎྜལ་བོ་བྲ་ཛ་ཏི། གོ་དཱ་ཡོ་བྲ་ཛ་ཏི། ལས་ལ་ཨཎའོ་ཞེས་པས་གྲུབ་པ་ལ་སྦྱོར་
བ་བརྩམས་པ་ནི་བུཎ་ཏུམ་དག་གོ་ཞེས་པས་བུཎ་གྱིས་གནོད་པ་ལྡོག་པའི་དོན་དུའོ། །ལྷག་མ་ལའང་ཤནྟྲྀང་དང་ཨཱ་ན་དག་སྱ་དང་ལྷན་ཅིག་པ་དག་གོ། །བྱ་བ་ལ་བྱ་བའི་དོན་ཉེ་བའི་ཚིག་ལ་བྱིངས་ལས་འབྱུང་འགྱུར་གྱི་དུས་རྟོགས་པར་བྱ་བཞིན་པ་ལ་སྱ་དང་ལྷན་ཅིག་ཤྲནྟྲྀང་དང་ཨཱ་ན་ཞེས་པ་འདི་དག་འགྱུར་ཞིང་ལྷག་
མའི་ཡུལ་ལ་འང་ངོ་། །གང་དུ་བྱ་བ་དང་བྱ་བ་མ་ཡིན་པའི་དོན་ཉེ་བའི་ཚིག་མ་ཡིན་པ་ནི་ལྷག་མ་དང་བཅས་པའོ། །ཀ་རི་ཥྱ་ན་བྲ་ཛ་ཏི། ཀ་རི་ཥྱ་མ་ཎོབྲ་ཛ་ཏི། ཧན་དང་རྀཏ་མཐའ་ལས་ཞེས་པས་ཨིཊའོ། །ཨ་ལས་ཨཱན་ལ་མ་མཐའོ་ཞེས་པས་མ་ཨཱ་ག་མའོ། །ལྷག་མ་ལ་འང་ངོ་། །ཀ་རི་ཥྱན། ཀ་རི་ཥྱ་མཎཿ།
པད་རུ་ཛ་བི་ཤ་སྤྲྀ་ཤ་ཨུཙ་རྣམས་ཀྱི་གྷཉའོ། །པད་འགྲོ་བ་ལའོ། །རུ་ཛོ་འཇོམས་པ་ལའོ། །བི་ཤ་རབ་ཏུ་འཇུག་པ་ལའོ། །སྤྲྀ་ཤ་ཡང་དག་པར་རེག་པ་ལའོ། །ཨུཙ་ཚོགས་པ་ལའོ། །འདི་རྣམས་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །བྱེད་པ་པོ་ལ་ཀྲྀཏ་རྣམས་ཞེས་པའི་ཚིག་ལས་བྱེད་པ་པོ་ལའོ། །འགྲོ་བར་བྱེད་པ་
เล่ม ๑๙๕ · หน้า 293b
པོ་ཞེས། པཱ་དཿ། འཇོམས་པར་བྱེད་པ་པོ་ཞེས། རོ་གཿ། འཇུག་པར་བྱེད་པ་པོ་ཞེས་ལ། བེ་ཤཿ། རེག་པར་བྱེད་པ་པོ་ཞེས་ལ། སྤཪྴཿ། ཚོགས་པར་བྱེད་པ་པོ་ཞེས་ལ། ཨོཀཿ། སྲྀ་བརྟན་པ་དང་ནད་དག་ལའོ། །གྷཉ་འཇུག་སྟེ་ཨལ་བསྒྲགས་པ་ལས་གོང་དུའོ། །པྲྀ་འགྲོ་བ་ལའོ་ཞེས་པ་འདི་ལས་
བརྟན་པ་དང་ནད་ཀྱི་དོན་ལ་གྷཉ་ཕ་རོལ་ཏུ་འགྱུར་རོ། །བརྟན་པ་ལ་བརྟན་དུ་འགྲོ་བར་བྱེད་དོ་ཞེས་པས། སཱརཿ། ནད་ལ་ནད་དུ་ཤིན་ཏུ་འགྲོ་བར་བྱེད་དོ་ཞེས། ཨཏི་སཱརཿ། ཐུང་ངུའི་རིང་པོ་ཉིད་དོ། །ཉ་དང་པུང་དང་ལ་གྷཉ་བཤད་པར་བྱ་སྟེ། བིསཱརཿ། ཉའོ། སཱརཾ་པུངའོ། དངོས་པོ་ལའོ། །བྱིངས་
ལས་དངོས་པོའི་དོན་ལ་གྷཉ་ཕ་རོལ་ཏུ་འགྱུར་རོ། འཚེད་པ། པཱ་ཀཿ། འདོར་བ། ཏྱ་གཿ། དེ་བཞིན་དུ། པཱ་ཀཱཿ། པ་ཀ་དངོས་པོ་ནི་བྱིངས་དོན་གྱི་བརྗོད་བྱའོ། །འོ་ན་བྱིངས་དོན་གྱི་བྱ་བ་དེའི་ཚུལ་གྲུབ་པ་ཉིད་ཀྱི་ཕྱིར། དངོས་པོའི་ཡུལ་ལ་གཉིས་ཀྱི་ཚིག་དང་མང་པོའི་ཚིག་དག་འགྱུར་བ་ཇི་ལྟར་གྲུབ་
ཅེ་ན། འདི་ཡོད་མོད་འོན་ཀྱང་བྱིངས་ཀྱི་དོན་གཉིས་དག་གི་ཆ་ཤས་ལ་འཇུག་པའི་གཅིག་གི་དོན་གྱི་ཚུལ་གྲུབ་པ་ཡོད་པའི་ཚུལ་དེ་ལ་དཀྱུས་མའི་རང་བཞིན་ལས་ཚུལ་གྲུབ་པར་བྱ་བའི་ཆ་ཤས་སུ་གསུངས་སོ། །གང་མ་གྲུབ་པའི་གཟུགས་དེ་ལ་བསྒྲུབ་པར་བྱ་བ་གྷཉ་ལ་སོགས་པའི་རྐྱེན་རྣམས་ཏེ། དེ་ལ་
གཉིས་ཀྱི་ཚིག་དང་མང་པོ་ཚིག་གིས་ཇི་ལྟར་གྲུབ་པར་མི་འགྱུར། བྱེད་པ་པོ་མ་ཡིན་པའི་བྱེད་པ་ཅན་ལའང་མིང་ལའོ། །བྱེད་པ་པོ་མ་ཡིན་པ་སྟེ་བྱེད་པ་པོ་དོར་བའི་ལས་ལ་སོགས་པའི་བྱེད་པ་ཅན་སྒྲུབ་པ་ལ་བྱིངས་ལས་མིང་གི་ཡུལ་ལ་གྷཉ་ཕ་རོལ་ཏུ་འགྱུར་རོ། །དེ་རབ་ཏུ་བྱེད་དོ་ཞེས། པྲ་ཀཱ་རཿ།
དེ་ལས་ཟ་བར་བྱེད་དོ་ཞེས། ཨཱ་ཧ་རཿ། ཐུང་ངུའི་རིང་པོའོ་ཞེས་པས་རིང་པོའོ། །བྱེད་པ་པོ་མ་ཡིན་པ་ཞེས་པ་ཅི་ཞེ་ན། སྒྲ་འབྱིན་ནོ་ཞེས། ནདཿ། པ་ཙ་སོགས་ཉིད་ཀྱི་ཕྱིར་ཨ་ཙའོ། །མིང་ལ་ཞེས་པ་ཅི་ཞེ་ན། ཀརྟ་བྱཿ། ཏ་བྱ་ཨ་ནཱི་ཡ་དག་གོ་ཞེས་པས་ལས་ལ་ཏ་བྱའོ། །དྲྀ་དང་ཛྲྀ་དག་
ལས་བྱེད་པ་ལ་གྷཉ་བཤད་པར་བྱ་སྟེ། འདི་རྣམས་ཀྱིས་འཇིག་པར་བྱེད་དོ་ཞེས། དཱ་རཿ། འདིས་ལང་ཚོ་ཉམས་སོ་ཞེས། ཛ་རཿ། དྲྀ་འཇིགས་པ་ལའོ། །ཛྲཱིཥ་ལང་ཚོ་ཉམས་པ་ལའོ། །གྷཉའོ། །འཕེལ་བའོ། །སྐྱེས་པ་ལ་མིང་ལ་ཞེས་པའི་གྷའི་རྐྱེན་འགེགས་པའོ། །ཐམས་ཅད་ལས་ཡོངས་
เล่ม ๑๙๕ · หน้า 294a
སུ་འཇལ་བ་ལའོ། །གང་གིས་འཇལ་བར་བྱེད་པ་དེ་ནི་ཡོངས་སུ་འཇལ་བའོ། །དངོས་པོ་ལ་བྱེད་པ་པོ་མ་ཡིན་པ་དང་བྱེད་པ་ཅན་ལ་ཞེས་པ་གཉིས་འཇུག་སྟེ། ཀྲྀཏྱ་དང་ཡུཊ་དག་གཞན་ལ་ཡང་ངོ་ཞེས་པ་འདི་ལས་གོང་དུའོ། །མངོན་པར་བརྗོད་པའི་དབང་ལས་ཁ་ཅིག་ཏུ་དངོས་
པོ་ལ་དང་ཁ་ཅིག་ཏུ་ལས་ལ་སོགས་པ་ལ་རྐྱེན་ནོ། །ཡོངས་སུ་འཇལ་བ་ལ་འཇུག་བཞིན་པ་ན། བྱིངས་ཐམས་ཅད་པ་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །ཨལ་འགེགས་པའོ། །སརྦ་ཏྲ་ནི་ཤྩ་ཡཿ། ཤི་ཥྤ་བཿ། ཙིཉ་སོགས་པ་ལའོ། །པུང་དག་བྱེད་པ་ལའོ། །ནིར་སྔོན་དུའོ། །ནི་རིའི་ར་ཡིག་
རྣམ་པར་གཅད་པའོ། །མི་ཟད་པ་མིན་པའི་རྣམ་པར་གཅད་པ་ཞེས་པའི་སྒྲ་ལས་ཥ་ཉིད་དོ། །དེ་སྔོན་མ་ལས་དམིགས་ཀྱིས་བསལ་བ་བར་མ་ཆད་པ་རྣམས་སྒྲུབ་པ་ལ་གནོད་པར་བྱེད་དོ་ཞེས་གྷཉའོ། །དེ་མ་ཐག་པའི་རྐྱེན་ལ་གནོད་པར་བྱེད་དོ། །དེས་ན་ཀྟའི་རྐྱེན་དེས་བེ་དཱ་པ་ལ་ཡོངས་སུ་འཇལ་བ་
ལ་ཀྟིའི་རྐྱེན་ཉིད་འགྱུར་རོ། །ཨུ་ཙྪ་ཏིཿ། ཤྲི་ཉ་བསྟེན་པ་ལའོ། །ཨུད་སྔོན་དུའོ། །བུད་མེད་ལ་ཀྟིའོ། །ཐམས་ཅད་སྨོས་པའི་དགོས་པ་ནི་སྤྱི་འཕེན་པ་ལ་གནོད་པ་ཀྟའི་སྐྱེན་གནོད་པ་ཡང་མི་འགྱུར་ཞེས་པའོ། །ཨིང་ཨཱུ་དག་ལས་ཀྱང་ངོ་། །ཨིང་ཨེ་ཡིག་གི་མཐའ་ལས་ཀྱང་གྷཉ་ཕ་རོལ་ཏུ་འགྱུར་
རོ། །བཀླག་པར་བྱའོ་ཞེས། ཨདྷྱ་ཡཿ། གང་ལས་ཉེ་བར་ཀློག་པ་དེ། ཨུ་པཱ་དྷྱ་ཡིཿ། དཱ་ཡཿ། བྷཱ་ཡཿ། ཉེར་བསྒྱུར་ལ་རུ་ལས་སོ། །ཉེར་བསྒྱུར་ཉེ་བའི་ཚིག་ལ་རུ་སྒྲ་ལའོ་ཞེས་པ་འདི་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །སཾ་རཱ་བཿ། ཨུཔ་རཱ་བཿ། ཉེར་བསྒྱུར་ལ་ཞེས་པ་ཅི་ཞེ་ན། ར་བཿ། དབྱངས་
དང་བྲྀ་དྲིག་མི་གྲ་ཧ་རྣམས་ཀྱི་ཨལའོ། །སམ་ལ་དུ་ལས་སོ། །སཾ་གྱི་སྒྲ་ཉེ་བའི་ཚིག་ལ་ཊུ་དུ་ཉེ་བར་གདུང་བ་ལའོ་ཞེས་པ་འདི་ལས་གྷཉ་འགྱུར་རོ། །སནྡཱ་བཿ། ཨུད་ལའང་ཡུ་དྲུ་དག་གིའོ། །སཾ་གྱི་སྒྲ་དང་ཨུད་ཀྱི་སྒྲ་ཉེ་བའི་ཚིག་ལའང་ཡུ་དང་དྲུ་དག་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །སཾ་ཡཱ་བཿ། སནྡཱ་བཿ།
ཨུ་དྷཱ་བཿ། ཨུ་དྷྭཱ་བཿ། ཉེར་བསྒྱུར་མེད་པ་ལ་ཤྲི་ཎཱི་བྷཱུ་རྣམས་ལས་སོ། །ཉེར་བསྒྱུར་མེད་པ་གྱུར་པ་ལ་ཤྲི་དང་ཎཱི་དང་བྷཱུ་རྣམས་ལས་གྷ་ཉ་ཕ་རོལ་ཏུ་འགྱུར་རོ། །ཤྲཡཿ། ནཱ་མཿ། བྷུ་བཿ། ཉེར་བསྒྱུར་མེད་པ་ལ་ཞེས་པ་ཅི་ཞེ་ན། པྲ་ཤྲཡཿ། པྲ་ཎ་ཡཿ། པྲ་བྷ་བཿ། འོ་ན། ཨ་ནུ་བྷཱ་བཿ། པྲ་བྷྲ་བཿ།
เล่ม ๑๙๕ · หน้า 294b
ཅི་ཞེ་ན། ཀྲྀཏྱ་ཡུཊ་རྣམས་གཞན་ལ་ཡང་ངོ་ཞེས་པའི་ཚིག་ལས་སོ། །བི་ལ་ཀྵུ་ཤྲུ་དག་ལས་སོ། །བིའི་ཉེ་བའི་ཚིག་ལ་ཌུ་ཀྵུ་སྒྲ་ལའོ། །ཤུ་འགྲོ་བ་ལའོ་ཞེས་པ་འདི་དག་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །བི་ཀྵཱ་བཿ། བི་ཤཱ་བཿ། སྟྲྀ་ལས་རྒྱས་པ་ལའང་སྒྲ་མ་ཡིན་པ་ལའོ། །བིའི་སྒྲ་ཉེ་བའི་ཚིག་ལ་སྟྲྀཉ་
གཅོད་པ་ལའོ་ཞེས་པ་འདི་ལས་རྒྱས་པ་སྟེ་རྣམ་པར་རྒྱས་པ་ལ་འཇུག་བཞིན་པ་ན་གྷཉ་ཕ་རོལ་ཏུ་འགྱུར་ཞིང་། སྒྲ་མ་ཡིན་པ་སྟེ་དེའང་སྒྲའི་ཡུལ་ལ་མི་འགྱུར་རོ། །པ་ཊ་སྱ་བི་སྟཱ་རཿ། སྒྲ་མ་ཡིན་པ་ཞེས་པ་ཅི་ཞེ་ན། བ་ཙ་སཾ་བིསྟ་རཿ། ཨ་ལའོ། །སྡེབ་སྦྱོར་གྱི་མིང་ལ་ཡང་ངོ་། །སྡེབ་སྦྱོར་གྱི་ཡུལ་གྱི་
མིང་ལ་སྟྲྀ་ཎཱ་ཏི་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །སྡེབ་སྦྱོར་གྱི་སྒྲས་འདིར་གསུམ་བསྔགས་སོགས་གཟུང་བར་བྱའི་རིག་བྱེད་ཀྱི་མིང་གཟུང་བར་བྱ་བ་མིན་ཏེ་དོན་མེད་པའི་ཕྱིར་རོ། །བཥྚཱི་རཿ། ཕྲེང་དུ་སྒྲིགས་པའོ། །ཨཱ་སྟཱ་རཿ། ཕྲེང་ཞེས་པ་ལ་སོགས་པ་རྣམས་སོ། །སྡེབ་སྦྱོར་གྱི་མིང་ལ་སྔོན་གྱི་སློབ་དཔོན་རྣམས་
ཀྱིས་ཥ་ཉིད་དུ་བཤད་དོ། །པྲ་ལ་དྲུ་སྟུ་ཤྲུ་ལས་སོ། །པྲའི་སྒྲ་ཉེ་བའི་ཚིག་ལ། དྲུ་དང་སྟུ་དང་ཤྲུ་རྣམས་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །པྲ་དྲ་བཿ། པྲ་སྟཱ་བཿ། པྲ་ཤྲ་བཿ། ཨ་བ་ཨུཏ་དག་ལ་ནཱི་ལས་སོ། །ཨ་བ་དང་ཨུཏ་ཉེ་བའི་ཚིག་ལ་ནི་ལས་གྷ་ཉ་ཕ་རོལ་ཏུ་འགྱུར་རོ། །ཨ་བ་ནཱ་ཡཿ། ཨུནྣ་ཡཿ། ནིར་
ཨ་བྷི་དག་ལ་པཱུ་ལཱུ་དག་གིའོ། །ནིར་དང་ཨ་བྷི་ཉེ་བའི་ཚིག་ལ་གྲངས་ཇི་ལྟ་བ་བཞིན་དུ་པཱུ་དང་ལཱུ་དག་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །ནིཥྤཱ་བཿ། ཨ་བྷི་ལཱ་བཿ། ཨུཏ་ནཱི་དག་ལ་གྲྀ་ལས་སོ། །ཨུཏ་དང་ནི་ཞེས་པ་ཉེ་བའི་ཚིག་ལ་གྲྀ་གསལ་བ་ལའོ་ཞེས་པ་འདི་ལས་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །ཨུ་ད་གཱརཿ། ནི་
གཱ་རིཿ། ཨུད་དང་ནི་དག་ལ་ཞེས་པ་ཅི་ཞེ་ན། ག་རཿ། གིར་ཞེས་ངེས་པར་བསྟན་པ་ལས་གྲྀ་སྒྲ་ལའོ་ཞེས་པ་འདི་ལས་མི་འགྱུར་རོ། །ཀྲཱི་ལས་སོ་བ་ལའོ། །ཨུཏ་དང་ནི་དག་ཉེ་བའི་ཚིག་ལས་སོ་བའི་ཡུལ་བྱིངས་དོན་ལ་འཇུག་བཞིན་པ་ལས་ཀྲཱྀ་བསྐྱོད་པ་ལའོ་ཞེས་པ་འདི་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །ཨུཏྐ་
རོ་དྷྭནྱ་གྱ། ནི་ཀཱ་རོ་དྷཱ་ནྱ་སྱ། བསྐྱོད་དོ་ཞེས་པའི་དོན་ཏོ། །སོ་བ་ལ་ཞེས་པ་ཅི་ཞེ་ན། པུཥྤ་ནི་ཀ་རཿ། ཀིར་ཞེས་སྨོས་པ་ལས་ཀྲཱྀ་འཚེ་བ་ལའོ་ཞེས་པ་འདིའི་ཀྲྀ་ཎ་ཏི་ལས་མི་འགྱུར་རོ། །ནི་ལ་བྲྀཉ་ལས་སོ། །སོ་བ་ལ་ཞེས་པ་ཁོ་ནའོ། །ནིའི་སྒྲ་ཉེ་བའི་ཚིག་ལ་བྲྀ་ཞེས་པ་འདི་ལས་སོ་པ་མངོན་པར་བརྗོད་པ་ལ་
เล่ม ๑๙๕ · หน้า 295a
གྷཉ་ཕ་རོལ་ཏུ་འགྱུར་རོ། །ནཱི་བཱ་ར་ནཱ་མ་དྲ་ཧ་ཡཿ། ཐུང་ངུའི་རིང་པོ་ཉིད་དོ་ཞེས་པས་རིང་པོའོ། །སོ་བ་ལ་ཞེས་པ་ཅི་ཞེ་ན། ནི་བ་རཱ་ཀ་ནྱ། ཨུཏ་ལ་ཤྲི་པཱུ་དག་གིའོ། །ཨུཏ་ཉེ་བའི་ཚིག་ལ་ཤྲི་དང་པཱུ་ཞེས་པ་འདི་དག་ལས་གྷཉ་ཕ་རོལ་ཏུ་འགྱུར་རོ། །ཨུཙྪ་ཡཿ། ཨུཏྤཱ་བཿ། འོ་ན།
བ་ཏ་ནཱནྟཿ། ས་མུ་ཙྪི་ཡཿ། ཅི་ཞེ་ན། གཞན་ལ་ཡང་ངོ་ཞེས་པའི་ཚིག་ལས་ཨཾ་ལ་འགྱུར་རོ། །གྲ་ཧ་ལས་ཀྱང་ངོ་། །ཨུཊ་ཉེ་བའི་ཚིག་ལ་གྲཧ་ལས་ཀྱང་གྷཉ་ཕ་རོལ་ཏུ་འགྱུར་རོ། །ཨུདྦྲཱ་ཧཿ། ཨ་བ་ནི་དག་ལ་ཁྲོས་ཚིག་ལའོ། །ཨ་བ་དག་ནི་ཞེས་པ་འདི་དག་ཉེ་བའི་ཚིག་ལ་གྲ་ཧ་ལས་ཁྲོས་ཚིག་ཉེ་བར་
རྟོགས་བཞིན་པ་ན་གྷཉ་ཕ་རོལ་ཏུ་འགྱུར་རོ། །སྐྱོན་རྣམས་བརྗོད་པ་ནི་ཁྲོས་ཚིག་གོ། །ཨ་བ་གྲ་ཧ་སྟེ་བྷུ་ཡཱ་ད། ནི་གྲཱ་ཧ་སྟེ་བྷུ་ཡཱཏ། ཁྲོས་ཚིག་ལ་ཞེས་པ་ཅི་ཞེ་ན། ཨ་བ་གྲ་ཧཿཔ་ད་སྱ། རྣམ་པར་གཅོད་དོ་ཞེས་པའི་དོན་ཏོ། །ནི་གྲཧ་ཤྩོར་སྱ། ཨ་ལའོ། །སཾ་ལ་ཁུ་ཚུར་ལའོ། །སཾ་ཉེ་བའི་ཚིག་ལ་བྱིངས་
ཀྱི་དོན་ཁུ་ཚུར་གྱི་ཡུལ་ལ་འཇུག་བཞིན་པའི་གྲཧ་ལས་གྷཉ་འགྱུར་རོ། །ཨ་ལོ་མལླ་སྱ་སཾ་གྲ་ཧཿ། བརྟན་པའི་ཁུ་ཚུར་ཞེས་པའི་དོན་ཏོ། །ཁུ་ཚུར་ལ་ཞེས་པ་ཅི་ཞེ་ན། ས་གྲ་ཧོ་དྷ་ནྱ་སྱ། ཨ་བ་ལ་ཆར་པ་དང་འབྲེལ་པ་བྲལ་བ་ལ་ཡང་ནའོ། །ཨ་བ་ཉེ་བའི་ཚིག་ལ་གྲཧ་ལས་གྷཉ་ཡང་ན་འགྱུར་ཏེ། ཆར་པ་
དང་འབྲེལ་བ་བྲལ་བ་མངོན་པར་བརྗོད་པ་ལའོ། །ཨ་བ་གྲ་ཧཿ། ཨ་བ་གྲ་ཧཿ། ཕྱོགས་གཅིག་ལ་ཨ་ལའོ། །པྲ་ལ་སྲབ་ལའོ། །ཡང་ན་ཞེས་པ་ཁོ་ནའོ། །པྲའི་སྒྲ་ཉེ་བའི་ཚིག་ལ་གྲཧ་ལས་སྲབ་མངོན་པར་བརྗོད་པ་ལ་གྷཉ་ཡང་ན་འགྱུར་རོ། །རྟ་ལ་སོགས་པ་རྣམས་ཀྱི་སྣ་ཐག་གི་དོན་ནི་སྲབ་པོ། །པྲ་གྲཧཿ།
པྲ་གྲཧཿ། པྲི་ཎོ་ཏི་ལས་སྒྲིབ་གཡོགས་ལའོ། །པྲ་ལ་ཞེས་ཁོ་ནའོ། །པྲའི་སྒྲ་ཉེ་བའི་ཚིག་ལ་བྲྀཉ་སྒྲིབ་པ་ལའོ་ཞེས་པ་འདི་ལས་སྒྲིབ་གཡོགས་ཀྱི་དོན་ལ་གྷཉ་ཡང་ན་ཕ་རོལ་ཏུ་འགྱུར་རོ། །པྲ་བ་རཿ། པྲ་བ་རཿ། ཐུང་ངུའི་རིང་པོའོ། །སྒྲིབ་གཡོགས་ཀྱི་ཁྱད་པར་བརྗོད་པ་སྟེ། སྒྲིབ་གཡོགས་ཙམ་ནི་
མ་ཡིན་ནོ། །སྒྲིབ་གཡོགས་ལ་ཞེས་པ་ཅི་ཞེ་ན། པྲ་བ་རཿ། ཨ་ལའོ། །པ་རི་ལ་བྷུ་ལས་མ་གུས་པ་ལའོ། །པ་རིའི་སྒྲ་ཉེ་བའི་ཚིག་ལ་བྷཱུ་ལས་མ་གུས་པ་ལ་འཇུག་བཞིན་པ་ལ་གྷཉ་ཡང་ན་འགྱུར་རོ། །མ་གུས་པ་ནི་གུས་པ་མེད་པའོ། །པ་རི་བྷཱ་བཿ། པོ་ར་བྷ་བཿ། ཨཱང་ལ་རུ་སླུ་དག་ལས་སོ། །ཨཱང་
เล่ม ๑๙๕ · หน้า 295b
ཉེ་བའི་ཚིག་ལ་རུ་སྒྲ་ལའོ། །སླུ་འགྲོ་བ་ལའོ་ཞེས་པ་འདི་དག་ལས་གྷཉ་ཡང་ན་འགྱུར་རོ། །ཨཱ་ར་བཿ། ཨཱ་ར་བཿ། ཨཱ་སླ་བཿ། ཨཱ་སླ་བཿ། ཙི་ལས་ལག་པས་ལེན་པ་ལའོ། །ལག་པས་ཀུན་ནས་ལེན་པ་ནི་ལག་པས་ལེན་པའོ། །ལག་པས་ལེན་པའི་ཡུལ་ཙི་ནོ་ཏི་ལས་གྷཉ་ཕ་རོལ་དུ་འགྱུར་རོ། །
པུཥྤ་པྲ་ཙ་ཡཿ། ཐ་ལ་པྲ་ཙ་ཡཿ། ལག་པས་ལེན་པ་སྨོས་པ་ནི་སོ་སོ་ཉེ་བར་མཚོན་པར་བྱེད་པ་སྟེ། དེས་ན་འདིར་མི་འགྱུར་རོ། །བི་ཀྵ་ཤི་ཁེ་ར་པ་ལ་པྲ་ཙ་ཡཾ་ཀ་རོ་ཏི། ནིའི་སྒྲ་ལས་རྐུ་བ་ལ་མི་འགྱུར་ཏེ། པུཥྤ་པྲ་ཙ་ཡཾ་ཀར་ཏི་ཙཽཪྨི་ཎ། ལུས་དང་གནས་དག་ལ་དང་པོའི་ཀའི་འང་ངོ་། །འདི་ལ་གནས་སོ་
ཞེས་གནས་སོ། །ཙི་ནོ་ཏི་ལས་ལུས་དང་གནས་ཀྱི་དོན་ལ་གྷཉ་འགྱུར་ཞིང་ཙི་ནོ་ཏིའི་དང་པོ་གང་ཡིན་པ་དེ་ཀ་ཉིད་དོ། །ཀཱ་ཡཿ། ནི་ཀཱ་ཡཿ། ཕུང་པོར་བྱེད་པའི་དོན་ལ་ཡང་གྷཉ་འདོད་ཅིང་ཀ་ཉིད་ཀྱང་ངོ་། །གོ་མ་ཡ་ནི་ཀཱ་ཡཿ། འོ་ན་དེ་ལྟར་ན། ཀཥྛ་ནི་ཙ་ཡཿ། ཅི་ཞེ་ན། བརྗོད་པར་བྱ་སྟེ་མང་པོ་ཉིད་ཙམ་
བརྗོད་པར་འདོད་ཀྱི་ཕུང་པོར་བྱེད་པ་ནི་མ་ཡིན་ནོ། །འདུས་པ་ལའང་ཨཽཏྟ་རཱ་དྷརྻ་མ་ཡིན་པ་ལའོ། །ཨུཏྟ་ར་དང་ཨ་དྷ་རེ་ད་ནི་ཨུཏྟ་ར་དང་ཨ་དྷ་རའོ། །དེའི་དངོས་པོ་ནི་ཨཽཏྟ་རཱ་དྷརྻའོ། །དེ་ནས་ནཉའི་བསྡུ་བའོ། །ཨཽཏྟ་རཱ་དྷརྻ་མ་ཡིན་པའི་འདུས་པ་མངོན་པར་བརྗོད་པ་ལ་ཙི་ནོ་ཏི་ལས་གྷཉ་འགྱུར་ཞིང་དང་པོའི་འང་
ཀ་ཉིད་དོ། །སྲོག་ཆགས་ཀྱི་ཚོགས་ལ་ནི་འདུས་པའོ། །དེའང་སྐབས་གཉིས་དག་ལས་འཇུག་པ་གཅིག་གི་ཨུཏྟ་ར་ཨ་དྷར་ཡང་ནའོ། །དེ་ལ་ཨུཏྟ་ར་ཨ་དྷ་རའི་ཚོགས་ལ་གཟུང་བར་བྱ་སྟེ་དེར་འདུས་པ་བརྗོད་པ་ལའོ། །བྲཧྨ་ན་ནི་ཀཱ་ཡཿ། ཨཽཏྟ་རཱ་དྷརྻ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཤྭ་ནི་ཙེ་ཡཿ། ཨལའོ། །
དབྱངས་དང་བྲྀ་གྲྀ་ག་མི་གྲཧ་རྣམས་ཀྱི་ཨལའོ། །བྱིངས་དབྱངས་ཀྱི་མཐའ་ཅན་ལས་དང་། བྲྀ་དང་ཏྲྀ་དང་ག་མི་དང་གྲཧ་རྣམས་ལས་ཀྱང་ཨལ་ཕ་རོལ་དུ་འགྱུར་ཞིང་གྷཉ་འགེགས་པའོ། །དབྱངས་མཐའ་ལས། ཙ་ཡཿ། ཛ་ཡཿ། ན་བཿ། ཀ་རཿ། ཀྲྀ་རྣམ་པར་བསྐྱོད་པ་ལའོ། །བ་རཿ། ད་རཿ། ག་མཿ།
གྲ་ཧཿ། བྲྀ་དང་ཏྲྀ་དག་དབྱངས་ཀྱི་མཐའ་ཅན་ཉིད་ཀྱིས་གྲུབ་པ་ལ་སླར་ཡང་ཉེ་བར་བླངས་པ་ནི་རྀ་ཡིག་གི་མཐའ་ཅན་རྣམས་ཀྱི་བྲྀ་དྲྀ་དག་ཁོ་ན་ལས་ཨལ་འགྱུར་གྱི་གཞན་རྣམས་ལས་མ་ཡིན་ནོ། །དེས་ན། ཀཱ་རཿ། ཧཱ་རཿ། ཌུ་ཀྲྀཉ་བྱེད་པ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །ཤྲཱྀཎ་ཏི་ལས་རླུང་དང་ཡི་གེ་དང་རྒྱུ་
เล่ม ๑๙๕ · หน้า 296a
མཚན་གྱི་དོན་རྣམས་ལ་ཨལ་མི་འདོད་དོ། །རྒྱུ་མཚན་ནི་གཡོགས་པའོ། །ཤཱ་རོ་བཱ་ཡུཿ། ཤ་རོ་བརྞཿ། ནཱི་ཤ་རཿ། ཐུང་ངུའི་རིང་པོ་ཉིད་དོ། །ཉེར་བསྒྱུར་ལ་ཨཱ་དིའིའོ། །ཨལ་ཞེས་པ་འཇུག་སྟེ་པ་རི་ལ་ཌའོ་ཞེས་པ་འདི་ལས་གོང་དུའོ། །ཉེར་བསྒྱུར་ཉེ་བའི་ཚིག་ལ་ཨ་དི་
ལས་ཨལ་ཕ་རོལ་ཏུ་འགྱུར་རོ། །པྲ་གྷ་སཿ། གྷཉ་ཨལ་དག་ལ་གྷ་སིའོ་ཞེས་པས་གྷ་སིར་བསྒྱུར་རོ། །ཉེར་བསྒྱུར་ལ་ཞེས་པ་ཅི་ཞེ་ན། གྷཱ་སཿ། སྔ་མ་བཞིན་དུ་ཨ་དིའི་གྷ་སིའོ། །ནི་ཉེ་བའི་ཚིག་ལ་ཨ་དི་ལས་ཨཎའི་རྐྱེན་ཡང་ན་བཤད་པར་བྱ་སྟེ། ནྱ་དཱཿ། ནི་གྷ་སཿ། ཕྱོགས་གཅིག་ལ་ཨལའོ། །
པྲ་སཱཾ་དག་ལ་མ་དི་ལས་དགའ་བ་ལའོ། །པྲ་དང་སཾ་དག་ཉེ་བའི་ཚིག་ལ་མ་དི་ལས་དགའ་བ་མངོན་པར་བརྗོད་པ་ལ་ཨལ་འགྱུར་རོ། །པྲ་མདཿ། སཾ་མདཿ། དགའ་བ་ལ་ཞེས་པ་ཅི་ཞེ་ན། པྲ་མཱདཿ། སཾམཱདཿ། ཉེར་བསྒྱུར་མེད་པ་ལ་བྱ་དྷི་ཛ་པ་དག་གིའོ། །ཉེར་བསྒྱུར་མེད་པར་གྱུར་པ་ལས་མོད་ལས་
ཨལ་འགྱུར་ཞིང་བྱ་དྷ་དང་ཞས་དག་ལས་ཀྱང་ངོ་། །མ་དཿ། བྱདྷཿ། ཛཔཿ། ཉེར་བསྒྱུར་མེད་པ་ལ་ཞེས་པ་ཅི་ཞེ་ན། པྲ་མཱ་དཿ། ཨཱ་བྱཱ་དྷཿ། ཨུ་པ་ཛཱ་པཿ། སྭན་ཧས་དག་གི་ཡང་ནའོ། །ཉེར་སྒྱུར་མེད་པར་གྱུར་པ་ལ་སྭན་དང་ཧས་དག་ལས་ཨལ་ཡང་ན་འགྱུར་རོ། །སྭ་ནཿ། སྭ་ནཿ། ཧ་སཿ།
ཧ་སཿ། ཉེར་བསྒྱུར་མེད་པ་ལ་ཞེས་པ་ཅི་ཞེ་ན། པྲ་སྭནཿ། པྲ་ཧཱསཿ། སཾ་ནི་ཨུ་བའི་རྣམས་ལའང་ཡམ་ལས་སོ། །ཉེར་བསྒྱུར་མེད་པར་གྱུར་པ་ལ་ཡམ་ལས་ཨལ་ཡང་ན་འགྱུར་ཞིང་། སཾ་དང་ནི་དང་ཨུ་པ་དང་བི་རྣམས་ཉེ་བའི་ཚིག་ལའང་ངོ་། ཡ་མཿ། ཡཱམཿ། སཾ་ཡ་མཿ། སཾ་ཡཱ་མཿ། ནི་ཡ་མཿ།
ནི་ཡཱ་མཿ། ཨུ་པ་ཡ་མཿ། ཨུ་པ་ཡཱ་མཿ། བི་ཡ་མཿ། བི་ཡཱ་མཿ། ནི་ལ་གད་ནད་པ་ཋ་སྭན་རྣམས་ཀྱིའོ། །ནིའི་སྒྲ་ཉེ་བའི་ཚིག་ལ་གད་དང་ནད་དང་པཐ་དང་སྭན་ལས་ཨལ་ཡང་ན་འགྱུར་རོ། །ནི་ག་དཿ། ནི་གཱ་དཿ། ནི་ན་དཿ། ནི་ནཱ་དཿ། ནི་པ་ཐཱཿ། ནི་པཱ་ཐཿ། ནི་སྭ་ནཿ། ནི་སྭཱ་ནཿ། ཉེར་བསྒྱུར་མེད་པ་
ཞེས་པ་འདིར་སྤྲེལ་བར་མི་བྱ་སྟེ་རྣམ་པ་གཞན་དུ་ན་སྭན་ཧས་དག་དི་ཞེས་སྭན་སྨོས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །ཀྭ་ཎའི་སྟེ་པི་ཝང་ལའོ། །ནི་ལ་ཞེས་པ་འཇུག་ཅིང་ཉེར་བསྒྱུར་མེད་པ་ཞེས་པ་དང་ཡང་ན་ཞེས་པའང་ངོ་། །ནི་ཉེ་བའི་ཚིག་དང་ཉེར་བསྒྱུར་མེད་པ་ལའང་ངོ་། །ཀྭཎ་ཏི་ལས་པི་ཝང་གི་ཡུལ་
เล่ม ๑๙๕ · หน้า 296b
ལའང་ཨལ་ཡང་ན་འགྱུར་རོ། །ནི་ཀྭ་ཎཿ། ནི་ཀྭཱ་ཎཿ། ཀྭ་ཎཿ། ཀྭཱ་ཎཿ། ཀལྱཎ་པྲ་ཀྭ་ཎ་བཱི་ཎཱ། ཀལྱཎཔྲཀྭཱཎབཱིཎཱ། ཀྭཎའི་སྒྲའི་དོན་ཏོ། །པ་ཎ་ལས་ཡོངས་སུ་འཇལ་བ་ལ་རྟག་ཏུའོ། །ཡོངས་སུ་འཇལ་བ་ལ་འཇུག་བཞིན་པའི་བཎ་ལས་ཨལ་རྟག་ཏུ་འགྱུར་རོ། །ཐ་སྙད་ཀྱི་རྩ་བའི་སྒྲའི་དོན་
དང་ཡོངས་སུ་འཇལ་བ་དག་ལ་ཁུ་ཚུར་འགེངས་པ་དེའི་འདི་མངོན་པར་བརྗོད་པའོ། པཎཿ། ཡོངས་སུ་འཇལ་བ་ལ་ཞེས་པ་ཅི་ཞེ་ན། པཱ་ཎཿ། གླཧ་ཆོ་ལོའི་སྐུགས་རྣམས་ལའང་ངོ་། །ཆོ་ལོའི་སྐུགས་ཀྱི་ཡུལ་ལ་འཇུག་བཞིན་པའི་དོན་ལ་གླཧ་དམན་པ་ལའོ་ཞེས་པ་འདི་ལས་ཨལ་འགྱུར་རོ། །ཨཀྵ་སྱ་
གླ་ཧཿ། སྐུགས་སོ་ཞེས་པའི་དོན་ནོ། །ཆོ་ལོ་ཞེས་པ་ཅི་ཞེ་ན། བྲ་ཏ་སྱ་གླ་ཧཿ། སརྟི་ལས་རབ་ཏུ་སྐྱེ་བ་ལའོ། །རབ་ཏུ་སྐྱེ་བ་སྟེ་མངལ་འཛིན་པར་གྱུར་བ་ལ་སརྟི་ལས་ཨལ་དུ་འགྱུར་རོ། །རབ་ཏུ་སྐྱེ་བ་ལ་ཞེས་པ་ཅི་ཞེ་ན། ཨུ་བ་སཱ་རཿ། ག་བཱ་མུ་ས་ས་རཿ། ཨ་བྷི་ཨུ་པ་ནི་བི་རྣམས་ལས་ཧྭའི་
ཧུའོང་། །ཨ་བྷི་དང་ཨུ་པ་དང་ནི་དང་བི་རྣམས་ཉེ་བའི་ཚིག་ལ་ཧྭལ་ཏི་ལས་ཨལ་འགྱུར་ཞིང་དེའི་ཡང་ཧུ་རུ་བསྒྱུར་བར་འགྱུར་རོ། །ཨ་བྷི་ཧ་བཿ། ཨུ་པ་ཧ་བཿ། ནི་ཧ་བཿ། བི་ཧ་བཿ། སམ་ཨུད་དག་ལ་ཨཛའི་ཕྱུགས་རྣམས་ལའོ། །སཾ་དང་ཨུད་ཉེ་བའི་ཚིག་དག་ལ་ཨཛ་ལས་ཕྱུགས་ཀྱི་ཡུལ་ལ་
ཨལ་བཤད་པར་བྱ་སྟེ། སམཛཿ། ཕྱུགས་རྣམས་ཀྱི་ཚོགས་པའོ་ཞེས་པའི་དོན་ཏོ། །ཨུ་ད་ཛཿ། ཕྱུགས་རྣམས་ཀྱིས་དེད་པར་བྱེད་པ་ཞེས་པའི་དོན་ཏོ། །ཕྱུགས་ལ་ཞེས་པ་ཅི་ཞེ་ན། ས་མཱ་ཛོ་བྲཧྨ་ཎན། ཨུ་ད་ཛཿཀྵཏྟྲི་ཡཱ་ཎཱཾ། ཨཱང་ལས་གཡུལ་ལའོ། །ཨཱང་ཉེ་བའི་ཚིག་ལ་གཡུལ་བསྒྲུབ་པའི་
ཧྭ་ཡ་ཏི་ལས་ཨལ་འགྱུར་ཞིང་དེའི་ཡང་ཧུ་རུ་བསྒྱུར་བར་འགྱུར་རོ། །ཨཱ་ཧ་བཿ། གང་ལ་གཡུལ་བྱེད་པ་ཅན་ཞེས་ཚིག་རྣམ་པར་སྦྱར་རོ། །གཡུལ་ཞེས་པ་ཅི་ཞེ་ན་ཨཱཾ་ག་ནཱ་མཱ་ཧ་ཡཿ། གྷཉའོ། །དེར་འཐུང་བ་ལ་ཧྭ་ཡ་ཏི་ལས་གྷཉ་འདོད་དེ། ཧུ་རུ་བསྒྱུར་བའང་ངོ་། །ནི་པཱ་ནཾ་ཨུ་ད་ཀཱ་དྷཱ་རཿ། ཨཱ་ཧཱ་བཿ།
གང་ལ་འཐུང་བ་ཞེས་ཚིག་རྣམ་པར་སྦྱར་རོ། །ཉེར་བསྒྱུར་མེད་པའི་དངོས་པོ་ལའོ། །ཧྭ་ཡ་ཏི་ལས་ཉེར་བསྒྱུར་མེད་པ་ལ་དངོས་པོའི་དོན་ལ་ཨལ་འགྱུར་ཞིང་ཧུ་རུ་བསྒྱུར་བའང་ངོ་། །བོད་པ་རྣམས་ཀྱི། ཧབཿ། ཉེར་བསྒྱུར་མེད་པའི་ཞེས་པ་ཅི་ཞེ་ན། ཨཧཱཡཿ། སླར་ཡང་དངོས་པོ་སྨོས་པ་ནི་ལས་
เล่ม ๑๙๕ · หน้า 297a
ལ་སོགས་པ་བྱེད་པ་ཅན་བསལ་བའི་དོན་དུའོ། །ཧནྟིའི་བ་དྷི་འང་ངོ་། །ཉེར་བསྒྱུར་མེད་པའི་ཧནྟི་ལས་དངོས་པོའི་དོན་ལ་ཨལ་འགྱུར་ཞིང་ཧཏྣིའི་འང་བ་དྷི་རུ་བསྒྱུར་རོ། །གསོད་པ། བདྷཿ། ཉེར་བསྒྱུར་མེད་པ་ཞེས་པ་ཅི་ཞེ་ན། སཾ་གྷཱ་ཏཿ། འོ་ན་གསོད་པའི་གྷཱ་ཏཱཿ། ཅི་ཞེ་ན།
གཞན་ལ་ཡང་ངོ་ཞེས་པའི་ཚིག་ལས་སོ། །མུརྟི་ལས་གྷ་ནི་འང་ངོ་། །མཱུརྟཱི་ནི་སྲ་བར་བྱེད་པའོ། །སྲ་བའི་དོན་མངོན་པར་བརྗོད་པ་ལ་ཧནྟི་ལས་ཨལ་འགྱུར་ཞིང་གྷ་ནིར་བསྒྱུར་བའང་ངོ་། །ད་དྷི་གྷ་ནཿ། དྲུག་པ་དེའི་སྐྱེས་བུའོ། །ཨུད་སྔོན་མ་ལས་ཧརྙི་ལས་ཨཪྱ་དྷ་ནའི་དོན་ལ་ཨལ་འདོད་ཅིང་གྷ་ནར་
བསྒྱུར་བའང་ངོ་། །ཨུ་ད་གྷ་ནཿ། གང་དུ་ཤིང་བཞག་ནས་ཤིང་གཞན་རྣམས་འཇོག་པ་དེ་ནི། ཨརྱ་དྷྭ་ན་དང་ཨུད་གྷནཿའོ། །ཨཪྱ་དྷཱ་ན་ཡན་ལག་གི་དོན་ལ་ཨབ་སྔོན་མའི་ཧནྟི་ལས་ཀྱང་སྟེ། ཨ་པ་གྷ་ནཿ། ལག་པ་དང་རྐང་པ་དག་བརྗོད་པ་སྟེ་ཡན་ལག་གཞན་ནི་མ་ཡིན་ནོ་ཞེས་གསུང་ངོ་། །པྲ་ལས་ཁང་
པའི་ཕྱོགས་གཅིག་ལ་གྷཉ་འང་ངོ་། །པྲའི་སྒྲ་ལས་ཕ་རོལ་གྱི་ཧནྟི་ལས་ཁང་པའི་ཕྱོགས་གཅིག་བརྗོད་པ་ལས་ཨལ་དང་གྷཉ་འང་འགྱུར་རོ། །པྲ་གྷཱ་ཎ། ཨ་ཡས་བི་དྲུ་རྣམས་ལ་བྱེད་པ་ལའོ། །ཨ་ཡས་དང་བི་དང་དྲུ་ཞེས་པ་འདི་རྣམས་ཉེ་བའི་ཚིག་ལ་བྱེད་པའི་དོན་གྱི་ཧནྟི་ན་ལས་ཨལ་འགྱུར་ཞིང་གྷ་ནི་རུ་བསྒྱུར་
བ་འང་ངོ་། །འདིས་ལྕགས་གཞོམ་མོ་ཞེས་པ། ཨ་ཡོ་གྷ་ནཿ། དེ་བཞིན་དུ། བི་གྷ་ནཿ། དྲུ་གྷ་ནཿ། ཁ་ཅིག་འདི་ཎ་ཉིད་དུ་འདོད་དོ། །པ་རི་ལ་ཌའོ། །པ་རིའི་སྒྲ་ཉེ་བའི་ཚིག་ལ་ཧནྟི་ལས་བྱེད་པའི་དོན་ལ་ཌའི་རྐྱེན་འགྱུར་ཞིང་གྷ་ནི་རུ་བསྒྱུར་བ་འང་ངོ་། །འདིས་འཇོམས་སོ་ཞེས། པ་རི་གྷཿ། སཾ་ཨུད་དག་
ལ་ཚོགས་པ་དང་བསྔགས་པ་བྱེད་པ་དག་ལའོ། །སཾ་དང་ཨུད་དག་ཉེ་བའི་ཚིག་དག་ལ་འདི་ལས་ཊའི་རྐྱེན་འགྱུར་ཞིང་། གྲངས་ཇི་ལྟ་བ་བཞིན་དུ་ཚོགས་པ་བརྗོད་པ་དང་བསྔགས་པ་ལ་འཇུག་བཞིན་པ་ལའོ། །གྷ་ནི་རུ་བསྒྱུར་བ་འང་ངོ་། །སཾགྷཿ་པ་ཤུ་ནཱཾ། །ཕྱུགས་ཀྱི་ཚོགས་ལའོ་ཞེས་པའི་དོན་ཏོ། །ཨུད་གྷོ་མ་
ནུ་ཥྱཿ། མི་ལ་བསྔགས་ཞེས་པའི་དོན་ཏོ། །ཚོགས་པ་དང་བསྔགས་པ་དག་ལ་ཞེས་པ་ཅི་ཞེ་ན། སཾ་གྷཱ་ཏཿ། ཨུད་གྷཱ་ཏཿ། ཨུ་པ་ལས་གཞི་ལ་ཀའོ། །ཨུ་པ་ལས་ཕ་རོལ་གྱི་ཧནྟི་ལས་གཞི་མངོན་པར་བརྗོད་པ་ལ་ཀའི་འགྱུར་རོ། །སརྦ་ཏོ་བགྷྣཾ་བ་ས་ཏི། གམ་ཧན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཨུ་
เล่ม ๑๙๕ · หน้า 297b
པ་དྷཱ་ཕྱིས་པའི་ཞེས་པས་གྷའོ། །གཞི་ལ་ཞེས་པ་ཅི་ཞེ་ན། ཨུ་པ་གྷཱ་ཏཿ། ཨུ་དང་སྣ་དང་པཱ་དང་བྱ་དྷ་དང་ཧ་ནི་དང་ཡུ་དྷི་རྣམས་ལས་ཀའི་རྐྱེན་བཤད་པར་བྱ་སྟེ། འབྲུ་རྣམས་འདི་ལ་གནས་པར་བྱེད་དོ་ཞེས། པྲསྠ། འདིས་གཙང་བར་བྱེད་དོ་ཞེས། པྲསྣཿ། འདི་ལས་འཐུང་ངོ་ཞེས། པྲ་པཱ་བྱིངས་ཐམས་
ཅད་པ་མ་ཡིན་པ་ལ་ཞེས་པས་ཨཱ་དབྱིའོ། །འདི་ཀུན་དུ་གནོད་པར་བྱེད་དོ་ཞེས། ཨཱ་བ་དྷིཿ། གྲཧི་ཛྱཱ་ཞེས་པས་སཾ་པྲ་སཱ་ར་ཎའོ། །བྱ་བ་འདིས་འཇོམས་པར་བྱེད་དོ་ཞེས། བིགྷྣཿ། སྔ་མ་བཞིན་དུ་ཨུ་པ་དྷཱ་དབྱི་བ་དང་གྷ་ཉིད་ཀྱང་ངོ་། །འདི་ཀུན་དུ་འཁྲུག་པར་བྱེད་དོ་ཞེས། ཨཱ་ཡུ་དྷ། ཌུ་རྗེས་སུ་འབྲེལ་བ་ལས་
ཨ་ཐུའོ། །ཊུའི་སྒྲ་རྗེས་སུ་འབྲེལ་བའི་བྱིངས་ལས་ཨ་ཐུའི་རྐྱེན་འགྱུར་རོ། །པེ་ས་ཐུཿ། ཀྴ་བ་ཐུཿ། གཡོ་བར་བྱེད། སྒྲོགས་པར་བྱེད་ཅེས་ཚིག་རྣམ་པར་སྦྱར་རོ། །ཊུ་པེ་སྲི་ཀ་པེ་གཡོ་བ་ལའོ། །ཊུ་ཀྵུ་ཥ་སྒྲ་ལའོ། །ཊའི་སྒྲ་ནི་འདིའི་དོན་ནོ། །ཌུ་རྗེས་སུ་འབྲེལ་པ་ལས་དེས་ཚར་བ་ལ་ཏྲི་མ་ཀའོ། །ཌུའི་སྒྲ་
རྗེས་སུ་འབྲེལ་པའི་བྱིངས་ལས་བྱིངས་དོན་དེས་ཚར་བའི་དོན་ལ་ཏྲི་མ་ཀ་ཕ་རོལ་དུ་འགྱུར་རོ། །སྨིན་པས་ཚར་བ་ལ། པཀྟྲི་མཾ། དེ་བཞིན་དུ་བྱེད་པས་ཚར་བ་ནི། ཀྲྀ་ཏྲི་མཾ། ཌུ་པ་ཙཥ་འཚེད་པ་ལའོ། །ཌཱུ་ཀྲྀཉ་བྱེད་པ་ལའོ། །ཌུའི་སྒྲ་ནི་འདིའི་དོན་ཏོ། །ཡཱ་ཙི་བིཙྪ་པྲ་ཙྪི་ཡ་ཛི་སྭ་པི་ར་ཀྵི་ཡཏ་རྣམས་ཀྱི་ནངའོ། །
ཡཱ་ཙི་དང་བིཙྪ་དང་པྲ་ཙྪི་དང་ཡ་ཛི་དང་སྭ་པི་དང་རཀྵི་དང་ཡཏྱ་ཞེས་པ་འདི་རྣམས་ལས་ནང་ཕ་རོལ་ཏུ་འགྱུར་རོ། །སློང་བར་བྱེད། ཡཙྙཱཿ། དེ་བཞིན་དུ། བིཤྣཿ། པྲཤྣཿ། ཡཛྙཿ། སྭཔྣཿ། རཀྵྞཿ། ཡཏྣཿ། སྒྲ་ལྡན་དང་ཏི་དག་ལ་ཞེས་པས་ཨིཊ་མེད་དོ། །ཚ་བ་དག་གི་ལྔ་པ་ལ་ཞེས་པས་ཚ་ཡིག་གི་ཤའོ། །
ཉེར་བསྒྱུར་ལ་དཱ་ལས་ཀིའོ། །ཉེར་བསྒྱུར་ཉེ་བའི་ཚིག་ལ་དཱའི་མིང་ཅན་ལས་ཀི་རུ་འགྱུར་རོ། །སྦྱིན་པར་བྱ་བ་དང་པོ་ལས་ཐོབ་པ་ནི། ཨཱ་དིཿ། སྒྲུབ་པར་བྱེད་པ་ནི། བིདྷིཿ། ཨནྟར་གྱི་སྒྲ་ཉེ་བའི་ཚིག་ལས་ཀྱང་ཀི་འདོད་དེ། གཞན་འཛིན་ནོ། །ཨནྟདྷིཿ། ལས་ལ་གཞི་ལ་འང་ངོ་། །ལས་ཉེ་བའི་ཚིག་
ལའང་དཱའི་མིང་ཅན་ལས་གཞིའི་དོན་ལ་ཀིའི་རྐྱེན་དུ་གྱུར་ཏོ། །འདི་ལ་ཆུབ་བརྟེན་ཏོ་ཞེས། ཛ་ལ་དྷིཿ། ཤ་ར་དྷིཿ། བུད་མེད་ལ་ཀྟིའོ། །བྱིངས་ལས་བུད་མེད་ཀྱི་ཡུལ་ལ་ཀྟཱི་རྐྱེན་འགྱུར་རོ། །གྷཉ་དང་ཨལ་དག་འགེགས་པའོ། །ཀྲྀ་ཏིཿ། ཙི་ཏྲིཿ། སྟུ་ཏིཿ། སཱ་ཏི་ཧེ་ཏི་ཡཱུ་ཏི་ཛཱུ་ཏི་རྣམས་ཀྱང་ངོ་། །སྒྲ་འདི་རྣམས་
เล่ม ๑๙๕ · หน้า 298a
ཀྟིའི་རྐྱེན་ཚིག་ཕྲད་དེ། སཱ་ཏིཿ། ཥོ་མཐའི་ཞེས་པ་འདིའི་དྱ་ཏི་སྱ་ཏི་ཞེས་པས་ཨི་ཉིད་ཐོབ་པ་ལ། ཏིའི་རྐྱེན་ཚིག་ཕྲད་དོ། །ཧེ་ཏིཿ། ཧི་འགྲོ་བ་ལའོ་ཞེས་པ་འདི་ཡོན་ཏན་ཡང་ནའོ། །ཡུ་ཏིཿ། ཛུ་ཏིཿ། ཡུ་བསྲེ་བ་ལའོ་ཞེས་པ་འདི་མདོའི་རིང་པོ་ཚིག་ཕྲད་དོ། །ཨུ་ཏི་དང་ཀཱིརྟི་དག་གི་
བཀླགས་པ་དོན་མེད་དེ། ཨུཏའི་སྒྲ་ཤྲི་བི་ཨ་བི་མ་བི་ཞེས་པ་འདིར་གྲུབ་པོ། །ཀཱིརྟིའི་སྒྲ་ཡང་ཀཱིརྟི་ཨིཥ་དག་གི་ཀྟིའང་ངོ་ཞེས་པ་འདིརའོ། །པ་ཙི་གཱཔ་སྒྲ་རྣམས་ལས་དངོས་པོ་ལའོ། །བུད་མེད་ལ་ཞེས་པ་འཇུག་སྟེ། ཀྲྀ་ཏྱ་ཡུཊ་རྣམས་ཞེས་པ་འདི་ལས་གོང་དུའོ། །པ་ཙི་དང་གཱ་དང་པཱ་དང་སྠཱ་རྣམས་ལས་
དངོས་པོའི་དོན་ལ་ཀྟིའི་རྐྱེན་འགྱུར་རོ། །ཨཱཏ་ལས་ཀྱང་ངོ་ཉེར་བསྒྱུར་ལ་ཞེས་པ་ས་ཨང་ཐོབ་པ་ལའོ། །པ་ཙི་ལས་ཀྱང་ཥ་རྗེས་སུ་འབྲེལ་པ་ཉིད་ལས་སོ། །པཀྟིཿ། ཨུངྒཱི་ཏིཿ། པྲ་པཱི་ཏིཿ། སཾསྠི་ཏཿ། དཱ་མཱ་གཱ་ཡ་ཏི་ཞེས་པས་ཨཱི་ཉིད་དོ། །ཏིཥྛ་ཏི་ལས་དྱ་ཏི་སྱ་ཏི་ཞེས་པས་ཨི་ཉིད་དོ། །ཀྲྀཏྱ་དང་ཡུཊ་རྣམས་
གཞན་ལ་ཡང་ངོ་ཞེས་པའི་ཚིག་ལས་ཨང་ཡང་ཇི་ལྟར་མཐོང་བ་བཞིན་འགྱུར་ཏེ། ཨ་བསྠཿ། ཨཱསྠ། པྲཛ་ཡཛ་དག་གི་ཀྱཔའོ། །པྲ་ཛི་ཡ་ཛི་དག་ལས་ཀྱཔ་འགྱུར་ཏེ། །ཀྟིའི་རྐྱེན་འགེགས་པའོ། །པྲཛྱ། ཨི་ཛྱ། སྭ་པི་བ་ཛི་ཡ་ཛ་སོགས་རྣམས་ཀྱི་ཞེས་པས་སམྤྲ་སཱ་ར་ཎའོ། །པ་རྗེས་སུ་འབྲེལ་པ་བྱེད་
པར་ནི་ཕྱི་མ་ལ་ཏ་ཡིག་ཨཱ་ག་མའི་དོན་ཏོ། །ས་མ་ཛ། ཨཱས། ནི་ཥད། ནི་པ་ཏི། ཤིང་། སུ། བིད། ཨ་ཊི། ཙ་རི།མ་ནི། བྷྲྀཉ། ཨིཎ་རྣམས་ཀྱི་མིང་ལའོ། །ཨཛི་ལ་སམ་སྔོན་དུའོ། །ཨཱས་ཥད་པཏ་དག་གི་སྔོན་དུ་ནིའོ། །ཤིང་ཉལ་པ་ལའོ། །ཥུཉ་བཀྲུ་བ་ལའོ། །བིད་ཤེས་པ་ལའོ་ཞེས་
པ་འདི་རྣམས་དང་དེ་བཞིན་དུ། ཨ་ཊི་དང་ཙ་རི་དང་། མ་ནི་དང་བྷྲྀཉ་དང་ཨིཎ་ཞེས་པ་འདི་རྣམས་ལས་ཀྱང་མིང་གི་ཡུལ་ལ་ཀྱཔ་ཕ་རོལ་ཏུ་འགྱུར་རོ། །ས་མ་ཛྱཱ། ཨཱསྱཱ། ནིཥྡྱཱ། ནིཔདྱཱ། ཤཡྱ། ཡ་ལ་ཨཱི་ནི་ཨཡའོ་ཞེས་པས་ཨཡའོ། །སུཪྱཱ། བིདྱ། ཨ་ཊཱ་ཊྱཱ། ཨཊི་ལ་ཙེ་ཀྲྀ་ཡི་ཏའི་
མཐའ་ལས་ཡའི་རྐྱེན་བཤད་པར་བྱའོ། །དེས་ན་ཨ་ཊཱ་ཊྱའི་སྒྲ་ལས་ཀྱཔའོ། ཨའི་ཡང་དབྱིའི། །ཨའི་ཨན་མིན་པ་ལའོ་ཞེས་པས་ཡང་དབྱིའོ། །པ་རི་ཙརྻཱ། པ་རི་སྔོན་མ་ཉིད་ལས་ཙ་རིའོ། །མནྱཱ། བྷྲྀ་ཏྱཱ། ཨིཏྱཱ། འོ་ན། བྷྲྀ་ཏྲིཿ། མ་ན་ནཾ་མ་ཏིཿ། ཞེས་པ་ཅི་ལྟར་ཞེ་ན། བྷྲྀཏི་ལ་ལས་
เล่ม ๑๙๕ · หน้า 298b
ཀྱི་སྒྲས་འདོད་པ་དང་བློ་ཞེས་པས་ཤེས་པར་བྱེད་པ་ལས་སོ། །ཀྲིཉ་ལས་ཤའང་ངོ་། །ཀྲྀཉ་ལས་ཀྱཔའི་རྐྱེན་འགྱུར་ཞིང་ཤའི་རྐྱེན་འང་ངོ་། །ཀྲྀ་ཏྱ། ཀྲི་ཡཱ། བེད་དོ་ཞེས་པས་ཤའི་རྐྱེན་ནོ། །ཤ་ཡིག་ནི་བྱིང་ཐམས་ཅད་པ་དང་འདྲ་བར་འགྱུར་བའི་དོན་ཏོ། །ཡཎ་ཨཱ་ཤིཥ་དག་ལ་ཡ་ལ་ཞེས་
པས་ཨི་ཡིག་ཨཱ་ག་མའོ། །འོ་ན། ཀྲྀ་ཏཿ། ཅི་ལྟར་ཞེ་ན། གཞན་ལའང་ངོ་ཞེས་པའི་ཚིག་ལས་སོ། སརྟི་ལས་ཀྱང་ཡའོ། །སྲྀ་འགྲོ་བ་ལའོ་ཞེས་པ་འདི་ལས་ཡའི་རྐྱེན་འགྱུར་རོ། །ཀྱང་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །པ་རི་སརྱཱ། པ་རི་སྔོན་མ་ཉིད་ལས་ཡའི་རྐྱེན་ནོ། །ཛཱ་གརྟྟི་
ལས་ཀྱང་འདོད་དེ། །ཛཱ་གརྱཱ །ཨ་ཡིག་ཀྱང་མཐོང་སྟེ། ཛཱ་ག་རཱ། ཨིཙྪཱའོ། །སྒྲ་འདི་ཚིག་ཕྲད་དོ། །ཨིཥི་ལས་དངོས་པོའི་དོན་ལ་ཤའི་རྐྱེན་དང་གཞན་དང་འདྲ་བར་ཚ་ཉིད་ཀྱང་ངོ་། །ཨིཙྪ། མིང་ལས་བདག་ཉིད་འདོད་པ་ལ་ཞེས་པ་འདིར་ཨིཙྪའི་སྒྲའི་བརྗོད་པ་ཡོད་པ་ལའོ་ཞེས་པས་ཚིག་ཕྲད་དོན་
མེད་དོ་ཞེས་ཁ་ཅིག་སྨྲའོ། །ཤནྶི་དང་རྐྱེན་ལས་ཨའོ། །ཤནྶཱི་དང་རྐྱེན་ལས་ཀྱང་ཨ་ཡིག་རྐྱེན་དུ་འགྱུར་རོ། །ཨཱ་ཤནྶི་དང་རྐྱེན་ལས་ཀྱང་ཨ་ཡིག་རྐྱེན་དུ་འགྱུར་རོ། །ཨཱ་ཤནྶཱ། ཙི་ཀཱཪྵ། ལོ་ལཱུ་ཡཱ། མདོ་ཕྱི་མས་ཤནྶིའི་རྐྱེན་མི་འགྲུབ་སྟེ་ནཱིཥཱ་ལ་ཨིཊ་མེད་པའི་ཕྱིར་རོ། །ལྗི་བ་ལས་ཀྱང་ནིཥྛ་ལ་ཨིཊ་དང་
བཅས་པའིའོ། །ལྗི་བ་ལ་སྟེ་བྱིངས་ལྗི་བ་ལྡན་པ་ལས་ནིཥྛཱ་ཨིཊ་དང་བཅས་པ་ལ་ཨའི་རྐྱེན་འགྱུར་རོ། །འདོད་པ། ཨཱི་ཧཱ་རྟོགས་པ། ཨུཧཱ། དེ་བཞིན་དུ། ཀུཎྜ། ཧུཎྜ། ཀུ་ཌི་བསྲེག་པ་ལའོ། ཧུ་ཌཱི་འཇོམས་པ་ལའོ། །ལྗི་བ་ལ་ཞེས་པ་ཅི་ཞེ་ན། ནི་གྲྀ་ཧཱི་ཏཱིཿ། ཨིཊའི་རིང་པོའོ། །གྲཧི་ལས་ཞེས་པས་རིང་པོའོ། །ནིཥྛཱ་ལ་ཨིཊ་དང་བཅས་པ་ཅི་ཞེ་ན། དཱིཔྟིཿ།
ཥ་རྗེས་སུ་འབྲེལ་པ་དང་བྷིད་སོགས་རྣམས་ལ་ནི་ཨངའོ། །གང་རྣམས་ལ་ཥ་ཡིག་རྗེས་སུ་འབྲེལ་བ་དེ་རྣམས་ནི་ཥ་ཡིག་རྗེས་སུ་འབྲེལ་པའོ། །གང་རྣམས་ཀྱི་དང་པོ་བྷིད་ཡིན་པ་དེ་རྣམས་ནི་བྷིད་སོགས་རྣམས་སོ། །དེ་ནས་ཟླས་དབེའོ། །ཥ་རྗེས་སུ་འབྲེལ་པའི་བྱིངས་རྣམས་དང་བྷིད་སོགས་རྣམས་ལས་
ཀྱང་ཨང་འགྱུར་རོ། །ཀྟིའི་རྐྱེན་འགེགས་པའོ། །བཙ་སོགས་དང་ལྡན་པའི་བྷིད་སོགས་རྣམས་གཟུང་བར་བྱ་སྟེ། ཌུ་བ་ཙཥ། པཙ། ཛྲཱྀཥ་ལང་ཚོ་ཉམས་པ་ལའོ། །ཛ་ར། ཛ་རའི་དབྱངས་ལ་ཛ་རཿཡང་ནའོ་ཞེས་པའི་ཤེས་པར་བྱེད་པ་ལས་ཡོན་ཏན་ནོ། ཀྵ་མུཥ་བཟོད་པ་ལའོ། ཀྵ་མཱ། འོ་ན་
เล่ม ๑๙๕ · หน้า 299a
ཀྵཱནྟིཿ། ཅི་ལྟར་ཞེ་ན། ཀྵ་མི་ཀྵི་ལའོ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །ཀྵ་མི་ལས་བུད་མེད་ལ་ཀྟིའོ། །ལྔ་བའི་ཨུ་པ་དྷཱི་ཞེས་པས་རིང་པོའོ། །ཌུལ་བྷཥ་ཐོབ་པ་ལའོ། །ཨུ་པ་ལ་བྷཱ། འོན་ཨུ་པ་ལ་བྷིཿ། ཇི་ལྟར་ཞེ་ན། དོན་ཉེ་བར་དམིགས་པ་ན་ཞེས་པས་ཤེས་པར་བྱེད་པ་
ལས་སོ། །གྷཊ་སོགས་ཥ་རྗེས་སུ་འབྲེལ་པ་མ་ཡིན་ཡང་བྱ་བའི་དོན་ཥ་རྗེས་སུ་འབྲེལ་པ་རྣམས་སུ་ཞེས་པར་བྱའོ། །དེས་ན། གྷཊཱ་བྷ་ཐཱ་བྲ་ཐ་བྷིད་སོགས་རྣམས་ལས། བྷིདཱ། ཙྪ་ད། ཨཱ་ར། གིར། རྀ་འགྲོ་བ་ལའོ། །ཨཱང་སྔོན་དུའོ། །སྦྱོར་བ་འདི་ཉིད་མཚོན་ཆ་ཅན་ལའོ། །དེས་ན་འདིར་མི་འགྱུར་ཏེ། ཨཱརྟིཿ།
རྀ་ཏའི་སྒྲ་ལའོ། །ཕ་རོལ་ཏུ་བཤད་པ་ལས་ཨཱངའོ། །ཨཱི་ར་དུ་བསྒྱུར་རོ། །ཕ་རོལ་དབྱི་བའང་ངོ་། །ཀཱ་ར། ཧཱ་རཱ། ཚོགས་པའི་ཤུགས་ལས་འཕེལ་བའོ། །དེ་བཞིན་དུ། དྷཾ་ར། སྦྱོར་བ་འདི་ཉིད་གཡང་ས་ལའོ། །དེས་ན་འདིར་མི་འགྱུར་ཏེ། དྷྲྀ་ཏི། བྷི་དཱ། ཙྪི་དཱ། ཨཱ་རཱ། ཀཱ་རཱ། ཧཱ་རཱ། དྷ་རཱ།
ཀྵི་པཱ། བ་སཱ། ཞེས་པ་ལ་སོགས་པ་རྣམས་ནི་བྷིད་སོགས་རྣམས་སོ། །བྷཱི་ཥི་ཙིནྟི་པཱུཛི་ཀ་ཐི་ཀུཾ་བི་ཙརྩི་སྤྲི་ཧི་ཏོ་ལི་དོ་ལི་རྣམས་ལས་ཀྱང་ངོ་། །ཉི་བྷཱི་འཇིགས་པ་ལའོ། །རྒྱུ་ལ་ཨིན་མཐའོ། །ཙི་ཏི་དྲན་པ་ལའོ། །པཱུ་ཛ་མཆོད་པ་ལའོ། །ཀ་ཐ་ངག་སྤྲེལ་བ་ལའོ། །ཀུཾ་བི་བགེགས་པ་ལའོ། །ཙརྩ་ཀློག་པ་ལའོ། །
སྤྲྀཧ་འདོད་པ་ལའོ། །ཏུ་ལ་སྨྱོ་བར་བྱེད་པ་ལའོ། །དུ་ལ་འདེགས་པ་ལའོ། །ཙུར་སོགས་ཉིད་ཀྱི་ཕྱིར་ཨིན་མཐའོ། །འདི་རྣམས་ལས་ཨང་ཕྲ་རོལ་ཏུ་འགྱུར་རོ། །ཨིཥི་ཤྲནྠི་ཞེས་པས་ཡུའི་རྐྱེན་ཐོབ་པ་ལའོ། །བྷཱི་ཥཱ། ཙནྟི། པཱུ་ཛཱ། ཀ་ཐཱ། ཙརྩ། སྤྲྀ་ཧཱ། ཏོ་ལཱ། དོ་ལཱ། བི་བྷི་ད་ལས་
ཨིནའོ། །བྷི་ལས་ཥུའང་ངོ་ཞེས་ཥུ་ཨཱ་ག་མའོ། །ཨངའོ། །ཀཱ་རི་ཏ་དབྱིའོ། །འོ་ན་ཏུ་ལཱ་ཅི་ལྟར་ཞེ་ན། ཏུ་ལ་ལས་གཞལ་བ་དང་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །ཉེར་བསྒྱུར་ལ་ཨཱཏ་ལས་ཀྱང་ངོ་། །ཉེར་བསྒྱུར་ཉེ་བའི་ཚིག་ལ་ཨཱཏ་ལས་ཏེ། ཨཱ་ཡིག་མཐའི་བྱིངས་ལས་ཨང་ཕ་རོལ་ཏུ་འགྱུར་རོ། །
ཨུ་པ་དཱ། ཨུ་པ་དྷཱ། སཾ་སྠཱ། ཉེར་བསྒྱུར་ལ་ཞེས་པ་ཅི་ཞེ་ན། སྠི་ཏིཿ། དྱ་ཏི་སྱ་ཏི་ཞེས་པས་ཨི་ཉིད་དོ། །འོ་ན་ཤྲདྡྷཱ་ཅི་ལྟར་ཞེ་ན། ཨ་ཤྲདྷཱ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །ཨིཥི་ཤྲནྠི་ཨཱ་སི་གྷཊི་བནྡི་བི་དི་ཀཱ་རི་ཏའི་མཐའ་རྣམས་ལས་ཡུའོ། །ཨིཥ་འགྲོ་བ་ལའོ། །ཨིཥུ་ཡང་ཡང་ལའོ་ཞེས་པ་ཡང་
เล่ม ๑๙๕ · หน้า 299b
ནའོ། །ཤྲནྠ་གཞུང་སྒྲིག་པ་ལའོ། །ཨཱས་ཉེ་བར་སྡོད་པ་ལའོ། །གྷཊྚ་གཡོ་བ་ལའོ། །བ་དི་བི་དི་སྦྱིའོ། །འདི་རྣམས་དང་ཀཱ་རི་ཏའི་མཐའ་ཅན་རྣམས་ལས་ཀྱང་ཡཱི་རྐྱེན་འགྱུར་རོ། །ཨེཥ་ཎཱ། ཨཱ་ས་ནཱ། གྷཊྚ་ནཱ། བནྡ་ནཱ། དེ་ཤ་ན་བེ་ད་ནཱ། ཀ་ར་ཎཱ། ཧཱ་ར་ཎཱ། འདིར་ཨིཥི་ལས་འདོད་པའི་དོན་མ་
ཡིན་པ་ལ་རྐྱེན་འདི་བཤད་པར་བྱའོ། །ཤྲནྠི་གྷཊྚི་བྷུ་ལས་སོགས་པ་ཅན་གཟུང་བར་བྱའི། །ཙུར་སོགས་ཅན་དག་མ་ཡིན་ཏེ། དེ་དག་ཀཱ་རི་ཏའི་མཐའ་ཅན་གྱིས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །ཀཱིརྟི་དང་ཨིཥི་དག་གི་ཀྟི་འང་ངོ་། །ཀྲཱིཏ་ཡང་དག་པར་བསྔགས་པ་ལའོ་ཞེས་པ་འདི་ཨིན་མཐའ་ལས་དང་། ཨིཥ་ལས་
ཀྱང་ཡུའི་རྐྱེན་འགྱུར་ཞིང་ཀྟིའི་རྐྱེན་འང་ངོ་། །ཀཱིརྟ་ནཱ། ཀཱིརྟིཿ། པཪྱེཥ་ཎཱ། པརཱེཥ་ཎཱ། པ་རི་སྔོན་མ་ལས་ཨིཥ་འདོད་པའི་དོན་མ་ཡིན་པ་ལ། རྐྱེན་གཉིས་པོ་འདི་དག་བཤད་པར་བྱའོ། །ཀྲཱི་ཏ་ལས་ཙུར་སོགས་ཉིད་ཀྱི་ཕྱིར། མདོར་ངེས་པར་བསྟན་པ་ལས་རཱི་ཡིག་གི་ཨཱིརའོ། །འདིས་ཡུ་དང་
ཀྟིའང་ངོ་། །ནད་བརྗོད་པ་ལ་བུཉའོ། །ནད་བརྗོད་པར་གྱུར་པའི་བྱིངས་ལས་བུཉ་རྐྱེན་དུ་འགྱུར་རོ། །པྲ་བཱ་ཧི་ཀཱ། བི་སཱུ་ཙི་ཀཱ། བཧ་ཐོབ་པ་ལའོ། །སཱུཙ་ཕྲ་མ་ལའོ། །པྲ་དང་བི་དག་སྔོན་དུའོ། །སཱུ་ཙ་ལ་ཙུར་སོགས་ཉིད་ལས་ཨིནའོ། །བུཉའོ། །ཨ་ཀར་བསྒྱུར་རོ། །བུད་མེད་ལ་ཨཱ་ལས་
ཨཱཔའོ། །ཀའི་རྐྱེན་ལས་ཞེས་པས་ཨི་ཉིད་དོ། །བརྗོད་པ་སྨོས་པ་ནི་ཚིག་གཞན་བརྗོད་པའི་ནང་ལ་མི་འགྱུར་བ་སྟེ་བུ་བྷུ་ཀྵོ་བྷ་སྨ་ཀེ་ན། ཞེས་པའོ་བྷུ་ཛ་ལས་ས་མཐའ་ལས་ཤནྶུའི་རྐྱེན་གྱི་མཐའ་ལས་ཨའོ་ཞེས་པས་ཨ་ཡིག་གོ། །བྷསྨ་ཀའི་སྒྲ་ཉེ་བའི་ཚིག་ལས་འདིར་བུ་བྷུ་ཀྵཱི་སྒྲ་ནང་ལ་འཇུག །གལ་ཏེ་དེ་
ལྟར་ན་འདིར་ཐོབ་པར་འགྱུར་ཏེ། ཤི་རརྟྟི། ཤི་རས་སྔོན་དུའོ། །བུད་མེད་ལ་ཀྟིའོ་ཞེ་ན། བདེན་ཏེ། གཞན་ལ་ཡང་ངོ་ཞེས་པའི་ཚིག་ལས་འགྱུར་བའོ། །བྱིངས་དོན་ཙམ་ལ་བུཉ་འདོད་དེ། ཨཱ་སི་ཀཱ། ཤཱ་ལི་ཀཱ། མིང་ལ་འང་ངོ་། །བྱིངས་ལས་མིང་ལས་བུཉ་ཕ་རོལ་ཏུ་འགྱུར་རོ། །ཨུ་དྡྷ་
ལ་པུཥྤ་བྷཉྫི་ཀཱ། ཨ་བྷྱོ་ཥ་ཁཱ་དི་ཀཱ། བྷཉྫ་ཀུན་ནས་ཉེད་པ་ལའོ། །ཁཱ་དྲི་ཟ་བར་བྱེད་པ་ལའོ། །ཀ་དང་ཙེ་ཀྲཱི་ཡི་ཏ་དག་གི་ཞེས་པས་འདི་དག་མིང་ངོ་། །བརྒྱུད་རིམ་འོས་པ་བུ་ལོན་རྣམས་ལའང་ངོ་། །བརྒྱུད་རིམ་ནི་བརྒྱུད་པར་སྦྱོར་བའི་རིམ་པའོ། །འོས་པ་ནི་རིགས་པའོ། །བརྒྱུད་རིམ་དང་འོས་པ་དང་
เล่ม ๑๙๕ · หน้า 300a
བུ་ལོན་ཞེས་པ་འདི་རྣམས་ལ་འཇུག་པའི་བྱིངས་ལས་བུཉ་ཕ་རོལ་ཏུ་འགྱུར་རོ། །བརྒྱུད་རིམ་ལ། བྷ་བ་ཏཿཨཱ་སི་ཀཱ། བྷ་བ་ཏཿཤ་ཡི་ཤཱ། བྷ་བ་ཏཿཤ་ཡི་ཤཱ། འོས་པ་ལ། པ་ཡཿཔཱ་ཡི་གཱ་ཨརྷ་ཏི། པཱ་མཐུང་བ་ལའོ། །བུཉའོ། །ཨཱ་ཡིར་བསྒྱུར་རོ། །བུ་ལོན་ལ། ཨིཀྵུ་བྷ་ཀྵི་མི་དྷཱ་ར་
ཡ་ཏི། བཀྵི་ལས་ཙུར་སོགས་ཉིད་ཀྱི་ཕྱིར་ཨི་ནའོ། །ཨུཏྤ་ཏི་ལ་ཡང་འདོད་དེ། པ་ཡཿབཱ་ཡི་ཀཱ་ཨུཏྤ་དི། འདྲི་བ་དང་བཤད་པ་དག་ལ་ཨིཉ་འང་ཡང་ནའོ། །འདྲི་བ་དང་བཤད་པར་བྱ་བ་ལ་འདུག་བཞིན་པའི་བྱིངས་ལས་བུཉ་འགྱུར་ཞིང་ཨིཉའི་རྐྱེན་ཡང་ངོ་། །དེ་དག་ཀྱང་ཡང་ནའོ། །དེས་ན་རྐྱེན་
གཞན་ཡང་ཇི་ལྟར་མཐོང་བ་བཞིན་འགྱུར་རོ། །རེ་ཞིག་འདྲི་བ་ལ། ཀཱཾ་ཏྭཾ་ཀཱ་རི་ཀཱ་མ་ཀཱཪྵིཿ། ཀཱཾ་ཏྭཾ་ཀཱ་རི་ཀཱ་མ་ཀཱཪྵིཿ། དེ་བཞིན་དུ། ཀཱ་ཀྲི་ཡཱ་ཏྭ་མ་ཀཪྵིཿ། ཀཱཾ་ཀྲི་ཏྱཱ། ཤ་དང་ཀྱཔ྄འི་རྐྱེན་ནོ། །ཀཱཾ་ཀྲྀ་ཏིཾ། ཀྟིའི་རྐྱེན་ནའོ། །བཤད་པ་ལ། སརྦཿཀཱ་རི་ཀཱ། ཨཧ་མ་ཀཱཪྵི། སརྦཿཀཱརཱི། ཀིཡཱཿ། འོ་ན།
སརྦཿཀྲིཏྱཱ། ཨཱ་ཧ་མ་ཀིཪྵཾ། སརྦཱཿཀྲྀཏཱིཿཐམས་ཅད་ལ་ཤཔའོ། །ནཉ་ལ་འཁྲིག་ཚིག་ལ་ཨནིའོ། །ནཉ་ཉེ་བའི་ཚིག་ལ་བྱིངས་ལས་འཁྲིག་ཚིག་མ་རྟོགས་པར་བྱ་བཞིན་པ་ལ་ཨནིའི་རྐྱེན་འགྱུར་རོ། །ཨ་ཀར་ཎི་སྟེ་བྷུ་ཡཱ་དབྲི་ཥ་ལཿ། དངོས་པོའི་དོན་ལ་ཨ་ནིའོ། །ནཉ་ཞེས་པ་ཅི་ཞེ་ན། མྲྀ་ཏི་སྟེ་ཛནྨཿ།
འཁྲིག་ཚིག་ལ་ཞེས་པ་ཅི་ཞེ་ན། ཨ་ཀྲྀ་ཏི་སྟ་སུ་ཀ་ཊ་སྱ། ཀྲྀ་ཏྱ་དང་ཡུཊ་དག་གཞན་ལ་ཡང་ངོ་། །ཀྲྀ་ཏྱ་དང་ཡུཊ་དོན་གང་ལ་བྱས་པ་དེ་ལས་གཞན་དུ་ཡང་འགྱུར་རོ། །དངོས་པོ་དང་ལས་དག་ལ། ཀྲྀཿ། ཀྲྀཏྱ། བརྗོད་ཟིན་པ་ལས་དོན་གཞན་ལ་ཡང་འགྱུར་ཏེ། འདིས་འདག་འཆལ་བྱེད་དོ། །སྣཱ་ནཱི་ཡམ་
ཙུརྞཾ། བྱེད་པ་ལ། ཨ་ནཱི་ཡའོ། །གང་གི་ཆེད་དུ་སྦྱིན་པར་བྱ་བ་དེ། དཱ་ནཱི་ཡཿ། ཡང་དག་པར་རབ་ཏུ་སྦྱིན་པ་ལ་ཨ་ནི་ཡའོ། །དངོས་པོ་ལ་བྱེད་པ་དང་གཞི་དག་ལ་ཡང་ཡུཊ་བརྗོད་ཟིན་པ་ལས་གཞན་དུ་ཡང་འགྱུར་ཏེ། དེ་ངེས་པར་འཐོར་རོ་ཞེས། ཨ་བ་སེ་ཙ་ནཾ། ཥྀ་ཅ་འཛག་པ་ལའོ། །ལས་ལ་ཡུཊའོ། །
དེ་བཞིན་དུ། རྒྱལ་པོ་རྣམས་ཀྱི་བཟའ་བར་བྱ་བ་ནི། ར་ཛ་བྷོ་ཛ་ནཱཿ། ཤཱ་ལ་ཡཿ། རྒྱལ་པོ་རྣམས་ཀྱིས་གྱོན་པར་བྱ་བ་ནི། རཱ་ཛཱ་ཙྪན་ནི་གོས་རྣམས་སོ། །ཙྪདི་ལས་ཙུར་སོགས་ཉིད་ཀྱི་ཕྱིར་ཨིནའོ། །ཡུཌའོ། །ཀཱ་རི་ཏཱ་དབྱིའོ། །གང་ལས་རབ་ཏུ་གདུང་བར་བྱེད་པ། སྲས་ཏཾ་ནང་ངེས་པར་ཀུན་སྦྱིན་པ་ལ་
เล่ม ๑๙๕ · หน้า 300b
ཡུཊའོ། །ཀྲྀཏ་གཟུང་བར་བྱ་བ་ལ། ཀྲྀཏྱ་དང་ཡུཊ་སྨོས་པའི་དགོས་པ་བསམ་པར་བྱ་བ་ནི་ཀྲྀ་ཏ་ཀྱི་རྐྱེན་ཡང་སྦྱོར་བའི་རྗེས་སུ་འབྲངས་པས་དོན་གཞན་ལ་ཡང་བལྟ་བར་བྱ་སྟེ། རྐང་པ་དག་གིས་འཕྲོག་པར་བྱ་བ་ནི། པཱ་ཧཱ་ར་ཀཿ། ལས་ལ་བུཎའོ། །ཡང་གི་སྒྲ་ནི་ཀྲྀཏ་ལ་མི་འཁྲུལ་བའི་དོན་དུ་སྟེ། དེ་ལྟར་
ཡང་ཉེར་བསྒྱུར་མེད་པ་ལ་གྷཱཉ་བརྗོད་ཟིན་པ་སྟེ། ཁ་ཅིག་ཏུ་ཉེར་བསྒྱུར་དང་བཅས་པ་ལས་ཀྱང་མཐོང་སྟེ། ཨ་ནུ་བྷ་བཿ། པྲ་བྷ་བཿ། དངོས་པོ་ལ་མ་ནིང་ལ་ཀྟའོ། །མ་ནིང་ལ་དངོས་པོའི་དོན་ལ་བྱིངས་ལས་ཀྟའི་རྐྱེན་འགྱུར་རོ། །ཧ་སི་ཏམ྄། ཨཱ་སི་ཏཾ། ཡུ་ཊའང་ངོ་། །མ་ནིང་ལ་དངོས་པོའི་དོན་
ལ་བྱིངས་ལས་ཡུཊའང་འགྱུར་རོ། །ཧ་ས་ནཾ། ཨཱ་ས་ནཾ། ཊ་ཡིག་རྗེས་སུ་འབྲེལ་པར་བྱེད་པ་ནི་ཕྱི་མའི་དོན་དུ་སྟེ། སྦྱོར་བ་རྣམ་པར་གཞག་པ་འང་ངོ་། །བྱེད་པ་དང་གཞི་དག་ལ་འང་ངོ་། །བྱེད་པ་དང་གཞིའི་དོན་ལའང་བྱིངས་ལས་ཡུཊ་འགྱུར་རོ། །གང་གི་བུད་ཤིང་གཅོད་པ་དེ་ནི། ཨི་དྷྨ་བྲ་ཤྩ་ནཾ།
གང་ལ་ནུས་པ་གནས་པ་དེ་ནི། ཤཀྟ་དྷཱ་ནཱིསྠཱ་ལཱི། །སྐྱེས་པ་ལ་མིང་ལ་གྷའོ། །བྱིངས་ལས་མིང་གི་ཡུལ་ལ་གྷའི་རྐྱེན་འགྱུར་ཏེ། བྱེད་པ་དང་གཞི་དག་མངོན་པར་བརྗོད་པའི་སྐྱེས་པའི་ཁྱད་པར་ལའོ། །གསལ་བྱེད་མཐའ་ལས་གྷཉའོ་ཞེས་འཆད་པར་འགྱུར་བའི་ཤུགས་ལས་དབྱངས་མཐའ་ལས་རྐྱེན་འདིའོ། །
འདིར་སོ་རྣམས་སྒྲིབ་པར་བྱེད་དོ་ཞེས་ལ། དནྟ་ཙྪདཿ། ཙྪདི་ལས་ཙུར་སོགས་ཉིད་ཀྱི་ཕྱི་ཨིན྄འོ། །གྷའི་རྐྱེན་ནོ། །ཚཱ་དེའི་གྷ་སིད་ཅེས་པས་ཐུང་ངུའོ། །འདིས་འགྲོ་བར་བྱེད་དོ་ཞེས་ལ། སླ་བཿ། སླུང་འགྲོ་བ་ལའོ། །དེ་ལ་འདིས་འབྱུང་བར་བྱེད་དོ་ཞེས་ལ། ཨཱ་ཀ་རཿ། ཀྲྀ་ཉའི་སྔོན་དུ་ཨཱངའོ། །གྷའོ། །
སྐྱེས་པ་ལ་ཞེས་པ་ཅི་ཞེ་ན། པྲ་སཱ་དྷ་ནཾ། འདིས་སྒྲུབ་པར་བྱེད་དོ་ཞེས་སྔ་མས་ཡུཊའོ། །གོ་ཙ་ར་སཉྩ་ར། བ་ཧ། པྲ་ཛ། བྱ་ཛ། ཀྲཕྲ། ཨཱ་པ་ཎ་ནི་གམ་རྣམས་ལས་ཀྱང་ངོ་། །འདི་རྣམས་སྐྱེས་བུའི་ཁྱད་པར་ལ་བྱེད་པ་དང་གཞི་དག་ལ་གྷའི་རྐྱེན་དུ་གྱུར་པ་རྣམས་ཚིག་ཕྲད་དོ། །གསལ་བྱེད་
མཐའ་ལས་ཀྱང་ཞེས་པས་གྷཉའི་རྐྱེན་ཐོབ་པ་ལའོ། །འདིར་མིག་རྣམས་སྐྱོད་པར་བྱེད་ཅེས་པ། གོ་ཙ་རཿ། གལ་ཏེ་ཡང་འདི་རྣམས་བྱེ་བྲག་ཏུ་རྟོགས་པ་དེ་ལྟ་ན་ཡང་སྒྲ་འདི་སྟེ། སོ་སོར་ཉེ་བར་གནས་སོ་ཞེས་གསུང་ངོ་། །དེ་བཞིན་དུའང་། ལྷས་བྱིན་གྱི་དག་གི་སྤྱོད་ཡུལ་ཞེས་སྦྱར་རོ། །འདིས་
เล่ม ๑๙๕ · หน้า 301a
ཡང་དག་པར་སྒྱུར་པར་བྱེད་དོ་ཞེས་ལ། སཾ་ཙརཿ། འདིས་ཐོབ་པར་བྱེད་དོ་ཞེས་ལ། བ་ཧཿ། འདིས་བརྟུལ་ཤུགས་བྱེད་དོ། །བྲ་ཛཿ། འདིས་ཟོལ་བྱེད་དོ་ཞེས་ལ། བྱ་ཛཿ། ཨ་ཛ་འགྲོ་བ་ལའོ་ཞེས་པ་འདི་བི་སྔོན་མ་ཅན་ནོ། །དེའི་དངོས་པོ་ཐོབ་པ་དང་དངོས་པོ་མེད་པ་ལའང་ཚིག་ཕྲད་དོ། །
ཀ་སྡེ་དང་པོ་དང་། བྲཛིཿ། ཞེས་པའི་ཚིག་ལས་ག་ཉིད་དུའང་མི་འགྱུར་རོ། །འདིས་རིམ་པར་བྱེད་དོ་ཞེས་ལ། ཀྲམཱཿ། འདིས་ཀུན་ནས་འཚོང་ངོ་ཞེས། ཨཱ་པ་ནཾ། འདིས་འགྲོ་བ་རྣམས་ངེས་པར་འགྲོ་ཞེས་པ། ནི་ག་མཿ། ཆོས་ལ་སོགས་པ་རྣམས་སོ། །ཀྱང་གི་སྒྲ་ལས། ཀ་ཤ་དང་ནིཀ་ཤ་དག་ལའང་སྟེ་དེར་
འདར་བར་བྱེད་དོ་ཞེས་ལ། ཀ་ཤཿ། དེར་ངེས་པར་འབྱེད་དོ་ཞེས་ལ། ནི་ཀ་སཿ། ཨ་བ་ཏྲྀ་སྟྲྀ་དག་གི་གྷཉའོ། ཨ་པའི་སྒྲ་ཉེ་བའི་ཚིག་ལ། ཏྲྀ་དང་སྟྲྀ་དག་ལས་གྷཉ་འགྱུར་ཏེ། སྐྱེས་པ་ལ་འཇུག་པའི་བྱེད་པ་དང་གཞི་དག་ལའོ། །གྷའི་རྐྱེན་འགེགས་པའོ། །དེ་དང་འཇུག་པར་བྱེད་པའམ་དེར་འཇུག་པ་ནི། ཨ་
བ་ཏཱརཿ། དེས་སམ་དེར་ཀུན་དུ་འདྲེན་པར་བྱེད་པ་ནི། ཨ་བ་སྟཱ་རཿ། གྷ་རྗེས་སུ་འབྲེལ་བར་བྱེད་པ་ནི་ཕྱི་མའི་དོན་དུའོ། །གསལ་བྱེད་ལས་ཀྱང་ངོ་། བྱིངས་གསལ་བྱེད་ཀྱི་མཐའ་ཅན་ལས་ཀྱང་སྐྱེས་པ་ལ་འཇུག་པའི་བྱེད་པ་དང་གཞི་དག་ལས་གྷཉ་འགྱུར་རོ། འདིས་དག་པར་བྱེད་དོ་ཞེས་ལ། ཨ་སཱ་མཱརྒཿ།
མྲྀ་ཛུཥ་དག་པ་ལའོ། །ཨ་པ་སྔོན་དུའོ། གྷ་ཉའོ། མརྫའི་མཱརྫིའོ། །ཙ་ཛ་དག་གི་ཞེས་པས་གའོ། །ཐུང་ངུའི་རིང་པོའོ་ཞེས་པས་རིང་པོའོ། །འདི་ལ་སྡིག་པ་འཇིག་པར་བྱེད་དོ་ཞེས་ལ། ནི་ཥཱ། ཥདླྀ་འཇིག་པ་ལའོ། །ཁ་ནི་ལས་ཀྱང་གྷཉ་འང་འདོད་དེ། འདིས་ཀུན་ནས་འཇོམས་སོ་ལ། ཨ་ཁཱ་ནཿ།
ཌའི་རྐྱེན་ཡང་མཐོང་སྟེ། འདིས་ཀུན་ནས་འཇོམས་སོ་ལ། ཨཱ་ཁཿ། ཕྱོགས་གཅིག་ལ་གྷའི་རྐྱེན་ནོ། །ཨཱ་ཁ་ནཿ། ཨ་དྷྱཱ་ཡ་ནྱ་ཡ་ཨུ་དྱཱ་བ་སཾ་ཧཱ་ར་ཨ་དྷ་ཨཱ་སཱ་ཡ་རྣམས་ཀྱང་། གྷཉའི་རྐྱེན་གྱི་མཐའ་ཅན་གྱི་སྒྲ་འདི་རྣམས་ཚིག་ཕྲད་དོ། །འདི་ལ་བཀླག་པར་བྱའོ་ཞེས་པ། ཨ་དྷྱཱ་ཡཿ། ཨ་དྷི་སྔོན་མ་ཅན་
གྱི་ཨིང་ལས་གྷཉའོ། །སྐྱེས་པ་ལ་མིང་ལའོ་ཞེས་པས་གྷ་ཐོབ་པ་ལའོ། །དེ་བཞིན་དུ། འདིས་རིགས་པ་བྱེད་དོ་ཞེས་ལ། ནྱ་ཡཿ། ནི་སྔོན་མ་ལས་ཨིཎ་ལ་གྷཉའོ། །འདི་ལ་ཤིན་ཏུ་སྲེ་བར་བྱེད་དོ་ཞེས་ལ། ཨ་དྱཱ་བཿ། ཡུ་བསྲེ་བ་ལའོ། །ཨུད་སྔོན་དུའོ། །དེར་སྡུད་པར་བྱེད་དོ་ཞེས་ལ། སཾ་ཧཱ་རཿ། འདི་ལ་ཀུན་
เล่ม ๑๙๕ · หน้า 301b
འཛིན་པར་བྱེད་དོ་ཞེས་ལ། ཨཱ་དྷཱརཿ། དེ་བྱེད་དོ་ཞེས་ལ། ཨཱ་བ་ཡཿ། དྲ་བ་ལ་ནི་ལས་གྷཉ་བཤད་པར་བྱ་སྟེ། འདིས་ཀུན་དུ་དྲ་བར་བྱའོ་ཞེས་ལ། ཨཱ་ནཱ་ཡཿ། དྲ་བ་ཞེས་པ་ཅི་ཞེ་ན། ཨཱ་ན་ཡཿ། གྷའི་རྐྱེན་ནོ། །ཨཱི་ཥད་དུར་སུ་རྣམས་ལ་དཀའ་བའི་དོན་རྣམས་ལ་ཁལའོ། །དཀའ་བ་
དང་མི་དཀའ་བའི་དོན་ཅན་རྣམས་ལ་ཞེས་ཟླས་དབྱེ་ཁོ་ན་གནས་པའི་འབྲུ་མང་པོ་པའོ། །དཀའ་བ་དང་དཀའ་བ་མ་ཡིན་པ་ཅན་ཞེས་པ་འདི་དག་གི་དོན་ལ་འཇུག་བཞིན་པའི་ཨཱི་ཥད་དང་དུར་དང་སུ་ཞེས་པ་འདི་རྣམས་ཉེ་བའི་ཚིག་ལ། བྱིངས་ལས་ཁལ་ཕ་རོལ་ཏུ་འགྱུར་རོ། །ལ་ཡིག་ནི་དངོས་པོ་དང་ལས་དག་
ལ་ཀྲྀཏྱ་ཀཱ་ཞེས་པའི་དོན་ཏོ། །དཀའ་བ་ནི་སྡུག་བསྔལ་བའོ་དེ་ནི་དུར་གྱི་ཁྱད་པར་རོ། །མི་དཀའ་བ་ནི་བདེ་བའོ། །དེ་ཡང་ཨཱི་ཥཏ་དང་སུའི་སྒྲ་དག་གོ། །ཨིཥཏྐ་རཿ། དུཿཀར། སུ་ཀརཿ། དཀའ་བས་བྱ། སླ་བས་བྱ་ཞེས་པས་ཁལའོ། །དེ་བཞིན་དུ། ཨིཥདྦྷོ་ཛཿ། དུརྦྷོ་ཛཿ། སུབྷོ་ཛཿ། ཨཱིཥད་
དུར་སུ་རྣམས་ལ་ཞེས་པ་ཅི་ཞེ་ན། ཀྲྀཙྪ་ཎ་ཀཱརྱཿ། དཀའ་བ་དང་མི་དཀའ་བའི་དོན་རྣམས་ལ་ཞེས་པ་ཅི་ཞེ་ན། ཨི་ཥ་ཏྐཱཪྱཾ། ཅུང་ཟད་ཅེས་པའི་དོན་ཏོ། །འོ་ན་ཨཱི་ཥཏ་ལ་སོགས་པ་རྣམས་མི་ཟད་པ་ཉིད་ཀྱི་ཕྱིར་མ་ཡིག་ཨཱ་ག་མ་མི་འགྱུར་བས་ཁ་རྗེས་སུ་འབྲེལ་བར་བྱེད་པས་ཅི་ཞེ་ན། བདེན་ཏེ་ཕྱི་མའི་དོན་དུའོ། །
བྱེད་པ་པོ་དང་ལས་དག་ལའང་བྷཱུ་ཀྲྀཉ་དག་གིའོ། །ཨཱི་ཥད་དུར་སུ་རྣམས་དཀའ་བ་དང་དཀའ་བ་མིན་པའི་དོན་ཅན་རྣམས་ལ་བྱེད་པ་པོ་དང་ལས་ཉེ་བའི་ཚིག་ལ་གྲངས་ཇི་ལྟ་བ་བཞིན་དུ་བྷཱུ་དང་ཀྲིཉ་ལས་ཁལ་འགྱུར་རོ། སླ་བས་ཕྱུག་པོར་བྱེད། ཨཱི་ཤ་དཱ་ཌྷྱཾ་བྷ་བཾ། དུ་རཌྷྱཾ་བྷ་བཾ། སྭཱཌྷྱཾ་བཾ། དེ་བཞིན་དུ། །ཨཱི་
ཥ་དཱཌྷྱཾ་ཀ་རཿ། དུ་རཌྷྱཾ་ཀ་རཿ། སྭཌྷྱཾ་ཀཿ། ཨཱཏ་རྣམས་ལས་ད་རི་དྲ་ཏི་མིན་པ་ལས་ཡུའོ། །ཨིཥ་ད་སོགས་འཇུག་ཅིང་བྱེད་པ་པོ་དང་ལས་དག་ནི་ལྡོག་གོ། །ཡཱིཥདུ་སོགས་རྣམས་ལ་དཀའ་བ་དང་དཀའ་བ་མ་ཡིན་པའི་དོན་ཅན་རྣམས་ཉེ་བའི་ཚིག་ལ་ཨཱཏ་ཏེ་ཨཱ་ཡིག་མཐའ་ཅན་གྱི་བྱིངས་ལས་ཡུ་འགྱུར་ཏེ། ད་
རི་དྲ་ཏི་དོར་བ་ལས་སོ། །བདེ་བས་མཐུང་བ། ཨཱི་ཥཏྤ་ནཿ། དུཿཔཱ་ནཿ། པུ་པཱ་ནཿ། ད་རི་དྲ་ཏི་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཨཱི་ཥདྡ་རི་དྲཿ། ཁལ་ལོ། །ད་རི་ཏྲ་ཏིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པས་ཨཱ་དབྱིའོ། །ཤཱས་ཡུདྷི་དྲི་ཤིདྷི་ཥི་མྲྀ་ཥི་རྣམས་ཀྱི་ཡང་ནའོ། །ཨཱི་ཥཏ་ལ་སོགས་པ་རྣམས་
เล่ม ๑๙๕ · หน้า 302a
དཀའ་བ་དང་དཀའ་བ་མ་ཡིན་པའི་དོན་ཅན་རྣམས་ཉེ་བའི་ཚིག་ལ་ཤཱ་སི་དང་ཡུདྷི་དང་དྲི་ཤི་དང་མྲྀཥ་རྣམས་ལས་ཡུའི་རྐྱེན་ཡང་ན་འགྱུར་རོ། །སླ་བས་བསྟན་པ་ནི། ཨཱི་ཥ་ཙྪ་ས་ནཿ། ཨཱི་ཥ་ཙྪ་སཿ། དུཿཤཱ་ས་ནཿ། དུཿཤཱ་སཿ། སུ་ཤཱ་ས་ནཿ། སུ་ཤཱ་སཿ། སླ་བས་གཡུལ་བྱ་བ་ནི། ཨཱི་
ཥདྱོ་དྷ་ནཿ། དུརྻོ་དྷ་ནཿ། སུ་ཡོ་དྷ་ནཿ། ཨཱིཥདྱོ་དྷཿ། དུརྨོ་དྷཿ། སུ་ཡོ་དྷཿ། སླ་བས་མཐོང་བ་ནི། ཨཱི་ཥདྡཪྴ་ནཿ། ཨཱི་ཥདྡཪྴཿ། དུརྡོཪྴ་ནཿ། དུརྡཪྴཿ། སུ་དཪྴ་ནཿ། སུ་དཪྴཿ། ཕྱོགས་གཅིག་ལ་ཁལ་འཇུག་གོ། །སླ་བས་སྤྱི་བརྟོལ་བྱེད་པ་ནི། ཨཱི་ཤདྡྷཪྵ་ཎཿ། ཨཱི་ཥདྡྷཪྵཿ།
དུརྡྷཪྵ་ཎཿ། དུརྡྷཪྵཿ། སུ་དྷཪྵ་ཎཿ། སུ་དྷཪྵཿ། སླ་བས་བཟོད་དོ། ཨཱི་ཥནྨཪྵཎཿ། ཨཱི་ཥནྨཪྵཿ། དུརྨཪྵ་ཎཿ། དུརྨཪྵཿ། སུ་མཪྵ་ནཿ། སུ་མཪྵཿ། ཡང་ན་སྨོས་པ་ནི་ཁ་ལ་ཕྱོགས་གཅིག་ལ་འཇུག་པའི་དོན་དུའོ། །གལ་ཏེ་ཡུའི་རྐྱེན་གྱིས་ལྷན་ཅིག་པའི་ཁལ་ལ་གནོད་པར་བྱེད་དེ། གཟུགས་
མཚུངས་པར་གྲུབ་པས་ཡང་ན་ལ་གནོད་པར་འགྱུར་རོ་ཞེ་ན། དེ་ལྟར་ན། ཡང་ན་སྨོས་པའི་ཤེས་པར་བྱེད་པ་བུད་མེད་ལ་སྤྱིར་བཏང་བའི་ཕྱིར་གཞན་གྱིས་མ་ཡིན་ནོ། །གཟུགས་མཚུངས་པའི་སྒྲུབ་པ་ཡང་ན་ཞེས་པ་གལ་ཏེ་འགྱུར་ན། མ་ནིང་ལ་དངོས་པོ་ལ་ཀྟའི་རྐྱེན་བཞིན་དུའང་གྷཉ་འང་འགྱུར་རོ། །འདོད་
པའི་དོན་རྣམས་ལ་བྱེད་པ་པོ་གཅིག་པ་རྣམས་ལ་ཏུམའོ། གཉི་ག་ལ་ཡང་འབྲུ་མང་པོ་པའོ། །བྱེད་པ་པོ་གཅིག་པ་རྣམ་ལ་སྟེ་བྱེད་པ་པོ་མཚུངས་པ་ལ་འདོད་པའི་དོན་ཅན་གྱི་བྱིངས་རྣམས་ཉེ་བའི་ཚིག་ལ་བྱིངས་ལས་ཏུམའི་རྐྱེན་འགྱུར་རོ། །ཨིཙྪ་ཏི་བྷོཀྟུམ། བཱཉྪ་ཏི་བྷོཀྟུམ྄། བཱཉྪ་འདོད་པ་ལའོ། །
བྱེད་པ་པོ་གཅིག་པ་རྣམས་ལ་ཞེས་པ་ཅི་ཞེ་ན། དེ་བ་དཏྟཾ་བྷུཉྫ་ནཾ་ཨིཙྪ་ཏི་ཡཛྙ་དཏྟཿ། བྷུཛ་ལས་ད་ལྟར་བ་ལ་ཤནྟྲྀང་ཨཱ་ན་ཤ་ཞེས་པས་ཨཱ་ན་ཤའོ། །རུ་དྷ་སོགས་ཀྱི་དབྱངས་ལས་ཞེས་པས་ན་སྒྲའོ། །འོ་ན་ཟ་བར་བྱེད་པ་དོད་པའི་ཉིད་ཀྱི་ཕྱོར་བྱ་བ་ལ་བྱ་བའི་དོན་ལ་ཝུཎ་ཏུམ་དག་གོ་ཞེས་པ་འདིས་ཏུམ་
གྲུབ་པའི་ཕྱིར་ཏུམ་གྱི་ཚིག་དོན་མེད་དོ་ཞེ་ན། འདི་ཡོད་མོད་འོན་ཀྱང་ཏུམའི་རྐྱེན་བཞིན་བུཎ་ཡང་འགྱུར་རོ། །ཀཱ་ལ་ས་མ་ཡ་བེ་ལཱ་ནུས་པའི་དོན་རྣམས་ལའང་ངོ་། ནུས་པར་བྱ་བ་ནི་ནུས་པ་སྟེ་སྒྲ་གང་རྣམས་ཀྱི་ནུས་པའི་དོན་དེ་ནི་ནུས་པའི་དོན་རྣམས་སོ། །ཀཱ་ལ་དང་ས་མ་ཡ་དང་བེ་ལཱ་ཞེས་པ་འདི་རྣམས་ཉེ་
เล่ม ๑๙๕ · หน้า 302b
བའི་ཚིག་ལ་དང་ནུས་པའི་དོན་ཏེ་ནུས་པའི་དོན་རྣམས་ལའང་བྱིངས་ལས་ཏུམ་ཕ་རོལ་ཏུ་འགྱུར་རོ། །ཀཱ་ལོ་བྷོཀྟུམ྄། ས་མ་ཡོ་བྷོ་ཀྟུམ། བེལཱ་བྷོཀྟུམ། ས་མརྠ་བྷོཀྟུམ། བྷོཀྟུམ་པཪྱཔྟཿ། འང་གི་སྒྲ་ལས་ཇི་ལྟར་མཐོང་བ་བཞིན་གཞན་ལ་ཡང་ཏུམ་འདོད་དེ། བྷོཀྟུ་ཀཱ་མཿ། བྷོཀྟུམ་ནཿ། བཤད་པ་ལས་ཏུམའི་
མ་དབྱིའོ། །དང་པོའི་མཐའ་རྣམས་ལ་ཀཱ་ལ་ལ་སོགས་པ་ཉིད་ལ་རྐྱེན་བཤད་དོ། །དེས་ན་འདིར་མི་འགྱུར་ཏེ། ཀཱ་ལ་བྷུཀྟམ། ཞེས་པའོ། །འོས་པ་ལ་ཏྲྀཙའོ། བྱེད་པ་པོ་ལ་ཀྲྀཏ་རྣམས་སོ་ཞེས་པའི་ཚིག་ལས་གང་བྱེད་པ་པོ་སྨོས་པ་ཐོབ་པ་དེ་དང་དེའི་འོས་པའི་ཞེས་ཁྱད་པར་ཤེས་པར་བྱའོ། །གང་
བྱེད་པ་པོར་འོས་པ་པོ་ལ་བྱིངས་ལས་ཏྲྀཙ་འགྱུར་རོ། །ཀ་ནྱ་ཡཱ་བྷ་བཱ་ན་བོཌྜྷ། ཐོབ་པར་འོས་པར་བྱེད་དོ་ཞེས་པའི་དོན་ཏོ། །ཧའི་ཌྷའོ་ཞེས་པ་ལ་སོགས་པས་ཌྷ་ཉིད་ལ་སོགས་པ་བྱས་པ་རྣམས་ལ་ས་ཧི་བ་ཧ་དག་གི་ཨ་ཡིག་གི་ཨོཏའོ་ཞེས་པས་ཨོ་ཉིད་དོ། ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་གྲུབ་པ་ལ་སྦྱོར་
བ་བརྩམས་པ་ནི། བྱེད་པ་པོར་འོས་པ་ལ་བདུན་པས་གནོད་པར་མི་འགྱུར་རོ་ཞེས་པའོ། །བུཎ་འགྱུར་རོ་ཞེ་ན། གལ་ཏེ་མངོན་པར་བརྗོད་པ་ཡོད་ན་འགྱུར་རོ། །བསྒོ་བ་ཁས་ལེན་དུས་ལ་བབ་པ་རྣམས་ལ་ཀྲྀཏྱ་རྣམས་སོ། །འདི་རྣམས་རྟོགས་པར་བྱ་བཞིན་པ་ལ་བྱིངས་ལས་ཀྲྀཏྱའི་རྐྱེན་འགྱུར་རོ། །ཁས་
ལེན་ནི་འདོད་པ་སྤྱོད་པའོ། །བྷ་བི་ཏཱ་ཀ་ཊཿཀརྟ་བྱཿ། ཀ་ར་ཎཱི་ཡཿ། ཀཱརྱཿ།ཀྲྀཏྱཿ། ཁས་ལེན་པ་ལ། མ་ཡཱ་ཀཊཿཀརྟ་བྱཿ། དུས་ལ་བབ་པ་ལ། ཨ་དྷུ་ནཱ་ཀཊཿཀརྟབྷཿ། བསྒོ་བ་ལ་སོགས་པ་རྣམས་ལ་སློབ་དཔོན་རྣམས་ཀྱིས་པཉྩ་མིའི་བཤ་དོ། །དེས་ཀྲིཏྱ་རྣམས་ལ་གནོད་པར་མི་འགྱུར་རོ་ཞེས་གྲུབ་ཀྱང་
དེ་སླར་ཡང་བསྒྲུབ་པའོ། །གདོན་མི་ཟ་བ་དང་བུ་ལོན་ལེན་པ་དག་ལ་ཡང་ཎི་ནིའོ། །བུ་ལོན་ལེན་པ་ནི་བུ་ལོན་ལེན་པའོ། །དེའི་དངོས་པོ་ནི་བུ་ལོན་ལེན་པའོ། གདོན་མི་ཟ་བ་དང་བུ་ལོན་ལེན་པ་ལ་དེ་དག་དང་བཅས་པས་པའི་བྱིངས་ལས་ཎི་ནིའི་རྐྱེན་འགྱུར་རོ། །གདོན་མི་ཟ་བར་བྱེད་དོ་ཞེ་ལ། ཨ་བ་
ཤྱཾ་ཀཱ་རི། ཨ་བ་ཤྱཾ་དཱ་ཡི། ལན་བརྒྱར་སྟེར་བར་བྱེད་དོ་ཞེས་ལ། ཤ་ཏཾ་དཱ་ཡཱི། ས་ཧ་སྲཾ་དཱ་ཡཱི། ཡང་གི་སྒྲས་འདིར་ཀྲྀཏྱ་དང་རྗེས་སུ་མཐུན་པར་ཁ་ཅིག་སེམས་སོ། །དེ་ནི་སྙིང་པོ་མེད་པ་སྟེ། བི་ཧི་ཏཱ། ངག་བྱས་པ་ཉིད་ལའང་ཎི་ནིས་གནོད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་དོན་ཐ་དད་པའི་ཕྱིར་རོ། །
เล่ม ๑๙๕ · หน้า 303a
བྱེད་པ་པོ་ལ་ཎི་ནིའོ། །དངོས་པོ་དང་ལས་དག་ལ་ནི་ཀྲི་ཏྱའོ། །མིང་ལ་སྨོན་པ་ལའང་ཏི་ཀ་ཀྲྀཏ་དག་གོ། །བྱིངས་ལས་ཏིཀ་དང་ཀྲྀཏ་ཅེས་པ་འདི་དག་ཕ་རོལ་ཏུ་འགྱུར་ཏེ། མིང་ལའང་སྨོན་པའི་ཡུལ་ལའོ། །རྒྱས་པར་གྱུར་ཅིག །དཱནྟིཿ། སྦྱིན་པར་གྱུར་ཅིག །སནྟིཿ། དེ་བཱ་ཡ།
ཨེ་ནཾ། དེ་ཡཱ་སུཿ། དེ་བ་དཏྟཿ། ཡཛྙ་ཨེ་ནཾ་དེ་ཡཱཏ། ཛ་ཡ་ཛྙ་དཏྟ། བ་སུ་བྷུ་ཏི། དེ་བ་བྷུ་ཏིཿ། སླར་ཡང་ཀྲྀཏུ་ཀྱི་ཚོགས་ཁྱད་པར་དུ་བྱས་པས་ཏི་ཀས་གནོད་པ་བཟློག་པའི་དོན་དུའོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀྲྀཏ་ཀྱི་སྐབས་རྐང་པ་ལྔ་པ་རྫོགས་སོ།། །།
བྱིངས་ཀྱི་འགྲེལ་པ་ལ་རྐྱེན་རྣམས་སོ། །བྱིངས་དང་འབྲེལ་པའི་དོན་བཤད་པ་ནི་འདིའོ། །འདིར་བྱིངས་ཀྱི་སྒྲ་བྱིངས་དོན་ལ་འཇུག་སྟེ་དེས་ན་བྱིངས་ཀྱི་དོན་དང་འབྲེལ་པ་ཅན་གྱི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་མཚོན་པར་གྱུར་པ་ལ། ཀྲྀཏ་ཀྱི་མིང་ཅན་གྱི་རྐྱེན་རྣམས་ལེགས་པར་འགྱུར་རོ། །དུས་ཐ་དད་
པ་ལ་བྱས་པས་བྱིངས་དང་འབྲེལ་བར་གྱུར་བ་ལེགས་པ་རྣམས་སོ་ཞེས་པའི་དོན་ཏོ། །ཨགྣིཥྚོ་མ་ཡཱ་ཛཱི་སུ་ཏྲོ྅སྱ་ཛ་ནི་ཏཱ། ཨགྣིཥྚོ་ལས་མཆོད་སྦྱིན་བྱས་ཟིན་ནོ་ཞེས་བྱེད་པ་ལ་ཡཛ་ལས་འདས་པ་ལའོ་ཞེས་པས་འདས་པའི་དུས་ལ་ཎི་ནིའོ། །ཛ་ནི་ཏཱ། ཞེས་པ་ཛ་ནི་ལས་འབྱུང་འགྱུར་གྱི་དུས་ལ་ཤྭསྟ་ནཱིའོ། །
དེ་ལ་འདས་པ་དང་འབྱུང་འགྱུར་དག་ཐ་དད་པ་ལས། ཡཱ་ཛཱི་དང་ཛ་ནི་ཏཱ། སྒྲ་དག་ཁྱད་པར་ཅན་གྱི་དངོས་པོ་མེད་པའི་ཕྱིར་ལེགས་པ་ཉིད་མིན་པ་ཐོབ་བོ། །དེ་ལ་འདིས་ལེགས་པ་ཉིད་བྱ་སྟེ། དེའང་ཅི་ལྟར་ཡིན་ན། ཨགྣིཥྚོ་མ་ཡཱ་ཛི་ཞེས་པ་འདི་ཁྱད་པར་ཡིན་ཏེ། གང་གི་ཚེ་རང་གི་དུས་ཡོངས་སུ་དོར་ནས།
ཛ་ནི་ཏཱ་ཞེས་པ་འདིའི་དུས་འོག་ཏུ་དམིགས་པར་བྱེད་དོ། །དེས་ན་དོན་འདི་ཡིན་ཏེ། དེ་ལྟ་བུའི་རྣམ་པས་ཨ་སྱ་སུ་ཏྲོ་ཛ་ནི་ཏཱ། གང་གིས་ན། ཨགྣི་ཥྚོ་ལས་མཆོད་སྦྱིན་བྱས་ཟིན་པའི་རྒྱུ་ལས་སོ། །འོ་ན། ཛ་ནི་ཏཱ། ཞེས་པ་འདི་ཁྱད་པར་ཅན་ཡིན། ཨཱ་ཛཱི་ཞེས་པ་འདི་མ་ཡིན་པ་ནི་ཅི་ལས་ཤེ་ན། བརྗོད་པར་
བྱ་སྟེ་ཀུན་བཤད་པའི་ཚིག་ནི་ཁྱད་པར་ཅན་ཏེ་བྱ་བ་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཀྲྀཏའི་མཐའི་ཅན་ནི་ཁྱད་པར་ཏེ། ཀྲྀཏ་རྣམས་ནི་བྱེད་པ་པོ་ལ་བསྒྲུབས་པ་ཡིན་པའི་ཕྱིར་དང་བྱེད་པ་པོ་ཡང་བྱ་བའི་གཞན་དབང་ཉིད་ཀྱི་ཕྱིར་རོ། །ཀྲྀཏ་སྨོས་པར་བྱ་བ་ལ་རྐྱེན་གཟུང་བའི་སྐབས་གཞན་དུ་བྱས་པའི་རྐྱེན་ཡོངས་
เล่ม ๑๙๕ · หน้า 303b
སུ་གཟུང་བའི་དོན་དུའོ། །དེས་ན་འདིར་ཡང་ལེགས་པ་ཉིད་དུ་འགྱུར་ཏེ། གོ་ཡཱ་ནཱ་སཱི་ཏྲ། གོ་མཱན྄་བྷ་བི་ཏཱ། གོ་མཱན་ཞེས་ད་ལྟར་བའི་དུས་ལ་མཱནྟུའོ། །ཨཱ་སཱིཏ་ད་བྷ་བི་ཏཱ་ཞེས་པ་བྱུང་ཟིན་པ་དང་འབྱུང་འགྱུར་གྱི་དུས་ལའང་རྐྱེན་ནོ། །དེ་ལ། གོ་མཱན་ཞེས་པ་འདི་ཁྱད་པར་ཏེ་ད་ལྟར་བ་དོར་ནས་བྱུང་ཟིན་པ་དང་
འབྱུང་འགྱུར་གྱི་དུས་དག་ལ་བརྟེན་པའོ། །རྣམ་པ་དེ་བཞིན་དུ། དེ་བ་དཏྟ་ཨཱ་སཱིཏ྄་ཡ་སྱ་གཱ་བོ་བྷུ་ཏཱཿ། རྣམ་པ་དེ་བཞིན་དུ་ཡང་། ཡཛྙ་དཏྟོ་བྷ་བི་ཏཱ་ཡ་པྱ་གཱ་བོ་དྷ་བི་ཏཱ་རཿ། ཨ་ལཾ་ཁ་ལུ་དག་ལ་དགག་པ་ལ་ཀྟཱ་ཡང་ནའོ། །ཨ་ལཾ་དང་ཁ་ལུ་ཞེས་པ་འདི་དག་དགག་པའི་མཚན་ཉིད་ཅན་ཉེ་བའི་ཚིག་དག་ལ་
བྱིངས་ལས་ཀྟྭའི་རྐྱེན་ཡང་ན་འགྱུར་རོ། །ཨ་ལཾ་ཀྲྀ་ཏྭཱ། ཁ་ལུ་ཀྲྀ་ཏྭཱ། འདིར་བྱེད་པ་ཁྱད་པར་ཅན་ཏེ། ཕྱོགས་གཅིག་ལ། ཨ་ལཾ་ཀ་ར་ཎེ་ན། ཁ་ལུ་ཀ་ར་ཎེ་ན། འདིར་གསུམ་པས་རང་བཞིན་སོགས་ཉིད་ལས་སོ། །ཨ་ལཾ་དང་ཁ་ལུ་དག་ལ་ཞེས་པ་ཅི་ཞེ་ན། མཱ་ཀཪྵི། དགག་པ་དག་ལ་ཞེས་པ་ཅི་
ཞེ་ན། ཨ་ལཾ་ཀཱ་རཿ། ཁ་ལུ་ཀཱརཿ། འདིར་ཨ་ལཾ་དང་ཁ་ལུའི་སྒྲ་དང་རྒྱན་དང་ངེས་པའི་དོན་དག་བརྗོད་པའོ། །བྱེད་པ་པོ་གཅིག་དག་གི་སྔ་མའི་དུས་ལའོ། །བྱེད་པ་པོ་གཅིག་སྟེ་མ་ཚང་བར་གྱུར་པའི་གོང་གི་དོན་དག་ལ་དེ་དག་ནི་བྱེད་པ་པོ་གཅིག་པ་དག་གོ། །སྔ་མ་ཡང་འདི་ཡིན་ལ་དུས་ཀྱང་ཡིན་པ་ནི་སྔ་མའི་
དུས་སོ། །བྱེད་པ་པོ་གཅིག་དག་གི་སྟེ་གང་བྱེད་པ་པོ་གཅིག་ཏུ་མཚུངས་པར་གྱུར་པའི་བྱིངས་གཉིས་དག་གི་ནང་ནས་སྔ་མའི་དུས་ལ་བསྒྲུབ་པར་བྱ་བ་གང་ཡིན་པའི་བྱིངས་ཀྱི་དོན་དེ་ལ་འཇུག་བཞིན་པའི་བྱིངས་ལས་ཀྟྭཱི་རྐྱེན་འགྱུར་རོ། །སྣ་ཏྭ་ད་ད་ཏི། བི་ཏྭ་ཤེ་ཏེ། བྱེད་པ་པོ་གཅིག་དག་གི་ཞེས་པ་ཅི་ཞེ་ན།
ག་ཏ་བ་ཏི་བ་ཏི་དེ་བ་དཏྟེ་བྲ་ཛ་ཏི་ཡ་ཛྙ་དཏྟཿ། ནིཥྛ་ཞེས་པས་ག་མི་ལ་ཀྟ་བནྟུའོ། །བ་ན་ཏི་ཏ་ནོ་ཏི་སོགས་ཞེས་པས་ལྔ་པ་དབྱིའོ། །སྔ་མའི་དུས་ལ་ཞེས་པ་ཅི་ཞེ་ན། པ་ཙ་ཏི་ཙ། པ་ཐ་ཏི་ཙ། ཕ་རོལ་ཚུ་རོལ་སྦྱོར་བ་ལའང་ངོ་། ཕ་རོལ་དང་ཚུ་རོལ་དེ་དག་ནི་ཕ་རོལ་ཚུ་རོལ་དག་གོ། །དེ་དག་སྦྱོར་བ་ནི་ཕ་རོལ་ཚུ་རོལ་སྦྱོར་
བའོ། །ཕ་རོལ་གྱིས་ཚུ་རོལ་གྱི་སྦྱོར་བར་གྱུར་པ་དང་། ཚུ་རོལ་གྱིའང་ཕ་རོལ་གྱི་སྦྱོར་བར་གྱུར་པའི་བྱིངས་ལས་ཀྟའི་རྐྱེན་འགྱུར་རོ། །ཕ་རོལ་གྱིས་ཚུ་རོལ་གྱི་སྦྱོར་བ་ལ། ཨ་ཏི་ཀྲ་མྱ་པརྦ་ཏཾ་ན་དཱི། ཚུ་རོལ་རི་བོས་ཕ་རོལ་ཆུ་ཀླུང་གི་སྦྱོར་བའོ། །ཕ་རོལ་གྱིས་ཚུ་རོལ་གྱི་སྦྱོར་བ་ལ། ཨ་པྲ་སྱ་ན་ད་པརྦ་ཏཿ། ཕ་
เล่ม ๑๙๕ · หน้า 304a
རོལ་ཆུ་བོས་ཚུ་རོལ་རི་བོའི་སྦྱོར་བའོ། །ཨཱ་པླྀ་ཁྱབ་པ་ལའོ། །ནཉ་སྔོན་དུའོ། །ཡང་ཡང་ལ་ཎམ྄ཡང་ན་སྟེ་ཚིག་གཉིས་དག་ཀྱང་ངོ་། །ལན་གཉིས་བརྗོད་པ་ནི་གཉིས་སོ། །བྱེད་པ་པོ་གཅིག་པ་དག་གི་བྱིངས་དོན་གཉིས་དག་གི་ནང་ནས་དུས་སྔ་མ་ལ་བསྒྲུབ་པར་བྱ་བའི་བྱིངས་དོན་ལ།
ཡང་ཡང་གི་ཁྱད་པར་ལ་འཇུག་བཞིན་པའི་བྱིངས་ལས་ཀྟྭཱི་རྐྱེན་འགྱུར་ཞིང་ཎམ྄གྱི་རྐྱེན་འང་ངོ་། །ཀྟྭ་དང་ཎམའི་མཐའ་ཅན་ཡང་ཚིག་གཉིས་སུ་འགྱུར་རོ། བྷུ་ཀྟྭ་བྷུ་ཀྟྭ་བྲ་ཛ་ཏི། བྷཾ་ཛཾ་བྷོ་ཛཾ་བྲ་ཛ་ཏི། པྲཱི་ཏྭ་སཱི་ཏ་ཤེ་ཏྲེ། པཱ་ཡཾ་པྲ་ཡཾ་ཤེ་ཏེ། ཡང་ཡང་ལ་ཞེས་པ་ཅི་ཞེ་ན། པཱི་ཏྭཱ་ཨཱ་ཡཱ་ཏི། འོ་ན་ཀྟྭ་དང་ཎམའི་མཐའ་
ཅན་གྱི་སྒྲ་དག་གཉིས་བརྗོད་པ་མེད་པ་ལས། ཡང་ཡང་ལ་སོ་སོར་རྟོགས་པར་ནུས་པ་མེད་དོ་ཞེས་པའི་ཤུགས་ལས་ཡང་ཡང་ལ་དེའི་གཉིས་བརྗོད་པ་གྲུབ་པོ་ཞེས་པས་ཚིག་གཉིས་ཀྱང་ངོ་ཞེས་པ་འདི་ཅི་ཞེ་ན། དེ་ལྟར་ན་ཇི་ལྟར་མཐོང་བ་བཞིན་གཞན་ལ་ཡང་ཚིག་གཉིས་བརྗོད་པའི་དོན་དུ་ཚིག་གཉིས་ཀྱང་ཞེས་པ་འདིའོ། །
དེས་ན་ཁྱབ་པར་འདོད་པ་ལ་ཚིག་གཉིས་ཀྱིས་འགྱུར་ཏེ། གྲ་མོ་གྲ་མོར་མ་ཎཱི་ཡཿ། ཨུ་པ་རི་དང་ཨ་དྷི་དང་ཨ་དྷས་ཞེས་པ་འདི་རྣམས་ཉེ་བ་ལས་ཏེ། ཨུ་པརྱ་ས་རི་གྲ་མཾ། ཨ་དྷྱ་དྷི་གྲཱ་མཾ། ཨརྡོ་རྡོ་གྲ་མཾ། ཨུ་པ་རི་ལ་སོགས་པ་རྣམས་ལ་ཚིག་ལ་གཉིས་བྱས་པ་ན་གཉིས་པ་བཤད་པར་བྱའོ། །ཨུ་པ་རི་ཤ་རི་
སོ་གྷ་ཊ་དྷཾ་ར་ཡ་ཏི། ཞེས་པ་འདིར་ནི་གཉིས་ཀྱི་དངོས་པོར་མི་འགྱུར་ཏེ། ཉེ་བའི་བརྗོད་པར་འདོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །པ་རི་འདོར་བ་ལ་གཉིས་ཀྱི་དངོས་པོར་ཡང་ན་འགྱུར་ཏེ་ཚིག་སྡུད་མེད་པ་ལའོ། །སི་ར་སི་ར་ཏྲི་གརྟེ་བྷྱོ་བྲྀཥྚཿ། པྲ་རི་ཏྲི་གརྟེ་བྷྱོ་བྲིཥྚཿ། ཚིག་སྡུད་མེད་པ་ལ་ཞེས་པ་ཅི་ཞེ་ན། ས་རི་
ཏྲི་གརྟ་བྲྀཥྚཿ། པྲི་ར་ཏྲི་གརྟེ་བྷྱཿ། པ་རི་ཏྲི་གརྟ། ཞེས་པ་མི་ཟད་པར་གྱུར་པའོ། །དེ་ལྟར་གཞན་ལ་ཡང་སྦྱོར་བའི་རྗེས་སུ་འབྲངས་པས་གཉིས་ཀྱི་དངོས་པོ་ཤེས་པར་བྱའོ། །ལས་ལ་ཀྲྀཉ་ལས་ཁྲོས་ཚིག་ལ་ཁ་མུཉའོ། །ལས་ཉེ་བའི་ཚིག་ལ་ཀྲྀཉ་ལས་སྨོས་པ་རྟོགས་པར་བྱ་བཞིན་པ་ལ་ཁ་མུཉ་འགྱུར་རོ། །
ཙཽ་རཾ་ཀཱར་མ་ཀྲོ་ཤ་ཏི། བྲྀ་ཥ་ལ་ཀཱ་ར་མཱ་ཀྲོ་ཤ་ཏི། ཐུང་བ་དང་ཨ་ཏུཥ་དག་གི་ཞེས་པས་ལ་ཨཱ་ག་མའོ། །བྱིངས་རྣམས་དུ་མ་ཅན་གྱི་ཉིད་ཀྱི་ཕྱིར་འདིར་ཀ་རོ་ཏི་བརྗོད་པ་ལ་འཇུག་སྟེ། དེས་ན། ཙཽ་རོ་སི་བྲྀ་ཥ་ལ་བི། ཞེས་པ་དེ་ལྟ་བུ་བརྗོད་པས་སྨོད་པར་བྱེད་དོ་ཞེས་པའི་དོན་ཏོ། །རོ་མྱང་བ་ལ་ཡང་ངོ་། །རོ་མྱང་
เล่ม ๑๙๕ · หน้า 304b
བ་ལ་ཞེས་པ་འདིར་རོ་མྱང་བའི་སྒྲའི་དོན་གཟུང་བར་བྱའོ། །རོ་མྱང་བའི་དོན་ཉེ་བའི་ཚིག་ལ་ཀྲྀཉ་ལས་ཁམུཉ་འགྱུར་རོ། །སྭ་དུཾ་ཀཱ་རཾ་བྷུཀྟེ། ལ་བང་ཙཾ་ཀཱ་རཾ་བྷུཾ་ཀྟེ། ཡང་ན་ཞེས་པ་འཕེན་ཏེ་དེས་ན། སྭཱ་དུ་ཀྲྀ་ཏྭ་བྷུཾ་ཀྟེ། ཙིའི་ཡུལ་དང་བུད་མེད་ཀྱི་ཡུལ་ལའང་ཁ་མུཉ་མི་འདོད་དེ། སྟ་དཱ་ཀྲྀ་ཏྭཱ་ས་ཡོ་བྷུཾཀྟེ།
སྭཱ་དྭཱི་ཀྲྀ་ཏྭ་ཡ་བཱ་གུ་བྷཾཀྟེ། ཙྭི་ཕ་རོལ་ལ་ཙི་ལ་ཡང་ངོ་ཞེས་པའི་འཇིག་རྟེན་གྱི་ཉེ་བར་སྤྱོད་པ་ལས་ཐུང་ངུའི་རིང་པོའོ། །ཨཱི་རྐྱེན་ཡང་སྟེ་ཨུཏ་མཐའ་ལས་ཡོན་ཏན་བརྗོད་པ་ལས་ཞེས་པ་འདིས་སོ། །ཨནྱ་ཐ་དད་ཨེ་བམ་དང་ཀ་ཐཾ་དང་ཨིཏྠཾ་རྣམས་ཉེ་བའི་ཚིག་ལ་ཀྲྀཉ་ལས་ཁྱ་མུཉ་བཤད་པར་བྱ་སྟེ། གལ་
ཏེ་ཀ་རོ་ཏི་དོན་མེད་པ་ཅན་གྱི་སྦྱོར་བ་ཡིན་པར་གྱུར་པ་ལའོ། །ཨནྱ་ཐཱ་ཀཱ་རཾ་བྷུཾཀྟེ། ཨེ་བ་ཀཱ་རཾ་བྷུཀྟེ། ཀ་ཐཾ་ཀཱ་རཾ་བྷུཀྟེ། ཨིཏྠ་ཀཱ་རཾ་བྷུཾཀྟེཿ། འདིར་ཐམས་ཅད་དུ་ཀ་རོ་ཏི་འབྲས་བུ་མེད་པའི་སྦྱོར་བའོ། །དེ་ལྟར་གྱུར་པའི་དོན་གང་ཡིན་པའི་དེ་རྟོགས་པར་བྱ་བ་ལ་དེ་ཡོད་པ་མ་ཡིན་ཡང་ཤེས་པར་བྱ་བ་ཉིད་དོ། །
དོན་མེད་པ་ཅན་གྱི་སྦྱོར་བ་ལ་ཞེས་པ་ཅི་ཞེ་ན། ཨ་ནྱ་ཐཱ་ཀྲྀ་ཏྭ་ཤི་རོ་བྷུཀྟེ། འདིར་དོན་དང་བཅས་པའི་ཀ་རོ་ཏིའི་སྦྱོར་བའོ། །ཡོད་པ་མ་ཡིན་པ་ལ་ནི་ཀ་རོ་ཏི་ལ་གོའི་ཟ་བ་བྱ་བ་ལ་ལས་ཉིད་དུ་འགྱུར་རོ། །མཐའ་དག་དྲྀ་ཤ་ལས་ཎམའོ། །ལས་ལ་ཞེས་པ་ཁོ་ནའོ། །མཐའ་དག་གི་ཁྱད་པར་ཅན་གྱི་ལས་ཉེ་བའི་
ཚིག་ལ་དྲྀཤ་ལས་ཎམ་གྱི་རྐྱེན་འགྱུར་རོ། །ཀ་ནྱ་དཪྴཾ་བར་ཡ་ཏི། བུ་མོ་གང་དང་གང་མཐོང་བ་དེ་དང་དེ་གདམས་པར་བྱེད་དོ་ཞེས་པའི་དོན་ཏོ། །བི་དི་ལས་ཀྱང་མཐའ་དག་ལ་ཎམ་བཤད་པར་བྱ་སྟེ། བྲཧྨ་ཎ་བེ་དཾ་བྷོ་ཛ་ཡ་ཏི། བྲམ་ཟེ་དག་དང་གང་ཤེས་པར་བྱེད་པའམ་ཐོབ་པའམ་རྣམ་པར་དཔྱོད་པར་
བྱེད་པ་དེ་དང་དེ་ཐམས་ཅད་ལོངས་སྤྱོད་པར་བྱེད་དོ་ཞེས་པའི་དོན་ཏོ། །ཡོད་པའི་དོན་ཅན་གྱི་བི་དི་གཟུང་བར་མི་བྱ་སྟེ་ལས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཡཱ་བཏ་ལ་བིནྡ་ཛྭི་བ་དག་གིའོ། །བིནྡ་ཏི་ལས་མུཙ་སོགས་ཉིད་ལས་ན་ཡིག་ཨཱ་ག་མ་བྱས་པའི་ཕྱོགས་གཅིག་པའི་བིནྡ་ཞེས་པ་རྗེས་སུ་མཐུན་པར་
བྱས་སོ། །ཡ་བཏ་ཀྱི་སྒྲ་ཉེ་བའི་ཚིག་ལ་བིདླི་ཐོབ་པ་ལའོ་ཞེས་པ་འདི་ལས་དང་ཛཱི་བ་ལས་ཀྱང་ཎམ་འགྱུར་རོ། །ཡཱ་བཏ་བེ་དཾ་བྷུཀྟེ། ཡཱ་བཏ་ཛི་བཾ་སཏྐ་རཾ་སཱུ་ཛ་ཡ་མི། ཙརྨ་ཨུ་ད་ར་དག་ལ་སུའི་རིའི་འོ། །ཙརྨ་དང་ཨུ་དར་དག་གི་ལས་ཉེ་བའི་ཚིག་ལ་སུ་རི་ཨིན་མཐའ་ཅན་ལས་ཎམ་འགྱུར་རོ། །ཙརྨ་
เล่ม ๑๙๕ · หน้า 305a
པུ་རཾསྟྲྀ་ཎཱ་ཏི། ཨུ་ད་ར་སུ་རཾ་བྷུཾ་ཀྟེ། པུ་རི་ལ་རྒྱུའི་དོན་ལ་ཞེས་པས་ཨིན་མཐའོ། །ཆར་པའི་ཚད་ལ་སྟེ་ཨུ་དབྱི་བའང་ཡང་ནའོ། །ལས་ཉེ་བའི་ཚིག་ལ་པུ་རི་ལས་ཆར་པའི་ཚད་རྟོགས་པར་བྱ་བཞིན་པ་ལ་ཎམ་འགྱུར་ཏེ། དེའི་ཡང་ཡང་ན་ཨུ་དབྱིའོ། །གོཥྛ་པུ་རཾ་བྲྀཥྚོ་དབཿ། གོཥྤད་
པྲ་མ་བྲྀཥྚོ་དེ་བཿ། གོས་དོན་ལ་ཀྣོ་བི་ལས་སོ། །གང་གི་དོན་གོས་ཡིན་པ་དེ་གོས་ཀྱི་དོན་ནོ། །གོས་ཀྱི་དོན་ལ་ལས་ཉེ་བའི་ཚིག་ལ་ཀྣུ་ཡི་སྒྲ་ལའོ་ཞེས་པ་ཨིན་མཐའ་ཅན་འདི་ལ་ཎམ྄་འགྱུར་ཏེ། གལ་ཏེ་ཆར་ཀྱི་ཚད་རྟོགས་པར་འགྱུར་ནའོ། །ཙ་ལཀྣོ་པཾ་བྲྀཥྚཿ། བསྟྲ་ཀྣོ་པཾ་བྲྀཥྚཿ། ཨརྟི་ཧྲཱི་ཙླཱི་རཱི་
ཀྣུ་ཡི་ཞེས་པ་འདིས་ཀྣུ་ཡིའི་ཨིན་པ་ཡིག་ཨཱ་ག་མའོ། །ཡ་ཡིག་དབྱི་བ་དང་ཡོན་ཏན་ཡང་གོ། གཱ་ཏྲ་དང་པུ་རུ་ཥ་དག་ལ་སྣ་ལས་སོ། །གཱ་ཏྲ་དང་པུ་རུ་ཥ་དག་ལ་ལས་ཉེ་བའི་ཚིག་ལཥྞ་གཙང་བ་ལའོ་ཞེས་པ་འདི་ལས་ཎམ་འགྱུར་ཏེ། གལ་ཏེ་ཆར་པའི་ཚད་གྱུར་པ་ནའོ། །གཱ་ཏྲ་སྣ་ཡཾ་བྲིཥྚཿ།
པུ་རུ་ཥ་སྣ་ཡཾ་བྲྀཥྚོ་ད་བཿ། ནི་མཱུ་ལ་ས་མཱུ་ལ་དག་ལ་ཀ་ཥ་ལས་སོ། ནི་མཱུ་ལ་དང་ས་མཱུ་དག་གི་ལས་ཉེ་བའི་ཚིག་ལ་ཀ་ཥ་ལས་ཎམ་གྱི་རྐྱེན་འགྱུར་རོ། །ནི་མཱུ་ལ་ཀ་ཥ་ཏི་ཞེས་པའི་དོན་ཏོ། །ས་མཱུ་ལ་ཀཱ་ཤཾ་ཀ་ཥ་ཏི། ཤུཥྐ་ཙུརྞ་རུཀྵཾ་རྣམས་ལ་བིཥ་ལས་སོ། །ཤུཥྐ་དང་ཙཱུརྞ་དང་རུཀྵ་རྣམས་ལ་ལས་ཉེ་བའི་
ཚིག་ལ་བི་ཥི་ལས་ཎམ་འགྱུར་རོ། ཤུཥྐ་པེ་ཥཾ་སེ་ནཥྚིཿ། ཙཱུརྣ་པེཤཾ་སིནཥྚིཿ། རུཀྵཔེ་ཥཾ་སིནཥྚིཿ། ཛཱི་བ་ལ་གྲ་ཧ་ལས་སོ། །ཛཱི་བའི་ལས་ཉེ་བའི་ཚིག་ལ་གྲ་ཧ་ལས་ཎམ྄་འགྱུར་རོ། །ཛཱི་བ་གྲ་ཧཾ་གྲྀཧྞ་ཏི། ཨ་ཀྲྀཏ་དང་ས་མཱུལ་དག་ལ་ཀྲྀཉ་དང་ཧནྟི་ལས་སོ། ཨཀྲྀཏ་དང་ས་མཱུལ་དག་ཉེ་བའི་ཚི་ལ་ཀྲྀཉ་དང་
ཧནྟི་དག་ལས་ཎམ་བཤད་པར་བྱ་སྟེ། ཨ་ཀྲྀཏ་ཀ་རཾ་ཀ་རོ་ཏི། སམཱུ་ལ་གྷཱ་ཏཾ་ཧནྟི། བྱེད་པ་ལ་ཧནྟི་ལས་སོ། །བྱེད་པ་ལ་ཉེ་བའི་ཚིག་ལ་ཧནྟི་ལས་ཎམ་འགྱུར། པཱ་ཎི་གྷཱ་ཏཾ་བྷཱུ་མིཾ་ཧནྟི། ལག་པ་དག་གིས་ས་གཞི་ལ་བསྣུན་ཏོ་ཞེས་པའི་དོན་ཏོ། །འཚེ་བའི་དོན་ལས་ལས་གཅིག་པ་ཅན་ལས་ཀྱང་
ཞེས་པས་གྲུབ་པ་ལ་བརྗོད་པ་ནི་མི་ཚེ་བའི་དོན་དུའོ། །གཤེར་བ་ལ་བིཥ་ལས་སོ། །གང་གིས་སྣུམ་པར་བྱེད་པ་དེ་ནི་གཤེར་བའོ། །བྱེད་པ་ལ་ཞེས་པ་ཁོ་ནའོ། །གཤེར་བ་བརྗོད་པའི་བྱེད་པ་ཉེ་བའི་ཚིག་ལ་པིཥ་ལས་ཎམ྄་འགྱུར་རོ། །ཏཻ་ལ་པེཥཾ་སི་ནཥྚིཿ། ཏིལ་མར་གྱིས་སྣུམ་པར་བྱེད་དོ་ཞེས་པའི་
เล่ม ๑๙๕ · หน้า 305b
དོན་ཏོ། །དེ་བཞིན་དུ། གྷྲྀ་ཏ་པེ་ཥཾ་སི་ནཥྚིཿ། ལག་པའི་དོན་ལ་གྲཧ་བརྟི་བྲྀ་ཏ་རྣམས་ཀྱིའོ། །གང་གི་དོན་ལག་པ་ཡིན་པ་དེ་ནི་ལག་པའི་དོན་ཏོ། །ལག་པའི་དོན་གྱི་བྱེད་པ་ཉེ་བའི་ཚིག་ལ་གྲཧི་དང་པྲྀ་ཏི་ཨིན་གྱི་མཐའ་ལས་དང་འབའ་ཞིག་པ་ལས་ཀྱང་ཎམ་འགྱུར་རོ། །ཧསྟ་གྲ་ཧཾ་གྲྀཧྞཱ་ཏི། ཀ་ར་གྲ་ཧཾ་
གྲིཧྞཱ་ཏི། པཱ་ཎི་གྲཾ་ཧ་གྲྀཧྞ་ཏི། ཧསྟ་བརྟྟཾ་བརྟྟ་ཡ་ཏི། པཱ་ཎི་བརྟཾ་ཀ་ར་བརྟྟཾ། ཧསྟ་བརྟྟཾ་བརྟྟ་ཏེ། པཱ་ཎི་བརྟྟཾ། བྲྀ་ཏི་ལས་ཨཱ་ཎེཪྵ་ཀླག་གོ་ཞེས་གསུངས་སོ། །རང་གི་དོན་ལ་བུཥ་ཡིའོ། །རང་གི་དོན་ནི་རང་དོན་ནོ། །རང་གི་དོན་རྗོད་པར་བྱེད་པ་ཉེ་བའི་ཚིག་ལ་པུ་ཥ་ལས་ཎམ་འགྱུར་རོ། །སྭ་པོ་ཥཾ་པུ་
ཥ་ཏི། གོ་པ་ཥཾ། པི་ཏྲྀ་པོ་ཥ། རཻ་པོ་ཥཾ། གཞི་ལ་བནྡྷའི་འོ། །གཞི་ཉེ་བའི་ཚིག་ལ་བནྡྷ་ཞེས་པའི་བྱིངས་འདི་ལས་ཎམ་འགྱུར་རོ། ཙ་ཀྲ་བནྡྷཾ་ཧྣ་ཏི། ཙ་ཀྲེ་བདྷ་ཏི། འཁོར་ལོ་འཆིང་ངོ་ཞེས་པའི་དོན་ཏོ། །ཛཱི་བ་པུ་རུ་ཥ་དག་ལ་བྱེད་པ་པོ་དག་ལ་ན་ཤི་བ་ཧི་དག་ལས་སོ། །ཛཱི་བ་དང་པུ་རུ་ཥ་དག་བྱེད་
ལའོ། །བརྗོད་པ་ཉེ་བའི་ཚིག་ལ་གྲངས་ཇི་ལྟ་བ་བཞིན་དུ་ན་ཤི་དང་བ་ཧི་དག་ལས་ཎམ་འགྱུར་རོ། །ཛཱི་བ་ནཱ་ཤཾ་ན་ཤྱ་ཏེ། འཚོ་བ་ཟད་དོ་ཞེས་པའི་དོན་ཏོ། །པུ་རུ་ཥ་བ་ཧཾ་བ་ཧ་ཏི། སྐྱེས་བུ་ཐོབ་པར་བྱེད་དོ་ཞེས་པའི་དོན་ཏོ། །བྱེད་པ་པོ་དག་ལ་ཞེས་པ་ཅི་ཞེ་ན། ཛཱི་བེེ་ན་ནཥྚཿ། པུ་རུ་ཥེ་ཎ་ཨཱུཌྷཿ། བ་ཧ་ལས་ཀྟའི་
རྐྱེན་ནོ། སྭ་པི་བ་ཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཧའི་ཌྷའོ་ཞེས་སོགས་ཀྱི་ཌྷ་ཉིད་ལ་སོགས་པའོ། །ཨུརྡྷ་ལ་ཤུ་ཥི་པཱུ་ར་དག་གིའོ། །བྱེད་པོ་སྨོས་པ་རྗེས་སུ་འཇུག་སྟེ། ཨཱུརྡྷའི་སྒྲ་བྱེད་པ་པོ་ཉེ་བའི་ཚིག་ལ་ཤུ་ཥི་དང་པཱུ་ར་དག་ལས་ཎམ་འགྱུར་རོ། ཨུརྡྡྷ་ཤོ་ཥཾ་ཤུ་ཥྱ་ཏི། སྟེང་སྐམས་ཞེས་པའི་དོན་
ཏོ། །ཨུ་རྡྡྷ་བཱུ་རཾ་པཱུརྱ་ཏེ། སྟེང་དུ་གང་ངོ་ཞེས་པའི་དོན་ཏོ། །བྱེད་པ་པོ་ལ་ཞེས་པ་ཅི་ཞེ་ན། ཨུརྡྷྷེ་ཎ་ཤུཥྱ་ཏི། ཨུརྡྷྷེ་ཎ་པཱུཪྱ་ཏེ། ལས་ལའང་ཉེ་བར་འཇལ་བ་ལའོ། །བྱེད་པ་པོ་བརྗོད་པ་ཉེ་བར་འཇལ་བ་ཉེ་བའི་ཚིག་ལ་ལས་ལའང་བྱིངས་ལས་ཎམ་འགྱུར་རོ། །ཨ་ཛ་ཀ་ནཱ་ཤཾ་ནཥྚཿ། ཨ་ཛ་ཀ་
བཞིན་དུ་ཉམས་སོ་ཞེས་པའི་དོན་ཏོ། །ལས་ལ། རཏྣ་ནི་དྷཱ་ཡཾ་ནི་ཧི་ཏཿ། རིན་པོ་ཆེ་བཞིན་དུ་སྦས་སོ་ཞེས་པའི་དོན་ཏོ། །ཌུ་དྷ་ཉ་འཛིན། ནི་སྔོན་དུའོ། །ཉེ་བར་འཇལ་བ་ལ་ཞེས་པ་ཅི་ཞེ་ན། ཨ་ཛ་ཀོ་ནཥྚཿ། གྷྲྀ་ཏཾ་ནི་ཧི་ཏཾ། ད་དྷཱ་ཏིའི་ཧིའོ་ཞེས་པས་དྷཉའི་ཧིར་བསྒྱུར་རོ། །ཀ་ཥ་ལ་སོགས་
เล่ม ๑๙๕ · หน้า 306a
པ་རྣམས་ལ་དེ་རྣམས་ཉིད་ཀྱི་རྗེས་སུ་སྦྱོར་བའོ། །ནི་མཱུ་ལ་ས་མཱུ་ལ་དག་ལ་ཀ་ཥ་ལས་སོ་ཞེས་པ་འདི་ནས་བརྩམས་པའི་བྱིངས་གང་ཡིན་པ་དེ་རྣམས་ཀ་ཥ་སོགས་རྣམས་སོ། །དེ་རྣམས་ལ་རྗེས་སུ་སྦྱོར་བ་ནི་ཕྱི་ནས་སྦྱོར་བ་ཀ་ཥ་སོགས་དེ་རྣམས་ཁོ་ནས་འགྱུར་རོ། །སྔ་མ་ཉིད་དཔེར་
བརྗོད་དོ། །ཎམ་གྱི་མཐའི་སྒྲའི་དོན་གསལ་བར་བྱེད་པའི་དོན་དུ་རྗེས་སུ་སྦྱོར་བ་གདོན་མི་ཟ་བར་བྱའོ། །ཀ་ཥ་ལ་སོགས་པ་རྣམས་ཁོ་ནས་བྱ་བ་ཡོད་པའི་བྱ་བ་དེས་དོན་མཚུངས་པའི་བྱིངས་གཞན་རྣམས་ཀྱི་ཞེས་པའི་དོན་དུ་འདིའོ། །དེས་ན། ནི་མཱུ་ཀྲ་ཥ་ཧི་ནསྟི། ཞེས་པ་ལ་ཀ་ཥི་ལས་དོན་མཚུངས་པའི་ཧི་
སི་རྗེས་སུ་སྦྱར་བར་བྱའོ། །གསུམ་པ་ལ་ཨུ་པ་དཾ་ཤིའིའོ། །གསུམ་པའི་མཐའ་ཉེ་བའི་ཚིག་ལ་ཨུ་པ་སྔོན་མ་ཅན་གྱི་དཾ་ཤི་ལས་ཎམ྄་འགྱུར་རོ། །མཱུ་ལ་ཀེ་ནོ་པ་དཾ་ཤཾ་བྷུཾ་ཀྟེ། མཱུ་ལ་ཀོ་པ་དཾ་ཤཾ་བྷུཾཀྟེ། གསུམ་པ་སོགས་རྣམས་ཀྱི་ཡང་ནའོ་ཞེས་པས་ཕྱོགས་གཅིག་ལ་ཉེ་བའི་ཚིག་གི་བསྡུ་བའོ། །ཡང་ན་ཞེས་པ་
འཇུག་སྟེ། དེས་ན། མཱུ་ལ་ཀེ་ནོ་པ་དཾ་ཤྱ་བྷུཀྟེ། འཚེ་བའི་དོན་ལས་ཀྱང་ལས་གཅིག་པ་ཅན་ལས་སོ། །ཚིག་གཉི་ག་ཡང་འབྲུ་མང་པོ་པའོ། །གསུམ་པའི་མཐའ་ཉེ་བའི་ཚིག་ལ་འཚེ་བའི་དོན་ཅན་གྱི་བྱིངས་ལས་རྗེས་སུ་སྦྱོར་བཞིན་པའི་བྱིངས་ཀྱི་ལས་གཅིག་པ་ཅན་ལས་ཎམ་འགྱུར་རོ། །དཎྜོ་པ་གྷཱ་ཏཾ་གཿ།
ཀཱ་ལ་ཡ་ཏི། འདིར་བསྣུན་པའི་དང་བགྲང་བའི་ཚིག་ཀྱང་བ་ལང་རྣམས་སུ་ལས་གཅིག་པ་ཅན་ནོ། །དབྱུག་པས་ཉེ་བར་བསྣུན་ཅིང་སྐྱོན་བརྗོད་པའོ། །དེ་བཞིན་དུ། དཎྜ་ཏཱ་ཌ་མ་ཧི་ཥཱི་ག་མ་ཡ་ཏི། དབྱུག་པས་ཉེ་བར་བསྣུན་ཞེས་པའོ། །ལས་གཅིག་པ་ལས་ཞེས་པ་ཅི་ཞེ་ན། དཎྜེ་ནཱ་ཧཏྱ་ཙཽ་རཾ་གོ་པཱ་
ལ་ཀོ་གཱཿཀཱ་ལ་ཡ་ཏི། འདིར་བསྣུན་པའི་ལས་ཆོམ་རྐུན་ཏེ་བགྲང་བའི་ལས་བ་ལང་ངོ་། ཧནྟིའི་ཡས་ལ་ཡང་ངོ་ཞེས་པས་ལྔ་པ་ལ་དབྱིའོ། །བདུན་པ་ལའང་ཚད་དང་ཨཱ་སཱཏྟི་དག་ལའོ། །གསུམ་པའི་མཐའ་ཉེ་བའི་ཚིག་དང་བདུན་པ་སྟེ། བདུན་པའི་མཐའ་ལའང་བྱིངས་ལས་ཎམ་འགྱུར་ཏེ། ཚད་དང་
ཨཱ་སཏྟི་དག་རྟོགས་པར་བྱ་བཞིན་པ་ལའོ། །ཚད་ནི་ཆུར་དང་སྲིད་དུའོ། །ཨཱ་སཏྟི་ནི་ཉེ་བའོ། །རེ་ཞིག་ཚད་དྭྱེད་གུ་ལོཏ་ཀཪྵ་མི་ཀྵཾཙྪི་ནཏྟི། དྭྱངྐུ་ལེ་ནོཏ་ཀཪྵ། ཀྲྀ་ཥ་འབྲི་བ་ལའོ། །ཨུད྄་སྔོན་དུའོ། །དྭྱ་གུཾ་ལོཏྐཪྵཾ། དྭྱཾ་གུ་ལེ་ཨུཏྐཪྵཾ། ཨཱ་སཏྟི་ལ་ཀེ་ཤ་གྲཱ་ཧཾ་ཡུ་དྷྱནྟེ། ཀེ་ཤཻ་རྒྲཱ་ཧཾ། ཀཻ་ཥེ་ཥུ་གྲཱ་ཧཾ།
เล่ม ๑๙๕ · หน้า 306b
གསུམ་པ་དང་བདུན་པ་དག་ཉེ་བའི་ཚིག་ལ་ཨུ་པ་སྔོན་མ་ལས་པཱིད་དང་རུ་དྷི་དང་། ཀྲྀ་ཥི་རྣམས་ལས་ཎམ་བཤད་པར་བྱ་སྟེ། གསུམ་པ་དང་བདུན་པ་དག་ལ་དེ་འདྲ་བས་ལས་གཅིག་གིས་དཔེར་བརྗོད་པ་ནི། སཱརྵྭོས་པཱི་ཌཾ་ཤེ་ཏེ། པཱརྴྭ་བྷྱཱཾ་ཨུ་པ་པཱི་ཌཾ། པཱརྴྭ་ཡོ་རུ་པ་པཱི་ཌཾ། བྲ་ཛོ་པ་རོ་དྷཾ་གཱཿསྠཱ་པ་ཡ་ཏི། བྲ་ཛེ་ནོ་པ་
རོ་དྷཾ། བྲ་ཛེ་ཨུ་པ་རོ་སྒོ། པཱ་ཎྱུ་པ་ཀཪྵ་མ་དྷཱ་ནཱ་བྷཀྵ་ཡ་ཏི། པ་ཎི་ནོ་པ་ཀཪྵམ། པཱ་ནཱ་བུ་ཀཪྵམ྄། ངེས་པར་ཀུན་སྦྱིན་པ་ལ་ཡོངས་སུ་འདོད་པ་ལའོ། །ངེས་པར་ཀུན་སྦྱིན་པ་ཉེ་བའི་ཚིག་ལ་བྱིངས་ལས་ཡོངས་སུ་འདོད་པ་རྟོགས་པར་བྱ་བཞིན་པ་ལ་ཎམ྄་འགྱུར་རོ། །ཡོངས་སུ་འདོད་པ་ནི་མགྱོགས་པའོ། །མལ་
ནས་ལངས་ནས་རྒྱུག་པར་བྱེད་པ་ནི། །ཤཡྻ་ཡ་ཨུཏྠ་ཡཾ། ཥྛ་གནས་པ་ལའོ། །ཨུཏ་སྔོན་དུའོ། །ཨུཏ་ལས་སྠ་སྟམྦྷ་དག་གི་སྔ་མའི་ཞེས་པའི་འཇིག་རྟེན་པའི་ཉེ་བར་སྤྱོད་པའི་སས་ཏིཥྛ་ཏིའི་ས་ཡིག་ཏ་ཡིག་གོ། །ཡོངས་སུ་འདོད་པ་ལ་ཞེས་པ་ཅི་ཞེ་ན། ཡྻ་ཡདྷཱ་བ་ཏི། གཉིས་པ་ལའང་ངོ་། །གཉིས་
པའི་མཐའ་ཉེ་བའི་ཚིག་ལ་ཡོངས་སུ་འདོད་པ་རྟོགས་པར་བྱ་བཞིན་པ་ལ་བྱིངས་ལས་ཎམ྄་འགྱུར་རོ། །ཡཥྚི་གྲ་ཧཾ་ཡུདྷྱནྟེ། ལོཥྚ་གྲཱ་ཧི་ཡུདྷྱནྟ། རང་གི་ཡན་ལག་ལ་མ་ངེས་པ་ལའོ། །ངེས་པ་མ་ཡིན་པའི་རང་གི་ཡན་ལག་ལ་གཉིས་པའི་མཐའ་ཉེ་བའི་ཚིག་ལ་བྱིངས་ལས་ཎམ་འགྱུར་རོ། །གང་ལ་ཡན་ལག་
བཅད་པ་སྲོག་ཆགས་འཆི་བ་མ་ཡིན་དེ་ངེས་པ་མ་ཡིན་པའོ། །ཨཀྴི་ཎ་ཀོ་ཙ་ཛལྤཏ། བྷཱུ་བིཀྵེ་བཀ་ཐ་ཡ་ཏི། ཀུ་ཙུ་ཁ་ཟུམ་པ་ལའོ། །ཀྵི་པ་དེད་པ་ལའོ། །མ་ངེས་པ་ལ་ཞེས་པ་ཅི་ཞེ་ན། ཤིར་ཨུཏ་ཀྵེ་པྱ་ཡ་ཀ་ཐ་ཡ་ཏི། གལ་ཏེ་ད་ལྟར་ན་འདིར་ཐོབ་པ་མ་ཡིན་ཏེ། ཨུ་རཿཔྲ་པེ་ཥེ་ཡུ་དྷྱནྟེ་ཞེ་ན། བདེན་
ཏེ་གཞན་དུ་ཡང་ངོ་ཞེས་པའི་ཚིག་ལས་འགྱུར་རོ། །ཁྱབ་པར་བྱ་བ་དང་ཀུན་དུ་བསྟེན་པ་དག་རྟོགས་པར་བྱ་བཞིན་པ་ལ་གཉིས་པའི་མཐའ་ཉེ་བའི་ཚིག་ལ། བི་ཤི་དང་བ་ཏི་དང་ས་དི་དང་སྐནྡ་རྣམས་ལ་ཎམ་བཤད་པར་བྱ་སྟེ། བི་ཤི་ལ་སོགས་པའི་བྱ་བ་རྣམས་ཀྱི་དངོས་པོ་མཐའ་དག་གི་དོན་དང་འབྲེལ་པ་ནི་ཁྱབ་
པའོ། །ཀུན་ནས་བསྟེན་པ་ནི་ཡང་ཡང་ངོ་། བི་ཤི་ཁྱབ་པ་ལ། གེ་ཧཾ་གེ་ཧ་མ་ནུ་པྲ་བེ་ཤ་མཱསྟེ། གེ་ཧཾ་གེ་ཧ་མ་ནུ་པྲ་པཱ་ཏ་མཱསྟེ། གེ་ཧཾ་གེ་ཧ་མ་ནུ་པྲ་པཱ་ད་མཱསྟེ། གེ་ཧཾ་གེ་ཧ་མ་བསྐནྡ་མཱསྟེ། བསྟེན་པ་ལ། གེ་ཧ་མ་ནུ་པར་བེ་ཤ་མ་ནུ་པྲ་བེ་ཤ་མཱསྟེ། གེ་ཧ་མ་ནུ་པྲ་བཱ་ཏ་མ་ནུ་པར་པཱ་ཏ་མཱསྟེ། གེ་ཧཾ་མ་ནུ་པྲ་པཱ་ད་
เล่ม ๑๙๕ · หน้า 307a
མ་པྲ་ད་མཱསྟེ། གེ་ཧ་མ་བསྐནྡ་མཱསྟེ། ཁྱབ་པ་དང་ཀུན་དུ་བསྟེན་པ་གཉིས་བརྗོད་པ་མེད་པར་སོ་སོར་རྟོག་པར་ནུས་པ་མ་ཡིན་ནོ་ཞེས་གཉིས་བརྗོད་པ་བྱས་སོ། །དེ་ལ་ཁྱབ་པ་ལ་རྫས་བརྗོད་པའི་གེ་ཧ་མའི་གཉིས་བརྗོད་དོ། །རྫས་དང་ལྷན་ཅིག་པའི་སྲིད་ཀྱི་བྱ་བའི་མ་
ཡིན་ཏེ། ཚུལ་གྲུབ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཀུན་དུ་བསྟེན་པ་ལ་ནི་བྱ་བ་བརྗོད་པའི་ཨ་ནུ་པྲ་བེ་ཤ་སོགས་རྣམས་གཉིས་བརྗོད་དོ། །བྱ་བ་དང་ལྷན་ཅིག་པའི་སྲིད་ཀྱི་རྫས་ཀྱི་ཚུལ་གྲུབ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་གསུམ་པ་སོགས་རྣམས་ཀྱི་ཡང་ནའོ་ཞེས་པས། ཕྱོགས་གཅིག་ལ་ཚིག་
སྡུད་པ་དེའི་ཚེ་ནི་དེ་ཉིད་ཀྱིས་ཁྱབ་པ་དང་ཀུན་དུ་བསྟེན་པ་དག་བརྗོད་པ་ཉིད་ཀྱི་ཕྱིར་གཉིས་བརྗོད་པར་མི་འགྱུར་ཏེ། གེ་ཧཱ་ནུ་པྲ་བེ་ཤཾ་ཨཱསྟེ། འོ་ན་ཚིག་པ་སྡུས་པ་ཁྱབ་པ་དང་བསྟེན་པ་དག་འཆད་པའི་ཆེད་དུ་ཇི་ལྟར་ཡིན་ཞེ་ན། མངོན་པར་བརྗོད་པའི་ནུས་པའི་རང་བཞིན་ལས་སོ། །དུས་རྣམས་ལ་དྲྀ་
ཥ་ཨས་སུ་དག་གི་བྱ་བའི་བར་ལའོ། །བྱ་བ་གཞན་བྱེད་དོ། །བྱ་བའི་བར་གྱི་དུས་བརྗོད་པ་ལ་གཉིས་པའི་མཐའ་ཉེ་བའི་ཚིག་རྣམས་ལ་བྱ་བའི་བར་ཏེ་བྱ་བ་ཆོད་པ་ལ་བྱིངས་ཀྱི་དོན་ལ་འཇུག་བཞིན་པ་ལས། ཏྲྀ་ཥི་དང་ཨ་སྱ་ཏི་དག་ལས་ཎམ་འགྱུར་རོ། །དྭ་ཧཾ་ཏཪྵཾ་གཱཿཔཱ་པ་ཡ་ཏི། དྭ་ཧཾ་ཏཪྵཾ། འདིར་
སྐོམ་པས་འཐུང་བའི་བྱ་བ་ཆོད་པ་ཉིད་དོ། །དྭྱ་ཧ་ཏྱཾ་སཾ་གཱཿཔ་པ་ཡ་ཏི། དྭ་ཧ་མ་ཏྱ་སཾ། འདིར་ཡང་ཨ་ཏི་ཨ་པ་ན་ལ་འཐུང་བའི་བྱ་བས་ཆོད་པའོ། །བྱ་བའི་བར་ལ་ཞེས་པ་ཅི་ཞེ་ན། ཨ་ཧ་རཪྱ་པྱེ་ཥུ་ན་ག་ཏཿ། འདིར་ཨ་རྱ་པ་ནས་ག་ཏ་ལ་མཆོད་པའོ། །དུས་རྣམས་ལ་ཞེས་པ་ཅི་ཞེ་ན། ཡོ་ཛ་ན་མ་
ཏྱཔྱ་གཱཿ་པ་ཡ་པ་ཏི། ནཱ་མིན་ལ་ཨཱ་དི་ཤི་གྲ་ཧ་དག་གིའོ། །ན་མིནའི་སྒྲ་གཉིས་པའི་མཐའ་ཉེ་བའི་ཚིག་ཨཱང་སྔོན་མའི་དི་ཤི་དང་གྲ་ཧ་ལས་ཀྱང་ཎམ་འགྱུར་རོ། །ནཱ་མཱ་ནྱེ་དེ་ཤ་མཱ་ཧྭ་ཡ་ཏི། ནཱ་མཱ་གྲ་ཧ་མཱ་ཧྭ་ཡ་ཏི། ནཱ་མཱ་ནི་གྲཱ་ཧཾ། མི་ཟད་པ་ལ་ཀྲྀཉ་ལས་ཇི་ལྟར་འདོད་པ་བཤད་པ་མིན་པ་ལ་ཀྟའང་ངོ་། །
གང་འདོད་པ་ནི་ཇི་ལྟར་འདོད་པའོ། །མི་ཟད་པར་གྱུར་པ་འདོད་པ་ལའོ། །ཇི་ལྟར་འདོད་པར་བཤད་པའོ། །དེ་ནས་དགག་པའི་བསྡུ་བའོ། །མི་ཟད་པ་ཉེ་བའི་ཚིག་ལ་ཀྲྀཉ་ལས་ཎམ་འགྱུར་ཏེ། ཀྟ་འང་ངོ་། །མངོན་པར་འདོད་པ་བཤད་པ་མིན་པ་རྟོགས་པར་བྱ་བཞིན་པ་ནའོ། །བྲམ་ཟེའི་བུ་མོ་ཁྱོད་སྦྲུམ་
เล่ม ๑๙๕ · หน้า 307b
མམ་ཞེས། ཀཤྩི་ཨུཙྪཻ་ཀཱ་རཾ་ཨཱ་ཙཥྚེ། ཨཙྪཻཿ་ཀྲྀཏྭ། ཨུཙྪཻཿཀྲྀཏྱ། ཇི་ལྟར་འདོད་པར་བཤད་པ་མིན་པ་ལ་ཞེས་པ་ཅི་ཞེ་ན། བྲཧྨ་ཎ་སུ་ཏྲ་སྟེ་ཛ། ཏ་ཨི་ཏི་ཀཤྩིཏ། ཨུཙྪཿཀྲྀ་ཏྭཱ་ཨཱ་ཙཥྚི། བྱེད་པ་པོ་གཅིག་པ་དག་ལ་ཞེས་པས་འདིར་ཀྟྭཱའོ། །གལ་ཏེ་འདིས་ཀྟྭཱའི་རྐྱེན་གྱུར་པ་ན་གསུམ་པ་སོགས་
རྣམས་ཀྱི་ཡང་ནའོ་ཞེས་པས་ཚིག་སྡུད་པ་རྣམ་པར་བརྟག་པར་འགྱུར་རོ། །རང་གི་ཡན་ལག་ལ་ཏས་ལའོ། །ཀྟྭཱ་དང་ཎམ྄་དག་འཇུག་སྟེ། ཏས་ཀྱི་རྐྱེན་གྱི་མཐའ་ལ་རང་གི་ཡན་ལག་ཉེ་བའི་ཚིག་ལ་ཀྲྀཉ་ལས་ཀྟ་དང་ཎམ་དག་འགྱུར་རོ། །མུ་ཁ་ཏཿཀྲྀ་ཏྭཱ། མུ་ཁ་ཏཿཀྲྀཏྱ། མུ་ཁ་ཏཿཀཱ་རཾ། གདོང་
པ་ལ་ཏས་ཞེས་སོགས་ཉིད་ཀྱིས་ཏས་སོ། །རང་གི་ཡན་ལག་ལ་ཞེས་པ་ཅི་ཞེ་ན། སརྦ་ཏཿཀྲྀ་ཏྭཱ། ཏས་ལ་ཞེས་པ་ཅི་ཞེ་ན། མུ་ཁེ་ཀྲྀ་ཏྭཱ། ཏས་ཀྱི་རྐྱེན་སྨོས་པས་མི་ཟད་པ་གཟུང་སྟེ། ཏས་ཁྱད་པར་ཉིད་ཀྱི་ཕྱིར་རོ། །རྐྱེན་གྱི་ཏས་མ་གཏོགས་པའི་ཏས་གཞན་གྱི་མི་
ཟད་པ་ཉིད་མ་ཡིན་ནོ། །དེས་ན་འདིར་མི་འགྱུར་ཏེ། མུ་ཁ་ཏཿཀྲྀ་ཏྭཱ་ག་ཏཿ། ཏས་སུ་ཉེ་བར་ཟད་པ་ལའོ་ཞེས་པ་འདི་ལས་ཀྭི་པའོ། །ཏིཪྱཀ྄། ཉེ་བའི་ཚིག་ལ་ཡོངས་སུ་རྫོགས་པ་རྟོགས་པར་བྱ་བཞིན་པ་ལ་ཀྲྀཉ་ལས་ཀྟྭཱ་དང་ཎམ་བཤད་པར་བྱ་སྟེ། ཏཱིཪྱཀ་ཀྲྀ་ཏྭཱ། ཏིཪྱཀ་ཀྲྀ་ཏྭཱ། ཏིཪྱཀཀཱ་རཾ། རྫོགས་
པ་རྟོགས་སོ་ཞེས་པའི་དོན་ཏོ། །རྫོགས་པ་ལ་ཞེས་པ་ཅི་ཞེ་ན། ཏིརྱཀ་ཀྲྀ་ཏྭཱ་ལ་ཏཱཾ་ག་ཏཿ། ཏུཥྞི་མཱ་ཞེས་པ་ལའང་བྷཱུ་ལས་སོ། །ཏུཥྞི་ཞེས་པ་བདུན་པ་ཕྱིས་པ་ཅན་ནོ། །ཏུཥྞིམ་གྱི་སྒྲ་ཉེ་བའི་ཚིག་ལ་བྷ་བ་ཏི་ལས་ཀྟྭ་དང་ཎམ྄་དག་འགྱུར་རོ། །ཏུཥྞིཾ་ཏྭཱི་བྷུ་དྷཱ་ཏིཥྛ་ཏི་ཏུཥྞི་མ་བྷུ་ཡ། ཏུཥྞི་བྷཱ་བཾ། རང་གི་ཡན་ལག་
ལ་ཏས་ལའོ་ཞེས་པ་འགའ་ཞིག་ཏུ་འཇུག་སྟེ། དེས་ན། མུ་ཁ་ཏོ་བྷུ་ཏྭཱ། མུ་ཁ་ཏོ་བྷུ་ཡ། མུ་ཁ་ཏོ་བྷཱ་བཾ། ཞེས་པའི་སྒྲ་ཚིག་གཞན་ཉེ་བ་ལ་ཡང་ཀྟྭ་དང་ཎམ་དག་འཇུག་གོ་ཞེས་པའི་དོན་དུའོ། །དེས་ན། ནཱ་ནཱ་བྷུ་ཡ། ནཱ་ནཱ་བྷུ་ཡ། ནཱ་ནཱ་བྷཱ་བ། བི་ནཱ་བྷུ་ཏྭཱ། བི་ནཱ་བྷུ་ཡ། བི་ན་བྷཱ་བཾ། དྭ་དྷཱི་བྷུ་ཏ། དྭ་དྷཱི་བྷུ་ཡ།
ཏྭ་དྷཱི་བྷཱ་བཾ། དྭཻ་དྷི་བྷ་ཡ། དྭཻ་དྷི་བྷཾ་ཡ། དྭཻ་དྷཾ་བྷུ་བཾ། འདི་རྣམས་ཉེ་བའི་ཚིག་ལས་ཀྲྀཉ་ལས་ཀྱང་། ཀྟྭཱ་དང་ཎམ་དག་བལྟ་བར་བྱ་སྟེ། ནཱ་ནཱ་ཀྲྀ་ཏྭཱ་ནཱ་ནཱ་ཀྲྀ་ཏྱ། ནཱ་ནཱ་ཀ་རཾ། ཞེས་པ་ལ་སོགས་པ་དཔེར་བརྗོད་པར་བྱའོ། །ཡོད་པའི་དོན་རྣམས་དང་། ཤཀ་དྷྲྀཥ་ཛྙ་གླཱ་གྷ་ཌར་བྷ་ལ་བྷ་ཀྲ་མ་ས་ཧ་ཨ་དྷ་རྣམས་ལ་ཏུམའོ། །
เล่ม ๑๙๕ · หน้า 308a
གང་རྣམས་ལ་དོན་ཡོད་པ་དེ་ནི་ཡོད་པའི་དོན་རྣམས་སོ། །དེ་ནས་ཟླས་དབྱེའོ། །ཤཀ་དང་དྷྲྀཥ་དང་ཛྙ་དང་གླ་དང་གྷཌ་དང་ར་བྷ་དང་ལ་བྷ་དང་ཀྲ་མ་དང་ས་ཧ་དང་། ཨ་དྷ་ཞེས་པ་འདི་རྣམས་ཉེ་བའི་ཚིག་ལའང་བྱིངས་ལས་ཏུམ་འགྱུར་ཞིང་ཡོད་པའི་དོན་རྣམས་ཏེ། ཡོད་བཞིན་པའི་དོན་
རྣམས་ལའང་ངོ་། །ཤཀྣོ་ཏི་བྷོཀྟུཾ། ཌྷྲྀཥྞོ་ཏི་བྷིཀྟུ། ཛཱ་ནཱ་ཏི་བྷོཀྟུཾ། གླཱ་ཡ་ཏི་བྷོཀྟུཾ། གྷ་ཌ་ཏེ་བྷོཀྟུཾ། ཨཱ་ར་བྷ་ཏེ་བྷོཀྟུཾ། ཨཱ་ལ་བྷ་ཏེ་བྷོཀྟུཾ། པྲ་ཀྲ་མ་ཏེ་བྷོཀྟུཾ། ཨུཏྤ་ཧ་ཏ་བྷོཀྟུཾ། ཨ་དྷ་ཏེ་བྷོཀྟུཾ། ཨསྟི་བྷོཀྟུཾ། བྷ་བ་ཏི་བྷོཀྟུཾ། བིཪྻ་ཏེ་བྷོཀྟུཾ། བུཎ་ཏུ་མ་དག་གོ་ཞེས་པས་གྲུབ་པ་ལ་སྦྱོར་བ་བརྩམས་
པ་ནི། བུཎ་མི་འཇུག་པའི་དོན་དུའོ། །བྱེད་པ་པོ་ལ་ཀྲྀཏ་རྣམས་སོ། །ཀྲྀཏ་གང་ཡིན་པ་དེ་རྣམས་བྱེད་པ་པོ་འགྱུར་རོ། །རང་གི་དོན་ལ་མི་འཇུག་པའི་དོན་དུ་སྦྱོར་བ་བརྩམས་པ་སྟེ། དོན་ངེས་པ་བསྟེན་པ་མེད་པའི་རྐྱེན་རྣམས་རང་གི་དོན་ལ་འགྱུར་རོ་ཞེས་པའི་ཚིག་ལས་རང་གི་དོན་ལ་ནི་ཀྲྀཏ་རྣམས་འགྱུར་
བས་སོ། །ཀཱ་ར་ཀཿ། ཀརྟ། ཀུཾ་བྷ་ཀ་རཿ། རྐྱེན་གང་རྣམས་ཀྱི་དོན་བསྟན་པ་མེད་དེ་རྣམས་ཀྱི་དོན་འདིས་བསྒྲུབ་པར་བྱའི་གང་རྣམས་དོན་སོ་སོར་ངེས་པར་ཐོབ་འདོད་པ་རྣམས་ནི་མ་ཡིན་ཏེ། དེས་ན། ནགྣ་བ་ལི་ཏ་པྲྀ་ཡ་ཞེས་ཁུཊ་འདི་བྱེད་པ་ལ་བྱས་པ་བྱེད་པ་པོ་ལ་མི་འགྱུར་རོ། །དངོས་པོ་དང་ལས་དག་
ལ་ཀྲྀཏྱ་ཀྟ་ཁ་ལའི་དོན་རྣམས་སོ། །གང་གི་དོན་དེ་ཡུལ་ཁལ་ལྟ་བུ་ཡིན་པ་དེ་ནི་ཁ་ལའི་དོན་ནོ། །དངོས་པོ་དང་ལས་ཀྱི་དོན་ལའང་ཀྲྀ་ཏྱ་དང་ཀྟ་དང་ཁ་ལའི་དོན་རྣམས་འགྱུར་རོ། །བྱེད་པ་པོ་ལ་ཐོབ་བ་ལའོ། །དོན་སྨོས་པ་ནི་ཁལ་དང་ལྡན་ཅིག་སྤྱོད་པའི་ཡུལ་དེ་གཟུང་བའི་དོན་དུའོ། །དངོས་པོ་ལ་ཀྲྀཏྱ་རྣམས་ནི།
ཨཱ་སི་ཏ་བྱ་བྷ་བ་ཏཱ། ཤ་ཡ་ནཱི་ཡཾ་བྷ་བ་ཏ། ལས་ལ། ཀརྟ་བྱཿ། ཀ་ཊོ་བྷ་བ་ཏཱ། བྷོ་ཛྱཿ། ཨོ་ད་ནོ་བྷ་བ་ཏཱ། དངོས་པོ་ལ་ཀྟ་ནི། ཨཱ་སི་ཏཾ་བྷ་བ་ཏཱ། ལས་ལ་ཀྟ་ནི། ཀྲྀ་ཏཿ། ཀ་ཊོ་བྷ་བ་ཏཱ། དངོས་པོ་ལ་ཁལ་ནི། ཨཱི་ཥ་ད་ཧྱ་བྷ་བཾ་བྷ་བ་ཏཱ། ཕྱུག་པོ་མ་ཡིན་པ་སླབས་ཕྱུག་པོར་འབྱུང་ངོ་ཞེས་བྱེད་པ་པོ་
དང་ལས་དག་ལའང་བྷུ་ཀྲྀཉ་དག་གི་ཞེས་པས་ཁལའོ། །ལས་ལ་བལ་ནི། ཨཱི་ཥཏྐྲྀ་ཏ་ཀ་ཊོ་བྷ་བ་ཏཱ། སླ་བས་བྱའོ་ཞེས། ཨཱི་ཥ་ད་དུ་ཐུར་སུ་རྣམས་ལའོ་ཞེས་པས་ཁལ྄འོ། དངོས་པོ་ལ་ཡུ་ནི། ཨཱི་ཥཏ་སྠཱ་ནམ་བྷ་བ་ཏྭཱ། བདེ་བར་གནས་སོ་ཞེས་པའོ། །ཨཱཏ་རྣམས་ལ་ད་རི་དྲ་ཏཱི་མིན་པ་ལས་ཡུ་
เล่ม ๑๙๕ · หน้า 308b
ཞེས་པས་ཡུའོ། །ལས་ལ་ཡུ་ནི། ཨཱི་ཥདྡཱ་ནོ་གཽ་ར་བྷ་བ་ཏཱ། བདེ་བས་སྦྱིན་པར་བྱའོ་ཞེས་སྔ་མ་བཞིན་དུ་ཡུའོ། །དང་པོའི་ལས་ལས་ལ་བྱེད་པ་པོ་ལའང་ཀྟའོ། །དང་པོ་བྱུང་བའི་བྱ་བའི་སྐད་ཅིག་ནི་དང་པོའི་ལས་སོ། །དེ་ལ་ཀྟའི་རྐྱེན་བྱས་པ་གང་ཡིན་པ་དེ་བྱེད་པ་པོ་ལ་འགྱུར་རོ། །འང་གི་སྒྲ་ལས་ཇི་
ལྟར་ཐོབ་པ་བཞིན་འང་ངོ་། །ཅི་ཞེ་ན། སླར་ཡང་དང་པོའི་ལས་ལ་ཀྟ་བྱས་པས་དང་པོའི་ལས་འགྱུར་བར་འགྱུར་བ་ནིཥྛའོ་ཞེས་པ་འདི་ཉིད་ཀྱིས་སོ། །བྱེད་པ་པོ་ལ། པྲ་ཀྲྀ་ཏ་ཀ་ཊཾ་དེ་བ་དཏྟཿ། བྱེད་འདོད་དང་པོར་འཇུག་ཅེས་པའི་དོན་ཏོ། །དངོས་པོ་ལ། པྲ་ཀྲྀ་ཏཾ་ཀ་ཊོ་དེ་བཏྟེན། ལས་ལ། པྲ་ཀྲྀཏ།
ག་ཊོ་དེ་བ་དཏྟེ་ན། བྱེད་འདོད་དང་པོར་འཇུག་གོ་ཞེས་པའི་དོན་ཏོ། །པྲའི་སྒྲ་ནི་པོའི་ལས་གསལ་བར་བྱེད་པའོ། །འགྲོ་བའི་དོན་དང་ལས་མེད་པ་དང་། ཨཱ་ཤླིཥ་ཤིང་སྠཱ་ཨཱས་པས་ཛ་ན་རུ་ཧ་ཛིརྻ་ཏི་རྣམས་ཀྱང་ངོ་། །གང་རྣམས་ཀྱི་དོན་འགྲོ་བ་ཡིན་པ་དེ་རྣམས་ནི་འགྲོ་བའི་དོན་ཏོ། །གང་རྣམས་ཀྱི་ལས་
ཡོད་པ་མ་ཡིན་པ་དེ་རྣམས་ནི་ལས་མེད་པའོ། །དེ་ནས་ཟླས་དབྱེ་བའོ། །འགྲོ་བའི་དོན་རྣམས་དང་ལས་མེད་པ་རྣམས་དང་། ཨཱང་སྔོན་མ་ཅན་གྱི་ཤླིཥ་དང་། ཤིང་དང་། སྠཱ་དང་། ཨཱས་དང་། བས་དང་། ཛཱ་ན་རུ་ཧ་དང་། ཛཱིརྻ་ཏི་ཞེས་པ་འདི་རྣམས་ཀྱང་ཀྟའི་རྐྱེན་གང་ཡིན་པ་དེ་བྱེད་པ་པོ་ལ་འགྱུར་རོ། །
ཀྱང་གི་སྒྲ་ལས་ཇི་ལྟར་ཐོབ་པ་བཞིན་ཡང་ངོ་། །བྱེད་པ་པོ་ལ། ག་ཏོ་གྲ་མཾ་དེ་བ་དཏྟཿ། དངོས་པོ་ལ། ག་ཏེ་ན་དེ་བ་དཏྟེ་ན། ལས་ལ། ག་ཏོ་གྲཱ་མོ་དེ་བ་དཏྟེ་ན། ལས་མེད་རྣམས་ལས། གླ་ནོ་བྷ་བཱན། ཨཱཏ་ལས་མཐར་གནས་བརྩེགས་པའོ་ཞེས་པས་ན་ཉིད་ཀྱི་དངོས་པོའོ། །གླ་ནཾ་བྷ་བ་ཏཱ། ཨཱ་ཤླིཥ་ལ།
ཨུ་པཱ་ཤླིཥྚོ་གུ་རུཾ་བྷ་བཱན྄། ཨཱ་ཤླིཥྚོ་གུ་རུརྦྷ་བ་ཏཱ། ཤིང་ལ། ཨ་ཏི་ཤ་ཡ་ཏི་གུ་རུཾ་བྷ་བཱན། ཨ་ཏི་ཤ་ཡི་ཏོ་གུ་རུརྦྷ་བ་ཏཱ། ཤིང་དང་པུང་ཞེས་པས་ཡོན་ཏན་ནོ། །སྠལ། ཨུ་པསྠི་ཏོ་གོ་རུཾ་བྷ་བ་ཏཱ། ཨ་ཏི་ཤ་ཡི་གུརྦྷཱ་བཱན། ཤིང་པུང་ཞེས་པས་ཡོན་ཏན་ནོ། །ཨུ་པསྠི་ཏོ་གུ་རུརྦྷ་བཱན། དྱ་ཏི་དང་བྱད་
ཅེས་པས་ཨ་ཉིད་དོ། །ཨཱ་ཡ་ལ། ཨུ་པ་སི་ཏོ་གུ་རུཾ་བྷ་བཱན། ཨུ་པཱ་སི་ཏོ་གུ་རུརྦྷ་བ་ཏཱ། ཨས་ཉེ་བར་སྡོད་པ་ལའོ། །བས་ངེས་པར་གནས་པ་ལའོ། །ཨ་ནུ་ཥི་ཏོ་གུ་རུ་བྷ་བཱན། ཨ་ནུ་ཥི་ཏོ་གུ་རུརྦྷ་བ་ཏཱ། སྭ་པི་བིཙ་ཞེས་པས་སཾ་པྲ་སཱ་ར་ཎའོ། །ནིཥྛཱ་ལ་ཡང་ངོ་ཞེས་པས་ཨིཌའོ། ཛན་ལ། ཨ་ནུ་ཛཱ་
เล่ม ๑๙๕ · หน้า 309a
ཏོ་མཱ་ཎ་བ་ཀོ་མཱ་ཎ་བི་ཀཱ། ཨ་ནུ་ཛཱ་ཏཱ་མཱ་ཎ་བི་ཀཱ་མ་ཎ་བ་ཀེ་ན། ཌྷུཊ་ལི་ཁི་ན་ས་ནི་ཛ་ནི་རྣམས་ཀྱི་ཞེས་པས་ཨཱ་ཉིད་དོ། །རུ་ཧ་རབ་ཏུ་སྐྱེ་བ་ལའོ། །ཨཱ་རཱུ་ཌྷོ་བྲྀ་ཀྵཾ་བྷ་བཱ་ན། ཨཱ་རཱུ་ཌྷོ་བྲྀ་ཀྵོ་བྷ་བ་ཏཱ། ཧའི་ཌྷའོ་ཞེས་སོགས་ཀྱིས་ཌྷ་ཉིད་སོགས་བྱའོ། །ཛིརྻ་ཏི་ལ། ཨ་ནུ་ཛཱི་རྞོ་པྲྀ་ཥ་ལཱི་དེ་བ་ད་ཏཿ།
ཨ་ནུ་ཛཱིརྞོ་བྲྀ་ཥ་ལི་དེ་བ་དཏྟེ་ན། རཱྀཏ་མཐའི་ཨིརའོ། །ར་ལ་ནིཥྛཱའི་ཞེས་པས་ན་ཉིད་དོ། །ཤྲྀ་ཨུ་ཡིག་ཅེས་པས་ཨིཊ་མེད་དོ། །ལས་མེད་པའི་ཡང་བྱིངས་རྣམས་ཉེར་བསྒྱུར་དང་བཅས་པ་རྣམས་ལས་དང་བཅས་པར་འགྱུར་རོ་ཞེས་པས་ལས་མེད་པ་སྨོས་པས། ཤླིཥ་སོགས་རྣམས་འགྲུབ་པ་མ་ཡིན་ནོ་ཞེས་
ཤླིཥ་ལོགས་སུ་སྨོས་སོ། །དཱ་ས་གོ་གྷ་དག་ཡང་དག་པར་རབ་ཏུ་སྦྱིན་པ་ལའོ། །འདི་དག་རབ་ཏུ་སྦྱིན་པ་ལ་ཚིག་ཕྲད་དོ། །གང་གི་ཚེད་དུ་འབངས་བྱ་བ་དེ། དཱ་སཿ། དཱ་སྲི་སྦྱིན་པ་ལའོ། །པ་ཙ་སོགས་ཉིད་ལས་ཨཙའོ། །གང་འོངས་པའི་ཆེད་དུ་བ་ལང་འཇོམས་པར་བྱེད་པ། དེ་གོ་གྷཱཿ་ཨ་ཏི་ཐིཿ། གོ་སྔ་མ་
ལས། ཧནྟི་ལས། ཊཀ་ཚིག་ཕྲད་དེ། གམ་ཧན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཨུ་པ་དྷཱ་ཕྱིས་པའི་ཞེས་པའི་གྷ་ཡིག་གོ། །ཨ་ཏི་ཐིཿ། མཆོད་པར་འོས་པ་བརྗོད་པའོ། །ཚིག་ཕྲད་ཀྱི་ཤུགས་ལས་གཞན་མ་ཡིན་ནོ། །བྷཱི་མ་སོགས་རྣམས་ངེས་པར་ཀུན་སྦྱིན་པ་ལའོ། །ངེས་པར་ཀུན་སྦྱིན་པ་ལ་བྷཱི་མ་
སོགས་པ་རྣམས་ཀྱི་སྒྲ་རྣམས་ཚིག་ཕྲད་དོ། །ཀྲྀཏ་ཉིད་ཀྱི་ཕྱིར་བྱེད་པ་པོ་ལ་ཐོབ་པ་ལའོ། །བྷི་མཿ། བྷཱིཥྨཿ། འདི་ལས་འཇིག་པར་བྱེད་དོ་ཞེས་མཀའོ། །ཥུ་ཨཱ་ག་མ་ཡང་ནའོ། །བྷ་ཡཱ་ན་ཀཱ། འདི་ལས་འཇིགས་སོ་ཞེས་ཨཱ་ན་ཀ་ཏེ། ལུ་ཥཱི་ཛྙི་ཞེས་པས་ཨཱ་ན་ཀའི་རྐྱེན་ནོ། །ཙ་རུཿ། འདི་ལས་ལྷ་དང་དྲང་
སྲོང་དང་ཕ་མེས་དང་འབྱུང་པོ་རྣམས་སྤྱོད་པར་བྱེད་དོ་ཞེས་ཙ་རུའོ། །བྷྲྀ་མྲྀ་ཥཱི་ཏྲི་ཙ་རི་དས་ར་ཏ་ནི་མི་མརྫི་རྣམས་ལས་ཨུ་ཞེས་པས་ཨུའི་རྐྱེན་ནོ། །བྷི་མཿ། བྷཱིཥྨཿ། བྷ་ཡཱ་ན་ཀཿ། ཙ་རུཿ། སུ་བཿ། སྲུ་ཀཿ། ཞེས་པ་ལ་སོགས་པ་རྣམས་བྷཱི་མ་སོགས་རྣམས་སོ། །དེ་དག་ལས་གཞན་དུ་ཨུཎ་སོགས་རྣམས་
སོ། ཡང་དག་པར་རབ་ཏུ་སྦྱིན་པ་དང་ངེས་པར་ཀུན་སྦྱིན་པ་དེ་དག་ལས་བྱེད་པ་ཅན་གཞན་ལ་ཡང་ཨུཎ་སོགས་རྣམས་འགྱུར་རོ། །ཀྲྀཏ་ཉིད་ལས་བྱེད་པ་པོ་ཉིད་ཐོབ་པ་དང་། ལས་རྣམས་ལ་ཡང་བཀླག་པར་བྱའོ། །ཏནྟུཿ། རྒྱས་པར་བྱེད་དོ་ཞེས། ས་ཏི་ནི་ག་མི་མ་སི་ས་ཙི་ཨ་པ་དྷཱི་ཉ་ཀྲུ་ཤི་རྣམས་ལས་
เล่ม ๑๙๕ · หน้า 309b
ཏུ་ནའོ་ཞེས་པས་ཏུ་ན། འགུགས་པར་བྱེད་དོ་ཞེས། ཀ་ཥིཿཨིའོ་ཞེས་པས་ཨིའོ། །ཡུ་བུ་ཛྷ་རྣམས་ཀྱི་ཨ་ན་ཨ་ཀ་ཨནྟ་རྣམས་སོ། །ཡུ་བུ་ཛྷ་ཞེས་པ་འདི་རྣམས་ཀྱི་གནས་ལ་གྲངས་ཇི་ལྟ་བ་བཞིན་དུ་ཨན་དང་། ཨ་ཀ་དང་། ཨནྟ་ཞེས་པ་འདི་རྣམས་སུ་བསྒྱུར་བར་འགྱུར་རོ། །ནནྡི་སོགས་ལས་ཡུའོ། །
དགའ་བར་བྱེད་དོ་ལ། ནནྡ་ནཿ། ཡུཊ་ལའང་། ཨཱ་ས་ནཾ། བུཎ་ཏྲྀ་ཙ་དག་གོ་ཞེས་པས་བུཎའི་རྐྱེན་ལ། ཀ་ར་ཀཿ། ནནྡི་ཧི་ས་ཀླི་ཤ་རྣམས་ལ་ཞེས་པས་བུཉའོ་ཞེས་པ་བུཉ་ལ། ནིནྡ་ཀཿ། ཛི་བི་ཤ་དག་ལས་ཛྷ་ཡང་ངོ་། །ཛ་རནྟཿ། བེ་ཤནྟཿ། ཛྲི་ཥ་ལང་ཚོ། །བི་ཤ་འཇུག། །འདིར་ཅིའི་ཕྱིར་མི་འགྱུར་
བྷུ་ཛྷུཿ། བྷུ་ཛི་མྲྀང་དག་ལས་ཡུཀ་ཏྱུཀ་དག་གོ་ཞེས་པས་ཡུཀ་རྐྱེན་ནོ་ཞེ་ན། བརྗོད་པར་བྱ་སྟེ། ཨུཎ་སོགས་ཉིད་ཀྱི་ཕྱིར་མི་འགྱུར་ཏེ། ཨུཎ་སོགས་ཀྱི་རྐྱེན་གྱི་མཐའི་མིང་ཅན་གྱི་སྒྲ་རྣམས་གང་ཨིའི་ཡི་གེ་དེ་རྣམས་ཀྱི་ཡུར་གྱུར་པ་མིང་ཅན་རྣམས་སྐབས་གཞན་དུ་བྱས་པས་གཟུང་བར་མི་འགྱུར་རོ། །དེས་
ན་འདིར་མི་འགྱུར་ཏེ། གང་ལ་ཨཱུརྞ་ཡོད་པ་དེ་ནི། ཨུརྞ་ཡུཿ། དེའི་འདི་ཡོད་པ་ཞེས་པས་ཡུའི་རྐྱེན་ནོ། །བསྡུ་བ་ལ་འབྱུང་བ་ལ་ནཉ་མ་ཡིན་པ་ལ་ཀྟྭཱའི་ཡ་བའོ། །ནཉ་མ་ཡིན་པ་ནཉ་ལས་གཞན་པའི་ནཉ་དང་འདྲ་བའི་མི་ཟད་པའི་བསྡུ་བ་ལ་གང་ཡིན་པ་དེ་ལ་བསྡུ་བ་འབྱུང་བར་འགྱུར་བ་ལ་ཀྟྭའི་རྐྱེན་དུ་
གྱུར་པ་ཡབ་ཏུ་བསྒྱུར་བར་འགྱུར་ཏེ། པྲ་ཀྲྀ་ཏྱ། ཨཱ་ཤྲི་ཏྱ། པྲ་ཎ་མྱ། ཨཱ་ག་ཏྱ། བསྡུ་བ་ལ་ཞེས་པ་ཅི་ཞེ་ན། ཀྲྀ་ཏྭཱ། འབྱུང་བ་སྨོས་པ་ནི་བསྡུ་བ་ལས་སྔར་ཡབ་ཏུ་བསྒྱུར་བའི་དོན་དུ་སྟེ། དེར་བསྡུ་བར་གྱུར་པ་ལམ་གྱུར་པ་ནི་ཡབ་ཏུ་བསྒྱུར་རོ་ཞེས་པའི་དོན་ཏོ། །དེའི་ཕྱིར་ཇི་སྲིད་དུ་ཀྟྭཱའི་མཐས་ཉེ་
བའི་ཚིག་གི་བསྡུ་བ་བྱ་བ་དེ་སྲིད་དུ། པྲཎ་མྱ་ཞེས་པ་ལ་སོགས་པ་ལ་ཀྟའི་རྐྱེན་ལ་ལྟོས་པ་ནང་གི་ཡན་ལག་ཉིད་ཀྱི་ཕྱིར་ལྔ་བའི་ཨུ་པ་དྷཱའི་ཞེས་པས་རིང་པོ་འགྱུར་རོ། །འབྱུང་བ་སྨོས་པར་གྱུར་པ་ལ་ནི་ཀྟྭའི་རྐྱེན་སྐྱེས་མ་ཐག་ཡབ་ཏུ་འགྱུར་བ་བྱས་ན་དྷཱུཊ་མེད་པའི་ཕྱིར་རིང་པོའི་འཇུག་པ་མེད་དོ། །དེའི་ཕྱིར་ཡབ་ཏུ་
བསྒྱུར་བ་བྱས་པ་ན་བསྡུ་བའོ། །ནཉ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཨ་ཀྲྀ་ཏྭཱ། པརྻུ་རཱ་ས་ཡེཾ། འདི་མ་ཡིན་པར་དགག་པ་སྟེ། དེས་ན་ནཉ་དང་འདྲ་བ་མི་ཟད་པའི་བསྡུ་བ་ལ་ཡབ་ཏུ་བསྒྱུར་བའོ། །དེས་ན་འདིར་མི་འགྱུར་ཏེ། པ་ར་མ་ཀྲྀ་ཏྭཱ། ཙ་ཛ་དག་གི་དྷཱུཊ་གྷ་རྗེས་སུ་འབྲེལ་བ་ལ་ཀ་ག་དག་གོ། ཙ་ཡིག་དང་
เล่ม ๑๙๕ · หน้า 310a
ཛ་ཡིག་དག་དྷཱུཊ་དང་གྷ་རྗེས་སུ་འབྲེལ་པ་ཕ་རོལ་ལ་གྲངས་ཇི་ལྟ་བ་བཞིན་དུ། ཀ་དང་ག་དག་ཏུ་བསྒྱུར་བར་འགྱུར་རོ། །རྒྱུ་མཚན་སོ་སོ་གྲངས་ཇི་ལྟ་བ་བཞིན་དུ། རྟག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་གྲངས་ཇི་ལྟ་བ་བཞིན་ཡོངས་སུ་བཤད་པའོ། །པཀྟ། པཱ་ཀཿ། ཏྱཀྟཾ། ཏྱགཿ། བྷཱུགྣཿ། བྷུགྣཿ།
བྷཉྫོ་ཀུན་ནས་ཉེད་པ་ལའོ། །བྷཱུ་ཛོ་འཁྱོག་པོ་ལའོ། །ཀུན་ནས་ཉེད་པར་བྱས་ཟིན། ཀུན་ནས་འཁྱོག་པོར་བྱས་ཟིན་ལ་ཀྟའི་རྐྱེན་ནོ། །ཨིཏ་རྗེས་སུ་འབྲེལ་བ་མ་ཡིན་པ་ཞེས་པས་ན་དབྱིའོ། །འདིས་གའོ། །ལུ་སོགས་དང་ཡོང་རྗེས་སུ་འབྲེལ་བ་ལས་ཞེས་པས་ན་ཉིད་དོ། །འོ་ན་རྟག་པ་དང་མི་རྟག་པ་གཞན་ཉིད་ཀྱི་ཕྱིར་ན་
ཉིད་དུ་གྱུར་པ་ན་དེ་ལས་དྷཱུཊ་མེད་པའི་ཕྱིར་ག་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། འདི་ཡོད་མོད་འོན་ཀྱང་ངེས་པ་ལ་སོགས་པ་ཡན་ལག་གཞན་སྟོབས་དང་ལྡན་པ་ལས་སོ། །དེ་ན་གསུངས་པ། སྔ་མ་ཕྱི་མ་བསྒྱུར་བ་ལ། ཕྱི་མའི་ངེས་པ་རྟག་པ་ཉིད། །ཡན་ལག་གཞན་གྱི་ངེས་པ་ལ། །ཉེ་བའི་ཡན་ལག་གཞན་དེ་བཞིན། །བསྒྲུབ་
པ་གཞན་མཁས་སྟོབས་དང་ལྡན། །དངོས་སུ་བསྒྲུབ་པ་བྱས་པ་ལས། །དེ་ལས་གཞན་རྟོགས་པ་ཉིད་ཕྱིར། །སྔོན་དུ་ག་ཉིད་དེ་ནས་ན། །ཇི་ལྟར་ཡན་ལག་གཞན་ཉིད་རྟོགས་ཤེ་ན། དཀྱུས་མ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ཡང་ཅི་ལྟར་ཞེ་ན། སྨྲས་པ། འདིར་བྱེད་བྲག་ཏུ་རྟོགས་པའི་སྒྲ་རྐྱེན་དང་པོར་ངེས་པར་འཕེན་
པས་དཀྱུས་མ་གསལ་བར་བྱེད་ལ། ཕྱི་ནས་ཉེ་བའི་རྐྱེན་དེ་དག་འཕེན་བཞིན་པས་གང་གཞན་འཕེན་པར་བྱེད་པ་དེ་རང་གི་ཡན་ལག་དང་ཅིག་ཤོས་ནི་ཕྱིའི་ཡན་ལག་གོ། །དེས་ན་དཀྱུས་མ་ལ་བརྟེན་པའི་ནང་གི་ཡན་ལག་ལ་བརྟེན་ནས་ཕྱིའི་ཡན་ལག་རྟོགས་སོ་ཞེས་རབ་ཏུ་འགྲུབ་བོ། །ནྱང་ཀུ་སོགས་རྣམས་ཀྱི་ཧའི་རང་གྷའོ། །
ཙ་ཛ་དག་གི་ཀ་ག་དག་གོ་ཞེས་པ་ཁོ་ནའོ། །ནྱང་ཀུ་ལ་སོགས་པ་རྣམས་ཀྱི་ཙ་ཛ་དག་ཀ་ག་དག་ཏུ་འགྱུར་ཏེ། དེ་རྣམས་ཀྱི་ཧ་ཡིག་གང་ཡིན་པ་དེ་ཡང་གྷ་ཉིད་དུ་འགྱུར་རོ། །ནྱཾ་ཀུཿ། ཨནྩི་ལས་ནི་སྔོན་དུའོ། །ནི་ལ་ཨཉྩི་ལས་སོ་ཞེས་པས་ཨུའི་རྐྱེན་ནོ། །ཙའི་ཀ་ཉིད་དོ། བྷྲྀ་གུཿ། པྲ་ཐི་མྲིད་བྷྲ་ཛ་རྣམས་ཀྱི་སཾ་པྲ་སཱ་ར་ཎ་
སྟེ་བ་དབྱི་བ་ཡང་ངོ་ཞེས་པས་བྷྲསྫ་ལས་ཨུའི་རྐྱེན་ནོ། །སཾ་པྲ་སཱར་ཎ་དང་ས་དབྱི་བ་ཡང་ངོ་། །འདིས་གའོ། །ཨ་བ་དཱགྷཿ། ད་ཧི་ལས་གྷཉའོ། །འདིས་གྷའོ། །ནྱཾ་ཀུཿ། བྷྲྀགུཿ། མངྒུཿ། དཱུ་རེ་པཱ་ཀཿ། སྥལོ་པཱ་ཀཿ། བི་ཥཾ་གཿ། མེ་གྷཿ། ཤྭ་པཱ་ཀཿ། ཏཀྲཾ། བ་ཀྲུང་། ན་ཀྭཿ། ཨ་བ་དཱ་གྷཿ།
เล่ม ๑๙๕ · หน้า 310b
ནི་དཱ་གྷཿ། ཞེས་པ་ལ་སོགས་པ་རྣམས་ན་ནྱང་ཀུ་སོགས་རྣམས་སོ། །ཀ་སྡེ་དང་པོ་དང་བྲ་ཛི་ཨ་ཛི་རྣམས་ཀྱི་མ་ཡིན་ནོ། །དབྱིངས་ཀ་སྡེ་དང་པོ་ཅན་དང་བྲ་ཛི་དང་ཨ་ཛི་ལས་ཀྱང་ཙ་དང་ཛ་དག་གི་ཀ་དང་ག་དག་ཏུ་མི་འགྱུར་རོ། །ཀུ་ཛཿ། ཁརྫཿ། གརྫཿ། ཀུ་ཛ་སྒྲ་ལའོ། །ཁརྫ་འཕྱིད་པ་ལའོ། །གརྫ་སྒྲ་ལའོ། །གྷཉའོ། །
ཀུཛྱཾ། གྷྱཎའོ། །པ་རི་བྲ་ཛཿ། ས་མཱ་ཛཿ། གྷ་ཉའོ། །མ་ཡིན་ནོ་ཞེས་བྱ་བ་ལ་སྦྱོར་བ་རྣམ་པར་གཞག་པར་བྱས་པ་ནི་ཡང་བའི་དོན་ཏེ། དེས་ནི་འདིར་ཡང་ཇི་ལྟར་མཐོང་བ་བཞིན་དགག་པའོ། །བྷྲ་ཛཿ། ཏརྫཿ། བྷྲྀ་ཛ་གསལ་བ་ལའོ། །ཏརྫ་སྤྱོད་པ་ལའོ། །གྷཉའོ། །དེ་བཞིན་དུ། ཤོ་ཙྱཿ། ཏྭཱ་ཛྱཿ། ཤུ་ཙ་
མྱ་ངན་ལའོ། །ཏྱ་ཛ་ལོང་བ་ལའོ། །གྷྱཎའོ། །འོ་ན་ཤོཀྱཿཞེས་པ་ཅི་ཞེ་ན། ཤུཀ་འགྲོ་བ་ལའོ་ཞེས་པ་འདིའི་གཟུགས་སོ། །གྷྱཎ་ལ་གདོན་མི་ཟ་བ་ལའོ། །གདོན་མི་ཟ་བའི་དོན་ལ་གྷྱཎ་གང་ཡིན་པ་དེ་ཕ་རོལ་ལ་ཙ་དང་ཛ་དག་གི་ཀ་དང་ག་དག་ཏུ་མི་འགྱུར་རོ། །ཨ་བ་ཤྱ་པཱ་ཙུ་མ། ཨ་བ་ཤྱ་ཡཱ་ཛྱཾ། གདོན་མི་ཟ་བའི་
དོན་ལ་ཞེས་པ་ཅི་ཞེ་ན། པཱ་ཀྱཾ། པྲ་སྔོན་མའི་བ་ཙི་དང་། ཨརྩི་དང་རུ་ཙི་དང་ཡཱ་ཙི་དང་ཡཛི་རྣམས་ཀྱི་གྷྱཎ་ཕ་རོལ་ལ་ཙ་ཛ་དག་གི་ཀ་ག་དག་ཏུ་མི་འགྱུར་རོ། །གདོན་མི་ཟ་བའི་དོན་བརྗོད་པ་མ་ཡིན་ནོ། །པྲ་བཱ་ཙྱཿ། ཨརྩྱཿ། རོ་ཙྱཿ། ཡ་ཙྱཿ། ཡཱ་ཛྱཿ། པྲ་བཱཙྱཿ། ཞེས་པའི་གཞུང་གི་ཁྱད་པར་འགའ་ཞིག་གི་
མིང་ངོ་། །བཙའི་སྒྲ་མ་ཡིན་པ་ལའོ། །བ་ཙི་སྒྲ་མ་ཡིན་པའི་ཡུལ་ལ་གྷྱཎ་ཕ་རོལ་ལ་ཀ་ཉིད་དུ་མི་འགྱུར་རོ། །བཱ་ཙྱཾ། སྒྲ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། བཱ་ཀྱཾ། ནི་པྲ་དག་ལས་ཡུ་ཛའི་ནུས་པ་ལའོ། །ནི་དང་པྲ་དག་ལས་ཕ་རོལ་གྱི་ཡུ་ཛིའི་ནུས་པའི་དོན་ལ་གྷྱཎ་ཕ་རོལ་ལ་ག་ཉིད་དུ་མི་འགྱུར་རོ། །ངེས་པར་སྦྱོར་
ནུས་པ་ནི། ནི་ཡོ་ཛྱཿ། རབ་ཏུ་སྦྱོར་ནུས་པ་ནི། པྲ་ཡོ་ཛྱཿ། ནུས་པ་ཞེས་པ་ཅི་ཞེ་ན། ངེས་པར་སྦྱོར་ནུས་པ་མ་ཡིན་པ་ནི། ནི་ཡོ་གྱཿ། རབ་ཏུ་སྦྱོར་བར་ནུས་པ་མ་ཡིན་པ་ནི། པྲ་ཡོ་གྱཿ། བྷུ་ཛའི་ཟས་ལའོ། །ཟས་ཀྱི་ཡུལ་ལ་བྷཱུ་ཛི་ལས་གྷྱཎ་ཕ་རོལ་ལ་གཉིད་དུ་མི་འགྱུར་རོ། །བྷོ་ཛྱཾ་པཱ་ཡ་སཾ། ཟས་ལ་
ཞེས་པ་ཅི་ཞེ་ན། བྷོ་གྱཿ། ཤཱ་ཊ་ཀཿ། བྷཱུ་ཛ་ནྱུཔྫ་དག་ལག་པ་དང་ནད་དག་ལའོ། །འདི་དག་གྲངས་ཇི་ལྟ་བ་བཞིན་དུ་ལག་པ་དང་ནད་ཀྱི་དོན་དག་ལ་ཚིག་ཕྲད་དོ། །བྷུ་ཛི་དང་ཨུཔྫ་བསྣམས་པ་ལའོ་ཞེས་པ་འདིའང་ནི་སྔོན་མའི་གྷཉ་ཕ་རོལ་ལ་གཉིད་དང་ཡོན་ཏན་ཉིད་དག་མེད་དོ། །ལག་པ་དང་ནད་དག་ལ་ཞེས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด