འཆི་བ་མེད་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་འདོད་འཇོའི་བ་མོ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་མ་ར་ཀོ་ཥཊཱི་ཀཱ་ཀཱ་མ་དྷེ་ནུ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๗ · หน้า 297b
རུ་ཧཾ་མཚོ་སྐྱེས་སོ། །བི་ཥ་པྲ་སུ་རྒོ། པད་རྩ་སྐྱེས་སོ། །རཱ་ཛཱི་བ་ནི་ཕྲེང་ལྡན་ཏོ། །ཟེ་འབྲུའི་ཕྲེང་ལྡན་ནོ། །ཨམྦོ་རུ་ཧ་ཆུ་འཁྲུངས་སོ། །པུཎྜ་རཱི་ཀཾ་པདྨ་དཀར་པོའོ། །སཱི་ཏ་ཏམྦོ་ཛ། ཆུ་སྐྱེས་དཀར་པོའོ། །ཆུ་སྐྱེས་དམར་པོ་ལ་མིང་གསུམ་སྟེ། རཀྟ་སཱ་རོ་རུ་ཧ། དེ་ཉིད་དང་། རཀྟོཏྤ་ལ་ཨུཏྤ་ལ་དམར་
པོ་དང་། ཀོ་ཀ་ན་དཾ། པདྨ་དམར་པོ་སྟེ། ཀུ་མུད་དམར་པོ་ལྟ་བུའོ། །དེ་ནས་ན་ལ་དང་ནཱ་ལ་ནི་ཡུ་བའམ་སྡོང་བུའམ་ངར་པ་སྟེ། ཎ་ལ་འཆིང་བར་བྱེད་པའི་ཁམས་ལས་སོ། །མྲྀ་ཎ་ལ་པདྨ་སོགས་ཀྱི་རྩ་བ་དང་། བི་ཤང་ཞེས་པ་ཡང་པདྨའི་རྩ་བའི་དོན་ཉིད་དུ། དཔལ་ལྡན་རྒྱལ་པོ་ཉི་མ་རྣམ་པར་
གནོན་པས་སྤྱོད་པའི་སྙེ་མར་བཤད་དོ། །ཀ་དམྦ། ཆུ་སྐྱེས་ལ་སོགས་པའི་རྩ་བའི་ཚོགས་སོ། །ཥཎྜ་ཞེས་པ་ཡང་ཚལ་ཏེ། ཆུ་སྐྱེས་ལ་སོགས་པའི་རྩ་བའི་འོ། །དེ་ཡང་བྱིངས་རབ་ཏུ་གསལ་བར་སློབ་དཔོན་སྲུང་བས། །ཥ་ཌི་ནད་ལའོ། །ཚོགས་པ་ལ་ཨ་ཙའོ། །ཥཎྜ་བ་ནཾ། པདྨ་ཥཎྜ་
ཞེས་པ་ཥཎྜ་ཚལ་ཏེ་པདྨའི་ཚལ་ལྟ་བུའོ་ཞེས་དཔེར་བརྗོད་པ་བཤད་དོ། །དེ་ནས་ཀར་ཧ་ཊ་དང་། སི་ཕཱ་ཀནྡ་ནི་པདྨའི་སྐོགས་པའོ། །ཀིཉྫེ་ལྐ་དང་ཀེ་ས་ར་ནི་པདྨའི་གེ་སར་རོ། །སཾ་བ་དི་ཀཱ། འདབ་མ་འཁྱིལ་བ་དང་། ན་བ་ད་ལཾ། འདབ་མ་གསར་པའོ། །བཱི་ཛ་ཀོ་ཥ་ནི་ས་བོན་གྱི་མཛོད་དང་།
བཱ་རཱ་ཀ་ཊ་ནི་ཟེའུ་འབྲུ་སྟེ། གཉི་ག་པདྨའི་ལྟེ་བའོ། །དེ་ལྟར་ན། མཐོ་རིས་མཁའ་དང་ཕྱོགས་དུས་བློ། །སྒྲ་སོགས་གར་དང་བཅས་པ་དང་། །ས་འོག་གདེང་ཅན་དམྱལ་བ་ཆུ། །དེ་རྣམས་ཀྱི་ནི་ཚོགས་བཅས་བཤད། །ཅེས་བྱ་སྟེ། དེ་ལ་སྒྲ་སོགས་ཞེས་སོགས་པའི་སྒྲས་གཟུགས་
དང་ཉམས་ལ་སོགས་པ་དང་། གར་དང་བཅས་པས་ནི། གླུ་དང་གར་དང་རོལ་མོ་དང་ལྡན་པ་སྟེ། འདི་ནི་དབྱངས་ཀྱི་སྐབས་སུ་འགྲེལ་པས་བཤད་དོ། །དེ་ཡང་འདི་ལྟར། མཐོ་རིས་ཀྱི་སྐབས་སུ་ནི་ལྷ་ལ་སོགས་པ་དང་། ནམ་མཁའི་སྐབས་སུ་ནི་སྤྲིན་ལ་སོགས་པ་དང་། ཕྱོགས་ཀྱི་སྐབས་
སུ་ནི་ཕྱོགས་ཀྱི་གླང་པོ་བརྒྱད་ལ་སོགས་པ་དང་། དུས་ཀྱི་སྐབས་སུ་ནི་སྒྲ་གཅན་ཞུགས་པ་ལ་སོགས་པ་དང་། བློའི་སྐབས་སུ་རྣམ་པར་དཔྱོད་པ་ལ་སོགས་པ་དང་། སྒྲའི་སྐབས་སུ་ནི་ཨུ་དཱཏྟ་ལ་སོགས་པ་དང་། གཟུགས་དང་ཉམས་པ་ལ་སོགས་པའི་སྐབས་སུ་ནི་གྲགས་པ་དང་སྨད་པ་
เล่ม ๑๙๗ · หน้า 298a
ལ་སོགས་པ་དང་། གར་གྱི་སྐབས་སུ་ན་བྷྲུ་ཀུཾ་པ་ལ་སོགས་པ་དང་། ས་འོག་གི་སྐབས་སུ་བུ་ག་ལ་སོགས་པ་དང་། གདེང་ཅན་གྱི་སྐབས་སུ་ནི་བགས་པ་བརྗེས་པ་ལ་སོགས་པ་དང་། དམྱལ་བའི་སྐབས་སུ་ནི་དཔལ་མེད་ལ་སོགས་པ་དང་། ཆུའི་སྐབས་སུ་ནི་གྲུ་ལ་
སོགས་པ་བཤད་ཅེས་སོ། །མཐོ་རིས་ལ་སོགས་པའི་སྐབས་ཞེས་པར་སོགས་པའི་སྒྲས་ནི་ས་འོག་གོ། །སྐབས་ནི་རབ་ཏུ་བཀོད་པ་སྟེ་ཡོངས་སུ་བཅད་པ་འམ་སྡེ་ཚོམས་སུ་བྱས་པའི་བདག་ཉིད་ཅན་ནོ་ཞེས་བྱའོ། །སློབ་དཔོན་རབ་འབྱོར་ཟླ་བས་མཛད་པའི་འཆི་བ་མེད་པའི་མཛོད་ཀྱི་རྒྱ་ཆེར་
འགྲེལ་པ་འདོད་པ་འཇོ་བ་ལས་སྐབས་དང་པོ་རྫོགས་སོ།། །།དེ་ནས་སའི་སྡེ་ཚན་བཤད་པར་བྱ་སྟེ། ས་ཡི་སྡེ་ཚན་གྲོང་ཁྱེར་དང་། །རི་བོ་དང་ནི་ནགས་ཚལ་དང་། །སྨན་དང་རི་དགས་ལ་སོགས་རྣམས། །མི་དང་བྲམ་ཟེ་རྒྱལ་རིགས་དང་། །རྗེའུ་རིགས་དམངས་རིགས་
ཡན་ལག་བཅས། །ཉེ་བའི་ཡན་ལག་བཅས་འདིར་བརྗོད། །ཅེས་པ་ལ་འདིར་སའི་སྐབས་ཡན་ལག་དང་བཅས་པ་ཉེ་བའི་ཡན་ལག་ལས་ས་ལ་སོགས་པ་བཅུ་རྣམས་ཀྱིས་སའི་སྡེ་ཚན་ཏེ་རྣམ་པ་བཅུར་བཤད་དོ་ཞེས་པ་བསྡུས་པའོ། །རི་དགས་ལ་སོགས་པ་རྣམས་ཞེས་པས་ནི་སེང་གེ་
ལ་སོགས་པ་རྣམས་སོ་ཞེས་པའི་དོན་ཏོ། །ཚིགས་སུ་བཅད་པ་གཉིས་ཀྱིས་སའི་མིང་སྟེ། བྷུཿས་དང་། བྷཱུ་མི་སྐྲུན་བྱེད་དེ། བྷཱུ་ཡོད་པ་ལ། སྔ་མ་ལ་ཀྭི་པ་དང་། ཕྱི་མ་ལ་ཨུ་རྨི་བྷཱུ་མི་སོགས་ཀྱིས་མིའི་རྐྱེན་སྦྱར་བའོ། །ཨ་ཙ་ལ། མི་གཡོ་བ་སྟེ་སའོ། །ཨ་ནནྟ། འདི་ལ་མཐའ་མེད་པས་
མཐའ་ཡས་ཞེས་བྱའོ། །ར་སཱ། བཅུད་ལྡན་ནོ། །བི་ཤྭམྦྷ་རཱ་སྣ་ཚོགས་འགེངས་སོ། །སྠི་རཱ་བརྟན་པ་སྟེ། སྠཱ་གནས་པ་ལ་ཀི་ར་ཙ་རྐྱེན་ནོ། །དྷཱ་ར་འཛིན་མའོ། །དྷ་ར་ཏྲཱི། རྟེན་བྱེད་མའོ། །དྷ་ར་ཎིཿའཆང་བྱེད་མའོ། །ཀྵོ་ཎཱི། སྒྲ་སྒྲོགས་མ་སྟེ། ཀྵུ་སྒྲ་ལ། ཨི་ནིན་རྐྱེན་ནོ། །ཛྱ། རྒྱལ་
བྱེད་དོ། །ཀཱ་ཤྱ་པཱི། འོད་སྲུངས་བྱིན་ཞེས་བྱ་སྟེ། རྒྱལ་པོ་དགའ་བྱེད་དགྲ་སྟ་ཅན་གྱིས་དྲང་སྲོང་འོད་སྲུངས་ལ་རྟ་གཙང་གི་མཆོད་སྦྱིན་གྱི་མཐར་ཡོན་དུ་བྱིན་ཞེས་གྲག་གོ། །ཀྵིཏེ། གནས་ཏེ། ཀྵི་ངེས་པར་གནས་པ་ལ་ཀྟིའོ། །སརྦཾ་ས་ཧ། ཀུན་བཟོད་དེ། ཥ་ཧ་བཟོད་པ་ལ་ཁ་ཤ་རྐྱེན་ནོ། །
เล่ม ๑๙๗ · หน้า 298b
བ་སུ་མ་ཏི། ནོར་ལྡན་མ་སྟེ། གསེར་དང་དངུལ་དང་། ཧཱི་ར་སྟེ་རྡོ་རྗེ་ལ་སོགས་པའི་རིན་པོ་ཆེའི་འབྱུང་གནས་སུ་གྱུར་བས་ལྡན་པའི་དོན་ལ་མ་ཏུབ་རྐྱེན་དུ་བྱས་པའོ། །བ་སུ་དྷཱ། ནོར་འཛིན་ནོ། །ཨུརྦཱི། ཡངས་ལྡན་མའོ། །བ་སུནྡྷ་རཱ། དབྱིག་འཛིན་མའོ། །གཽ་ཏྲཱ། ཆུ་སྐྱོབ་སྟེ། གཽ་ཆུ་དང་།
ཏྲཱ་སྐྱོབ་པའོ། །ཀུ་པ་སྟེ། ཀཻ་སྒྲ་ལ། ཤཾ་ཀུ་སོགས་ཀྱིས་ཀུ་རྐྱེན་ནོ། །པྲྀ་ཐི་བཱི་དང་། པྲྀ་ཐྭཱི། ས་གཞི་དང་སྐྱེད་བྱེད་དོ། །ཀྵྨཱ། བཟོད་བྱེད་དོ། །ཨ་བ་ནི། སྲུང་བྱེད་དོ། །མེ་དི་ནཱི། ཞག་ལྡན་མ་སྟེ། ལྷ་མ་ཡིན་སྦྲང་རྩི་དང་ཤེས་གསལ་ལ་སོགས་པ་བསད་པའི་ཚིལ་གྱི་ཞག་བབས་པ་དང་།
ལྡན་པས་སོ། །མ་ཧཱི། མཆོད་བྱེད་མ་སྟེ། འདི་ལ་མཆོད་པ་བྱེད་པར་གྱུར་པས་སོ། །དེ་ནས་གནས་ཙམ་ལ་མིང་ལྔ་སྟེ། ཛ་ག་ཏཱི། འགྲོ་བ་ལྡན་ནོ། །ལོ་ཀཿ་འཇིག་རྟེན་ནོ། །པིཥྚ་སཾ། གནས་བརྟན་ནོ། །བྷུ་བ་ནཾ། ས་གཞིའི་གནས་སོ། །ཛ་ག་ཏ། སྐྱེ་འགྲོའོ། །འདི་ནི་བྷཱ་ར་ཏའི་
ཡུལ་ཞེས་པ་ལ་འདིར་འཛམ་བུའི་གླིང་གི་སའི་དུམ་བུ་རི་བོ་ཆེན་པོས་བཅད་པའི་ཡུལ་རྣམས་བཤད་པར་བྱ་སྟེ། སྐབས་གསུམ་གྱི་ལྷག་མ་ལས་བཤད་པ། བྷཱ་ར་ཏ་དང་ན་ར་བྷཱུ། །སྐྱེས་བུའམ་ཅི་དང་སེང་གེའི་ཡུལ། །བཟང་པོ་བྱང་གི་སྒྲ་མི་སྙན། །དབྱིག་སྐྱེས་ཨི་ལ་བྲྀ་ཏཾ་དང་། །ཏོག་
གི་ཕྲེང་བ་འདི་རྣམས་ནི། །ས་ལ་གནས་པའི་ཡུལ་ཆེན་དགུ། །ཞེས་སོ། །གཞན་དུ་ནི། ན་ར་བྷཱུ་དང་། མི་འམ་ཅིའི་གནས་སུ། ར་མ་ཎ་དང་། སེང་གེ་མཆོག་དག་རྗོད་པར་བྱེད་དོ། །དེ་ལ་འདི་ནི་འཇམ་བུའི་གླིང་གི་མིའི་འཇིག་རྟེན་ལ། དབང་པོའི་གླིང་དང་། ཀ་མེ་རུའི་གླིང་དང་། གཞོན་ནུའི་གླིང་ལ་
སོགས་པ་གླིང་དགུའི་དབྱེ་བས་ཕྱེ་བའི་དུམ་བུ་དགུ་པ་ནི་དཔག་ཚད་སྟོང་ཕྲག་དགུའོ། །བདག་ཉིད་གངས་ཅན་གྱི་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་མཐར་རྒྱལ་པོ་ཁྱུ་མཆོག་ཅེས་བྱ་བ་ནགས་སུ་རབ་ཏུ་བྱུང་སྟེ་བུ་བརྒྱའི་ནང་ནས་བུ་ཐུ་བོ་བྷཱ་ར་ཏ་ཞེས་བྱ་བ་ལ་ཡུལ་འདི་བྱིན་ནས་བྷཱ་ར་ཏས་འདི་བཟུང་བས་བྷཱ་ར་ཏའི་ཡུལ་ཏེ།
དེ་ལྟར་ཡང་། གང་ཕྱིར་ནགས་སུ་རབ་བྱུང་བའི། །ཕ་ཡི་བྷཱ་ར་ཏ་ལ་བྱིན། །དེ་ནས་འདི་ནི་བྷཱ་ར་ཏའི། །ཡུལ་ཞེས་འཇིག་རྟེན་རྣམས་ལ་གྲགས། །ཞེས་སོ། །དྲག་པོས་ནི་འཛམ་བུའི་གླིང་ཉིད་འདོན་ཏོ། །དྲང་སྲོང་རྒྱས་པས་བཤད་པའི་གཞུང་དུ་ནི་འཛམ་བུའི་གླིང་ལ་ཡང་བྷཱ་ར་ཏ་ཞེས་སོ། །གངས་ཅན་གྱི་
เล่ม ๑๙๗ · หน้า 299a
བྱང་ན་རྒྱར་དཔག་ཚད་སྟོང་ཡོད་པའི་མི་འམ་ཅིའི་ཡུལ་ཏེ། དེར་སྐྱེ་དགུ་རྣམས་ཤིང་པླཀྵའི་འབྲས་བུ་ཟ་ཞིང་ཚེ་ལོ་སྟོང་ཕྲག་བཅུ་ཐུབ་པོ། །མི་འམ་ཅིའི་ཡུལ་གྱི་བྱང་ན་ཧེ་མ་ཀཱུ་ཊ་གསེར་གྱི་ཕུང་པོ་ཞེས་བྱ་བའི་རི་བོ་ཡོད་དོ། །དེའི་བྱང་ན་དཔག་ཚད་སྟོང་ཕྲག་བཅོ་བརྒྱད་པའི་སེང་གེ་མཆོག་
ཅེས་བྱ་བའི་ཡུལ་ལོ། །དེར་འཇིག་རྟེན་པ་རྣམས་བུ་རམ་ཤིང་གི་བཅུད་ཟ་ཞིང་ཚེ་ལོ་སྟོང་ཕྲག་བཅུ་གཅིག་ཏུ་འཚོའོ། །དེའི་བྱང་ན་ཏ་རུ་ཎཱ་དི་ཏྱ་སནྣི་བྷོ་ནི་ཥ་དྷ། ཉི་མ་གཞོན་ནུ་དང་མཚུངས་པ། །ནི་ཥ་དྷ་ཞེས་བྱ་བའི་རི་བོ་ཡོད་དོ། །དེའི་བྱང་ཤར་གྱི་ཆ་ན། བཟང་པོ་ཞེས་བྱ་བའི་ཡུལ་ཏེ། མི་རྣམས་ཤིང་
ཀ་དམྤའི་འབྲས་བུ་ཟ་བའོ། །ནུབ་ན་ནི་ཀེ་རུ་མཱ་ལ་མེ་ཏོག་གི་ཕྲེང་བ་ཞེས་བྱ་བའི་ཡུལ་ཏེ། སྐྱེ་དགུ་རྣམས་ཤིང་པ་ན་སའི་འབྲས་བུ་ཟ་བའོ། །བར་ན་ནི་ཨི་ལ་བྲྀ་ཏཾ་ཞེས་བྱ་བའི་ཡུལ་རི་བོས་ཡོངས་སུ་བསྐོར་བའོ། །དེའི་དབུས་ན་རི་རབ་སྟེ་ལྷ་ཐམས་ཅད་གནས་པ་སྐྱེ་དགུ་རྣམས་ཤིང་འཛམ་བུའི་འབྲས་བུ་
ཟ་བའོ། །ཡུལ་གསུམ་པོ་འདི་ནི་དཔག་ཚད་སྟོང་ཕྲག་སུམ་ཅུའི་ཚད་ཅན་ནོ། །ཨི་ལ་བྲྀ་ཏའི་བྱང་ན། ནི་ཥ་དྷ་དང་ཚད་མཉམ་པ་སྔོན་པོ་ཞེས་བྱ་བ་བཻ་ཌཱུརྱའི་རང་བཞིན་གྱི་རི་བོ་ཡོད་དོ། །དེའི་བྱང་ན་སེང་གེའི་ཡུལ་དང་ཚད་མཉམ་པའི་རམ་ཎ་ཞེས་བྱ་བའི་ཡུལ་ཏེ། གང་དུ་མི་རྣམས་ཤིང་ནྱ་གྲོ་དྷའི་
འབྲས་བུ་ཟ་ཞིང་ཚེ་ལོ་སྟོང་ཕྲག་བཅུ་གསུམ་དུ་འཚོའོ། །དེའི་བྱང་ན་དཀར་པོ་ཞེས་བྱ་བ་དངུལ་གྱི་རང་བཞིན་གྱི་རི་བོ་ཡོད་དོ། །དེའི་བྱང་ན་མི་འམ་ཅིའི་ཡུལ་དང་ཚད་མཉམ་པའི་ཉི་རནྨ་ཡ་ཞེས་བྱ་བའི་ཡུལ་ཏེ། གང་དུ་མི་རྣམས་ཤིང་ལ་ཀུ་ཙའི་འབྲས་བུ་ཟ་ཞིང་ཚེ་ལོ་སྟོང་ཕྲག་བཅུ་བཞིར་འཚོ་བའོ། །
དེའི་བྱང་ན་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་སཾ་ག་མ་ཞེས་བྱ་བའི་རི་བོ་ཡོད་དོ། །དེའི་བྱང་ན་བྷཱ་ར་ཏའི་ཡུལ་དང་ཚད་མཉམ་པའི་བྱང་སྒྲ་མི་སྙན་པའི་ཡུལ་ཏེ། གང་དུ་སྐྱེ་དགུ་རྣམས་དཔག་བསམ་གྱི་ཤིང་ལས་ཇི་ལྟར་ན་མངོན་པར་འདོད་པ་འབྱུང་ཞིང་ཚེ་ལོ་སྟོང་ཕྲག་བཅོ་ལྔར་འཚོའོ། །དེ་ལ་བྷཱ་ར་
ཏའི་ཡུལ་གྱི་དབང་ལྡན་ནས་ཤཱ་ར་བ་ཏི་ཞེས་བྱ་བའི་ཀླུང་བདེན་བྲལ་དུ་འབབ་སྟེ་ནུབ་ཕྱོགས་ཀྱི་རྒྱ་མཚོར་འབབ་པོ། །དེ་ནས་འཕགས་པའི་ཡུལ་གྱི་མིང་ལ། མ་དྷྱ་དེ་ཤ། ཡུལ་དབུས་སོ། །མ་དྷྱ་མ་དབུས་སོ། །ཨཱཪྱཱ་བརྟ། འཕགས་འཁྲུངས་ཏེ། ཨཱ་བརྟ། འཁྲུངས་པའོ། །པུཎྱ་བྷཱུ་མི། བསོད་ནམས་
เล่ม ๑๙๗ · หน้า 299b
ས་གཞི་ཞེས་ཀྱང་བྱའོ། །དེ་ནས་ཚིགས་སུ་བཅད་པ་གཅིག་གིས་ལམ་གྱི་མིང་སྟེ། ཨ་ཨ་ནཾ། ལམ་མམ་བགྲོད་པའོ། །བརྟྟྨ། འགྲོ་བྱའམ་ལམ་མོ། །མཱརྒ་ལམ་མོ། །ཨ་དྷྭཱ། ཤུལ་ལམ་མོ། །བནྠཱ་ན་དང་། པ་ཐ་བཱི་དང་། སྲི་དི་རྣིམས་ཀྱང་ལམ་མམ་འཇུག་བྱའོ། །སར་ཎི་དང་། པནྡྷ་ཏི་དང་། པ་
ཏྱ་དང་། བརྟྟྨ་ནི་རྣམས་ཀྱང་ལམ་མོ། །ཨེ་ཀ་པ་དཱི། རྐང་པ་གཅིག་ལྡན་ཏེ། ལམ་ཕྲ་མོའོ། །དེ་ནས་ལམ་བཟང་པོ་ལ་ཚིགས་བཅད་ཕྱེད་དེ། ཨ་ཏི་པནྠཱ་ནི་ལམ་པོ་ཆེ་དང་། སུ་བནྠ་ལམ་བཟང་དང་། སཏྤ་ཐ། བདེན་ལམ་མམ་ལམ་མཆོག་གམ་ལམ་དམ་པ་དང་། ཨརྩི་ཏེ྅དྷྭ་ནི། མཆོད་པར་
བྱ་བའི་ལམ་མོ། །དེ་ནས་བྱ་དྷྭ་དང་། དུ་ར་དྷྭ་ལ་སོགས་པ་རྣམས་ལམ་ངན་པའི་མིང་ངོ་། །དེ་ནས་ག་བྷུ་ཏི་ནི་བ་ལང་ཤིང་རྟ་འམ། བ་ལང་གི་ལམ་གྱི་ཚད་ཅེས་བྱ་བ་སྟེ། དེ་ལ་སོར་མོ་ཉི་ཤུ་རྩ་བཞི་ནི། ཀུཥྐུ་དང་ཧསྟ་ཏེ་ཁྲུ་ཞེས་བྱའོ། །ཁྲུ་བཞི་བརྒྱལ། །ན་ལྭ་ཞེས་པའོ། །ཁྲུ་སྟོང་ཕྲག་བརྒྱད་ལ་ཀྲོ་
ཤ་སྟེ་རྒྱང་གྲགས་ཞེས་བྱ་ཞིང་། གཞུ་འདོམ་སྟོང་ཕྲག་གཉིས་ལ་ག་བླུ་ཏི་ཞེས་བྱ་སྟེ། རྒྱང་གྲགས་དང་གཅིག་གོ། །གཞུ་འདོམ་བཅུའི་ཁྱོན་ནི་གྷཎྜཱ་པ་ཐ་དང་། རཱ་ཛ་མཱརྒ་སྟེ་རྒྱལ་པོའི་ལམ་ཁྲལ་ལམ། དྲིལ་བསྒྲགས་པའི་ལམ་མོ། །སའི་སྡེ་ཚན་ནོ།། །།དེ་ནས་གྲོང་ཁྱེར་གྱི་སྡེ་ཚན་ཏེ། དེ་ལ་
གྲོང་ཁྱེར་ལ་མིང་བདུན་ཏེ། པཱུ་དང་པུ་རཱི་ནི་གྲོང་སྟེ། ཕས་ཀྱི་རྒོལ་བ་དང་། བགྲོད་དཀའ་བ་སྲུང་ཞིང་སྐྱོང་བས་སོ། །གྲོང་བརྒྱད་བརྒྱའི་ཐ་སྙད་དང་ལྡན་པ་ནི་ན་ག་ར་སྟེ་གྲོང་ཁྱེར་རོ། །གང་དུ་རྒྱལ་པོའི་ཕོ་བྲང་དང་ཉེ་བར་གྱུར་པ་ནི་བཏྟ་ནཾ་རྒྱལ་ལམ་མམ་ཕོ་བྲང་འཁོར་རོ། །བུ་ཊ་བྷེད་ནཾ། ནི་ཚོང་ཁང་ངམ་
ཚོང་དུས་ཏེ། ཚོང་པ་རྣམས་འབྱུང་བ་དང་འཇུག་པའོ། །སྠཱ་ནཱི་ཡཾ་ནི། འཇིགས་མེད་གནས་ཏེ། ཅིས་ཀྱང་འཇིགས་པ་མེད་པའི་གནས་སོ། །མིག་མ་ནི་མི་བསྐྱོད་གནས་སོ། །དེ་ནས་ཁང་པའི་མིང་ལ། གྲྀ་ཧ་ཁྱིམ་མམ་ཁབ་བམ་ཚང་ངམ་ཤུབས་སོ། །གེ་ཧ་ཁྱིམ་མམ་ཁང་པའོ། །ཨུད་
བ་སི་ཏཾ་གནས་སོ། །བཤྨེ། ཁྱིམ་མམ་འཇུག་བྱའོ། །པདྨ། གནས་སམ་ཁང་པའོ། །ནི་ཀེ་ཏ་ནཾ། གནས་གཞིའོ། །གཞན་ཡང་བྷ་བ་ནཱ་དང་། གཱ་ར་དང་། མནྡི་རཾ་དང་། ནི་ལ་ཡ་དང་། ཨ་མ་ཡ་ལ་སོགས་པ་ཡང་གནས་ཁང་དང་གནས་གཞི་སོགས་སོ། །དེ་ནས་པརྞ་ཤ་ལ། ལོ་མ་སྤྱིལ་པོ་
เล่ม ๑๙๗ · หน้า 300a
ལ་སོགས་པ་སྟེ། གནས་ཀྱི་ཁྱད་པར་གྱི་མིང་རྣམས་སོ། །དེ་ནས་བཱ་ཏཱ་ཡ་ནཾ་ནི་རླུང་བུ་ག་སྟེ་གློ་སྐར་རཾ་སྐར་ཁུང་ངམ་ཁྲ་མའོ། །ག་བཱཀྵ་ནི། བ་ལང་མིག་སྟེ་དེ་དག་སྐར་ཁུང་གི་མིང་ངོ་། །དེ་ནས་ཁང་བཟངས་ཀྱི་མིང་ལ། ཧརྨི། བསིལ་ཁང་ངམ་བ་གམ་ཅན་ནམ་རྒྱ་ཕིབས་
ཅན་ནམ། པྲ་སཱ་ད། ཁང་བཟངས་སོ། །སཽ་དྷ། གཙང་གནས་སོ། །རཱ་ཛ་ས་ད་ན། རྒྱལ་པོའི་ཁང་པའོ། །སྭསྟི་ཀ། བདེ་ལེགས་ཅན་ནམ་བཀྲ་ཤིས་ལྡན་ནོ། །སརྦ་ཏོ་བྷ་དྲ། ཀུན་བཟངས་སོ། །དེ་ནས་སྟྱ་ག་རཾ་ལ་སོགས་པ་རྐང་པ་གསུམ་གྱིས་བཙུན་མོའི་ཁང་པའི་མིང་སྟེ། སྟྲཱི་ཨ་གཱ་ར།
བཙུན་མོའི་ཁང་པ་ཞེས་པའོ། །གྲོང་ཁྱེར་གྱི་སྡེའོ།། །།དེ་ནས་རིའི་སྡེ་ཚན་ལས་ཐོག་མར་རིའི་མིང་ལ། མ་ཧཱི་དྷྲ། ཞེས་པས་འཛིན་ཏེ་མ་ཧཱི་སྔོན་དུ་ལྡན་པའི་ཌྷྲྀ་ཉ་འཛིན་པ་ལ། མཱུ་ལ་བི་བྷུ་ཛ་ལ་སོགས་པ་བཞིན་དུ་ཀའི་རྐྱེན་སྦྱར་བའོ། །ཤི་ཁ་རི་རྩེ་མོ་ཅན་ནམ་ཟོམ་ཅན་ཏེ། ཤི་ཁ་རའི་སྒྲ་ལ་
ལྡན་པའི་རྐྱེན་ཨི་ནིའོ། །ཀྵྨཱ་བྷྲྀ་ཏ། ས་གཞི་འཆང་བ་འམ་ས་འཛིན་ཏེ། ཀྵྨ་སྔོན་དུ་ལྡན་པའི་བྷྲྀཉ་འཛིན་པ་ལ་རྣམ་པར་འཛིན་པར་བྱེད་དོ་ཞེས་པའི་དོན་ལ་ཀྭིཔ་རྐྱེན་དུ་སྦྱར་རོ། །ཨ་ཧཱརྱ། མི་འཕྲོག་པ་སྟེ། ནཉ་སྔོན་མའི་ཧྲྀ་ཉ་འཕྲོག་པ་ལ་ཎྱ་ཏའོ། །དྷ་ར། འཛིན་པ་སྟེ་ས་འཛིན་པས་སོ། །
སརྦ་ཏ། ཚིག་ཅན་ཏེ། སརྦ་རྫོགས་པ་ལ། །ཨ་ཏ་ཙ་རྐྱེན་ནོ། །ཨ་ཏྲི། རི་བོའོ། །གོ་ཏྲ། ས་སྐྱོབ་སྟེ། འདིར་གོ་བྷུ་བཾ། གོ་ནི་སའོ་ཞེས་སོ། །གོ་རི། གྱེན་དུ་འཕྱུར་ཞེས་པ་སྟེ། གྲཱྀ་གསལ་བར་བྱེད་པ་ལ། རང་གི་ངོ་བོ་ལ་ཨི་ཀི་ཤིཔྟ་རྣམས་སོ་ཞེས་པས་ཨིའི་རྐྱེན་སྦྱར་བའོ། །གཱ་བཱ། ཞེས་
པ་ཡང་རི་བོ་སྟེ། གྲཱྀའི་ཁམས་ལས་ཀ་ནིན་རྐྱེན་དུ་སྦྱར་བའོ། །ཨ་ཙ་ལ། མི་གཡོ་བ་སྟེ་རི་བོའོ། །ཤི་ལ། བྲག་རིའོ། །ཤི་ལོཙྪ་ཡ། རྡོ་བརྩེགས་སོ། །དེ་ནས་རིའི་ཁྱད་པར་ལས་ཁོར་ཡུག་གི་མིང་ལ། ལོ་ཀཱ་ལོ་ཀ། འཇིག་རྟེན་དུ་སྣང་བ་སྟེ། སའི་དཀྱིལ་འཁོར་མཐའ་དག་ལ་ཟླུམ་པོའི་སྣང་
བས་བསྐོར་ཏེ། ར་བར་གྱུར་པ་འདིའི་ནང་གི་ངོས་རྣམས་ཉི་མའི་འོད་ཟེར་གྱིས་རབ་ཏུ་གསལ་བའི་ཕྱིར་དེ་ལྟར་བཤད་དོ། །ཙཀྲ་བཱ་ཌ་ཁོར་ཡུག་གོ། །ཏྲི་ཀུ་ཊ། སུམ་བརྩེགས་ཏེ་རི་བོ་གསུམ་བརྩེགས་པས་གནས་པའོ། །ཏྲི་ཀ་ཀུཊ། རྭ་གསུམ་པ་སྟེ་འདི་ལ་རྩེ་མོ་གསུམ་ཡོད་པས་སོ། །དེ་ནས་
เล่ม ๑๙๗ · หน้า 300b
ཨསྟ་དང་། ཙ་ར་མ་ནི། ནུབ་དང་ཕྱི་མ་སྟེ། ནུབ་རིའི་མིང་ངོ་། །ཨུ་ར་ཡ་དང་། པཱུརྦ་ཤ་རཾ། མདུན་མ་སྟེ། མདུན་རི་འམ་ཤར་རིའོ། །ཧི་མ་བཱན། གངས་ཅན་ལ་སོགས་པ་ཡང་རི་བོའི་བྱེ་བྲག་སྟེ་སོགས་པའི་སྒྲས་མ་ལ་ཡའི་རི་བོ་དང་། རི་བོ་ད་རྡ་ར་ལ་སོགས་པའོ། །དེ་ལ་གངས་ཅན་དང་། གང་
བརྩེགས་དང་། ནི་ཥ་དྷ་སྟེ། འགོག་བྱེད་དང་། རི་མེ་རུ་དང་། རི་སྔོན་པོ་དང་། རི་དཀར་པོ་དང་། རི་སཾ་ག་མའི་མཐར་ཐུག་པ་ཡུལ་བདུན་མཚམས་བཅད་པའི་རི་བོ་རྣམས་སོ། །རི་དབང་ཆེན་དང་། མ་ལ་ཡ་དང་། ས་ཧྱ་དང་། འབིགས་བྱེད་དང་། པ་རི་ཡཱ་ཏྲ་དང་། ཏྲི་པྲ་དང་། ཏཱིཀྵཱ་རྣམས་ནི་བྷཱ་ར་ཏའི་
ཡུལ་གྱི་རིའི་རིགས་བདུན་ནོ། །རི་ཕྲེང་བ་ཅན་ནི་རི་ཁྲུང་ཁྲུང་སྟེ། ཁྲུང་ཁྲུང་ཡང་ཕྲེང་བ་ཅན་ནོ་ཞེས་སྐབས་གསུམ་གྱི་ལྷག་མ་ལས་བཤད་དོ། །རི་རབ་ཀྱི་ནུབ་ན་རི་སྤོས་ཀྱི་ངང་ལྡང་དང་ཚད་མཉམ་པའི་རི་མཱ་ལྱ་བནྟེ་ཕྲེང་བ་ཅན་ཡོད་དོ། །རི་རབ་ཤར་ན་ཆུར་དཔག་ཚད་སྟོང་ཕྲག་གསུམ་ཅུ་རྩ་གཉིས་
ཞེང་དུ་དཔག་ཚད་སྟོང་ཕྲག་གཅིག་འོག་ཏུ་སོན་པའི་རི་བོ་གནྡྷ་མཱ་ད་ན་སྟེ། སྤོས་ཀྱི་ངད་ལྡང་ཡོད་དེ། དེ་ལྟར་རི་བོ་གཞན་རྣམས་ཀྱང་ལུང་ལས་ཤེས་པར་བྱའོ། །དེ་ནས་ཚིགས་བཅད་ཕྱེད་ཀྱིས་རྡོ་བའི་མིང་སྟེ། པཱ་ཥཱ་ཎ། རྡོ་བའོ། །པྲ་སྟ་ར། སྦད་བྱེད་དོ། །གྲ་བ་
ཞེས་པ་གོར་མ་སྟེ། སྔར་རི་བོ་ལ་ཡང་བཤད་པའོ། །ཨུ་པ་ལ། ཙོག་པོའི་རྡོ་བ་སྟེ། ཨུ་པ་ཉེ་བ་དང་། ལ་འཛིན་པར་བྱེད་པའོ། །ཨཤྨ་ན། ཇུ་པོའོ། །ཤི་ལ་རྟུན་བུའི་རྡོ་བའོ། །དྲྀ་ཤད་རྡོའོ་དེ་ནས་རྐང་པ་གཅིག་གིས་རྭའི་མིང་སྟེ། ཀུ་ཊ། བརྩེགས་པའོ། །ཤི་ཁ་ར་ཞེས་པ་གཙུག་
སྐྱེས་སམ། །རྭའི་རྩེ་མོའོ། །ཤི་ཁ་གཙུག་དང་། རུ་ཧ་སྐྱེ་བ་སྟེ། ཤི་ཁཱི་རོ་ཧ་ཏི་ཞེས་པས་རུ་ཧལ་ཌ་རྐྱེན་དུ་བྱས་པའོ། །ཤྲྀངྒ། རྭ་རྩེའོ། །དེ་ནས་རྐང་པ་གཅིག་གིས་རི་གཟར་གྱི་མིང་སྟེ། པྲ་པཱཏ། རབ་ལྟུང་སྟེ། གཡང་སའོ། །ཏ་ཊ། རི་འགྲམ་སྟེ། རི་གཟར་གྱི་འགྲམ་མམ་ངོས་སོ། །བྷྲྀ་གུ་
རི་གཟར་ཏེ། བྷ་སྠ་ལ་ཀུ་རྐྱེན་དང་། ས་དབྱི་བ་དང་། ཡན་ཨ་ཀི་རུ་བསྒྱུར་བའོ། །དེ་ནས་ཀཌ་ཀ། རི་ཞོལ་དང་། ནི་ཏམྦ། རི་ཤམ་མོ། །ནི་ཀུཉྫ་ནགས་དང་། ཀུཉྫ་ནགས་ཚལ་དང་། ལ་ཏཱ་པི་ཧི་ཏཱ། འཁྲི་ཤིང་ཁེབས་ཞེས་བྱ་སྟེ། ནགས་ཚལ་ལོ། །རིའི་སྡེའོ། །དེ་ནས་ནགས་ཀྱི་སྡེ་ལ། ཨཱ་ཊ་བི། ཨ་
เล่ม ๑๙๗ · หน้า 301a
རི་ཎྱཾ་དགོན་པའོ། །བཱི་པི་ནཾ། དགོན་པ་སྟོང་པའོ། །ག་ཧ་ནཾ། ནགས་འཐིབས་པོའོ། །ཀཱ་ན་ནཾ། ནགས་ཚལ་ལོ། །བ་ནཾ། ནགས་སམ་ཚལ་ལོ། །གྲྀ་ཧཱ་རཱ་མ། ཁྱིམ་གྱི་ཀུན་དགའ་ར་བ་སྟེ། ཁྱིམ་དང་ཉེ་བའི་ཀུན་དགའ་ར་བའོ། །ནིཥྐུ་ཊཿངེས་འགྲོའོ། །ཨུ་པ་བ་བ་ནཾ། ཉེ་བའི་ཚལ་
ལོ། །ཀྲྀ་ཏྲྀ་མཾ་བ་ནཾ། བཅོས་མའི་ཚལ་ལོ། །ཀྲྀ་ཌཿརྩེད་མོའི་སའོ། །ཨུཏྻ་ན། སྐྱེད་ཚལ་ལོ། །དེ་ནས་ཕྲེད་དུ་བྱས་པའི་མིང་ལ། བི་ཐྱ་ཕྲེང་བ་དང་། ཨཱ་ལི་དང་། ཨ་བ་ལི་ཡང་ཕྲེང་བ་དང་གྲལ་དང་། པཾ་ཀྟི། ཚར་དུ་དངར་བའི་ཕྲེང་བ་དང་། ཤྲེ་ཎཱི། ཕྲེང་བའི་ཁྲིགས་ཆགས་སོ། །ལེ་ཁ་བཀོད་པའམ་
བྲིས་པའོ། །རཱ་ཛི་གྲལ་རིམས་སམ་ཕྲེང་བ་རྣམས་སོ། །དེ་ནས་ཨདྐུ་ར་ནི་མྱུ་གུ་འམ་ཁྱེའུ་ཁའོ། །ཨ་བྷི་ན་བ། མངོན་པར་སར་པ་སྟེ་གསེར་སྐྱེས་སོ། །ཨུདྦྷི་དི། སྟེང་དུ་འཐོན་པ་སྟེ། ས་བོན་ལས་མྱུ་གུ་སྟེང་དུ་ཕྱོགས་པའི་མིང་ངོ་། །དེ་ནས་ཤིང་ཙམ་གྱི་མིང་ལ་ཚིགས་སུ་བཅད་པ་གཅིག་
སྟེ། དེ་ལ་བྲྀཀྵ། ཤིང་སྟེ། བྲྀཀྵ་སྒྲིབ་པ་ལ། ཨ་ཙའོ། །མ་ཧཱི་རུ་ཧ་ནི་ས་སྐྱེས་ཞེས་བྱ་སྟེ། མ་ཧྱཱཾ་རོ་ཧ་ཏི་ཞེས་པ་ས་ལས་སྐྱེ་བར་བྱེད་དོ་ཞེས་པས་རུ་ཧ་ལ་ཀའི་རྐྱེན་སྦྱར་བའོ། །ཤཱ་ཁི་ཡལ་འདབ་ཅན་ནོ། །བི་ཊ་པཱི། ལོ་མ་ཅན་ཏེ། པཱ་ལ་ཤ་དང་བིཊ་པ་རྣམས་རྣམ་གྲངས་སོ། །པཱ་ད་པ། རྐང་
འཐུང་སྟེ། རྐང་པས་རོ་བཅུད་འཐུང་བར་བྱེད་པས་པཱ་འཐུང་བ་ལ་ཀའི་རྐྱེན་སྦྱར་བའོ། །ཏ་རུ་ཤིང་སྟེ། ཏྲི་ལ་མེ་རུ་བཞིན་དུ་ཨུའི་རྐྱེན་སྦྱར་བའོ། །ཨ་ནོ་ཀ་ཧ། འགྲོ་འགོག་ཅེས་བྱ་སྟེ་ཤིང་ངོ་། །ཀུ་ཋ་ཤིང་ངོ་། །ཤཱ་ལ། འདབ་མ་ཅན་ནམ་ཆེན་པོའོ། །པ་ལཱ་ཤི། སྡོང་པོའི་འདབ་མ་ཅན་ནོ། །དྲུ་མ་
ལྗོན་ཤིང་ངོ་། །ཨ་ག་མ། འགྲོ་མེད་ཅེས་བྱ་སྟེ་ཤིང་ངོ་། །དེ་ནས་ཤིང་མེ་ཏོག་དང་འབྲས་བུས་མཚོན་པར་བྱ་བ་ཁརྫུ་ར་སྟེ། འབྲ་གོ་དང་། ཨ་མྲ་དང་། ཨ་ལ་ཀཱ་ལ་སོགས་པ་ལ། བ་ན་སྤ་ཏྱ། འབྲས་ལྡན་ནགས་ཞེས་བྱ་སྟེ། བ་ནསྤ་ཏི་ལ་བུ་བརྒྱུད་ཀྱི་རྐྱེན་ཎྱ་སྦྱར་བའོ། །མེ་ཏོག་དང་འབྲས་
བུ་མི་སྐྱེ་བས་མཚོན་པ་ཤིང་པ་ན་ས་དང་ཨུ་དུམྦཱ་ར་དང་པླཀྵ་ལ་སོགས་པ་བ་ན་སྤ་ཏི་འབྲས་མེད་ནགས་ཞེས་བྱ་སྟེ་བུ་བརྒྱུད་ཀྱི་རྐྱེན་མེད་པས་སོ། །འབྲས་བུ་སྨིན་པའི་མཐར་འཇིག་པ་ཀ་ད་ལཱི་སྟེ། ཆུ་ཤིང་ལ་སོགས་པ་ལ་ནི། ཨོ་ཥ་དྷི་སྟེ་སྨན་གྱི་ཚལ་ཞེས་བྱའོ། །དེའི་ཕྱིར་དུས་ལ་བབ་པ་ན་
เล่ม ๑๙๗ · หน้า 301b
འབྲས་བུ་སྐྱེད་པའི་ཤིང་རྣམས་ལ། ཨནྡྷྱ་སྟེ། མོ་ཤམ་མིན་པའི་འབྲས་མེད་མིན་པ་དང་། ཕ་ལེ་གྲ་ནི་འབྲས་བུ་འཛིན་པ་ཞེས་བྱ་བ་ལ། འབྲས་བུ་མེད་པ་རྣམས་ལ་མོ་ཤམ་དང་འབྲས་མེད་ཅེས་བྱའོ། །ཕ་ལ་བཱན། འབྲུ་ལྡན་དང་། ཕ་ལི་ན། འབྲས་ཅན་དང་། ཕ་ལཱི་ཤིང་ཐོག་ཅན་ནོ། །དེ་ནས་རྐང་
པ་གསུམ་གྱིས་རྣམ་པར་རྒྱས་པའི་མིང་སྟེ། པྲ་ཕུལླ་རབ་རྒྱས་དང་། ཨུཏྲུལླ། ཤིན་ཏུ་རྒྱས་དང་། སཾ་ཕུལླ། ཡང་དག་རྒྱས་སམ་ཀུན་ཏུ་རྒྱས་དང་། བྱཱ་ཀོ་ཥཿ སྦུབས་གྲོལ་ཏེ། སྦུབས་ནས་རྣམ་པར་བྱེ་ཞིང་རྒྱས་པའོ། །སྥཊཿ འཕྲོ་བ་ཅན་ནམ་རྒྱས་པ་འམ་
གསལ་བའོ། །ཕུལླ། ཁ་བྱེ་བ་དང་། བི་ཀ་སི་ཏ། རྣམ་པར་བྱེ་བའོ། །དེ་ནས་རྐང་པ་གསུམ་གྱིས་འཁྲི་ཤིང་གི་མིང་སྟེ། བལླཱིཿ འཁྲི་ཤིང་དང་། བྲ་ཏ་ཏིཿ གུ་གེ་དང་། ལ་ཏ༴ འཁྲི་ཤིང་ངམ། ལྕང་མ་དང་། པྲ་ཏཱི་ནི། ལོ་མ་དང་། ནཱི་བི་རུ་ཊ། ཡལ་འདབ་དང་། གུལྨ། ལྕུག་མ་དང་། ཨུ་
ལ་པ་ཚང་ཚིང་རྣམས་སོ། །དེ་ནས་ཤི་ཕཱ་ཛཊ། རྩ་ཕྲན་ཏེ། ཤིང་གི་རྩ་བའི་བ་ཐག་གི་རལ་པའོ། །ཤཱ་ཁཱ་ཤི་ཕ། ཡལ་གའི་རྩ་བའོ། །ཨ་བ་རོ་ཧ་ནི་ཡལ་ག་འཕྱང་བའོ། །དེ་ནས་ཤིང་གི་རྩེ་མོའི་ཆའི་མིང་ལ། ཤི་ར༴ ནི་མགོ་དང་། ཨ་གྲ་རྩེ་མོ་དང་། ཤི་ཁ་རཾ་ཅོ་དོ་འམ་རྩེ་མོའོ། །ཤིང་གི་རྩ་
བའི་མིང་ལ། མཱུ་ལ་རྩ་བའམ་དྲུང་སྟེ། མཱུ་ལ་རབ་ཏུ་གནས་པ་ལ་ཨ་ཙའི་རྐྱེན་ནོ། །བུདྡྷྣ་དང་། ཨཾ་ཧྲི་དང་། ཨཾ་གྷྲི་ཡང་རྐང་པའི་མིང་གི་རྣམ་གྲངས་ཏེ། བུདྡྷྣ་ནི། བུ་དྷ་ཁོང་དུ་ཆུད་པ་ལ། ཨུཥྞ་བཞིན་དུ་ནཀ་གི་རྐྱེན་ནོ། །སྐུ་གཟུགས་ལ་སོགས་པ་བྱར་རུང་བ་ཤིང་མཆོག་གི་ཆ་ལ་མིང་གཉིས་ཏེ།
སཱ་ར༴ སྙིང་པོ་དང་། མཛྫཿ རྐང་མར་རོ། །ཤིང་གི་པགས་པའི་མིང་ལ། ཏྭ་ཀ་ པགས་པ་དང་། བལྐཾ། ལྐོགས་པ་དང་། བལྐཾ་ལཾ། ཤུན་པ་རྣམས་སོ། །དེ་ནས་ཀཱཥྛཾ་དང་ད་རུ་གཉིས་མེ་ཤིང་དང་། ཤིང་བུ་ཞེས་པའོ། །དེ་ནས་ཨནྡྷི་ནཾ་བུད་ཤིང་དང་། ཨིདྷྨཾ་ཡཾ་སྲོག་ཤིང་
དང་། ཨེ་དྷཿཧོམ་ཤིང་དང་། ས་མིད། སྲེག་ཤིང་སྟེ། ལྔ་ནི་སྦྱིན་སྲེག་བྱེད་པའི་ཤིང་གི་མིང་ངོ་། །ཤིང་ལ་སོགས་པའི་བུག་པའི་མིང་ལ། ནིཥྐུ་ཧ། ཁོང་སྟོང་དང་། ཀོ་ཧཱ་རཾ་ནང་ཅན་ནོ། །དེ་ནས་བལླ་རི་གང་བུ་དང་། མཉྫ་རི་སྙེ་མ་སྟེ། མེ་ཏོག་དང་འབྲས་བུ་ལ་སོགས་པའི་ཚོགས་ཀྱི་མིང་ངོ་། །དེ་ནས་ཚིགས་བཅད་
เล่ม ๑๙๗ · หน้า 302a
ཕྱེད་ཀྱིས་འདབ་མའི་མིང་སྟེ། པཏྟྲ། ལྟུང་བྱེད་དེ་འདབ་མ་དང་། པ་ལཱ་ཤཾ། ལོ་མ་དང་། ཙྪ་ད་ན་སྒྲིབ་བྱེད་དང་། ད་ལཾ་འདབ་མ་དང་། པརྞ། ཤིང་ལོ་དང་། ཚ་ད། ལོ་འདབ་བོ། །དེ་ནས་རྐང་པ་གཅིག་གིས་ཡལ་འདབ་ལ་སོགས་པ་ཚོགས་པའི་མིང་སྟེ། པལླ་བ་ལྕུག་མ་
འམ་ཡལ་འདབ་དང་། ཀི་ཤིལ་ཡ། ཡལ་ཚོགས་སོ། །རྐང་པ་གཅིག་གིས་ཡལ་གའམ་ལྕུག་མ་ཚོགས་པས་ཁྱབ་པའི་མིང་སྟེ། བིསྟ་ར་ལྗོན་ཤིང་རྒྱས་པ་ལ། པི་ཊ་པ། མགོ་ལིང་རྒྱས་པའོ། །དེ་ནས་མེ་ཏོག་ལ་མིང་བཞི་སྟེ། སུ་མ་ནས་ཡིད་དགའ་སྟེ། ཡིད་རབ་ཏུ་དགའ་བར་བྱེད་པས་སོ། །
པུཥྤ། རྒྱས་བྱེད་དེ་མེ་ཏོག་གོ། །པྲ་སཱུ་ནཾ། རབ་སྐྱེས་སོ། །ཀུ་སུ་མ། མེ་ཏོག་གོ། །དེ་ནས་མ་ཀ་རནྟ། མེ་ཏོག་གི་རྩི་དང་། པུཥྤ་ས་ར་མེ་ཏོག་བཅུད་དང་། ས་རཱ་ག་མེ་ཏོག་གི་རྡུལ་དང་། སུ་མ་ན་ར་ཛ། ཡིད་བཟང་རྡུལ་ཏེ། དེ་རྣམས་མེ་ཏོག་གི་བཅུད་ཀྱི་མིང་ངོ་། །དེ་ནས་ཤིང་གི་ཁྱད་པར་གྱི་མིང་ལ་
བྱང་ཆུབ་ལྗོན་ཤིང་ལ་མིང་ལྔ་སྟེ། བོ་དྷི་དྲུ་མ། བྱང་ཆུབ་ཤིང་སྟེ། འདིའི་རྩ་བར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་མངོན་དུ་མཛད་པས་སོ། །ཙ་ལ་ད་ལ། འདབ་སྐྱོད་ཅེས་བྱ་སྟེ། འདིའི་འདབ་མ་རྟག་ཏུ་གཡོ་བས་སོ། །པིསྤ་ལ་ཡང་བྱང་ཆུབ་ཤིང་སྟེ། རིན་ཆེན་མཛོད་དུ། པིསྤ་ལ་དང་
བྱང་ཆུབ་ཤིང་དང་། ཨ་ཤྭཏྠ་རྣམས་རྣམ་གྲངས་སོ། །ཀུཉྫར་སན། གླང་པོའི་ཟས་ཏེ། གླང་པོ་ཆེ་རྣམས་ཟ་བར་བྱེད་པས་སོ། །ཨ་ཤྭཏྠཿ རྟ་གནས་སམ། ཁྱད་པར་གནས་ཏེ། ཨ་ཤྭེ་ཏིཥྛ་ཏི་རྟ་ལ་གནས་པར་བྱེད་པས་སུས་ལས་སོ་ཞེས་པས་ཀའི་རྐྱེན་དང་པྲྀ་ཥོ་དར་ལ་སོགས་པའོ། །དེ་ནས་
དནྟ་ཤ་ཋའི་བར་ནི་ཤིང་ཀ་པིཏྠའི་མིང་སྟེ། དེ་ལ་ཀ་པིཏྠ་སྤྲེའུ་ལ་གནས་པས་སྤྲེའུ་གནས་ཏེ། ཀ་སཽ་ཏིཥྛ་ཏི་ཀ་པིཏྠ་ཞེས་སོ། །ད་དྷིཏྠ། ཞོ་བཞིན་གནས་པས་ཞོ་གནས་ཏེ། ད་དྷི་བ་ཏིཥྛ་ཏི་ད་དྷིཏྠ་ཞེས་སོ། །དྲ་ཧཱི་དང་མནྨ་ཐ་ཞེས་པ་ཡང་སྟེ། འཛིན་མ་དང་ཡིད་སྲུབ་ཅེས་བྱའོ། །ད་དྷི་ཕ་ལ་ཞོ་
འབྲས་ཏེ། འདིའི་འབྲས་བུ་ཞོ་ཞིམ་པོ་ལྟར་ཡོད་པས་སོ། །པུཥྤ་ཕ་ལ། མེ་ཏོག་འབྲས་ཏེ། མེ་ཏོག་ལས་འདིའི་འབྲས་བུ་འབྱུང་བས་སོ། །དནྟ་ཤ་ཋ། སོ་རྩེ་ཉམས་བྱེད་དེ། འདིའི་ཆུས་སོལ་གནོད་པས་སོ། །དེ་ནས་ཤིང་ཨུ་དུམྦཱ་ར་ལ་མིང་བཞི་སྟེ། ཨུ་དུམྦཱ་ར་ཞེས་པ་ཏ་སྡེའི་གསུམ་པ་ཅན་ཉིད་
เล่ม ๑๙๗ · หน้า 302b
ཡང་ན་ཨུ་ཌ་མྦ་ར་ཞེས་པར་ཡང་འགྱུར་ཏེ། དེ་ནི་བདུད་འཇོམས་ཞེས་བརྗོད་དོ། །འདྲ་བའི་སྒྲ་ནི་ངེས་པར་བསྟན་པའི་དོན་གྱི་ཕྱིར་རོ། །ཛནྟུ་ཕ་ལ། ཛུནྟུའི་འབྲས་བུའོ། །ཡ་ཛྙཱངྒ་མཆོད་སྦྱིན་ཡན་ལག་གོ། །ཧེ་མ་དུ་གྡྷ་ཀ། གསེར་གྱི་འོ་མ་ཅན་ཏེ། གསེར་གྱི་མདོག་ཅན་གྱི་འོ་མ་འབྱུང་བས་སོ། །དེ་ནས་
ཡོངས་འདུ་ས་བརྟོལ་ལ་མིང་བཞི་སྟེ། ཀོ་བི་དཱ་ར། ས་བརྟོལ་དང་། ཙ་མ་རི་ཀ། རྔ་ཡབ་ཅན་དང་། ཀུདྡྷཱ་ལ། ས་འཇོམས་དང་། ཡུ་ག་པཏྟྲ་འདབ་ཟུང་ཅན་ནོ། །ཤིང་ལོ་མ་བདུན་པའི་མིང་ལ་ཚིགས་བཅད་ཕྱེད་དེ། སཔྟ་པརྞ། ལོ་མ་བདུན་པ་དང་། བི་ཤཱ་ལ་ཏྭ་ཀ། རྒྱ་ཆེན་ཤུན་པ་འམ་ཡངས་པའི་ཤུན་
པའོ། །ཤུན་པ་འཐུག་གོ། །ཤཱ་ར་དི། སྟོན་གྱི་མེ་ཏོག་ཅེས་བྱ་སྟེ། ཤིང་འདི་ལ་སྟོན་ཀ་མེ་ཏོག་འབྱུང་བས། ཤ་རཱ་ཏ་ལ་ལྷག་མ་ལས་ཨཎ་རྐྱེན་དུ་བྱས་པའོ། །བི་ཥ་མཙྪ་ད་མི་མཉམ་འདབ་སྟེ་འདབ་མ་བདུན་པ་ཡིན་པས་སོ། །དེ་ནས་དོང་ཁའི་ཤིང་ལ་མིང་བརྒྱད་དེ། ཨཱ་ར་ག་བ་དྷ། དོང་ཁའོ། །
རཱ་ཛ་བྲྀཀྵ། རྒྱལ་པོའི་ཤིང་ངོ་། །ཤཾ་པཱ་ཀ། འབྲས་སྨིན་ནོ། །ཙ་ཏུ་རཾ་གུ་ལ་སོར་བཞི་པའོ། །ཨཱ་རེ་བ་ཏ། འཁོར་ལོ་འདྲ་བའོ། །བྱཱ་དྷི་གྷཱ་ཏ། ནད་འཇོམས་སོ། །ཀྲྀ་ཏ་མཱ་ལ། མེ་ཏོག་ཕྲེང་བ་སྟེ། སྒེག་པ་གསལ་བ་ལས་མེ་ཏོག་ཕྲེང་བར་བཤད་དོ། །སུ་བརྞ་ཀ། གསེར་མདོག་ཅན་ནོ། །དེ་
ནས་སྐྱུར་རྩི་ཆེན་པོ་ལ་མིང་ལྔ་སྟེ། ཛམྦྷི་ར། སྐྱུར་རྩི་ཆེན་པོའོ། །དནྟ་ཤ་ཋ སོ་གཙེ་སྟེ་སོ་ལ་གནོད་དོ། །ཛམྦྷ། སྐྱུར་མོའོ། །ཛམྦྷཱི་ར་དང་། ཛམྦྷ་ལ་ཡང་དེ་ཉིད་དོ། །དེ་ནས་ཆུ་ལྷའི་ཤིང་ལ་མིང་ལྔ་སྟེ། བ་རུ་ཎ། ཆུ་ལྷ་ཤིང་སྟེ། ཕྱོགས་ཀྱི་བདག་པོར་བཤད་དོ། །བར་ཎ། ར་བ་ཤིང་སྟེ་པྲ་ཀ་རའོ། །
སེ་རུ་དཀར་པོའོ། །ཏཀྟི་ཤཱ་ཀ། ལོ་མ་ཁ་བའོ། །ཀུ་མ་ར་ཀ། གཞོན་ནུ་ཅན་ནོ། །དེ་ནས་བུནྣཱ་ག་ལ་སོགས་པ་ལྔ་ནི་ཀླུ་ཤིང་གི་མིང་ངོ་། །དེ་ནས་པ་རི་བྷཱ་ཏྲ་ལ་སོགས་པ་བཞི་ནི། ནིམྦའི་ཤིང་གི་མིང་ངོ་། །དེ་ནས་ཏི་ནི་ཤ་ལ་སོགས་པ་བདུན་ནི། ཨཀྟི་མུཀྟ་ཀའི་མིང་སྟེ། ཏི་ནི་ས་དང་། སྱནྡ་ན་
འཛག་པའི་ཤིང་དང་། ནི་མཱི། མུ་ཁྱུད་ཤིང་དང་། ར་ཐ་དྲུ། ཤིང་རྟའི་ཤིང་དང་། ཨ་ཏི་མུཀྟ་ཀ། ཤིན་ཏུ་གྲོལ་བ་ཅན་དང་། བཉྫ་ལ། སྣོད་ཤིང་དང་། ཙི་ཏྲ་ཀྲྀཏ། སྣ་ཚོགས་བྱེད་རྣམས་ཏེ། འདི་ཡུལ་བཅོམ་བརླག་ལ་སོགས་པར་སྐྱེའོ། །དེ་ནས་པཱི་ཏ་ན་དང་། ཀ་པཱི་ཏ་ན་དང་། ཨཱ་མྲཱ་ཏ་ཀ་རྣམས་སྐྱུ་
เล่ม ๑๙๗ · หน้า 303a
རུ་རའི་འབྲས་བུའི་ཤིང་གི་མིང་ངོ་། །དེ་ནས་མ་དྷུ་ཀ་ལ་སོགས་པ་ལྔ་ནི་སྦྲང་ཤིང་གི་མིང་སྟེ། མ་དྷུ་ཀ། སྦྲང་ཤིང་དང་། གུ་ཌ་པུཥྤ། བུ་རམ་མེ་ཏོག་སྟེ་འདིའི་མེ་ཏོག་བུ་རམ་བཞིན་དུ་ཞིམ་པས་སོ། །མ་དྷུ་དྲུ་མ་སྦྲང་རྩིའི་ཤིང་དང་། བཱ་ན་པྲ་སྠ། ནགས་སུ་རབ་གནས་དང་། །མ་
དྷུཥྛཱི་ལ་མངར་བ་འཛིན་ཞེས་པ་རྣམས་སོ། །དེ་ནས་པཱི་ལུ་ལ་སོགས་པ་གསུམ་ཡུལ་ཀངྐ་ཎ་ལ་སོགས་པར་སྐྱེ་བ་ཤིད་པཱི་ལུའི་མིང་སྟེ། པཱི་ལུ་དང་། གུ་ཌ་ཕ་ལ་བུར་མ་འབྲས་སམ་འབྲས་མངར་ཏེ། །འདིའི་འབྲས་བུ་བུ་རམ་ལྟར་ཞིམ་པས་སོ། །སྲནྶཱིཿ་འབྲས་བུ་ལྟུང་སྟེ། དེའི་འབྲས་བུ་རྣམས་ལྟུང་
བར་བྱེད་པས་སོ། །ཨཀྵོ་ཌ་དང་ཀརྤ་རཱ་མ་གཉིས་ནི་རི་ལས་སྐྱེས་པའི་ཤིང་པཱི་ལུའི་མིང་ངོ་། །དེ་ནས་པ་ལ་ཤ་ལ་སོགས་པ་བཞི་ནི། ཀིཾ་ཤུ་ཀའི་མིང་སྟེ། པ་ལཱ་ཤ། ལོ་མ་ལྗང་གུའི་མདོག་ཅན་དང་། ཀིཾ་ཤཱུ་ཀ་ནེ་ཙོ་འམ་ཅི་སྟེ། ཡིད་ཤིན་ཏུ་འཕྲོག་པའི་མདོག་ཅན་ཏེ། མཁས་པའི་རྒྱན་གྱིས་དྲིས་
ལེན་ལས། ཅི་འདབ་ཆགས་ནེ་ཙོ་གཞོན་ནུ་ཚོགས་པར་གྱུར་པ་འམ། ཡང་ན་ནི། དཔྱིད་ཀ་གསར་པའི་མེ་ཏོག་རྒྱས་ཕྱིར་ཀིཾ་ཤུ་ཀའི་ཤིང་ཉིད་དོ་ཞེས་སོ། །པརྞ། ལོ་མའི་མདོག་ཅན་ཏེ། པྲྀ་ཎ་ཚིམ་པ་ལ་ཨ་ཙའོ། །བཱ་ཏ་པོ་ཐ་རླུང་ལ་འཚེ་སྟེ། རླུང་འཇོམས་པའོ། །དེ་ནས་བཉྫུ་ལའི་བར་གྱིས་ཤིང་བེེ་
ཏ་སའི་མིང་སྟེ། རིག་བྱེད་ཀྱི་བསྟན་བཅོས་ལས་ཤིང་ཤུན་སྔར་བཤད་པའོ། །བེེ་ཏ་ས། ཤིང་བེ་ཏ། ཤིང་བེ་ཏ་ས་སྟེ་སྨན་ཤིང་དང་། ར་ཐ། ཤིང་རྟ་ཤིང་དང་། ཨ་པྷྲ་པུཥྤ། སྤྲིན་གྱི་མེ་ཏོག་སྟེ། གང་གི་མེ་ཏོག་སྤྲིན་དང་མཚུངས་པ་སྟེ། དེ་ལྟ་བུ་ལ་སོགས་པ་རྣམས་སོ། །པ་རི་བྱཱ་དྷ་ལ་སོགས་པ་
གསུམ་ནི་ཆུའི་བེེ་ཏ་སའི་མིང་སྟེ། པ་རི་བྱཱ་དྷ་ཡོངས་བསྣུན་དང་། བི་དུ་ལ་དང་། ན་དེ་ཡཱི། ཆུ་ལས་སྐྱེས་ཏེ། ན་དཱི་ཆུའི་གནས་ཉེ་བར་མཚོན་པའོ། །དེ་ནས་སཽ་བྷཱཉྫ་ན་ལ་སོགས་པ་ལྔས་མཛེས་པའི་མིག་སྨན་ཏེ། འདི་དཔྱིད་ཀྱི་དུས་སུ་སྐྱེས་བུ་གཞོན་ནུ་ལང་ཚོ་ལ་བབ་པ་བཞིན་དུ་མཛེས་
པས་སོ་ཞེས་ངོ་མཚར་བའི་སྙེ་མ་ལས་སོ། །ཤི་གྲུ་དང་། ཏིཀྵྞ་གནྡྷ་ཀཿདྲི་རྣོ་བ་དང་། ཨཀྵི་བ། མིག་འདྲ་དང་། མོ་ཙ་ཀ། གྲོལ་བ་ཅན་རྣམས་སོ། །སཽ་བྷཱཉྫ་ན་ཉིད་ལ་ཡང་མེ་ཏོག་དམར་པོ་ཅན་དང་། མེ་ཏོག་དཀར་པོ་ཅན་གཉིས་ཡོད་པའི་མེ་ཏོག་དམར་པོ་ཅན་ལ་མ་དྷུ་ཤི་གྲུ་སྟེ། ཤི་གྲུ་མངར་
เล่ม ๑๙๗ · หน้า 303b
བ་ཞེས་བྱའོ། །ལུང་ཐང་གི་ཤིང་ལ་མིང་གཉིས་ཏེ། ཨ་རིཥྚ། ལུང་ཏང་དང་། ཕེ་ནི་ལ། དབུ་བ་ཅན་ནོ། །དེ་ནས་ཤིང་བིལ་བ་ལ་མིང་ལྔ་སྟེ། བིལྤ་དང་། ཤཎྜི་ལྱ་དང་། ཤི་ལཱུ་ཥ་དང་། མཱ་ལཱུ་ར་དང་། ཤྲཱི་ཕ་ལ་སྟེ། དཔལ་འབྲས་རྣམས་སོ། །དེ་ལ་ཐུབ་པ་དྲང་སྲོང་གི་རབ་ཏུ་དབྱེ་བས། མཱ་ལཱུ་ར་དང་། ཤཎྜི་
ལྱའོ་ཞེས་སོ། །དེ་ནས་ཤིང་བླཀྵ་ལ་མིང་གསུམ་ཏེ། བླཀྵ། ཞེས་པ་ལ་པྲ་ཀྵ་ར་ཏི་པྲ་ཀྵ་ཞེས་པ་རབ་ཏུ་འགྱུར་བར་བྱེད་པས་པྲཀྵ། རབ་འགྱུར་ཏེ། དེ་ཉིད་ཀ་པི་རི་ཀ་ལ་སོགས་པས་ར་ཡིག་ལ་རུ་བསྒྱུར་བས་པླ་ཀྵའོ། །ཛཊཱི། རལ་པ་ཅན་ནོ། །པརྐ་ཊི་རྣམས་སོ། །ནྱ་གྲོ་དྷ་ལ་སོགས་པ་གསུམ་ནི་
བ་ཊིའི་ཤིང་གི་མིང་ཏེ། ནྱ་གྲོ་དྷ་དང་། བ་ཧུ་པཱ། རྐང་མངས་དང་། བ་ཊ་རྣམས། སོ། །དེ་ནས་དྲུག་ནི་ཞུ་མཁན་གྱི་མིང་སྟེ། ག་ལ་བ། ཞུ་མཁན་དང་། ས་བ་ར་དང་། ལོ་དྷྲ་ནི། ལོ་ཧི་ཏ་སྟེ་དམར་པོ་དང་། ཏྲི་རཱི་ཊ་དང་། ཏིལྤ་དང་། མཱརྫ་ན་དག་བྱེད་རྣམས་སོ། །དེ་ནས་ཨཱ་མྲ་ལ་མིང་གསུམ་སྟེ། ཨཱ་མྲ་
དང་། ཙཱུ་ཏ་འཛག་བྱེད་དང་། ར་སཱ་ལ་རོ་ལྡན་ནོ། །ཨཱ་མྲ་ཁྱད་པར་ཅན་ལ། ས་ཧ་ཀཱ་ར། ལྷན་ཅིག་བྱེད་པ་དང་། སཽ་བྷ་ཨཱ་མྲ་ཞིམ་པོ་ཞེས་པ་གཉིས་སོ། །དེ་ནས་ཚིགས་སུ་བཅད་པ་ཕྱེད་ཀྱིས་གུ་གུལ་ཤིང་གི་མིང་སྟེ། དེ་ལ་ཀུམྦྷ། བུམ་ཅན་ནོ། །ཨུ་ལུ་ཁ་ལ་དང་། ཀཽ་ཤི་ཀ་དང་། གུགླུ་ལུ་དང་
པུ་ར་ཞེས་པ་རྣམས་སོ། །དེ་ནས་མིང་ལྔ་ནི་སེ་ལུ་སྟེ། དེ་ཉིད་དང་། ཤླེ་ཥྨ་ཏ་ཀ། བད་ཀན་འཇོམས་དང་། ཤཱི་ཏ། དཀར་པོ་དང་། ཨུ་དྷ་ལ་དང་། བ་ཧུ་བཱ་ར་ཀ་འཁོར་མང་ཅན་ནོ། །ཚིགས་བཅད་ཕྱེད་ཀྱིས་ཤིང་པི་ཡ་ལའི་མིང་སྟེ། རཱ་ཛཱ་ད་ནཾ། རྒྱལ་པོའི་བྱིན་ནོ། །པི་ཡཱ་ལ་དགའ་བྱེད་འབྲས་མངར་
ཏེ། འདིའི་འབྲས་བུ་ལས་ཆུ་མངར་པོ་འབྱུང་བས་སོ། །སནྣ་ཀ་དྲུ་དང་། དྷ་ནུཿཔ་ཊ་ཡང་དེ་ཉིད་དོ། །དེ་ནས་ཟབ་མོ་ལ་སོགས་པ་མིང་བདུན་ནི་དཔལ་གྱི་ལོ་མའི་སྟེ། གམྦྷཱི་ར་ཟབ་མོ་དང་། སརྦ་ཏོ་བྷ་དྲ། ཀུན་བཟང་དང་། ཀཱཤྨ་རི་དང་། མ་དྷུ་པརྞི་ཀཱ། ལོ་མ་མངར་བ་དང་། ཤྲཱི་པརྞཱི་དཔལ་གྱི་ལོ་མ་དང་།
བྷ་དྲ་པ་རྞཱི། ལོ་མ་བཟང་དང་། ཀཱཤྨཪྻ་རྣམས་སོ། །དེ་ནས་ཀརྐནྡྷྱ་ལ་སོགས་པ་གསུམ་ནི་རག་ཆུང་གི་མིང་ངོ་། །དེ་ནས་ཀོ་ལ་ལ་སོགས་པ་བཞི་ནི་རྒྱ་ཤུག་གི་འབྲུའི་ཤིང་ངོ་། །དེ་ནས་ལྔ་ནི་དགང་གཟར་ཤིང་གི་མིང་སྟེ། སྭཱ་དུ་ཀཎྜ་ཀ། ཚར་མ་ཞིམ་པ་དང་། བི་ཀདྐ་ཏ་དང་། སྲུབ་བྲྀཀྵ། དགང་
เล่ม ๑๙๗ · หน้า 304a
གཟར་ཤིང་དང་། གྲནྠི་ལ། ཚིགས་ཅན་ནམ་ཚིགས་མང་དང་། བྱཱ་གྷྲ་པཱ་ད་སྟག་གི་རྐང་པ་རྣམས་སོ། །དེ་ནས་གཉིས་ནི། ཨཻ་ར་བ་ཏ། ས་སྲུང་དང་། ནག་རདྒ་ཀླུ་ཤིང་སྟེ་གཉིས་པོ་རྣམ་གྲངས་སོ། །དེ་ནས་གཉིས་ནི། ན་དེ་ཡ། སྐྱུར་རྩི་དང་། བྷཱུ་མི་ཛམྦུ་ ས་ཡི་ཛམྦུའོ། །འདི་
བཞི་ཀའང་ཀླུ་ཤིང་ངོ་ཞེས་ཀ་ལིངྒ་པ་བཞེད་དོ། །དེ་ནས་བཞི་ནི་ཤིང་ཏིནྡུ་ཀའི་མིང་སྟེ། ཏིནྡུ་ཀ་དང་། སྥུ་རྫ་ཀ་དང་། ཀཱ་ལ་སྐནྡྷ་ ནག་པོའི་ཕུང་པོ་དང་། ཨ་སི་ཏི་སཱ་ར་ཀ། རྐང་མར་ནག་པོ་རྣམས་སོ། །ཀ་ཀེནྡུ་ལ་སོགས་པ་བཞི་ནི། མརྐ་ཊའི་ཤིང་གི་མིང་ཏེ། ཀཱ་ཀེནྡུ། བྱ་རོག་ཟླ་བ་དང་། ཀུ་ལ་ཀ་
རིགས་ཅན་དང་། འཇམ་དཔལ་གྱི་བྱཱ་ཀར་ཎཱི་འགྲེལ་བ་མཛད་པའི་སློབ་དཔོན། བྱ་རོག་པཱི་ལུ་ཀ་དང་། ཀཱ་ཀ་ཏིནྡུ་ཀ་རྣམས་སོ། །གོ་ལིདྷ་ལ་སོགས་པ་ལྔ་ནི་མ་ག་དྷ་ལ་སོགས་པར་གྷཎྜ་པཱ་ཊ་ལ། དྲིལ་བུས་ཁེབས་པ་ཞེས་གྲགས་པའི་ཤིང་གི་མིང་ངོ་། །དེ་ནས་གསུམ་ནི་ཏི་ལ་ཀ་ཞེས་བྱ་བ་འདབ་མ་རིང་པོའི་ཤིང་
གི་མིང་ངོ་། །ཀྲ་མུ་ཀ་ལ་སོགས་པ་བཞི་སླར་ཡང་ཞུ་མཁན་གྱི་མིང་སྟེ། ཀྲ་མུ་ཀཱ་དང་། པིཌྜཱ་ཀི་དང་། པིཌྜཱ་དང་། ལཀྵཱ་པྲ་སཱ་ད་ན། རྒྱ་སྐྱེགས་དངས་བྱེད་ཅེས་བྱ་སྟེ། འདི་བཅུག་པས་རྒྱ་སྐྱེགས་ལས་ཁུ་བ་མྱུར་དུ་འབྱུང་བར་བྱེད་ཅིང་རྒྱ་སྐྱེགས་དངས་པར་བྱེད་པའོ། །ནཱུ་ད་ལ་སོགས་པ་དྲུག་ནི་ཨ་ཤྭཏྠ་
དང་རྣམ་པ་འདྲ་བ་ཚངས་པའི་ཤིང་གི་མིང་སྟེ། དྲུག་ནི། ཀྲ་མུ་ཀ་དང་། པཊྚི་ཀཱ་དང་། ལོདྷྲི་དང་། གུ་ད་ཀ་དང་། བྷ་དྲ་དང་། མུསྟ་ཀ་རྣམས་སོ། །ནཱི་པ་ལ་སོགས་པ་བཞི་ནི་ཤིང་ཀ་དམྤའི་མིང་སྟེ། ནཱི་པ་ནི་ ན་ཡ་ཏི། མོ་དཾ་ནཱི་པ་ཞེས་པ་དགའ་བ་འདྲེན་པར་བྱེད་པས་ནཱི་པ་སྟེ། ནཱི་པ་པྲི་ཡ་ཀ་དགའ་
བྱེད་དགའ་བ་འདྲེན་བྱེད་དོ། །ཀ་དམྦ་ཚོགས་ཅན་ནོ། །ཧ་ལི་གཤོལ་ལྡན་ནོ། །པྲི་ཡ་དགའ་བྱེད་དོ། །བཱི་ར་པྲྀཀྵ་ལ་སོགས་པ་བཞི་ནི། བྷལླ་ཏ་ཀའི་མིང་སྟེ། བཱི་ར་བྲྀཀྵ་དཔའ་བོའི་ཤིང་ངོ་། །ཨ་རུཥྐ་ར་ཞེས་པ་ལ། ཨ་དུརྦྲ་ཎ་ཞེས་ཏེ། ཨ་རུ་ནི་རྨའོ་ཞེས་པས་རྨ་བྱེད་ཅེས་བྱའོ། །ཨགྣི་
མུ་ཁ་མེ་གདོང་ངོ་། །བྷལླ་ཏ་ཀཱི་རྣམས་སོ། །གརྡ་བྷནྡ་ལ་སོགས་པ་ལྔ་ནི། གདྡྷ་མུཎྜ་ཞེས་གྲགས་པའི་ཤིང་སྟེ། འདིའི་ཚེར་མ་དང་འདབ་མ་དང་འབྲས་བུ་རྣམས་ཨ་ཤྭཏྠ་དང་མཚུངས་སོ། །བྷུ་རྫ་ལ་སོགས་པ་གསུམ་ནི་སྟག་པའི་མིང་སྟེ། བྷུརྫ། གྲོག་ཅན་དང་། ཙརྨི་ཙརྨི་པགས་པ་ཅན་
เล่ม ๑๙๗ · หน้า 304b
དང་། མྲི་དུ་ཏྭ་ཀ། ཤུན་པ་འཇམ་པོ་ཅན་ཞེས་པ་རྣམས་སོ། །དེ་ནས་པིཙྪ་ལ་སོགས་པ་ལྔ་ནི། ཤིང་ཤལྨ་ལའི་མིང་སྟེ། པིཙྪ་ལ་ནི། མཇུག་མ་ཅན་ཏེ། འདི་ལ་མཇུག་མ་ལྡན་པས་སོ། །སྤྲུ་རཱ་ཡུཿནི་ཚེ་བརྟན་ཏེ། རིང་དུ་འཚོ་བས་སོ། །རོ་ཙ་ན་ལ་སོགས་པ་གཉིས་ནི་ཀཱ་ཤམྦི་ལ་ཞེས་གྲགས་
པའོ། །ཙི་རི་བིལྦ་ལ་སོགས་པ་བཞི་ཀྲ་རཉྫའི་མིང་ངོ་། །པྲ་ཀཱིརྻལ་སོགས་པ་བཞི་ནི་ཀ་རཉྫ་ཚེར་མ་ཅན་གྱི་མིང་དང་། ཥཌྒནྠཱ་མདུད་པ་དྲུག་པ་ལ་སོགས་པ་ནི་ཀ་རཉྫའི་དབྱེ་བའོ། །རོ་ཧཱི་ལ་སོགས་པ་བཞི་ནི། སེ་འབྲུའི་ཤིང་གི་མིང་སྟེ། པླཱ་ཧ་ཤ་ཏྲུ་ནི་མཆིན་དགྲ་སྟེ། མཆིན་ནད་འཇོམས་པས་སོ། །
དཱ་ཌི་མ་པུཏྤ་ཀ་སེ་འབྲུའི་མེ་ཏོག་ཅན་ནོ། །གཱ་ཡཱ་ཏྲཱི་ལ་སོགས་པ་བཞི་ནི་སེང་ལྡེང་གི་མིང་སྟེ། གཱ་ཡཱ་ཏྲཱི། གླུ་ལེན་མའོ། །དེ་ནས་སེང་ལྡེང་གི་ཁྱད་པར། བི་ཌ་ཁ་དི་ར་ནི། བཤང་བའི་སེང་ལྡེང་སྟེ། ཆུ་མེད་པའི་མྱ་ངམ་གྱི་ཐང་དུ་སྐྱེ་བ་བཤང་བ་དང་འདྲ་བའི་དྲི་ཅན་ནོ། །དེ་ཉིད་ཚིལ་འཇོམས་པས་
ཨ་རི་མེ་དང་། ཚིལ་དགྲ་ཞེས་བྱ་བའོ། །ཁ་དིར་སི་ཏ། སེང་ལྡེང་དཀར་པོ་དང་། སོ་མ་བལྐ་ཟླ་བའི་ཡལ་ག་དག་རྣམ་གྲངས་སོ། །དེ་ནས་ཤིང་བྱཱ་གྷྲ་པུཙྪ་ལ་སོགས་པ་བཅུ་གཅིག་ནི་ཤིང་ཨེ་རཎྜའི་མིང་སྟེ། བྱ་གྷྲ་པུཙྪ་སྟག་གི་མཇུག་མ་དང་། གནྡྷརྦ་ཧ་སྟ་ཀ་དྲི་ཟའི་ལག་པ་དང་། འདིའི་འདབ་
མ་སོར་མོ་ལྔ་པའི་བདག་ཉིད་དུ་ཡོད་པས་སོ། །པཉྩཱདྒུ་ལ། སོར་མོ་ལྔའོ། །ཤ་མི་ལ་སོགས་པ་གསུམ་ནི་ཤིང་ཤ་མཱའི་མིང་ངོ་། །པཎྜི་ཀ་ལ་སོགས་པ་དྲུག་ནི་མྱོས་བྱེད་ཤིང་སྟེ། མ་ཡ་ན་ཞེས་གྲགས་པའོ། །ཤ་ཀྲ་པཱ་ད་པ་ལ་སོགས་པ་ནི་བརྒྱ་བྱིན་རྐང་འཐུང་སྟེ། དེ་བ་དཱ་རུའི་མིང་དྲུག་སྟེ། པཱི་ཏ་དཱ་རུ་
ཤིང་སེར་དང་། དཱ་རུ་ཤུག་པ་དང་། པཱུ་ཏ་ཀཱཥྛ་དང་། ཚི་ཅན་ཤིང་ངོ་། །དེ་ནས་པཱ་ཊ་ལ་ལ་སོགས་པ་བདུན་ནི་ཤིང་སྐྱ་ནར་གྱི་མིང་ངོ་། །བྱཱ་མ་ལ་སོགས་པ་བཅུ་གཉིས་ནི་ཤིང་པྲི་ཡཾ་གུའི་མིང་སྟེ། ཤྱཱ་མ་ནི། །སྟོ་བསངས་སོ། །པྲི་ཡཾ་གུ་དགའ་བྱད་དོ། །པྲི་ཡ་ཀ་དེ་ཉིད་དོ། །མ་ཎྜཱུ་ཀ་
པ་རྞལ་སོགས་པ་བཅུ་གཉིས་ནི་ཤིང་དམར་གྱི་ཚང་སྟེ། །མཎྜུ་ཀ་ཕརྞ་སྦལ་ངའི་འདབ་མ་སྟེ། །འདབ་མ་སྦལ་བའི་དབྱིབས་འདྲ་བས་སོ། །འདིའི་མིག་གི་སྐབས་སུ་ཕྲེང་བསྐྱུར་བ། །འབྲུ་པྲི་ཡཾ་སྐུ་དང་། །ཤིང་དྲི་ཡཾ་ཀུ་ཡ་བྱེད་པར་མངོན་ནེ། །ཤོཎ་ཀ་དམར་པོའོ། །ཨར་ལུ་ནི་དམར་སྐྱ་སྟེ། ཨ་རུ་ཎ་ཉིད་ཀ་པི་ལི་ཀ་ལ་སོགས་པས་བསྒྱུར་བས་སོ། །ཏིཥྱ་
เล่ม ๑๙๗ · หน้า 305a
ཕ་ལ་ལ་སོགས་པ་བཞི་ནི་སྐྱུ་རུ་རའི་ཤིང་གི་མིང་སྟེ། ཏི་ཥྱ་ཕ་ལ་ནི་རྒྱལ་འབྲས་སོ། །ཨཱམླ་ཀཱི། སྐྱུ་རུ་རའོ། །ཨ་མྲྀ་ཏཱ་བདུད་རྩི་ཅན་ནོ། །བ་ཡཿསྠཱ། ན་ཚོད་གནས་བྱེད་དེ། ན་ཚོད་དང་ལང་ཚོ་བརྟན་པར་བྱེད་པས་སོ། །དེ་ནས་བཱི་བྷི་ཏ་ག་ལ་སོགས་པ་དྲུག་ནི་བ་རུ་རའི་མིང་སྟེ། བི་བྷཱི་ཏ་ཀ་ནི་
བ་རུ་རའོ། །བྷཱུ་ཏ་བཱ་ས། འབྱུང་པོའི་གནས་སོ། །ཀ་ལི་དྲུ་མ་རྩོད་པའི་ཤིང་ངོ་། །དེ་ནས་ཨ་བྷ་ཡ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཨ་རུ་རའི་མིང་སྟེ། ཨ་བྷ་ཡ་ནི་འཇིགས་མེད་དེ། ནད་ཀྱི་འཇིགས་པ་མེད་པས་སོ། །ཨ་བྱ་ཐ་ནི་ནད་མེད་དོ། །བ་ཐྱཱ་ནི་ཕན་པ་ཅན་ནོ། །བ་ཡཿསྠཱ་ན་ཚོད་གནས་
བྱེད་དོ། །པཱུ་ཏ་ན། ཚི་ཅན་ནོ། །ཨ་མྲྀ་ཏཱ། བདུད་རྩི་ཅན་ནོ། །ཧ་རི་ཏ་ཀཱི། ཨ་རུར་སྟེ་འཕྲོག་བྱེད་ཅེས་བྱའོ། །ཧེ་མ་བ་ཏཱི་གསེར་ལྡན་ནོ། །ཙེ་ཏ་ཀཱི་སེམས་བྱེད་དོ། །ཤྲེ་ཡ་སཱི་དཔལ་ལྡན་ནམ་དགེ་ལེགས་ཅན་ནོ། །ཤི་བ་ཞི་བྱེད་དོ། །དེ་ནས་པི་ཏ་དྲུ་ལ་སོགས་པ་གསུམ་ནི་ཐང་ཆུ་ཤིང་གི་མིང་སྟེ།
བཱི་ཏ་དྲུ། ཤིང་སེར་དང་། ས་ར་ལ། བཅུད་འཛིན་དང་། པཱུ་ཏི་ཀཱཥྛ། ཐང་ཆུ་ཤིང་ངོ་། །དེ་ནས་དྲུ་མོ་ཏྤལ་ལ་སོགས་པ་གསུམ་ནི། ཨུཏྤལ་ཤིང་གི་མིང་སྟེ། དྲུ་མོཏྤ་ལ། ཨུཏྤ་ལ་ཤིང་དང་། ཀརྞི་ཀཱ་ར། ནི་ཀནྨི་ཡཱ་ར་ཞེས་གྲགས་པ་པདྨ་དང་། ཚད་མཉམ་པ་མེ་ཏོག་སེར་པོ་ཅན་ནོ། །དེ་ནས་ཀཎྜ་
ཕ་ལ་དང་པ་ནས་གཉིས་ཚེར་འབྲས་ཅན་གྱི་ཤིང་སྟེ། འདིའི་འབྲས་བུ་ལ་ཚེར་མ་ཡོད་པས་སོ། །ནི་ཙུ་ལ་ལ་སོགས་པ་གསུམ་ནི་ཆུ་སྐྱེས་ཤིང་གི་མིང་སྟེ། དེ་ནས་དྲུག་ནི། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་དོང་ཀར་བསྒྱུར་སྣང་། ཀཱ་ཀོ་དུམྦཱ་ར་སྟེ། བྱ་རོག་ཨུདུམྦཱ་རའི་མིང་ངོ་། །དེ་ནས་ཨ་རིཥྚ་ལ་སོགས་པ་དྲུག་
ནིམྦའི་ཤིང་གི་མིང་ངོ་། །དེ་ནས་ལྔ་ནི་ཨ་ག་རུའི་མིང་སྟེ། པིཙྪི་ལ་འཇུག་མ་ཅན་དང་། ཨ་གུ་རུ། ཨ་ག་རུར་གྲགས་པ་དང་། ཤིནྴཱ་པ་དང་། ཀ་པི་ལ། སེར་སྐྱ་དང་། བྷསྨ་གརྦྷ། ཐལ་བའི་སྙིང་པོ་ཅན་རྣམས་སོ། །དེ་ལ་པིཙྪི་ལ་ནི་ཤིང་ཤལྨ་ལི་ལ་ཡང་བཤད་དོ། །དེ་ནས་གསུམ་ནི་ཤིང་ཤྲི་ཥའི་
མིང་ངོ་། །དེ་ནས་ཙམྤེ་ཡ་དང་། ཙམྤ་ཀ་དང་། ཧེ་མ་པུཥྤ། གསེར་གྱི་མེ་ཏོག་རྣམས་ཙམྦ་ཀའི་མིང་སྟེ། འདིའི་མེ་ཏོག་གསེར་གྱི་མདོག་ཏུ་ཡོད་པས་སོ། །བཉྫུ་ལ་ནི་ཨ་ཤོ་ཀ་སྟེ། དྲག་པོ་ཆུང་མ་མི་འདོད་པས་ཤིང་ཨ་ཤོ་ཀའི་འོག་ཏུ་དཀའ་ཐུབ་སྤྱད་པས་གཽ་རཱི་བསམ་པ་ཡོངས་སུ་རྫོགས་པས་ཨ་
เล่ม ๑๙๗ · หน้า 305b
ཤོ་ཀ་སྐྱེས་པས་ཤིང་འདི་ལ་ཨ་ཤོ་ཀ་སྟེ་མྱ་ངན་མེད་དོ། །དེ་ནས་ཙཱམྤེ་ལ་སོགས་པ་བཞི་ནི་ནཱ་ག་གེ་སར་གྱི་མིང་སྟེ། ཀེ་སར་ནི་གེ་སར་ཅན་ནོ། །ཀཱཉྩ་ནཱ་ཧྭ་ཡ། གསེར་མིང་ཅན་ནོ། །དེ་ནས་ལྔ་ནི་རྒྱལ་བྱེད་ཀྱི་མིང་སྟེ། ཛ་ཡཱ་རྒྱལ་བ་དང་། ཛ་ཡནྟི། རྒྱལ་བྱེད་དང་། ཏརྐཱ་རི། རྟོག་པའི་དགྲ་དང་
ནཱ་དེ་ཡཱི། ཆུ་ཀླུང་སྐྱེས་དང་། བཻ་ཛ་ཡནྟི་ཀཱ། རྣམ་པར་རྒྱལ་བྱེད་དེ། དེ་ནས་ཤྲཱི་པ་རྞ་ལ་སོགས་པ་ལྔ་ནི་ཙནྡན་དཀར་པོའི་མིང་སྟེ། ཤྲཱི་པརྞ་དཔལ་གྱི་ལོ་མའི་འདབ་མའོ། །ཨགྣི་མནྠ། མེའི་སྲུབ་ཤིང་སྟེ། ཤིང་འདི་དྲུད་པས་མེ་འབྱུང་བས་སོ། །ཀུ་ཊ་ཛ་ལ་སོགས་པ་བཞི་ནི། ཀུ་ཊ་ཡ་ཞེས་གྲགས་པ་
དུག་མོ་ཉུངས་ཀྱི་ཤིང་གི་མིང་ངོ་། །དེ་ནས་སུམ་ན་ལ་སོགས་པ་གསུམ་ནི་ཛཱ་ཏིའི་ཤིང་གི་མིང་སྟེ། སུ་མན་ཡིད་བཟང་དང་། མཱ་ཡ་ཏི། ཕྲེང་བ་ཅན་དང་། ཛཱ་ཏི་སྣ་མའོ། །དེ་ནས་གཉིས་ནི་ཀུནྡའི་མིང་སྟེ། མ་གྷྱ་ནི་མཆུ་ལ་སྐྱེས་ཏེ། དགུན་ཟླ་ཐ་ཆུངས་ལ་འདི་འབྱུང་བས་སོ། །དེ་ནས་གསུམ་ནི་
མེ་ཏོག་བནྡྷུ་ཛཱི་བ་ཀའི་མིང་སྟེ། པནྡྷུ་ཛཱི་བ་ཀ་ནི་མེ་ཏོག་རྩ་ལག་འཚོ་ཞེས་བྱའོ། །བནྡྷུ་ཀ་རྩ་ལག་ཅན་དང་། །རཀྟ་དམར་པོའོ། །པྲ་ཏི་ཧ་ལ་སོགས་པ་ལྔ་ནི་ཀ་ར་བཱི་རའི་མིང་སྟེ། པྲ་ཏི་ཧ་ས། སོ་སོར་བཞད་དོ། །ཤ་ཏ་པྲཱ་ས། བརྒྱར་གྱེས་པ་དང་། ཙཎཱུ་ཏ། གཏུམ་པོ་དང་། ཧ་ཡ་མཱ་ར་ཀ། རྟ་གསོད་པ་
དང་། ཀ་ར་པཱར། དཔའ་བོའི་ལག་པའོ། །སྨྱོ་བྱེད་ལ་སོགས་པ་བདུན་ནི། དྷུ་སྟུ་སོར་ཕྲེང་ཅན་གྱི་མདོར། བཞིན་མེ་ཏོག་རྩ་ལག། མཚོའི་མདོག་ལྟར་དམར་པོར་འགྱུར། །ཞེས་སོ། རའི་མིང་སྟེ། ཨུདྨཏྟ་སྨྱོ་བྱེད་དང་། ཀ་ན་ཀཱ་ཧྭ་ཡ་གསེར་མིང་ཅན་དང་། མ་ད་ན། མྱོས་བྱེད་དོ། །དེ་ནས་བཞི་ནི་བཱི་ཛ་པཱུ་རའི་མིང་སྟེ། བཱི་ཛ་པཱུ་ར།
ས་བོན་གྱིས་གང་བ་དང་། པ་ལ་པཱུ་ར། འབྲས་བུས་གང་བ་དང་། རུ་ཙ་ཀ་མདོག་མཛེས་དང་། མཱ་ཏུ་ལུངྒ། བ་ལུང་ཁ་ལུང་ངོ་། །དེ་ནས་གསུམ་ནི་ཙི་ཏྲ་ཀའི་མིང་སྟེ། པ་ཋི་དང་། ཙི་ཏྲ་ཀ། ཁྲ་བ་དང་། བཧྣི་སཾ་ཛྙཱ། མེའི་མིང་ཅན་རྣམས་སོ། །དེ་ནས་བདུན་ནི་ཨརྐ་པརྞའི་མིང་སྟེ། ཨརྐཱ་ཧྭ། ཉི་མའི་
མིང་ཅན་དང་། ཨརྐ་པརྞ་ཉི་མའི་འདབ་མ་ལ་སོགས་པའོ། །དེ་ནས་ཧོང་ལེན་ལ་མིང་བཞི་སྟེ། བནྡཱ། ཧོང་ལེན་དང་། བྲྀཀྵཱ་ད་ནཱ། ཤིང་ལ་ཟ་བ་དང་། བྲྀཀྵ་རུ་ཧ། ཤིང་སྐྱེས་ཏེ། ཤིང་གི་སྟེང་དུ་སྐྱེ་པས་སོ། །ཛཱི་བནྟི་ཀཱ་འཚོ་བྱེད་རྣམས་སོ། །བུ་ཟ་ལ་སོགས་པ་སླེ་ཏྲེས་ཀྱི་མིང་སྟེ། བཏྶཱད་ནི།
เล่ม ๑๙๗ · หน้า 306a
ཙྪིནྣ་རུ་ཧ། བཅད་སྐྱེ་སྟེ་བཅད་ཀྱང་སྐྱེ་བས་སོ། །གུ་ཌཱུ་ཙི། སླེ་ཏྲེས་སོ། །ཏནྟྲུ་ཀཱ། རྒྱུད་ཅན་ཏེ་དེ་ལ་སོགས་པ་རྣམས་སོ། །རི་མོ་དང་ཉེ་བའི་རི་མོ་ལ་སོགས་པ་བཅུ་ནི། ཕྱི་བ་ལོ་མའི་མིང་ངོ་། །དེ་ནས་བརྒྱད་ནི་ཤིང་ཨཱ་བ་མཱརྒའི་མིང་སྟེ། ཕཉྫི་ཀ་ལ་སོགས་པ་དགུ་ནི་ཚངས་
མའི་ཤིང་གི་མིང་ངོ་། །དེ་ནས་དགུ་ནི་ལེ་བརྒན་ཤིང་གི་མིང་སྟེ། མཉྫིཥྛ་ནི་ལེ་བརྒན་ནམ་བཙོད་དོ། །དེ་ནས་ཡཱ་ས་ལ་སོགས་པ་བཅུ་ནི་གཟེ་མར་མགོའི་མིང་ངོ་། །དེ་ནས་པྲྀཥྞི་པརྞི་ལ་སོགས་པ་དགུ་ནི། སེང་གེའི་མཇུག་མའི་ཤིང་གི་མིང་སྟེ། པྲྀཥྞི་པརྞ་ནི། རྟིང་པའི་ལོ་མ་འམ་རྗེས་ཀྱི་འདབ་
མའོ། །སིཾ་ཧ་པུཙྪ་ནི། སེང་གེའི་མཇུག་མ་སྟེ། འདི་ལ་མེ་ཏོག་གི་སྙེ་མ་སེང་གེའི་མཇུག་མའི་དབྱིབས་ཅན་ཡོད་པས་སོ། །ནི་དགྡྷི་ཀཱ་ལ་སོགས་པ་བཅུ་ནི་ཀཎྜ་ཀ་རིའི་མིང་སྟེ། བི་དགྡྷི་ཀཱ། མཁས་མའོ། །སྤྲྀ་ཤཱི། རེག་བྱ་མའོ། །བྱཱ་གྷྲཱི་སྟག་མའོ། །པྲྀ་ཧ་ཏཱི། ཡོངས་མའི་ཆེན་མོའོ། །ཀཎྜ་ཀཱ་
རི་ཀཱ། ཚེར་མ་བྱེད་མའོ། །པྲ་ཙོ་ད་ནཱ། རབ་ཏུ་སྐུལ་བྱེད་མའོ། །ཀུ་ལཱི། རིགས་ཅན་མའོ། །ཀྵུ་དྲ་ཕྲན་ཚེགས་མའོ། །དུཿཔྤཪྵཱ། རེག་དཀའ་མའོ། །རཱཥྚི་ཀཱ། ཡུལ་འཁོར་སྐྱེས་མ་རྣམས་སོ། །དེ་ནས་ནཱི་ལ་ལ་སོགས་པ་བཅུ་གཅིག་ནི་རམས་ཤིང་གི་མིང་སྟེ། ནཱི་ལཱི་རམས་སོ། །རཉྫི་ནཱི།
འཚེད་བྱེད་དོ། །དེ་ནས་བརྒྱད་ནི་སོ་མ་རཱ་ཛའི་མིང་ངོ་། །དེ་ནས་ཀྲྀཥྞ་ལ་སོགས་པ་ཀོ་ལའི་མཐར་ཐུག་པ་པི་པི་ལིའི་མིང་སྟེ། བཻ་དེ་ཧཱི་ལུས་འཕགས་སྤྱོད་དང་། མཱ་ག་དྷཱི། ཡུལ་དབུས་སྤྱོད་ཅེས་སོ། །ཨུ་ཥ་ཎཱ། དྲོད་སྐྱེད་དོ། །དེ་ནས་བ་ཤི་རའི་བར་ནི། ཀ་རི་པི་པི་ལི་སྟེ། གླང་པོའི་པི་པི་ལིའི་མིང་ངོ་། །
བ་ཤིར་ནི་ཤིང་ཨ་པཱ་མཱརྒ་དང་། རྒྱ་མཚོའི་ལན་ཚྭ་ལ་ཡང་ངོ་། །པ་ལངྒ་ལ་སོགས་པ་ཚིགས་བཅད་ནི་ཤིང་བ་ལང་དམིགས་པའི་མིང་ངོ་། །དེ་ནས་བི་ཤྭ་ལ་སོགས་པ་བརྒྱད་ནི་བོང་ངའི་མིང་ངོ་། །དེ་ནས་ཤ་ཏ་མཱུ་ལཱི་ལ་སོགས་པ་བཅུ་ནི། རྩ་བ་བརྒྱ་པའི་མིང་ངོ་། །དེ་ནས་པཱི་ཏ་དྲུ་ལ་སོགས་པ་བདུན་
ནི་སྐྱེར་པའི་མིང་སྟེ། པཱི་ཏ་དྲུ་ནི། ཤིང་སེར་དང་། ཧ་རི་དྲ་བ། ཁུ་བ་སེར་པོ་ལ་སོགས་པའོ། །དེ་ནས་བ་ཙ་ལ་སོགས་པ་ལྔ་ནི། ཤུ་ཐག་གི་མིང་སྟེ། བ་ཙ་ཤུ་ཐག་དང་། ཨགྲ་གནྡྷ། དྲིའི་རྩེ་མོ་དང་། ཥཌྒྲནྠ། མདུད་པ་དྲུག་པ་དང་། གོ་ལོ་མཱི། སའི་སྤུ་དང་། ཤ་ཏ་པརྦ་ཀཱ། ཚིགས་བརྒྱ་པ་
เล่ม ๑๙๗ · หน้า 306b
སྟེ། རྩ་བའི་དབྱེ་བས་དཀར་པོ་དང་དམར་པོ་རྣམ་པ་གཉིས་སོ། །སྨན་པའི་མ་ལ་སོགས་པ་བརྒྱད་ནི། བ་ཤ་ཀར་གྲགས་པའི་མིང་སྟེ། བཻ་དྱཱ་མཱ་ཏྲྀ། སྨན་པའི་མའོ། །བ་ས་ཀ། གནས་བྱེད་དོ། །སིདྷཱ་སྱ་སིང་གདོང་ཅན་ཏེ་འདིའི་མེ་ཏོག་སེང་གེའི་ཁ་འདྲ་བས་སོ། །བ་ཛི་དནྟ་ཀ། རྟ་སོ་ཅན་
ཏེ། འདིའི་མེ་ཏོག་རྟའི་སོ་ལྟར་རྩུབ་པས་སོ། །དེ་ནས་བཞི་ནི་ཨ་པ་རཱ་ཛི་ཏའི་མིང་སྟེ། གི་རི་ཀརྞ། རི་ཡི་རྞ་བའོ། །བིཥྞུ་ཀྲཱནྟ། ཁྱབ་འཇུག་གནོན་པའོ། །ཨ་པ་རཱ་ཛི་ཏ། གཞན་གྱིས་མི་ཐུབ་པའོ། །བུར་ཤིང་དྲི་ལྡན་ལ་སོགས་པ་བཞི་ནི་ཀོ་ཡི་ལ་ཁ་ཞེས་གྲགས་པའི་མིང་སྟེ། ཨིཀྵུ་གནྡྷ།
བུར་ཤིང་དྲི་ལྡན་ནོ། །ཀོ་ཀི་ལཱཀྵ། ཁུ་བྱུག་མིག་སྟེ། ཀོ་ཀི་ལ་ཁུ་བྱུག་དང་ཨཀྵ་མིག་གོ། །དེ་ནི་ཀོ་ཡི་ལ་ཁར་གྲགས་པའོ། །ཤཱ་ལེ་ཡ་ནས། མི་སྟྲེ་པའི་བར་ནི་མ་དྷུ་རི་ཀཱ་སྟེ། མངར་ལྡན་གྱི་མིང་ངོ་། །སཱི་ཀུཎྜ་ལ་སོགས་པ་དྲུག་ནི། སཛྫི་ཞེས་གྲགས་པའི་མིང་ངོ་། །བལླེ་ལ་སོགས་
པ་དྲུག་ནི། བི་ཌངྐའི་མིང་སྟེ། བི་ཌཾ་ག། བཤང་བའི་ལུས་སོ། །ཨ་མོ་གྷ། དོན་ཡོད་དེ་འབྲས་བུ་དང་བཅས་པའོ། །ཀྲྀ་མི་གྷྣ་སྲིན་བུ་འཇོམས་སོ། །བཱ་ལ་ལ་སོགས་པ་གཉིས་ནི། བ་ཌི་ཡཱ་ལ་ཞེས་གྲགས་པའི་མིང་ངོ་། །ཚིགས་སུ་བཅད་པ་ཕྱེད་ཀྱིས་རྒུན་འབྲུམ་གྱི་མིང་སྟེ།
བོད་ན་བྱི་དང་གར་གྲགས་པ། མྲྀདྡྷཱི་ཀཱ། རྒུན་འབྲུམ་མོ། །གོསྟཱནཱི། བའི་ནུ་མའོ། །དྲཀྵཱ། རྒུན་འབྲུམ་མོ། །མ་དྷུར་ས། རོ་མངར་རོ། །མ་དྷུ་ཀ་ལ་སོགས་པ་བཞི་ནི་ཤིང་མངར་གྱི་མིང་སྟེ། མ་དྷཱུ་ཀ། མངར་ལྡན་ནོ། །མ་དྷུ་ཡཥྜི་ཤིང་མངར་རོ། །ལཱངྒ་ལི་ལ་སོགས་པ་བཞི་ནི། ཀཱཉྩ་ཀའི་མིང་
སྟེ། ཤཱ་ར་དཱི། སྟོན་གྱི་མེ་ཏོག་ཅེས་པ་སྔར་འདབ་མ་བདུན་པ་ལས་བཤད་དོ། །ཁར་ལ་སོགས་པ་ལྔ་ནི་རྨ་བྱའི་གཙུག་ཕུད་ཀྱི་མིང་སྟེ། བོད་བུའོ། །གོ་པཱི་ལ་སོགས་པ་ལྔ་ནི་སྔོ་བསངས་ཅན་གྱི་མིང་སྟེ། ཤྱཱ་མ་ལ་ནི་སྔོ་བསངས་ཅན་ནོ། །ཁ་ཅིག་ནཱ་ག་ཛི་ཧྭ། ཀླུའི་ལྕེ་ཞེས་རྗོད་པར་བྱེད་དོ། །
ཡོ་ག་ལ་སོགས་པ་བཞི་ནི་རྫུ་འཕྲུལ་ཅན་ཞེས་བྱ་བའི་སྨན་གྱི་མིང་ངོ་། །ཀ་ད་ལཱི་དང་རམྦྷ་ལ་སོགས་པ་དྲུག་ནི་ཆུ་ཤིང་གི་མིང་ངོ་། །དེ་ནས་མུདྒ་པ་རྞི་ལ་སོགས་པ་གསུམ་ནི། སྲན་མའི་ལོ་མ་ཅན་ཞེས་པའི་ཤིང་གི་མིང་ངོ་། །བརྟ་ཀཱི་ལ་སོགས་པ་ལྔ་ནི་བཱ་ལིངྒ་ཎའི་ཤིང་གི་མིང་ངོ་། །ནཱ་ཀུ་ལི་
เล่ม ๑๙๗ · หน้า 307a
ལ་སོགས་པའི་ཚིགས་སུ་བཅད་པ་སྨན་ཤིང་གི་མིང་སྟེ། ཚོང་པ་ལ་སོགས་པ་རྣམས་ཀྱིས་རཱ་སྣ་སྨན་ཞེས་བཏགས་པའོ། །བི་དཱ་རི་གནྡྷ། རྣམ་འཇོམས་དྲི་ཞེས་བྱ་བ་ནས། བརྟན་པར་གནས་ཀྱི་བར་ནི། སཱ་ལ་པརྞི། སཱ་ལའི་འདབ་མའི་མིང་ངོ་། །ཀརྤ་སཱི་ལ་
སོགས་པའི་རྐང་པ་གཉིས་ནི། རས་བལ་ཤིང་གི་མིང་ངོ་། །དེ་ནས་ཏམྦུ་ལ་སོགས་པ་གསུམ་ནི་ལོ་མའི་འཁྲི་ཤིང་གི་མིང་སྟེ། ཏཱམྦུ་ལ་བལླཱི། ལོ་མའི་འཁྲི་ཤིང་དང་། ཏཱམྦུ་ལི། གོ་ལ་ཅན་ནི་སོ་རྩི་ཅན་དང་། ནཱ་ག་བལླཱི། ཀླུའི་འཁྲི་ཤིང་སྟེ་ཀླུའི་འཇིག་རྟེན་གྱི་འཁྲི་ཤིང་ཡིན་པས་སོ།
དྭི་ཛ་ལ་སོགས་པ་དྲུག་ནི་དྲིའི་རྫས་རེ་ཎུ་ཀ་ཞེས་ཚོང་པ་ལ་སོགས་པ་རྣམས་ལ་གྲགས་ལ་འབྲས་བུ་ན་ལེ་ཤམ་གྱི་དབྱིབས་ལྟ་བུ་ཡོད་པའི་ཤིང་གི་མིང་ངོ་། །ཨེ་ལ་བ་ལུ་ལ་སོགས་པ་ལྔ་ནི་ཤིང་ཨེ་ལ་བ་ལུ་ཀ་ཞེས་གྲགས་པ་དྲི་བཟང་བའི་ཤིང་གི་མིང་ངོ་། །ས་ལི་ཀི་ལ་སོགས་པ་གསུམ་
ནི་ཀུནྡུ་རུ་ཞེས་བྱ་བའི་དྲི་བཟང་པོའི་ཤིང་གི་མིང་ངོ་། །བཱ་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཕྱེད་ནི། དྲི་བཟང་པོ་ཅན་བཱ་ལ་ཞེས་གྲགས་པ་སྟེ། བཱ་ལཾ་སྐྲ་འདྲ་བ་དང་། ཧྲཱི་བེ་ར། ངོ་ཚའི་ལུས་ཏེ། ཧྲཱི་ངོ་ཚ་བ་དང་། བེ་ར་ལུས་སོ། །བརྡིཥྛ་ཞེས་པའང་བརྡ། རྨ་བྱ་དང་ནགས་ཚལ་
གཉིས་ལ་འཇུག་པས་འདིར། ནགས་གནས་ཞེས་བྱའོ། །དཱི་བྱཱཾ་ཀེ་ཤ། སྐྲ་བཟངས་སོ། །ཨམྦུ་ནཱ་མ། ཆུ་མིང་ཅན་ནོ། །དུས་རྗེས་འབྲང་ཞེས་བྱ་བ་ལ་སོགས་པ་ལྔ་ནི་བྲག་རི་ལས་བྱུང་བའི་དྲི་བཟང་པོའི་བཅུད་དང་རྫས་ཀྱི་མིང་སྟེ། ཀཱ་ལཱ་ནུ་སཱ་རི། དུས་ཀྱི་རྗེས་སུ་འབྲང་བའོ། །བྲྀདྡྷ། རྒན་
པོའོ། །ཨུཥྨ་པུཥྤ། རྡོའི་མེ་ཏོག་གོ། །ཤཱི་ཏ་བསིལ་བའོ། །ཤི་བཱ། ཞི་བའོ། །ཤཻ་ལེ་ཡ། ཞེས་པ་ཤཻ་ལེ་ཛ་སྟེ་བྲག་སྐྱེས་སོ། །ཏཱ་ལ་པརྞི་ལ་སོགས་པ་ལྔ་ནི་མུ་ར་ཞེས་གྲགས་པའི་དྲི་བཟང་པོའི་རྫས་ཀྱི་མིང་སྟེ། མུ་ར་ཞེས་བྱ་བའི་ལྷ་མ་ཡིན་དེའི་མིང་ཉིད་ཀྱིས་ན། དཻ་ཏྱཱ། ལྷ་མ་ཡིན་མོ་
དང་། མུ་རཱའོ། །ཏཱ་ལ་པརྞི་ཏ་ལའི་ལོ་མ་དང་། གནྡྷ་ཀུ་ཊཱི་དྲི་བརྩེགས་མ་དང་། གནྡྷི་ནཱི་དྲི་ལྡན་མ་རྣམས་སོ། །ག་ཛ་བྷཀྵྱ། གླང་པོའི་ཟས་ཏེ་དེ་ལ་སོགས་པ་བརྒྱད་ནི་ཤིང་ཤལླ་ཀཱིའི་མིང་སྟེ། གང་ལས་སིཧླ་འབབ་པའོ། །དེ་ལ། སུ་བ་ཧཱ། ལེགས་འབབ་དང་། སུ་ར་བྷི། དྲི་བཟངས་ཅན་
เล่ม ๑๙๗ · หน้า 307b
དང་། ར་སཱ་རོ་ལྡན་ནམ་བཅུད་ལྡན་དང་། མ་ཧེ་ར་ཎ། ཆེར་གཡོ་དང་། ཀུནྡུ་རུ་ཀཱི། བཅུད་འབབ་དང་། སིཧླ་ཀཱི། ཚིམ་བྱེད་འཛག་དང་། ཧླ་དི་ནཱི་ཚིམ་བྱེད་རྣམས་ཏེ་སིཧླའི་མིང་ངོ་། །མི་འབར་ལ་སོགས་པ་བཞི་ནི་དྷཱ་ཏ་ཀའི་མིང་ངོ་། །པྲྀ་ཐཱི་ཀཱ་ལ་སོགས་པ་བཞི་ནི། ཀ་ཀོ་ལའི་མིང་སྟེ། པྲྀ་ཐཱི་ཀཱ།
ས་ཅན་མའོ། །ཙནྡྲ་བཱ་ལ། ཟླ་བའི་བྱེ་མ་འམ་ཟླ་བ་གཞོན་ནུའོ། །ཨེ་ལ་ཀ་ཀོ་ལའོ། །ནིཥྐུ་ཊིཿཧུ་ལ་ཚང་མང་ཅན་ནོ། །སཱུཀྵྨ་ལ་སོགས་པ་ལྔ་ནི་སུག་སྨེལ་གྱི་མིང་ངོ་། །བྱཱ་དྷི་ལ་སོགས་པ་དྲུག་ནི་ཀུཊ་ཞེས་གྲགས་པའི་དྲི་བཟང་པོའི་མིང་སྟེ། ཀུཥྛ་རུ་རྟའོ། །དེ་ཉིད་ལ་ཀཱུ་ཊ་ར་གྲགས་པའོ། །བྱཱ་དྷི་
ཞེས་པ་ནད་ཀྱི་མིང་མངོན་པར་བརྗོད་པའོ། །དུང་ཅན་ལ་སོགས་པ་གསུམ་ནི་རྩོར་ཀུ་ལི་ཞེས་གྲགས་པའི་མིང་ངོ་། །ཏུནྣ་ལ་སོགས་པ་དྲུག་ནི། དགའ་བྱེད་ཤིང་གི་མིང་སྟེ། འདི་འོ་མ་ལྡན་ཞིང་ཨ་ཤྭཏྠའི་རྣམ་པ་ཅན་ཏེ། ཨ་ཤྭཏྠ་དང་རྣམ་པ་མཚུངས། །དེ་ནི་དགའ་བྱེད་ཤིང་དུ་བརྗོད། །
ཅེས་འབྱུང་ངོ་། །སྲིན་མོ་ཞེས་བྱ་བ་ལ་སོགས་པ་དྲུག་ནི་ཙོ་རའི་མིང་ཅན་གྱི་དྲིའི་རྫས་ཀྱི་མིང་ངོ་། །སྦྲུལ་གྱི་མཚོན་ཆ་ལ་སོགས་པ་བཞི་ནི། སྟག་གི་སེན་མོ་ཞེས་བྱ་བའི་དྲིའི་རྫས་ཀྱི་མིང་ངོ་། །ཤུ་ཥི་ར་ལ་སོགས་པ་ལྔ་ནི་སྡོང་བུའི་མིང་ཅན་གྱི་དྲིའི་རྫས་ཀྱི་མིང་ངོ་། །དྷ་མ་ནི་ལ་སོགས་པ་
ལྔ་ནི། ཧ་ཊ་རྣམ་པར་སྒེག་པའི་མིང་ཅན་གྱི་དྲིའི་རྫས་སོ། །ཤུཀྟི་ལ་སོགས་པ་ལྔ་ནི་ན་ཁའི་མིང་སྟེ། ཤུཀྟི། ཉ་ཕྱིས་འདྲ་བའོ། །ཤངྑ་དུང་འདྲ་བའོ། །ཁུ་ར་རྨིག་པ་འདྲ་བའོ། །ཀོ་ལ་ད་ལ། རྒྱ་ཤུག་གི་འདབ་མ་ལྟ་བུ་ཞེས་པའི་དོན་ཏོ། །ན་ཁ་སེན་མོ་འདྲ་བའོ། །ཀུ་ཌནྣ་ཊ་ལ་
སོགས་པ་བརྒྱད་ནི་ལི་ག་དུར་གྱི་མིང་སྟེ། ཀུ་ཌནྣ་ཊ། ལི་ག་དུར་ཏེ། འཁྱོག་ཅིང་གར་བྱེད་ཅེས་བྱའོ། །ད་ཤ་པཱུ་རཾ། གང་བ་བཅུ་པའོ། །བཱ་ནེ་ཡ་ནགས་སྐྱེས་སོ། །པ་རི་པེ་ལ་བ་དང་། པླ་བ་ག་ནི། རྐྱལ་བྱེད་དམ་རྐྱལ་འགྲོའོ། །ཀཻ་པརྟཱི། ཉ་བ་པའམ་རྐྱལ་ཆེན་མའོ། །གྲནྠི་
པརྞ་ལ་སོགས་པ་དྲུག་ནི། གྲནྠི་བ་ནའི་མིང་ངོ་། །མ་ཏུ་ཏ་ཅེས་བྱ་བ་ནས། དབྱར་གྱི་རྒྱན་ཞེས་པའི་བར་གྱི་ཚིགས་བཅད་གཅིག་ནི། སྦྲྀཀྐའི་མིང་ངོ་། །དཀའ་ཐུབ་ཅན་མ་ལ་སོགས་པ་ལྔ་ནི། །སྤང་སྤོས་ཀྱི་མིང་སྟེ། ཏ་པ་སྭཱིནཱི། དཀའ་ཐུབ་ཅན་མ་དང་། ཛ་ཊཱི། རལ་པ་ཅན་མ་དང་། མཱཾ་སཱི་
เล่ม ๑๙๗ · หน้า 308a
ཤ་ཅན་མ་སྟེ་སྤང་སྤོས་དང་། ལོ་མ་སཱ། སྤུ་ཅན་མ་ལ་སོགས་པ་རྣམས་སོ། །ཏྭ་ཀྤ་ཏྲ་ལ་སོགས་པ་དྲུག་ནི་ཤིང་ཚའི་མིང་ངོ་། །ཏྭ་ཀྤ་ཏྲ། པགས་པའི་འདབ་མ་ཞེས་སོ། །ཀུརྦ་ཤཱིཪྵ་ལ་སོགས་པ་ལྔ་ནི་ཛཱི་བ་ཀའི་མིང་སྟི། ཀུརྦ་ཤཱིཪྵ། མགོ་བོར་བྱས་པའོ། །ཛཱི་བ་ཀ་འཚོ་
བྱེད་དོ། །ཀིར་ཏ་ཏི་ཀྟ་ལ་སོགས་པ་གསུམ་ནི་ཙིར་ཡི་ཏེ་ཞེས་གྲགས་པ་སྟེ། མོན་ཡུལ་ལ་སོགས་པར་སྐྱེ་བའི་ཏིཀྟིའི་མིང་ངོ་། །སཔྟ་ལ་སོགས་པ་བདུན་ནི། བདུན་ལྡན་ཞེས་བྱ་བའི་དྲིའི་རྫས་ཚོང་པའི་ནོར་གྱི་མིང་ངོ་། །ཨ་ཛ་མོད་ལ་སོགས་པ་ནི། ཡ་མཱ་ནི་ཀའི་མིང་སྟེ། རིགས་གཉིས་ལ་མིང་གི་རྣམ་
གྲངས་བཞིའོ། །ཨ་ཛ་མོ་ད་ར་དགའ་བའོ། །རྩ་བ་རྒྱས་པ་ལ་སོགས་པ་གསུམ་ནི་ཚོང་པ་རྣམས་ལ་པུཥྐ་ར་མཱུ་ལ་པདྨའི་རྩ་བ་ཞེས་གྲགས་པ་སྟེ། ཀཱཥྨི་ར་ཁ་ཆེ་སྐྱེས་སོ། །པདྨ་པཏྟྲ། པདྨའི་འདབ་མའོ། །མཱརྒ་ལ་སོགས་པ་གཉིས་ནི་བྷྲྀངྒ་རཱ་ཛ་བུང་བའི་རྒྱལ་པོ་ཞེས་བྱ་བའི་མིང་སྟེ། འདི་ཡང་ཀེ་
ཤ་རཉྫ་ན་ཞེས་གྲགས་པ་ཉིད་དོ། །དཱུརྦ་ལ་སོགས་པ་དྲུག་ནི་རྩྭ་དཱུརྦའི་མིང་སྟེ། དཱུརྦ་ནི། དཱུརྦར་གྲགས་པའོ། །ཤ་ཏ་པརྦི་ཀཱ་ནི། ཚིགས་བརྒྱ་པའོ། །ས་ཧ་སྲ་བཱིརྱ་ནི། ནུས་པ་སྟོང་ལྡན་ནོ། །བྷཱརྒ་བྱ་ནི་བྷྲྀ་གུའི་བུའམ་ངན་སྤོང་སྐྱེས་སོ། །རུ་ཧཱ་སྐྱེ་ལྡན་ནོ། །ཨ་ནནྟ། མཐའ་ཡས་རྣམས་
སོ། །གོ་ལམ་ལ་སོགས་པ་བཞི་ནི་དཱུརྦ་དཀར་པོའི་མིང་སྟེ། གོ་ལོ་མི། གླང་གི་སྤུ་སྐྱེས་སོ། །ཤ་ཏ་པུཥྤ། ནུས་པ་བརྒྱ་པའོ། །གཎྜཱ་ལཱི། །དུམ་བུ་འཛིན་ནོ། །ཤ་ཀུ་ལཱ་ཀྵ། བྱའི་མིག་གོ། །ཀུ་རུ་བིནྡ་ལ་སོགས་པ་གསུམ་ནི་མོན་ལུག་གི་མིང་ངོ་། །བི་ཤ་ལ་སོགས་པའི་ཚིགས་སུ་བཅད་
པ་ནི་འོད་མའི་མིང་ངོ་། །གྲནྠི་ལ་སོགས་པ་གསུམ་ནི་ཚིགས་ཅན་གྱི་མིང་ངོ་། །གུནྡྲ་ལ་སོགས་པ་གསུམ་ནི་སྨྱུག་མ་མདའ་རྒྱུའི་མིང་ངོ་། །ན་ཌ་ལ་སོགས་པ་གསུམ་ནི་འདམ་བུའི་མིང་ངོ་། །བཞི་ནི་རྩྭ་ཀུ་ཤའི་མིང་སྟེ། ཀུ་ཤ་ནི་ངན་སེལ་ཏེ། ཀུ་ངན་པ་དང་། ཤ་ཞི་བའམ་སེལ་བའི་
དོན་ཏོ། །ཀུ་ཐ་ས་གནས་དང་། ང་རྦྷ་རྟེན་བྱེད་དང་། ས་བི་དྲ་དག་བྱེད་དོ། །ཀ་རྟྲྀ་ཎེ་རྩ་ཆུང་ངུ་སྟེ་དེ་ལ་སོགས་པ་དྲུག་ནི་རཱ་མ་ག་པུར་ཞེས་གྲགས་པ་དྲི་བཟང་པོའི་རྩྭའི་མིང་ངོ་། །གདུགས་ཀྱི་རྣམ་པ་ཞེས་བྱ་བ་ནི་རྩའི་ཁྱད་པར་ཏེ། དེ་ལྟར་ཡང་། དྲི་བཟང་ཚ་བཞེས་བྱ་བ། །དེ་བཞིན་གདུགས་
เล่ม ๑๙๗ · หน้า 308b
དང་ཤིན་ཏུ་གདུགས། །གདུགས་ཀྱི་རྣམ་པ་ཞེས་བྱ་སྟེ། །རྩ་བ་འདབ་མའི་དབྱིབས་ལེགས་སོ། །ཞེས་བཤད་དོ། །ནཱ་རི་ཀེ་ལ་དང་། ལཱངྒ་ལི་དག་རྣམ་གྲངས་ཏེ། དེ་ལ་ནཱ་རི་ཀེ་ལ་ནི་མི་མོ་རྩེ་བ་ཞེས་བྱ་སྟེ། བི་ཏའི་ཤིང་གི་མིང་ངོ་། །ལཱངྒ་ལཱི་ནི་གཤོལ་ལྡན་ནོ། །ནགས་དང་སྨན་གྱི་སྡེའོ།། །།
དེ་ནས་སེང་གེ་ལ་སོགས་པའི་སྡེ་ལ། ཚིགས་བཅད་ཕྱེད་ཀྱིས་སེང་གེའི་མིང་སྟེ། སིངྷ་སེང་གེ་སྟེ། ཧི་སི་འཚེ་བ་ལ། རི་དགས་ལ་འཚེ་བར་བྱེད་དོ་ཞེས་པས་ཨ་ཙ་རྐྱེན་དང་། པྲྀ་ཥོ་ད་ར་ལ་སོགས་པས་དང་པོ་དང་མཐའ་ཕྱིན་ཅི་ལོག་ཏུ་བྱའོ། །མྲྀ་གེནྡྲ། རི་དགས་དབང་པོ་སྟེ། ནགས་ཀྱི་
རི་དགས་རྣམས་ཀྱི་རྒྱལ་པོ་ཡིན་པས་སོ། །པཉྩཱ་སྱ་ནི། པཉྩ་ལྔ་དང་། ཨ་སྱ་ཁའམ། གདོང་སྟེ། གདོང་ལྔ་པའམ། ཁ་ལྔ་པ་ཞེས་བྱ་སྟེ། ཁ་བཞིན་དུ་རྐང་པ་གཉིས་དང་ལག་པ་དག་གིས་ཀྱང་ལག་ལྡན་གྱི་བུམ་པ་འགེམས་པར་བཟོད་པའི་ཕྱིར་རོ། །ཧརྻ་ཀྵ་ནི་ཧ་རི་འཕྲོག་བྱེད།
ཨ་ཀྵི་མིག་ལ་རང་གི་ཡན་ལག་ལས་ཥ་ཙའོ་ཞེས་པས་ཥ་ཙ་སྦྱར་བ་སྟེ། དེས་ན་འཕྲོག་བྱེད་མིག་ཅེས་བྱ་སྟེ། འདིའི་མིག་དམར་སེར་དུ་ཡོད་པས་སོ། །ཀེ་ཤ་རཱི། རལ་པ་ཅན་ནོ། །ཧ་རི་འཕྲོག་བྱེད་རི་དགས་རྣམས་ཀྱི་སྲོག་འཕྲོག་པར་བྱེད་པས་སོ། །དེ་ནས་སྟག་ལ་མིང་གསུམ་སྟེ། ཤཱརྡཱུལ་དང་
དྭཱི་པ་དང་། བྱཱ་གྷྲ་རྣམས་སོ། །དེ་ལ་ཤཱརྡཱུ་ལ་ནི་སྟག་སྟེ། ཤྲྀ་འཚེ་བ་ལ། ཨཱུ་ར་ཙ་ལ་སོགས་པའོ། །དྭཱི་པཱི། སྟག་གི་དབྱེ་བ་ཆུང་ཞིང་བཀྲ་བ་སྟེ། དེའི་པགས་པ་གཉིས་པ་དེ་ལྡན་པས་ཨི་ནིའི་རྐྱེན་ནོ། །སྦྱོར་བ་འདི་ནི་ཀ་མ་ལ་ཤཱི་ལའི་ཡིན་ཏེ། སྟག་ཕྲན་སྟག་དང་བྱི་ལ་སྲམ། །སེང་གེའི་པགས་པ་
མདུན་བྱས་ཏེ། །ཞེས་སོ། །བྱཱ་གྷྲ་དྲི་སྣོམ་སྟེ་སྟག་གོ། །དེ་ནས་གཉིས་ནི་དྲེད་ཀྱི་མིང་སྟེ། ཏ་རཀྵུ། དྲེད་ཅེས་བྱ་བ་ཁྱི་ཆེན་པོ་དང་ཚད་མཉམ་པ། ཁྱིའི་དབྱིབས་ཅན་ཕྱུགས་དང་མི་ལ་སོགས་པ་ལ་འཚེ་བ་བྱེད་པའོ། །མྲྀ་གཱ་ད་ན། རི་དགས་ཟ་བྱེད་དོ། །ཕག་གི་མིང་ལ་ཚིགས་སུ་བཅད་པ་
གཅིག་སྟེ། བཱ་ར་ཧ། མཆོག་ཏུ་འཇོམས་པས་ན་ཕག་གོ། །སཱུ་ཀ་ར། གཙང་བྱེད་དེ། སུ་ཙ་གཙང་བ་དང་ཀ་ར་བྱེད་པ་ལ། པྲྀ་ཥོ་ད་ར་ལ་སོགས་པས་ཙ་ཕྱིས་ཤིང་། གཞན་རྣམས་ལ་ཡང་ངོ་ཞེས་པས་སུ་ཡིག་རིང་པོར་བསྒྱུར་བའོ། །གྷྲྀ་ཥྚི་སྒྲ་ལྡན་ནོ། །ཀོ་ལ་པོ་ཊི། ཁྱིམ་གཙང་བྱེད། ཀི་རི་
เล่ม ๑๙๗ · หน้า 309a
ནི། ས་འཐོར་བྱེད་དེ། ཀྲཱྀ་རྣམ་པར་གཡེང་བ་ལ། ཨིཀ་མཐའ་ཉེ་ལས་ཀི་རྐྱེན་ནོ། །ཀི་ཌི། ས་སློང་སྟེ། དེ་བཞིན་དུ་ཀི་ཊིའི་ཁམས་ལས་ཀི་ཊིའོ། །དཾ་ཥྚི་མཆེ་བ་ཅན་དང་། གྷོ་ཎཱི་སྣ་རིངས་སོ། །སྟ་བྡྷ་རོ་མཱ་སྤུ་གཟིངས་སོ། །ཀྲོ་ཌ་ས་རློག་གོ། །བྷཱུ་དཱ་ས་
འཇོམས་སོ། །ཀ་པི་ནས་ནགས་གནས་ཀྱི་བར་གྱིས་སྤྲེའུའི་མིང་ངོ་། །ཀ་པིཿ་སྤྲེའུ་འོ། །སླ་བཾ་ག་དང་། སླ་བ་ག། རྒྱུག་འཕྱོང་ངམ་འཆོང་བྱེད་དམ། འཕར་འགྲོའོ། །ཤཱ་ཁ་མྲྀ་ག། ཡལ་གའི་རི་དགས་དང་། བ་ལཱི་མུ་ཁ། གཉེར་མའི་གདོང་དང་། མཱརྐ་ཊ། ཉི་མ་དགའ་དང་། བཱ་ན་ར་
མི་དང་འདྲ་སྟེ། བཱ་ཤབྡ་ཨི་བཱ་རྠེ། བའི་སྒྲ་ནི་འདྲ་བའི་དོན་ཏོ་ཞེས་སོ། །ཀཱི་ཤ་རླུང་གི་བུ་བརྒྱུད་དང་། བ་ནཽ་ཀ་ས། ནགས་གནས་རྣམས་སོ། །དེ་ནས་བྷལླུ་ཀ་ལ་སོགས་པ་ནི། དོམ་གྱི་མིང་ངོ་། །དེ་ནས་གྷཎྜ་ཀ་ད། ཁཌྒའི་ནཱི་ལ་སོགས་པ་གསུམ་ནི་བསེའི་མིང་ངོ་། །ཚིགས་བཅད་ཕྱེད་ཀྱིས་མ་
ཧེའི་མིང་སྟེ། ལུ་ལཱ་པ། ཁྱུ་འདྲེས་དང་། མ་ཧི་ཥ་ས་སྟེང་ཉལ་དང་། བཱ་ཧ་དྭི་ཥ། རྟའི་དགྲ་དང་། ཀཱ་པ་ར། མ་ཧེ་དང་། སོ་རི་བྷ་རྣམས་སོ། །ཚིགས་སུ་བཅད་པ་གཅིག་གིས་ཅེ་སྦྱང་ངོ་། །བྷཱུ་མི་མཱ་ཡ། ས་ལ་རྒྱུའོ། །གོ་མ་ཡུ། བ་ལང་འཚེ་བྱེད་དོ། །
མྲྀ་ག་དྷཱུརྟ། རི་དགས་ཁྲམ་པ་དང་། ཤྲྀ་ག་ལ། མ་རུངས་པ་དང་། བཉྫ་ཀ། སླུ་བྱེད་དང་། ཀྲོཥྚི། འབོད་བྱེད་དང་། ཕེ་རུ་དང་། ཕེ་རབ་ངན་གཡོ་བ་འམ། གཡོ་ཅན་ནོ། །ཛམྦུ་ཀ། ཅེ་སྤྱང་ངོ་། །ཚིགས་བཅད་ཕྱེད་ཀྱིས་བྱི་ལའི་མིང་སྟེ། ཨོ་རུ་ཞུམ་བུ་དང་། བི་ཌཱ་ལ་བཤང་བ་སྤེད། བཤང་བ་
དུག་བཞིན་སྤེད་པར་བྱེད་པའོ། །མཱ་རྫཱ་ར། ཁྲུས་མཁན་ནོ། །པྲྀ་ཥ་དཾ་ཤ་ཀ། བྱི་བ་ཟ་དང་། ཨ་ཁུ་བྷུ་ཀ། བྱི་བའི་ཟས་ཅན་རྣམས་སོ། །ཀོ་ཀ་ལ་སོགས་པ་གསུམ་ནི། འཕར་བའི་མིང་སྟེ། ཀོ་ཀ་མཚའ་འམ་འཕར་བ་སྟེ། ཁྱི་དང་ཚད་མཉམ་པའི་རི་དགས་སེར་སྐྱ། གོ་ཌ་ལ་
སོགས་པའི་ཡུལ་དུ་ཀོ་བ་ཞེས་བྱ་ཞིང་། མཱ་ལ་བ་ལ་སོགས་པའི་ཡུལ་དུ་བི་ཀ་ཞེས་གྲགས་པའོ། །དེ་ནས་རི་དགས་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་རི་དགས་ཙམ་གྱི་མིང་ངོ་། །ཨེ་ཎ་ནི་རི་དགས་ཀྱི་ཁྱད་པར་བརྗོད་པ་སྟེ་དེ་ལས་བྱུང་བས་ཨེ་ཎེ་ཡའོ། །ཀ་ཏ་ལི་ལ་སོགས་པ་
เล่ม ๑๙๗ · หน้า 309b
དྲུག་ནི་རི་དགས་ཀྱི་ཁྱད་པར་རིན་པོ་ཆེར་གྱུར་པའི་པགས་པ་འབྱུང་བས་ན་པགས་པའི་སྐྱེ་གནས་སུ་བརྗོད་དོ། །ཇི་ལྟར་རི་དགས་ཀྱི་སྒྲ་ཕྱུགས་གཞན་ལ་སྤྱིར་འཇུག་ཅིང་རི་དགས་ཀུ་རངྒ་ལ་བྱེ་བྲག་ཏུ་འཇུག་སྟེ། དཔེར་ན་ལྕགས་ཀྱི་སྒྲ་གསེར་ལ་སོགས་པ་ལ་སྤྱིར་འཇུག་པ་དང་ལྕགས་ལ་བྱེ་བྲག་
ཏུ་འཇུག་པ་བཞིན་ནོ། །དེ་བཞིན་དུ་པགས་པའི་སྐྱེ་གནས་ཞེས་པ་ཡང་རི་དགས་སྤྱི་དང་བྱེ་བྲག་ལ་འཇུག་གོ། །ཀྲྀཥྞ་སཱ་ར་ལ་སོགས་པ་ནས་རི་བོང་གི་མཐར་ཐུག་པ་ནི་ཁྱད་པར་བ་རེ་རེའི་མིང་སྟེ། དེ་ལ་ཀྲྀཥྞ་སཱ་ར་ནི། རི་དགས་གཞུང་ནག་གོ། །རུ་རུ་ནི། སྒྲ་སྒྲོགས་སོ། །ནྱདྐུ་ནི། ངེས་མཆོད་ཞེས་
བྱའོ། །ཤམྦཱ་ར་ནི། མཆོག་བདེ་ཞེས་སོ། །གོ་ཀ་རྞ་ནི། འདི་ལ་བ་ལང་ལྟ་བུའི་རྣ་བ་ཡོད་པས་བ་ལང་རྣ་བ་སྟེ། གནྣོ་ཞེས་གྲགས་པའོ། །པྲྀ་ཥ་ཏ་ནི། ཐིག་ལེ་ཁྲ་བོ་ཅན་ཏེ། རིན་ཆེན་མཛོད་ལས། པྲྀཥ་ཏ་རི་དགས་ཁྲ་བོ་ཞེས་སོ། །ཨེ་ཎ། ཙ་རུ་ན་ཡན། མིག་མཛེས་ཏེ། བྱིན་པ་ཐུང་ཞིང་
བོང་ཚོད་ཆུང་བའོ། །ཨེ་ཎ་རི་དགས་ཆུང་དུའོ་ཞེས་ཀོཥྛའི་རྒྱ་ཆེར་འགྲེལ་ལས་སོ། །རྀ་ཤྱ་ནི། ཁ་དོག་སྔོན་པོ་རྟ་དང་མཉམ་པ་སྟེ། འདི་རྭ་གསུམ་པ་ཡིན་ཅིང་། རི་ཧི་ཏ་ཞེས་ཀྱང་བྱའོ། །ཙ་མ་ར་ནི། གཡག་སྟེ། མ་ཧེའི་དབྱིབས་ཅན། ཡུལ་བྱང་ཕྱོགས་སུ་སྐྱེ་བ་གང་གི་མཇུག་མ་
ལས་རྔ་ཡབ་འབྱུང་བའོ། །གནྡྷ་རྦ། རི་དགས་ཀྱི་ཁྱད་པར་ཏེ། རྟ་སྲེ་ཞེས་པར་ཤེས་པར་བྱའོ། །ཤ་ར་བྷ་ནི། རྐང་པ་བརྒྱད་པ་གྱེན་མིག་ཅན། སེང་གེ་ཡང་འཇོམས་པ་སྟེ། བྷ་ར་ཏ་ར་རྐང་པ་བརྒྱད་པ་གྱེད་མིག་ཅན། །ཤ་ར་བྷ་ནི་ནགས་ན་སྤྱོད། །སེང་གེ་འཇོམས་པར་ཡང་དག་འགྲོ། །
ཐུབ་པ་དེར་ནི་ངེས་པར་ཞུགས། །ཞེས་སོ། །དེའི་རྐང་པ་བཞི་ནི་གྱེན་དུ་ཕྱོགས་སོ། །ག་བ་ཡ་ནི། བ་མེན་ཏེ། བ་ལང་དང་དབྱིབས་འདྲ་བའོ། །དེ་ནས་བྱི་བ་ལ་མིང་གསུམ་སྟེ། ཨནྡུ་རུ། བྱི་བ་དང་། མཱུ་ཥེ་ཀ། རྐུན་པོ་དང་། ཨ་ཁུ། འབིགས་བྱེད་རྣམས་སོ། །གི་རི་ཀཱ། རིའི་བྱི་བ་
དང་། བཱ་ལ་མཱུ་ཥི་ཀ །བྱི་བ་གཞོན་ནུ་གཉིས་ནི་བྱི་བྲན་གྱི་མིང་ངོ་། །སྡོམ་ལ་མིང་བཞི་སྟེ། ལཱུ་ཏ་སྡོམ་དང་། ཏནྡྲ་པཱ་ཡ་ཐགས་མཁན་དང་། ཨཱུ་རྞ་ནཱ་བྷ། བལ་གྱི་ལྟེ་བ་ཅན་དང་། མཱརྐ་ཊ་ཀ་སམ། སྤྲེའུ་མཚུངས་རྣམས་སོ། །དེ་ནས་བྱའི་མིང་ལས། ཕུག་རོན་ལ་མིང་གསུམ་སྟེ།
เล่ม ๑๙๗ · หน้า 310a
ཀ་པོ་ཏ་དང་། པཱ་རཱ་བ་ཏ། ཕུག་རོན་དང་། ཀ་ལ་ར་བ་ཅ་ཅོ་སྒྲོགས་སམ་ངག་སྙན་ནོ། །དེ་ནས་ཁྲ་ལ་མིང་གསུམ་སྟེ། ཤ་ཤཱ་ད་ན། རི་བོང་ཟ་དང་། པ་རྟྲི་འདབ་ཆགས་ཁྲ་དང་། ཤྱ་ན། བྱ་ཁྲ་རྣམས་སོ། །འུག་པ་ལ་མིང་གསུམ་སྟེ། ཨུ་ལཱུ་ཀ །སྟེང་གི་རྣ་བ་ཅན་ཏོ། ཨཱུ་རྡྷ་
ཀརྞ་ལ། པྲྀ་ཥོ་ད་ར་ལ་སོགས་པས། ཨུ་ལཱུ་ཀར་བསྒྱུར་བའོ། །བཱ་ཡ་སཱ་ར་ཏི། བྱ་རོག་དགྲ་སྟེ། བཱ་ཡ་ས། བྱ་རོག་དང་། ཨ་རཱ་ཏི་དགྲའོ། །པེ་ཙ་ཀ་འུག་པའོ། །དུར་བྱ་ལ་མིང་གཉིས་ཏེ། ལོ་ཧ་པྲྀཥྛ། རྒྱབ་དམར་དང་། ཀངྐའོ། །དེ་ནས་ཙཱ་ཤ་དང་། ཀོ་ཀཱི་དི་བི་གཉིས་ནི་སྤུའི་མདོག་བཻདཱུ་རྱ་ལྟར་
དངས་ཤིང་གཤོག་པ་བཀྲ་བའི་བྱ། གསེར་གྱི་གཙུག་ཕུད་ཅེས་གྲགས་པའི་མིང་ངོ་། །དེ་ནས་བྱ་ཤིང་སྟ་མོའི་མིང་གཉིས་ཏེ། ཤ་ཏ་པ་ཏྲ། འདབ་མ་བརྒྱ་པ་དང་། དཱ་རྦཱ་གྷཱ་ཊ། ཤིང་འཇོམས་སམ་ཤིང་དགྲ་འམ་ཤིང་སྟ་མོ་སྟེ། དཱ་རུ་ཤིང་དང་། ཨཱ་གྷཱཊ། འཇོམས་པའོ། །དེ་ནས་ཁུག་རྟ་ལ་མིང་
གསུམ་ཏེ། ས་རངྒ་ཁུག་རྟ་དང་། ཏོ་ཀ་ཀ། ཆུ་ཉུང་སྟེ། སྟོ་ཀ་ཉུང་དུ་དང་། ཀ་ཆུ་སྟེ། ས་ཡིག་ཕྱིས་པའོ། །ཙ་ཏ་ཀ་རྣམས་སོ། །ཁྱིམ་བྱ་ལ་མིང་བཞི་སྟེ། ཀྲྀ་ཀ་བཱ་ཀུ་དང་། ཀུཀྐ་ཌ་ཁྱིམ་བྱ་སྟེ། ཀུ་ཀུ་ཞེས་སྒྲོགས་པས་སོ། །ཏཱ་མྲ་ཙཱུ་ཌ། ཟངས་ཀྱི་གཙུག་ཕུད་ཅན་ནོ། །ཙ་རུ་ཎཱ་ཡུ་དྷ། རྐང་
པའི་མཚོན་ཆ་ཅན་ནོ། །གྲོང་གི་བྱིའུ་ལ་མིང་གཉིས་ཏེ། ཙ་ཌ་ཀ། མཆིལ་པ་དང་། ཀ་ལ་བིངྐའོ། །ཁུ་བྱུག་ལ་མིང་བཞི་སྟེ། བ་ན་པྲི་ཡ། ནགས་ན་དགའ་དང་། པ་ར་བྷྲྀ་ཏ། གཞན་གྱིས་གསོས་ཞེས་བྱ་སྟེ། བྱ་རོག་གིས་བཟུང་ནས་གསོ་བར་བྱེད་པས་སོ། །ཀོ་ཀི་ལ་དང་། སི་ཀ། ཁུ་བྱུག་
གོ། །བྱ་རོག་གི་མིང་ལ་ཚིགས་སུ་བཅད་པ་གཅིག་སྟེ། ཀཱ་ཞེས་པའི་སྒྲ་སྒྲོགས་པས་ཀཱ་ཀྭ་སྟེ་བྱ་ཀ་ལ་བིངྐ་ནི་རྒྱ་མཚོའི་གླིང་ན་གནས་པའི་བྱའི་ཁྱད་པར་རོ་ཞེས་སློབ་དཔོན་ཡེ་ཤེས་རྡོ་རྗེས་གསུངས་པ་དེ། སྐད་ཤིན་ཏུ་སྙན་པ་དེའོ། རོག་དང་། ཀ་ར་ཊ། ཁྭ་ད་དང་། ཨ་རིཥྚ་ཞེས་པ་ལ་རིཥྚ་འཆི་བའི་མཚན་ཉིད་དེ། འདི་ལ་མེད་
པས་ཨ་རིཥྚ་སྟེ། འཆི་མེད་དོ། །བ་ལི་པུཥྚ། གཏོར་མས་གསོས་པའོ། །ས་ཀྲྀ་ཏྤྲ་ཛ། ལན་ཅིག་སྐྱེས་སོ། །དྷཱ་ཀྵ་སྒྲ་ལྡན་ནོ། །ཨཏྨ་གྷོཥ། སྒྲོགས་པའི་བདག་ཉིད་དོ། །པ་ར་བྷྲྀ་ཏ། གཞན་གསོ་ཞེས་བྱ་སྟེ། གཞན་ཁུ་བྱུག་གི་ཕྲུ་གུ་བཟུང་ནས་གསོ་བར་བྱེད་པས་སོ། །བ་ལི་བྷུཀ། གཏོང་མ་ཟ་
เล่ม ๑๙๗ · หน้า 310b
བྱེད་དོ། །བཱ་ཡ་ས། བྱ་རོག་སྟེ། ན་ཚོད་གནས་ཞེས་སོ། །དྲོ་ན་ཀ་ལ་སོགས་པ་བཞི་ནི། བྱ་རོག་ཆེན་པོའི་མིང་ངོ་། །འོལ་བ་དང་། བྱ་རྒོད་དང་། ནེ་ཙོ་ལ་སོགས་པ་ནི་རབ་ཏུ་གྲགས་པ་ཉིད་དོ། །ཀྲུང་དང་། ཀྲཽཉྩ་ནི། ཁྲུང་ཁྲུང་ཞེས་བྱ་སྟེ། ཀོཉྩ་ཞེས་གྲགས་པའོ། །ཀོ་ཀ་ལ་སོགས་པ་བཞི་ནི་ངུར་པའི་མིང་
ངོ་། །ཀཱད་མྤ་དང་། ཀ་ལ་ཧཾ་ས་ནི་ཆུ་སྐྱར་གྱི་མིང་ངོ་། །གཉིས་ནི་བྱ་ཀུ་ར་རའི་མིང་སྟེ། ཨུཏྐྲོ་ཤ། རྒྱང་གྲགས་ཐོས་དང་། ཀུ་ར་ར། སྒྲ་སྒྲོགས་སོ། །བཞི་ནི་ངང་པ་སྦྱིའི་མིང་སྟེ། ཧཾ་ས། ངང་པ་དང་། ཤྭེ་ཏ་ག་རུ་ཌ། མཁའ་ལྡིང་དཀར་པོ་དང་། ཙ་ཀྲཱངྒ་འཁོར་ལོའི་ཡན་ལག་དང་། མན་སཽ་ཀ་ས།
མ་དྲོས་གནས་རྣམས་སོ། །རཱ་ཛ་ཧཾ་ས་ལ་ལ་སོགས་པ་ངང་པའི་རྒྱལ་པོ་ལ་སོགས་པའི་མིང་སྟེ། བ་ར་ཊའི་བར་རྐང་པ་སོ་སོས་མིང་ངོ་། །དེ་ནས་ལྤགས་བྱིའུའི་མིང་ལ། ཛ་ཏུ་ཀ། ཕ་བང་དང་། ཨ་ཛི་ན་པ་ཏྲ་ལྤགས་པའི་འདབ་མའོ། །བྷྲིརྒ་རཱི་ལ་སོགས་པ་བཞི་ནི་ཛྷིཉྫྷི་ཀ་ཞེས་བྱ་བའི་སྲོག་ཆགས་གཤོག་
པ་དང་བཅས་པ། པལ་ཆེར་དགོན་པར་གནས་པ། སོས་ཀ་ཚ་བའི་དུས་སུ་ཁ་ནས་ཛྷིཏ་ཅེས་བྱ་བའི་སྒྲ་སྒྲོགས་པའོ། །སྲིན་བུ་མེ་ཁྱེར་ལ། ཁ་དྱོ་ཏ། མཁའ་སྣང་དང་། ཛྱོ་ཏི་སྐར་འོད་དང་། ཨིངྒ་ཎ། ནམ་མཁའི་འོད་རྣམས་སོ། །བུང་བའི་མིང་ལ་ཚིགས་སུ་བཅད་པ་གཅིག་སྟེ། མ་དྷུ་བྲ་ཏ། སྦྲང་རྩིའི་
བརྟུལ་ཞུགས་དང་། མ་དྷུ་ཀ་ར་སྦྲང་རྩི་བྱེད་དང་། མ་དྷུ་ལི་ཌ། སྦྲང་རྩི་མྱང་དང་། མ་དྷུ་པཱ་ལི་ཏ། སྦྲང་རྩི་སྐྱོང་དང་། དྭི་རེ་ཕ། ར་ཡིག་གཉིས་པ་སྟེ། འདིའི་མིང་སྦྲང་མ་ལ་ར་ཡིག་གཉིས་ཡོད་པས་སོ། །པུཥྤ་ལིཌ། མེ་ཏོག་མྱང་དང་། དྷྲྀ་ངྒ། བུང་བ་དང་། ཥཊྤ་ད། རྐང་པ་དྲུག་པ་དང་། བྷྲ་མ་ར། འཁོར་
འགྲོ་དང་། ཨ་ལི། སྦྲང་བུ་རྣམས་སོ། །དེ་ནས་རྨ་བྱའི་མིང་ལ་ཚིགས་སུ་བཅད་པ་གཅིག་སྟེ། མ་ཡཱུ་ར། ས་འགྲོ་དང་། བརྷི་ཎ། མདོངས་ཅན་དང་། བརྷི། མདོངས་ལྡན་དང་། ནཱི་ལ་ཀཎྛ། མགྲིན་སྔོན་དང་། བྷུ་ཛངྒ་བྷུ་ཀ་ལག་འགྲོ་ཟ་དང་། ཤི་ཁཱ་བ་ལ། གཙུག་ཕུད་ཅན་དང་། ཤི་ཁི། རྩེ་མོ་ཅན་དང་། ཀེ་ཀཱི་
ཀེ་ཀེའི་སྒྲ་ཅན་དང་། མེ་གྷ་ནཱ་དཱ་ནུ་ལ་སི། འབྲུག་སྒྲའི་རྗེས་སུ་སྒེག་པ་རྣམས་སོ། །རྨ་བྱའི་སྒྲ་སྐད་ལ་ཀེ་ཀཱི་ཞེས་བྱ་ཞིང་། མཇུག་མ་ལ་གནས་པ་མིག་གི་དབྱིབས་ལྟ་བུའི་ཟླ་ཁམ་ནི། མེ་ཙ་ཀ་ཏེ། མདོངས་ཞེས་བྱ་བ་ལ། མེ་ཙ་ཀ་ནག་པོ་ལ་ཡང་སྔར་བཤད་དོ། །དེ་ནས་ཚིགས་སུ་བཅད་པ་བྱེད་
เล่ม ๑๙๗ · หน้า 311a
དང་གསུམ་གྱིས་བྱ་སྤྱིའི་མིང་ལ་ཁ་ག། མཁའ་འགྲོའོ། །བི་ཧངྒ། བི་ཧ་ག། བི་ཧངྒ་མ། བི་ཧཱ་ཡ་ས། རྣམས་མཁའ་འགྲོ་འམ། མཁའ་རྒྱུའམ་མཁའ་སྤྱོད་སོགས་སོ། །ཤ་ཀུནྟི་བྱའོ། །པཀྵི་འདབ་ཆགས་སོ། །ཤ་ཀུ་ནི། ཤ་ཀུནྟ། ཤ་ཀུ་ནཱ། རྣམས་ཀྱང་བྱའམ་ནུས་ལྡན་ནོ། །
དྭི་ཛ། གཉིས་སྐྱེས་སོ། །པ་ཏྲ་ཏྲི། འདབ་ལྡན་ནོ། །པ་ཏྲི། སྒྲོ་ཅན་ནོ། །པ་ཏ་ག། འཕུར་བྱེད་དོ། །ས་ཏ་ཏ། འཕུར་འགྲོའོ། །པ་ཏྲ་ཐ་ར། འདབ་མའི་ཤིང་རྟའོ། །ཨཎྜ་ཛ། སྒོང་སྐྱེས་སོ། །ན་གཽ་ཀ། ཤིང་གནས་ཏེ། ན་ག་འགྲོ་མེད་ཅེས་པ་ཤིང་གི་མིང་ངོ་། །བ་ཛི་ཀི་ར། སྲིན་བུ་ཟའོ། །བིཿབྱའོ། །བི་སྐི་ར་
འདབ་ཆགས་སོ། །ནཱི་ཌོདྒྷ་བ། ཚངས་སྐྱེས་སོ། །ག་ཏུནྨནྟ། གཤོག་ལྡན་ནོ། །པྶི་ཏནྟ། འཕུར་འདོད་དོ། །ན་བྷ་སངྒ་མ། མཁའ་ལ་སྤྱོད་དོ། །དེ་ནས་ཧ་རི་ཏ་ལ་སོགས་པ་བྱའི་ཁྱད་པར་གྱི་མིང་སྟེ། ཏིཏྟི་ལ་སོགས་པ་ནི་སྲེག་པའི་མིང་ངོ་། །ཛྲེ་བཾ་ཛཱི་བ་ལ་སོགས་པ་ཤང་ཤང་སྟེའུའི་མིང་སྟེ། ཛཱི་བ་ཉྫཱི་ནི་འཚོ་
བ་འཚོ་བྱེད་ཅེས་བྱ་སྟེ། དུག་གིས་འཆི་བ་འཚོ་བར་བྱེད་པས་སོ། །གརྨུད་ཅེས་པ་བྱ་སྤུ་ལ་སོགས་པ་བྱ་དང་འབྲེལ་བའི་མིང་རྣམས་སོ། །ས་མཱུ་ཧ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ཚོགས་པའི་མིང་སྟེ། ས་མཱུ་ཧ། ཚོགས་པ་དང་། ནི་བ་ཧ། འདུས་པ་དང་། བྻུ་ཧ། ཕུང་པོ་དང་། སནྡོ་ཧ། ཚོགས་
དང་། སཾ་གྷ་ཏ། འདུས་པ་དང་། སི་ཙ་ཡ་ལ་སོགས་པ་བསྡུས་པ་ལ་སོགས་པ་རྣམས་སོ། །སེང་གེ་ལ་སོགས་པའི་སྡེའོ།། །།དེ་ནས་མིའི་སྡེ་ལས་མི་སྤྱིའི་མིང་ལ། མ་ནུ་ཥྱ། མི་དང་། མ་ནུ་ཥ། ཡིད་སྐྱེས་དང་། མ་རྟྱ། ཤེས་ལྡན་དང་། མ་ནུ་ཛཱ། མ་ནུའི་བུ་དང་། མཱ་ན་བ། ཡིད་ལྡན་དང་། མི་དང་། པུ་མཱནྶ། སྐྱེས་པ་
དང་། པཉྩ་ཛ་ན། ལྔ་སྐྱེས་ཏེ། ས་ལ་སོགས་པའི་འབྱུང་བ་ལྔ་རྣམས་ལས་སྐྱེས་པས་སོ། །པུ་རུ་ཥ་དང་། པཱུ་རུ་ཥ། སྐྱེས་བུའོ། །ནྭྀ་མི་རྣམས་སོ། །བུད་མེད་ཀྱི་མིང་ལ། སྟྲཱི་བུད་མེད་དང་། ཡོ་ཥི་ཏ། བཙུན་མོ་དང་། ཨ་བ་ལཱ། སྟོབས་མེད་མ་དང་། ན་རཱི་མི་མོ་དང་། སཱི་མནྟི་ནཱི། མཚམས་ལྡན་མ་དང་། བ་དྷུ་འཆིང་བྱེད་མ་དང་
པྲ་ཏཱི་པ་ད་ཪྴི་ནེ། ཞེས་པ་ལ། པྲ་ཏཱི་པ་ནི་ཀ་ཊཱཀྵ་ཟུར་མིག་གི་དོན་ཏེ། ཟུར་ལྟ་མ་ཞེས་བྱའོ། །བཱ་མཱ། གཡོན་མ་དང་། བ་ནི་ཏཱ། གཡོན་བྱེད་དང་། མ་ཧེ་ལ། དགའ་སྟོན་ས་གཞི་སྟེ། མ་ཧཱ་དགའ་སྟོན་དང་། ཨི་ལ་ས་གཞིའོ་ཞེས་ཀསྤི་ཎ་མངོན་པར་འབྱུང་བ་ལས་བཤད་དོ། །ཁྱད་པར་དུ་ཞེས་པ་ནི་བུད་
เล่ม ๑๙๗ · หน้า 311b
མེད་ཁྱད་པར་ཅན་བརྗོད་པར་བྱ་བ་དེ་ལ། ཨངྒ་ནཱ་ཞེས་པ་ཤྲེཥྛཱ་ངྒཱི། ལུས་མཆོག་མ་ཞེས་བྱ་སྟེ། བུད་མེད་ཀྱི་མཚན་ཉིད་དང་ལྡན་པ་རབ་ཏུ་ཤིས་པའི་རྐང་པ་དང་ལག་པ་ལ་སོགས་པའི་ལུས་འདི་ལ་ཡོད་པ་སྟེ། ལུས་བཟང་མ་ཞེས་བྱའོ། །བྷཱི་རུ་འཇིགས་ཅན་མ་སྟེ། འཇིགས་པའི་རང་
བཞིན་མའོ། །ཀཱ་མ་ནི། འདོད་ལྡན་པའོ། །བཱ་མ་ལོ་ཙ་ནཱ། གཡོན་མིག་མ་སྟེ། མིག་མཛེས་མའོ། །པྲ་མ་དཱ། རབ་མྱོས་མ་སྟེ། མཆོག་ཏུ་རྒྱགས་པའི་གཟུགས་དང་སྐལ་བ་བཟང་པོ་དག་གིས་བསྐྱེད་པའི་རྣམ་འགྱུར་ཅན་མའོ། །བྷཱ་བི་ནཱི། སྒེག་ལྡན་མ་སྟེ། བྷ་བ་ནི་སྒེག་པའི་སྤྱོད་པ་
ཡིན་ལ་དེ་དང་ལྡན་པས་སོ། །ཀཱནྟཱ། །ལུས་མཛེས་མའོ། །ལ་ལ་ནཱ། གཞོན་ལུས་མ་སྟེ། ཤིན་ཏུ་གཞོན་པའི་ལུས་ཅན་མའོ། །ནི་ཏམྦི་ནཱི། སྨད་རྒྱས་མའོ། །སུནྡ་ནི། མཛེས་མ་སྟེ། གཟུགས་མཛེས་པ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །ར་མ་ཎཱི་དང་། རཱ་མཱ། དགའ་བྱེད་མའོ། །
དེ་ནས་ཀོ་པཱ་ནཱ་ཁྲོ་བྱེད་མ་སྟེ། དེ་ལྟ་བུ་ལ་སོགས་པ་བུད་མེད་དང་འབྲེལ་པའི་མིང་ཇི་སྙེད་པ་རྟོགས་པར་བྱའོ། །རཱ་ཛ་སྭ་ལཱ་ལ་སོགས་པ་བརྒྱད་ནི། རྒུལ་ལྡན་མ་སྟེ་བུད་མེད་ཟླ་མཚན་ཅན་མའི་མིང་ངོ་། །བུད་མེད་སྦྲུམ་མ་ལ་མིང་བཞི་སྟེ། ཨཱ་པནྣ་ས་ཏྭ། སེམས་ཅན་ཞུགས་མ་དང་།
གུརྦི་ཎཱི་ལུས་ལྕིམ་དང་། ཨནྟ་རྦཏྟྭཾ། ནང་ལྡན་མ་དང་། གརྒྷི་ཎཱི། སྙིང་པོ་ལྡན་མའོ། །བུ་ལ་མིང་ལྔ་སྟེ། ཨཱཏྨ་ཛ། བདག་སྐྱེས་དང་། ཏ་ན་ཡ། ལུས་འཕེལ་དང་། སཱུ་ནཱུ་སུ་ཏ། པུ་ཏྲ་རྣམས་ཀྱང་བུ་སྟེ་དེ་རྣམས་སོ། །ཕ་ལ་མིང་གསུམ་སྟེ། ཏཱ་ཏ། ཡབ་བམ་ཕ་འམ་སྐྱོང་
བྱེད་དོ། །ཛ་ན་ཀ་སྐྱེད་བྱེད་དོ། །པི་ཏྲ། ཕ་སྟེ་སྲུང་བྱེད་དོ། །མ་ལ་མིང་བཞི་སྟེ། ཛ་ན་ཡ་ཏཱི། ཡུམ་མམ་སྐྱེད་བྱེད་མ་དང་། པྲ་སཱུ་རབ་སྐྱེད་མ་དང་། མཱ་ཏཱ། འཚོ་མ་དང་། ཛ་ན་ནཱི། སྐྱེད་བྱེད་མའོ། །སྲིང་མོ་ལ་གཉིས་ཏེ། བྷ་གི་ནཱི། སྲིང་མོ་འམ་ཆེ་ཞེ་དང་། སྭ་སཱ་སྲིང་
མོའོ། །ཚ་བོའི་མིང་ལ་གཉིས་ཏེ། ན་ཏྲི་དང་། པཽ་ཏྲཱི། བུའི་བུའོ། །ཉེ་དུ་སྤྱིའི་མིང་ལ་དྲུག་སྟེ། ས་གོ་ཏྲ། རུས་མཚུངས་པ་དང་། བཱ་ནྟ་པ། འབྲེལ་པ་དང་། ཛྙཱ་ཏི། མཛའ་བཤེས་དང་། །བནྡྷུ་རྩ་ལག་དང་། སྭ་གཉེན་དང་། སྭ་ཛ་ན། རང་རིགས་སམ་རང་གི་སྐྱེ་བོ་འམ་
เล่ม ๑๙๗ · หน้า 312a
གཉེན་གྱི་སྐྱེ་བོའོ། །བཟའ་མི་ལ་མིང་བཞི་སྟེ། དཾ་པ་ཏི། བཟའ་མི་དང་། ཛཾ་པ་ཀི། ཁྱོ་ཤུག་སྟེ། འདི་དག་གི་དམ་དང་། ཛཾ་ཞེས་པའི་སྐྲ་དག་ནི་མི་ཟད་པའི་ཚིག་ཆུང་མ་རྗོད་པར་བྱེད་པ་དག་གོ། །བྷཱཪྻཱ་པ་ཏཱི། ཁྱིམ་ཐབ་དང་། ཛཱ་ཡཱ་པ་ཏཱི། བཟའ་མི་དང་། བྱིས་པའི་མིང་
ལ་རྐང་པ་གཅིག་ཏེ། ཤི་ཤུ། བྱིས་པ་དང་། ཤཻ་ཤ་རཾ། བུ་ཚ་དང་། བ་ལྱཾ་ཕྲུ་གུའོ། །དར་མའི་མིང་ལ་རྐང་བ་གཅིག་སྟེ། ཏཱ་རུ་ཎྱ། དར་མ་དང་། ཡོ་བ་ནཾ། ཤེད་ལྡན་ནམ་ལང་ཚོ་ཅན་ནོ། །རྒན་པོའི་མིང་ལ་རྐང་པ་གཅིག་སྟེ། སྠ་བཱི་རཾ། གནས་བརྟན་དང་། བྲྀདྡྷ་ཏྭཾ། རྒན་པོ་དང་། ཛཱིརྞ་དང་
ཛ་རན། རྒས་པ་དང་འཁོག་པའོ། །ད་ཤ་མཱི། བཅུ་པ་དང་། ཛྱ་ཡཱ་ན། ཆེས་རྒན་པ་སྟེ། ལོ་དགུ་བཅུ་ལས་གོང་དུ་འཕགས་པ་ནི་བཅུ་པའི་གནས་སྐབས་དང་ཆེས་རྒན་པའོ། །དེ་ནས་སྨན་གྱི་སྤྱིའི་མིང་ལ་ལྔ་སྟེ། བྷེ་ཥ་ཛ། རྩི་དང་། ཨོ་ཥ་དྷ། སྨན་དང་། བྷཻ་ཥ་ཛྱ། རྩི་སྨན་དང་། ཨ་ག་ད། ནད་
མེད་དང་། ཛཱ་ཡུཿའཚོ་བྱེད་ཅེས་པ་རྣམས་སོ། །ནད་ཙམ་ལ་མིང་བདུན་ཏེ། རུག་དང་། རུ་ཛ། ནད་དང་། ཨུ་པ་ཏཱ་པ། ཉེ་བར་གདུང་བས་སྟེ། ནད་ཀྱིས་ལུས་དང་ཡིད་ཉེ་བར་གདུང་བས་སོ། །རོ་ག་དང་། བྱཱ་དྷི་དང་། ག་ད་དང་། ཨཱ་མ་ཡ་རྣམས་ཀྱང་ནད་དེ། ན་ཚ་དང་ཉམས་མི་བདེ་བ་ལ་སོགས་པའོ། །
དེ་ནས་གྲ་ཎ་དང་། ཨ་རུ་ནི་རྨའི་མིང་ངོ་། །སྨན་པའི་མིང་ལ་ཚིགས་སུ་བཅད་པ་ཕྱེད་དེ། །རོ་ག་ཧཱ་རི། ནད་འཇོམས་ཏེ་ནད་འཕྲོག་པར་བྱེད་པས་སོ། །ཨ་གད་མ་ཀཱ་ར། ནད་སེལ་ཏེ། ནད་མེད་པར་བྱེད་པས་སོ། །བྷི་ཥ་ག་སྨན་པའོ། །བཻ་དྱ་འཚོ་བྱེད་དེ། ཚེའི་རིག་བྱེད་རིག་པས་སོ། །ཙི་ཀིཏྶ་ཀ་གསོ་
དཔྱད་མཁན་རྣམས་སོ། །ཁུ་བ་ལ་མིང་དྲུག་སྟེ། ཤུ་ཀྲ་ཁུ་བ་དང་། ཏེ་ཛཿཟླ་བའམ་གཟི་བརྗིད། རེ་ཏ་སཱི། ཐིག་ལེ་དང་། བཱི་ཛ་ས་བོན་དང་། བཱིརྻ། ནུས་པ་དང་། ཨིནྡྲི་ཡ། དབང་པོ་རྣམས་སོ། །དེ་ནས་མ་ཡུ་དང་སིཏྟཾ་ནི་མཁྲིས་པའོ། །ཀ་ཕ་དང་། ཤླེཥྨ་ནི་བད་ཀན་ནོ། །དེ་ནས་ཏྭཀ་པགས་པ་སྟེ།
ཏྭ་ཙ་ཡང་དག་པར་སྒྲིབ་པ་ལའོ་ཞེས་པས་རུས་པའི་གཟེབ་དང་ཤ་དང་ཁྲག་སྒྲིབ་པར་བྱེད་པས་སོ། །ཨ་སྲྀགྔྷ་ར། བྲག་འཛིན་པགས་པའོ། །ཤ་ལ་མིང་དྲུག་སྟེ། པི་ཤ་ཏཾ། ཆ་ཤས་ཀྱི་དོན་གྱིས་ཤ་སྟེ། པ་ཤ་ཆ་ཤས་ལ། ཀྟ་རྐྱེན་ནོ། །ཏ་ར་སཾ། བསྒྲལ་བས་ཤ་སྟེ། ཏྲྀ་སྒྲོལ་བར་བྱེད་པ་ལ། དེ་བ་པ་བཞིན་
เล่ม ๑๙๗ · หน้า 312b
དུ། ཨས་ཙ་རྐྱེན་ནོ། །མནྶ། མཆོད་བྱེད་དོ། །མཱ་ན་མཆོད་པ་ལ། ཧ་སའི་སྒྲ་བཞིན་དུ་སའི་རྐྱེན་ནོ། །པཱ་ལ་ལ་སྐྱོང་བྱེད་དེ་ཤའོ། །གྲ་བྱ་དང་། ཨཱ་མིཥ་ཤའོ། །ཚིགས་བཅད་ཕྱེད་ཀྱིས་ཁྲག་གི་མིང་སྟེ། རུ་དྷིར། ཁྱབ་གནས་ཏེ་ཁྲག་གོ །ཨ་སྲྀག་ཨ་ཏི་སྲྀ་ཛ་ཏི་ལྷག་པར་འདོར་བྱེད་ལ་པྲྀ་ཥོ་ད་ར་ལ་
སོགས་པས་ཨ་སྲྀག་ཏུ་བསྒྱུར་བ་སྟེ། མཚོན་མ་བཏབ་ན་མི་ལྟུང་ལ། བཏབ་ན་ལྷག་པར་འདོར་བས་སོ། །ལོ་ཧི་ཏ་དང་རཀྟ་ནི་དམར་བས་ཁྲག་གོ །ཀྵ་ཏ་ཛ། རྨ་སྐྱེས་ཏེ་ཁྲག་གོ། །ཤོ་ཎི་ཏཾ། རྒྱུད་ལྡན་ནམ་དམར་པོའོ། །སྙིང་ལ་བཞི་སྟེ། པུཀྐ་སྙིང་དང་། ཨ་གྲ་མཱནྶ། ཤ་མཆོག་དང་།
ཧྲྀ་ད་ཡ། སྙིང་པོ་དང་། ཧྲད་ཅེས་པ་ཡང་སྙིང་སྟེ། ལུས་ཀྱི་ནང་ན་གནས་པས་ཤའི་ཁྱད་པར་པདྨའི་རྣམ་པ་ལྟ་བུ་ཁ་འོག་ཏུ་ཕྱོགས་པ་སྟེ། དེ་ལྟར་ཡང་། པདྨའི་ཟེའུ་འབྲུ་དང་འདྲ་བ། །བུ་ག་ལྡན་པ་འོག་ཏུ་ཕྱོགས། །དེ་ནི་སྙིང་ཞེས་བྱ་བ་སྟེ། ཀུན་གྱི་སྐྱེ་མཆེད་ཆེན་པོའོ། །ཞེས་པ་པདྨ་དཀར་
པོའི་ཕྲེང་བ་ཞེས་བྱ་བ་ལས་སོ། །ལུས་ཀྱི་རྩ་ལ་མིང་གསུམ་སྟེ། ནཱ་ཌི་དང་། དྷ་མ་ནི་དང་། ཤི་རཱ་རྣམས་ཏེ། བུ་ག་དང་ལྡན་ཞིང་རླུང་འབབ་པ་དང་། སྲད་བུ་བཞིན་རུས་པ་འཆིང་བར་བྱེད་པ་དང་། ཀློ་མ་དང་། མ་སྟི་ཥྐཾ། ཀླད་རྒྱས་སམ་ཀླད་པ་སྟེ། མགོ་བོ་ལས་བྱུང་བ་མར་གྱི་གོང་དུ་ལྟ་བུ་གྷི་བྷི་
ཞེས་གྲགས་པའོ། །ནང་ན་གནས་པའི་ཟས་ལས་བྱུང་བའི་དྲི་མ་འབབ་པ་ནི་སྣབས་ལ་སོགས་པ་རྣམ་པ་བཅུ་གཉིས་ཏེ། དེ་ལྟར་ཡང་། ཞག་དང་ཁུ་བ་རྐང་དང་ཁྲག །རྣ་སྤབས་བཤང་གཅི་སྣབས་མཚན་མ། །བད་ཀན་དང་ནི་མཆིམ་རྡུལ། །མི་ཡི་དྲི་མ་བཅུ་གཉིས་སོ། །ཞེས་སོ། །
གསུམ་གྱིས་མཆིལ་མའི་མིང་སྟེ། སྲྀ་ཎི་ཀ་ཁ་ཆུ་ངང་། སྱནྡི་ནཱི་དང་། ལཱ་ལཱ། མཆིལ་མའོ། །གཉིས་ཀྱིས་དྲི་ཆུའི་མིང་སྟེ། མཱུ་ཏྲ། དྲི་ཆུའམ་གཅིན་དང་། པྲ་སྲ་བ། གཅི་བའམ་རྒྱུན་འབབ་པོ། །ཨཱུ་ཙྩཱ་ར་ལ་སོགས་པ་བཤང་བའི་མིང་སྟེ། ཨཱུ་ཙྩཱ་ར་དོར་བྱའོ། །ཨ་བསྐ་ར། ཁྱབ་ལྡན་
ནོ། །ཤམ་ལ། འདྲེས་མའོ། །ཤ་ཀྲྀཏ། འགྲོ་བྱེད་དོ། །པུ་རི་ཥཾ། བཤང་བའོ། །གུ་ཐ། ཕྱི་སའོ། །བརྩ་སྐཾ། དྲི་མའོ། །བིཥྛཱ་དང་། བི་ཌ་དྲི་ཆེན་ནོ། །དེ་ནས་ཐོད་པའི་མིང་ལ། ཀ་རོ་ཊི་དང་། ཀརྦ་ཊ་དང་། ཀ་པཱ་ལ་རྣམས་སོ། །རུས་པ་ཙམ་ལ་མིང་གསུམ་སྟེ། ཀཱི་ཀ་སཾ་དང་། ཀུ་ལྱཾ། གདུང་ངམ་རུས་དང་། ཨསྠི།
เล่ม ๑๙๗ · หน้า 313a
རུས་པའོ། །ཀ་ལེ་བ་ར་ལ་སོགས་པ་བཅུ་གཉིས་ནི་ལུས་སྤྱིའི་མིང་ངོ་། །དེ་ལ་ཀ་ལེ་བར་འམ་ཀ་རེ་བ་ར་ནི་ཁོག་པ་འམ་ལུས་སོ། །གཱ་ཏྲཾ་གོང་བུའམ་ལུས་དང་། བ་སུ་འདུས་པ་དང་། སཾ་ཧ་ན་ནཾ། ཚོགས་པ་དང་། ཤ་རཱི་རཾ། ཐོས་བྱེད་དང་། བརྵྻ། གཟུགས་པོ་དང་། བི་གྲ་ཧ། རྣམ་
འཛིན་དང་། ཀཱ་ཡ་ལུས་དང་། དེ་ཧ། ཁྱབ་པ་དང་། མཱ་རྟི། ལུས་དང་། ཏ་ནུ་དང་། ཏ་ནཱུ་ཡང་ལུས་ཏེ། སྔ་མ་ནི་ཏ་ནུ་རྒྱས་པ་ལ། མེ་རུའི་སྒྲ་བཞིན། ཨུ་རྐྱེན་དང་། ཕྱི་མ་ནི། ཙ་མི་ཏ་ནི་བ་དྷི་རྣམས་ལས་ཨུའོ་ཞེས་པས་ཨུ་རྐྱེན་དུ་བྱས་པའོ། །རྐང་པ་ལ་མིང་བཞི་སྟེ། པཱ་ད། པ་ད། འགྲོ་བར་བྱེད་
པས་རྐང་པ་དང་། ཙ་ར་ཎ། རྒྱུ་བྱེད་དང་། ཨཾ་གྷྲི་འགྲོ་བྱེད་དེ། ཨ་ཧི་འགྲོ་བ་ལ། མང་པོ་ལས་སོ་ཞེས་པས་ཀྲིན་འོ། །འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པར། ཨཾ་ཧྲི་ཞེས་ཧ་ཡིག་གི་རྗེས་ཁྲིད་ཡོད་དེ། ཀླེ་ཤ་བྷུ་ཧཱ་ཧི་ཏེ་ཧཱ་ཧུ་ཏི་བི་ཧི་ཏ་བྲྀ་ཧ་ཏྲོ་ཧི་དུ་ཥྱ་གྣི་དཱ་ཧཱ་བཱ་ཧཱི་ནཱི་སྟཱ་རྦ་ཧུ་བི་ཧི་ཏ་ཧི་ཏཱ་པདྨ་ཧ་སྟཱཾ་
ཧྲི་བྷ་བཿ ཞེས་འབྱུང་ངོ་། །བུད་མེད་ཀྱི་རྟགས་ལ་མིང་གསུམ་སྟེ། ཨུ་པ་སྠ། ཉེར་གནས་དང་། བྷ་ག་ཆ་བའམ་སྐལ་བ་དང་། ཡོ་ནི་སྐྱེ་གནས་སོ། །སྐྱེས་བུའི་རྟགས་ལ་མིང་བཞི་སྟེ། ཤ་ཤྨ་ཕོ་རྟགས་དང་། མེ་ཏྲ་མཇུག་དོ་དང་། མ་ཧེ་ན་ཆུ་འདར་ཏེ། གཅི་བ་དང་ཁུ་བ་རྣམ་པར་འདོར་
བས་སོ་ཞེས་སོ། །ཤེ་ཕ་སི། ཉལ་གནས་ཏེ། ཤིང་ཉལ་བ་ལ། ཨ་སུན་རྐྱེན་དང་། ཕུཊ་ཨཱ་ག་མའོ། །གསུམ་ནི་འབྲས་བུའི་སྒོ་ངའི་མིང་སྟེ། མུཥྐོ་ཉཎྜ། འབྲས་བུའི་སྒོ་ང་དང་། ཀོ་ཥ་མཛོད་ཅན་དང་། བྲྀ་ཥ་ཎ། སྤུབས་ཅན་ནོ། །ལྟོ་བ་ལ་མིང་ལྔ་སྟེ། པི་ཙི་ཎྜཾ། གསུས་པ་དང་།
ཀུ་ཀྵེ་དཀུ་དང་། ཛ་ཋ་ར་དང་། ཨུ་ད་ར། ལྟོ་བ་དང་། རུནྡ་རཱུ་ཎ་གང་བ་ལའོ། །ཨདྷ་ལ་སོགས་པ་བཞིན་དུ་དན་རྐྱེན་དང་། ཐུང་དུ་ལ་སོགས་པའོ། །དེ་ནས་སྟ་ན་དང་། ཀུ་ཙ་ནུ་མའི་མིང་ངོ་། །ཕྲག་པ་ལ་མིང་གསུམ་སྟེ། སྐནྡྷ་ཕྲག་པ་སྟེ། ཀཾ་མ་སྟེ་ཀཾ་ད་དྷཱ་ཏི་སྐནྡྷ། ཞེས་པས། ཀཾ་
མགོ་བོ་ཡིན་པ་འཛིན་པར་བྱེད་པས་ཕྲག་པ་སྟེ། པཱ་ར་སྐ་ར་ལ་སོགས་པས་སུ་ཊ་ཨཱ་ག་མ་སྦྱར་བའོ། །བྷུ་ཛ་ཤི་རཿདཔུང་པའི་མགོའོ། །ཨཾ་ས་ཕྲག་པའོ། །དེ་ནས་ལག་པའི་མིང་ལ། བྷུ་ཛ། ལག་པ་སྟེ་སྐྱོད་པར་བྱེད་པས་སོ། །བཱ་ཧུ་འབར་བར་བྱེད་པས་ལག་པའོ། །པྲ་བིཥྚ། འཇུག་
เล่ม ๑๙๗ · หน้า 313b
པར་བྱེད་པས་ལག་པའོ། །དོཿཞི་བར་བྱེད་པས་ལག་པ་སྟེ། དམུ་ཉེ་བར་ཞི་བ་ལ་སོགས་རྐྱེན་ནོ། །པཉྩ་ཤ་ཁ། ཡལ་ག་ལྔ་པ་སྟེ་ཤིང་ཡལ་ག་ལྔ་པ་དང་འདྲ་བས་སོ། །ཤ་ཡ་ལག་པ་སྟེ་ཉལ་བྱེད་དོ། །པཱ་ཎི་ལག་པ་སྟེ་ཐ་སྙད་སྟོན་པར་བྱེད་པས་སོ། །དེ་ནས་ཀུརྤ་ར་ཞེས་པ་གྲུ་མོ་ཡིན་ལ།
དེའི་གོང་དུ་གནས་པ་པྲ་གཎྜ། བར་ལྷུའོ། །གྲུ་མོ་ལས་འོག་ཏུ། པྲ་ཀོཥྛ་ལག་ངར་རོ། །དེ་དང་ལག་མགོའི་བར། མ་ཎི་བནྡྷ། ནོར་བུ་འཆིང་བ་ཞེས་བྱ་སྟེ་མཁྲིག་མའོ། །དེ་ནས་མཐེའུ་ཆུང་གི་བར་ལ། ཀ་ར་བྷ་ཞེས་བྱའོ། །མཛུབ་མོའི་མིང་ལ། ཏརྫ་ནཱི། སྡིགས་མཛུབ་དང་། པྲ་དེ་ཤི་ནཱི།
རབ་ཏུ་སྟོན་བྱེད་ཅེས་བྱའོ། །སོར་མོ་ལ། ཨངྒུ་ལཱི་དང་། ཨངྒུ་རཱི། སོ་ར་མོ་དང་། ཀ་ར་ཤ་ཁ། ལག་པའི་ཡལ་ག་ཞེས་བྱའོ། །མཐེ་བོང་ལ་སོགས་ལ་སོ་སོའི་མིང་ལ། ཨངྒུ་ཥྛ། མཐེ་བོང་སྟེ། ཨངྒ་ཏིཥྛ་ཏི། ཞེས་པ་ལུས་ལ་གནས་པས་མཐེ་བོང་ངོ་། །མཛུབ་མོ་ལ་པྲ་དེ་ཤི་ནཱི། སྔར་བཤད་
པ་སྟེ། འཕྲལ་གྱི་ཐ་སྙད་རབ་ཏུ་སྟོན་ཅིང་གོ་བར་བྱེད་པས་སོ། །མ་དྷྱ་མ། གུང་མོ་ཐམས་ཅད་ཀྱི་དབུས་སུ་སྐྱེས་པས་སོ། །ཨ་ནཱ་མི་ཀཱ་མིང་མེད་དེ་འདི་ལ་མིང་མེད་པས་སོ། །ཀན་ཥྛ། མཐེའུ་ཆུང་སྟེ། ཐམས་ཅད་ཀྱི་ཐ་མར་གྱུར་པས་སོ། །དེ་ནས་སེན་མོའི་མིང་ལ། པུ་ནརྦྷ་བ། སླར་སྐྱེ་བ་
དང་། ཀ་ར་དུ་ཧ། ལག་སྐྱེས་དང་། ན་ཁ་དང་། ན་ཁ་ར། སེན་མོ་ཞེས་པ་རྣམས་སོ། །དེ་ནས་ཚད་ཀྱི་མིང་ལ། མཛུབ་མོ་དང་བཅས་པའི་མཐེ་བོང་བརྐྱང་བ་ནི། པྲ་དེ་ཤ་རབ་ཏུ་སྟོན་བྱེད་ཅེས་བྱ་ཞིང་། དེ་བཞིན་དུ་གུང་མོ་དང་ལྡན་པའི་མཐེ་བོང་བརྐྱང་བ་ནི། ཏཱ་ལཱ་སྟེ། མཐོ་གང་ཞེས་བྱ་
ལ། མིང་མེད་དང་ཡང་དག་པར་ལྡན་པའི་མཐེ་བོང་བརྐྱང་བ་ནི་ཀརྞ། བ་ལང་རྣ་བ་ཞེས་བྱ་བ་དང་། མཐེའུ་ཆུང་དང་ལྡན་པའི་མཐེ་བོང་བརྐྱང་བ་ནི། བི་སྟ་སྟེ་ཞེས་བྱ་བའི་མཐོའོ། །དེ་ནས་མགྲིན་པའི་མིང་ལ། ཀཎྛ་མགྲིན་པ་དང་། གལ་སྐེ་དང་། གྲའི་བ་མགྲིན་པ་དང་། ཤི་རོ་དྷི་དང་།
ཀནྡྐ་ར་མགོ་འཛིན་དང་། ཀམཱུ་གྲའི་བ། དུང་འདྲའི་མགྲིན་པ་དང་། ཏྲི་རེ་ཁཱ། རི་མོ་གསུམ་པ་སྟེ། འདི་གཉིས་སྐྱེས་བུ་ཆེན་པོའི་མིང་སྟེ། །དེ་ནས་ཁའི་བུ་ག་ལ་མིང་བདུན་ཏེ། བཀྟྲ་སྨྲ་བྱེད་དང་། ཨ་སྱ་ཁ་དང་། བད་ན། སྨྲ་བྱེད་དང་། རུཎྜ་དང་། ཨཱ་ན་ན། ཁ་འམ་ཞལ་དང་། ལ་པ་ནཾ། རྗོད་བྱེད་
เล่ม ๑๙๗ · หน้า 314a
དང་། མུ་ཁ། སྒོ་འམ་ཁ་རྣམས་སོ། །སྣའི་མིང་ལ། གྷྲཱ་ཎ་སྣོམ་བྱེད་དང་། གནྡྷ་བ་ཧ། དྲི་ལེན་དང་། གྷོ་ཎཱ། ནཱ་སཱ་དང་། ནཱ་སི་ཀ སྣ་འམ་ཤངས་སོ། །མཆུའི་མིང་ལ། ཨོཥྛ་དང་། ཨ་དྷ་ར་ཡ་མཆུ་མ་མཆུ་དང་། ར་ད་ནཱ་ཙྪ་ད་སོ་སྒྲིབ་དང་། ད་ཤ་ན་བཱ་ས་སཱི།
སོའི་གོས་ཏེ་དེ་དག་དང་ཆོས་མཚུངས་པས་སོ། །དེ་ནས་གྷཎྜ་དང་། ཀ་པོ་ལ་ནི་མཁུར་ཚོས་སོ། །དེ་ནས་སོའི་མིང་ལ། ར་ད་ནཱ་ལྡད་བྱེད་དང་། ད་ཤ་ནཱ། གཅོད་བྱེད་དང་། དནྟ་སྙེམས་བྱེད་དང་། ར་དཱ་སོ་རྣམས་སོ། །དེ་ནས་ཏཱ་ལུ་དང་། ཀཱ་ཀུ་དམ་རྐན་གྱི་མིང་ངོ་། །དེ་ནས་ལྕེའི་མིང་ལ།
ར་ས་ཛྙཱ། རོ་ཤེས་དང་། ར་ས་ནཱ། རོ་མྱང་དང་། ཛི་ཧྭ། ལྕེ་རྣམས་སོ། །དཔྲལ་བའི་མིང་ལ། ལ་ལཱ་ཊ། དཔྲལ་བ་དང་། ཨ་ལི་ཀ་རྒྱན་གནས་དང་། གོ་དྷི་མིག་འཛིན་ཏེ། གོརྣེ་ཏྲ་དྷཱི་ཡ་ཏི། ཞེས་པ། གོ་མིག་ཡིན་ཏེ་འཛིན་པར་བྱེད་དོ་ཞེས་སོ། །མིག་ལ་མིང་བརྒྱད་དེ། ལོ་ཙ་ནཾ། ལྟ་བྱེད་
དང་། ན་ཡ་ནཾ་འདྲེན་བྱེད་དང་། ནེཏྲཾ་མིག་དང་། ཨཀྵི་ཎཾ། མཐོང་བྱེད་དང་། ཙཀྵུཿགསལ་བྱེད་དང་། ཨཀྵིཎཱི། ཁྱབ་བྱེད་དང་། བྲྀ་ཀ་དང་། དྲྀཥྚི་དང་། སྣང་བྱེད་དང་ལྟ་བྱེད་དོ། །མགོ་བོ་ལ་མིང་ལྔ་སྟེ། ཨུཏྟ་མངྒཱ། ཡན་ལག་མཆོག་དང་། ཤི་རཿམགོ་བོ་དང་། ཤཱིཪྵ་མགོ་བོ་དང་། མཱུརྡྷ་
ན་སྤྱི་བོ་དང་། མསྟ་ཀ་ཀླད་པ་ཅན་ནོ། །སྐྲ་ལ་མིང་དྲུག་སྟེ། ཙི་ཀུ་རུ་བསགས་ནས་གཅོད་པས་སྐྲ་སྟེ། ཙི་སོགས་པ་ལའོ། །ཀུར་གཅོད་པ་ལའོ། །དེ་དག་ལ་པྲི་ཥོ་ད་ར་ལ་སོགས་པས་རྐྱེན་ཕྱིས་ཏེ། ཙི་ཀུ་རའོ། །ཀུནྟ་ལ། འཁྲིལ་བའོ། །བཱ་ལ་ཕྲ་བས་ན་སྐྲ་སྟེ། ཀ་ཙ་འཆིང་བར་བྱེད་པས་སྐྲ་སྟེ། ཀ་ཙ་འཆིང་བ་ལ། ཨཙ་
རྐྱེན་ནོ། །ཀེ་ཤ་ཞེས་ཀེ་མསྟ་ཀེ་ཤེ་ཏེ། ཏིཥྛ་ཏི། ཞེས་འབྱུང་སྟེ། ཀེ་ཞེས་པས་མགོ་བོ་ལ་ཞེས་པ་དང་། ཤ་ནི་ཤེ་ཏེ། ཉལ་བའི་ཆ་ཤས་ཀྱི་ཡི་གེ་སྟེ། མགོ་བོར་ཉལ་ཏེ་གནས་པ་དང་འདྲ་བས་མགོ་ཉལ་ཏེ་སྐྲའོ། །ཤི་རོ་རུ་ཧ། མགོ་སྐྱེས་སོ། །བ་སྤུ་ལ་མིང་གསུམ་སྟེ། ཏ་ནཱུ་རུ་ཧ། ལུས་སྐྱེས་སོ། །རོ་མ། བ་
སྤུ་སྟེ། རུ་ཧ་རབ་ཏུ་སྐྱེ་བ་ལ། བྱོ་མ་ལ་སོགས་པ་རྣམས་སོ་ཞེས་པས་མ་ནིང་རྐྱེན་དང་། མཐའ་དབྱི་བ་བྱས་པས། རོ་མ་ཞེས་གྲུབ་པ། དེ་ཉིད་ཀ་པི་རི་ག་ལ་སོགས་པ་རྣམས་སོ་ཞེས་པས་ལ་རུ་བསྒྱུར་བས་ལོ་མ། སྤུ་འམ་བ་སྤུའོ། །དེ་ནས་རྒྱན་གྱི་མིང་ལ། ཨ་ལཾ་ཀཱ་ར། ཨ་ལཾ་ཀྲི་ཡཱ། ཨཱ་བྷ་ར་ཎ། པ་རིཥྐཱ་ར་
เล่ม ๑๙๗ · หน้า 314b
བྷཱུ་ཥཎ། མཎྜ་ནཾ་རྣམས་རྒྱན་སྤྱིའི་མིང་ངོ་། །མུ་ཀུ་ཊ་དང་། ཀ་རི་ཊཾ་ཅོད་པན་དང་། ཙཱུ་ཌ་མ་ཎི། གཙུག་གི་ནོར་བུ་དང་། ཤི་རོ་མ་ཎི། སྤྱི་བོའི་ནོར་བུ་སྟེ་མགོ་རྒྱན་གྱི་མིང་ངོ་། །རྣ་རྒྱན་གྱི་མིང་ལ། ཀརྞི་ཀ་ཟེའུ་འབྲུ་ཅན་དང་། ཏཱ་ལ་པཏྟྲ། ཏ་ལའི་འདབ་དང་། ཀུཎྜ་ལ། འཁྱེལ་པ་ཅན་དང་། ཀརྞ་བེཥྚེ་ཀཾ་རྣ་
བ་དཀྲིས་པ་སྟེ་དེ་རྣམས་སོ། །དེ་ནས་གྲཻ་བེ་ཡ་ཀ་དང་། ཀནྛ་བྷཱུ་ཥ་མགྲིན་རྒྱན་ནོ། །ལག་གདུབ་ལ། ཀ་ཊ་ཀ་དང་བ་ལ་ཡའོ། །སྐེ་རགས་ལ། མེ་ཁ་ལཱ་འོག་པག་གམ་སྐེ་རགས་རྒྱན་ཅན་དང་། ར་ས་ནཱ་རོ་ལྡན་ཞེས་པ་གཉིས་སོ། །རྐང་གདུབ་ལ་མཉྫི་ར་དང་། ནཱུ་པུ་ར་དང་ཧཾ་ས་ཀ་ངང་པ་ཅན་
ཞེས་པ་ལ་སོགས་པའོ། །དེ་ནས་པགས་པ་ལ་སོགས་པ་རྣམ་པ་བཞི་ནི་གོས་ཀྱི་བྱེ་བྲག་སྟེ། གོས་ཀྱི་རྒྱུ་ཡིན་པས་སོ། །དེ་ལ་ཏྭ་ཀ་པགས་པ་སྟེ། ཤིང་ཤུན་དང་ཟར་མའི་རས་ལ་སོགས་པའོ། །པ་ལ་འབྲས་བུ་སྟེ། རས་བལ་ཤིང་གི་འབྲས་བུ་ལས་བྱུང་བའོ། །ཀྲྀ་མི་སྲིན་བུ་སྟེ། ད་ར་ལ་སོགས་
པ་སྲིན་བུའི་སྦུབས་ལས་སྐྱེས་པས་སོ། །རོ་མ་སྤུ་སྟེ་རི་དགས་ཨངྐུ་ཞེས་བྱ་བ་དང་། ལུག་ལ་སོགས་པའི་སྤུ་ལས་སྐྱེས་པའོ། །ན་བ་ཨམྦར་ལ་སོགས་པ་ནི། གོས་སར་ཞེས་པ་ལ་སོགས་པ་གོས་ཀྱི་ཁྱད་པར་རོ། །གོས་ཙམ་གྱི་མིང་ལ་བརྒྱད་དེ། ནཀྟ་ཀ། གཅེར་སྒྲིབ་དང་། ཀནྤ་ཊ་རས་
གོས་དང་། བསྟྲ་གོས་དང་། ཨཱཙྪ་ད་ནཾ། །གཡོགས་མའམ་དགབ་བྱ་དང་། བཱ་ས་བགོ་བ་དང་། ཙེམ་ལ་གོས་དང་། བཱ་ས་ནཾ་གཅེར་སྐྱོབ་དང་། ཨཾ་ཤུ་ཀཾ་བགོ་རྒྱུའོ། །མཆུ་དང་ཞེང་གི་མིང་ལ་དཻརྒྷྱ། རིང་བའམ་སྲིད་དུའོ། །ཨཱ་ཡཱ་མ་དང་ཨཱ་རོ་ཧ་རིང་བའོ། །པ་རི་ཎཱ་ཧ་དང་བི་ཤཱ་ལ་ཞིང་ཆེ་བ་འམ་
ཡངས་པའམ་རྒྱ་ཆེ་བའོ། །པུ་ཙེ་ལ་གོས་བཟང་དང་པ་ཊ་དར་གོས་ཏེ་གཉིས་ནི་གོས་བཟང་པོའི་མིང་ངོ་། །བ་རཱ་ཤི་གོས་ཀྱི་ཕུང་པོ་དང་སྠཱུ་ལ་ཤཊ་གོས་མཐུག་པོ་སྟེ་གཉིས་ནི་གོས་བརྩེགས་པའམ་སྤོམ་པོའི་མིང་ངོ་། །དེ་ནས་ནི་ཙོལ་དང་པྲཙྪ་ད་པཊ་སྨད་གོས་སམ་དོར་མའོ། །རལླ་ཀ་དང་ཀམྦ་ལ་ལ་བའམ་སྣམ་
བུའོ། །པ་རི་དྷཱ་ན་དང་ཨ་དྷོ་ཨཾ་ཨཾ་ཤུ་ཀ་ནི། ཤམ་ཐབས་སམ་མཐང་གོས་སོ། །པྲ་བཱ་ར་དང་ཨུ་ཏྟ་ར་སཾ་ག་ནི་སྟོད་གོས་སམ་བླ་གོས་སོ། །དེ་ནས་བི་ཏཱ་ནཾ་བླ་རེ་དང་། ཨུལློར་སྟེང་གཡོགས་དང་། དཱུ་ཥྱ་གུར་དང་། བཏྟྲ་བིཥཾ་སྦྲ་སྟེ། གོས་ཀྱི་ཁྱིམ་ཞེས་པའོ། །དེ་ནས་པྲ་ཏི་སི་ར་དང་ཛ་བ་ནི་ཀའམ་ཡ་བ་ནི་ཀཱ་ཡོལ་བ་དང་།
เล่ม ๑๙๗ · หน้า 315a
ཏི་རཥྐ་ར་བྷཱ་མི་སྣང་བྱེད་དོ་ཡོལ་བའི་མིང་ངོ་། །དེ་ནས་པ་རི་ཀརྨ་ཡོངས་བཅོས་དང་། ཨཾ་ག་སཾ་སྐ་ར་ལུས་ཀྱི་བཅས་ལེགས་ཏེ་ཁྲུས་ལ་སོགས་པ་སྤྱིའི་མིང་ངོ་། །དེ་ལ་མཱཪྵི། འདག་འཆལ་དང་། མཱརྫ་ནཱི་ཁྲུས་རྩི་དང་། མྲྀ་ཛ་དག་བྱེད་དོ། །ཨུདྡྷཏྟ་ན་དང་། ཨུཙྪ་ད་ན་དྲིལ་ཕྱིས་ཏེ། རྫས་ཀྱིས་དྲི་མ་སེལ་
བའི་མིང་ངོ་། །སྣཱ་ནཾ་ཁྲུས་སོ། །ཨཱ་སླ་བ་དང་སླ་བ་ཆུར་ཁྲུས་བྱེད་པའི་མིང་ངོ་། །ལུས་ལ་བྱུག་པའི་སྨན་དྲི་བཟང་པོའི་མིང་ལ། ཀུངྐུ་མ་གུར་གུམ་དང་། ཀཤྨཱི་ར་ཛནྨ་ཁ་ཆེ་སྐྱེས་དང་། ཨགྣི་ཤི་ཁ་མེའི་རྩེ་མོ་དང་། བར་མཆོག་ལྡན་དང་། བཱ་ཧྚཱི་ཀ་མེ་ལྡན་དང་། པཱི་ཏ་ན། སེར་པོ་དང་། སཱུ་ཪྱ་ཉི་མ་དང་། རཀྟ་
དམར་པོ་དང་། སཾ་ཀོ་ཙ་ཀུན་ནས་འཁུམས་དང་། པི་ཤུ་ན་ཕྲ་མ་ཅན་དང་། དེ་རྣམས་གུར་ཀུམ་གྱི་མིང་ངོ་། །དྷཱི་ར་བརྟན་པ་དང་། ལ་ཧི་ཏ་དམར་པོ་གཉིས་ནི་ཙནྡན་དམར་པོའི་མིང་ངོ་། །རྒྱ་སྐྱེགས་ལ་མིང་དྲུག་སྟེ། ལཀྵཱ་རྒྱ་སྐྱེགས་དང་། དེ་ཉིད་ཀ་པི་རི་ཀ་ལ་སོགས་པས་བསྒྱུར། རཀྵཱ་དེ་ཉིད་དོ། །ཛནྟུ་སྐྱེ་ལྡན་དང་།
ཡཱ་བ་དང་། ཨཱ་ལཀྟ་རྒྱ་ཚོས་དང་། དྲུ་མཱ་མ་ཡ་ཤིང་ནད་མེད་དོ། །ལི་ཤི་ལ་མིང་གསུམ་སྟེ། ལ་བངྒ་ལི་ཤི་དང་། དེ་བ་ཀུ་སུ་མ། ལྷའི་མེ་ཏོག་དང་། ཤྲཱི་སཾ་ཛྙ། དཔལ་གྱི་མིང་ཅན་ནོ། །དེ་ནས་ཛཱ་པ་ཀ་ཟློས་པ་པོ་དང་། ཀཱ་ལཱི་ཡ་དུས་སུ་ཕན་དང་། ཀཱ་ལ་ནཱུ་སཱ་རི་དུས་རྗེས་འབྲང་ཞེས་པ་རྣམས་ནི་ཚོང་པ་ལ་སོགས་པ་
ལ་ཀཱ་ལཱི་ཡ་ཞེས་གྲགས་པའི་ཤིང་སེར་པོའི་མིང་ངོ་། །དེ་ནས་ཨ་ག་རུའི་མིང་ལ་ས་མཱརྠ་ཀཾ་ནུས་ལྡན་དང་། བཾ་ཤི་ཀ་རྒྱུད་ལྡན་དང་། ཨ་གུ་རུ་ཞེས་པ། ལ་གྷུ་ནཱ་མ་ཏྭཱ་གུ་རུ་ཞེས་འབྱུང་སྟེ། ཡང་བའི་མིང་ཅན་ཉིད་ཀྱི་ཕྱིར་མི་ལྕི་བའོ་ཞེས་བྱའོ། །རཱ་ཛཱ་རྷ་རྒྱལ་པོ་ལ་འོས་ཞེས་བྱའོ། །ལོ་ཧ་ཀྲྀ་མི་ཛ་སྲིན་སྐྱེས་དང་། ཛོངྒ་
ཀཾ་ཞེས་པ་དང་། སློབ་དཔོན་བྱཱ་ཌིས།ཀྲྀཥྚ་དྲྀཀྵ་ཤིང་ནག་དང་། ནྲྀ་པ་པྲི་ཡ་མི་བདག་དགའ་བྱེད་ཅེས་ཀྱང་བཤད་དོ། །ཨ་ག་རུ་ཁྱད་པར་ཅན་ལ་ཨ་ག་རུ་ནག་པོ་དང་མཾ་ག་ལཱི་བཀྲ་ཤིས་ཅན་དང་མལླི་གནྡྷི་ཞེས་བཤད་དོ། །དེ་ནས་ཡཀྵ་དྷཱུ་པ་ལ་སོགས་པ་ལྔ་ནི་སྤོས་དཀར་གྱི་མིང་སྟེ། ཡཀྵ་དྷཱུ་པ་མཆོད་སྦྱིན་སྤོས་
དང་། སརྫ་ར་ས་ཐང་ཆུའི་སྤོས་དང་། ཨ་རཱ་ལ་པྲ་རྩི་སྤོས་དང་། སརྦ་ར་ས། ཁུ་བ་ཀུན་ལྡན་དང་། བ་ཧུ་རཱུ་པ། གཟུགས་མང་ངོ་། །པྲྀཀ་དྷཱུ་པ། སྦྱར་སྤོས་དང་། ཀྲྀ་ཏྲི་མ་དྷཱུ་པ། བཅོས་མའི་སྤོས་ཏེ། ཨ་ག་རུ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་དྲི་རྣམས་དྲིའི་བསྟན་བཅོས་ལས་འབྱུང་བ་བཞིན་ཕན་ཚུན་ལེགས་པར་
เล่ม ๑๙๗ · หน้า 315b
སྦྱར་བ་ཡན་ལག་བཅུ་པ་ལྟ་བུའོ། །དེ་ནས་ཏུ་རུཥྐ་དང་པཎྜྀཀ་དང་། སིཧླ་དང་། ཡཱ་བན་ཞེས་པ་རྣམས་སིཧླའི་མིང་ངོ་། །དེ་ནས་ཤྲཱི་བ་ས་དཔལ་གོས་ཏེ་དེ་ལ་སོགས་པ་ལྔ་ནི་ཐང་ཆུའི་མིང་ངོ་། །དེ་ནས་གླ་རྩི་ལ་མིང་གསུམ་སྟེ། མྲྀ་ག་ནཱ་བྷེ་རི་དགས་ལྟེ་བ་དང་། མྲྀ་གམ་ད་རི་དགས་ཆང་དང་། ཀསྟཱུ་རི་གླ་རྩིའོ། །
ཀ་ཀོ་ལ་ལ་མིང་གསུམ་སྟེ་ཀོ་ལ་ཀ་མ་དང་ཀཀྐོ་ལ་ཀཾ་དང་ཀོ་ཤ་ཕ་ལ་སྦུབས་འབྲས་སོ། །ག་བུར་ལ་མིང་ལྔ་སྟེ། ཀརྦཱུ་ནུས་པ་དང་ལྡན་པས་ག་བུར་ཏེ། ཀྲྀ་པུ་ནུས་པ་ལ་ཨཱུ་ར་རྐྱེན་དུ་བྱས་པའོ། །གྷ་ན་སཱ་ར། སྤྲིན་གྱི་སྙིང་པོའོ། །ཙནྡྲ་སཾ་ཛྙཱ། ཟླ་བའི་མིང་ཅན་ཏེ། ཟླ་བ་དང་བུར་ཕན་ཚུན་མིང་གི་
རྣམ་གྲངས་སོ། །སི་ཏཱ་བྷྲ། འོད་དཀར་ཅན་ནོ། །ཧི་མ་བཱ་ལུ་ཀ་ཁ་བའི་བྱེ་མའོ། །དེ་ནས་ཚིགས་སུ་བཅད་པ་ཕྱེད་ཀྱིས་ཙནྡན་སྤྱིའི་མིང་སྟེ། གནྡྷ་སཱ་ར་དྲིའི་སྙིང་པོ་དང་། མ་ལ་ཡ་ཛ། མ་ལ་ཡ་སྐྱེས་ཏེ། རི་བོ་མ་ལ་ཡ་ལས་བྱུང་བའོ། །བྷ་དྲ་ཤྲཱི་དཔལ་བཟང་པོ། ཙནྡན་ཙན་དན་ཞེས་གྲགས་པ་སྟེ།
ཚིམ་བྱེད་ཅེས་བྱ་སྟེ། ཙ་དི་ཚིམ་པ་ལ་ལུཊ་རྐྱེན་ནོ། །ཙན་དན་དཀར་པོ་ལ་མིང་གསུམ་སྟེ། ཏཻ་ལ་པརྞི་ཀ་ཏིལ་མར་འདབ་ཅན་ཞེས་བྱ་བའི་ཙན་དན་རི་བོམ་ལ་ཡའི་ཕྱོགས་གཅིག་ནས་འབྱུང་བའོ། །གོ་ཤཱིཪྵ། ས་མཆོག་གམ་བ་ལང་མགོ་ཞེས་བྱ་བ་སྟེ་བ་ལང་མགོའི་རྣམ་པ་ཅན་མ་ལ་ཡའི་ཕྱོགས་སུ་
སྐྱེ་བའོ། །ཧ་རི་ཙནྡན། ཞེས་པ་ལ་ཧ་རི་ནི་སྦལ་པ་སྟེ། དེའི་དབྱིབས་ཅན་གྱི་རི་བོ་ཞིག་ལས་སྐྱེས་པས་ཧ་རི་ཙན་དན་ཞས་བྱའོ། །དེ་ནས་ཙན་དན་དམར་པོའི་མིང་སྟེ། ཏཻ་ལ་པརྞི། ཏིལ་མར་འདབ་ཅན་ནོ། །པ་ཏྲཱངྒཾ་འདབ་མའི་ལུས་ཅན་ཏེ་དབུས་དམར་བའི་འདབ་མ་ཅན་ནོ། །རཉྫ་ནཾ་ཚོས་བྱེད་དོ། །
རཀྟ་ཙནྡན་ཙན་དན་དམར་པོའོ། །ཀུ་ཙནྡན་ཙན་དན་ངན་པའི་མིང་ངོ་། །དེ་ནས་ཛཱ་ཏིའི་མིང་ལ། ཛཱ་ཏི། སྣ་མའམ་སྲི་ཤིང་སྣ་མ་དང་། ཀོ་ཥ་སྦུབས་ཅན་དང་། ཛཱ་ཏི་ཕ་ལ། སྤོས་ཀྱི་རྒྱལ་པོའམ་ལིག་ཤི་ཝེར་ཞེས་པའོ། །ཡཀྵ་ཀརྡ་མ། མཆོད་སྦྱིན་གྱི་བྱུག་པ་སྟེ། ག་པུར་དང་གླ་རྩི་དང་ཨ་ག་རུ་དང་ཀཀྐོ་ལ་རྣམས་སྦྱར་བའོ། །
བཀོད་པའམ་རྒྱན་གྱིས་བརྒྱན་པའི་མིང་ལ། ར་ཙ་ནཱ། བཀོད་པ་དང་པ་རི་སྱནྡ། ཆོས་རྩོམ་པ་དང་། ཨཱ་བྷོ་ག་དང་། པ་རི་པཱུརྞ། ཡོངས་སུ་རྫོགས་པའོ། །དཱི་པ། མར་མེ་དང་། པྲ་དཱེ་པ། རབ་འབར་ཏེ་སྒྲོན་མེའི་མིང་ངོ་། །གདན་ལ། པཱི་ཋ་དང་ཨཱ་ས་ནའོ། །དེ་ནས་ས་མུརྒ་ཏེ། ཟ་མ་ཏོག་དང་། སམྦུ་ཊ་ཀ། ཁ་སྦྱར་
เล่ม ๑๙๗ · หน้า 316a
རམ་གའུའོ། །པྲ་སཱ་དྷ་ནཱི། སྐྲ་ཤད་དང་། ཀངྐ་ཏི་ཀཱ་སོ་མངས་ཏེ། བ་སོ་ལ་སོགས་པ་ལས་བྱས་པ་སྐྲ་བྱི་དོར་བྱེད་པའི་ཆ་བྱད་དོ། །མེ་ལོང་ལ་དརྤ་ཎ་དང་མ་ཀུ་ར་དང་ཨཱ་དཪྴ། ཀུན་མཐོང་ཞེས་པ་རྣམས་སོ། །དེ་ནས་བྱཉྫ་ནཾ་རླུང་གཡབ་དང་ཏ་ལ་བྲྀཏྟ་ཀཾ་བསིལ་ཡབ་ཅེས་པ་སྟེ་དེ་རྣམས་མིའི་
སྡེ་ཚན་ནོ།། །།དེ་ནས་བྲམ་ཟེ་ལ་སོགས་པའི་སྡེ་ལ། ཐོག་མར་རིགས་ཙམ་གྱི་མིང་ལ། སནྟ་ཏི་རྒྱུད་དང་གོ་ཏྲ་རིགས་དང་ཛ་ན་ན་ཆོ་འབྲང་དང་། ཀུ་ལ། རུས་སམ་རིགས་དང་། ཨ་བྷི་ཛ་ན། རྩ་ལག་དང་། ཨ་ནྭ་ཡ་རྗེས་སྐྱེས་སམ་རྗེས་འགྲོ་དང་། བི་ཤ་རིགས་རྒྱུད་དང་། ཨ་ནྭ་བཱ་ཡ། རྩ་ཁྲིད་དང་སནྟཱ་ན་རྒྱུད་
དོ། །རིགས་དེ་ནི་རྣམ་པ་བཞི་སྟེ། བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས་རྣམས་སོ། །བྲམ་ཟེ་ལ་མིང་དྲུག་སྟེ། དྭི་ཛ་གཉིས་སྐྱེས་ཏེ་བྲམ་ཟེ་དང་བྱ་དང་སོ་རྣམས་ལའོ། །ཨ་གྲ་ཛནྨ། སྔོན་སྐྱེས་ཏེ་རིགས་བཞིའི་ཐོག་མར་བྲམ་ཟེ་སྐྱེས་ཞེས་གྲག་གོ །བྷཱུ་དེ་བ་སའི་ལྷའོ། །བ་ཌ་བརྟ་
ཅན་ནོ། །བི་སྲ་བྲམ་ཟེའོ། །པྲཧྨ་ཎ་ཚངས་པའི་བུ་སྟེ། བྲམ་ཟེ་རྣམས་ཚངས་པའི་ཁ་ལས་སྐྱེས་པར་གྲག་གོ །མཁས་པའི་མིང་གི་རྣམ་གྲངས་ལ་འདིར་ཉི་ཤུ་རྩ་གསུམ་སྟེ། བིད་བཱན། རིག་པ་ཅན་ནམ་རིག་ལྡན་དང་། བི་པཤྩི་ཏ་རྣམ་གསལ་དང་། དོ་ཥ་ཛྙཱ་ཉེས་པ་ཤེས་དང་། སད་མཛེས་ལྡན་ནམ་དམ་པ་དང་
སུ་དྷཱི་བློ་བཟང་དང་། ཀོ་བི་ད། ཅི་ཡང་རིག་དང་། བུདྷ། རྟོགས་ལྡན་དང་། དྷཱི་ར་བརྟེན་པ་དང་། མ་ནཱི་ཥིཛྙ། སེམས་ཤེས་དང་། པྲཛྙཱ་ཤེས་རབ་ཅན་དང་། སཾ་ཁྱཱ་ན་གྲངས་ཅན་དང་། པཎྜི་ཏ་མཁས་པའམ་མཛངས་པ་དང་། ཀ་བི་སྙན་དངགས་མཁན་དང་། དྷཱི་མཱ་ན། བློ་ལྡན་དང་། སཱུ་རི་དཔའ་བོ་དང་། ཀྲྀ་ཏཱི་གོ་བ་
ཅན་དང་། ཀྲྀཥྚི་མཁས་པ་དང་། ལཔྡྷ་བརྞ་གྲགས་ལྡན་ནམ་གྲགས་ཐོབ་དང་། བི་ཙཀྵ་ཎ། རྣམ་པར་དངས་པའམ་རྣམ་པར་གསལ་བ་དང་། དཱུ་ར་དཪྴི་རིང་དུ་མཐོང་བ་དང་། དཱིརྒྷ་དིཪྴཱ་རིང་པོ་མཐོང་དང་། ཤོ་ཏྲི་ཡ། ཐོས་ལྡན་དང་། ཙྪནྡ་ས། སྡེབ་སྦྱོར་ཤེས་ཞེས་པ་རྣམས་སོ། ༈ ། རྒྱལ་རིགས་ཀྱི་སྡེ་
ལས་རྒྱལ་པོའི་མིང་ལ། རཱ་ཛ་རྒྱལ་པོ་དང་། བ་ཧུ་ཛ་དཔུང་བ་སྐྱེས་དང་། རྒྱལ་རིགས་རྣམས་ཚངས་པའི་དཔུང་པ་ལས་སྐྱེས་པར་གྲགས་པས་སོ། །ཀྵ་ཏྲི་ཡང་རྨ་སྐྱོབ་ཅེས་བྱ་སྟེ་རྒྱལ་རིགས་སོ། །པི་རཱ་ཊ། རྣམ་པར་རྒྱལ་དང་། རཱཊ་གསལ་བའམ་རྒྱལ་པོའོ། །པཱརྠི་བ། ས་བདག་དང་། ཀྵྨཱ་བྷུ་ཀ་ས་སྤྱོད་
เล่ม ๑๙๗ · หน้า 316b
དང་། ནྲྀ་པ་མི་བདག་དང་། བྷཱུ་པ་ས་སྐྱོང་དང་། མ་ཧཱི་ཀྵི་ཏཿ། ས་གཞི་སྐྱོང་བའོ། །ཨ་དྷཱི་ཤྭ་ར། ལྷག་པའི་དབང་ཕྱུག་སྟེ། རྒྱལ་ཕྲན་དུ་མས་བཏུད་པའི་རྒྱལ་པོ་དང་། ཙཀྲ་བརྟི། འཁོར་ལོས་སྒྱུར་བ་དང་། སརྦ་བྷཽ་མ། ས་ཀུན་དབང་བ་རྣམས་སོ། །གླང་པོ་ཆེའི་མིང་ལ་དནྟཱི། སོ་ལྡན་དང་། དདྷཱ་སོ་ཅན་དང་། བ་ལ་
སྟོབས་ལྡན་དང་། ཧསྟི་ལག་ལྡན་དང་། དྭི་དནྟཱ་སོ་གཉིས་པ་དང་། ཨ་ནེ་ཀ་པཱ། མང་པོ་འཐུང་དང་། དྭི་པཱ་གཉིས་འཐུང་དང་། མཱ་ཏཾ་ག་ཛ། གླང་མོ་སྐྱེས་རྣམས་སོ། །རྟ་སྤྱིའི་མིང་ལ་གྷ་ཊ་ཀ་འདྲེན་བྱེད་དང་། བཱ་ཏི། ཆུ་འཐུང་དང་། ཏུ་རྂ་འོག་ཏུ། ནཱ་ག །ཀུཉྫ་ར། ག་ཛ། ཐ་ར་ཎ། ཀ་རཱི། ཨི་བྷ། སྟམྦེ་ར་མ། སད་མི་སྟེ་ཆགས་ཅན་རྣམས་སོ།
ག་ཏུ་རཾ་ག་མ་རྣམས་མྱུར་འགྲོའམ་མགྱོགས་འགྲོའམ་འགྲོ་མགྱོགས་ཞེས་བྱའོ། །བ་ཛཱི་གཤོག་པ་ཅན་དང་། བཱ་ཧ་བཞོན་པ་དང་། ཨརྦ་རྟ་དང་། གནྡྷརྦ་འགྲོ་བྱེད་དང་། ཨ་ཤྭ་དང་། ཧ་ཡརྟ་དང་། སཻནྡྷ་བ། རྒྱ་མཚོ་སྐྱེས་ཏེ་ལན་ཚྭ་དང་རལ་གྲི་ལ་ཡང་ངོ་། །སཔྟ་ཡ་བདུན་ལྡན་རྣམས་སོ། །རྟ་ཁྱད་པར་ཅན་
གྱི་མིང་ལ། ཨཱ་ཛཱ་ནེ་ཡ། ཅང་ཤེས་དང་ཀུ་ལིནྟ། ཀྱེ་ལིང་། བི་ནཱི་ཏ། རྣམ་དུལ་དང་། སཱ་དྷུ་མ་ཧི་ན། ལེགས་འགྲོ་དང་། བཱ་ན་ཡུ་ཛ་དང་། པཱ་ར་སཱི་ཀ་དང་། ཀཱམྦོ་ཛ་བཧྣི་ཀཱ་ཡ། རྣམས་ཡུལ་དེ་དག་ཏུ་སྐྱེས་པའི་མིང་སྟེ། རིམ་པ་བཞིན། བཱ་ནའི་ཡུལ་སྐྱེས། པར་སིག་སྐྱེས། འདར་བྱེད་སྐྱེས་དང་། མེ་ལྡན་སྐྱེས་
ཞེས་བྱའོ། །ཕུན་སུམ་ཚོགས་པ་ལ་མིང་བཞི་སྟེ། སམྤ་ད། ཕུན་སུམ་ཚོགས་པ་དང་། སམྤཏྟི། འབྱོར་ལྡན་ནམ་ཕུན་སུམ་ཚོགས་པ་དང་། ཤྲཱི་དཔལ་ལམ་གཡང་དང་། ལཀྵྨཱི་ཕུན་སུམ་ཚོགས་པའམ་དཔལ་ལམ་ཤིས་པའོ། །སློབ་དཔོན་རབ་འབྱོར་ཟླ་བས་མཛད་པའི་འཆི་བ་མེད་པའི་མཛོད་ཀྱི་རྒྱ་
ཆེར་འགྲེལ་པ་འདོད་པ་འཇོ་བ་ཇི་ལྟར་རྙེད་པ་རྫོགས་སོ།། །།འདི་ནི་མཁས་པ་རྣམས་ཀྱིས་ཤེས་པར་བྱ་བའི་གནས་ལ་རིག་པའི་གནས་ལྔ་ཡོད་པ་ལས། སྒྲ་རིག་པར་གཏོགས་པ། གསུང་རབ་དགོངས་འགྲེལ་དང་བཅས་པ་དང་། རིག་བྱེད་ལ་སོགས་པ་ཕྱི་ནང་གི་གཞུང་ལུགས་རབ་འབྱམས་
ལས་འབྱུང་བ་མཁས་པ་རྣམས་ལ་གྲགས་པའི་མིང་གི་ཐ་སྙད་རབ་འབྱམས་ལ་རྨོངས་པ་མེད་པར་བྱེད་པ། མངོན་བརྗོད་ཀྱི་བསྟན་བཅོས་འཆི་བ་མེད་པའི་མཛོད་ཅེས་བྱ་བའི་རྒྱ་ཆེར་འགྲེལ་པ་སྟེ། འདིའི་རྩ་བ་ནི་པཎྜི་ཏ་འཆི་མེད་སེང་གེ་ཞེས་བྱ་བས། སྔོན་གྱི་སློབ་དཔོན་བྱཱ་ཌི་དང་། མཆོག་སྲེད་དང་། ཙནྡྲ་གོ་
เล่ม ๑๙๗ · หน้า 317a
མི་དང་། བཱ་མན་ལ་སོགས་པའི་བསྟན་བཅོས་ལས་བཏུས་ཏེ་ཁྱད་པར་དང་བཅས་པ་ཕུལ་དུ་བྱུང་བར་མཛད་དེ། དེ་ཡང་ཨུཏྤ་ལི་ལ་སོགས་པ་ལ་མདོར་བསྡུས་པ་དང་། མིང་གི་ཕྲེང་བ་སོགས་ལ་རྟགས་ཀྱིས་དམན་པ་དང་། རྟགས་ཀྱི་རབ་ཏུ་བྱེད་པ་སོགས་ལ་མིང་གིས་དམན་པ་
དང་། འཆི་མེད་ཕྲེང་བ་སོགས་མ་རྫོགས་པ་དང་། པོ་པཱ་ལི་ཏ་ལ་སོགས་པ་སྡེ་ཚན་གྱིས་སྟོང་པས་འདི་ཡོན་ཏན་ཐམས་ཅད་ཀྱིས་ཁྱད་པར་དུ་འཕགས་པ་ཉིད་ཡིན་པས་འདི་ཉིད་སྔར་པཎྜི་ཏ་ཀཱིརྟི་ཙནྡྲ་དང་། ཡར་ལུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་ཚང་བར་བསྒྱུར་རོ། །འགྲེལ་པ་འདོད་པ་འཇོ་བ་
འདི་ནི་པཎྜི་ཏ་རབ་འབྱོར་ཟླ་བ་ཞེས་བྱ་བས། ཐ་སྙད་ཀྱི་གཙུག་ལག་རབ་འབྱམས་ལས་བཏུས་ནས་རྣམ་པར་ཕྱེ་བ་སྟེ། མིང་སོ་སོའི་སྒྲ་སྒྲུབ་ཚུལ་རྣམས་ནི། གཙོ་བོར་སློབ་དཔོན་ཙནྡྲ་གོ་མིའི་ལུགས་ཡིན་ཏེ། སྔར་མཆོད་བརྗོད་དུ། མཐའ་ཡས་རྒྱུད་ཀྱི་མངོན་བརྗོད་ཆུ་གཏེར་རིན་ཆེན་གང་། །སྙན་
དངགས་མགྲིན་པ་དོ་ཤལ་བང་མཛོད་རྣམས་བཀོད་རྣམས། །དཔལ་ལྡན་ཙནྡྲ་གོ་མིས་སྦྱར་བའི་ཕུལ་བྱུང་མོད། །དེས་ནི་རབ་ཏུ་བསྒྲུབས་པའི་ཆོ་ག་བདག་གིས་བརྩམ། །ཞེས་འབྱུང་ངོ་། །གཞན་ཡང་། ཙནྡྲ་པའི་འགྲེལ་པ་སློབ་དཔོན་དྷརྨ་དཱ་སས་མཛད་པ་དང་། དེའི་རྒྱས་འགྲེལ་པཎྜི་ཏ་རཏྣ་
མ་ཏིས་མཛད་པ་དང་། དེའི་ཡང་རྒྱ་ཆེར་འགྲེལ་པ་པཎྜི་ཏ་སཱུརྞ་ཙནྡྲ་ཛི་ཏེནྡྲ་སྟེ་རྒྱལ་དབང་ཟླ་བ་གང་བས་མཛད་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་དང་། དེས་མཛད་པའི་བྱིངས་ཀྱི་དཔུང་གཉེན་དང་། འཇམ་དཔལ་གྱི་བྱཱ་ཀ་ར་ཎའི་འགྲེལ་པ་ཀ་ལིངྒའི་སློབ་དཔོན་རྒྱལ་པོ་དཔལ་གྱིས་མཛད་པ་སྟོང་ཕྲག་
བརྒྱད་པ་དང་། རྒྱུད་ཉུང་གི་རྣམ་བཤད་དུ་རྒས་མཛད་པ་སྟེ། ཀ་ལཱ་པའི་འགྲེལ་པ་དུརྒ་སིདྷ་དང་། བྲམ་ཟེ་པཱ་ཎིའི་སྒྲའི་བསྟན་བཅོས་དང་། སློབ་དཔོན་མཆོག་སྲེད་དང་། བྱཱ་ཌི་དང་། ར་བྷ་ས་དང་། བཱ་མན་དང་། དྲང་སྲོང་རྒྱས་པ་སོགས་ཀྱིས་ཅི་རིགས་པར་མཛད་པའི་འཆི་མེད་ཕྲེང་བ་དང་། རིན་ཆེན་
མཛོད་དང་། སྒེག་པ་གསལ་བ་དང་། སྐབས་གསུམ་གྱི་ལྷག་མ་དང་། སྔོན་བྱུང་ལོ་རྒྱུས་ཀྱི་སྙན་དངགས་བྷཱ་ར་ཏ་དང་། ཤམྦའི་སྔོན་རབས་དང་། རཱ་མ་ཡ་ཎ་དང་། མརྐཎྜེ་ཡ་དང་། དབྱངས་ཅན་གྱི་མགུལ་རྒྱན་དང་། ཤ་བ་ར་སྭ་མི། རི་ཁྲོད་རྗེའམ། ཤི་བཱ་སྭ་མི། ཞི་བའི་རྗེས་མཛད་པའི་ཀ་སྤིན་མངོན་པར་
เล่ม ๑๙๗ · หน้า 317b
འབྱུང་བ་རྩ་འགྲེལ་དང་། ནག་མོའི་ཁོལ་གྱིས་མཛད་པའི་གཞོན་ནུ་འབྱུང་བ་དང་། དཎྜིའི་ཚིག་རྒྱན་ལ་སོགས་པ་ལ་བརྟེན་ནས་གཞུང་ཆེན་པོའི་ཚིགས་སུ་བཅད་པའི་གྲངས་ཀྱིས་བཙལ་ན་སྟོང་ཕྲག་བཅུར་ལོངས་པ་ཙམ་མཛད་པའི་ཕྱེད་ལྷག་གི་རྒྱ་དཔེ་སྣེའུ་གདོང་རྩེའི་གཙུག་ལག་ཁང་ན་བཞུགས་
པ་ལས་ཕུལ་དུ་བྱུང་བའི་མཁྱེན་རབ་དང་ཐུགས་རྗེ་ཚད་མ་མཆིས་པ་མངའ་བ་གངས་རིའི་ཁྲོད་ཀྱི་ས་སྐྱོང་མཐའ་དག་གི་གཙུག་གི་ནོར་བུ་ལ་ཞབས་རྟེན་གྱི་པདྨོའི་གེ་སར་རྣམ་པར་འགོད་པས་སྐབས་གསུམ་དབང་པོའི་ཁེངས་པ་འཕྲོག་པར་མཛད་ཅིང་། ལུགས་གཉིས་ཀྱི་རིག་ལུགས་དྲི་མ་མེད་
པས། སྟོབས་བཅུ་མངའ་བའི་བསྟན་པ་ཡིད་བཞིན་གྱི་ནོར་བུ་དང་། ལྷར་བཅས་སྐྱེ་དགུའི་ཕན་བདེ་དབྱིག་འཛིན་གྱི་གཞི་ལ་རྒྱས་ཤིང་ཡུན་དུ་གནས་པར་མཛད་པའི་ས་ཐམས་ཅད་ཀྱི་དབང་ཕྱུག་ཆོས་ཀྱི་རྗེ་ཆོས་ཀྱི་རྒྱལ་པོ་སྤྱན་སྔ་རིན་པོ་ཆེ་དཔལ་ངག་གི་དབང་ཕྱུག་གྲགས་པ་ཕྱོགས་ཐམས་
ཅད་ལས་རྣམ་པར་རྒྱལ་བ་ལྷའི་ཞལ་སྔ་ནས་ཀྱིས་ལེགས་པར་བསྒྱུར་ཅེས་བཀའ་ལུང་དང་མཐུན་རྐྱེན་བཟང་པོ་སྩལ་བ་ལ་བརྟེན་ནས། ལེགས་པར་སྦྱར་བའི་སྐད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་ཀ་ལཱ་པ་དང་། ཙནྡྲ་པ་འགྲེལ་པ་དང་བཅས་པ་དག་ཐོས་ཤིང་ཆ་ཤས་ཙམ་ཁོང་དུ་
ཆུད་ལ། སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་དམ་པའི་ཆོས་ཇི་ལྟར་བསྒྱུར་བའི་ཚུལ་ཕྱོགས་ཙམ་མཐོང་བ་དཔལ་ཞྭ་ལུའི་བཙུན་པ་འགོས་ལོ་ཙཱ་བ་གསུམ་པ་དགེ་སློང་དྷརྨ་པཱ་ལ་བྷ་དྲ་ཞེས་བྱ་བས་གསུང་རབ་རིན་པོ་ཆེའི་མིང་གི་ཆ་རྣམས་ལ་མ་རྟོགས་པའི་
འཁྲུལ་པ་བསལ་བ་དང་། དྲི་མ་མེད་པའི་གཙུག་ལག་གི་ཚུལ་ཕྱོགས་ཙམ་གསར་དུ་བསྟན་པས་བསྟན་པ་རིན་པོ་ཆེའི་སྒོ་ཐམས་ཅད་ནས་མི་ནུབ་ཅིང་འཕེལ་བ་དང་བཅས་པའི་རྟེན་འབྲེལ་དུ་གྱུར་པར་བསམས་ནས། དཔལ་ས་སྐྱོང་མཆོག་གི་བཀའ་སྤྱི་བོས་
མནོས་ཏེ་སྒྲའི་སྒྲུབ་ཚུལ་རྒྱ་ཆེན་པོ་རྣམས་ནི་སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ཀྱང་མངོན་པ་མཛོད་ཀྱི་འགྲེལ་པ་རྒྱལ་སྲས་མ་དང་། མ་ཧཱ་མཱ་ཡའི་བཀའ་འགྲེལ་ཡོན་ཏན་ལྡན་པ་ལ་སོགས་པ་བོད་རྣམས་ཀྱི་ཚུལ་བཞིན་མི་རྟོགས་པར་དགོངས་ནས་མ་བསྒྱུར་བར་སྣང་
เล่ม ๑๙๗ · หน้า 318a
བ་བཞིན་བཞག །མིང་སོ་སོ་ནས་རྒྱ་གར་སྐད་དང་བོད་སྐད་ཤན་སྦྱར་བས། སྐབས་དོན་འགའ་ཞིག་གི་བཤད་པ་གོ་བ་ལ་ཤིན་ཏུ་ཕན་པར་སྣང་བ་ནི་རྒྱ་དཔེ་ལ་མེད་ནའང་། འདུས་པའི་འགྲེལ་པ་དོན་གསལ་དུ་བནྡྷ་བནྡྷ་ནི་ཆིངས་ཤིག་པའོ་ཞེས་སོགས་
བསྒྱུར་སྣང་བ་ལྟར་སྐད་གཉིས་ཀ་བཀོད་དེ་བཤད། དབྲི་བསྣན་གྱི་དབང་གིས་བར་སྐབས་སུ་མཚམས་སྦྱོར་བའི་ཚིག་ཕྲད་དང་རྣམ་དབྱེ་རྣམས་བོད་སྐད་ལ་ཇི་ལྟར་བདེ་བས་བླ་ཐབས་སུ་བསྣན། སྒྲའི་སྒྲུབ་ཚུལ་ཉུང་ཞིང་གསལ་བ་འགའ་ཞིག་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལ་སོགས་པས་
བརྡ་སྤྲོད་པའི་ཚུལ་བོད་སྐད་དུ་བསྒྱུར་བ་དང་། བཤད་པའི་སྲོལ་བཏོད་པ་ལ་བརྟེན་ནས། དེང་སང་ཡང་མཁས་པ་དག་སྣང་བས། འགའ་ཞིག་ལ་ཕན་པར་བསམས་ནས་བསྒྱུར་ཏེ། མདོར་ན་སྒྲ་སྦྱོར་བམ་པོ་གཉིས་པ་ལས། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་
མི་འགལ་ལ། བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག་ཅེས་གསུངས་པ་ལྟར་བསྒྱུར་ཅིང་ལེགས་པར་གཏན་ལ་ཕབ་པའོ། །དེ་ལྟར་གཉིས་མེད་གསུང་བའི་གསུང་རབ་ཀྱི། །ཚིག་འབྲུ་བཟང་པོའི་ཚིག་གི་རྒྱན་འགྱུར་ཕྱིར། །ཐ་སྙད་གཙུག་ལག་འགྲེལ་འདི་ལེགས་བསྒྱུར་
ལས། །ཐོབ་པའི་ལེགས་སྤྱད་སྟོན་ཟླ་ལྟར་དཀར་ཞིང་། །རྒྱུ་སྐར་ལམ་ལྟར་ཡངས་པ་གང་ཐོབ་དེས། །མ་ལུས་འགྲོ་བའི་སྙིང་གི་མུན་བསལ་ཞིང་། །རྣམ་དཔྱོད་བློ་གྲོས་སྣང་བ་ཆེར་རྒྱས་ནས། །བློ་བཟང་སོ་སོ་ཡང་དག་རིག་ཐོབ་ཤོག །ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་
རྒྱུར་བཅས་བྱེད་རྒྱུར་ལྡན་བྱུང་དང་། །ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེ་ཡང་འདྲེན་པས་རབ་ཏུ་གསུངས། །གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་ངེས་པར་མི་གནས་པ། །ཐར་པ་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་ཏེ་གསུངས། །གཙུག་ལག་གི་ཚིགས་སུ་བཅད་
པའོ། །འདིའི་འགྱུར་སྔ་ཕྱིའི་ཡི་གེ་པ་ནི། སྐད་གཉིས་སྨྲ་བའི་བཤེས་གཉེན། མཚན་གྱི་ཐོག་མ་ཡི་གེ་མཆོག །མཐའ་ནི་རིན་པོ་ཆེ་ཡིས་སྤྲས། །ཨ་ནུ་བ་མ་རཏྣ་སྟེ། །དཔེ་མེད་རིན་པོ་ཆེ་ཡིས་སོ། །ཞེས་བྱའོ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด