ตัวบทไม่มีชื่อ — ประโยคแรก: ཨོཾ་སྭ་སྟི་པྲ་ཇཱ་བྷྱ༔
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๐๘ · หน้า 27b
༄༅། །ཨོཾ་སྭ་སྟི་པྲ་ཇཱ་བྷྱ༔། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཕུལ་བྱུང་མཁྱེན་པའི་ཆུ་གཏེར་ཀློང་དུ་བགྲང་ཡས་ཤེས་བྱའི་གཞོལ་འགྲོའི་ཚོགས། །
མཐའ་དག་ཉེར་འབབ་བརྩེ་བའི་ནོར་ལྡན་ངག་དབང་ཚངས་སྲས་བཞད་པའི་བློ། །སྐལ་བཟང་ཀླུ་དབང་རྒྱ་མཚོའི་གཉེན་གྱུར་དགེ་ལེགས་རིན་ཆེན་འབྱུང་བའི་གནས། །རིགས་ཀུན་ཁྱབ་བདག་རྡོ་རྗེ་
འཆང་དབང་སྲིད་གསུམ་འགྲོ་བའི་མགོན་པོར་འདུད། །མ་སྨད་དམ་བཅའི་རྩ་བར་པ་བརྟན་སྙིང་རྗེའི་འདབ་མ་ཕྱོགས་བརྒྱར་གཡོ། །ཕན་བདེའི་འབྲས་ལྡན་རོ་བདའ་མདར་པོས་འཆི་མེད་འགྲོ་ཀུན་སྐྱོང་
ལ་བརྩོན། །རྒྱལ་བའི་མྱུ་གུ་དཔག་བསམ་ལྗོན་ཤིང་ཀུན་བཟོད་ཚ་གདུང་སེལ་བའི་ལྷ། །རྣམ་འདྲེན་གསང་བ་ཀུན་འདུས་ཡིད་བཞིན་ནོར་བུ་པད་དཀར་འཇིག་དེས་སྐྱོངས། །གང་ཐུགས་ཟླ་བའི་མ་མ་
ལས་འོངས་རྣམ་དཔྱོད་འོད་འཕྲེང་ཁོར་ཡུག་ཅན། །ཡིད་ཅན་མི་ཤེས་སྨག་རུམ་དྲུང་འབྱིན་བཅུ་ཕག་རིག་པའི་ཆུ་མཐོང་མཐའ། །མངོན་གྱུར་འཇིག་རྟེན་མགོན་པོ་པཱ་ཎི་ནི་ཞེས་གཉིས་མེད་གསུམ་དེས་ལུང་
เล่ม ๒๐๘ · หน้า 28a
བསྟན་པའི། །འཕགས་ཡུལ་མཁས་མཆོག་གཉིས་སྐྱེས་ཡོངས་ཀྱི་གཙུག་གི་རྒྱན་གྱུར་ཁྱོད་གཅིག་བསྔགས། །བགྲོད་བྱ་འཆི་མེད་ལམ་དུ་རྒྱུ་མིན་ཉིན་དང་མཚན་མོར་གསལ་འགྲིབ་བྲལ། །འདེགས་
བྱེད་བསིར་བུས་མ་བསྐུལ་བར་ཡང་འཇིག་རྟེན་མུན་པ་སེལ་བྱའི་ཕྱིར། །ལྔ་རིག་སྣང་བ་འབུམ་གྱིས་བསིལ་ལྡན་འགེངས་མཛད་འཕགས་ཡུལ་པཎྜི་ཏ། །སྟོབས་བཟང་མཆེད་ཀྱི་བཀའ་དྲིན་བསམས་ན་ལག་པད་སྙིང་གར་
ཅིས་མི་འཛུམ། །གང་དེའི་ཞལ་སྒོ་ལས་བརྒྱུད་རིན་ཆེན་དབྱིག །ཚུལ་མིན་རྡུལ་གྱི་དྲི་མས་མ་གོས་པ། །བརྡ་སྤྲོད་རྒྱན་འཕྲེང་ཀུན་གྱི་ཕྱི་མོ་མཆོག །བློ་གསལ་དོན་གཉེར་སྒེག་མོའི་ཟུར་ཕུད་དུ། །མཛེས་བྱེད་ལེགས་བཤད་
ནོར་བུའི་དོ་ཤལ་གང་། །འདྲེན་པའི་ཤིང་རྟ་མཆོག་འདིར་ཞུགས་ཙམ་གྱིས། །བགྲོད་དཀའ་གཞུང་ལུགས་ཪིན་ཆེན་གླིང་ཡངས་པོར། །ཐོགས་མེད་འཇུག་པའི་ལུགས་བཟང་འདི་ན་སྤྲོ། །དེ་ཡང་འདིར་མགོན་པོ་བྱམས་བས། །
རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་བཅད་རྗེས་སུ་གཟུང་ཕྱིར་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་ཤེས་
เล่ม ๒๐๘ · หน้า 28b
བྱ་རིག་པའི་གནས་ཆེ་བ་ལྔར་གསུངས་པ་དེ་རྣམས་ཀྱི་ནང་ནས་ཀྱང་ཐོག་མར་གང་ལ་སློབ་པར་བྱ་བའི་གནས་ནི། ཐོག་མར་སྒྲ་ལ་མཁས་པ་ཡིས། །ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན། །དེ་ནས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་པ་མེད་པར་བཤད། །ཅེས་སྒྲ་ཤེས་ན་དོན་ལ་མི་
རྨོངས་ཤིང་རྗོད་བྱེད་ཀུན་གྱི་གཞིར་གྱུར་པ་གཞུང་ལུགས་ཐམས་ཅད་ལ་དང་པོར་འཇུག་པའི་སྒོ་ལྟ་བུ་རིག་པའི་གནས་འདི་ཉིད་ཡིན་པས། དེ་ལ་ཡང་རྒྱ་གར་འཕགས་པའི་ཡུལ་དུ་སྒྲ་མདོ་ཆེན་པོ་བརྒྱད་ཅེས་གྲགས་པ་ནི། ལྷའི་བུ་དབང་པོས་མཛད་པའི་ཨིནྡྲ་བྱཱ་ཀ་ར་ཎ། ལྷའི་བུ་ཟླ་བས་
མཛད་པའི་ཙ་ནྡྲ་བྱཱ་ཀ་ར་ཎ། །སློབ་དཔོན་པི་ཤ་ལིས་མཛད་པའི་པི་ཤ་ལི་བྱཱ་ཀ་ར་ཎ། དྲང་སྲོང་ཤཱ་ཀ་ཊ་ཡ་ནས་མཛད་པའི་ཤཱ་ཀ་ཊ་ཡ་ན་བྱཱ་ཀ་ར་ཎ། དྲང་སྲོང་པཱ་ཎི་ནིས་མཛད་པའི་པཱ་ཎི་ནི་བྱཱ་ཀ་ར་ཎ། དྲང་སྲོང་སུ་མནྟ་བྷ་དྲས་མཛད་པའི་སུ་མནྟ་བྷ་དྲ་བྱཱ་ཀ་ར་ཎ། དྲང་སྲོང་པ་ཉྫ་ལིས་མཛད་པའི་
པ་ཏྭ་ཉྫ་ལི་བྱཱ་ཀ་ར་ཎ། རྒྱལ་བོ་མ་ནུ་ཇེནྡྲས་མཛད་པའི་མ་ནུ་ཇེནྡྱ་བྱཱ་ཀ་ར་ཎ་སྟེ་འདི་བརྒྱད་ལ་སྒྲ་མདོ་ཆེན་པོ་བརྒྱད་ཅེས་གྲགས་པ་དེ་རྣམས་ཀྱི་ནང་ནས་ཀྱང་གོ་དོན་ཆོ་ག་སོགས་ཕུལ་དུ་ཕྱིན་པ་མདོར་ན་སྒྲའི་གཙུག་ལག་ཐམས་ཅད་ཕྱི་མོ་ལྟ་བུ་གྱུར་བའོ་སྐོལ་གྱི་སྟོན་པ་མཉམ་མེད་ཤཱཀྱའི་
རྒྱལ་བས་འཇམ་དཔལ་རྩ་བའི་རྒྱུད་ལས། བྲམ་ཟེའི་ཁྱེའུ་བཱ་ཎི་ནི། །ངེས་པར་ཉན་ཐོས་བྱང་ཆུབ་ཏུ། །དེ་ཡིས་ལུང་བསྟན་བྱས་པ་ཡིན། །འཇིག་རྟེན་དཔང་ཕྱུག་བདག་ཉིད་ཆེ། །དེ་ཡང་དེ་ཡི་སྔགས་གྲུབ་པའོ། །ཞེས་པ་དང་། །ལངས་ཀར་གཤེགས་པ་ལས། །སྒྲ་བྱེད་པ་ནི་པཱ་ཎི་ནི་
ཞེས་སོགས་ཀྱིས་ལུང་བསྟན་པའི་བྲམ་ཟེའི་ཁྱེའུ་པཱ་ཎི་ནི་ལ། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་དངོས་སུ་སྩལ་བའི་བསྟན་བཅོས་ཆེན་པོ་པཱ་ཎི་ནི་བྱཱ་ཀ་ར་ཎ་ཞེས་བྱ་བ་ཤཱོ་ཀ་ཉིས་སྟོང་ཡོད་པ་འདི་ཉིད་ལ་ཀླུའི་རྒྱལ་བོ་ནོར་རྒྱས་ཀྱི་བུ་ཤེ་ཥ་ཞེས་བྱ་བས་མཛད་པའི་འགྲེལ་བ་མ་ཧཱ་བྷྲ་ཥ་
ཞེས་པ་ཤློ་ཀ་འབུམ་ཡོད་པ་དང་། སློབ་དཔོན་རཱ་མ་ཙ་ནྡྲས་མཛད་པའི་འགྲེལ་བ་པྲ་ཀྲི་ཡ་ཞེས་པ་ཤློ་ཀ་སྟོང་དྲུག་ཡོད་པ་འདི་ཉིད་དང་། སློབ་དཔོན་བྷ་ཊོ་ཛཾ་བྷ་དྲས་མཛད་པའི་སི་དྡྷཱ་ནྟ་ཀཽ་མུ་དཱི་ཞེས་པ་ཤློ་ཀ་སྟོང་ཕྲག་བཅུ་ཡོད་པ་དང་། སློབ་དཔོན་ཀཱ་ཤི་ཀ་རས་མཛད་པའི་ཀཱ་ཤི་ཀ་
เล่ม ๒๐๘ · หน้า 29a
ཞེས་པ་ཤློ་ཀ་སྟོང་ཕྲག་བཅོ་བརྒྱད་ཡོད་པ་རྣམས་ད་ལྟ་འང་འཕགས་པའི་ཡུལ་ན་འཆད་ཉན་རྒྱུན་མ་ནུབ་པར་ཡོད་གསུངས་ཤིང་། དེ་རྣམས་ཀྱི་ནང་ནས་ཀྱང་གོ་སླ་ཞིང་ཁྱེར་བདེ་བ་སློབ་དཔོན་རཱ་མ་ཙ་ནྡྲས་མཛད་པའི་འགྲེལ་བ་པྲ་ཀྲྀ་ཡ་སྟེ་རབ་ཏུ་བྱ་བ་ཞེས་པ་གཞིར་བཞག་པའི་
གཞུང་འགྲེལ་གྱི་ཆོ་གའི་རྣམ་གཞག་ཅུང་ཟད་བཤད་པར་བྱ་བ་ལ། །དང་པོ་མཚན་དོན་ནི། རྒྱ་གར་སྐད་དུ། པཱ་ཎི་ནི་བྱཱ་ཀ་ར་ཎ་སཱུ་ཏྲ། བོད་སྐད་དུ། བརྡ་སྤྲོད་པ་པཱ་ཎི་ནིའི་མདོ་ཞེས་པའོ། །གཉིས་པ། འགྲེལ་པའི་ཐོག་མར་ཇི་སྐད་དུ། ཤྲཱི་མ་དི་ཥྛ་ལ་མཱ་ན་མྱ་པཱ་ཎི་ནྱ་པཱ་ཎི་ནྱཱ་དི་མུ་ནཱི་ན་གུ་རཱུ་ན་
བྲ་ཀྲི་ཡ་ཀོ་མུ་དཱི་ང་ཀུ་རྨ༔བཱ་ཎི་ནཱི་ཡཱ་ནུ་སཱ་རཾ་ཎཱིཾ། དེ་བོད་སྐད་དུ། ཐུབ་པ་པཱ་ཎི་ནི་སོགས་བླ་མ་དང་། །དཔལ་ལྡན་རྣམ་མཁྱེན་རྣམས་ལ་ཀུན་བཏུད་དེ། །པཱ་ཎི་ནི་ཡི་རྗེས་སུ་འབྲངས་ནས་ནི། །རབ་ཏུ་བྱ་བ་ཤིན་ཏུ་རྒྱས་པར་བྱ། །ཞེས་པའོ། །གསུམ་པ་གཞུང་དངོས་ལ་འཇུག་པ་ལ། ཐོག་
མར་ཡི་གེའི་བསྡུ་བ་དང་མིང་དང་བརྡ་བཤད་པ་ནི། ཨ་ཨི་ཨུ་ཎ། རྀལྀ་ཀ། ཨཻ་ཨཽ་ཙ། ཧ་ཡ་ཝ་ར་ཊལཎ། ཉི་མ་ང་ཎ་ན་མ། ཛྷ་བྷ་ཉ་གྷ་ཌྷ་དྷཱ་ཥ། ཛ་བ་ག་ཌ་ད་ཤ། ཁ་ཕ་ཚ་ཋ་ཐ་ཙ་ཊ་ཏ་བ། ཀ་པ་ཡ། ཤ་ཥ་ས་ར། ཧ་ལ། དེ་རྣམས་ནི་སོ་སོ་བསྡུ་བའི་བརྡའོ། །ཧ་ཀཱ་རཱ་
དི་ཥྭ་ཀཱ་ར་ཨུ་ཙྚཱ་ར་ཎཱ་རྠ༔། ཧ་ཡིག་ལ་སོགས་པ་རྣམས་ལ་ཨ་ཡིག་བརྗོད་པའི་དོན་ནོ། །ཧ་ཡིག་ལ་སོགས་པ་ཧ་ལ་རྣམས་ཀྱི་སྲོག་ཏུ་ཨ་ཡིག་ཞུགས་པ་ན་དབྱངས་མེད་ན་བརྗོད་པ་མི་བདེ་བས་བརྗོད་བདེ་བའི་ཕྱིར་རོ། །ཨུ་པ་དེ་ཤེ྅ཛ་ནུ་ནཱ་སི་ཀ་ཨི་ཏ། ཉེ་བའི་ཡུལ་ལ་ཨ་ཙ་དང་རྗེས་སུ་སྣ་
ལྡན་འགྲོ་བའོ། །ཉེ་བའི་ཡུལ་ཏེ་བྱིངས་དང་རྐྱེན་སོགས་ཀྱི་མཐའི་རྗེས་སུ་སྣ་ལྡན་གྱི་ཡི་གེ་ང་ཉ་ཎ་ན་མ་སྲོག་མེད་རྣམས་དང་མཐའ་ན་ཡི་གེ་གཞན་མེད་པའི་ཨ་ཙ་རྣམས་ནི་དགོང་པ་དང་བཅས་པའི་མིང་ཅན་ཞེས་མིང་འདོག་བྱེད་དོ། །ཏ་སྱ་ལོ་པ༔། དེ་དབྱིའོ། །བཤད་མ་ཐག་
བའི་རྗེས་མུ་སྣ་ལྡན་སོགས་འགྲོ་བའི་མིང་ཅན་དེ་རྣམས་ནི་དབྱིའོ། །ཧ་ལ་ནྟྱཾ། མཐའི་ཧ་ལ་འོ། །རྗེས་སུ་སྣ་ལྡན་དང་ཨ་ཙ་ར་མ་ཟད་གཞན་ཡང་རྐྱེད་སོགས་ཀྱི་མཐའི་ཧལ་མང་པོའང་འགྲོ་བའི་མིང་ཅན་ནོ། །ཨཱ་དི་ར་ནྟྱ་ནས་ཧེ་ཏཱ། དང་པོ་དང་མཐའི་འགྲོ་བའི་བར་དང་བཅས་པའོ། །ཡི་གེའི་
เล่ม ๒๐๘ · หน้า 29b
བསཱུ་བའི་རྣམས་གཞག་གི་སྐབས་སུ་ཨ་ལ་སོགས་པའི་ཡི་གེ་དང་པོ་ལ་མཐའི་ཎ་ཡིག་ལྷ་བུ་འགྲོ་བའི་མིང་ཅན་སྦྱར་བས། དཔེར་ན་ཨ་ཎ་ཞེས་པ་ལྟ་བུས་ན་ཐོག་མ་དང་མཐའི་བར་ན་ཡོད་པའི་ཡི་གེ་ཐམས་ཅད་གོ་བར་བྱེད་དེ། དང་པོ་ཨ་ཡིག་ལ་འགྲོ་བའི་མིང་ཅན་ཎ་སྠྱར་བའི་ཨ་ཎ་ཞེས་པ་འདིས་ཨ་
ཨི་ཨུང་གསུམ་རང་གི་རིགས་རིང་པོ་དང་བཅས་པ་གོ་བར་བྱེད་དོ། །དེ་བཞིན་དུ་གཞན་རྣམས་རྣམས་ལའང་རིགས་འགྲོ་སྟེ། དེ་ལྟར་ན་བསྡུ་བའི་གྲངས་ནི་བཞི་བཅུ་ཞེ་གཅིག་སྟེ། གཅིག་ལས་གྱུར་པ་ང་ཉ་ཎ་བཊ། །གཉིས་ལས་ཥ་དང་གསུམ་ལས་ཀ་ཎ་མ། །བཞི་ལས་ཅ་ཡ་ལྔ་ལས་ར་ཡིག་དང་། །
དྲུག་ལས་ཤལ་དག་གི་བསྡུ་བར་བཤད། །ཅེས་བྱུང་སྟེ། ང་ཡིག་དང་ཉ་ཡིག་དང་ཎ་ཡིག་གོང་མ་དང་བ་ཡིག་དང་ཊ་ཡིག་རྣམས་ཀྱིས་སོ་སོར་བསྡུ་བ་རེ་རེ་སྟོན་པར་བྱེད་དེ། །ང་སྦྱར་བས་ཨེང་། ཉ་སྦྱར་བས་ཡ་ཉ། ཎ་གོང་མ་སྦྱར་བས་ཨ་ཎ། བ་སྦྱར་བ་མ་ཚ་བ། ཊ་སྦྱར་བས་ཨ།
རྣམས་སོ། །ཥ་ཡིག་སྦྱར་བས་སོ་སོར་བསྡུ་བ་གཉིས་སྟོན་ཏེ། ཛྷ་ལ་སྦྱར་བས་ཇྷ་ཥ་དང་བྷ་ལ་སྦྱར་བས་བྷ་ཥ་དག་གོ། །ཀ་ཡིག་དང་ཎ་ཡིག་དང་མ་ཡིག་རྣམས་ཀྱིས་སོ་སོར་བསྡུ་བའི་བརྡ་གསུམ་གསུམ་སྟོན་པར་བྱེད་དེ། །ཀ་ཡིག་སྦྱར་བས། ཀ་ཡིག་སྦྱར་བས། ཨ་ཀ། །ཨི་ཀ། །ཨུ་ཀ་རྣམས་དང་། །ཎ་ཡིག་
འོག་མ་སྦྱར་བས། ཨ་ཎ། ཨི་ཎ། ཡ་ཎ་རྣམས་དང་། མ་ཡིག་སྦྱར་བས། ཨ་མ། ཡ་མ། དམ་རྣམས་སོ། །ཙ་ཡིག་དང་ཡ་ཡིག་དག་སྦྱར་བས་སོ་སོར་བསྡུ་བའི་བརྡ་བཞི་སྟོན་པར་བྱེད་དེ། ཙ་སྦྱར་པས། ཨ་ཙ། ཨི་ཙ། ཨེ་ཙ། ཨཻ་ཙ་རྣམས་དང་། །ཡ་སྦྱར་བས། ཡ་ཡ། མ་ཡ།
ཛ་ཡ། ཁ་ཡ་རྣམས་སོ། །ར་ཡིག་སྦྱར་བས་སོ་སོར་བསྡུ་བའི་བརྡ་ལྔ་སྟོན་པར་བྱེད་དེ། ཡ་ར། ཛྷ་ར། ཁ་ར། ཙ་ར། ཤར་རྣམས་སོ། ཤ་ཡིག་དང་ལ་ཡིག་སྦྱར་བས་སོ་སོར་བསྡུ་པའི་བརྡ་དྲུག་སྟོན་ཏེ། ཤ་སྦྱར་བས། ཨ་ཤ། ཧ་ཤ། ཝ་ཤ། ཛ་ཤ། །བ་ཤ་སོགས་
དང་། །ལ་སྦྱར་པས། ཨ་ལ། ཧ་ལ། ཝ་ལ། ར་ལ། ཛྷ་ལ། ཤ་ལ་རྣམས་ཏེ། དེ་ལྟར་བཞི་བཅུ་ཞེ་གཅིག་ནི་སོ་སོར་བསྡུ་བའི་བརྡ་ཆད་དོ། །ཨཱུ་྅ཀཱ་ལོ྅ཛྫཱ་སྭ་དྭི་རྒྷ་པླུ་ཏ༔། ཨུ་ཨཱུ་ཨུ་ཉ་ཡི་དུས་ལྟ་བུ་ཨ་ཙ་ཐུང་ངུའི་རིང་པོ་པླུ་ཏའོ། །ཨུ། ཨཱུ། ཨུ྅ལྟ་བུ་ཨ་ཙ་ཐོག་མ་བཞི་ལ་ཐུང་ངུ་དང་
เล่ม ๒๐๘ · หน้า 30a
རིང་བོ་ཤིན་ཏུ་རིང་བོ་བླུ་ཏའི་མཐའ་ཅན་དང་གསུམ་གསུམ་དང་། ལྀ་ལ་རིང་པོ་མེད་པས་ཐུང་ངུ་དང་ཤིན་ཏུ་རིང་པོ་གཉིས་དང་། །ཨེ་ཙ་རྣམས་ལ་རིང་པོ་དང་ཤིན་ཏུ་རིང་པོ་བླུ་ཏའི་མཐའ་ཅན་ཏེ་གཉིས་གཉིས་ཡོད་དེ། ཨ་ཨཱ་ཨ྅། ཨི་ཨཱི་ཨི྅། ཨུ་ཨཱུ་ཨུ྅། རྀརཱྀ་རྀ྅། ལྀ་ལྀ་྅་
ཨེ་ཨཻ། ཨོ་ཨཽ་རྣམས་སོ། །དེ་རྣམས་ལས་ཀྱང་རེ་རེ་ལའང་ཨུ་ད་ཏྟ་དང་། །ཨ་ནུ་དཱ་ཏྟ་དང་། སྭ་རི་ཏ་སྟེ། སྒྲ་སྐད་གསངས་མཐོན་པོ་མཐོན་པོར་འདོར་པ་ཨུ་ད་ཏྟ་དང་། དམའ་བར་འདོན་པ་ཨ་ནུ་དཱ་ཏྟ་དང་། བར་པ་སྭ་རི་ཏ་སྟེ་གསུམ་གསུམ་ཡོད་པར་གྲགས་སོ། །མུ་ཁནཱ་སི་ཀཱ་ཅ་ནོ་ཉ་ནུ་ནཱ་སི་ཀཱ༔།
ཁ་སྣ་ནས་བརྗོད་པ་དག་རྗེས་སུ་སྣ་ལྡན་ནོ། །ཁ་དང་སྣ་གཉིས་ཀ་ནས་བརྗོད་དགོས་པ་ང་ཉ་ཎ་ན་མ་ལྔ་པོ་ལ་རྗེས་སུ་སྣ་ལྡན་གྱི་མིང་ཅན་ཞེས་བྱའོ། །ཨ་ནུ་དི་ཏྶ་བ་རྞ་སྱ་ཙཱ་པྲ་ཏྱ་ཡ༔། ཨ་ཎ་ཨུཏ་འགྲོ་བ་ཡང་རྐྱེན་ལ་འདྲ་བ་མ་ཡིན་ནོ། །ཨ་ཎ་སོ་སོར་བསྡུ་བའི་ཨ་ཨཱ་ལྟ་བུ་རྣམས་དང་། །ཨུ་ཏ་འགྲོ་བ་
སྟེ་ཨུ་ཡིག་སྲོག་ཏུ་ཞུགས་པའི་སྡེ་དང་བཅས་པ་གོ་བའི་ཀུ་ཞེས་པས་ཀ་སྡེ་དང་། ཙུ་ཞེས་པས་ཙ་སྡེ། ཊུ་ཞེས་པས་ཊ་སྡེ། ཏུ་ཞེས་པས་ཏ་སྡེ། པུ་ཞེས་པས་པ་སྡེ་གོ་བ་རྣམས་རང་བཞིན་ལ་འདྲ་ཡང་རྐྱེན་ལ་འདྲ་བ་མ་ཡིན་ཏེ། དཔེར་ན། རྐྱེན་ཨ་སྟེར་རྒྱུ་ལ་ཨཱ་བྱིན་པས་མི་ཡོང་བ་ལྟ་བུའོ། །ཏ་པ་
ར་སྟ་ཏྐཱ་ལ་སྱ། ཏ་ཕ་རོལ་དེའི་དུས་ཀྱིའོ། །ཨ་ཙའི་མཐར་སྦྱར་བའི་ཨ་ཏ་ཨཱ་ཏ་ཞེས་པ་ལྟ་བུ་ཏ་ཡིག་ཕ་རོལ་ཏུ་སྦྱར་བ་ནི་གང་ལ་སྦྱར་བ་དེའི་དུས་ཀྱི་ཨ་ཙ་ཐུང་ངུ་ཡིན་ཉིད་དང་། རིང་པོ་ཡིན་ན་རིང་པོ་ཉིད་གོ་བར་བྱེད་ལ། ཨ་ཏ་ཅེ་བས་ཨ་རིང་ཐུང་གསུམ་ཀ་གོ་བ་ནི་མ་ཡིན་ནོ། །ཏུ་ལྱཱ་སྱ་པྲ་ཡ་ཏྲཾ་
ས་བརྞ། སྐྱེ་གནས་མཉམ་པའི་རིགས་མཐུན་འདྲ་བའོ། །ཡི་གེ་སྐྱེ་གནས་གཅིག་པ་རྣམས་དང་སྡེ་པ་གཅིག་ཏུ་གནས་པའི་རིགས་མཐུན་པ་རྣམས་ཀྱང་འདྲ་བའི་མིང་ཅན་ཡིན་ལ། །སྐབས་འགར་ར་ཡིག་དང་ལ་ཡིག་གཉིས་ཀྱང་འདྲ་བའོ། །མཐར་གནས་དང་དྲོ་བ་སོགས་ནི་སྡེ་བ་མ་ཡིན་ནོ། །
ཡི་གེ་སྐྱེ་གནས་གཅིག་པ་ཅི་ཞེ་ན། ཨ་ཀ་ཁ་ག་གྷ་ང་རྣམ་པར་བཅད་པ་རྣམས་མགྲིན་པ་ལས་སྐྱེས། ཨི་ཙ་ཚ་ཛ་ཛྷ་ཉ་ཤ་རྣམས་རྐན་ལས་སྐྱེས། ཨུ་པ་ཕ་བ་བྷ་མ་ྉྤ་རྣམས་མཆུ་ལས་སྐྱེས། རྀཊ་ཋ་ཌ་ཌྷ་ཎ་ར་ཥ་རྣམས་སྦྱི་བོ་ལས་སྐྱེས། ལྀ་ཏ་ཐ་ད་དྷན་ལས་རྣམས་སོ་ལས་སྐྱེས། ཨེ་ཨཻ་
เล่ม ๒๐๘ · หน้า 30b
དག་མགྲིན་པ་དང་རྐན་ལས་སྐྱེས། ཨོ་ཨཽ་དག་མགྲིན་པ་དང་མཆུ་ལས་སྐྱེས། ཝ་ཡིག་མཆུ་དང་སོ་ལས་སྐྱེས། ཐྐ་ནི་ལྕེའི་རྩ་བ་ལས་སྐྱེས། རྗེས་སུ་སྣ་ལྡན་རྣམས་ནི་སྣ་ལས་སྐྱེས། ཧ་ཡིག་ཡ་ཎའི་སྟེང་དུ་དྲངས་པ། ཧྱ། ཧྭ། ཧྲ། ཧླ་རྣམས་དང་། སྡེ་བའི་ལྔ་པ་རྣམས་ཧའི་མཐར་བྱུང་བ་ཧང་།
ཧ་ཉ། ཧ་ཎ། ཧ་ན། ཧ་མ་རྣམས་ནི་བྲད་ལས་སྐྱེས་པ་སྟེ། དེ་རྣམས་ནི་ཡི་གེའི་སྐྱེ་གནས་མདོར་བསྡུས་ཙམ་མོ། །ཡི་གེའི་མིང་བཤད་པ་ནི། ང་ཉ་ཎ་མ་རྣམས་རྗེས་སུ་སྣ་ལྡན་ཞེས་བྱ་ཞིང་། ཡ་རལ་ཝ་རྣམས་མཐར་གནས་ཀྱི་མིང་ཅན་ནོ། །ཤ་ཥ་ས་ཧ་རྣམས་དྲོ་བའི་མིང་ཅན་ནོ། །ཐྐཞེས་པ་ཡྕེ་རྩ་
ཅན་གྱི་མིང་ཅན་ནོ། །ྉྤ་ཞེས་པ་མཆུ་ཅན་གྱི་མིང་ཅན་ནོ། །ཨཾ་ཞེས་པ་རྗེས་སུ་ང་རོའི་མིང་ཅན་ནོ། །ཨ༔ཞེས་པ་རྣམ་པར་བཅད་བྱའི་མིང་ཅན་ནོ། །པྲྀ་དྡྷི་རཱ་དཻ་ཙ། ཨཱ་ཏ་ཨ་ཙ་འཕེལ་བའོ། །ཨཱ་ཏ་དང་ཨཻ་ཙ་དགའ་འཕེལ་བའི་མིང་ཅན་ནོ། །ཨ་དེ་དྒུ་ཎ༔། ཨ་ཏ་ཨེང་ཡོན་ཏན་ནོ། །ཨ་ཏ་དང་ཨེང་
དག་ཡོན་ཏན་གྱི་མིང་ཅན་ནོ། །ཨི་ཀོ་གུ་ཎ་བྲྀ་དྦྷི༔། ཨི་ཀ་གི་ཡོན་ཏན་དང་འཕེལ་བའོ། །གོང་དུ་སྨོས་པའི་འཕེལ་བ་དང་ཡོན་ཏན་གྱི་མིང་ཅན་དེ་རྣམས་ཨ་བ་གཏོགས་ཨི་ཀ་སོ་སོར་བསྡུ་བའི་ནང་ནས་འབྱུང་སྟེ། ཨའི་འཕེལ་བ་ཨཱ་ཏ། ཨི་འཕེལ་བ་ཨཻ། ཨུའི་འཕེལ་བ་ཨཽ། རྀ་ལྀ་
གཉིས་ཀྱི་འཕེལ་བའང་ཨཱ་ཏ་ཡིན་པ། ཡོན་ཏན་ནི་ཨའི་ཡོན་ཏན་ཨ་ཉིད། །ཨིའི་ཡོན་ཏན་ཨེ། ཨུའི་ཡོན་ཏན་ཨོ། རྀ་ལྀ་གཉིས་ཀྱི་ཡོན་ཏན་ཡང་ཨ་ཏ་འོ། །ཨ་ད་རྴ་ནཾ་ལོ་བ༔། མི་མཐོང་བ་ཕྱིས་བའོ། །མདོ་གང་ལའང་དབྱིའོ་ཞེས་པ་བྱུང་ན་ཡི་གེ་གང་ཡིན་པ་དེ་མི་མཐོང་བར་དབྱི་དགོ་
ཏེ་དེ་ལ་ཕྱིས་པའི་མིང་ཅན་ཞེས་ཟེར་རོ། །བྶུ་བཱ་ད་ཡོདྷཱ་ཏ་བ༔། བྷཱུ་ས་སོགས་པ་རྣམས་བྱིངས་སོ། །བྷཱུ་ཡོད་པ་ལའོ་ཞེས་པ་ལ་སོགས་པ་རྣམས་ནི་བྱིངས་ཞེས་བྱའོ། །ཨུ་པ་སརྒ་ཀྲི་ཡཱ་ཡོག། །བྱ་བ་སྦྱོར་བ་ལ་ཉེར་བསྒྱུར་རོ། །གང་བྱ་བའི་ཚིག་དང་སྦྱོར་བའི་པྲ་ལ་སོགས་པ་རྣམས་ལ་
ཉེར་བསྒྱུར་ཞེས་ཟེར་རོ། །པྲ་ལ་སོགས་པ་ཅི་ཞེ་ན། པྲ། རབ། མཆོག། །ཨ་པ། པྲ་ལ་གནོད། རྫོགས་པ་ཀུན་ཏུ་ཡང་དག། །ས་མ། ཨ་ནུ། རྗེས་སུ། ཀུན་ངེས་བར། ཨ་བ། ནིར། །ངེས་པ་དགག་པ། ངན་པ་དཀའ་བ། ངུར། བི། རྣམ་བྲལ་ལོག། ཀུན། ཨཱ། པར། བྲལ། ནི། ཨ་དྷི། ལྷག་པར།
เล่ม ๒๐๘ · หน้า 31a
ཨ་པི། ཨ་ཏི། སུ། ཨུཏ། ཤིན་ཏུ། ཨ་བྷི། པྲ་ཏི། པ་རི། ཨུ་པ་སྟེ་ཉི་ཤུ་པོ་འདི་རྣམས་སོ། །བི་རཱ་མོ་ཨ་བ་སཱ་ནཾ། །རྩེ་བྲལ་གནས་མེད་པའོ། །རྩེ་བ་དང་བྲལ་བ་སྟེ་བྱིངས་སམ་མིང་སོགས་གང་ཡང་རུང་བའི་མཐའི་ཧ་ལ་སྲོག་མེད་པ་དེ་ལ་གནས་མེད་པ་ཞེས་ཟེར་ཏེ་གཞན་ལ་ལྟོས་
ཀྱང་འང་ཡང་། །ཤིན་ཏུ་འདས། བཟང་། མཛེས། བདེ། རག་ལེགས། ཤིན་ཏུ། མངོན་པར། སོ་སོ། ཡོངས་སུ། ཉེ་བ་ཕན་པ། དགོས་པའི་ཕྱིར་རོ། །པར༔རཾ་ན་ཀརྵ༔་སཾ་ཧི་ཏཱ། ཕ་རོལ་ཡང་དག་ཉེ་བ་མཚམས་སྦྱོར་རོ། །བྱིངས་སམ་མིང་སོགས་ཚུ་རོལ་དང་ཕ་རོལ་བྱི་ཡང་དག་པར་ཉེ་བ་གང་ཡིན་པ་དེ་མཚམས་སྦྱར་བ་ནི་མཚམས་སྦྱོར་
ཞེས་བྱའོ། །སུ་པྟི་དནྟ་པ་དཾ། སུབ་དང་ཏིང་གི་མཐའ་ནི་ཚིག་གོ། །མིང་ལ་སུ་བ་སྦྱར་བས་སུབ་ཀྱི་མཐའ་ཅན་དང་བྱིངས་ལ་ཏིང་སྦྱར་བས་ཏིང་གི་མཐའ་ཅན་ནི་ཚིག་གཅེས་བྱའོ། །ཧ་ལོ་ཨན་ནྟ་རཱ༔། སཾ་ཡོ་ག༔། མཐའ་མ་ཡིན་པའི་ཧ་ལ་འདུས་པ་ནི་རབ་སྦྱོར་རོ། །མཐའ་ན་ཨ་ཙ་
ཡོད་པ་མ་ཡིན་པའི་མཐའ་དང་བར་བར་ན་ཧ་ལ་དབྱངས་མེད་ཉིས་བརྩེགས་སམ་གསུམ་བརྩེགས་སོགས་འདུས་པ་དེ་ལ་རབ་སྦྱོར་རམ་བརྩེགས་པ་ཞེས་ཟེར་རོ། །ཙཱད་ཡོ་ཨ་ས་ཏྲེ། ཅ་ལ་སོགས་པ་རྣམས་མི་ཟད་པའོ། །འོག་ནས་འབྱུང་བའི་ཙ་ལ་སོགས་པ་རྣམས་ནི་མི་ཟད་པའོ། །
པྲཱ་ད་ཡ༔། པྲ་ལ་སོགས་པའོ། །ཙ་ལ་སོགས་པར་མ་ཟད་གོང་དུ་བཤད་པའི་པྲ་ལ་སོགས་པ་རྣམས་ཀྱང་མེ་ཟད་པའོ། །ཨཱ་དྱ་ནྟཽ་ཊ་ཀི་ཏཽ། ཊ་ཀིཏ་དག་དང་པོ་དང་མཐའ་མ་དག་གོ། །བྱིངས་དང་མིང་བསྒྲུབ་མཚམས་སྦྱོར་སོགས་ཀྱི་སྐབས་སུ་ཨཱ་གམ་ཊ་འགྲོ་བ་དེ་ནི་སྟིང་ཡུལ་
གང་ཡིན་པ་དེའི་ཐོག་མ་དང་ཀ་འགྲོ་བ་དེ་ནི་མཐའ་མར་སྟེར་བར་བྱའོ། །མི་ད་ཙོ་྅་ནྦྷཱ་ཏྤ་ར༔། མ་འགྲོ་བ་ཨ་ཙའི་མཐའ་ལས་ཕ་རོལ་ལོ། །ནུམ་ཨཱ་གམ་ལྟ་བུ་རྐྱེན་དང་གློ་བུར་བམ་འགྲོ་བ་དེ་ནི་བསྒྲུབ་བྱ་དེའི་ཨ་ཙའི་མཐའ་ལས་ཕ་རོལ་ཏུ་སྦྱིན་པར་རིག་པར་བྱའོ། །ཨ་ནེ་ཀཱལ་ཤི་ཏྶ་རྦ་སྱ།
ཤ་འགྲོ་བ་ཨ་ལ་གཅིག་མ་ཡིན་པ་ཐམས་ཅད་ཀྱེའོ། །ཛས་ཤས་དག་ཤི་རུ་བསྒྱུར་བ་ལྟ་བུའི་ཤ་འགྲོ་བ་ནི་ཨ་ལ་གཅིག་མ་ཡིན་པ་ཐམས་ཅད་ཀྱི་གནས་ལ་རིག་པར་བྱའོ། །དི་ཙྕ། ང་འགྲོ་བའང་ངོ་། །ཨི་ཨ་ནང་དུ་བསྒྱུར་བ་ལྟ་བུའི་ང་འགྲོ་བའང་ཨ་ལ་གཅིག་མ་ཡིན་པ་ཐམས་ཅད་
เล่ม ๒๐๘ · หน้า 31b
ཀྱི་གནས་ལ་སྟེ་དེ་ཡང་མཐའི་བྱ་བ་རིག་པར་བྱའོ། །སྐཱ་ནི་པ་དཱ་དེ་ཤོ་྅ན་ལྦི་དྷཽ། གནས་པ་བཞིན་གྱི་ཆོ་ག་ཀུན་ནས་བསྒྱུར་བ་ལ་མ་ཡིན་པ་ལའོ། །བྱིངས་དང་མིང་དང་ཚིག་དང་རྐྱེན་དང་གང་གི་འང་སྐབས་སུ་ཤས་ཀྱིས་ནར་བསྒྱུར་བ་ལྟ་བུ་ཨ་ལ་གཅིག་བསྒྱུར་བ་མ་ཡིན་པ་ཤས་ཡོངས་
རྫོགས་ཤི་རུ་བསྒྱུར་བ་ལྟ་བུ་ཀུན་ནས་བསྒྱུར་བ་ལ་འང་མ་བསྒྱུར་བར་གནས་པ་བཞིན་གྱི་ཆོ་ག་རྣམས་འཇུག་གོ། །ཨི་ཏི་པཱ་ཎི་ནི་བྱཱ་ཀ་ར་ཎ་སྱ་སནྡྷེ༔་སཱུ་ཏྲཱ་དུ་པ་ཡོ་གིས་ཛྷ་པྲ་ཀ་ར་ཎཾ་ས་མཱ་པྟཱ༔། ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མཚམས་སྦྱོར་གྱི་མདོ་ལས་ཉེ་བར་སྦྱོར་བ་མིང་གི་རབ་ཏུ་བྱེད་པ་རྫོགས་སོ། །
གཉིས་པ་དབྱངས་སམ་ཨ་ཙའི་མཚམས་སྦྱོར་འཆད་པ་ལ་སྤྱིར་བཏང་དམིགས་བསལ་གཉིས་ལས། དང་པོ་ནི། ཨི་ཀོ་ཡ་ཎ་ཙི། ཨི་ཀ་གི་ཨ་ཙ་ལ་ཡ་ཎའོ། །ཨི་ཀ་སོ་སོར་བསྡུ་བའི་ཡི་གེ་རྣམས་ནི་ཨ་ཙ་ཕ་རོལ་ལ་ཡ་ཎ་སོ་སོར་བསྡུ་བའི་ཡི་གེ་རྣམས་སུ་བསྒྱུར་རོ། །དེ་ལ་ཨི་ཀ་སོ་སོར་
བསྡུ་བ་སོགས་ཡ་ཎ་སོགས་གང་དང་གང་དུ་བསྒྱུར་ཞེ་ན། །ཡ་ཐཱ་སཾ་ཁྱ་མ་ནྭཱ་དེ་ཤ་སྶ་མཱ་ནི། གང་ལས་གྲངས་མཚུངས་པ་རྗེས་སུ་བསྒྱུར་པའོ། །ཨི་སོགས་དེ་རྣམས་གང་ལས་རིམ་བཞིན་ཡ་སོགས་གྲངས་མཚུངས་པ་རྣམས་སུ་བསྒྱུར་བར་བྱ་སྟེ། ཨི་ནི་ཝྲ། རྀ་ནི་རྲ། །
ལྀ་ནི་ལྲ་རྣམས་སུ་འགྱུར་རོ། །ད་དྷི། ཨཱ་ན་ཡ༔ཞེས་པ་ལ། མདོ་སྔ་ཕྱི་གི་ཉིས་ཀྱིས་ཨི་ཡྲར་བསྒྱུར་བས། ད་དྷྲཡྲ། ཨཱན་ཡ༔ཞེས་པ་བྱུང་། ཨ་ན་ཙི་ཙ། ཨ་ཙ་མེད་པ་ལ་ཡང་ངོ་། །ཨ་ཙའི་ཕ་རོལ་གྱི་ཡར་སོ་སོར་བསྡུ་བའི་ཡི་གེ་སྲོག་མེད་ནི་ཧ་ལ་ཕ་རོལ་ལ་གཉིས་སུ་འགྱུར་ཏེ། དྷ
གཉིས་བརྗོད། ད་དྷུ་དྟྲ་ཡྲ། ཨཱ་ན་ཡ༔ཞེས་བ་བྱུང་། །ཛྷ་ལཱཾ་ཛ་ཤ་ཛྷ་ཤི། ཛྷ་ཤ་ལ་ཛྷ་ལ་རྣམས་ཀྱི་ཛ་ཤའོ། །ཛྷ་ལ་སོ་སོར་བསྡུ་བའི་ཡི་གེ་རྣམས་ནི་ཛྷ་ཤ་སོ་སོར་བསྡུ་བའི་ཡི་གེ་རྣམས་ཕ་རོལ་ལ་ཛ་ཤ་སོ་སོར་བསྡུ་བའི་ཡི་གེ་རྣམས་སུ་འགྱུར་རོ། །ཛ་ཤ་སོ་སོར་བསྡུ་བའི་ཡི་གེ་ལས་གང་དུ་
འགྱུར་ཞེ་ན། །སྠཱ་ནེ་྅་ནྟ་ར་ཏ་མ༔། གནས་མཐུན་པའི་དབུས་མའོ། །ཛ་ཤ་སོ་སོར་བསྡུ་བ་དེ་རྣམས་ཀྱི་དབུས་སམ་ནང་གི་གང་སྐྱེ་གནས་དང་སྡེ་པ་མཚུངས་པ་རྣམས་སུ་བསྒྱུར་ཏེ། །དྷྲ་རང་དང་སྐྱེ་གནས་དང་སྡེ་བ་མཚུངས་པའི་དྲར་བསྒྱུར་བས། །ད་དྲ་དྷྲ་ཡྲ་ཨཱ་ན་ཡ༔་ཞེས་པ་ལ་ཨ་ཙ་
เล่ม ๒๐๘ · หน้า 32a
མེད་པ་ལ་ཡང་ངོས། །སླར་ཡང་ད་གཉིས་བརྗོད། ད་དྲ་དྲ་ངྷཡ྄། ཨཱ་ན་ཡ༔ཞེས་པ་བྱུང་། ཛྷ་རོ་ཛྷ་རིས་བ་རྞེ། ཛྷ་ར་འདྲ་བ་ལ་ཛྷ་ར་རྣམས་ཀྱའོ། །ཧལ་ལས་ཕ་རོལ་གྱི་ཛྷར་སོ་སོར་བསྡུ་བའི་ཡི་གེ་ནི་རང་དང་སྐྱེ་གནས་འདྲ་བའི་ཛྷར་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་དབྱི་
བར་བྱ་སྟེ། །དུ་དབུས་མ་ཕྱིས་པས། ད་དྲ་དྟུ་ཡ྄། ཨཱ་ན་ཡ༔། སཾཡོ་གཱི་ཏ་སྱ་སོ་པ༔། བརྩེགས་པའི་མཐའ་དབྱིའོ། །ཚིག་མཐའི་ཧ་ལ་སྲོག་མེད་བརྩེགས་པའི་མཐའ་དེ་ནི་དབྱི་བར་བྱ་སྟེ། མདོ་འདིས་ཡ་དབྱི་བ་ཐོབ་ཀྱང་། འགྲེལ་པར་ལུང་དྲངས་པ། ཡ་ཎ་ལོ་བ་ན། ཡ་ཎ་དབྱི་བ་མ་ཡིན་
ནོ། །བརྩེགས་པའི་མཐའ་ཡིན་ཀྱང་ཡ་ཎ་སོ་སོར་བསྡུ་བའི་ཡི་གེ་ཡིན་ན་དབྱི་བ་མ་ཡིན་ནོ། །ཞེས་པས་ཡ྄་ནི་དབྱི། ཨཛྫྷི་ཎི་པ་རེ་ཎ་སཾ་ཡོ་ཛྱི། ཨ་ཙས་དམན་པ་ཕ་རོལ་ཏུ་རབ་ཏུ་སྦྱོར་རོ། །ཨ་ཅས་དམན་པ་སྟེ་ཧ་ལ་ཨ་ཙ་མེད་པ་རྣམས་ཕ་རོལ་གྱི་ཡི་གེ་ཨ་ཙ་འམ། ཧ་ལ་ཨ་ཙ་དང་ལྡན་པ་དག་
གི་སྟིང་དུ་དྲང་བར་བྱ་སྟེ། རིམ་པར་དྲངས་པས། བཏྡྷྱཱན་ཡ༔། དེ་བཞིན་དུ་བསླུ་བས་པས། མ་དྷུ་ཨ་ཏྲ། ཞེས་པ་ལ། མ་དྷྭ་ཏྲ། མདྡྷྭ་ཏྲ། མཱུ་ཏྲྀ། ཨ་ཏྲ༔ལ། མཱ་ཏྲ་ཏྲ༔། ལྀ་ཨཱ་ཀྲྀ་ཏི༔། ཞེས་པ་ལ། ལྔ་ཀྲྀ་ཏི༔། ཨ་ཙོ་ར་ཧཱ་བྷྱཱཾ་དྭེ། ཨ་ཅ་ལས་ར་ཧ་དག་ལས་ཡ་གཉིས་སོ། །ཨ་ཙ་ལས་ཕ་རོལ་གྱི་ར་
ཡིག་དང་ཧ་ཡིག་ལས་ཕ་རོལ་གྱི་ཡར་སོ་སོར་བསྡུ་བའི། །ཞེ་ལོང་ཞིག། ཡི་གེར་ཡིག་མ་ཡིན་པ་རྣམས་གཉིས་སུ་འགྱུར་ཏེ། །སྨྱུག་རྩེ་འདིར་མཆང་འདི། །མ་འདི། ཧ་རི་ཨ་རྦྦ་ཞེས་པ་ལ། །ཨི་ཡ྄། སྦྲུལ་གྱི་མ། མདོ་འདིས་ཡ་གཉིས་བརྗོད། ཉར་ཡ྄་ཡ྄། ཨ་རྦྦ། ཞེས་པ་ལ། ཨ་ཙ་ལས།
ར་ཧ་དག་ལས་གཉིས་སོས། སླར་ཡང་ཡ་གོང་མ་གཉིས་བརྗོད་པས། །ཧར་ཡ྄་ཡ྄་ཡ྄། ཨ་རྠ༔། ཧ་ལོ་ཡ་མཱཾ་ཡ་མི་ལོང་པ༔། ཧ་ལ་ལས་ཡམ་རྣམས་ཀྱི་ཡམ་ལ་དབྱིའོ། །ཧ་ལ་ལས་ཕ་རོལ་གྱི་ཡམ་སོ་སོར་བསྡུ་བའི་ཡི་གེ་རྣམས་ནི་ཡམ་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་དབྱི་བར་བྱ་སྟེ། །
ཡ་གོང་མ་ཕྱིས། །རིམ་པ་བཞིན་དྲངས་པས། ཧ་རྻྻ་རྠཿ འཕྲོག་བྱེད་ཀྱི་དོན། །དེ་བཞིན་དུ། གཽ་རཱི་ཨ་ཏྲ་ཞེས་པ་ལ། །གཽ་རྻྻ་ཏྲ། དཀར་མོ་འདི། ན་ཧི་ཨ་ཏྲ་ཞེས་པ་ལ། ན་རྻྻ་ཏྲ་སོགས་སོ། །འདི་ན་མེད། །དཱི་རྒྡཱ་དཱ་ཙཱ་རྻྻ་ཎཱཾ། རིང་བོ་ལས་སློབ་དཔོན་རྣམས་ཀྱིའོ། །ཨ་ཙ་རིང་བོའི་ཕ་རོལ་གྱི་ཡར་སོ་སོར་བསྡུ་བའི་
เล่ม ๒๐๘ · หน้า 32b
ཡི་གེ་རྣམས་ནི་ཧ་ལ་ཕ་རོལ་ལ་གཉིས་སུ་མི་འགྱུར་བ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད་དེ། གཅོད་པ། དཱ་ཏྲཾ། པཱ་ཏྲཾ། སྣོད། ཞེས་པ་ཨ་ཡིག་རིང་པོའི་ཕ་རོལ་གྱི་ཏ་གཉིས་སུ་མ་འགྱུར་བ་ལྟ་བུའོ། །ཨེ་ཙོ྅ཡ་ཝྭ་ཡཱ་ཝཿ། ཨེ་ཙའི་ཨ་ཡ་ཨ་ཝ་ཨཱ་ཡ་ཨཱ་ཝ་རྣམས་སོ། །ཨེ་ཙ་སོ་སོར་བསྡུ་བའི་
ཡི་གེ་རྣམས་ནི་ཨ་ཙ་ཕ་རོལ་ལ་རིམ་པ་བཞིན། ཨ་ཡ། ཨ་ཝ། ཨཱ་ཡ། ཨཱ་ཝ་རྣམས་སུ། དཱ་གཅོད་པ་དང་བཱ་བཏུང་བ་ལ་ཏྲན་བྱིན་པའོ། འགྱུར་ཏེ། ཏེ། ཨཱ་ཧུ། ཞེས་པ་ལ། ཏ་ཡཱ་ཧཱ། གོ། ཨ་ཏྲ་ཞེས་པ་ལ། ག་ཝ་ཏྲ། རཻ། ཨཽ་ཞེས་པ་ལ། རཱ་ཡཽ། ཡཽ། ཨི་ཧ་ཞེས་པ་ལ། ཡཱ་བི་ཧ། སོགས་སོ། །
ཝཱ་ནྟོ་ཡི་བྲ་ཏྱ་ཡེ། རྐྱེན་ཡ་ལ་ཝའི་མཐའ་ཅན་ནོ། །རྐྱེན་ཡ་ཡིག་ཕ་རོལ་ལ་ཨཽ་དག་གི་ཝའི་མཐའ་ཅན་ཏེ། ཨ་ཝ་དང་། ཨཱ་ཝ་དག་ཏུ་འགྱུར་ཏེ། གོ། ཡཾ། ཞེས་པ་ལ། དི་རྣམས་སྨྲ་བ། བ་ལང་འདིར། ག་བྱཾ། ནཽ་ཡཾ། ཞེས་པ་ལ། ནཱ་བྱཾ། ནོར་ཅན་དག་གམ་གསེར་དག། །གང་དག་འདིར། འགྲེལ་པར་
ལུང་དྲངས་པ། ཨ་དྷྭ་པ་རི་མཱ་ཎེ་མ། །ལམ་གྱི་ཚད་ལའང་ངོ་། །ལམ་གྱི་ཆད་བརྗོད་པ་ལ་ཡཱུ་ཏེ་ཕ་རོལ་ལ་གོའོ་ཨ་པར་འགྱུར་ཏེ། ག་བྱཱུ་ཏ༔། དྷཱ་ཏོ་སྟ་ནྣི་མི་ཏྟ་སྱཻ་ཝ། བྱིངས་ཀྱི་རྒྱུ་མཚན་གྱི་དེ་ཁོ་ནའོ། །བྱིངས སྦྱིན་སྲག་གི་རྫས། གྲུ། ཀྱི་རྒྱུ་མཚན་གྱི་ཨོ་ཨཽ་དག་ནི་ཡ་རྐྱེན་ཕ་རོལ་ལ་བཤད་མ་ཐག་
པ་དེ་ཁོ་ན་བཞིན་ཨ་བ྄། ཨཱ་བ྄་དག་ཏུ་འགྱུར་ཏེ། ལཱུ་ལ་ཡ་ཏ། བྱངས་ཐམས་ཅད་པ་སོགས་ཀྱིས་ཡོན་ཏན་བྱས། །མདོ་འདིས་ཨ རྒྱང་གྲགས་གཉིས། བར་བསྒྱུར་བས། ལ་བྱཾ། ཨ་བ་ཤྱ་སྔོན་མའི་ལཱུ་ཉ་ལ་ཎྱ། ཨ་ཙ་ལིའང་ཉ་ཎ་འགྲོ་བ་ལ་འོས་འཕེལ་བ། མདོ་འདིས་ཨཱ་བར་བསྒྱུར་བས། ཨ་བཤྱ་
ལཱ་བྱཾ། ཀྵ་ཡྻཽ་ཛ་ཡྻཤཀྱཱ་རྣྦེ། ཀྵ་ཡྻ་ཛ་ཡྻ་དག་ནུས་པའི་དོན་ལའོ། །ཀྵི་ཟད་པ་དང་ཛི་རྒྱལ་བ་ལ་ཡ་ཏ་སྦྱར་བས། །ཀྵ་ཡྻ་དང་། ཟད་ནུས། ཛཡྻ་ཞེས་པ་དག་ནུས་པའི་དོན་ལ་ གཅད་བྱ། ཚིག་ཕྲད་དོ། ཀྲ་ཡྻ་སྟ་ད་རྠེ། ཀྲ་ཡྻ་དེའི་དོན་ལའོ། །ཀྲཱི་ལ་ཡ་ཏ་སྦྱར་བས་ཀྲ་ཡྻ་ཞེས་པ་དེའི་དོན་ཏེ་ཉོ། ངེས་པར་གཅོད།
བའི་དོན་བརྗོད་པ་ལ་ཚིག་ཕྲད་དེ། ཀྲ་ཡྻ་བ་སྟྲ༔། གོས་ཉོ། ལོ་བ་ཤྴཱ་ཀ་ལྱ་སྱ། ཤཱ་ཀ་ལྱ་ཀྱི་དབྱིའོ། །གོང་དུ་བཤད་པའི་ཨེཅ རྒྱལ་ནས་ཨ་ཡ་སོགས་སུ་བསྒྱུར་བའི་མཐའི་ཡ྄་ཝ྄་དག་སྔོན་གྱི་དྲང་སྲོང་ཤཱ་ཀ་ལྱ་ཀྱིས་ཡང་ན་དབྱི་བར་བཤད་དེ། ཏེ། ཨཱ་ཧུ། ཏོ་ག ཨེ་ཙ། ཨ་ཡར་བསྒྱུར། མདོ་
เล่ม ๒๐๘ · หน้า 33a
འདིས་ཡ་ཡང་ན་ཕྱིས་པས། ཏ་ཨཱ་ཧུ། ཏ་ཨཱ་ཧུ། དེ་བཞིན་དུ། ག་ཝ་ཏྲ། ག་ཨ་ཏྲ། རཱ་ཡཽ། རཱ་ཨཽ། ཡཱ་བེ་ཧ། སོགས་སོ། པཱུ་རྦ་ཏྲཱ་སིདྡྷཾ། སྔོན་མ་ལས་མ་གྲུབ་པའོ། བཤད་མ་ཐག་པའི་ཡ་ཝྲ་ཕྱིས་པ་ལྟ་བུ་སྔར་ཕྱིས་ཟིན་ལ། སླར་མཚམས་སྦྱོར་
བ་སོགས་མི་བྱེད་དེ། སྔོན་མ་ལས་མ་གྲུབ་པའོ། །དེ་རྣམས་སྨྲར། དཔེར་བརྗོད་པ་སྟན་ཟིན་ནོ། བ་ལང་འདིར། གསེར་དག། །ཨཱ་དྒུ་ཎ༔། གང་དག་འདིར། ཨ་ལས་ཡོན་ཏན་ནོ། །ཨ་ཡིག་མཐའ་ལས་ཕ་རོལ་ཏུ་ཨ་ཙ་བྱུང་ན་དེ་གཉིས་འདུས་པ་ལས་ཕ་རོལ་གྱི་ཡི་གེ་དེ་རང་གི་ཡིན་ཏན་གྱི་ཡི་གེ་གང་ཡིན་པ་
དེར་བསྒྱུར་ཏེ། ཨུ་པ་ཨི་ནྡྲ་ཞེས་པ་ལ། ཨུ་པེནྡྲ༔། ར་མཱ་ཨཱི་ཤ་ཞེས་པ་ལ། །ར་མེ་ཤ༔། གཾ་གཱ། ཨུ་ད་ཀཾ་ཞེས་པ་ལ། གཾ་གོ་ད་ཀཾ། ཀྲྀ་ཥྞ་རྀ་དྡྷི་ཞེས་པ་ལ། ཨ་དང་རྀ་གཉིས་དག་གིས་ཨ་གཅིག། །ཨུ་ར་ཎྲ་པར་ཤྱཱ། རྀའི་ཨ་རྞ་ལས་ར་ཕ་རོལ་ལའང་ངོ་། །རྀ་ཡིག་དང་འང་སྒྲས་ལྀ་
ཡིག་དག་ལ་ཨ་ལས་ཡོན་ཏན་ནོ། །ཞེས དབང་པོ་ཉེ་བ། བ་ལྟ་བུའི་ཨ་ཎ་སོ་སོར་བསྡུ དགའ་བྱེད་དབང་ཕྱུག། བའི་ཡི་གེར ག་གཱའི་ཆུ། བསྒྱུར་བ་ན་དེའི་ཕ་རོལ་ཏུ་རྀ་ཡིན་ན་ར་དང་ལྀ་ཡིན་ན་ལ་བྲི་དགོས་ཏེ་ར་བྲིས་པས། ཀྲི་ཥྟ་རྡྷི། དེ་བཞིན་དུ། ཏ་བ། ལིཀཱར༔ཞེས་པ་ལ། །ཏབཱ་ལྐཱརཿ
ཡང་ན་ཨ་ཙེ་མེད་པའི་འང་ངོས་ལ་གཉིས་བརྗོད་པས། ཏ་བ་ལྲྐཱརཿ འགྲེལ་བར་ཡ་ཎ་ཡོ་སོར་གྱི་མ་ཡའི་ཡི་གེ་རྣམས་གཉིས་སུ་ཡང་ན་འགྱུར་རོ། །ཞེས་འབྱུང་བས་ཡང་ན་ཀ་གཉིས་ཀ་བརྗོད་པས། ནག་པོའི་འབྱོར་བ། ཏ་བལྲྐཱརཿ ཁྱོད་ཀྱི་ལྀ་ཡིག་གམ། ཁྱོད་དབང་གིས་ཕྱུག་པ།
སོགས་སོ། །བྲྀ་དྦྷི་རེ་ཙི། ཨེ་ཙ་ལ་འཕེལ་བའོ། །ཨ་ ཁྱོད་ལྀ་ཡི་གེ་གམ་ཁྱོད་དབང་ཕྱུག། ཡིག་མཐའ་ལས་ཕ་རོལ་ཏུ་ཨེ་ཙ་སོ་སོར་བསྡུ་བ་བྱུང་ན་གཉིས་དག་གིས་གཅིག་ཕ་རོལ་གྱི་འཕེལ་བའི་ཡི་གེ་གང་ཡིན་པ་དེར་བསྒྱུར་ཏེ། ཀྲྀ་ཥྞ་ཨེ་ཀ ཁྱོད་ཡི་ཡིག་གམ་ཁྱོད་དབང་ཕྱུག། ཏཱཾ་ཞེས་པ་ལ། ཀྲྀ་རྞེ་ཀ་ཏྭཾ།
གཾ་གཱ། ཨོ་གྷ༔ཞེས་པ་ལ། གཾ་གཽ་གྷ༔། གཾ་གཱའི་རླབས། དེ་བ། ཨཻ་ཤྭ་རྱཾ་ཞེས་པ་ལ། དེ་བཻ་ཤྭ་རྻཾ། ལྷ་དབང་ཕྱུག་པ། ཁ་ཌྭ། ཨཽ་པ་ག་བ་ཞེས་པ་ལ། ཁ་ཌྭཽ་བ་ག་བ་༔། ཁྲི་ངང་ཉེ་བའི་བ་ལང་། །ཨེ་ཏྱེ་དྷ་ཏྷུ་ཋ་སུ། ཨེ་ཏྱི། ཨེ་དྷ་ཏི་ཨཱུ་ཋ་རྣམས་ལའོ། །ཨ་ཡིག་མཐའི་ཕ་རོལ་ཏུ་ཨེ་ཏི་དང་ཨེ་དྷ་ ནག་པོ་གཅིག་གཉིད།
เล่ม ๒๐๘ · หน้า 33b
ཏི་དང་། །ཨཱུ་ཋར་བསྒྱུར་བའི་ཨཱུ་ཡིག་རྣམས་བྱུང་ན་འང་འཕེལ་བར་འགྱུར་ཏེ། ཨུ་པ། ཨེ་ཏི་ཞེས་པ་ལ། །ཨུ་པཻ་ཏི། ཨུ་པ། ཨེ་དྷྲ་ཏི་ལ། ཨུ་བཻ་དྷ་ཏི། ཨཱུ་ཋ་ལ། བ་ཧའི་ཨཱུ་ཋ་འོས་པ་ཨཱུ་ཋར་བསྒྱུར་བ་ལྟ་བུ་སྟེ། བྲ་ཤཱ། ཨཱུ་ཧ༔ཞེས་པ་ལ། བྲ་ཤྣཽ་ཧ༔། ཨ་ཀྵ་ལས་ཨཱུ་ཧི་ཎྟི་ལའོ། །
ཨ་ཀྵ་ལས་ཕ་རོལ་ཏུ་ཨཱུ་ཧ་ཎཱི་བྱུང་ན་གཉིས་དག་གིས་གཅིག་འཕེལ་བར་འགྱུར་ཏེ། ཨ་ཀྵ། ཨཱུ་ཧི་ཎཱི་ཞེས་ ཉེ་བར་འགྲོ་བར་བྱེད། ཉེ་བར་འཕེལ་བར་བྱེད། བ་ལ། ཨ་ཀྵཽ་ཧི་ཎཱི། དམག་མིག་གིས་མི་བཟོད་པ། སྭཱ་དཱི་རེ་རི་ཎྱོཿ། སྭལས་ ཨཱི་ར ཨཱི་རི་ཎཱིཿ བྲིས་ཐོག་ དག་ལའོ། སྭ་ལས་ཨཱིར་དང་ཨཱི་རི་ཎཱི་
དག་ཕ་རོལ་ལ་གཉིས་དག་གིས་གཅིག་འཕེལ་བར་འགྱུར་ཏེ། སྭ་ཨཱིར༔ཞེས་པ་ལ། སྭཻར༔། དམག་སྡེ་ཆེན་པོ་གཅིག་གི་མིང་ཡིན་ཏེ། ཇི་སྐད་དུ། སུས་འགྱུར་ཤིང་རྟ་དཔའ་བོ་འབུམ། །རྟ་ནི་འབུམ་ཕྲག་བཅུ་རྐང་ཐང་། །བྱེ་བ་སུམ་ཅུ་རྩ་དྲུག་འཇུག། །ཨ་གྵཽ་ཏི་ཎཱི་ཞེས་བྱར་བརྗོད། །ཅེས་སོ། །སྭ་ཨཱི་རི་ཎཱི་ཞེས་པ་ལ།
སྭཻ་རི་ཎཱི། པྲཱ་དཱུ་ཧོ་ཌྷོ་དྷྱེ་ཥྱེ་ཥྱེ་ཥྱ། བྲ་ལས་ ཨཱུ་ཌྷ་ ཨཱུ་ཌྷི ཨེ་ཥ་ ཨེ་ཥྱ་རྣམས་ལའོ། རང་འདོད་ག པྲ་ལས་ ཨཱུ་ཧ་ ཨཱུ་ཌྷ་ ཨཱུ་ཌྷི་ ཨཱུ་ཌྷ་ ཨེ་ཥ་ ཨེ་ཥྱ་རྣམས་ཕ་རོལ་ལ་འཕེལ་བར་འགྱུར་ཏེ། པྲཽ་ཧ༔། པྲཽ་ཌྷ༔། པྲཽ་ཌྷེ༔། པྲཻ་ཥ༔། པྲཻ་ཥྱ༔། འགྲེལ་པར་སྐབས་ལ་ལར་པྲ་དང་ཨེ་ཥ་ལ་ཡོན་ཏན་
རང་འདོད་མ་སྟ་སྨད་འཚོང་མའོ། དུ་བྱེད་པའང་ཡོད་དོ། །ཞེས་འབྱུང་བས། བྲེ་ཥ༔ རྀ་ཏི་ཙ་ཏཱི་ཡཱས་མཱ་སེ། རྀ་ཏ་ལའང་གསུམ་པའི་ཚིག་སྡུད་ལའོ། །ཨ་ཡིག་མཐའ་ཅན་ནི་རྀ་ཏ་ཕ་རོལ་ལ་ རབ་ཏུ་ཐོག ལུས་རྒྱགས་པ་འམ་འཇིགས་པ་མེད་པ་འམ་བརྟན་པ། བློ་རྐྱས་པའམ་བརྟན་གར་ཏུ་འདོད་པ། རྣམ་དབྱེ་གསུམ་
བའི་ཚིག་སྡད་ལ་གཉིས་དག་གིས་གཅིག་འཕེལ་བར་འགྱུར་ཏེ། རབ་ཏུ་འདོད་པ། སུ་ཁེ་ན་རྀ་ཏ༔ཞེས་པ་ལ། སུ་ཁཱ་རྟ་སོགས་སོ། །པྲ་བ་ཏྶ་བཏྶ་ཏར་ཀ་མྦ་ལ་བ་ན་ད་ཤཱ་རྞཱ་ཎཱ་མྲྀ་ཎེ། པྲ་བ་ཏྶ། བཏྶ་ཏར། ཀ་མྦ་ལ བ་ས་ན ད་ཤ རྀ་ཎ་རྣམས་ཀྱི་རྀ་ཎ་ལའོ། །པྲ་བཏྲ་ པཏྶ་ བཏྶ་ཏ་ར ཀ་མྦ་ལ་
བ་ས་ན ད་ཤ རྀ་ཎ་རྣམས་ཀྱི་ཕ་རོལ་ཏུ་རྀ་ཎ་བྱུང་ན་གཉིས་དག་གིས་གཅིག་འཕེལ་བར་འགྱུར་ཏེ། བདེ་བས་ཟིན། པྲཱ་རྞ༔། རབ་ཏུ་བུ་ལོན། བ་ཏྶ་ཏ་རཱ་རྞ༔། བེའུ་མཆོག་གི་བུ་ལོན། བ་ས་ནཱ་རྞ༔། གོས་ཀྱི་བུ་ལོན། ད་ཤ་རྞ༔། བཅུའི་བུ་ལོན།
เล่ม ๒๐๘ · หน้า 34a
རྀ་ཎཱ་རྞ༔། ཨུ་པས་རྒཱ་དྲྀ་ཏི་དྷཱ་ཏཽ། ཉེར་བསྒྱུར་ལས་བྱིངས་རྀ་ཏ་ལའོ། །ཉེར་བསྒྱུར་ཨ་ཡིག་མཐའ་ཅན་ལས་བྱིངས་ཀྱི་ཐོག་མའི་རི་ཏ་ཕ་རོལ་ལ་གཉིས་དག་གིས་གཅིག་འཕེལ་བར་འགྱུར་ཏེ། ཨུ་པ་རི་ཙྪ་ཏི་ཞེས་པ་ལ། ཨུ་པཱ་རྩྪ་ཏི། དེ་བཞིན་དུ། བྲཱ་རྩྪ་ཏི་སོགས་སོ། །
རྀ་ཏ་ཅེས་ཏ་སྒྱུར་བ་ བུ་ལོན་གྱི་བུ་ལོན། ནི་རཱྀ་འགག་པའི་དོན་ན། །བཱ་སུ་པྨ་པི་ཤ་ལ༔། ཨཱ་བི་ཤ་ལིའི་སུབ་ལ་ཡང་ནའོ། །བྲ་བ་ཐོགས་པ་ཨ་ཡིག་མཐའ་ཅན་ལ་སུ་པ་ཀྱི་བྱིངས་ཀྱི་ཐོག་མའི་རྀ་ཏ་འང་ཡང་ན་འཕེལ་བར་འགྱུར་བ་སྔོན་གྱི་དྲང་སྲོང་ཨཱ ཉེ་བར་འགྲོ། བི་ཤ་ལི་འདོད། རབ་ཏུ་འགྲོ་བ་དེ། ཨུ་པ་
རྀ་ཥ་བྷཱི་ཡ་ཏི་ཞེས་པ་ལ། ཨུ་བཱ་རཱ་བྷཱི་ཡ་ཏི། འགྲེལ་བར་སྐབས་འགར་རྀ་ཏ་ལ་བཤད་པའི་ཆོ་ག་རྣམས་ལ་ཏ་ལའང་འཇུག་གོ་ཞེས་བྱུང་བས། པྲ་ལྀ་ཀཱ་རཱི་ཡ་ཏི་ཞེས་པ་ལ། པྲཱལྐཱ་རཱི་ཡ་ཏི། པྲ་ལྐཱ་རཱི་ཡ་ཏི། ཨེ་དི་བ་ར་རཱུ་པཾ། ཨེང་ལ་ཕ་རོལ་གྱི་གཟུགས་སོ། །ཉེར་བསྒྱུར་ཨ་
ཡིག་མཐའ་ཅན་རྣམས་ཀྱི་ཨེང་སོ། དྲང་སྲོང་བཞིན་ཉེ་བར་སྦྱོད། སོར་བསྡུ་བའི་ཡི་གེ་དང་པོའི་བྱིངས་ཕ་རོལ་ལ་གཉིས་དག་གིས་གཅིག་ཕ་རོལ་གྱི་གཟུགས་སུ་འགྱུར་ཏེ། པྲ ཨེ་ཛ་ཏི་ཞེས་པ་ལ། པྲེ་ཛ་ཏི། རབ་ཏུ་ལྀ་འདོད་པར་བྱེད་དུ་འཇུག ཨུ་པ། ཨོ་ཁ་ཏེ་ཞེས་པ་ལ། ཨཱུ་པོ་ཁ་ཏེ། ཨེ་དཱ་དཽ་སུ་བྷ་ཏཽ་བཱ།
ཨེང་དང་པོའི་སུབ་ཀྱི་བྱིངས་ལ་ཡང་ནའོ། །ཉེར་བསྒྱུར་ཨ་ཡིག་མཐའ་ཅན་རྣམས་ཀྱི་ཨེང་དང་པོའི་སུབ་ཀྱི་བྱིངས་ཕ་རོལ་ལ་ཕ་རོལ་གྱི་གཟུགས་སུ་བསྒྱུར་བ་དང་འཕེལ་བ། རབ་ཏུ་གཡོ་བར་བྱེད། ཡང་ན་བར་བྱ་སྟེ། ཨུ་པ་ཨེཌ་ཀཱི་ཡ་ཏི་ཞེས་པ་ལ། ཨུ་པི་ཌ་ཀཱི ཉེ་བར་སྲེག་པར་བྱེད། ཡ་ཏི། ཨུ་པེ་
ཌཀཱི་ཡ་ཏི། པྲ ཨོགྷཱི་ཡ་ཏི་ཞེས་པལ། བྲཽ་གྷཱ་ཡ་ཏི། པྲོ་གྷཱི་ཡ་ཏི། འགྲལ་པར་ལུང་དྲངས་པ། ཤ་ཀཾ་ངྡྷ་དི་ཥུ་པར་རཱུ་པཾ་པཱ་ཙྱཾ། ཤ་ཀཾ་ངྔྷུ་ལ་སོགས་པ་རྣམས་ཕ་རོལ་གྱི་གཟུགས་སུ་བརྗོད་དོ། །ཤ་ཀཾ་ངྷུ་ལ་སོགས་པ་ཕ་རོལ་གྱི་གཟུགས་ལེགས། ཉེ་བར་ལུས་བཞིན་སྦྱོད་པར་བྱེད།
པ་རྣམས་སུ་འགྱུར་ཏེ། ཤ་ཀ ཨནྡྷ་ཞེས་པ་ལ། རབ་ཏུ་ཆུ་རླབས་བཞིན་སྦྱོད། ཤ་ཀ་ནཱྷ༔། ཁྲོན་པ་ཆུ་སྐམས་པ། ཀ་རྐ། ཨ་ནྡཱུ་ཞེས་པ་ལ། ཆེ་བ་ཁ། ཀུ་ལ། ཨ་ཊཱ་ཞེས་པ་ལ། ཀུ་ལ་ཊཱ། དགེ་སློང་མ། རི་ལ་སློང་མ། སཱི་མ་ན་ ཨ་ནྟ་ཞེས་པ་ལ། སཱི་མནྟ༔། སྐྲ་མཚམས། ཧ་ལ། ཨཱི་ཥཱ་ཞེས་པ་ལ། ཧ་
เล่ม ๒๐๘ · หน้า 34b
ཡཱི་ཥཱ། ལཱཾག་ལ ལཱཾ་ཥཱ་ཞེས་པ་ལ། ལཱཾ་ག་ལཱི་ཥཱ། མ་ནས། ཨཱི་ཥཱ མ་ནཱི་ཥཱ། མ་ནཱིཥཱ། པ་ཏཏ། ཨ་ཉྫ་ལི་༔ཞེས་པ་ལ། །པ་ཏ་ཉྫ་ལི༔། སཱ་ར་ཨཾ་ག་ཞེས་པ་ལ། སཱ་རཾ་ག། འགྲེལ་བར་ལུང་དྲངས་པ། ཨེ་བེ་ཙཱ་ནི་ཡོ་གེ། ཨེ་བ་ལའང་མི་སྦྱོར་བ་ལའོ། །ཨ་ཡིག་མཐའ་ཅན་གྱི་ཨེ་བ་ཕ་རོལ་ལ་མི་
ཐོབ་པའི་ཆང་བཟུང་། སྦྱོར་བ་རྟོགས་པར ཐོང་གཤོལ། བྱེད་པ་ལ་ཕ་རོལ་གྱི། བློ་གྲོས། གཟུགས་སུ་ སྙུང་བ་སྙིམ་པས་བླངས་པ། དྲང་སྲོང་བ་ཏ་ཉྫ་ལི། འགྱུར་ཏེ། ཀྲིཥྞ་སཱར། ཨ་དྱ་ཨ་བ་ཞེས་པ་ལ། ཨ་དྱེ་བ༔། མི་སྤྱོར་བ་མ་ཡིན་ན་འཕེལ་བ་བྱས་པས། ཨ་དྱཻ་བ་ཏི་ཥྞ། ཨོ་ཏྭོ་ཥྛ་ཡོ༔ས་མཱ་སེ་བཱ། ཨ་ཏུ་
ཨོ་ཥྛ་དག་ལས་ཚིག་སྡུད་ལ་འང་ངོ་། །ཨ་ཡིག་མཐའ་ཅན་གྱི་ཨོ་ཏུ་དང་ཨོ་ཥྛ་དག་ཕ་རོལ་ལ་ཚིག་སྡུད་ལ་གཉིས་དག་གིས་གཅིག་ཕ་རོལ་གྱི་གཟུགས་སུ་ཡང་ན་འགྱུར་ཏེ། དེ་ཉིད་དུ་སོང་། སྛཱུ་ལོ་ཏུ༔། སྠཱ་ལཽ་ཏུ༔། བི་མྦོ་ཥྛ༔། བི་མྤཽ་ཥྛ༔། དེ་ཉིད་སྡོད། ཚིག་སྡུད་ཅན་མིན་ན་འཕེལ་བ་ཁོ་
ན་སྟེ། ཏ་བ་ ཨོ་ཥྛ༔ལ། ཏ་བཽ་ཥྛ༔། ཨོམཱ་ངོཤྩེ། ཨོ་དང་ཨཱང་དག་ལའོ། །ཨ་ཡིག་མཐའི་ཨོཾ་དང་ཨཱང་དག་ཕ་རོལ་ལ་གཉིས་དག་གིས་གཅིག་ཕ་རོལ་གྱི་གཟུགས་སུ་འགྱུར་ཏེ། །བྱི་ལེ་སྦོམ་པོ། བིམཱའི་མཆུ་སྟེ་མཆུ་ཤིན་ཏུ་དམར་བ། བུ་དྡྷཱ་ཡ། ཨོཾ་ནམ༔ཞེས་པ་ལ། བུ་དྡྷ་ཡོཾན་མ༔།
དེ་བཞིན་དུ། ཤི་བ་ ཁྱོད་ཀྱི་མཆུ། ཨཱ་ཡ་ཐ༔་ཞེས་པ་ལ། ཤི་བཱ་ཡ་ཐ༔། ཨ་བྱ་ཀྟཱ་ནུ་ཀ་ར་ཎ་སྱཱ་ཏ་ཨི་ཏཽ། མི་གསལ་བ་རྗེས་སུ་བྱ་བའི་ཨཏ་ཀྱི་ཨི་ཏི་ལའོ། །སྒྲ་མི་གསལ་པ་རྗེས་སུ་བྱ་བའི་ཨ་ཏ་ཀྱི་ཨི་ཏི་ཕ་རོལ་ལ་གཉིས་དག་གིས་གཅིག་ཕ་རོལ་གྱི། སངས་རྒྱས་ལ་རབ་ཏུ་ཕྱག་འཚལ་ལོ། །
གཟུགས་སུ་ཡང་བསྒྱུར་བར་བྱ་སྟེ། པཊཏ ཨི་ཏི་ཞེས་པ་ལ། གང་ལས་ཞིག པཊིཏི། འགྲེལ་པར་མཚན་ཉིད་དེ་རྣམས་ཚང་ཡང་རྟགས་དེ་ཨ་ཙམ་མང་པོ་ཡོད་པ་མ་ཡིན་པ་ཨཙ་གཙིག་པ་ཡིན་ན་ཕ་རོལ་གྱི་གཟུགས་སུ་མི་འགྱུར་རོ་ཞེས་བཤད་པས། ཤད ཨི་ཏི་ཞེས་པ་ལ། ཤྲ་དི་ཏི་
སོགས་སོ། །ནཱ་མྲེ་ཌི་ཏ་སྱཱཾ་ཏྱ་ཏུ་སྱ་པཱ། བསྐྱུར་བའི་མཐའི་མ་ཡིན་ཏེ་ཏའི། དང་འདི། ཡང་ནའོ། །མི་གསལ་བ་རྗེས་སུ་བྱ་བའི་ཨ་ཏ་མཐའི་བསྐྱར་བ་སྟེ་གཉིས་བརྗོད་པ་ལ་ཨི་ཏི་ཕ་རོལ་ལ་ཨ་ཏ་གཉིས་དག་གིས་གཅིག་ཕ་རོལ་གྱི་གཟུགས་སུ་མི་འགྱུར་ལ། ཏ་ཉིད་ཕ་རོལ་གྱི་ འོག་རླུང་འདི།
เล่ม ๒๐๘ · หน้า 35a
གཟུགས་སུ་ཡང་ན་འགྱུར་ཏེ། པ་ཊ་ཏ་པ་ཊ་ཏ་ ཨི་ཏི་ཞེས་པ་ལ། པ་ཊ་ཏ་པ་ཏི་འམ་ཡང་ན་པ་ཊ་ཏ་པ་ཊ་དི་ཏི། ཨ་ཀ༔ས་བརྞེ་དཱི་རྒྷ༔། ཨ་ཀ་གི་འདྲ་བ་ལ་རིང་བོའོ། །ཨ་ཀ་སོ་སོར་བསྡུ་བའི་མཐའ་རྣམས་ཀྱི་ཨ་ཀ་སོ་སོར་བསྡུ་བའི་ཡི་གེ་འདྲ་བ་ཕ་རོལ་ལ་གཉིས་དག་གིས་
གཅིག་རིང་བོར་འགྱུར་ཏེ། །དཻ་ཏྱ ཨ་རི་ཞེས་པ་ལ། དཻ་ཏྱཱ་རི༔། ཤྲཱི་ཨི་ཤ་ཞེས་པ་ལ། །ཤྲཱི་ཤ༔། བི་ཥྞྱུ ཨུ་ད་ཡ༔ཞེས་པ་ལ། བིཥྞུ་ད་ཡ༔སོགས་སོ། །འགྲེལ་བར་ལུང་དྲངས་པ། །རྀ་ཏི་ས་བརྞེ་རྀ་ཏ་བའཱ། ཪྀ་ཏ་འདྲ་བ་ལ་རྀ་ཏ་ཡང་ནའོ། །རྀ་ཏ་མཐའ་ཅན་གྱི་རྀ་ཏ་འདྲ་བ་ཕ་རོལ་ལ་གཉིས་དག་
གིས་རྀ་ཏ་དུ་བསྒྱུར་བ་དང་རིང་པོར་བསྒྱུར་བ་ཡང་ན་བར། །ལྷ་མིན་དགྲ། དཔལ་དབང་ཕྱུག། །བྱ་སྟེ། ཧོ་ཏྲི། རྀ་ཀཱ་ར༔ཞེས་པ་ལ། ཁྱབ་འཇུག་དར་བ། ཧོ་ཏྲྀ་ཀཱ་རེ༔འམ་ཡང་ན་ཧོ་ཏྲཱྀ་ཀཱར༔སོགས་སོ། །ཡང་འགྲེལ་པར་ལུང་དྲངས་པ། །ལྀ་ཏི་ལྀ༔ལྀ་ཏ་ལ་ལྀའོ། །ཪྀ་ཏ་མཐའ་ཅན་གྱི་ལྀ་ཏ་ཕ་རོལ་ལ་ཡང་
ན་གཉིས་དག་གིས་གཅིག་ལིར་འགྱུར་ཏེ། ཧོ་ཏྲི ཧོ་ཏྲི་ རྀ་ཀཱ་ར༔ཞེས་པ་ལ། ཧོ་ཏཱི་ཀཱ་ར༔ཞེས་པའང་ཧོ་ཏྲཱྀ་ཀཱ་ར༔ལྟ་བུའོ། ནཱ་ཛྫྷ་ལཽ། ཨ་ཅ་དང་ སྦྱིན་སྲེག་མཁན་གྱི་རྀ་ཡིག། ཧ་ལ་དག་ལ་མ་ཡིན་ནོ། །སྐྱེ་གནས་འདྲ་བ་ཡིན་ཀྱང་ཨ་ཙ་དང་ཧ་ལ་དག་རིང་པོར་བསྒྱུར་བ་སོགས་བྱ་བ་མ་ཡིན་ཏེ། །ཀུ་མཱ་
རཱི། ཤེ་ཏེ། ཞེས་པ་ལྟ་བུ་ཨཱི་དང་ཤ་སྐྱེ་གནས་གཅིག་ཀྱང་རིང་བོར་མི་འགྱུར་བས། །སྦྱིན་སྲེག་མཁན་གྱི་ལྀ་ཡིག། །ཀུ་མཱ་རཱི་ཤེ་ཏེ་ཞེས་པ་ཉིད་དུ་གནས་པ་ལྟ་བུའོ། །ཨེང༔བ་དཱ་ནྟཱ་ད་ཏི། ཨེང་ལས་ཚིག་མཐའ་ལས་ཨ་ཏ་ལའོ། །ཨེང་ཚིག་མཐར་གྱུར་པ་ལས་ཨ་ཏ་ཕ་རོལ་ལ་གཉིས་དག་གིས་གཅིག་
སྔོན་མའི་གཟུགས་སུ་འགྱུར་ཏེ། ཨ་སྣེ། ཨ་ཏྲ་ཞེས་པ་ལ། །ཨ་གྣེ་྅་ཏྲ། བཱ་ཡོ། ཨ་ཏྲ་ཞེས་པ་ལ། གཞོན་ནུ་མཉལ་བར་བྱེད། པཱ་ཡོ་྅་ཏྲ་སོགས་སོ། །ས་རྦ་ཏྲ་བི་བྷཱ་ཥཱ་གོ༔། ཐམས་ཅད་དུ་འད་མ་ཀ་གོ་ལའོ། གོའི་ཨ་ཏ་ཕ་རོལ་ལ་གཉིས་དག་གིས་གཅིག་སྔོན་མའི་གཟུགས་སུ་བསྒྱུར་བ་དང་
རང་བཞིན་དུ་གནས་པ་ཐམས་ཅད་དུ ཀྱེ་མེ་འདིར། ཀྱེ་མེ་འདིར། འདམ་ཀ་ཅན་དུ་བྱ་སྟེ། །གོ ཨ་གྲཾཞེས་པ་ལ། ཀྱེ་རླུང་འདིར། ས་མཆོག། གོ་྅་གྲཾ་འམ་ཡང་ན་གོ་ཨ་གྲཾ་ཉིད་དོ།། ས་མཆོག། ཨ་ཝང་སྥོཊཱ་ཡ་ན་སྱ། སྥོ་ཊཱ་ཡ་ནའི་ཨ་ཝང་ངོ་། །གོའི་མཐའ་ཨ་ཙ་ཕ་རོལ་ལ་ཡང་ན་ཨ་ཝང་དུ་བསྒྱུར་
เล่ม ๒๐๘ · หน้า 35b
བར་སྔོན་གྱི་དྲང་སྲོང་སྤོཊཱ་ཡ་ནས་བཤད་དེ། གོ ཨཱི་ཤ༔ཞེས་པ་ལ། ག་ཝ་ཤ༔འམ། ཡང་ན་ག་བཱི་ཤ༔སོགས་སོ། །འགྲེལ་བར་ལུང་དྲངས་པ། །ཨི་ནྡྲེ་ཙ་ནི་ཏྱཾ། ཨིནྡྲ་ལ་འང་རྟག་ཏུ་འོ། །གོའི་མཐའ་ཨི་ནྡྲ་དཔའ་ང་སྒྲས་ཨ་ཀྵ་ཕ་རོལ་ལ་ཨ་ཝང་དུ་རྟུག་ཏུ་འགྱུར་ཏེ། གོ ཨི་ནྡྲ་ཞེས་པ་ལ།
ག་བེ་ནྡྲ༔། གོ ཨ་ཀྵ་ཞེས་པ་ལ། གཔཱ་ཀྵ༔། ཨུ་ཉ༔། ཨུ་ཉ་ལས་སོ། །ཨུ་ཉ བ་ལར་དབང་ཕྱུག། །སྟེ་ཨུ་ཞེས་པ་འདི་ཨི་ཏི་ཕ་རོལ་ལ་ཝྲ་ཞེས་པར་འགྱུར་བ་དང་རང་བཞིན་དུ་གནས་པ་ཡང་ན་བར་བྱ་སྟེ། །ཨུ་ཏི། བི་ཏི། མ་ཡ་ཨུ་ཉོ་བོ་བཱ། མ་ཡ་ལས་ཨུ་ཉའི་བྲ་ཡང་ནའོ། མ་ཡ་སོ་སོར་བསྡུ་བ་ལས་ཕ་རོལ་
པ་ཡང་གི་དབང་བོ། གྱི་ཨུ་ཉ་ཨ་ཙ་ བ་ལང་མིག་སྟེ་སྐར་ཁུང་ངོ་། ཕ་རོལ་ལ་བྲ་རུ་ཡང་ན་འགྱུར་ཏེ། ཀི་མུ། ཨུ་ཀྟཾ་ཞེས་པ་ལ། །ཀི་མྦུ་ཀྟཾ་འམ་ཡང་ན་ཀི་མུ་ཨུ་ཀྟཾ་སོགས་སོ། །ཨི་ཀོ་྅ས་བརྞེ་ཤཱཀ་ལྱ་སྱ་ཧྲ་སྭ་ཤྩ། ཨུ་འདི། ཨི་ཀ་གི་འདྲ་བ་མ་ཡིན་པ་ལ་ཤཱ་ཀ་ཡྱ་ཀྱི་ཐུང་དུ་ཡང་ན་འོ། །ཨི་ཀ་སོ་སོར་
བསྡུ་བའི་མཐའི་འདྲ་བ་མ་ཡིན་པའི་ཨ་ཙ་ཕ་རོལ་ལ་ཡང་ན་རང་བཞིན་དུ་གནས་ཤིང་རིང་པོ་ཡིན་ན་ཐུང་ངུར་རམ་ཡང་ན། ཅི་བརྗོད། འགྱུར་བར་སྔོན་གྱི་ ཅི་སྨྲ་བར་བྱེད། དྲང་སྲོང་ཤཱ་ཀ་ལྱ་ཀྱི་འདོད་པ་སྟེ། །ཙ་ཀྲཱི ཨ་ཏྲ་ཞེས་པ་ལ། གཟུགས་གསུམ་སྟེ། ཙ་ཀྲི་ཨ་ཏྲ། ཙ་ཀྲཱི་ཨ་ཏྲ། ཙ་ཀྲྱ་ཏྲ་སོགས་
སོ། །རྀ་ཏྱ་ཀ༔། རྀ་ཏ་ལ་ཨ་ཀ་གིའོ། །རྀ་ཏ་ཕ་རོལ་ལ་ཨ་ཀ་མཐའི་མཚམས་སྦྱོར་བྱ་བ་དང་མི་བྱེད་པ་དང་ཐུང་ངུར་བསྒྱུར་བ་སོགས་སྔོན་མ་ལྟར་དུ་བྱ་སྟེ། པྲ་ཧྨྲ་རྀ་ཥི་ཞེས་པ་ལ། པྲ་ཧྨ་རྀ་ཥྀ༔། པྲ་ཧྨ་རྀ་ཥི༔། བྲ་ཧྨ་རྵི༔སོགས་སོ། །ཨི་ཏི་པཱ་ཎི་ནི་ རྒྱལ་བོ་འདི་འམ་གསལ་པ་འདི་འམ་འཁོར་ལོ་ཅན་འདི།
བྱཱ་ཀ་ར་ཎ་སྱ་ས་ནྡྷེ༔་སཱུ་ཏྲཱ་ད་ཙ་ས་ནྡྷ་ཡ༔ས་མཱ་པྟཱ༔། །ཞེས་བ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མཚམས་སྦྱོར་གྱི་མདོ་ལས་ཨ་ཙ་མཚམས་སྦྱོར་རྣམས་རྫོགས་སོ།། །།གསུམ་པ་དམིགས་བསལ་རང་ཚངས་བ་དྲང་སྲོང་། །བཞིན་དུ་གནས་པའི་མཚམས་སྦྱོར་ནི། ཨ་ཙོ་ནྡྱཱ་དི་ཊི། ཨ་ཙའི་མཐའ་ལ་སོགས་པ་
ཊིའོ། །བྱིངས་སམ་མིང་ངམ་ཚིག་གང་གིའང་སྐབས་སུ་མཐའི་ཨ་ཙ་དང་མཐའ་ན་ཧལ་སྲོག་མེད་དང་བཅས་པའི་ཨ་ཙ་ལ་འང་ཊི་ཞེས་དགོས་པའི་ཆེད་དུ་མིང་འདོགས་བྱེད་དོ། །དཱུ་རཱ་དྡྷཱུ་ཏེ་ཙ། རིང་པོར་བོད་པ་ལ་ཡང་ངོ་། །ཐག་རིང་པོ་ནས་བོད་པའི་ཊི་ལ་བླུ་ཏ་ཞེས་མིང་འདོགས་སོ། །བླུ་ཏ་པྲ་
เล่ม ๒๐๘ · หน้า 36a
གྲྀ་ཏྱཱ་ཨ་ཙི། པླུ་ཏ་རང་བཞིན་གྱི་ཨ་ཙ་ལའོ། །བླུ་ཏའི་མིང་ཅན་གྱི་ཨ་ཙ་ཕ་རོལ་ལ་རང་བཞིན་དུ་གནས་ཀྱི་མཚམས་སྦྱོར་བྱ་བ་མ་ཡིན་ཏེ། ཧེ་དེ་བ་ད་ཏྟ་྅་ཨ་ཏྲ། ཧེ་ཡ་ཛྙ་ད་ཏྟ་྅་ཨ་ཏྲ། ཉེ་ཡ་ཛྙ་ད་ཏྟ་྅་ཨི་དཾ། ཨཱི་དཱུ་དེ་ཏ་དྭི་བ་ཙ་ན་བྲ་གྲྀ་ཏྱཾ། ཨཱི་ཏ་ ཨཱུ་ཏ་ ཨེ་ཏ་གཉིས་ཀྱི་ཚིག་རང་བཞིན་ནོ། །ཨཱི་ཏ་དང་ཨཱུ་ཏ་དང་
ཨེ་ཏ་གཉིས་ཀྱི་ཚིག་ཅན་རྣམས་ཨ་ཙ་ཕ་རོལ་ལ་མཚམས་སྦྱོར་བ་མ་ཡིན་གྱི་རང་བཞིན་དུ་གནས་ཏེ། ཨ་གྣཱི་ཨ་ཏྲ། བཱ་ཡཱུ་ཨི་ཏི། གཱཾ་གེ་ཨ་མཱུ་སོགས་སོ། །མ་ཎཱིབཱ་དེ་རྣ། ཀྱེ་ལྷས་བྱིན་འདིར། ཀྱེ་མཆོད་སྦྱིན་འདིར། མ་ཎཱི་ཨི་བ་སོགས་ཀྱི་མ་ཡིན་ནོ། །གཉིས་ཀྱི་ཚིག་ཅན་ཡིན་ཀྱང་མ་ཎཱི་ལ་སོགས་པ་རྣམས་
ཀྱི་ཨི་བ་ཕ་རོལ་ལ་རང་བཞིན་དུ་གནས་པ་མ་ཡིན་གྱི་མཚམས་སྦྱོར་བ་ཁོ་ན་སྟེ། མ་ཎཱི ཨེ་བ་ཞེས་པ་ལ། མེ་དག་འདིར། རླུང་དག་ཅེས་པ། གཾ་གཱ་དག་འདིར། མ་ཎཱི དེ་བཞིན་དུ། དམྤ་ཏཱི་པ། རོད་སཱི་པ། ཛ་མྦ་ཏཱི་བ་སོགས་སོ། །ཨ་དས་ཀྱི་མ་ལས་སོ། །ཨ་དས་ཀྱི་དམར་བསྒྱུར་བའི་མཐའི་ཨཱི་ཏ་
དང་ཨཱུ་ཏ་དག་ཨ་ཙ་ཕ་རོལ་ལ་མཚམས་སྦྱོར་བ་མ་ཡིན་ཏེ། ཨ་མཱི་ཨཱི་ཤཱ༔། ཨ་མཱུ་ཨཱ་སཱ་ཏེ། ནི་པཱ་ཏ་ཨེ་ཀཱ་ཛ་ནཱང་། ཨཱང་མ་ཡིན་པའི་ནི་པཱ་ཏ་ ནོར་བུ་འདྲ་བ། ཁྱོ་ཤུག་འདི་འམ་བཟའ་མི་འདི། འབྱོར་བའི་བདག་པོ་འདི། ཨ་ཙ་གཅིག་པའོ། །ཨཱ་ངམ་ཡིན་པ་སྟེ་ཅུང་ཟད་དོན་དང་མངོན་ཁྱབ་ལ་སོགས་དོན་དུ་
མ་ལ་འཇུག་པའི་ཨཱང་བོར་བའི་ཨ་ཙ་གཅིག་པ་ནི་པཱ་ཏའི་མིང འདི་རྣམས་དབང་ཕྱུག་འདི་དག་སྡོད་པ་བྱེད། ཅན་རྣམས་ཨ་ཙ་ཕ་རོལ་ལ་མཚམས་སྦྱོར་བ་ན་ཡིན་ཏེ། ཨ་ཨ་ན་ནྟ༔། ཨི་ཨི་ནྡྲཾ་བ་ཤ༔། ཨཱ་ ཨེ་ཝཾ། ཨཱང་ཡིན་ན་མཚམས་སྦྱོར་ཏེ། །ཨཱ་ ཨུ་ཏྟ་མ༔ཞེས་པ་ལ། ཨོ་ཏྟ་མ༔།
སོགས་སོ། །ཨོ་ཏ། ཨོ་ཏ་འོ། ཨོ་ཏ་མཐའི་ནི་བཱ་ཏའི་མིང་ཅན་རྣམས་ཀྱང་ཨ་ཙ་ཕ་རོལ་ལ་མཚམས་སྦྱོར་བ་མ་ཡིན་ནོ། །ཨ་ཧོ ཨཱི་ཤ༔། ཁྱབ་འཇུག་མཐའ་ལས་ འདིར་དབར་བོ་བལྟས། དབང་ཕྱུག་ཨུ་མའི་བདག་པོ། ཇི་འདྲར་དེ་ཉིད། ཨཱ་ཐོ་ ཨེ་བཾ་སོགས་སོ། །འགྲེལ་བར་ཉེ་དང་ཧཻ་དག་ཀྱང་། ཅུང་ཟད་མཆོག།
ཨ་ཙ་ཕ་རོལ་ལ་མཚམས་མི་སྦྱོར་རོ་ཞེས་བྱུང་བས། ཧེ ཀྱེ་དབང་ཕྱུག། ཨི་ཤ། ཧཻ ཀྱེ་ཨུམ ཨུ་མཱ། ཨི་ཏི་པཱ་ཎི་ནི་བྱཱ་ཀ ཨེ་མ་དབང་ཕྱུག། ར་ཎ་སྱ་ས་ནྦྷེ༔སཱུ་ཏྲཱ་ཏྤྲ་ཀྲྀ་ཏི༔ས་ནྦྷ་ཡ༔ས་རཱ་པྟཱ༔། ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མཚམས དེ་ནས་འདི་ལྟར། སྦྱོར་གྱི་མདོ་ལས་རང་བཞིན་དུ་གནས་པའི་མཚམས་སྦྱོར་
เล่ม ๒๐๘ · หน้า 36b
རྣམས་རྫོགས་སོ།། །།མཚམས་སྦྱོར་བཞི་བ་ཧལ་གྱི་མཚམས་སྦྱོར་ནི། སྟོ་ཤྖུ་ནཱ་ཤྩུ༔། ས་ཏུའི་ཤཙུལ་ཤཙུའོ། །ས་ཡིག་དང་ཏུ་སྟེ་ཏ་སྟེ་རྣམས་ཤ་ཡིག་དང་ཙུ་སྟེ་ཅ་སྡེ་ཕ་རོལ་ལས་ཤ་དང་ཊུ་སྟེཊ་སྡེ་ཕ་རོལ་ལས་ཥ་དང་ཏ་སྡེ་རྣམས་ཊ་སྡེར་འགྱུར་ཏེ། རཱ་མསྲ། ཤེ་ཏེ་ཞེས་པ་ལ། །རཱ་མ་ཤྴེ་ཏེ། །རཱམ་སྲ། ཙི་ནི་ཏི་
ཞེས་པ་ལ། །རཱ་མ་ཤྩི་ནོ་ཏི། ས་ཏྲ་ཙིཏ། ཅེས་པ་ལ། ས་ཙྩིཏ། བྷ་ག་བཱ་ན ཛ་ཡཿཞེས་པ་ལ། བྷ་ག་བཱ་྅ྫཡཿ་སོགས་སོ། །ཥྚུ་ནཱ་ཥྚུཿ ཥ་ཊུ་ཡི་ཥ་ཊའོ། །ས་ཡིག་དང་ཏ་སྡེ་རྣམས་ཥ་ཡིག་དང་ཊུ་སྡེ་ཊ་སྡེ་རྣམས་ཊ་སྡེར་འགྱུར་ཏེ། །རཱ་མས་ཥཥྛ༔དགའ་བྱེད་ཉལ་བར་བྱེད།
དགའ་བྱེད་གསོག་པར་བྱེད། ཞེས་པ་ལ། རཱ་མ་ཥྵ་ཥྛ༔། དམ་པའི་སེམས། རཱ་མས། ཊཱི་ཀ་ཏེ། ཞེས བཅོམ་ལྡན་འདས་རྒྱལ་བ། པ་ལ། རཱ་མ་ཥྜཱི་ཀ་ཏེ། ཏཏ་ཊཱི་ཀ་ཏེ། ཞེས་པ་ལ། ཏཊྚཱི་ཀ་ཏེ། བྷག་བཱ་ན། ཊཱི་ཀ་ཏེ། ཞེས་པ་ལ། བྷ་ག་བཱ་ཎྚཱི་ཀ་ཏེ། ན་པ་དཱ་ནྟཱ་ཊྚོར་ནཱ་མ། ཚིག་མཐའི་ཊུ་ལས་ནཱ་མ་མ་
ཡིན་པའི་མ་ཡིན་ནོ། །ཚུ་རོལ་ཚིག་མཐའ དགའ་བྱེད་དྲུག་ག ན་ཊ་སྡེ་ཡོད་ཅིང་ཕ་རོལ་ཏུ་རྣམ་དབྱེ་དྲུག་པའི་ དགའ་བྱེད་འགྲེལ་བཤད་བྱེད་དམ་རྒྱ་ཆེར་བཤད་པ་བྱེད། དེ་འགྲེལ་བཤད་བྱེད། མང་ཚིག་ནུ་ཊ་དང་བཅས་པའི་ནཱ་མམ བཅོམ་ལྡན་འདས་འགྲེལ་བཤད་མཛད། ཡིན་པའི་ས་དང་ཏ་སྡེ་བྱུང་ནས་ཏུ་དག་ཥ་
ཊུར་མི་འགྱུར་ཏེ། ཥ་ཊ། སནྟཿ ཞེས་པ་ལས་ཥ་ར་མི་འགྱུར། ཥཊྶ་ནྟཿ། ཥཊ ཏེ་ཞེས་པ་ལ། ཥཊྟེ། ནཱམ་ཅི་ཞེ་ན། ཥཎྞཾ། དྲུག་རྣམས། ཏོཥྵི། ཏུའི་ཥ་ལའོ། ཚིག་མཐའི་ཏ་སྡེ་རྣམས་ཥ་ཡིག་ཕ་རོལ་ལཊ་སྡེ་འགྱུར་བ་མ་ཡིན་ཏེ། བྷ་བཱན ཥ་ཥྛ༔ཞེས་པ་ལ། བྷ་བཱ་ནཱ་ཥྛ༔སོགས་སོ། །
ཤྭ་ཏ། ཤ་ལས་སོ། །ཚུ་རོལ་ཤ་ཡིག་ལས་ཕ་རོལ་གྱི་ཏ་སྡེ། དམ་པ་དྲུག་པ། དེ་རྣམས་དྲུག། ཥ་ཊ་ལ་ཨཱ་མ་ནུ་ཊ་མདོ་འདིས་ཏ་ཊ་ཡར་གྱི་རྗེས་སུ་སྣ་ལྡན་ལ་རྗེས་སུ་སྣ་ལྡན་ཡང་ན་འོས་ཊ་ཎ། ཊ་སྡེར་འགྱུར་བ་མ་ཡིན་ཏེ། བི་ཤན༔ཞེས་པ་ལ། བི་ཤྣ༔། དེ་བཞིན་དུ། པྲ་ཤན༔ཞེས་པ་ལ། ཁྱོད་དྲུག། ཛྷ་ལཱཾ་ཛ་ཤོ་྅་ནྟེ།
མཐའི་ཛྷ་ལ་རྣམས་ཀྱི་ཛ་ཤ་རྣམས་སོ། །ཚིག་མཐའི་ཛྷ་ལ་སོ་སོར་བསྡུ་བའི་ཡི་གེ་རྣམས་ནི་ཨ་ཤ་སོ་སོར་བསྡུ་བ་ཕ་རོལ་ལ་ཛ་ཤ་སོ་སོར་བསྡུ་བའི་ཡི་གེ་རྣམས་སུ་འགྱུར་ཏེ། །ཀ་ལཱ་པར་སྡེ་པའི་དང་པོ་ཚིག་མཐའ་རྣམས འགྲོ་བ། དབྱངས་དང་སྒྲ་ལྡན་རྣམས་ལ་གསུམ དྲཻ་བ། པ་རྣམས་སོ། །ཞེས་པ་
เล่ม ๒๐๘ · หน้า 37a
དང་འདྲའོ། །བཱ་ཀྲ་ཨཱི་ཤ༔ཞེས་པ་ལ། བཱ་གཱི་ཤ༔། ཙི་ཏ྄ རཱུབ༔ཞེས་པ་ལ། ཙི་དྲཱི་པ༔སོགས་སོ། །ཡ་རོ་྅་ནུ་ནཱ་སི་ཀེ་྅་ནུ་ནཱ་སི་ཀོ་པཱ། ཡར་གྱི་རྗེས་སུ་སྣ་ལྡན་ལ་རྗེས་སུ་སྣ་ལྡན་ཡང་ནའོ། །ཚིག་མཐའི་ཡར་སོ་སོར་བསྡུ་བའི་ཡི་གེ་རྣམས་ནི་རྗེས་སུ་སྣ་ལྡན་ཕ་རོལ་ལ་རྗེས་སུ་སྣ་ལྡན་
རྣམས་སུ་ཡང་ན་འགྱུར་ཏེ། ཀ་ལཱ་པར་ལྔ་པ་ལ་ལྔ་པ་རྣམས་ངག་གི་དབང་ཕྱུག། སུ་སྟེ་ཡང་ན་མ། ལུས་སེམས། ཡིན་པར་གསུམ་པ་རྣམས་སུའོ་ཞེས་པ་དང་འདྲའོ། །བཱ་ཀྲ མ་ན༔ཞེས་པ་ལ། བཱ་དྨ་ན༔། བྷགྨ་ན༔། ཥ་ཊ་ མ་མ་ཞེས་པ་ལ། །ཥ་ཎྨ་མ། ཥ་ཌྨ་མ། ཏུའི་ལ་ལའོ། །མཐའི་ཏ་སྡེ་
རྣམས་ལ་ཕ་རོལ་ལ་ལ་ཡིག་ཏུ་འགྱུར་ཏེ། ཏ་ཏ ལུ་ནཱ་ཏི་ཞེས་པ་ལ། ཏ་ལླུ་ནཱ་ཏི། འགྲེལ་བར་ལུང་དྲངས་པ། སཱ་ནུ་ནཱ་སི་ཀ་ནི་ར་ནུ་ནཱ་སི་ཀ་ཏྭེ་ན་ཡ་ཝ་ལཱ་དྭི་དྷཱོ། རྗེས་སུ་སྣ་ལྡན་ཅན་དང་། ངག་ཡིད། རྗེས་སུ་སྣ་ལྡན་མེད་པ་ཉིད་ཡ་ཝ་ལ་ མ་དྲུག་གི་བུ། རྣམས་ལ་གཉིས་སོ། །མཐར་གནས་
བཞི་ལས་ཡ་ཝ་ལ་གསུམ་ལ། རྗེས་སུ་སྣ་ལྡན་ཅན་དང་རྗེས་སུ་སྣ་ལྡན་མེད་དེ་གཅོད་པར་བྱེད། པ་གཉིས་སུ་དབྱེ་བ་ལས། སྣ་ལྡན་ཅན་ལ་ཚིག་མཐའི་ན་ཡིག་ལ་ཡིག་ཏུ་བསྒྱུར་བའི་སྔོན་དུ་སྣ་ལྡན་མཚོན་བྱེད་ང་རོར་འདྲི་སྟེ། བི་དྭཱ་ན། ལི་ཁ་ཏི། ཞེས་པ་ལ། བི་དྭཱཾ་ལླི་ཁ་ཏི། དེ་བཞིན་དུ།
བྷ་བཱ་ན་ ལི་ཁ་ཏི། ཞེས་པ་ལ། བྷ་བཱཾ་ལླི་ཁ་ཏི། ཨུ་ད༔སྛྭ་སྟ་མྦྷོ་པཱུ་རྦ་སྱ། ཨུ་ཏ་ལས སྠཱ་ སྟ་མྦྷ་དག་གི་སྔོན་མའི་འོ། །ཨུ་ཏ་ལས་ཕ་རོལ་ཏུ་སྠཱ་ནཾ་དང་སྟ་མྦཱ་ནཾ་དག་གིས་ཡིག་ནི་སྔོན་མའི་གཟུགས་སུ་འགྱུར་ཏེ། ཨུ་ཏ སྠཱ་ན། ཞེས་པ་ལ། ཨུ་རྦྤཱ་ནཾ། མཁས་པ་རི་མོ་འདྲི། དེ་བཞིན་དུ།
ཨུ་ཏ་ སྙ་མྦྷ་ནཾ། ཞེས་པ་ལ། ཨུ་ཏྙ་མྦྷ ཁྱོད་རི་མོ་འདྲི། ནཾ། ཛྷ་ཡོ་ཧོཉི་ནྱ་ཏ་ར་སྱཾཱ། ཛྷ་ཡ་ལས་ཧའི་ཡིང་ནའོ། །ཚིག་མཐའ་ཛྷ་ལ་སོ་སོར་བསྡུ་བ་ལས་ཕ་རོལ་གྱི་ཧ་ཡིན་ནི་སྔོན་མ་དེའི་སྡེ་བའི་བཞི་པ་རྣམས་སུ་ཡང་ན་འགྱུར་ཏེ། ཀ་ལཱ་པར། དེ་རྣམས ལངས་གི ཉིད་ལས་ཧ་ཡིག་སྔ་མའི་བཞི་པ་སྟེ་ཡང་ན་མ་ཡིན་ནོ་ཞེས་པ་
སྟེ་ཡང་ན་མ་ཡིན་ནོ་ཞེས་པ ཀེག་དང་འདྲ་སྟེ། བཱཀ྄་ག་དང་འདྲ་སྟེ། བཱ་ཀྲ་ ཏ་རི་ཞེས་པ་ལ། བཱ་གྒཱ་རི༔། འཕྲོག་ཁྱོད་དག། བཱ་གྟ་རི༔། དེ་བཞིན་དུ། ཨ་ཙ་ ཧ་ལཽ་ཞེས་པ་ལ། ཨ་ཛྫྷ་ལཽ། དབྱངས་གསལ་དག་ ཨ་ཛྷ་ལཽ། ཥཊ ཧ་ལཱ་ནི་ཞེས་པ་ལ། ཥ་ཌྜྷ་ལཱ་ནི། ཐོང་བ་དྲུག ཥ་ ཌྷ་ལཱ་ནི། སོགས་སོ། །ཁ་རི་ཙཿ། ཁ་རལ
เล่ม ๒๐๘ · หน้า 37b
ཙརོའོ། །མཐའི་ཛྷ་ལ་སོ་སོར་བསྡུ་བའི་ཡི་གེ་རྣམས་ནི་ཁར་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་རང་དང་སྡེ་བ་གཅིག་པའི་ཙ་ར་རྣམས་སུ་འགྱུར་ཏེ། ཏ་ད ཤེ་བ། ཞེས་པ་ལ། ས་ཏུའི་ཤ་ཙུ་སོགས་ཀྱི་དྲ་ཇ། ཨ་ཊ་ལས་ཤའི་ཚ་འོས་ཤ་ཚ། མདོ་འདིས་ཛ་ཙར་བསྒྱུར་བས། ཏ་ཙཱེ་བ༔་སོགས་སོ། །
ཤ་ཤྖོ་྅་ཊི། ཨ་ཊ་ལ་ཤའི་ཚའོ། །ཛྷ་ཡ་སོ་སོར་བསྡུ་བའི་ཕ་རོལ་གྱི་ཤ་ཡིག་ནི་ཨ་ཊ་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་ཆ་ཡིག་ཏུ་འགྱུར་ཏེ། དབེར་བརྗོད་བཤད་ཟིན་ཏོ། །འགྲེལ་པར་ཛྷ་ཡ་ལས་ཕ་རོལ་གྱི་ཤ་ཡིག་ནི་ཨ་མ་སོ་སོར་བསྡུ་བ་ཕ་རོལ་ལ་འང་ཚར་འགྱུར་དེ་ཞི་བ། རོ་ཞེས་བྱུང་བས་
ཏཏ་ ཤློ་ཀ༔། ཞེས་པ་ལ། ཤ་ཚ། ས་ཏུའི་ཤ་ཙུ་སོགས་ཀྱིས་ཏ་ཅར་བསྒྱུར་བས། ཏ་ཙྪློ་ཀ༔། མོ་྅་ནུ་སྭཱ་ར༔། མ་རྗེས་སུ་ང་རོ་འོ། །ཚིག་མཐའི་མ་ཡིག་ནི་ཧ་ལ་ཕ་རོལ་ལ་རྗེས་སུ་ང་རོར་འགྱུར་ཏེ། ཏ་མ། ཧས་ཏི། ཞེས་པ་ལ། ཏ་ཧ་ས་ཏི། སོགས་སོ། །ན་ཤྩཱ་པ་དཱ་ནྟ་སྱ་ཛྷ་ལ།
ནའི་ཚིག་མཐའ་མ་ཡིན་པ་ལའང་ཛྷ་ལ་ལའོ། །ནའི་ཚིག་མཐའ་དང་ཚིག་མཐའ་མ་ཡིན་པ དེ་ཚིགས་སུ་བཅད་པ། ལ་འང་ཛྷ་ལ་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་རྗེས་སུ་ང་རོར་འགྱུར་ཏེ། ཡ་ཤཱ་ན་སི། ཛས་ཤི། ཞེས་པ་ལ། ཡ་ཤཱཾ་སི་སོགས་སོ། །ཁྱོད་གད་མོ་དགོད། ཨ་ནུ་སྭཱ་ར་སྱ་ཡ་ཡི་པ་རས་
བ་རྞ༔། རྗེས་སུ་ང་རོའི་ཡ་ཡ་ལ་ཕ་རོལ་འདྲ་བའོ། །སྔོན་མའི་རྗེས་སུ་ང་རོ་ནི་ཡ་ཡ་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་དེ་རྣམས་ཀྱི་གང་འདྲ་བའི་ཡི་གེར་འགྱུར་ཏེ། ཏཾ ཏ་ནོ་ཏི། ཞེས་པ་ལ། གྲགས་པ་རྣམས། ཏ་ནྟ་ནོ་ཏི། ཡཾ ཀ་ར་ཏི་ཞེས་པ་ལ། ཡ་ངྐ་རོ་ཏི། སོགས་སོ། །བཱ་པ་དཱ་ནྟ་སྱ། ཚིག་
མཐའི་ཡང་ནའོ། །ཚིག་མཐའི་ང་རོ་ནི་ཡ་ཡ་ཕ་རོལ་ལ་ཡང་ན་ཕ་རོལ་གྱི་འདྲ་བ་རྣམས་སུ་འགྱུར་ཏེ། ཏཾ ཀ་རོ་ཏི། ཞེས་པ་ལ། ཏ་དྐརོ་ཏི། ཏཾ་ཀ་རོ་ཏི། སཾ་ ཡ་ནྟཱ་ཞེས་པ་ལ་མདོ་འདིས་ང་རོ་ཡང་ན་ཡང་ན་ཡར་བསྒྱུར། དེ་ཐགས་ཐོགས་ཤིག། རྗེས་སུ་སྣ་ལྡན གང་བྱེད། ཅན་དང་རྗེས་སུ་སྣ་ལྡན་མེད་པ་
ཉིད་ཡ་ཝ་ལ་རྣམས་ལ་གཉིས་སོས། ཡང་ན་སྣ་ལྡན་མཆོད་བྱེད་བྲིས་པས། །སཾ་ཡྻ་ནྟཱ། ས་ཡྻ་ནྟཱ། གླང་བོ་ཆེའི་ཁ་ལོ་སྒྱུར་མཁན། སཾ་ཡ་ནྟཱ། དེ་བྱེད། དེ་བཞིན་དུ། སཾ་བེ་ཏྶ་ར༔ ཞེས་པ་ལ། ལོ། སཾ་བྦ་ཏྶ་ར༔། ཡ ལོ་ཀཾ་ཞེས་པ་ལ། ཡཾ་ལློ་ཀཱཾ། ཡ་ལློ་ཀཾ། གང་འཇིག་
เล่ม ๒๐๘ · หน้า 38a
རྟེན། ཡཾ་ལོ་ཀཾ། སོགས་སོ། །མོ་རཱ་ཛི་ས་མ༔ཀྭཽ། སམ་གྱི་མའི་རཱ་ཛ་ཀྭི་པ་ལའོ། རཱ་ཛྲི་ཀྭི་པ་མཐའ་ཅན་ཕ་རོལ་ལ་སམ་གྱི་མ་ཡིག་ནི་མ་ཉིད་དུ་གནས་ཏེ། སམ། རྭ་ཊ་ཞེས་པ་ལ། སྭ་མྲཱཊ། ཧེ་མ་པ་རེ་བཱ། ཧ་ལ་མ་ཕ་རོལ་ལ་ཡང་ནའོ། །རྗེས་སུ་ང་རོ་ནེམ་ཕ་རོལ་ན་ཡོད་པའི་ཧ་ལ་
མར་ཡང་ན་འགྱུར་ཏེ། ཀིཾ ཧྨ་ལ་ཡ་ཏི་ཞེས་པ་ལ། ཀི་མྷྨ་ལ་ཡ་ཏ། ཀིཾ་ཧྨ་ལ་ཡ་ཏི། །ཡ་བ་ལ་པ་རེ་ཡ་བ་ལཱ་བཱ། ཡ་བ་ལ་ཕ་རོལ་ལ་ཡ་བ་ལ་རྣམས་སུ་ཡང་ནའོ། །རྗེས་སུ་ང་རོ་ནི་ཡ་ཝ་ལ། །ཡང་དག་གསལ་བ། གསུམ་གང་རུང་ཕ་རོལ་ན་ཡོད་པའི་ཧ་ལས་ཡ་ཝ་ལ་གསུམ་དུ་ཡང་ན་འགྱུར་ཏེ། ཀིཾ་
ཧྱ༔ཞེས་པ་ལ། ཀི་ཡྷྱ༔། ཀི་ཧྱ༔། ཧྨཱ་ད་ཡ་ཏི། ཅི་ལ་འགྲོ་བར་བྱེད། ཞེས་པ་ལ། ཀི་ལྷླཱ་ད་ཡ་ཏི། ཀིཾ་ཧླཱ་ད་ཡ་ཏི། ཀིཾ་ ཧྭ་ལ་ཡ་ཏི། ཞེས་བ་ལ། ཀི་བྷཱ་ལ་ཡ་ཏི། ཀིཾ་ཧྭ་ལ་ཡ་ཏི། ན་པ་རེན༔། ན་ཕ་རོལ་ལ་ནའོ། །རྗེས་སུ་ང་རོ་ན་ནི་ཕ་རོལ་ན་ཡོན་པའི་ཧ་ལ་ན་ར་ཡང་ན་འགྱུར་ཏེ། ཀིཾ ཧྚུ་ཏེ་
ཞེས་པ་ལ། མི་བ་སང་སོང་། ཀི་ཊྣཱུ་ཏེ། ཀིཾ་ཧྣུ་ཏ། ཧྞོ༔། ཀུ་ཀ་ཊུ་ཀ་ཤ་རི། ང་ཎ་དག་གི་ཤེར་ལ་ ཅི་བདེ་བ། ཀུ་ཀ་ཊུ་ཀ་དག་གོ། །ང་ཡིག་དང་ཎ་ཡིག་མཐའི ཅི་ལ་འགྲོ་བར་བྱེད། ཤར་སོ་སོར་བསྡུ་བ་ཕ་རོལ་ལ་རིམ་བཞིན་ཀུ་ཀ་ཨཱ་ག་མ་དག་ཡང་ན་འགྱུར་ཏེ། ཀྲ་གནས་
དོན་ཨུ་བརྗོད་དོན། །པྲཱ་ང་། ཅི་ལ་མཐོང་། །ཥཥྛ་ཞེས་པ་ལ་ཀུ་ཀ་ཡང་ན་བར་བྱས་པས། །པྲཱ་དྐཥྛ༔། པྲཱ་དཱ་ཥྛ། དེ་བཞིན་དུ། སུ་ག་ཎ། ཥ་ཥྛ་ཞེས་པ་ལ། ཌུ་ཀ་ཡང་ན་བར་བྱས་པས། སུ་ག་ཎྛཱ་ཥྛ། སུ་ག་ཎྚཱ་ཥྛ། སུ་ག་ཎ ཥྣ་སོགས་སོ། །ཌ་སྶི་དྷུཊ། ཌ་ལས་ས་ལ་དྷུ་ཊའོ། །ཌ་ཡིག་མཐའ་ཅན་ལས་
ཕ་རོལ་གྱིས་ལ་དྷུ་ཊ་ཨཱ་ག་མ་ཡང་ན་འགྱུར་ཏེ། ཊ་གནས་དོན་ཨུ་བརྗོད་དོན། ཥ་ཌ སནྟ སྔོན་དུ་དྲུག ཞེས་པ་ལ། །དྷུཊ་ཨཱ་ག་མ་ཡང་ན་བར་བྱས། ཁར་ལ་ཙ་ར་འོས་ཅར་དུ་བསྒྱུར་བས། །ཚིགས་བཟང་དྲུག་ག། ཥ་ཊྟྨཱནྟ༔། ཥ་ཊྶ་ནྟཱ༔། ན་ཤྩ། ན་ལས་ཀྱང་ངོ་། །ན་མཐའ་ཅན་ལས་ཕ་རོལ་གྱིས་
ལ་འང་དྷུ་ཊ་ཨཱ་ག་མ་ཡང་ན་འགྱུར་ཏེ། །ས་ན ས༔་ཞེས་པ་ལ། །དྷུཊ་ཡང་ན་བར་བྱས། ཁར་ལ་ཅར་དུ་བསྒྱུར་བས། སནྷྨ༔། སྦྱིན་བདེ། །སནྶ༔སོགས་སོ། །ཤི་ཏུ་ཀ། ཤ་ལ་ཏུ་ཀའོ། །ཤ་ཡིག་ཕ་རོལ་ལ། །དེ་མ་པ་དྲུག། ན་མཐའ་ཅན་ལ་ཏུ་ཀ་ཨཱ་གམ་ཡང་ན་འགྱུར་ཏེ། །སན ཤྲ་དྡྷཱ་
เล่ม ๒๐๘ · หน้า 38b
ཞེས་པ་ལ། ཏུ་ག་ཨཱ་ག་མ་ཡང་ན་བར་བྱས། ས་ཏུའི་ཤ་ཙུ་ལ་ཤ་ཙུ་འོས། ཏ་ཙ ན་ཉ། ན་ཉ། ཨཊ་ལ་ཤའི་ཚ་འོས་ཡང་ན་ཤའང་ཚར་བསྒྱུར་བས། ས་ཏྩྨྭདྟྷཱ། ས་ཉྣཱ་དྟྷཱ། ད་མོ་ཧྲ་སྭཱ་ད་ཙི་ང་མུ་ཎ་ནི་ཏྱཾ། ངམ་ལས་ཐུང་ངུ་ལ་ཨ་ཙ་ལང་མུཊ་རྟག་ཏུ་འོ། །ཚིག་མཐའ་ངམ་སོ་སོར་བསླུ་བའི་མཐའ་ཅན་ཨུ་པ་
དྷཱ་ཐུང་ངུ་ཅན་ལས་ཕ་རོལ་གྱི་ཨ་ཙ་ལ་ང་མུཊ་ཨཱ་གམ་རྟག་ཏུ་འགྱུར་ཏེ། ཊ་གནས་དོན་ཨུ་བརྗོད་དོན་མ་སོ་སོར་བསྡུ་བའི་དོན་ཏེ། ཀ་ལཱ་པར། དད་པའི་སྦྱིན་བ་འམ་གཤིན་ཟིན་གྱི་སྦྱིན་པ། ང་ཎ་ན་ཨུ་པ་དྷྜ་ཐུང་ངུ་ཅན་རྣམས་དབྱངས་ལ་གཉིས་སོ་ཞེས་པ་དང་གཅིག་གོ། །པྲ་ཏྱ་ང་ ཨཱ་དྨཱ་ཞེས་པ་ལ། །
པྲ་དྱ་དྡཱ་དྨཱ། དེ་བཞིན་དུ། སུ་ག་ཎ་ ཨཱི་ཤ༔ཞེས་པ་ལ། །སུ་གཎྞཱི་ཤ༔། བྷ་ག་བན་ ཨི་ཏི། ཞེས་པ་ལ། བྷ་ག་བ་ནྣི་ཏི། སོགས་སོ། །པུ་མ༔ཁ་ཡྻ་མ་པ་རེ། བུམ་གྱི་ཁ་ཡ་ལ་ཨ་མ་ཕ་རོལ་ལའོ། །བུམ་གྱི་མ་ཡིག་ཁ་ཡ་སོ་སོར་བསྡུ་བའི་ཡི་གེ་ཨ་མ་སོ་སོར་བསྡུ་བ་ཕ་རོལ་ཅན་ལ་སར་འགྱུར་ཞིང་
བདག་ཉིད་རབ་ཏུ་མཆོད། །སྔོན་མར་སྣ་ལྡན་མཚོན་ ལེགས་པར་བཀྲ་བའི་དབང་ཕྱུག་ཚོགས་བཟང་དབང་ཕྱུག། །བཅོམ་ལྡན་འདས་ཞལ། བྱེད་འདྲི་བ་འམ་ཡང་ན་ང་རོ་ཨཱ་ག་མ་སྟེར་ཏེ། པུ་མ་ ཀོ་ཀེ་ལ༔ཞེས་པ་ལ། །པུཾ་སྐོ་ཀི་ལ༔། པུཾ་སྐོ་ཀེ་ལ༔། ས་མ༔སུ་ཊི། སམ་གྱི་སུ་ཊ་ལའོ། །སམ་གྱི་མ་ཡིག་སུཊ་ཕ་རོལ་ལ་སར་
འགྱུར་ཞིང་སྔོན་མར་སྣ་ལྡན་མཚོན་བྱེད་འདྲི་བ་འམ་ཡང་ན་ང་རོ་ཨཱ་གམ་སྦྱིན་པར་བྱ་སྟེ། སམ སྐརྟཱ་ཞེས་པ་ལ། སཾ་སྶྐ་རྟཱ། ན་ཤྩ་ཚ་བྱ་བྲ་ཥཱ་ན། པྲ་ཤཱ་ནམ་ཡིན་པའི་ནའིའང་ཚབ་ལའོ། །པྲ་ ཁུ་བྱུག་གོ ཤཱ་ནམ་ཡིན་པའི་ན་མཐའ་ཨམ་སོ་སོར་བསྡུ་བ་ཕ་རོལ་ན་ཡོང་པའི་ཚ་བ་སོ་སོར་བསྡུ་བ་
ཕ་རོལ་ལ་དུར་འགྱུར་ཞིང་སྔོན་མར་སྣ་ལྡན་མཚོན་བྱེད་འདྲི་བའམ་ཡང་ན་རྗེས་སུ་ང་རོ་ཨཱ་གམའང་། ཀུན་ཏུ་བྱེད་པོ་འམ་ཡང་དག་བར་བྱེད་གོ། འགྱུར་ཏེ། བྷ་བཱན། ཚི་ནྡིཿཞེས་པ་ལ། མདོ་འདིས་ན་རུ་ཨུ་ཁྱད་དོན། ཁ་ར་བ་སཱ་ན་ཡོ་རྦིས་རྫ་ནཱི་ཡཿ། ཁར་དང་གནས་མེད་པའི་རྣམ་པར་བཅད་བྱའོ། །ཁར་སོ་སོར་
བསྡུ་བ་ཕ་རོལ་ན་ཡོད་པ་དང་གནས་མེད་པ་སྟེ་ཚིག་མཐའ་ིར་ཡིག་རྣམ་པར་བཅད་དབྱར་འགྱུར་ཏེ། རླ། རྣམ་བཅད། རྣམ་པར་བཅད་བྱའི་ས་འོས། རྣམ་བཅད་ས། ས་ཏུའི་གཙུ་སོགས་ཀྱིས་ས་ཤར་བསྒྱུར་བས། བྷ་བཱཾཤྪི་ནྡིཿ། ཁྱོད་ཆོད་ཅིག བྷ་བཱཾ་ཤྪི་ནྡི། དེ་བཞིན་དུ་ཅ་ཀྲིན། ཏྲ་ཧི་ཞེས་པ་ལ། ཙ་ཀྲིཾ
เล่ม ๒๐๘ · หน้า 39a
སྟྲ་ཧི། ཙ་ཀྲིཾ་སྟྲ་ཧི། པྲ་ཤཱན་གྱི་ན་རུང་མི་འགྱུར་ཏེ། པྲ་ཤཱན་ ཏ་ནོ་ཏི། ཞེས་པ་ལ། པྲ་ཤཱ་ནྟ་ནོ་ཏི། ནྲཱ་ནྤེ། །ནྲཱི་གྱི་ན་ཡིག་པ་ཡིག་དང་ཕོ་ཅན་ཕ་རོལ་ལ་རུ་རུ་ཡང་ན་འགྱུར་ཏེ། རུར་བསྒྱུར་ན་སྔ་མར་སྣ་ལྡན་མཚོན་བྱེད་དམ་ཡང་ན་རྗེས་སུ་ང་རོ་ཨཱ་ག་མ་ཡང་འགྱུར་ཏེ།
འཁོར་ལོ་ཅན་བསྲུང་བར་མཛོད། རུར་བསྒྱུར་བའི་ཕྱོགས་ལ་ར་རྣམས་བཅད། ཀུ་པུ་དག་ལ་ཋྐ་ལྤ་དག་ཡང་ན་འོས། །རབ་ཏུ་ཞིབ་རྒྱས་པར་མཛོད། རྣམ་བཅད་ཡང་ན་སྤ་རུ་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས། །ནྲཱྀཾ་ལྤཱ་ཧི། ནྲཱྀཾ༔པཱ་ཧི། ནྲཱྀཾལྤཱ་ཧི། རུར་མ་བསྒྱུར་བའི་ཕྱོགས་ལ། ནྲཱྀ་ནྤཱ་ཧི། ཀཱ་ནཱ་མྲེ་ཌི་ཏེ། །ཀཱན་
གྱི་བསྐྱར་བ་ལའོ། །ཀཱན་གྱི་ན་ཡིག་བསྐྱར་བ་ཕ་རོལ་ལ་རུ་རུ་འགྱུར་ཞིང་སྔོན་མར་སྣ་ལྡན་མཚོན་བྱེད་དམ་ཡང་ན་ང་རོ་ཨཱ་ག་མ་འང་འགྱུར་ཏེ། ཀཱ་ན་ ཀཱན་ཞེས་པ་ལ། ཀཱཾ་སྐཱན། ཀ༔ཀ མི་སྐྱོང་བར་མཛོད། སོགས་རྣམས་ལ་ཡང་ངོས་ཐྐར་ མི་སྐྱོང་བར་མཛོད། མི་འགྱུར་རོ། །
ཀ་སྐཱ་དི་ཥུ་ཙ། ཀ༔ཀ་ལ་སོགས་པ་རྣམས་ལ་འང་ངོ་། །ཀ༔་ཀ་ལ་སོགས་པ་རྣམས་ཀྱི་རྣམ་བཅད་ནི་ཀུ་པུ་ཕ་རོལ་ལ་ཐྐ་དང་ལྤ་དག་ཏུ་འགྱུར་བ་མ་ཡིན་ཏེ། ཀ༔ཀ༔ཞེས་པ་ ཅི་ལ་ཅིས། ལ། ཀ་སྐ༔། དེ་བཞིན་དུ། ཏ་ཏྲ་ཀཽ་ཏ༔། ཀུ་ཏ༔། ཞེས་པ་ལ། ཏ་ཏྲ་ཀཽ་ཏ་སྐུ་ཏ༔། སརྦི༔། ཀུ་ཎྜི་ཀ༔ཞེས་
པ་ལ། སརྦི་ཥྐུ་ཎྜི་ཀ༔ སོགས་སོ། །ཚེ་ཙ། ཚ་ལའང་ངོ་། ཆ་ཡིག་དང་པོ་ཅན་ཕ་རོལ་ཐུང་ངུ་ལ་ཏུ་ཀ་ཨཱ་ག་མ་འགྱུར་ཏེ། ཀ་གནས་དོན་ཨུ་བརྗོད་དོན་ནོ། །ཤི་བ ཚྭ་ཡཱ་ཞེས་པ་ལ། ཏུ་ཀ། ས་ཏུའི་ཤཙུ་སོགས་ཀྱིས་ཏ་ཅར་བསྒྱུར་བས། །དེ་ལ་ཅི་བཅིང་། །ཤི་བ་ཙྖ་ཡཱ། ཨཱ་དྨཱ་ངོ་ཤྩ།
མར་གསར་འཁྱིལ་པ། །ཨཱང་མཱང་དག་གི་འང་ངོ་། །ཚ་ཕ་རོལ་ལ་ཨཱང་དང་མཱང་དག་གི་འང་ཏུ་ཀ་ཨཱ་ག་མ་འགྱུར་ཏེ། ཨཱ ཆཱ་ད་ཡ་ཏི། ཞེས་པ་ལ། ཨཱ་ཙྪཱ་ད་ཡ་ཏི། མཱ། ཞིང་འི་བྲི་བམ། ཚི་ད་ཏ་ཞེས་པ་ལ། མཱ་ཙྪི་ད་ཏ། དཱི་རྒཱ་ཏ། རིང་པོ་ལས་སོ། །ཆ་ཕ་རོལ་ལས་ཐུང་ངུར་མ་ཟད་རིང་བོ་ལས་ཀྱང་
ཏུ་ཀ་ཨཱ་གམ་འགྱུར་ཏེ། མཱེ་ ཚ༔ཞེས་པ་ལ། མཱེ་ཙྪ༔། དགའ་བ་འཛོམས་ཏེ་ཀླ་ཀློ། ཧྲཱི་ ཚ༔ཞེས་པ་ལ། ཧྲཱི་ཙྪ༔། ངོ་ཚ་ག་སོགས་སོ། །བ་དཱ་ནྟའ་དྭཱ། ཀུན་ནས་སྠིབ་པར་བྱེད། ཚིག་མཐའ་ལས་ཡང་ནའོ། །ཚིག་མ་གཅོད། མཐའ་རིང་པོ་ལས་ཚ་ཕ་རོལ་ལ་ཏུ་ཀ་ཨཱ་གམ་ཡང་ན་འགྱུར་ཏེ། ལ་ཀྵྨི་ ཚཱ་ཡཱ།
เล่ม ๒๐๘ · หน้า 39b
ཞེས་པ་ལ། ལ་ཀྵྷཱི་ཙྪཱ་ཡཱ། ལ་ཀྵྶྭི་ཚཱ་ཡཱ། ཨི་ཏི་པཱ་ཎི་ནི་བྱཱ་ཀ་ར་ཎ་སྱ་ས་ནྡྷེ། སཱུ་ཏྲཱ་ཏ་ཧ་ཡ་ནྟ་སྦྷ་ཡ༔ས་མཱ་པྟཱ༔། ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མཚམས་སྦྱོར་གྱི་མདོ་ལས་ཧ་ལ་མཐའ་མཚམས་སྦྱོར་རྣམས་རྫོགས་སོ།། །།ལྔ་བ་བྱེ་བྲག་ཏུ་རྣམ་བཅད་ཀྱི་མཚམས་སྦྱོར་བ་ཤད་པ་ནི། བིས་རྫ་ནཱི་ཡ་སྱ་ས།
རྣམ་པར་བཅད དཔལ་གྱི་གྲིབ་མེ། བྱའི་སའོ། །སྔ་མའི་མཐའི་རྣམ་བཅད་ནི་བར་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་སར་འགྱུར་ཏེ། །ཀ༔། ཏ་ནོ་ཏི། ཞེས་པ་ལ། ཀ་སྟ་ནོ་ཏི། བུ་དྡྷ་ཏྲཱ་ཏ། སོགས་སོ། །ཤ་རྨ་རེ་བིས་རྫ་ནཱི་ཡ། ཤར་ཕ་རོལ་ལ་རྣམ་པར་བཅད་བྱའོ། །སྔ་
མའི་མཐའི་རྣམ་བཅད་ནི་ཤར་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ན་ཡོད་པའི་ཁར་དང་པོ་ཅན་ལ་རྣམས་བཅད་ཉིད་དུ་གནས་ཏེ། ཀ༔ཏྶ་རུ་སོགས་སོ། །བཱ་ཤ་རི། །ཅི་འཐག་པར་བྱེད། ཤར་ལ་ཡང་ནའོ། སྔ་ སངས་རྒྱས་སྦྱོང་མའི་མཐའི་རྣམ་བཅད་ནི་ཤར་སོ་སོར་བསྡུ་བ་ཕ་རོལ་ལ་ཡང་ན་ཕ་རོལ་གྱི་གཟུགས་
སུ་བསྒྱུར་ཏེ་ཡང་ན་སའོ། །ཧ་རི༔། ཤེ་ཏེ། ཞེས་པ་ལ། ཧ་རི་ཤྴི་ཏེ། ཀ༔་ཥནྡེ་ཞེས་པ་ལ། །ཀ་ཥྵ་ནྡེ། ཀ༔སཱ་དྷུ༔། ཞེས་པ་ལ། ཅི་ཡུ་བ། ཀ་སྶཱ་དྷུ༔སོགས་སོ། །འགྲེལ་བར་ལུང་དྲངས་པ། །བརྦ་རེ་ཤ་རི་བཱ་བི་ས་རྒ་ལོ་པ། །ཁར་ཕ་རོལ་ལ་ཤར་ལ་རྣམ་པར་བཅད་བྱ་ཡང་ན་དབྱིའོ། །ཁང་ཕ་
རོལ་ན་ཡོད་པའི་ཤར་དང་པོ་ཅན་ཕ་རོལ་ལ་རྣམ་བཅད་ཡང འཕྲོག་བྱེད་ཉལ། ན་དབྱི་སྟེ། ཧ་རིཿ། ཅི་དུམ་བུར་བྱེད། །སྥུ་ར་ཏི་ཞེས་པ་ལ། །ཧ་རི་ཅི་ལེགས། སྥུ་ར་ཏི། །ཧ་རི་སྶྥུར་ཏི། ཧ་རི༔སྥུ་ར་ཏི། འགྲེལ་བར་ལུང་དྲངས་པ། ཏ་དྦྲྀ་ཧ་ཏོ༔ཇ་ར་པ་ཏྱོ་ཥྩོ་ར་དེ་བ་ཡོ༔སུཊ་ཏ་ལོ་པ་ཊྩ། །ཏ་ཏ་བྲྀ་ཧ་ཏ་དག་གི་
ཀ་ར་དང་པ་ཏི་དག་ལ་ཆོམ་རྐུན་དང་ལྷ་དག་ལ་སུཊ་སྟེ་ཏ་དབྱིབ་འང་ངོ་། །ཏ་ཏ་དང་བྲྀ་ཧ་ཏ་དག་གི་ཀ་ར་དང་པ་ཏི་དག་ཕ་རོལ་ལ་རིམ་པ་བཞིན་ འཕྲོག་བྱེད་འཁོར་བར་བྱེད། འཕྲོག་བྱེད་འཁོར་བར་བྱེད། ཆོམ་རྐུན་དང་ལྷ་དག་བརྗོད་པ་ལ་སུཊ་ཨཱ་གམ་འགྱུར་ཞིང་མཐའི་ཏ་འང་དབྱི་སྟེ། ཏ་ཏ་ ཀ་ར༔།
ཞེས་པ་ལ། ཏ་སྐར༔། ཆོམ་རྐུན། བྲྀ་ཧ་ད་ པ་ཏི༔ཞེས་པ་ལ། པྲྀ་ཧ་སྤ་ཏི༔། སུར་བུ། ཀུན་པྭོཿསྐ་ཁྤཽ་ཙ། ཀུ་པུ་དག་ལ་སྐ་ལྤ་དག་ཀྱང་ངོ་། །སྔ་མའི་མཐའི་རྣམ་བཅད་ནི་ཀུ་སྟེ་ཀ་སྟེའི་དང་པོ་གཉིས། པུ་སྟེ་པ་སྡེའི་དང་པོ་གཉིས་ཕ་རོལ་ལ་རིམ་པ་བཞིན་ཀ་ལ་གཉིས་ལ་ཐྐ་དང་པ་ཕ་བ་གཉིས་
เล่ม ๒๐๘ · หน้า 40a
ལ་ལྤ་ཞེས་པར་ཡང་ན་འགྱུར་ཏེ། ཀ་དང་པ་བརྗོད་པའི་དོན་ནོ། །ཀ༔ཀ་རོ་ཏི། ཞེས་པ་ལ། ཀ་དྐ་རོ་ཏི། ཀཱ༔ཀ་རོ་ཏི། ན་མ༔ ཁག་རྦྷཱ་ཡ། ཞེས་པ་ལ། ན་མ་རྦག་རྒྷཱ་ཡ། ནམ་༔ཁ་ག་རྦྷཱ་ཡ། ཀ༔་ པ་ཋ་ཏི། ཞེས་པ་ལ། ཀ་རྦ་ཎ་ཏི། ཀ༔པ་ཋ་ཏི། ཀ༔ ཕ་ལ་ཏི། ཞེས་པ་ལ།
ཀ་ལྤ་ལ་ཏི། །ཀ༔ཕ་ཡ་ཏི། སོགས་སོ། ས་ས་ཛུ་ཥོ་རུ༔། ས་ས་ཛུ་༔རོ་དག་གི་རུའོ། །ཚིག་མཐའི་ས་ཡིག་དང་ས། ཅི་བྱེད། ཛུ་ཥའི་ཥ་ཡིག་དག་རུང་འགྱུར་ཏེ། ཤི་ནམ་མཁའི་སྙིང་པོ་ལ་བྱ་ག་འཚལ་ལོ། བས། ཨ་རྩྱ་ཞེས་པ་ལ། མདོ་འདིས་ས། ཅི་གློག་པར་བྱེད། རུ། ཨ་ཏོ་རོ་ར་པ་ཏཱ་ང་བླུ་ཏེ། ཨཏ
ཅི་འབྲས་བུ་ཕྱེད། །ལས་རུའི་པླུ་ཏ་མ་ཡིན་པ་ལས་པླུ་ཏ་མ་ཡིན་པ་ལའོ། །པཱུ་ཏ་མ་ཡིན་པའི་ཨ་ཏ་ལས་ཕ་རོལ་གྱི་རུ་ནི་པླུ་ཏ་མ་ཡིན་པའི་ཨ་ཏ་ཕ་རོལ་ལ་ཨུར་འགྱུར་ཏེ། །རུ་ཨུ་ཨ་ལས་ཡོན་ཏན་ནོས། ཡོན་ཏན། ཨེང་ལས་ཚིག་མཐའ་ལས་ཨ་ཏ་ལ་འོས་སྔ་མའི་གཟུགས བྱས་པས།
ཤི་བོ་྅་རྩཾ། ཧ་ཤི་ཙ། ཧ་ཤ་ལའང་ངོ་། །ཨ་ཏ་ལས་ཕ་རོལ་གྱི་དུ་ནི་ཧ་ཤ་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལའང་ཨུར་འགྱུར་ཏེ། ན་མ༔། བུ་དྡྷཱ་ཡ། ཞེས་པ་ལ། ན་མོ་བུ་དྡྷ་ཡ། ནམ༔་དྷ་རྣ་རྨྠ་ཡ་ཞེས་པ་ལ། ན་མོ་དྷ་རྨྨ་ཡ། སོགས་སོ། །བྷོ་བྷ་གོ་ཨ་གྷོ་ཨཱ་པཱུ་རྦ་སྱ་ཡོ་྅་ཤི། བྷོ་བྷ་
ཞི་བ་མཆོད། གོ་ཨ་གྷོ། ཨཱ་རྣམས་སྔོན་མའི་ཡ་ཨ་ཤ་ལའོ། །བྷོ་དང་བྷ་གོ་དང་ཨ་གྷོ་དང་ཨཱ་རྣམས་ལས་ཕ་རོལ་གྱི་རུ་ནི་ཨ་ཤ་སོ་སོར་བསྡུ་བ་ཕ་རོལ་ལ་ཡྲར་འགྱུར་ཏེ། སངས་རྒྱས་ལ་ཕྱག་འཚལ་ལོ། དེ་བཱ༔ ཨི་ཧ་ཞེས་པ་ལ། །མདོ་འདིས་རྣམ་བཅད་ཡ། ཤཱ་ཀ་ལྱ་
ཀྱིས་དབྱི་འོས་ཡང་ན་སྲ་ཕྱིས་པས། དེ་བཱ་ཡི་ཧ། སོགས་སོ། བི་བྷཱ་ཥཱ་བྷ་བདྦྷ་ཀ་ཝ་ཏཱ་མོ་ཙྩཱ་ཝ་སྱ། བྷ་ཝ་ཏྲ། བྷ་ག་ཝ་ཏྲ། ཨ་གྷ་ཝ་ཏྲ་རྣམས་ཀྱི་ཡང་ན་སྟེ་ཨ་ཝ་ཨོ་ཏ་ཡང་ངོ་། །བྷ་ཝ་ཏ་ལ་སོགས་པ་འདི་གསུམ་གྱི་བོད་པའི་དོན་ལ་ཏ་རྣམས་རུ་རུ་ཡང་ན་འགྱུར་ཏེ་
རུང་བསྒྱུར་བ་ན་ཝ་དབྱངས་བཅས་དང་ཨ། ལྷ་རྣམས་འདིར། རྣམས་ཨོཏ་དུ་འགྱུར་ཏེ། བྷོ༔། བྷེ་གོ༔། ཨ་གྷ༔ཞེས་པ་གྲུབ། བྷོ༔། ཨེ་ཧི། མདོ་སྔོན་མས་རྣམས་བཅད་ལ་ཤཱ་ཀ་ལྱ་ཀྱིས་དབྱི་འོས་ཡ་ཕྱིས་པས། བྷོ་ཨེ་ཧི། ཀྱེ་འདིར་བྱོན། ཡང་ན་བྷོ་ཡེ་ཧི། ཧ་ཡི་སརྦ་ཥཱཾ། ཧ་ལ་ལ་ཐམས་
เล่ม ๒๐๘ · หน้า 40b
ཅད་ཀྱིའོ། །ཨཱ་དང་ཨོ་ཏ་ལས་ཕ་རོལ་གྱི་རུ་བསྒྱུར་བའི་ཡུ་ནི་ཧ་ལ་དང་པོ་ཅན་ཕ་རོལ་ལ་ཐམས་ཅད་དུ་དབྱི་སྟེ། བླ་གོ༔ནམ་སྟེ། ཞེས་པ་ལ། བྷོ་བྷ་གོ་སོགས་ཀྱི་རྣམ་བཅད་ཡ་དེ་མདོ་འདིས་ཕྱིས་པས། །བྷ་གོ་ནམ་སྟེ། དེ་བཞིན་དུ། ཡ་ཧི་ཞེས་པ་ལ། །ཨ་གྷོ་ཡ་ཧི། །དེ་བཱ༔། ན་
མ་སྟེ། ཞེས་པ་ལ། དེ་བཱ་ན་མ་སྟེ། སོགས་སོ། །རོ་྅་སུ་གི། སུཔ་མ་ཡིན་པ་ལ་རོའོ། །ཨ་ཧ་ན་གྱི་ན་ཡིག་སུ་པ་ཀྱི་རྣམ་དབྱེ་མ་ཡིན་པ་ལ་ར་རུ་འགྱུར་ཏེ། ཨ་ཧ་ན། ཨ་ཧ༔ལ། ཨ་ཧ་ར་ཧ༔། དེ་བཞིན་དུ། སྐལ་ལྡན་ལ་ཕྱག་འཚལ་ལོ། ཨ་ཧ་ན། ག་ཎ༔། ཞེས་པ་ལ། ཨ་དཱ་རྒཎ། སྡིག་པ་དེ་བས་ཤིག་
སོགས་སོ། འགྲེལ ལྷ་རྣམས་ཕྱག་ཁྱེད། པར། རཱ་ཏྲི། རཱུ་པཾ། ར་ཐ་ནྟ་ར་རྣམས་ཕ་རོལ་ལ་ཨ་ཧ་ན་གྱི་ན་རུང་འགྱུར་རོ་ཞེས་བཤད་པས་ན་དུ། ཧ་ཤ་ལ་འང་ངོས་རུ་ཨུ། ཉི་མ་ཉི་མ། མཚམས་སྦྱར་བས། ཨ་ཧོ་རཱ་ཏྲི༔། ཨ་ཧོར་ཐ་ནྟ་ར༔། ཡང་ ཉིན་མོ་ཚོགས་པ། འགྲེལ་པར། ཨ་ཧ༔།
གཱི༔དྷཱ༔རྣམས་ཀྱི་རྣམ་བཅད་ནི་བ་ཏི་ཕ་རོལ་ལ་ཡང་ན་ར་རུ་འགྱུར་རོ་ཞེས་བཤད་པས། ཨ་ཧ་རྦ་ཏི༔། གཱི་རྦ་ཏི༔། གཱི་ཝ་ཏི༔། ངྷཱུ་རྦ་ཏི༔། ངྷཱུ་ཐ་ཏི༔། ཨུ་ཥ་སོ་རོ་བུ་དྡྷེ། བུ་དྡྷ་ལ་ཨུ་ཥ་སའི་རའོ། ཉིན་མཚན། ཉི་མའི་གཟུགས། ཉིན་མོའི་ཤིང་རྟ། །བུ་དྡྷ་ཕ་རོལ། ཨུ་ཥ་སའི་སང་ར་འགྱུར་ཏེ།
ཨུ་ཥས། བུ་དྡྷྲ༔ཞེས་པ་ལ། ཨུ་ཥ་རྦུ་དྡྷ༔། རོ་རི། རའི་ར་ལའོ། །ར་ཕ་རོལ་ལར་དབྱི་སྟེ། །ཉིན་མོའི་བདག་པོ། །སྨུ་བའི་བདག་པོ། སྨྲ་བའི་བདག་པོ། ས་བདག་སྟེ་རྒྱལ་པ། པུ་ནར་ རམ་ཏེ་ཞེས་པ་ལ་མདོ་འདིས་ར་ཕྱིས། ཌྷྲ་ལོ་པེ་པཱུ་རྦ་སྱ་དཱི་རྒྷོ་྅་ཎ༔། ཌྷ་ར་ཕྱིས་པ་ལ་སྔོན་མའི་ཨ་ཎ་གྱི་རིང་བོ་འོ། །ཌྷ་ཡིག་དང་
ར་ཡིག་ཕྱིས་པ་དེའི་སྔ་མ སྔོན་ནས་གསལ་བ་སྟེ་མེ་འབར་བའི་དོན་ནོ། དེ་ཨ་ཎ་སོ་སོར་བསྡུ་བ་ཐུང་ངུ་ན་རིང་པོར་འགྱུར་ཏེ། མདོ་འདིས་རིང་པོར་བསྒྱུར་ཏེ། མདོ་འདིས་ན་རིང་པོར་བསྒྱུར་བས། བུ་མཱ་ར་མ་ཏེ། ཧ་རིས། ར་མྱ༔། ཞེས་པ་ལ། ས་ས་ཛུ་ཥ་སོགས་ཀྱིས་རུ་ངའི་ར་ལ་འོས་ར་ཕྱིས་མདོས་རིང་པོར་བསྒྱུར་བས། །
ཧ་རཱི་ར་མྱ༔། འཕྲོག་བྱེད་མཛེས་བ། སོགས་སོ། བི་པྲ་ཏི་ཥེ་དྷེ་པ་རཾ་ཀཱ་རྱཾ། དགག་པ་དང་བྲལ་བ་ལ་ཕ་རོལ་གྱི་བྱ་བའོ། །དགག་པ་དང་བྲལ་བ་སྟེ་མདོ་གཉིས། སླར་ཡང་རྩེ་བར་བྱེད། ཀྱི་ཆོ་ག་འཇུག་པ་ལ་ཕ་རོལ་ཏེ་མདོ་ཕྱི་མ་དེའི་བྱ་བ་འཇུག་པ་ཤས་ཆེ་སྟེ། དཔེར་ན་ཨིག་གི་ཨ་ཙ་ལ་ཡ་ཎའོ་
เล่ม ๒๐๘ · หน้า 41a
ཞེས་ཨ་ཙ་གང་བྱུང་ཡང་ཡ་ཎ་ར་བསྒྱུར་བ་ཐོབ་ཀྱང་མདོ་ཕྱི་མ་ཨ་ཀ་འདྲ་བ་ལ་རིང་པོའོ་ཞེས་པའི་ཕྱི་མའི་བྱ་བ་འཇུག་པ་ལྟ་བུའོ། །ཨེ་ཏ་ཏྟ་དོ༔སུ་ལོ་པོ་྅་ཀར་ན་ཉ་ས་མཱ་སེ་ཧ་ཡི། ཨེ་ཏ་ཏ་དང་ཏ་ཏ་དག་གི་ན་ཉའི་ཚིག་སྡུད་དང་ཀ་མ་ཡིན་པའི་ཧ་ལ་ལ་སུ་དབྱིའོ། །ཨེ་ཏཏ་དང་ཏཏ་དག་གི་
ན་ཉའི་ཚིག་སྡུད་དང་ཀ་ཡིག་མ་ཡིན་པའི་ཧལ་དང་པོ་ཅན་ཕ་རོལ་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སུའི་རྗེས་དབྱི་སྟེ། ཨ་ཥ༔། བི་ཥྞུ༔ཞེས་པ་ལ། ཨེ་ཥ་པི་ཥྞུ༔། ས༔ཧ་རི༔ ཞེས་པ་ལ། ས་ཧ་རི༔སོགས་སོ། །སོ་ཉི་ཙ་ལོ་པེ་ཅ་ཏ་ཏྤཱ་ད་པཱུ་ར་ནཾ། ས༔ཨ་ཅ་ལ་དབྱི་ལ་དེ་རྐང་པ་རྫོགས་པ་
ལའོ། །ཏ་ད་ལ་སུ་བྱིན་པའི་ས༔ཞེས་པའི་རྣམ་བཅད་ནི་ཨ་ཙ་ཕ་རོལ་ལ་དབྱི་ཞིང་སྤྱིར་བཏང་ཕྱིས་པ་ལ་མཚམས་མི་སྦྱོར་ཡང་དེ་ཚིགས་བཅད་ཀྱི་རྐང་པ་རྫོགས་པར། འདི་ཁྱབ་འཇུག་ དི་འཕྲོག་བྱེད། བྱེད་པ་ལ་མཚམས་སྦྱོར་ཏེ། ས༔ ཨེ་ཥ་ཞེས་པ་ལ། མདོ་འདིས་རྣམ་བཅད་ཕྱིས་སླར་མཚམས་
སྦྱོར་བས། སཻ་ཥ་ཞེས་པ་བྱུང་སྟེ། འགྲེལ་བར་དཔེར་བརྗོད་ཚིགས་བཅད་བྱུང་བ་ནི། སཻ་ཥ་དཱ་ཤར་ཐཱི་རཱ་མ༔། སེ་ཥ་རཱ་ཛཱ་ཡུ་དྷི་ཥྛི་ར༔། སཻ་ཥ་ཀ་རྞོམ་ཧཱ་ཏྱཱ་གཱི། སཻ་ཥ་བྷཱི་མོ་མ་ཧཱ་བ་ལ༔། དེ་བོད་སྐད་དུ། དེ་འདི་ཤིང་རྟ་བཅུ་བའི་བུ་དགའ་བྱེད། །དེ་འདི་རྒྱལ་པོ་གཡུལ་ངོར་བརྟན་པའོ། །
དེ་འདི་གཏོང་བ་ཆེན་པོ་རྣ་བ་ཅན། །དེ་འདི་འཇིག་པ་སྟོབས་ནི་ཆེན་པོའོ། །ཞེས་པ་སྟེ་རྐང་པའི་དང་པོ་རྣམས་སུ། སེ་ཥ་ཞེས་བྱུང་བ་ལྟ་བུའོ། །ཨི་ཏི་པཱ་ཎི་ནི་བྱཱ་ཀ་ར་ཎ་སྱས་ནྡྷེ༔ སཱུ་དྲཱ་ཧ་པ་ཉྩ་ས་ནྡྷ་ཡ༔ས་མཱ་བྷཱ༔། ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མཚམས་སྦྱོར་གྱི་མདོ་ལས་མཚམས་སྦྱོར་ལྔ་བ་རྫོགས་
སོ།། །།དེ་རྣམས་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་པཱ་ཎི་ནི་བྱཱ་ཀ་ར་ཎ་གཞུང་འགྲེལ་གྱི་གོ་དོན་ཆོ་ག་དཔེར་བརྗོད་སོགས་ཟིན་བྲིས་སུ་བཀོད་པ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལས་མཚམས་སྦྱོར་ལྔ་བའི་བཏང་དམིགས་པས་ལ་དང་བཅས་པ་རགས་པ་རྣམས་
རེ་ཞིག་རྫོགས་སོ།། །།བླ་མ་དང་འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱུག་ལ་ཕྱག་འཚལ་ལོ། །དེ་ལྟར་མཚམས་སྦྱོར་གྱི་ཆོ་ག་རྣམས་བཤད་ཟིན་ནས། ད་ནི་མིང་ལས་ཚིག་ཏུ་བསྒྲུབ་པ་སུ་ལ་སོགས་པའི་རབ་ཏུ་བྱ་བ་རྣམས་འཆད་པར་བྱ་སྟེ། ཨ་རྠ་བ་ད་དྷཱ་ཏུ་ར་པྲ་ཏྱ་ཡ༔པྲཱ་ཏི་བ་དི་ཀཾ། །བྱིངས་
เล่ม ๒๐๘ · หน้า 41b
མིན་པ་རྐྱེན་མེད་པ་དོན་དང་ལྡན་མིང་ངོ་། །བྱིངས་མ་ཡིན་པ་སྟེ་བྱིངས་ལ་ཀྲྀཏ་སོགས་ཀྱི་རྐྱེན་སྦྱིན་པས་འགྱུར་གྲུབ་པ། སུ་སོགས་དང་ཏི་སོགས་ཀྱི་རྣམ་དབྱིའི་རྐྱེན་མེད་པའི་དོན་དང་ལྡན་པ་ནི། རྟགས་སམ། མིང་ངམ། སྒྲ་འམ། པྲཱ་ཏི་པ་དི་ཀ་ཞེས་བྱ་སྟེ། སུ་ལ་སོགས་པ་རྣམས་འཇུག་
པའི་ཤུལ་ལོ། །པྲ་ཏྱ་ཡ༔པ་ར་ཤྩ་ རྐྱེན་ཕ་རོལ་ལ་འང་ངོ་། །སུབ་ལ་སོགས་པའི་རྐྱེན་རྣམས་མིང་གི་ཕ་རོལ་ཏུ་སྦྱིན་པར་བྱའོ། །སུ་ལ་སོགས་པ་ནི་འདི་རྣམས་ཏེ། སུ་ཨཽ་ཛས། ཨ་མ་ཨཽཊ་ཤས། ཊཱ་བྷྱཱཾ་བྷྱས། ད་སི་བྷྱམ་བྷྱས། ངས་ཨོ་ས་ཨཱམ། དི་ཨོས་སུ་པ། རྣམ་
དབྱེ་འདི་རྣམས་ཀྱི་དང་པོའི་གཅིག་ཚིག་གི་ཨུ་དང་། མང་ཚིག་ཛས་ཀྱི་ཛ། གཉིས་པའི་གཉིས་ཚིག་གིཊ། མང་ཚིག་གི་ཤ། གསུམ་པའི་གཅིག་ཚིག་གི་གུ། བཞི་པ། ལྔ་པ། དྲུག་པ། བདུན་པ་རྣམས་ཀྱི་ང་རྣམས་དང་། ལྔ་པའི་ང་སིའི་ཨི། བདུན་པའི་མང་ཚིག་གི་རྣམས་
དོན་དང་བཅས་བའི་འགྲོ་བའི་མིང་ཅན་ནོ། །བིབྷ་ཀྟི་ཤྩ། རྣམ་དབྱེའོ། །གོང་དུ་བཤད་པའི་སུ་ལ་སོགས་པ་རྣམས་དང་། འོག་ནས་འབྱུང་བའི་ཏི་ལ་སོགས་པ་རྣམས་ལ་རྣམ་དབྱེ་ཞེས་བའོ། །སུ་ལ་སོགས་པ་ཉེར་གཅིག་པོ་འདི་རྣམས་ཀྱིའང་། སུ་ཨཽ་ཛས་དང་པོ་དོན་ཙམ་བརྗོད་པ།
ཨ་མ་ཨཽཊ་ཤས་གཉིས་པ་ལས་ཀྱི་དོན། ཊཱ་ཥྷྱཱ་བྟེས་གསུམ་པ་བྱེད་པ་པོ། དེ་བྷྱ་མ་བྷྱས་བཞི་པ་ཆེད་དུ་བྱ་བ། ངསི་བྷྱཱ་མ་བྷྱས་ལྔ་པ་བྱུང་ཁུང་། ངས་ཨོས་ཨཱམ་དྲུག་པ་འབྲེལ་པ། ངི་ཨོས་སུ་པ་བདུན་པ་གནས་གཞི་རྣམས་ལ་འཇུག་གོ། །དེ་རྣམས་ལས་དཔེར་ན་དང་པོའི་གཅིག་ཚིག་སུ་
དང་། གཉིས་ཚིག་ཨཽ། མང་ཚིག་ཛས་ལྟ་བུ་ཐམས་ཅད་ལ་གཅིག་ཚིག་གཉིས་ཚིག་མང་ཚིག་སྟེ་གསུམ་གསུམ་དུ་གནས་སོ། །སུ་པཿ། སུབའོ། །སུ་པ་ཞེས་སྨོས་པས་སོ་སོར་བསྡུ་བའི་བརྡ་སྟེ་དང་པོའི་གཅིག་ཚིག་སུ་ལ་བདུན་པའི་མང་ཚིག་གི་བསྒྱུར་བས་སུ་ནས་པའི་བར་གྱི་རྣམ་
དབྱེ་བདུན་གསུམ་ཉི་ཤུ་གཅིག་པོ་ཐམས་ཅད་གོ་བར་བྱེད་དོ། །ངྦྱེ་གཡོ་རྡྭི་བ་ཙ་ནཻ་ཀ་བ་ཙ་ནེ། ཨེ་ཀ་དྭི་དག་གི་གཅིག་ཚིག་གཉིས་ཚིག་དག་གོ། །གཅིག་གི་སྐད་དོད་ཨེ་ཀ་ལ་རྣམ་དབྱེ་རྣམས་ཀྱི་གཅིག་ཚིག་ཁོ་ན་དང་། གཉིས་ཀྱི་སྐད་དོད་དྭི་ལ་གཉིས་ཚིག་ཁོ་ན་འཇུག་གོ། །
เล่ม ๒๐๘ · หน้า 42a
བ་ཧུ་ཥ་བ་ཧུ་བ་ཙ་ནི། བ་ཧུ་ལ་མང་ཚིག་གོ། །མང་པོའི་སྒྲ་བ་ཧུ་ཞེས་པ་ལྟ་བུ་ལ་མང་ཚིག་ཁོ་ན་འཇུག་གོ། །ད་ནི་རྟགས་དང་རྣམ་དབྱེ་སྦྱོར་བའི་ཆོ་ག་རྣམས་སྟོན་པར་བྱ་སྟེ། རྟགས་དེ་ཡང་པོ་རྟགས་མོ་རྟགས་མ་ནིང་གི་རྟགས་དང་གསུམ་དུ་ཡོད་ལ། རྟགས་གསུམ་པོ་དེ་ལའང་
ཨ་ཙའི་མཐའ་ཅན་དང་ཧལ་གྱི་མཐའ་ཅན་གཉིས་སུ་གནས་པ་ལས། དང་པོ་ཨ་ཙའི་མཐའ་ཅན་ཕོ་རྟགས་ཨ་ཐུང་མཐའ་ཅན་ལས། རཱ་མ་ ཞེས་པའི་རྟགས་སམ་མིང་ལ་དཔེར་བརྗོད་དུ་བྱ་སྟེ། །རཱ་མ་ལ་སུ། དེ་དབྱི་འོས་ཨུ་ཕྱིས། ས་ས་ཛུ་ཥ་སོགས་ཀྱི་མདོས་སར། ཁར་སོགས་ཀྱི་མདོས་ར་
རྣམ་བཅད་བྱས་པས། རཱམ༔། རཱ་མ་ལ་གཉིས་ཚིག། ཨཽ་པྲ་ཐམ་ཡོ༔པཱུ་རྦ་ས་བརྞ༔། དང་པོ་དག་ལ་སྔ་མ་འདྲ་བའོ། །མིང་ཨ་རྐ་སོ་སོར་བསྡུ་བའི་མཐའ་ཅན་གྱི་ཕ་རོལ་ཏུ་རྣམ་དབྱེ་དང་པོ་དང་གཉིས་པ་དག་གི་ཨ་ཙ་དང་པོ་ཅན་རྣམས་བྱུང་ན། དེའི་སྔ་མ་རྟགས་མཐའི་ཨ་ཙ་དི་དང་འདྲ་
བའི་རིང་བོར་འགྱུར་བས། དགའ་བྱེད་སྐབས་འདིར་ཡང་ཨ་རིང་པོར་བསྒྱུར་བ་ཐོབ་ཀྱང་། །དེའི་དམིགས་བསལ། ནཱ་དི་ཙི། ཨ་ཏ་ཨི་ཙ་ལ་མ་ཡིན་ནོ། །ཨ་ཀ་གི་ནང་ཚན་ཡིན་ཀྱང་རྟགས་མཐའ་ཨ་ཡིག་ལ་ཕ་རོལ་ཨི་ཙ་སྔ་མ་འདྲ་བའི་རིང་མི་འགྱུར་བས་ཨ་རིང་པོར་མི་བསྒྱུར། ཨེ་ཙ་ལ་
འཕེལ་བ་འོས་གཉིས་དག་གིས་གཅིག་འཕེལ་བར་བསྒྱུར་བས། །རཱ་མཽ། རཱ་མ་ལ་མང་ཚིག་ཛས། ཙུ་ཊུ། ཙུ་ཊུ་དག་གོ། །རྐྱེན་གྱི་ཐོག་མའི་ཙུ་སྟེ་ཙ་སྡེ་དང་ཊ་སྡེ་རྣམས་འགྲོ་བའི་མིང་ཅན་ཏེ་ཛྲ་ཕྱིས། ན་བི་བྷ་ཀྟཽ་ཏུ་སྨཱ༔། རྣམ་དབྱེའི་ཏུ་སྲ་མྲ་རྣམས་མ་ཡིན་ནོ། །རྣམ་དབྱེའི་ཏ་སྡེ་དང་།
ཤས་ལྟ་བུའི་ས་དང་། ཨ་མ་ལྟ་བུའི་མ་རྣམས་ནི་འགྲོ་བའི་མིང་ཅན། དགའ་བྱེད་དང་། །མ་ཡིན་ནོ། དང་པོ་དག་ལས་མ་འདྲ་བ་འོས་རིང་པོ། ས་ས་ཛུ་ཥ་སོགས་ཀྱིས་སར། ཁར་སོགས་ཀྱི་རྣམས་བཅད་བྱས་བས། རཱ་མཱ༔། ཨེ་ཀ་པ་ཙ་ནེ་སཾ་བུ་དྡྷི༔། གཅིག་ཚིག་ལས་བུ་དྡྷིའོ། །བོད་བའི་དོན་
དུ་སྦྱོར་བའི་རྣམ་དབྱེ་དང་པོའི་གཅིག་ཚིག་ལ་སཾ་བུ་དྡྷི་ཞེས་མིང་འདོགས་བྱེད་དོ། །རཱ་མ་ལ་བོད་པའི་དོན་གྱི་སུ། ཨེང་ཧྲ་སྭཱ་ཏཱཾ་བུ་དྡྷི༔། ཐུང་ངུ་དང་ཨེང་ལས་སཾ་བུ་དྡྷིའོ། །ཨ་ཙ་ཐུང་ངུ་རྣམས་དང་། ཨེང་སོ་སོར་ དགའ་བྱེད་རྣམས། བསྡུ་བའི་མཐའ་ཅན་ལས་ཕ་རོལ་གྱི་སཾ་བུ་དྡྷི་དབྱི་བར་བྱ་སྟེ།
เล่ม ๒๐๘ · หน้า 42b
སཾ་བུ་དྡྷི་ཕྱིས། བོད་ཚིག་རྣམ་དབྱེ་བྱིན་པའི་རྟགས་སུ་ཧེ་སྔོན་དུ་བཞག་པས། ཧེ་རཱ་མ། གཉིས་ཚིག་དང་མང་ཚིག་གོང་གི་རྣམ་དབྱེ་དང་པོའི་སྐབས་ལྟར་བསྒྲུབས་བས། ཧེ་རཱ་མཽ། ཧེ་རཱ་མཱ༔། རཱ་མ་ལ་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ། ཨ་མེ་པཱུ་རྦ༔། ཨམ་ལ་སྔ་མའོ།
རྟགས་མཐའ་ཨ་ཀ་སོ་སོར་བསྡུ་བའི་ཡི་གེ་ཡིན་ན་རྣམ་དབྱེ་གཉིས་པའི་ཨམ་གྱི་ ཀྱེ་དགའ་བྱེད། ཨ་ཡིག་སྔ་མའི་གཟུགས་སུ་འགྱུར་ཏེ། རཱ་མཾ། གཉིས་ཚིག་དང་པོའི་གཉིས་ ཀྱེ་དགའ་བྱེད་དག ཀྱེ་དགའ་བྱེད་རྣམས། ཚིག་ལྟར་བསྒྲུབས་པས། རཱ་མཽ། རཱ་མ་ལ་མང་ཚིག་ཤས། ལ་ཤ་ཀྭ་ཏ་དྡྷི་ཏེ།
དེ་ཕན་མ་ཡིན་པ་ལ་ལ་ཤ་ཀུ་རྣམས་སོ། །དེ་ཕན་གྱི་རྐྱེན་མ་ཡིན་པའི་རྣམ་དབྱེ་དང་། བྱིངས་སྒྲུབ་དང་། ཀྲྀ་ཏ་སོགས་གང་ལའང་ དགའ་བྱེད་ལ། །རྐྱེན་གྱི་ཐོག་མར་གནས་པའི་ལ་ཡིག་དང་། ཤ་ཡིག་དང་། ཀུ་སྟེ་ཀ་སྡེ་རྣམས་འགྲོ། དགའ་བྱེད་དགའ། །བའི་མིང་ཅན་ཏེ། ཤྲ་ཕྱིས། དང་པོ་
དག་ལ་སྔ་མ་འདྲའོ་ས་རིང་བོར་བསྒྱུར། ཏ་སྨཱ་ཙྪ་སོ་ན༔པུཾ་སི། དེ་ལས་ཤས་ཀྱི་ན་སྐྱེས་པ་ལ་འོ། །སྐྱེས་པའི་རྟགས་འདྲ་བའི་ཆོ་ག་བྱས་ཟིན་པའི་ཕ་རོལ་གྱི་ཤས་ཀྱིས་ཡིག་ནི་ན་ཡིག་ཏུ་འགྱུར་ཏེ། ས་ནར་བསྒྱུར་བས། རཱ་མཱན། ར་ཥཱ་བྡྱཱཾ་ནོ་ཎ་ས་མཱ་ན་པ་དེ། ར་ཥ་དག་ལས་ནའི་ཎ་རྐང་པ་
མཚུངས་བ་ལའོ། །རྐང་པ་མཚུངས་བ་སྟེ་ཚིག་རྐང་གཅིག་ཏུ་གནས་པའི་ར་ཡིག་དང་ཥ་ཡིག་དག་ལས་ཕ་རོལ་གྱི་ན་ཡིག་ནི་ཎ་ར་འགྱུར་རོ། །ཨཊ་ཀུ་པྭཱ་ང་ནུ་ནྦྱ་པཱ་ཡེ་྅་པི། ཨཊ་ཀུ་པུ་ཨཱང་ནུམ་རྣམས་པར་ན་ཡོད་ཀྱང་ངོ་། །དགའ་བྱེད་རྣམས་ལ། ཚུ་རོལ་ཡིག་དང་ཥ་ཡིག་དག་ལས་ཕ་རོལ་གྱི་ན་
ཡིག་ནི་ཨཊ་སོ་སོར་བསྡུ་བའི་ཡི་གེ་རྣམས་དང་། ཀ་སྡེ་དང་། པ་སྡེ་དང་། ཉེར་བསྒྱུར་ཨཱང་དང་ནུམ་ཨཱ་ག་མ་རྣམས་བར་ན་ཡོད་ཀྱང་ཎར་འགྱུར་བས། སྤྱིར་བཏང་ན་ཎར་འགྱུར་བ་ཐོབ་ཀྱང་དེའི་ཡང་དམིགས་བསལ་ནི། ན་པ་དཱ་ནྟ་སྱ། ཚིག་མཐའི་མ་ཡིན་ནོ། །རྒྱུ་མཚན་གོང་དུ་སྨྲོས་པ་དེ་
རྣམས་ཚང་ཡང་ཚིག་མཐའི་ན་སྲོག་མེད་ནི་ཎར་མི་འགྱུར་བས་ན་ཉིད་དུ་གནས་སོ། །རཱ་མ་ལ་གསུམ་པའི་གཅིག་ཚིག་ཌཱ་སྦྱིན། ཡ་སྨཱ་ཏ་པྲ་ཏྱ་ཡ་བི་དྷི་སྟ་དཱ་དི་པྲ་ཏྱ་ཡཱ་ངྒཾ། གང་རྐྱེན་གྱི་ཆོ་ག་རྐྱེན་དེའི་སྔ་མ་ལ་ཨ་ངྒའོ། །གང་རྐྱེན་གྱི་གཞི་འམ་སྔ་མ་སྟེ་རྟགས་དེ་ལ་ཕ་རོལ་རྐྱེན་གྱི་ཆོ་ག་
เล่ม ๒๐๘ · หน้า 43a
འབྱུང་བའི་ཕྱིར་ཨ་ངྒའི་མིང་ཅན་ཞེས་བརྡ་ཆད་བྱེད་དོ། །ཊ། ང་སི་ང་སཱ་མི་ནཱ་ཏྶྱ༔། ཊཱ་ང་སི་ངས་རྣམས་ཀྱི་ཨིན་ཨ་ཏ་སྱ་རྣམས་སོ། །རྟགས་ཨ་ཡིག་མཐའ་ཅན་ཨ་ངྒ་ཞེས་བརྡ་ཆད་བྱས་པ་དེའི་ཕ་རོལ་རྣམ་དབྱེ་གསུམ་པའི་གཅིག་ཚིག་ཊཱ་ནི་ཨིན་དང་། ལྔ་བའི་གཅིག་ཚིག་ང་སི་ནི་
ཨ་ཏ། དྲུག་པའི་གཅིག་ཚིག་ངས་ནི་སྱ་རྣམས་སུ་འགྱུར་ཏེ། ཊཱ། ཨིན་། ཨ་ལས་ཡོན་ཏན་ནོས་ཨེ། ར་ཥ་དག་ལ་ཞེས་པའི་མདོས། ན་ཎ། རཱ་མེ་ཎ། རཱ་མ་ལ། གསུམ་པའི་བྷྱཱཾ། སུ་པི་ཙི། སུ་པ་ལའང་ངོ་། །རྟགས་ཨ་ཐུང་མཐའ་ཨ་ངྒའི་མིང་ཅན་ལས། སུ་པ་ལ་སོགས་པའི་རྣམ་དབྱེ་ཡ་ཉ་སོ་སོར་
བསྡུ་བའི་ཡི་གེ་བྱུང་ན་རྟགས་མཐའ་རིང་པོར་འགྱུར་རོ། །རཱ་མཱ་བྔྱཱཾ། རཱ་མ་ལ། གསུམ་པའི། བྷི་ས། ཨ་ཏོ་བྷི་ས་ཨཻ་ས། ཨ་ཏ་ལས་གྷིས་འི་ཨཻ་ས་འོ། །དགའ་བྱེད་ཅིག། རྟགས་ཨ་ཐུང་མཐའ་ཨ་ངྒའི་མིང་ཅན་ལས། རྣམ་དབྱེ་གསུམ་པའི་མང་ཚིག་བྷི་ས་ནི་ཨཻ་ས་རུ་བསྒྱུར་རོ། །ཨེ་ཙ་ལས་འཕེལ་པ་དང་། །
ས་ས་ཛུ་ཥ་སོགས་ཀྱིས། རཱ་མཻ༔། རཱ་མ་ལ། བཞི་བའི་དེ། དགའ་བྱེད་དག་གིས། །ངེ༔ཡ༔། ངེ་ཡའོ། རྟགས་ཨ་ཐུང་མཐའ་ཅན་ཨ་ངྒའི་མིང་ཅན་ལས་ཕ་རོལ་གྱི་ངེ་ནི་ཡ་རུ་འགྱུར་ཏེ། ངེ་ཡ་རུ་བསྒྱུར། སུ་པ་ལ་འང་ངོས་རིང་ངོ་། རཱ་མཱ་ཡ། རཱ་མ་ལ་བཞི་བའི་བྷྱཾ། སུ་བ་ལ་འང་ངོ་། །རཱ་མཱ་
གྷུ། རཱ་མ་ལ་བཞི་པའི། དགའ་བྱེད་རྣམས་ཀྱིས། མང་ཚིག་བྷྱས། བ་ཧུ་བ་ཙ་ནི་ཛྷ་ལྱེཏ། མང་ཚིག་ལ་ཛྷ་ལ་ལ་ཨེ་ཏ་འོ། །རྟགས་མཐའ་ཨ་ཐུང་ཨ་ངྒའི་མིང་ཅན་ལས། རྣམ་དབྱེ་མང་ཚིག་ཛྷལ་གྱི་ཡི་གེ་དང་པོ་ཅན་གང་བྱུང་ཡང་རྟགས། དགའ་བྱེད་ཀྱི་ཆེད་དུ། མཇའ་ཨ་ཡིག་ཏུ། དགའ་བྱེད་དག་གི་ཆེད་དུ།
འགྱུར་ཏེ། རཱ་མེ་བྷཿ ཨེ་ཏ། ཞེས་པ་བཤད་པ་ནི་ཏ་ཡིག་དའི་དུས་ཀྱིའོ། །ཞེས་པའི་དོན་ནོ། རཱ་མ་ལ། ལྔ་བའི་ངསི། ཌཱ་ང་སི་ངས་རྣམས་ཀྱི་ཨི་ན་ཨ་ཏ་སྱ་རྣམས་སོ་ཞེས་པས། ངསི་ཨ་ཏ། ཨཀ་འདྲ་བ་སོགས་ཀྱིས། རཱ་མཱཏ། རཱ་མ་ལ། ལྔ་པའི་བྷཾ་དང་བྷྱས། གོང་གི་བཞི་པའི་སྐབས།
དགའ་བྱེད་རྣམས་ཀྱི་ཆེད་དུ། ལྟར་བསྒྲུབས་པས། རཱ་མཱ་བྷྱཱཾ། དགའ་ཁྱད་དག་ལས། དཱ་མེ་བྷྱ༔། དགའ་བྱེད་རྣམས་ལས། རཱ་མ་ལ། དྲུག་པའི་ངས། ཊཱ་ང་སི་སོགས་ཀྱི་མདོས། རཱ་མ་སྱ། དགའ་བྱེད་ཀྱི། རཱ་མ་ལ། གཉིས་ཚིག་ཨོས། དགའ་བྱེད་ལས། ཨོ་ས་ལའང་ངོ་། རྣམ་དབྱེ་ཨོས་ཕ་རོལ་ལ་
เล่ม ๒๐๘ · หน้า 43b
རྟགས་ཨ་ངྒའི་མིང་ཅན་དེ་ཨེ་རུ་འགྱུར་རོ། །ཨེ་ཅའི་ཨ་ཡ་སོགས་དང་། ས་ས་ཛུ་ཥ་སོགས་ཀྱི་མདོས། རཱ་མ་ལ། དྲུག་པའི་ཨཱ་མ། ཧྲ་སྭ་ན་བྱཱ་པོ་ནུཊ། ཐུང་ངུ་ན་དཱི་ཨཱ་པ་རྣམས་ལས་ནུཊ་འོ། །རྟགས་མཐའ་ཐུང་ངུ་རྣམས་དང་ན་དཱི་མིང་ཅན་ཏེ་བུད་མེད་ཀྱི་རྟགས་ཨཱི་ཨཱུ་གཉིས་
དང་ཨཱ་པ་སྟེ་མོ་རྟགས་ཨཱ་རིང་མཐའ་ཅན་རྣམས་ལས་ཕ་རོལ་རྣམ་དབྱེ་དྲུག་པའི་མང་ཚིག་ཨཱ་མ་ལ་ནུཊ་ཨཱ་ག་མ དག་བྱེད་དག་གི། སྟེར་ཏེ། ཊ་ཡིག་ཌྐི་ཏ་སོགས་ཀྱི་དོན་ཨུ་བརྗོད་དོན། རཱ་མ། ནཱ་མ། ནཱམི། ནཱ་མ་ལའོ། ནཱ་མ་ཕ་རོལ་ལ་རྟགས་མཐའི་ཨ་ཅ་གང་ཡིན་ཀྱང་རིང་བོར་འགྱུར་ཏེ།
རྟགས་མཐའི་རིང་པོ་ཨཊ་ཀུ་པུ་སོགས་ཀྱི་མདོས། ནཱ་ཎཱ། རཱ་མཱ་ཎཱཾ། རཱ་མ་ལ། བདུན་པའི་ངེ་། ང་འགྲོ་བའི་མིང་ཅན་ཡིན་པས་ཕྱིས། ཨ་ལ་ཡོན་ཏན་ནོས། རཱ་མེ། རཱ་མ་ལ་བདུན་པའི་ཨོའོ། གང་དྲུག་པའི་སྐབས་ལྟར་བསྒྲུབས་པས། ར་མ་ཡོ༔། རཱ་མ་ལ་བདུན་པའི་མང་ཚིག་སུ་པ་
པ་སོ་སོར་བསྡུ་བའི་དོན་ཡིན་པས་བྱིས། དགའ་བྱེད་རྣམས་ཀྱི། མང་ཚིག་ལ་ཛྷ་ལ་ལ་ཨེ་ཏ་འོས། རཱ་མེ་སུ། ཨཱ་དེ་ཤ་བྲ་ཏྱ་ཡ་ཡོ༔། ཀུན་ནས་བསྒྱུར་བ་དང་། དགའ་བྱེད་ལ། རྐྱེན་དག་ལའོ། །ཆུ་རོལ་ཨི་ཎ་སོ་སོར་བསྡུ་བའི་ཡི་གེ་དང་ཀ་སྡེ། དགའ་བྱེད་དག་ལ། ཡོད་ལ། ཕ་རོལ་ཥ་སར་
བསྒྱུར་ཟིན་པ་ལྟ་བུ་ཀུན་ནས་བསྒྱུར་བ་དང་། རྐྱེན་གྱིས་ཚིག་མཐའ་མིན་པ་རྣམས་ཥ་རུ་འགྱུར་ཏེ། རཱ་མེ་ཥུ། ཚིག་མཐའ་ཡིན་ན་མི་འགྱུར་ཏེ། ཧ་རི་སྟ་ཏྲ། ཞེས་པ་ལྟ་བུ་ལ་ཚུ་རོལ་ཨི་ཎ་སོ་སོར་བསྡུ་བའི་ཡི་གེ་ཨི་མཐོང་ཡང་ཕ་རོལ་ས་ཥ་ར་མི་འགྱུར་བར་ས་ཉིད་དུ་གནས་པ་ལྟ་བའོ། །དེ་
ལྟར་ཨ་ཙ་མཐའ་ཅན་སྐྱེས་བའི་རྟགས་ལས་སྤྱིར་བཏང་ཨ་ཐུང་མཐའ་ཅན་གྱི་ཆོ་ག་རྣམས་བཤད དགའ་བྱེད་རྣམས། ཟིན་ནས་ཨ་ཐུང་མཐའ་ཅན་ལས་ འཕྲོག་བྱེད་དེ་ལ། དམིགས་བསལ་ས་རྦ་ལ་སོགས་པའི་ཆོ་ག་རྣམས་བཤད་པར་བྱ་སྟེ། སརྦཱ་དཱི་ནི་སརྦ་ནཱ་མཱ་ནི། སརྦ་ལ་སོགས་པ་རྣམས་ལ་སརྦའི་
མིང་ཅན་ནོ། །སརྦ་ལ་སོགས་པ་ནི་འདི་རྣམས་ཏེ། སརྦ། ཐམས་ཅད། བི་ཤྭ། སྣ་ཚོགས། ཨུ་བྷ། གཉིས། ཨུ་བྷ་ཡ། ཌ་ཏ་ར། ཌ་ཏ་མ། ཨི་ཏ་ར། རང་ངམ་ཐ་དད། ཨ་ནྱ། གཞན། ཨ་ནྱ་ཏ་ར། གཞན་དང་གཞན། ཏྭ་ཏ། ཁྱོད། ཏྭ། རང་། ནེ་མ། ཁྲིམས། ས་མ། མཉམ་པ། སི་མ། ས་ཆ་འམ་མངའ་ཞབས།
เล่ม ๒๐๘ · หน้า 44a
པཱུ་ཪྺ། པར། ཨ་ཝ་ར། དཀྵི་ཎ། ཨུ་ཏྟ་ར། ཨ་པ་ར། ཨདྷ་ར། །སྭ། ཨནྟ་ར། ཏྱ་ད། ཏ་ད། ཡང་། ཨེ་ཏ་ད། ཨི་དམ། ཨ་དས། ཨེ་ཀ། དཱི། ཡུ་ཥྨ་ད། ཨ་སྨད། བྷ། ཝ་ཏ། ཅི་ཀི་མ་རྣམས་སོ། །ཌ་ཏར་དང་། ཌ་ཏར་དང་། ཌ་ཏ་མ་གཉིས་ནི་མིང་མིན་ཡང་རྐྱེན་དེ་གཉིས་གང་ལ་སྦྱར་
ཤར་རམ་བདུན་ནམ་སྔོན། ཕ་རོལ། གཞན། ལྷོ། བྱང་། གཞན་ཞིག། དམའ་བ་དང་མཆུ། མཐོ་རིས། བར་མཚམས། དེ། གང་། དེ། འདི། འདི། གཅིག། གཉིས། ཁྱོད། བདག། ཡོད། བའི་མིང་དེ་ཡང་སརྦའི་མིང་ཅན་དུ་ཤེས་པར་བྱའོ། །འདི་རྣམས་ནི་རྟགས་གསུམ་ཆོ་ག་ཐམས་ཅད་འཇུག་
རུང་ཡིན་ནི། །ས་རྦ་ལ་རྣམ་དབྱེ་དང་པོའི་སུ་དང་ཨཽ་གཉིས་གོང་སྦྱོར་བཏང་ཨ་ཐུང་མཐའ་ཅན་རཱ་མའི་སྐབས་ལྟར་བསྒྲུབས་པས། སརྦྦ༔། སརྦྦཽ། སརྦ་ལ། ཛས། ཛ་ས༔ཤཱི། ཛས་ཀྱི་ཤཱིའོ། ཨ་ཐུང་མཐའ་ཅན་སརྦའི་རྟགས་ལ་རྣམ་དབྱེ་དང་པོའི་མིང་ཚིག་ཛས་ནི་ཤཱི་རུ་འགྱུར་ཏེ། ཤ་འགྲོ་
བའི་མིང་ཅན་ཡིན་པས་ཕྱིས། ཨ་ལས་ཞེས་པའི་མདོས་སརྦེ། རྣམ་དབྱེ་གཉིས་པ་རྣམས་གོང་རཱ་མའི་སྐབས་ལྟར། །སརྦཾ། སརྦཽ། སརྦཱ་མ། རྣམ་དབྱེ་གསུམ་པ་རྣམས་ཀྱང་གོང་བཞིན། སརྦེ་ཎ། སརྦཱ་བྷྱཱཾ། སརྦྦཻ༔། སརྦ་ལ་བཞི་པའི་ངེ་། སརྦ་ནཱམྣ༔སྨཻ། སརྦའི་མིང་ཅན་ལས་སྨཻའོ། །
ཨ་ཐུང་མཐའ་ཅན་སརྦའི་མིང་ཅན་ཏེ་སརྦ་སོགས་ལ་རྣམ་དབྱེ་བཞི་བའི་དེ་ནི་སྨཻ་རུ་འགྱུར་རོ། །སརྦ་སྨཻ། སརྦ་ལ་བཞི་པའི་གཉིས་ཚིག་དང་མང་ཚིག་གཉིས། །གོང་རཱ་མའི་སྐབས་ལྟར། །སརྦ་བྷྱཱཾ། སརྦ་ལ་ལྔ་བའི་ང་སི། ང་སི་ངྻོཿསྨཱ་ཏྶྨི་ནཽ། ང་སི་ངི་དག་གི་སྨཱཏ་སྨིན་དག་གོ། །སརྦ་
སོགས་ལ་རྣམ་དབྱེ་ལྔ་བའི་གཅིག་ཚིག་ང་སི་ནི་སྨཱ་ཏ་དང་། བདུན་པའི་གཅིག་ཚིག་ངི་ནི་སྨིན་དུ་འགྱུར་རོ། །སརྦ་སྨཱཏ། སརྦཱ་བྷྱཱཾ། སརྦེབྷྱ༔། སརྦ་ལ་དྲུག་པའི་ངས་དང་ཨོས་གཉིས་གོང་རཱ་མིའི་སྐབས་ལྟར། །སརྦ་སྱ། སརྦ་ཡོ༔། སརྦ་ལ། རྣམ་དབྱེ་དྲུག་པའི་མང་ཚིག་ཨཱ་མ། ཨཱ་མི་
སརྦ་ནཱ་མྣ༔སུ་ཊ། ཨཱ་མ་ལས་རྦའི་མིང་ཅན་རྣམས་ལས་སུ་ཊའོ། །ཨ་ཐུང་མཐའ་ཅན་སརྦ་སོགས་ལ་རྣམ་དབྱེ་དྲུག་པའི་མང་ཚིག་ཨཱ་མ་ལ་སུཊ་ཨཱ་ག་མ་འཇུག་གོ། །སརྦ་སཱཾ། མང་ཚིག་ལ། ཞེས་དང་། ཀུན་ནས་བསྒྱུར་བ་སོགས་ཀྱི་མདོས། སརྦེ་ཥྵཾ། སརྦ་ལ། དི། ང་སི། ངི་དག་
เล่ม ๒๐๘ · หน้า 44b
གི་ཞེས་པའི་མདོས། སརྦ་སྨིན། གཉིས་ཚིག་དང་མང་ཚིག་སྤྱིར་བཏང་དང་འདྲ་བས། སརྦ་ཡོ༔། སརྦཥུ། ཀུན་ཏུ་བོད་པའི་དོན་ཅན་རྣམས་ལ། ཧེ་སརྦ། ཧེསརྦཽ། ཧེ་ས་རྦེ། ཞེས་བ་ལྟར་བི་ཥ་སོགས་ས་རྦའི་མིང་ཅན་རྣམས་ལ་ཆོ་ག་འདི་ཁོ་ན་བཞིན་བསྒྲུབ་པའོ། །སརྦའི་
མིང་ཅན་གྱི་ནང་ཚན། ཨུ་བྷ་ལ་ནི། སུ་སོགས་གཅིག་ཚིག་བདུན་དང་ཛས་སོགས་མང་ཚིག་བདུན་མི་འཇུག གཉིས་ཚིག་བདུན་པོ་ཁོ་ན་འཇུག་པས། རྣམ་དབྱེ་དང་པོ་ལ། ཨུ་བྷཽ། གཉིས་པ་ལ། ཨུ་བྷཽ། གསུམ་པ་ལ། ཨུ་བྷཱ་བྷྱཱི། བཞི་བ་ལ། ཨུ་བྷྭ་བྷཱེ། ལྔ་བ་ལ། ཨུ་གྷཱ་བྷྱཱཾ།
དྲུག་པ་ལ། ཨུ་བྷ་ཡོ༔། བདུན་པ་ལ། ཨུ་བྷ་ཡོ༔། དེ་རྣམས་རྣམ་དབྱེ་རྣམས་ཀྱི་གཉིས་ཚིག་ཁོ་ནས་གྲུབ་པའོ། །སརྦའི་མིང་ཅན་གྱི་ནང་ཚན། པཱུ་རྦ་སོགས་ལ། རྣམ་དབྱེ་དང་པོའི་གཅིག་ཚིག་དང་གཉིས་ཚིག་གོང་ལྟར། པཱུ་རྦ༔། པཱུ་རྦཽ། མང་ཚིག་ཛས་ཀྱི་སྐབས་ཡང་ན་བ་སྟེ། པཱུ་རྦ་
ལ། ཛས། བཱུ་རྦ་པརཱ་ཝ་ར་དཀྵི་ཎོ་ཏྟ་རཱ་པརཱ་ཀྷ་རཱ་ཎི་བྱ་ཝ་སྠཱ་ཡཱ་མ་སཾ་ཛྙཱ་ཡཱཾ། པཱུ་རྦ། བར། ཨ་ཝར། དཀྵི་ཎ། ཨུ་ཏྟ་ར། ཨ་པ་ར། ཨ་དྷར་རྣམས་རྣམ་པར་བཞག་པ་སྟེ་མིང་མ་ཡིན་པ་ལའོ། །སརྦའི་ནང་ཚན། པཱུ་རྦ་སོགས་ཏེ་པཱུ་རྦ་ནས། ཨ་དྷ་རའི་བར་རྣམས་ལ་རྣམ་པར་བཞག་པ་སྟེ་
མིང་མ་ཡིན་ནས་རྦ་ནཱ་མའི་ཆོ་ག་དང་། མིང་ཡིན་ན་སྦྱོར་བཏིང་ཨ་ཐུང་མཐའ་ཅན་རཱ་མའི་ཆོ་ག་ལྟར་བསྒྲུབ་པའོ། །པཱུ་རྦེ། པཱུ་རྦཱ༔། དེ་བཞིན་སྭའི་སྒྲ་ལ་ཛས། སྭ་མ་ཛྙཱ་ཏི་དྷ་ནཱ་ཁྱཱ་ཡཱཾ། སྭ་ལ་གཉེན་དང་ནོར་དག་ལ་མ་ཡིན་ནོ། སརྦའི་ནང་ཚན་སྭ་ལ་གཉེན་དང་ནོར་དག་དང་སྦྱོར་བའི་ཚེ་སརྦ་འི་
མིང་ཅན་མ་ཡིན་ཏེ། སརྦ་སོགས་ཀྱི་ཆོ་ག་ལྟར་ཛས་ཤཱིར་མི་འགྱུར་བར་སྤྱིར་བཏང་ཨ་ཐུང་མཐའ་ཅན་ཁོ་ནའི་ཆོ་གས་བསྒྲུབ་པའོ། །སྭཱ༔ཛྙཱ་ཏ་ཡ༔། ཨ་ནྟ་ར་ལ་ཛས། ཨ་ནྟ་ར་བ་ཧི་རྻྻོ་གོ་པ་སཾ་བྱཱ་ན་ཡོ༔། ཨ་ནྟར་ལ་ཕྱི་དང་སྦྱོར་བ་གོན་པ་དག་ལས་སོ། །སརྦའི་མིང་ཅན་ཨ་ནྟ་རའི་སྒྲ་ལ།
ཕྱི་དང་སྦྱོར་བ་དང་གོས་གྱོན་པའི་སྨྲ་སྦྱོར་བའི་ཚེ། སརྦ་ནཱ་མའི་བྱ་བ་མི་འཇུག་པར། རཱ་མའི་ཆོ་ག་ཁེ་ནས་བསྒྲུབས་པས། ཨ་ནྟ་རཱ༔དང་། མཐོ་རིས་ཞེས་པ། ཕྱི་དང་གོན་པའི་དོན་མ་ཡིན་ན་ས་རྦའི་མིང་ཅན་ལྟར་བསྒྲུབས་པས། ཨ་ནྟརེ། བཱ་རྦཱ་དི་བྷྱོན་ཝ་བྷྱོ་བཱ། པཱུ་རྦ་སོགས་དགུ་ལས་ཡང་
เล่ม ๒๐๘ · หน้า 45a
ནའོ། པཱུ་རྦ་ལ་སོགས་པ་དགུ་ལས། རྣམ་དབྱེ་ལྔ་པའི་གཅིག་ཚིག་ང་སི་དང་། བདུན་པའི་གཅིག་ཚིག་དི་གཉིས་ནི་ཡང་ན་བ་སྟེ། སྤྱིར་བཏང་ཨ་ཐུང་མཐའ་ཅན་རཱ་མའི་ཆོ་ག་དང་སརྦ་ནཱ་མའི་ཆོ་ག་གང་རུང་འཇུག་པས། ལྔ་པ་ལ། པཱུ་རྦ་ཏ། པཱུ་རྦ་སྨཱ་ཏ། བདུན་པ་ལ། པཱུ་རྦེ།
པཱུ་རྦ་སྨིན་ལྟ་བུའོ། །དེ་བཞིན་དུ། བ་རཱ་ཏ། པ་ར་སྨཱ་ཏ། ལྔ་པ། པ་རེ། པར་སྨིན། བདུན་པ་སྟེ། དེ་ལྟར་པཱུ་རྦ་ནས། །ཨ་ནྟར་པཱུ་རྦ་ནས། ཨ་རྟ་རའི་བར་ཐམས་ཅད་རིགས་འགྲེའོ། །སརྦའི་མིང་ཅན་རྣམས་ལ་ཉེར་བསྒྱུར་སྦྱོར་བ་དང་། མིང་དང་། ས་མ་ལ་མཉམ་པའི་དོན། སྭ་ལ་ནོར་དང་གཉེན་གྱི་དོན། ཨནྟ་ལ་ཕྱིའི་
དོན་རྣམས་སྦྱོར་བ་ལས་རྦའི་མིང་ཅན་མ་ཡིན་ཏེ། སརྦ་ནཱ་མའི་ཆོ་ག་རྣམས་མི་འཇུག་པར་སྦྱོར་བཏང་ཨ་ཐུང་ཅན་གྱི་སྐབས་སུ་བཤད་པ་ལྟར་བྱའོ། དེ་ཡང་དཔེར་ན། ཨ་ཏི་སརྦཱ༔། ཞེས་ཉེར་བསྒྱུར་ཨ་ཏི་ཡོད་པའི་སརྦ་ལ་ཛས་ཤཱིར་མི་འགྱུར་བ་ར་རཱ་མ་ལྟར་བསྒྲུབས་པ་ལྟ་བུའོ། །ན་པ་ཧུ་བྲཱི་ཧཽ།
འབྲུམ་པོ་ལ་མ་ཡིན་ནོ། །སརྦ་སོགས་ལ་འབྲུམ་ད་པོའི་ཚིག་སྡུད་གནས་པ་ལ་ཡང་སརྦ་ནཱ་མའི་ཆོ་ག་རྣམས་མི་འཇུག་སྟེ། དཔེར་ན། པྲི་ཡས་རྦ་ལ། ཤིན་ཏུ་ཐམས་ཅད་རྣམས། དེ་བྱིན་པ་སྨཻ་རུ་མི་འགྱུར་བར། དེ་ཡང་བསྒྱུར་བས། པྲི་ཡ་སརྦ་ཡ། ཏྲྀ་ཏྭི་ཡཱ་ས་མཱ་སེ། གསུམ་པའི་ཚིག་སྡུད་
ལའོ། །གསུམ་པའི་ཚིག་སྡུད་ཅེས་པ་དེའི་སྐྱེས་བུའི་བསྡུ་བུའི་ཁྱད་པར་རྣམ་དབྱེ་གསུམ་པ་ཚིག་སྡུད་ཀྱིས་ཕྱིས་པ་དང་སྐབས་འགར་མ་ཕྱིས་ཀྱང་འདྲ་སྟེ། རྟགས་སརྦའི་མིང་ཅན་རྣམས་ལས་སརྦའི་བྱ་བ་མི་འཇུག་པར་སྤྱིར་བཏང་ཨ་ཐུང་། དགའ་བ་ཐམས་ཅད་ཀྱི་ཆེད་དུ། མཐའ་ཅན་གྱི་ཆོག་བྱེད་པས།
དཔེ་ན། མས་པཱུ་རྦཱུ་ཡ། མ་སེན་པཱུ་རྦཱ་ཡ། ལྟ་བུའོ། །དྭ་ནྡཾྭ་ཙ། ཟླས་དབྱེ་ལའང་ངོ་། རྟགས་མཐའ་ཨ་ཡིག་ས་རྦའི་མིང་ན་ཚིག་སྡུད་ཀྱི་ཁྱད་པར་ཟླས་དབྱེ་གནས་པ་ལས་ཀྱང་ས་རྦ་ནཱ་མའི་བྱ་བ་རྣམས་མི་འཇུག་པས་སྤྱིར་བཏང་གི་ཆོ་གས་བསྒྲུབ་པའོ། །པཱུ་རྦ་པ་རཱ་ཝ་རཱ་ཎཱཾ། སུཊ་མི་འཇུག་
ནུཊ་འཇུག་པ་ལྟ་བུའོ། མཚུངས་བའི་སྔོན། །བི་གྷཱ་ཥཱ་ཛ་སི། ཛས་ལ་གདམ་ངའོ། སརྦ་ནཱ་མ་ལས། ཟླས་དབྱེའི་ཚིག་སྡུད་གནས་པ་ལ་སརྦའི་མིང་ཅན་གྱི་བྱ་བ་དང་སྦྱོར་བཏང་ཨ་ཐུང་མཐའ་གྱི་ཆོ་ག་རྣམས་དབྱེ་དང་པོའི་ཛས་ལ་གདམ་ང་བྱ་སྟེ། ཤར་ཕ་རོལ་གཞན་རྣམས་ཀྱི། ཤཱི་རུ་འགྱུར་བ་དང་
เล่ม ๒๐๘ · หน้า 45b
ཨ་ཀ་འདྲ་བའི་ཆོ་ག་གཉིས་ཀ་འཇུག་པའོ། །བརྟཱ་ཤྲ་མེ་ཏ་རེ། བརྞཤྲ་མེ་ཏ་རཱ༔ ལྟ་བུའོ། པྲ་ཐམ་ཙར་མ་ཏཱི་ཡཱ་ལྤཱ་རྡྷཀ་ཏི་པ་ཡ་ནེ་མཱཤྩ། པ་ཐ་མ། ཙ་ར་མ། ཏཱི་ཡ། ཨ་ལྔ། ཨ་རྡྷ། ཀ་ཏི་པ་ཡ། ནེ་མ་རྣམས་ལ་ཡང་ངོ་། པྲ་ཐ་མ་སོགས་ལ་ཡང་རྣམ་དབྱེ་དང་པོའི་མང་ཚིག་ཛས་ནི་སརྦ་སོགས་ཀྱི་
སྐབས་ལྟར་ཤཱི་རུ་འགྱུར་བ་དང་སྤྱིར་བཏང་ཨ་ཐུང་མཐའ་ཅན་ལྟར་ཨ་ཀ་འདྲ་བའི་ཆོ་ག་གཉིས་ཀར་འཇུག་པས་གདམ་ངའོ། །པྲ་ཐ་མེ། པྲ་ཐ་མཱ༔། དང་པོའམ་ཐོགས་པགས་ག་ཆུང་དུ། ཕྱེད། ཇི་ཙམ། ཁྲིམས། ཏཱི་ཡའི་རྐྱེན་སྦྱར་བ་ནི། དྭི་ཏཱི་ཡེ། དྭི་ཏཱི་ཡེ། དྭི་ཏཱི་ཡཱ༔ ལྟ་བུའོ། །པྲ་ཐ་མ་སོགས་ལ་ཛས་མ་གཏོགས་རྣམ་
དབྱེ་ལྷག་མ་གཞན་ཐམས་ཅད་རཱ་མའི་སྐབས་དང་འདྲའོ། །འགྲེལ་བར་ལུང་དྲངས་པ། ཏཱི་ཡ་སྱ། ངི་ཏྶུ་བཱ་ས་རྦ་ནཱ་མ་ཏཱ་བཱ་ཙྦཱ། དང་པོ་རྣམས། ཏཱི་ཡའི་ང་འགྲོ་བ་རྣམས་ལ་སརྦའི་མིང་ཅན་དུ་ཡང་ན་བཤད་དོ། །ཏཱི་ཡའི་རྐྱན་ལ། གཉིས་པ་རྣམས། ཡང་ང་འགྲོ་བའི་མིང་ཅན་རྣམས་སརྦའི་བྱ་བ་དང་།
རཱ་མའི་བྱ་བ་གཉིས་གདམ་ང་ཅན་ཡིན་པས་གཉིས་ཀ་འཇུག་སྟེ། རྣམ་དབྱེ་བཞི་པའི་ངེ་ལ། དྭི་ཧཱི་ཡ་སྨཻ། དྭི་ཧཱི་ཡཱ་ཡ། ལྔ་པ། དྭི་ཏཱི་ཡ་སྨཱཏ། དྭི་ཏཱི་ཡཱ་ཏ། བདུན་པ། དྭིཏཱི་ཡ་སྨིན། དྭ་ཏཱི་ཡེ། ལྟ་བུའོ། ལྷག་མ་རྣམས་རཱ་མ་དང་འདྲའོ། །ཛ་རཱ་ཡཱ་ཛ་ར་ས་ནྱ་ཏ་ར་སྱཱཾ། ཛ་རཱའི་ཛ་རས་ཡང་
ནའོ། །ཛ་རཱའི་སྒྲ་ལ་རྣམ་དབྱེ་ཧལ་ཏེ་གསལ་བྱེད་ཐོག་མ་ཅན་རྣམས་མ་ཡིན་པའི་ཨ་ཙ་ཐོག་མ་ཅན་རྣམས་ལ། ཛ་རཱ། ཛ་རས་ཞེས་པར་བསྒྱུར་བའོ། །སུ་ལ་ནི་རྫ་ར༔། ཨ་ཅ་ལ། ཛ་རས་སུ་བསྒྱུར་བས། ནི་རྫ་ར་སོ། ནི་རྫ་རས༔། གཉིས་པ་ལ། ནི་རྫ་ར་སཾ། ནི་རྫ་ར་སཽ། ནི་རྫ་རས༔། ནི་རྫར་
ལ། རྣམ་དབྱེ་གསུམ་པའི་ཊཱ། འདིར་འགྲེལ་པར་གཞན་ནས་ལུང་དྲངས་པ། ཀེ་ཙིདཱ་དཱ་བེ་ནཱ་ཏཱ་ཝཱ་དེ་ཤཱ་པི་ཚ་ནྟི། རྒས། ལ་ལར་སྡ་མ། ཨེ་ན ཨ་ཏ་དག་ཏུ་ཀུན་ མ་རྒས་ལ། ནས་བསྒྱུར་བར་འདོད་དོ། །ཞེས་བྱུང་བས། ནི་རྫ་རཱ། ཞེས་པའི་རྟགས་འདི། ཛརས། ཛརས། ཛརས་ན། རྣམས་སུ་
འགྱུར་བས། ནི་རྫ་རྦ་སཱ། ནི་རྫར་སེན། ནི་རྫར་སེ་ནེ་ན་སྟེ་གཟུགས་གསུམ་འབྱུང་ངོ་། ཊཱ་མ་ན་ཆད་རྣམ་དབྱེ་ཐམས་ཅད་ལ་གཟུགས་གསུམ་དུ་དབྱེ་པ་དང་། གཞུང་ཉིད་ཀྱིས་བཤད་པ་ལྟར། ཨ་ཙ་ཐོགས་ཅན་རྣམས་ལ་ཛ་རས་སུ་བསྒྱུར། ཧ་ལ་ཐོག་མ་ཅན་རྣམས་ལ། ཛ་རཱ་
เล่ม ๒๐๘ · หน้า 46a
ཉིད་དུ་གནས་པ་འདམ་ཀ་ཅན་དུ་བྱའོ། །ནེརྫར་སེ། ནིརྫ་རསཱ་ཡ། ནི་རྫར་སེ་ནཱ་ཡ། ཞེས་པ་ལྟ་བུ་ཐམས་ཅད་ལ་རིགས་འགྲེའོ། །པདྡ་ནྣོ་མཱས་ཧྲྀ་ནྣི་ཤ་ས་ནྦཱ་ཥ་ན་དོ་ཥཾ་ཡ་ཀ་ཉྪ་ཀ་ནྣུ་ཀ་ནྣུ་ད་ནྣཱ་ས་ཉྪ་སྦྲ་བྷྲྀ་ཏི་ཥུ། ཤས་ལ་སོགས་པ་རྣམས་ལ་བད་དཏ་ནས་མཱས་ཧྲྀད་ནི་ཤ་
ཨ་སན། པཱུ་ཥ་ན དོ་ཥ་ན་ ཡ་ཀ་ན ཤ་ཀ་ན་ ཨུ་ད་ན་ ཨཱ་སན་རྣམས་སོ། །པ་ད་ལ་སོགས་པ་འདི་རྣམས་ལ་རྣམ་དབྱེ་དང་པོ་གསུམ་དང་། གཉིས་པའི་གཅིག་ཚིག་དང་གཉིས་ཚིག་རྣམས་གོང་ཨ་ཐུང་མཐའ་ཅན་སྤྱིར་བཏང་རཱ་མའི་སྐབས་དང་འདྲ། རྣམ་དབྱེ་གཉིས་པའི་མདོ་ཚིག་ཤས་ནས་
བརྩམས་ཏེ། བདུན་པའི་མང་ཚིག་སུབ་ཀྱེ་བར་རྣམ་དབྱེ་རྣམས་གང་བྱུང་ཡང་། པཱ་ད། ནི། པད། དནྟ་ནི། ད་ཏ། ནཱ་སི་ཀཱ་ནི། ནས། མཱ་ས་ནི། མཱ་ས། ཧྲྀ་ད་ཡ་ནི། ཧྲྀ་ད། ནི་ཤཱ་ཞེས་པ། ནི་ཤ། ཨ་སྲྀ་ཛ་ནི། ཨ་ས་ན། པཱུ་ཥ་ནི། པཱུ་ཥ་ན། དོ་ཥ། ནི། དོ་ཥན། ཡ་ཀྲྀ་ཏ། ནི། ཡ་ཀན།
ཤ་ཀྲྀ་ཏ། ནི། ཤ་ཀ་ན། ཨུ་ད་ཀ། ནི། ཨུ་ང་ན། ཨཱ་ས་ན་རྣམས་སུ། རྐང་པ། ཡ་ངན། མ་ཆབ། སྣ། མཉམ་པ་འམ་མཚུངས་པ། འགྱུར་ཞིང་། སྐབས་སྙིང་། མི་མཐོང་བ། འགར་བུ་བརྒྱུད། མི་འགྲོ་བ། མ་སྦྱིན་པ། དག་པ། ཀྱི་རྐྱེན་ལའང་། མཚན་མོ། ཐོབ་པར་བྱེད། འགྱུར་ཏེ། པད་ཡ།
ནུས། ལ་ཤས། བ་ད་ཡ། ཆུ། པད་དུ་འགྱུར་དྲངས། གདན། པད༔། གྲུབ། དེ་བཞིན་དུ་བསྒྲུབས་པས། པདཱ། པདྡྷྱི༔། བདྦྷི༔། ད་ཏ། ད་ཏཱ། དདྦྷཱཾ། ན་ས༔། ན་སཱ། ནོ་པྕྩཱཾ། མཱ་ས༔། མཱ་སཱ། མཱ་བྷཱུཾ། ཧྲྀ་ད༔། ཧྲྀ་དཱ། ཧྲྀ་དྦྷཱཾ། ནི་ཤ༔། ནི་ཤཱ། ནི་དྦྷྱཾ། ཨ་ས་ན༔། ཨས་ནཱ། ཨ་ས་བྷྱཱཾ། པྦུ་ཥྞ༔། བཱུ་ཥྜཱ། པཱུ་ཥ
བྷྱཱཾ། དོ་ཥྞ༔། དོ་ཥྞ། དོ་ཥབྷྱཱཾ། ཡ་ཀྣ་མ། ཡ་ཀྣ། ཡ་ཀ་བྷྱཱཾ། ཤ་ཀཱ༔། ཤ་ཀྣ། ཤ་ཀ་བྷྱཱཾ། ཨུ་དྣ༔། ཨུ་དྣཱ། ཨུདྣཱ། ཨུ་ད་བྷཱཾ། ཨཱ་སྣཱ། ཨ་ས་བྷྱཱཾ། ཞེས་པ་ལྟ་བུ་ཐམས་ཅད་ལ་རིགས་འགྲེའོ། །ཧྲྀང་སོགས་སུ་མ་འགྱུར་བའི་ཕྱོགས་རཱ་མ་དང་འདྲའོ། །སུ་ཌ་ན་པུཾས་ཀ་སྱ། སུཊ་མ་ཎིང་
མ་ཡིན་པའི་འོ། །རྣམ་དབྱེ་དང་པོའི་གཅིག་ཚིག་སུ་ནས་གཉིས་པའི་གཉིས་ཚིག་ཨཽ་ཊའི་བྲ་ལྔ་པོ་རྣམས་མ་ཡིན་པ་སྟེ་མ་ནིང་པོར་པའི་སྐྱེས་བའི་རྟགས་སོགས་ལ་སུཊ་སོ་སོར་བསྡུ་བའམ། སུཊའི་མིང་ཅན་ནམ་ཐམས་ཅད་གནས་པའི་མིང་ཅན་ཞེས་དགོས་པའི་ཆེད་དུ་བརྡ་ཆད་བྱེད་དོ། །
เล่ม ๒๐๘ · หน้า 46b
སྭཱ་དི་ཥྭ་སརྦ་ནཱ་མ་སྠཱ་ནི། སུ་སོགས་རྣམས་ལ་ཐམས་ཅད་གནས་པའི་མིང་ཅན་མ་ཡིན་ལའོ། །སུ་སོགས་ཉི་ཤུ་རྩ་གཅིག་ལས་གོང་དུ་བཤད་པ་ལྟར་རྣམ་དབྱེ་དང་པོའི་སུ་ནས་གཉིས་པའི་གཉིས་ཚིག་ཨཽ་ཊའི་ཕར་ལྔ་བོ་རྣམས་ཐམས་ཅད་གནས་པའི་མིང་ཅན་དང་། ལྔ་བོ་རྣམས་པོར་བའི་ཤས་
ནས་སུ་བཀྱི་བར་རྣམས་ལ་ཐམས་ཅད་གནས་པའི་མིང་ཅན་མ་ཡིན་པ་ཞེས་དགོས་པའི་དབང་གིས་མིང་འདོགས་བྱེད་དེ། དགོས་པ་ནི། ཤས་སོགས་ཐམས་ཅད་གནས་པའི་མིང་ཅན་མ་ཡིན་པ་རྣམས་ཀྱི་སྔ་མའི་མིང་དེ་ལ་རྣམ་འགྱུར་བྱུང་བའི་ཕྱིར་པ་ད་ཞེས་མིང་འདོད་བྱེད་དེ་འོག་ནས་ཅི་རིགས་
པ་འབྱུང་ངོ་། །ཡ་ཅིཾ་བྷཾ། ཡ་ཨ་ཙ་ལ་བྷ་འོ། །ཡའི་རྐྱེན་དང་ཤས་སོགས་ཐམས་གནས་པའི་མིང་ཅན་མ་ཡིན་པ་རྣམས་ཀྱི་རྣམ་དབྱེ་ཨ་ཙ་སྟེ་དབྱངས་ཐོག་མ་ཅན་རྣམས་ཀྱི་སྔ་མའི་མིང་ངམ་རྟགས་དེ་ལ་ངྷ་ཞེས་དགོས་པའི་ཆེད་དུ་མིང་འདོགས་བྱེད་དོ། །ཨ་ལློ་བོ་ན༔། ནའི་ཨཏ་
དབྱིའོ། །རྟགས་བྷའི་མིང་ཅན་གྱི་པཱུ་ཥ་ན་ཞེས་པ་ལྟ་བུའི་ཕ་རོལ་དུ་ཤས་སོགས་ཐམས་ཅད་གནས་པའི་མིང་ཅན་མ་ཡིན་པ་ཨ་ཙ་ཐོག་མ་ཅན་ཕ་རོལ་རྟགས་མཐའ་ན་སྲོག་མེད་ཀྱི་སྔ་མའི་ཨ་དེ་དབྱིའོ། །པཱུ་ཥ་ན་ལ། ཤས་ཨ་ཕྱིས། ར་ཥ་སོགས་ཀྱི་མདོས་ན་ཎ་དྲངས། པཱུ་ཥྞཿ
པཱུ་ཥ་ན་ལ་བྷྱཱཾ། ན་ལོ་པ༔། པྲཱ་ཏི་པ་དི་ཀཱི་ཏ་སྱ་མིང་མཐའི་ན་དབྱིའོ། །མིང་མཐའི་ན་སྲོག་མེད་ནི་རྣམ་དབྱེ་ཧ་ལ་ཐོག་མ་ཅན་རྣམས་ལ་དབྱི་སྟེ་ན་ཕྱིས། པཱུ་ཥ་བྷྱཱཾ། པཱུ་ཥ་ན་ལ། བདུན་པའི་ངི་བྱིན། བིབྷཱ་ཥཱ་དི་ཤྱོ༔། དཾ་ཤི་དག་ལ་གདམ་ངའོ། །རྣམ་དབྱེ་བདུན་པའི་དི་དང་ཤཱི་སྟེ། མ་ནིང་གི་
རྟགས་ལ་ཨཽ་ཤཱིར་བསྒྱུར་བ་གཉིས་ཀྱི་སྔ་མའི་རྟགས་མཐའ་ན་སྲོག་མེད་གནས་པའི་ཨ་དབྱི་བ་དང་མི་དབྱི་བ་གང་རུང་འདམ་ཀ་ཅན་དུ་བྱ་སྟེ། པཱུ་ཥྞེ། པཱུ་ཥ་ཎི། སཾ་ཁྱཱ་བི་སཱ་ཡ་པཱུ་རྦ་སྱཱ་ཧན་ནྱ་ཏ་ར་སྱཱཾ་ངོ་། གྲངས་བི་སཱ་ཡ་སྔ་མའི་ཨ་ཧ་ན་དི་ལ་ཡང་ནའོ། །གྲངས་རྣམས་དང་ཉེར་
བསྒྱུར་བི་དང་། དགོངས་མོའི་སྐད་དོད། སཱ་ཡ་རྣམས་སྔ་མའི་ཨ་ཧྣའི་སྒྲ་ནི་རྣམ་དབྱེ་བདུན་པའི་གཅིག་ཚིག་དི་ལ་ཨ་ཧན་ཞེས་པར་ཡང་ན་འགྱུར་ཏེ། གྲངས་ཐོག་མ་ཅན་ལ། དྭེ་ཨ་ཧྣ་ལ་དི་ལ་སྦྱིན་པས། དྷྱ་ཧྣེ། ཉི་མ་གཉིས། དྦྱ་ཧ་ནི། དྦྱ་ཧཱི། ཉི་མ་གཉིས། པི་ཐོག་མར་བཞག་པ་ལ།
เล่ม ๒๐๘ · หน้า 47a
བྱ་ཧྣེ། བྱ་ཧ་ནི། བྱ་ཧྣི། སཱ་ཡ་ཐོག་མར་བཞག་པ་ལ། སྭ་ཡཱ་ཧྣེ། སཱ་ཡཱ་ཧ་ནེ། སཱ་ཡཱ་ཧྣི། ཞེས་པ་ལྟ་བུའི་གཟུགས་གསུམ་གསུམ་བྱུང་བའི་རྗེས་མ་རྣམས་ནའི་ཨ་ཏ་དབྱི་འོ་ཞེས་པས་བསྒྲུབས་པའོ། །ཞེས་བ་དེ་རྣམས་ནི་སྐྱེས་པའི་རྟགས་ལས་ཨ་ཐུང་མཐའ་ཅན་རྣམས་སོ།། ༈ །།
སྐྱེས་པའི་རྟགས། ཉི་བྲལ། ཨཱ་རིང་མཐའ་ཅན་ལ། བི་ཤྭ་པཱ། ཞེས་པའི་རྟགས་ལ་དཔེར་བརྗོད་ན། བི་ཤྭ་པཱ་ཞེས་པ་ལ། རྣམ་དབྱེ་དང་པོའི་གཅིག་ཚིག། སུ། དེ་དབྱི་འོས་ཨུ་ཕྱིས། ས་ས་ཇུ་ཥ་སོགས་དང་། །ཁར་སོགས་ཀྱི་མདོས་བསྒྲུབས་པས། བི་ཤྭ་པྭ༔། ཨཽ་དང་ཛས་ལ། དཱི་རྒྷྭ་ཛྫ་སི་
ཙི། རིང་པོ་ལས་ཛས་ཨི་ཙ་ལའོ། །ཨ་ཡིག སྣ་ཚོགས་འཐུང་། རིང་པོའི་མཐའ་ལས་ཕ་རོལ་གྱི་རྣམ་དབྱེ་ཨི་ཙ་སོ་སོར་བསྡུ་བ་དང་པོ་ཅན་རྣམས་དང་ཛས་ལ། དང་པོ་དག་ལ་སྔ་མ་འདྲའོ། ཞེས་པའི་མདོའི་ཆོ་ག་འཇུག་པ་མ་ཡིན་ཏེ། ཨེ་ཙའི་འཕེལ་བ་དང་། ཨ་ཀ་འདྲ་བ་ལ་རིང་བོ་བྱས་པས།
བི་ཤྭ་པཽ། བི་ཤྭ་པཱ༔། གཉིས་པའི་གཅིག་ཚིག་ལ། ཨ་མ་ལ་སྔ་མ་འོས། བི་ཤྭཔཱཾ། གཉིས་ཚིག་ལ། བིཤྭ་པཽ། མང་ཚིག་ཤས་ལ། ཨཱ་ཏོ་དྷཱ་ཏོ༔། བྱིངས་ཀྱི་ཨཱ་ཏ་ཀྱི་འོ། །རྣམ་དབྱེ་གཉིས་པའི་ཤས་ནས་བརྩམས་ཏེ། བདུན་པའི་སུ་པ་ཀྱི་བར་གྱི་རྣམ་དབྱེ་ཨ་ཙ་ཐོག་མ་ཅན་གང་བྱུང་ཡང་།
རྟགས་བྱིངས་ཀྱི་ཨཱ་རིང་མཐའ་ཅན་ཡིན་པའི་ཨཱ་དེ་དབྱི་སྟེ། ཨཱ་ཕྱིས་པས། བི་ཤྭ་པ༔། རྣམ་དབྱེ་ལྷག་མའང་བཤད་མ་ཐག་བའི་ཆོ་ག་ལྟར་གྱིས་བསྒྲུབས་པ། གསུམ་པ་ལ། བི་ཤྭ་པཱ། བི་ཤྭ་པཱ་བྷྱཱཾ། བི་ཤྭ་པཱ་པྷི༔། བཞི་པ་ལ། བི་ཤྭ་པེ། བི་ཤྭ་པཱ་བྷྱཱཾ། བི་ཤྭ་པཱ་བྷྱ༔། ལྔ་བ་ལ། བི་
ཤྭ་པ༔། བི་ཤྭ་པཱ་བྷྱཱཾ། བི་ཤྭ་པཱ་བྷྱ༔། དྲུག་པ་ལ། བི་ཤྭ་པ༔། བི་ཤྭ་པཱཾ། བདུན་པ་ལ། བི་ཤྭ་པོ༔། བི་ཤྭ་པཱ་སུ། བོད་ཚིག་ལ། ཧེའི་ཤྭ་པཱ༔། ཧེབི་ཤྭ་པཱ༔། དེ་བཞིན་དུ། སོམ་པཱ། ཀཱི་ལྦ་ལ་པཱ། ཤཾ་ཁ་དྒཱ། ཧཱ་ཧཱ། སྟྭཱ། སྣཱ་ལ་སོགས་པ་མང་པོ་
དག་ཀྱང་བི་ཤྭ་པཱ་དང་བྱ་དང་བྱ་བ་འདྲ་བའོ། །ཞེས་པ་སྐྱེས་བའི་རྟགས་ཀྱི་ཨཱ་རིང་མཐའ་ཅན་གྱི་བྱ་བ་བཤད་ཟིན་ཏོ། ༈ །ད་ནི་སྐྱེས་པའི་རྟགས་ཨི་ཐུང་མཐའ་ཅན་གྱི་བྱ་བ་རྣམས་བཤད་པར་བྱ་སྟེ། ཧ་རི་ལ། འཕྲོག་བྱེད། ཞི་བ་འཐུང་། ངུར་བཟོ་བ། དྲི་ཟ། རྣམ་དབྱེ་དང་པོའི་གཅིག་ཚིག་
เล่ม ๒๐๘ · หน้า 47b
སུ། ས་ས་ཛུ་ཥ་དང་ཁར་སོགས་ཀྱི་མདོས། ཧ་རི༔། ཧ་རི་ལ། ཨཽ། དང་པོ་དག་ལ། ཞེས་པས། ཧརཱི། ཧ་རི་ལ་ཛས། ཛ་སི་ཙ། ཛས་ལ་འང་ངོ་། ཨི་ཀ་སོ་སོར་བསྡུ་བ་ཐུང་ངུ་རྣམས་ཀྱི་ཕ་རོལ་རྣམ་དབྱེ་དང་པོའི་མང་ཚིག་ཛས་མཐོང་ན་རྟགས་ཨ་ངྒའི་མིང་ཅན་དེ་ཡོན་ཏན་དུ་འགྱུར་ཏེ།
ཧ་རེ། ཛས། ཛ་ཕྱིས། ཨེ་ཙའི་ཨ་ཡ་ཨ་ཝ་སོགས་ཀྱི་མདོས། ཧ་ར་ཡ༔། ཧ་རི་ལ། ཀུན་ཏུ་བོད་པའི་གཅིག་ཚིག་སཾ་བུ་དྔྷིའི་མིང་ཅན། སུ། ཏྲ་སྭ་སྱ་གུ་ཎ༔། ཐུང་ངུའི་ཡོན་ཏན་ནོ། ཨི་ཀ་ཐུང་ངུ་རྣམས་སཾ་བུ་དྡྷི་ལ་ཡོན་ཏན་དུ་འགྱུར་ཏེ། ཧེ་ཧ་རེ། སུ། ཐུང་ངུ་དང་ཨེང་ལ་ཞེས་པས།
སུ་ཕྱིས། ཧེ་ཧ་རེ། གཉིས་ཚིག་དང་མང་ཚིག་གོང་རྣམ་དབྱེ་དང་པོ་དང་འདྲ་བས། ཧེ་ཧ་རཱི། ཧེ་ར་ཡ༔། ཧ་རི་ལ། གཉིས་པའི་ཨ་མ་དང་། ཨཽ། ཨ་མ་ལ་སྔ་མའོ་ཞེས་པས། ཧ་རི། ཧ་རཱི། ཧ་རི་ལ། ཤས་ཤ་ཕྱིས། དང་པོ་དག་ལ་ཞེས་པས། ཧ་རཱིས།
དེ་ཡང་ཤས་ཀྱི་ན་སྐྱེས་པ་ལའོ། །ཞེས་པས་ས་སྲོག་མེད་ན། ཧ་རཱི་ན། ཧ་རི་ལ་གསུམ་པའི། ཊཱ། ཤེ་ཥོ་གྷྱ་ས་ཁི། ས་ཁིམ་ཡིན་པ་ལ་ལྷག་མ་གྷིའོ། །ན་དཱི་མིང་ཅན་དང་རྟགས་ཨི་ཀ་སོ་སོར་བསྡུ་བ་ཐུང་ངུ་རྣམས་ཀྱི་ནང་ནས་ས་ཁི་མ་ཡིན་པ་སྟེ། ས་ཁིའི་སྒྲ་བོར་བའི་ཨི་ཀ་ཐུང་ངུའི་མཐའ་
རྣམས་ཀྱི་ཕ་རོལ་དུ་རྣམ་དབྱེ་ལྷག་མ་སྟེ། དང་པོ་དང་གཉིས་པ་མ་ཡིན་པའི་རྣམ་དབྱེ་གསུམ་པའི་ཊཱ་ནས་བརྩམས་ཏེ། བདུན་པའི་སུབ་ཀྱི་པར་ཕ་རོལ་དུ་བྱུང་ན་རྟགས་མཐའི་དབྱངས་དེ་ལ་གྷི་ཞེས་མིང་རྟགས་བྱེད་དེ་དགོས་པའི་ཆེད་དུ་འོ། །ཨཱ་བོ་ནཱ་སྟྲི་ཡཾ། བུད་མེད་མ་ཡིན་པ་ལ་ཨཱང་གི་ནཱའོ། །
རྟགས་མཐའ་གྷིའི་མིང་ཅན་གྱི་ཕ་རོལ་ཨཱང་སྟེ། ཊཱ་ནི་བུད་མེད་ཀྱི་རྟགས་མ་ཡིན་པ་ལ་ནཱ་ར་འགྱུར་རོ། །ཧ་རི་ཎཱ། གཉིས་ཚིག་དང་མིང་ཚིག་ལ་བྱ་བ་ལྷག་པོ་མེད་པས། ཧ་རི་བྷྱཱཾ། ཧ་རི་བྷི༔། ཧ་རི་ལ། བཞི་པའི་དེ། གྷ་རྫི་ཏི། གྷིའི་པ་འགྲོ་བ་ལས་སོ། །རྟགས་མཐའ་གྷིའི་མིང་ཅན་དེ་ཕ་རོལ་
རྣམ་དབྱེ་ང་འགྲོ་བའི་མིང་རྣམས་དང་ཕྲད་ན་རྟགས་མཐའ་གྷིའི་མིང་ཅན་དེ་ཡོན་ཏན་འགྱུར་བས། ཧ་རེ། དེ། ད་ཕྱིས། ཨེ་ཙའི་ཨ་ཡ་སོགས་ཀྱི་མདོས། ཧ་ར་ཡེ། ཧ་རི་བྷྱཱཾ། ཧ་རི་བྷྱ༔། ཧ་རི་ལ། ལྡ་པའི་ད་སི། ཧ་རི། ང་སི། བཤད་མ་ཐག་པའི་མདོས། ཧ་རི། ཨ་ས། ང་སི་
เล่ม ๒๐๘ · หน้า 48a
ང་སོ༔ཙ། ང་སི་ངས་དག་གི་ཡང་ངོ་། །རྟགས་མཐའ་ཨེང་སོ་སོར་བསྡུ་བའི་ཡི་གེ་ཡོད་ན་ཕ་རོལ་རྣམ་དབྱེ་ལྔ་བའི་ང་སི་དང་། དྲུག་པའི་ངས་གཉིས་ཀྱི་ད་འགྲོ་བའི་མིང་ཅན་ཕྱིས་པའི་ཨ་དེ་ནི་སྔ་མ་ཨེང་གི་ཡི་གེ་གང་མཐོང་བ་དེའི་གཟུགས་སུ་འགྱུར་ཏེ། ཧ་རེ༔། ཧ་རི་བྷྱཱཾ།
ཧ་རི་བྷེ༔། ཧ་རི་ལ། དྲུག་པའི། ངས། ལྔ་བ་དང་འདྲ་བས། ཧ་རེ༔། ཧ་རི། ཨོས། ཨི་ཀ་གི་ཞེས་པས། ཧ་རྻྻོ༔། ཧ་རི། ཨཱ་མ། ཐུང་ངུ་སོགས་ཀྱིས་ནུཊ། ར་ཥ་དག་ལ་ཞེས་པས། ན་ཎ། ནཱ་མ་ལ་འོས་རྟགས་མཐའ་རིང་པོར་འགྱུར། ཧ་རཱི་ཎཱཾ། ཧ་རི་ལ། དི། ཨ་ཙྫུ་གྷེ༔། གྷིའི་ཨ་ཏ་ཡང་
ངོ་། །རྟགས་མཐའ་གྷིའི་མིང་ཅན་གྱི་ཕ་རོལ་དུ་རྣམ་དབྱེ་བདུན་པའི་ངི་བྱུང་ན། རྟགས་མཐའ་གྷིའི་མིང་ཅན་དེ་ཨཏ་དུ་འགྱུར་ལ། ཡང་གི་སྒྲས་ངི་ཡང་ཨཽ་རུ་འགྱུར་ཏེ། ཧ་ར། ཨཽ། ཨེ་ཙ་ལ་འོས། ཧ་རཽ། ཧ་རྻྻྻཽ༔། ཧ་རི་ཥུ། དེ་བཞིན་དུ། ཤྲཱི་པ་ཏི། ཨ་གྣི། ར་བི། ཀ་ཝི་ལ་སོགས་པ་མང་
པོ་དག་ཀྱང་ཧ་རི་དང་བྱ་བ་འདྲའོ། །ས་ཁིའི་སྒྲ་ལ་ཅུང་མི་འདྲ་སྟེ། ས་ཁི་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སུ་བྱིན། ས་ཁི། སུ། ཨ་ནང་སཽ། སུ་ལ་ཨ་ན་ང་ངོ་། །ས་ཁིའི་སྒྲ་ལ་ཀུན་དུ་བོད་པའི་དོན་དུ་སྦྱིན་པའི་སཾ་བུ་དྡྷྲི་མ་ཡིན་པའི། དཔལ་གྱི་བདག་པོ། མེ། ཉི་མ། སྙན་ངག། སུ་ལ་རྟགས་
མཐའ་ཨ་ནང་དུ་འགྱུར་ཏེ། །ས་ཁ་ན། གྲོགས་པོ། སུ། ཨ་ལོ་ནྟྲ་ཏྤཱུ་རྦ་ཨུ་བ་དྷཱ། ཨ་ལ་མཐའ་ལས་སྔ་མ་ཨུ་པ་ངྷཱའོ། །རྟགས་མཐའ་ཨ་ལ་ཏེ་གསལ་བྱེད་དམ་སྐབས་འགར་དབྱངས་ཀྱང་རུང་སྟེ་མཐའི་སྔ་མའི་ཡི་གེ་དེ་ནི་ཨུ་པ་ངྷཱའི་མིང་ཅན་ནོ། །སརྦ་ནཱ་མ་སྠཱ་ནེ་ཙཱ་སཾ་བུ་དྡྷཽ། སཾ་བུ་དྡྷི་མ་ཡིན་པའི་མཐའ་
ཅད་གནས་པའི་མིང་ཅན་ལ་ཡང་ངོ་། །རྟགས་མཐའ་ན་ཡི་གེ་སྲོག་མེད་ཀྱི་ཨུ་པ་དྷཱའི་ཨ་ཅ་དི་ནི་བོད་པའི་དོན་དུ་སྦྱིན་པའི་སུ། སཾ་བུ་དྡྷིའི་མིང་ཅན་མ་ཡིན་པའི་ཐམས་ཅད་གནས་པའི་མིང་ཅན་གྱི་རྣམ་དབྱེ་རྣམས་ལ་རིང་པོར་འགྱུར་རོ། །ས་ཁཱན་སུ། ཨཾ་པྲཾ་ཀྟ་ཨེ་ཀཱ་ལ་པྲ་ཏྱ་ཡ༔། རྐྱེན་ཨལ་
གཅིག་པ་ཨ་པྲྀ་ཀྟའོ། །རྐྱེན་ཨལ་གཅིག་པ་སྟེ་ཡི་གེ་སྲོག་ལྡན་དང་གཉིས་གསུམ་ལྟ་བུ་མ་ཡིན་པའི་གསལ་བྱེད་སྲོག་མེད་གཅིག་པོ་དེ་ལ། །པྲྀ་ཀྟའི་མིང་ཅན་ཞེས་དགོས་པའི་དབང་གིས་མིང་འདོགས་བྱེད་དོ། །ཧ་ལ་དྱཱ་བྷྱོ་དཱི་རྒྷཱ་ཏ་སུ་ཏི་སྱ་པྲྀ་ཀྟཾ་ཧ་ལ། ཧ་ལ་དཱི་པ། ཨཱ་པ། རིང་པོ་
เล่ม ๒๐๘ · หน้า 48b
རྣམས་ལས་སུ་ཏི་སི་ཨ་པྲྀ་ཀྟའི་ཧ་ལའོ། །རྟགས་མཐའ་ལ་ཧ་ལ་ཏེ་གསལ་བྱེད་སྲོག་མེད་དང་། །བུད་མེད་དུ་བསྒྲུབ་པའི་རྐྱེན་དཱི་པ་དང་ཨཱ་པ་ཀྱེ་མཐའ་དང་རིང་པོ་རྣམས་ལས། སུ་དང་། ཏི་སོགས་ཀྱི་ཏི་དང་། སི་རྣམས་ཀྱི་ཨུ་དང་ཨི་ཕྱིས་བས། །ཧ་ལ་ཨ་ཙ་མེད་པའི་ཡི་གེ་གཅིག་པ། །
ཨ་པྲྀ་ཀྟའི་མིང་ཅན་དེ་དབྱི་བར་བྱ་སྟེ། སུ་ཕྱིས། ས་ཁཱ་ན། མིང་མཐའི་ནང་བྱིའོ་ཞེས་པ་མ། ན་ཕྱིས། ས་ཁཱ། ས་ཁྱུར་སཾ་བུ་དྡྷོ། ས་ཁི་ལས་སཾ་བུ་དྡྷི་མ་ཡིན་པ་ལའོ། །ས་ཁིའི་སྐབས་འདིར་ཀུན་དུ་བོད་པའི་དོན་གྱི་གཅིག་ཚིག་སཾ་བུ་དྡྷི་མ་ཡིན་པའི་དང་པོའི་སུ་ནས་གཉིས་པའི་ཨཽ་ཊའི་
བར་གྱི་རྣམ་དབྱེ་ལྔ་པོ་སྔར་ཐམས་ཅད་གནས་པའི་མིང་ཅན་ཞེས་བརྡ་ཆད་ཆད་བྱས་པ་དེ་རྣམས་ལ་སྐབས་འདིར་ཎི་ཏ་སྟེ། ཎ་འགྲོ་བའི་མིང་ཅན་ཞེས་དགོས་པའི་ཆེད་དུ་མིང་འདོགས་བྱེད་དོ། །ས་ཁི་ལ། དང་པོའི་ཨཽ་དང་ཛས། གཉིས་པའི་ཨམ་དང་ཨཽ་རྣམས་སྦྱིན། ཨ་ཙ་ཉྞི་ཏི། ཉྲ་ཎྲ་འགྲོ་བ་ལ་
ཨ་ཅའིའོ། །ཕ་རོལ་དུ་ཉ་ཎ་འགྲོ་བའི་མིང་ཅན་བྱུང་ན་རྟགས་མཐའི་ཨ་ཅ་སྟེ་དབྱངས་དེ་འཕེལ་བར་འགྱུར་བས་སྐབས་འདིར་ཡང་ཨཽ་སོགས་བཞི་ལ་ཎ་ཡིག་འགྲོ་བའི་མིང་ཅན་ཞེས་མིང་འདོགས་བྱས་པའི་དགོས་པ་ནི་འདི་ཡིན་པས་རྟགས་མཐའ་འཕེལ་བ། ཨེ་ཙའི་ཨ་ཡ་ཨ་ཝ་སོགས་ཀྱི་མདོས།
ས་ཁཱ་ཡཽ། ས་ཁཱ་ཡ༔། ས་ཁཱ་ཡཾ། ས་ཁཱ་ཡཽ། ས་ཁི་ལ། ཀུན་དུ་བོད་པའི་སུ་སྦྱིན་སཾ་བུ་དྡྷི་མ་ཡིན་པ་ཞེས་པས་སྐབས་འདིར་བཤད་མ་ཐག་པའི་བྱ་མི་འཇུག །གོང་ཧ་རིའི་སྐབས་དང་འདྲ་བས། ཧེ་ས་ཁེ། གཉིས་ཚིག་དང་མིང་ཚིག་བཤད་མ་ཐག་བའི་རྣམ་དབྱེ་དང་པོའི་གཉིས་ཚིག་དང་
མང་ཚིག་ལྟར་བསྒྲུབས་པས། ཧེ་ས་ཁཱ་ཡཽ། ཧེ་ས་ཁཱ་ཡ༔གཉིས་པའི་མང་ཚིག་ཤས་ཀྱི་སྐབས་ཧ་རི་དང་འདྲ་བས། ས་ཁཱིན། གསུམ་པ་རྣམས་ལ། ས་ཁྱཱ། ས་ཁི་བྷི༔། བཞི་པ་ལ། ས་ཁྱེ། ས་ཁི་བྷྱཱཾ། ས་ཁི་བྷྱ༔། ས་ཁི་ལ། ལྔ་བའི། ང་སི་སྦྱིན། ཁྱ་ཏྟཱ་ཏྤར་སྱ། །བེ་ཏི་
དག་ལས་ཕ་རོལ་གྱི་ཨའིའོ། །རྟགས་མཐའ་ཁི་རིང་པོ་དང་ཐུང་ངུ་ཏི་རིང་པོ་དང་ཐུང་ངུ་རྣམས་ཀྱི་ཕ་རོལ་རྣམ་དབྱེ་ལྔ་པ་དང་དྲུག་པའི་ང་སི་དང་ངས་གཉིས་ཀྱི་ད་ཕྱིས་པའི་ཨ་དེ་ནི་ཨུ་རུ་འགྱུར་ཏེ། ས་ཁྱུ༔། ས་ཁི་བྷྱཾ། སི་ཁི་བྷྱ༔། ས་ཁི་ལ་རྣམ་དབྱི་དྲུག་པ་རྣམས། ས་ཁྱུ༔། ས་ཁྱོ༔། ས་ཁཱི་ནཱ།
เล่ม ๒๐๘ · หน้า 49a
ས་ཁི་ལ། བདུན་པའི་ངེ་བྱོན། ཨཽ་འོ། །རྟགས་ན་དཱིའི་མིང་ཅན་དང་གྷིའི་མིང་ཅན་མ་ཡིན་པའི་ཨི་ཐུང་དང་ཨུ་ཐུང་དག་ལས་ཕ་རོལ་གྱི་རྣམ་དབྱེ་བདུན་པའི་ངི་ནི་ཨཽ་རུ་འགྱུར་ཏེ། ང་ཨཽ། ཨི་ཀ་གི་ཨ་ཅ་ལ། ཡ་ཎ། ས་ཁྱཽ། གཉིས་ཚིག་དང་མང་ཚིག་ལ། ས་ཁྱོ༔།
ས་ཁི་ཥུ། པ་ཏི༔ས་མཱ་ས་ཨེ་ཝ། པ་ཏི་ཚིག་སྡུད་མེད་པ་འདི་བཞིན་ནོ། །པ་ཏིའི་སྒྲ་ཚིག་སྡུད་མེད་པ་སྟེ། པ་ཏི་ཞེས་པ་ལྟ་བུ་ལས་ཁིའི་སྒྲ་ཁོ་ནའི་བྱ་བ་རྣམས་འཇུག་ལ། ཆིག་སྡུད་དང་འབྲེལ་པ་ནི། དཔེར་ན། པྲ་ཛཱ་པ་ཏི་ལྟ་བུ་ལ་ནི་གྷིའི་མིང་ཅན་ཡིན་པས་སྤྱིར་བཏང་ཨི་ཐུང་མཐའ་ཅན་ཧ་རིའི་
སྐབས་དང་ཆོ་ག་ཐམས་ཅད་འདྲའོ། །ཨི་ཐུང་མཐའ་ཅན་ཀ་ཏིའི་སྒྲ་ལ་ནི་མང་ཚིག་ཁོ་ན་འཇུག་ལ་གཅིག བདག་པོ། ཚིག་དང་གཉིས་ཚིག་དག་མི་འཇུག་གོ། །བ་ཧུ་ག་ཎ་བ་ཏུ་ཌི་སཾ་ཁྱཱ། མང་དུ་འདྲེན་པ་བཏུ་སྐྱེ་ད་བུའི་བདག་པོ། ཌ་ཏི་རྣམས་སཾ་ཁྱཱའོ། །མང་དུ་འདྲེན་པ་སྟེ་མང་ཚིག་ཁོ་ན་ཐོབ་པ་
རྣམས་དང་། བཏུ་དང་། ཌ་ཏིའི་རྐྱེན་རྣམས་ལ་སཾ་ཁྱཱའི་མིང་ཅན་ཞེས་དགོས་པའི་དབང་གིས་མིང་འདོགས་བྱེད་དོ། །ཌ་ཏི་ཙ། ཌ་ཏི་ལ་ཡང་ངོ་། །གོང་དུ་བཤད་པའི་སཾ་ཁྱཱའི་མིང་ཅན་དེ་རྣམས་ཀྱི་ནང་ནས་ཀྱང་ཀ་ཏི་ལྟ་བུ་ཌ་ཏིའི་རྐྱེན་མཐའ་ཅན་དེ་ལ་ཥ་ཊའི་མིང་ཅན་ཞེས་སླར་ཡང་མིང་འདོགས་
བྱེད་དོ། །པྲ་ཏྱ་ཡ་སྱ་ལུ་ཀ་ཤཱུ་ལུ་པ༔། རྐྱེན་གྱི་ལུག་ཤཱུ་ལུ་པ་རྣམས་སོ། །ཕ་རོལ་གྱི་རྐྱེན་དབྱི་བ་དེ་ལ་ལུ་ཀ་འམ་ཤཱུ་འམ་ལུ་པ་ཞེས་ཟེར་རོ། །དཔེར་ན། ཛས། ལུ་ཀ་ཟེར་བའམ། ཛས་ཤཱུ་ཟེར་བ་ལས། ཛས་ལུ་བ་ཟེར་བ་ལྟ་བུ་གང་བྱུང་ཡང་། །ཛས་དེ་དབྱི་བ་ཁོ་ནའོ། །ཀ་ཏིལ། རྣམ་དབྱེ་
དང་པོའི་མང་ཚིག་ཛས་དང་། གཉིས་པའི་མང་ཚིག་ཤས་གཉིས་བྱིན། ཥ་ཌྡྷྱོ་ལུ་ཀ། ཥ་ཊ་རྣམས་ལས་དབྱིའོ། །ཥ་ཊའི་མིང་ཅན་གྱི་རྟགས་ལས་ཕ་རོལ་རྣམ་དབྱེ་དང་པོའི་མང་ཚིག་ཛས་དང་། གཉིས་པའི་མང་ཚིག་ཤས་རྣམས་དབྱི་སྟེ། ལ་ཏིའི་སྒྲ་ཥ་ཊའི་ ཇི་ཙམ། མིང་ཅན་ཡིན་
པས། ཛས་ཤས་དག་ཕྱིས། ཀ་ཏི། ཀ་ཏི་ཞེས་པ་གྲུབ། པྲ་ཏྱ་ཡ་ལོ་པེ་པྲ་ཏྱ་ཡ་ལ་ཀྵ་ཎཾ། རྐྱེན་ཕྱིས་པ་ལ་རྐྱེན་གྱི་མཚན་ཉིད་དོ། །ཕ་རོལ་རྐྱེན་བྱིན་པའི་མཚན་ཉིད་ཀྱི་རྐྱེན་གྱི་བྱ་བ་ཐོབ་བོ་ཞེས་རྟགས་མཐའི་ཨི་ཨེར་འགྱུར་བའི་སྤྱིར་བཏང་ཐོབ་ཀྱང་། ན་ལུ་མ་ཏཱི་ག་སྱ།
เล่ม ๒๐๘ · หน้า 49b
ཕྱིས་པ་ལ་ཨ་ངྒའི་མི་ཡིན་ནོ། །ཞེས་དམིགས་བསལ་ལུ་ཀའམ་ཤླུའམ་ལུ་པ་ཅེས་པའི་སྒྲས་ཕྱིས་ཟིན་དེ་ལ། ཨངྒ་ཏེ། རྟགས་དེ་ལ་བྱ་བ་མེད་པས། ཀ་ཏེ་ཞེས་མི་འགྱུར་བར་ཀ་ཏི་ཉིད་དུ་གནས་སོ། །རྣམ་དབྱེ་གསུམ་པའི་མང་ཚིག་ལ། ཀ་ཏི་བྷི༔། བཞི་པ་ལ། ཀ་ཏི་བྷྱ༔། ལྔ་བ་ལ།
ཀ་ཏི་བྷྱ༔། དྲུག་པ་ལ། ཀ་ཏཱི་ནཱི། བདུན་པ་ལ། བོད་ཚིག་ལ། ཧེ་ཀ་ཏི། ཞེས་པ་ལྟ་བུའོ། །ཨི་ཐུང་མཐའ་ཅན་ཏྲིའི་སྒྲ་ལ་ཡང་གྲངས་བགྲང་བའི་སྐབས་སུ་མང་ཚིག་ཁོ་ན་སྦྱོར་བས། ཏྲི་ལ། རྣམ་དབྱེ་དང་པོ་དང་། གཉིས་པ། གསུམ་པ། བཞི་པ། ལྔ་བ་རྣམས་ཀྱི་མང་ཚིག་
རྣམས་བྱིན། གོང་ཧ་རི་ལྟར་བསྒྲུབས་པས། ཏྲ་ཡ༔། ཏྲཱི་ན། ཏ་བྷི༔། ཏྲི་བྷ༔། ཏྲི་ལ། དྲུག་པའི་མང་ཚིག་ཨཱ་མ། ཏྲི༔ཏྲ་ཡ༔། ཏྲིའི་ཏྲ་ཡའོ། །རྣམ་དབྱེ་དྲུག་པའི་ཨཱ་མ་ཕ་རོལ་ལ་ཏྲི་ཞེས། གསུམ། པའི་སྒྲ་ནི་ཏྲ་ཡ་ཞེས་པར་འགྱུར་ཏེ། ཏྲི་ཏྲ་ཡ། ཐུང་ངུ་ཞེས་པས་ནུཊ། ནཱ་མ་ལ་འོས་
རྟགས་མཐའ་འི་རིང་པོ། ར་ཥ་སོགས་ཀྱི་མདོས། ན་ཎ། ཏྲ་ཡཱ་ཎཱཾ། བདུན་པ་ལ། ཏྲི་ཎུ། བོད་ཚིག། ཧེ་ཏྲ་ཡ༔། ཨི་ཐུང་མཐའ་ཅན་དྭིའི་སྒྲ་ལ་ཡང་གྲངས་བགྲང་བའི་སྐབས་སུ་གཉིས་ཚིག་ཁོ་ན་སྦྱོར་རོ། །ཏྱ་དཱ་དཱི་ནཱ་མ༔། ཏྱ་ད་སོགས་རྣམས་ཀྱི་ཨའོ། །ཏྱ་ད་ལ་སོགས་ཏེ་དྱ་ད་ནས་དྭེའི་བར་
བརྒྱད་པོ་རྣམས་ཕ་རོལ་རྣམ་དབྱེ་གང་མཐོང་ཡང་རྟགས་མཐའ་ཨ་རུ་འགྱུར་ཏེ། དྭི་ལ། རྣམ་དབྱེ་དང་པོ་དང་གཉིས་པ་གཉིས་ཀྱི་གཉིས་ཚིག །ཨཽ། དྭིའི་ཨི་ཨ་མཚམས་སྦྱར་བས། དྭཽ་དྭཽ། རྣམ་དབྱེ་གསུམ་པ་དང་། བཞི་པ་དང་། ལྔ་པ་རྣམས་ལ། དྭཱ་བྷྱཱཾ། དྭཱ་བྷྱཱཾ། དྭཱ་བྷྱཱཾ། དྲུག་
པ་དང་། བདུན་པ་ལ། དྭ་ཡོ༔། དྭ་ཡོ༔། དྭེའི་སྒྲ་ལ་མིང་དང་ཉེར་བསྒྱུར། གཉིས། ཐོག་མ་ཅན་རྣམས་ལ་དྭིའི་ཨི་ཨར་མི་འགྱུར་ཞིང་། རྣམ་དབྱེ་ཡང་སུ་ནས་པའི་བར་ཐམས་ཅད་འཇུག་ལ་དེའི་ཚེ་ཆོ་ག་ཡང་སྤྱིར་བཏང་ཨི་ཐུང་མཐའ་ཅན་ཧ་རིའི་སྐབས་དང་འདྲའོ། །དེ་ཡན་གྱིས་སྐྱེས་
པའི་རྟགས་ཨི་ཐུང་མཐའ་ཅན་གྱི་སྡེ་ཚན་སྤྱིར་བཏང་དམིགས་བསལ་དང་བཅས་རགས་པ་རྣམས་བཤད་ཟིན་ཏོ།། ༈ །།ད་ནི་སྐྱེས་བའི་རྟགས་ཨཱི་རིད་མཐའ་ཅན་ནི། བཱ་ཏ་པྲ་མཱི་ལ། རི་དྭགས་ཀྲྀཥྞ། སུ། ས་ས་ཇུ་ཥའི་མདོ་དང་། ཁར་སོགས་ཀྱི་མདོས། བཱ་ཏ་བྲ་མཱིཿ། བཱ་ཏ་བྲ་མཱི་ལ། ཨཽ་དང་
เล่ม ๒๐๘ · หน้า 50a
ཛས་ཨི་ཀ་གི་ཨ་ཙ་ལ་ཡ་ཎ་འོས། བཱ་ཏ་པྲ་མྱཽ། བཱ་ཏ་པྲ་མྱཿ། རྣམདབྱེ་གཉིས་པ་ལ། བཱ་ཏ་པྲ་མཱིཾ། བཱ་ཏ་པྲ་མྱཽ། གསུམ་པ་ལ། བཱ་ཏ་བྲ་མྱཱ། བཱ་ཏ་པྲ་མཱིུ་བྷྲཱིཿ། བཱ་ཏ་པྲ་མཱི་བྷིཿ། བཞི་པ་ལ། བཱ་ཏ་པྲ་ནྱེ། བཱ་ཏ་པྲ་མཱི་བྷཾ། བཱ་ཏ་པྲ་མཱི་བྷྱཿ། ལྔ་པ་ལ། བཱ་ཏ་པྲ་མྱཿ། བཱ་ཏ་པྲ་མཱི་བྷྱཱཾ།
བཱ་ཏ་པྲ་མཱི་བྷྱཿ། དྲུག་པ་ལ། བཱ་ཏ་པྲ་མྱཿ། བཱ་ཏ་པྲ་མྱོཿ། བཱ་ཏ་པྲ་མྱཱཾ། བདུན་པ་ལ། བཱ་ཏ་བྲ་མཱི། བཱ་ཏ་པྲ་མྱོཿ། བཱ་ཏ་པྲ་མཱིཥུ། བོད་ཚིག ཧེ་པཱ་ཏ་པྲ་མཱིཿ། ཧེ་པཱ་ཏ་བྲ་མྱཽ། ཧེ་པཱ་ཏ་ཕྲ་མྱཿ། ཧེ་པཱ་ཏ་པྲ་མྱཿ། རྣམས་གྲུབ་སྟེ་ཆོ་ག་གོ་བདེ་འོ། །དེ་བཞིན་དུ། དེ་ཝ་ཡ་ཛཱི། ཨ་ཏི་ལ་ཀྵཱི་ལ་སོགས་པ་མང་པོ་
དག་ཆོ་ག་འདི་ཁོ་ན་དང་འདྲའོ། །ཨཱི་རིང་མཐའ་ཅན་བྱིངས་གནས་པ་རྣམས་བྱ་བ་ཅུང་མི་འདྲ་སྟེ། སུ་དྡྷི་ལ། སུ། སུ་དྡྷི༔། སུདྡྷཱི། སུ་དྡྷཱིལ། ཨཽ་དང་། ཛས། ཨ་ཙི་ཤཱུ་དྟཱ་ཏུ་བྷཱ་ཝཱཾ་ཡྭོ་རི་ཡ་ངུ་ཝ་ངཽ་། ཨ་ཙ་ལ་ཤྣུ་བྱིངས་བྷྲཱུ་རྣམས་ཀྱི་ཨི་ཨུ་དག་གི་ཨི་ཡ་ཨུ་ཝ་ལྷ་མཆོད་པ། ཤིད་ཏུ་ཕུན་ཚོགས་པ།
དག་གོ། ཕ་རོལ་ཨ་ཙ་སྟེ་དབྱངས་གང་མཐོང་ཡང་རྐྱེན་ཤྣུ་དང་བྱིངས་ཀྱི་ཨི་རིང་ཐུང་ཨུ་རིང་ཐུང་། བློ་བཟང་ངམ་ལེགས་པའི་བློ། བྷྲུའི་སྒྲ་རྣམས་ཀྱི་ཨི་རྣམས་ཨི་ཡ་དང་། ཨུ་རྣམས་ཨུ་ཝ་རུ་འགྱུར་ཞིང་། སྤྱིར་བཏང་ཨི་ཀ་གི་ཨ་ཎ་འོ་ཞེས་པ་ཐོབ་ཀྱང་། ན་བྷཱུ་སུ་དྡྷཱི་དག་ལ་མ་ཡིན་ནོ། །
བྷཱུ་དང་སུ་དྡྷཱི་དག་གི་ཨཱི་དག་ཨ་ཙ་ཕ་རོལ་ལ་ཡཎ་ར་འགྱུར་བ་མ་ཡིན་ཏེ། ཨི་ཡར་བསྒྱུར་བས། སུ་དྡྷི་ཡཽ། སུ་དྡྷི་ཡཿ། རྣམ་དབྱེ་གཉིས་པ་རྣམས་ལ། སུ་དྡྷི་ཡཾ། སུ་ངྡྷི་ཡཽ། སུ་དྡྷི་ཡཿ། གསུམ་པ་ལ། སུ་དྡྷི་ཡཱ། སུ་དྡྷཱི་བྷྱཾཱ། སུདྡྷཱི་བྷིཿ ལྟ་བུ་སྟེ། རྣམ་དབྱེ་ལྷག་མ་རྣམས་ལ་ཡང་ཧ་ལ་ཐོག་
མ་ཅན་རྣམས་ལ་བྱ་བ་མེད། ཨ་ཙ་ཐོག་མ་ཅན་རྣམས་ལ་ཨི་ཡར་བསྒྱུར་བ་ཁོ་ན་ཡིན་པས་གོ་བདེའོ། །དེ་བཞིན་དུ། སུ་ཤྲཱི། ཡ་ཝ་ཀྲཱི་སོགས་ཀྱང་རིག་པར་བྱའོ། །པྲ་དྷཱི་ལ། སུ། པྲ་དྷཱིཿ། པྲ་དྷཱི་ལ། ཨཽ། ཛས། ཨེར་ནེ་ཀཱ་ཙོ་སཾ་ཡོ་ག་པཱུ་རྦ་སྱ། ཨཱིའི་ཨ་ཙ་མང་པོའི་སྔ་མ་བརྩེགས་
པ་མ་ཡིན་པའི་འོ། །རྟགས་མཐའ་བྱིངས་ཀྱི་ཨཱི་ཡིག་དང་ཨཱུ་ཡིག གཟུགས་མཛེས་སམ་དཔལ་ལམ་ཕུན་ཚོགས་པའམ་བདེ་བར་འབྱོར་བ། ནས་ཚོང་། ཨ་ཙ་གཅིག་པ་མ་ཡིན་པ་སྟེ། བློ་རབ། དབྱངས་གཉིས་སམ་མང་པོ་ཡོད་པ་སྔོན་ན་ཡི་གེ་མང་པོ་བརྩེགས་པ་མེད་པ་དེ་ནི་ཨ་ཙ་ཕ་རོལ་ལ་ཡ་ཎར་འགྱུར་ཏེ།
เล่ม ๒๐๘ · หน้า 50b
པྲ་དྷྱཽ། པྲ་དྷྱཿ། གཉིས་པ་ལ། པྲ་དྷྱཾ། པྲ་དྷཽ། པྲདྷྱཿ། གསུམ་པ། པྲ་དྷཱ། པྲདྷྱི་བྷཱིཿ། པྲ་དྷཱི་བྷི༔། རྣམ་དབྱེ་ལྷག་མ་རྣམས་ཀྱང་རིགས་འགྲོའོ། །འདི་དང་འདྲ་བ་ནི། དི་དྷཱི། སུ་དྷི་ལ་སོགས་པ་རྣམས་ཀྱང་ངོ་། །ཨ་ཙ་མང་པོ་ཞེས་པས་དབྱངས་གཅིག་པ་ལ་བཤད་མ་ཐག་པའི་བྱ་བ་མི་
འཇུག་སྟེ། དཔེར་ན། ནཱི་ཞེས་པ་ཨ་ཙ་གཅིག་པ་ཡིན་པས་པྲ་དྷཱིའི་བྱ་བ་རྣམས་མི་འཇུག། རྣམ་དབྱེ་བདུན་པའི་ངི་མ་གཏོགས་ཆོ་ག་ཐམས་ཅད་སུ་དྡྷཱིའི་སྐབས་དང་འདྲ་སྟེ། འཛིན། བློ་བཟང་། ནཱིཿ། ནཱིཿ། ནི་ཡཽ། ནི་ཡཿ། ལྟ་བུ་རིགས་འགྲེ། བདུན་པའི་ངི་ལ་ཅུང་མི་འདྲ་སྟེ། ནཱི་ལ་ངི་། དེ་རཱི་ན་དྱཱ་མྣཱི་བྷྱ༔།
ངིའི་ཨཱ་མ། ནདཱི་ཨཱ་པ། འདྲེན་པ། ནཱི་རྣམས་ལས་སོ། །རྣམ་དབྱེ་བདུན་པའི་དེ་ནི་བུད་མེད་ཀྱི་རྟགས། ན་ནཱི་མིང་ཅན་རྣམས་དང་། ཨཱ་པ་ཀྱི་མཐའི་རྣམས་དང་། ནཱིའི་སྒྲ་རྣམས་ལ་ཨཱ་མ་དུ་འགྱུར་ཏེ། ནི་ཡཱཾ། གྲཱ་མ་ཎཱི་ཡང་རྣམ་དབྱེ་བདུན་པའི་གཅིག་ཚིག་ངི་མ་གཏོགས་པྲ་བྷཱིའི་སྐབས་དང་
འདྲ། ངི་ལ་བཤད་མ་ཐག་པ་ནཱི་དང་འདྲ་སྟེ། གྲཱ་མ་ཎཱི༔། གྲཱམ་ཎྱཽ། གྲཱ་མཎྱ༔སོགས་དང་། བདུན་པ་ལ། གྲཱ་མ་ཎི་ཡཱཾ། ས་ཁཱི་དང་པ་ཏཱི་རིང་པོའི་མཐའ་ཅན་ཡང་རྣམ་དབྱེ་ལྔ་བའི་ང་སི་དང་། གྲོང་སྡེའི་ཕྲ་མ་མཁན། དྲུག་པའི་ངས་མ་གཏོགས་རྣམ་དབྱེ་གཞན་ཐམས་ཅད་ལ་ཆོ་ག་སྲ་དྷཱི་
དང་འདྲ་ཞིང་། ང་སི། ངས་གཉིས་ལས་ཁཱི་དང་། བ་ཏཱི་ལ། ང་སི་དང་ངས་བྱིན། ཁི་ཏི་དག་ལས་ཕ་རོལ་གྱི་ཨའི་ལོ་ཨ་ཞེས་པས་ང་སེ་དང་ངས་ཀྱི་ཨ་ཨུ་མཚམས་སྦྱར། ས་ཁཱུ༔། བ་ཏྱུ༔། དྲུག་པ་ཡང་གཟུགས་དང་བསྒྲུབ་ཚུལ་གཉིས་ཀ་འདྲའོ། །ལཱུ་ནཱིའི་སྒྲ་ཡང་རྣམ་དབྱེ་བདུན་པའི་
ངི་ལ་ནཱིའི་སྐབས་དང་འདྲ་ཞིང་། ངི་མ་ཡིན་པའི་རྣམ་དབྱེ་གཞན་ཐམས་ཅད་ལ་པྲ་དྷཱིའི་སྐབས་ཀྱི་ཆོ་ག་དང་འདྲའོ། །དེ་ལྟར་སྐྱེས་པའི་རྟགས་ལས་ཨཱི་རིང་མཐའ་ཅན་སྤྱིར་བཏང་དམིགས་པས་དང་བཅས་པར་རགས་པ་བཤད་ཟིན་ཏོ། ༈ །ད་ནི་སྐྱེས། ཞིང་རྔ་བར་བྱེད། པའི་རྟགས་ཨུ་ཐུང་གི་བྱ་བ་
རྣམས་བཤད་པར་བྱ་སྟེ། ཤཾ་བྷུ་ལ། སུ། ས་ས་ཇུ་ཥར་ཞེས་དང་། ཁ་ར་དང་ཞེས་པའི་མདོས། ཤཾ་བྷུ༔། ལྷ་ཆེན་པོ། ཤཾ་བྷུ་ལ། ཨཽ། དང་པོ་དག་གི་ཞེས་པས། ཤཾ་བྷཱུ། ཤཾབྷུ་ལ། ཛས། ཛས་ལ་འང་ངོས། ཨུ་ཨོ་མཚམས་སྦྱར། ཤཾ་བྷ་ཝ༔། ཤཾ་བྷུ་ལ། ཨ་མ། ཨ་མ་ལ་སྔ་མ་འོས།
เล่ม ๒๐๘ · หน้า 51a
ཤཾ་བྷུཾ། །ཨོ་གོང་དང་འདྲ་བས། །ཤཾ་བྷཱུཾ། །ཤི་བྷུ་ལ་ཤས། །དང་པོ་དག་ལ་ཞེས་དང་། དེ་ཡང་ཤས་ཀྱི་ན་ཞེས་བས། ཤཾ་བྷཱུ་ན། ཤཾ་བྷུ་ལ། ཌཱ་བུད་མེད་མ་ཡིན་པ་ལ། ཨཱང་གི་ནཱའོ་ཞེས་བས། །ཤཾ་བྷུ་ནཱ། །གཉིས་ཚིག་དང་ཤཾ་བྷུ་བྷཱུཾཿ། ཤཾ་བྷུ་ལ། ངེ། གྷིའི་
པ་འགྲོ་བ་ལས་སོ་ཞེས་པས་ཨུ་ཨོ་མཚམས་སྦྱར། ཤཾ་བྷ་ཝེ། གཉིས་ཚིག་དང་མང་ཚིག་ལ། ཤཾ་བྷུ་བྷྱཱཾ། ཤཾ་བྷུ་བྷྱཿ། ཤཾ་བྷུ་ལ། དསི། གྷིའི་ང་འགྲོ་བ་ཞེས་དང་། དསི། ངས་དག་གི་ཞེས་པའི་མདོས། །ཤཾ་བྷོཿ། ཤཾ་བྷུ་བྷྱཱཾ། ཤཾ་བྷུ་ལ། ངས་བྱིན། ང་སིའི་སྐབས་དང་
འདྲ་བས། ཤཾ་བྷོཿ། ཤཾ་བྷཱོཿ། ཤཾ་བྷཱུ་ནཱུཾ། ཤཾ་བྷུ་ལ། ངི། གྷིའི་ཨ་ཏ་ཡང་ངོས། ཤཾ་བྷཽ། ཤཾ་བྷྭོཾཿ། ཤཾ་བྷུ་ཥུ། བོ་ད་ཚིག །ཧེ་ཤཾ་བྷོ། ཧེ་ཤཾ་བྷཱུ། ཧེ་ཤཾ་བྷ་ཝཿརྣམས་གྲུབ་སྟེ། སྤྱིར་བཏང་ཨུ་ཐུང་མཐའ་ཅན་ཤཾ་བྷུའི་སྒྲ་དང་ཨི་ཐུང་མཐའ་ཅན་ཧ་རིའི་སྐབས་རྣམས་དབྱངས་
མི་འདྲ་བའི་འགྱུར་ཁྱད་ཕྲན་བུ་མེ་གཏོགས་ཆོ་ག་ཁྱད་པར་མེད་དོ། །བིཤྴུ། བཱ་ཡུ། བཱ་ནུ་ལ་སོགས་ཏེ་སྐྱེས་པའི་རྟགས་སྤྱིར་བཏང་ཨུ་ཐུང་མཐའ་ཅན་ཐམས་ཅད་འདི་དང་འདྲའོ། །ཨུ་ཐུང་མཐའ་ཅན་གྱི་ནང་ཚན། །ཀྲོཥྚུའི་ཆོ་ག་སྤྱིར་བཏང་དང་ཅུང་མི་འདྲ་སྟེ། ཀྲོཥྚུལ། སུ། ཏྲྀ་ཛཱ་ཏ་ཀྲོཥྚུཿ།
ཀྲོཥྚུའི་ཏྲི་ཅ་བཞིན་ནོ། །ཀྲོཥྚུ་ཞེས་པའི་སྒྲ་ནི་སཾ་བུདྡྷི་མ་ཡིན་པའི ཁྱབ་འཇུག། རླུང་། ཉི་མ། རྣམ་དབྱེ་དང་པོའི་སུ་ནས། གཉིས་བའི་ཨོཾ་ཊའི་བར་ཐམས་ཅད་གནས་པའི་མིང་ཅན་ཞེས་བརྡ་ཆད་བྱས་པ། །དེ་རྣམས་ཕ་རོལ་ཏུ་བྱུང་ན་ཀྲྀཏ་རྐྱེན་ཏྲྀ་ཙའི་མཐའ་ཅན ཅེ་སྦྱང་། དང་བྱ་བ་འདྲ་བས་རྟགས་
མཐའི་ཨུ་དེ་རྀར་འགྱུར་ཏེ། ཀྲོཥྚཱྀ། སུ། རྀ་དུ་ཤན་སླུར་དཾ་ཤོ྅ནེ་ཧ་སཱཾ་ཙ། རྀཏ ཨུ་ཤ་ནས བུ་ར་དཾ་ཤས་ཨན་ཧས་རྣམས་ཀྱི་ཡང་ངོ་། །རྟགས་རྀ་ཏ་མཐའ་རྣམས་དང་ཨུ་ཤ་ནས། པུ་ར་དཾ་ཤས། ཨ་ནེ་ཧས་རྣམས་ཀྱི་རྟགས་མཐའ་ནི་སཾ་བུདྡྷི་མ་ཡིན་པའི་སུ་ལ་ཨ་ནང་དུ་འགྱུར་ཏེ། ནའི་
ཨ་དང་འགྲོ་བ་ཡིན་པས་ཕྱིས། སཾ་བུདྡྷི་མ་ཡིན་པའི་ཞེས་པའི་མདོས་ཨུ་པདྷཱ་རིང་པོར་སོང་། ཧལ་དྭི་ཨཱ་པ་ཞེས་བས་སུ་ཕྱིས། མིང་མཐའི་ན་དབྱི་འོས་ན་ཕྱིས་པས། ཀྲོཥྚཱ། ཀྲོཥྚཱུལ། དང་པོའི་ཨཽ་དང་ཛས། གཉིས་པའི་ཨཾ་དང་ཨཽཊ་རྣམས་བྱིན། རྀ་ཏོ ངི་སརྦནཱ་མ་ལྠཱ་ན་ཡོཿ།
เล่ม ๒๐๘ · หน้า 51b
རྀཏ་ཀྱི་དི་ཐམས་ཅད་གནས་པའི་མིང་ཅན་དག་ལས་སོ། །རྟགས་རྀཏ་མཐའ་ཅན་ལས་སོ། །རྟགས་རྀཏ་མཐའ་ཅན་ལས་རྣམ་དབྱེ་ཐམས་ཅད་གནས་པའི་མིང་ཅན་རྣམས་དང་། རྣམ་དབྱེ་བདུན་པའི་ངི་ཕ་རོལ་ལ་རྟགས་མཐའ་ཡོན་ཏན་དུ་འགྱུར་ཏེ། རྀ་ཨར་དུ་བསྒྱུར། ཨབྷྲྀ་ནྟྲྀ་ཙ་སྭ་སྲྀན་ཥཱྀནེ་ཥྚྀ་ཏྭ་ཥྚྲྀ་ཀྵ་ཏྲྀ་ཧོ་ཏྲྀ་བོ་ཏྲྀ་བྲ་ཤ་སྟྲཱྀ་ཎཱཾ། ཨ་པ་
ཏྲྀན ཏྲྀ་ཙ་སྭ་སྲི ནབྷྲྀ ནེཥྚཱ ཏྭཥྚྀ ཀྵ་ཏྲྀ ཧོཏྲཾ པོཏྲྀ བྲ་ཤསྟྲྀ་རྣམས་ཀྱིའོ། །རྟགས་ཨབ་དང་ཀྲྀཏ་ཀྱི་རྐྱེན་ཏྲྀན་དང་ཏྲྀ་ཅ་གཉིས་བྱིན་པའི་མཐའ་དང་། རྟགས་སྭ་སྲི་ལ་སོགས་པ་དགུ་བོ་ནི་སཾ་བུདྡྷཾ་མ་ཡིན་པའི་རྣམ་དབྱེ་ཐམས་ཅད་གནས་པའི་མིང་ཅན་རྣམས་ལ་ཨུ་པདྷཱ་རིང་པོར་འགྱུར་ཏེ། ཀྲོཥྚཱ་རཽ།
ཀྲོཥྚཱ་རཿ། ཀྲོཥྚཱ་རཾ། ཀྲོཥྚཱ་རཽ། ཤས་ལ་ཤཾ་བྷུ་དང་འདྲ་བས། ཀྲོཥྚུ་ལ་གསུམ་པའི་ཊཱ། བི་བྷཱ་ཥཱ་ཏྲྀ་ཏཱི་ཡཱ་དི་ཥྭ་ཙི། གསུམ་པ་སོགས་རྣམས་ལ་ཨ་ཙ་ལ་འདམ་ཀའོ། །ཀྲོཥྚུའི་སྒྲ་ལ་ཕ་རོལ་དུ་རྣམ་དབྱེ་གསུམ་པའི་ཌཱ་ནས། བདུན་པའི་ཨོས་ཀྱི་རབ་ཨ་ཙ་
ཐོག་མ་ཅན་རྣམས་གང་བྱུང་ཡང་སྤྱིར་བཏང་ཨུ་ཐུད་མཐའ་ཅན་ཤཾ་བྷུའི་སྐབས་ཀྱི་བྱ་བ་དང་། བཤད་མ་ཐག་པ་བཞིན་རྟགས་མཐའ་རྀར་འགྱུར་བའི་ཕྱོགས་གཉིས་ཀ་ཐབ་པས་འདམ་ཀ་ཅན་དུ་བྱ་སྟེ། ཀྲོཥྚཱ། ཀྲོཥྚུ་ནཱ། ཀྲོཥྚུ་བྷྱཱཾ། ཀྲོཥྚཱ་བྷིཿ། བཞི་པ་ལ། ཀྲོཥྚུ ཀྲོཥྚ་ཝེ། ཀྲོཥྚུ་བྷྲཾ།
ཀྲོཥྚུ་བྷྱཿ། ཀྲོཥྚུ་ལ་ལྔ་པའི། ང་སི། ཤཾ་བྷུ་ལྟར་བསྒྲུབས་པས། ཀྲོཥྚོཿ། རྀར་འགྱུར་བའི་ཕྱོགས་ལ། ཪྀ་ཏ་ཨུར། རྀ་ཡ་ལས་ཨུར་འོ། །རྟགས་རྀ་ཏ་མཐའ་ཅན་ལ་ཕ་རོལ་རྣམ་དབྱེ་ལྔ་བའི་ང་སི་དང་། དྲུག་པའི་ངས་དག་གི་ཨ་དང་རྟགས་མཐའི་རྀ་གཉིས་འདུས་པར་ཨུར་དུ་འགྱུར་
ཏེ། །ཀྲོཥྚ། ཨུ་རཱ་སྭ། ཞེས་པ་ལ། རཱ་ཏྶ་སྱ། ར་ལས་སའི་འོ། །ར་ཡིག་སྲོག་མེད་ལས་ཕ་རོལ་གྱིས་ཡིག་སྲོག་མེད་ནི་དབྱི་བར་བྱ་སྟེ། ས་ཕྱིས། ར་རྣམ་བཅད་བྱས་པས། ཀྲོཥྚུཿ། བྷྱཱམ་བྷས་ལ། ཀྲོཥྚུ་བྷྱཱཾ། ཀྲོཥྚུ་བྷྱཿ། དྲུག་པའི་ངས་ཡང་བྱ་བ་ལྔ་བའི་ངསི་དང་འདྲ་བས།
ཀྲོཥྚོཿ། ཀྲོཥྚུཿ། ཨོས་ལ། ཀྲོཥྚོུཿ། ཀྲོཥྚཱོཿ། ཀྲོཥྚུ་ལ་དྲུག་པའི་ཨཱམ་ཤཾ་བྷུ་ལྟར་བསྒྲིབས་བས། །ཀྲོཥྚཱུ་ནཱཾ། ལུགས་གཅིག་ལ། ནུ་མ་ཙི་ར་ཏྲྀ་ཛྭདྦྷཱ་བེ་བྷྱོ་ནུ་ཊ། ར་ཨ་ཙ་ལ་ནུ་མྀ་ཏྲ་ཙ་བཞིན་འགྱུར་བ་རྣམས་ཀྱི་ནུ་ཊའོ། །རྟགས་མཐའ་ར་ཡིག་ཨ་ཙ་དང་ལྡན་པ་ནུ་མ་ཨཱ་ག་མ་ཐོབ་པ་
เล่ม ๒๐๘ · หน้า 52a
རྣམས་དང་ཀྲོཥྚུ ཏྲྀ་ཙ་བཞིན་དུ་འགྱུར་བའི་ཕ་རོལ་རྣམ་དབྱེ་དྲུག་པའི་མང་ཚེག་ཨཱ་མ་ལ་ནུ་ཊ་ཨཱ་ག་མ་ངེས་བར་འཇུག་སྟེ། ནུ་ཊ་ཨཱ་ག་མ་བྱིན་པས། ཀྲོཥྚྲཱྀ་ཎཱཾ། རྣམ་དབྱེ་བདུན་པའི་ངི་ལ། ཀྲོཥྚ་རི། ཀྲོཥྚཽ། ཨོས་ལ། ཀྲོཥྚྲོཿ། ཀྲོཥྚྲོཿ། སུ་པ་ལ། ཀྲོཥྚུ་ཥུ། བོད་ཚིག །
ཧེ་ཀྲོཥྚོ། ཧེ་ཀྲོཥྚཱ་རཽ། ཧེ་ཀྲོཥྚཱ་རཿ། གཉིས་པའི་ཤས་ལ་ཡང་ན་ཀྲོཥྚྲཱཾ་ན་ཞེས་པའང་འབྱུང་ངོ་། །དེ་ཡན་གྱིས་སྐྱེས་པའི་རྟགས་ཀྱི་ཨུ་ཐུང་མཐའ་ཅན་སྤྱིར་བཏང་བར་དེ་མིགས་བསལ་རྣམས་བཤད་ཟིན་ཏོ། ༈ །ད་ནི་སྐྱེས་པའི་རྟགས་ལས་ཨཱུ་རིང་མཐའི་ཅན་གྱི་བྱ་བ་རྣམས་སྟོན་པར་བྱེད་དེ། ཧཱུ་ཧཱུ་
ཞེས་པའི་སྒྲ་ལ་དཔེར་བརྗོད་དུ་བྱ་སྟེ། དབྱངས་མི་འདྲ་བའི་འགྱུར་ཁྱད་ཕྲན་བུ་མ་གཏོགས་པཱ་ཏ་པྲ་མཱི་དང་འདྲ་བས། ཧཱུ་ཧཱུལ། རྣམ་དབྱེད་དང་པོ་རྣམས་བྱིན། གོང་ལྟར་གྱི་ཆོ་གས་བསྒྲུབས་བས། ཧཱུ་ཧཱུཿ། ཧཱུ་ཧཱཽ། ཧཱུ་ཧཿ། གཉིས་པ་ལ། ཧཱུ་ཧྭཾ། ཧཱུ་ཧྭཾ། ཧཱུ་ཧྱཿ གསུམ་པ་ལ། ཧཱུ་ཧཱ། ཧཱུ་
ཧཱུ་བྷྱཱཾ། ཧཱུ་ཧཱུ་བྷིཿ། ལྟ་བུ་སྟེ་ཨ་ཅ་ཐོག་མ་ཅན་རྣམས་ལ། ཨུ་ཝར་འགྱུར། ཧ་ལ་ཐོག་མ་ཅན་རྣམས་ལ་བྱ་བ་ལྷག་པོ་མེད་བས་གོ་བདེའོ། །དེ་བ་ནིན་དུ། ཨ་ཏི་ཙ་མཱུ་ལ་སོགས་པ་སྤྱིར་བཏང དྲིས ཨཱུ་རིང་སྐྱེས་པའི་རྟགས་ཐམས་ཅད་ཆོ་ག་འདི་དང་འདྲའོ། །ཨཱུ་རིང་མཐའ་ཅན་ཁ་ལ་པཱུ་ལ་སུ་
བྱིན། ཁ་ལ་པཱུཿ། ཁ་ལ་པཱུ་ལ། ཨཽ། ཨོཿསུ་པི། ཨཱུའི་སུ་བ་ལའོ། །བྱིངས་ཀྱི་ཨཱུ་རྣམ་དབྱེ་དང་པོའི་སུ་ནས། བདུན་པའི་མང་ཚིག་གི་པའི་བར་གྱི་ཨ་ཙ་ ཤིན་ཏུ་གཡོ་བ། ཐོག་མ་ཅན་གང་བྱུང་ཡང་ཨཱུ་དེ་ཝ་ཁོ་ནར་འགྱུར་ཏེ། དེ་ཡང་མཐའ་ཨཱུ་དེའི་སྔོན་དུ་ཡི་གེ་གཉིས་སམ་གསུམ་སོགས་
ཡོད་པ་ཡི་གེ་བརྩེགས་པ་མེད་པ་ཞིག་དགོས་སོ། །ཁ་ལ་བཱཽ། ཁ་ལ་བྲཿ། གཉིས་པ་རྣམས་ལ། ཁ་ལ་པྭཾ། ཁ་ལ་པྭཽ། ཁ་ལ་པྭཿ། གསུམཔ་རྣམས་ལ། ཁ་ལ་པཱ། ཁ་ལ་པཱུ་བྷཱཾ། ཁ་ལ་པཱུ་བྷིཿ། སོགས་ཏེ་ལ་སྒྲུབ་ཚུལ་རིགས་འགྲེའོ། །སུ་ལཱུ་ལ་སོགས་པ་ཡང་འདི་དང་འདྲའོ། །སྭ་བྷྱ་
ཞེས་པ། སུ་དྡྷིའི་སྐབས་དང་འདྲ་བས། སུ་ལ་སྭ་བྷཱུཿ། རྣམ་དབྱེ་ཨ་ཙ་ཐོག་མ་ཅན་རྣམས་ལ། ཨུ་ཝར་འགྱུར་བས། སྭ་བྷུ་ཝཽ། སྭ་བྷུ་ཝཿ། གཉིས་པ་ལ། སྭ་བྷུ་ཝཾ། སྭ་བྷུ་ཝཽ། སྭ་བྷུ་ཝཿ། གསུམ་པ་ལ། སྭ་བྷུ་ཝཱ། སྭབྷུ་བྷྱཱཾ། ལེགས་གཅོད། སྭ་བྷཱུ་བྷིཿ། སོགས་སོ། །ཀ་ཊ བདག་ཡོད།
เล่ม ๒๐๘ · หน้า 52b
སཱུ། སྭ་ཡཾ་བྷཱུ། སོགས་ཀྱང་འདི་དང་འདྲའོ། །བྷཱུ་སུ་དྷཱེ་དག་ལམ་ཡིན་ནོ། །ཡ་ཎར་འགྱུར་བ་མ་ཡིན་ཀྱང་དམིགས་བསལ་བརྵཱ་བྷཱུ་ཞེས་པའི་སྒྲ་ནི་བྷཱུའི་མཐའ་ཡིན་ཀྱང་ཡ་ཎར་འགྱུར་ཏེ། སུ་ལ། བརྵཱ་བྷུཿ། བརྵཱ་བྷཱུཿ། བརྵཱ་བྷཱུ་ལ་ཨཽ། བརྵཱ་བྷཱ་ཤྩ། བརྵཱ་བྷཱུའི་འང་ངོ་། །བརྵཱ་བྷཱུ་ཞེས་པའི་སྒྲ་འདི་སུ་སོགས་
ཀྱི་རྣམ་དབྱེ་ཞེས་པས། །ཨ་ཙ་ཐོག་མ་ཅན་རྣམས་ལ་ཡ་ནར་འགྱུར་ཏེ། །ཨཱུ་ཝར་བསྒྱུར་བས། །བརྵཱ་བྷྭཽ། བརྵཱ་བྷཱཿསོགས། ལོ་དུས་སུ་འབྱུང་བ། ཁ་ལ་པཱུའི་སྐབས་དང་འདྲའོ། །འགྲེལ་པར། དྲྀགྒྷཱུ། ཀཱ་རཱ་བྷཱུ། པུན་རྦྷཱུ་རྣམས་ཀྱང་བརྵཱ་བྷཱུ་དང་འདྲའོ་ཞེས་བྱུང་བས། འདི་རྣམས་ལ་ཡང་རྣམ་དབྱེ་
བྱིན་པའི་བྱ་བ་ཐམས་ཅད་བརྵཱ་བྷཱུ་དང་འདྲ་བས་བཤད་མཁྲག་པའི་ཚོགས་བསྒྲུབ་པའོ། །དེ་ལྟར་ཨཱུ་རིང་མཐའ་ཅན་ལས་སྐྱེས་བའི་རྟགས་ཀྱི་བྱ་བ་རྣམས་བཤད་ཟིན་ཏོ། ༈ །ད་ནི་སྐྱེས་བའི་བྱེད་པ་འབྱུང་བ། སླར་ཡང་འབྱུང་བ། རྟགས་རི་ཡིག་མཐའ་ཅན་གྱི་ཆོ་ག་རྣམས་སྟོན་པར་བྱ་སྟེ། བྷཱ་ཏྲྀ་ལ།
སུ། རྀཏ་ཨུ་ཤ་ནས། བུ་རུ་ད་ཤས་ཨ་ནེ་ཧས་རྣམས་ཀྱི་ཡང་ངོ་། །ཞེས་པས། རྀ་ཨ་ནང་། སཾ་བུ་དྡྷི་མ་ཡིན་པའི་ཞེས་པས་ཨུ་པ་དྷཱ་རིང་པོ། ཧ་ལ་དཱི་ཨཱ་པ་ཅེས་པས་སུ་ཕྱིས། མིང་མཐའི་ན་དབྱེ་འོས། ན་ཕྱིས་པས། བྷཱ་ཏཱ། བྷཱ་ཏྲྀ་ལ་དང་པོའི་ཨཽ་དང་ཇས། གཉིས་པའི་ཨ འཛིན་བྱེད།
དང་ཨཽ་རྣམས་བྱིན། རྀ་ཏ་ཀྱི་དེ་ཐམས་ཅད་གནས་པའི་མིང་ཅན་དག་ལས་སོ། །ཞེས་བས། རྀ་ཨ་ར་དུ་བསྒྱུར། ཨ་བ་ཏྲྀ་ན་ཏྲྀ་ཚ་སོགས་ཀྱི་མདོས། ཨུ་པབྷཱུ་རེད་པོར་དྲང་། བྷཱ་ཏཱ་རཽ། བྷཱ་ཏཱ་རཿ། བྷཱ་ཏཱ་རཾ། བྷཱ་ཏཱ་རཽ། བྷཱ་ཏྲྀ་ལ་ཤས། དང་པོ་དག་ལ་སྔ་མ་འདྲ་བའོ་དང་། དེ་ཡང་ཤས་ཀྱིན་
སྐྱེས་པ་ལ་འོས། བྷཱ་ཏྲཱྀན། གསུམ་པ། བྷཱ་ཏྲཱ། བྷཱ་ཏྲི་བྷྱཱཾ། བྷཱ་ཏྲྀ་བྷིཿ། བཞི་པ་ལ། བྷཱ་ཏྲེ། བྷཱ་ཏྲྀ་བྷྱཱཾ། བྷཱ་ཏྲྀ་བྷྱཿ། བྷཱ་ཏྲྀ། ང་སེ། རྀ་ཏ་ལས་ཨུར་འོ་ཞེས་དང་། ར་ལས་སའིའོ་ཞེས་པས། བྷཱ་ཏུཿ། བྷཱ་ཏྲྀ་བྷྱཱ། བྷཱུ་ཏྲྀ་བྷྱཿ། དྲུག་པའི་གཅིག་ཚིག་ཀྱང་ང་སི་དང་འདྲ་བས། བྷཱ་ཏུཿ། ཨོ་ས་ལ།
བྷཱ་ཏྲོཿ། ཨཱ་མ་ལ། ར་ཨ་ཙ་སོགས་ཀྱིས་ནུཊ། ནཱ་མ་ལ་འོས་རྟགས་མཐའ་རིང་པོ། འགྲེལ་བར་ལུང་དྲངས་པ། རྀབརྞཱནྣ་སྱཎ་ཏྭཾ་བཱཾཙྱ། རྀ་ལས་ནའི་ཎར་བརྗོད་དོ། །ར་ཥ་གཉིས་སུམ་ཟད་དབྱངས་རྀའི་ཕ་རོལ་གྱེན་ཡང་ཎར་འགྱུར་ཏེ། བྷཱ་ཏྲཱྀ་ཎཱཾ། བདུན་པའི་རི་ལ་རྀཏ་ཀྱི་དི་ཐམས་ཅད་གནས་པ་
เล่ม ๒๐๘ · หน้า 53a
ཞེས་པས་ཡོན་ཏན། བྷཱ་ཏ་རི། བྷཱ་ཏྲོཿ། བྷཱ་ཏྲི་རྩ། ཀུན་ཏུ་བོད་པའི་སུ་ལ། རྀ་ཏ་ཀྱི་དེ་ཐམས་ཅད་གནས་པའི་མིང་ཅན་ཞེས་པས་ཡོན་ཏན། ཧེ་རྦྷཱ་ཏཿ། གཉིས་ཚེག་དང་མང་ཚིག་དང་པོའི་སྐབས་དང་འདྲ། ཧེ་བྷཱ་ཏཱ་རཽ། ཧེ་བྷཱ་ཏཱ་རཿ། དེ་བཞིན་དུ། ན་བྷྲྀ། ཧོ་ཏྲྀ། པོ་ཏྲྀ་སོགས་མང་
པོ་ཞིག་འདི་དང་འདྲའོ། །པི་ཏྲི་ལ། སུ། གོང་བཞིན་བསྒྲུབས་པས། པི་དཱ། པི་ཏྲའི་སྐབས་འདིར་གཞན་ཆོ་ག་ཐམས་ཅད་སྔ་མ་བྷཱ་ཏྲྀའི་སྐབས་དང་འདྲ་ལ། དང་པོའི་ཨཽ་ནས་གཉིས་པའི་ཨཽའི་བར་རྣམས་ལ་ཨུ་པ་བྷཱ་རེང་བོར་མི་འགྱུར་ཏེ། བྷཱ་ཏྲྀ་ཞེས་བ་རྐྱེན་ ཚ་བོ། སྦྱིན་སྲེག སྦྱིན་སྲེག ཏྲྀ་ཙ་ཏྲྀ་
མཐའ་ཅན་ཡིན་ལ། ཕོ། པི་ཏྲྀ་ཞེས་པ་ཏྲྀ་ཙ་མཐའ་ཅན་མ་ཡིན་པས་སོ། །པི་ཏ་རཽ། པི་ཏརཿ ལྟ་བུའོ། །གཞན་རྣམས་རིགས་འགྲེའོ། ཛཱ་མཱ་ཏྲི། བྷཱ་ཏྲྀ་སོགས་ཀྱང་འདི་དང་འདྲའོ། ནྲྀ་ཅ། ནྲྀའི་ཡང་ནའོ། །ནྲྀ་ཞེས་པའི་རྟགས་ལ་རྣམ་དབྱེ་དྲུག་པའི་ཨཱ་མ་མ་གཏོགས་པི་ཏྲྀའི་སྐབས་དང་
འདྲ། ཨཱ་མ་ལ་རྟགས་མཐའ་རིང་པོར་འགྱུར་བ་དང་མི་འགྱུར་བ་འདམ་ཀ་ཅན་དུ་བྱ་སྟེ། རནཱྀ་ཎཱཾ་བམ། ཡང་ན་ནྲྀ་ཎཱཾ་ལྟ་བུའོ། །དེ་རྣམས་ཀྱིས་མག་པ །སྤུན་ཟླ། སྐྱེས་པའི་རྟགས་ལ་རྀ་ཡིག་མཐའ་ཅན་གྱི་བྱ་བ་རྣམས་བཤད་མི་ཟིན་ཏོ། ༈ །སྐབས་འདིར་རཱྀ་ཏ་དང་ལྀ་ཏ་དང་ཨེ་ཏ་རྣམས་ཀྱི་མཐའ་ཅན་གྱི་
རྟགས་མེད་བར་གྲགས་སོ། ༈ །ཨོ་ཡིག་མཐའ་ལས་གོའི་སྒྲ་ལ་དཔེར་བརྗོད་དུ་བྱ་སྟེ། གོ་ཏོ་ཎི་ཏ། གོ་ལས་ཎི་ཏའོ། །ཨོ་མཐའ་ཅན་མགོ་ལྟ་བུའི་ཕ་རོལ་གྱི་རྣམ་དབྱེ་དང་པོ་ནས་གཉིས་པའི་ཨཽཊའི་བར་སྔར་ཐམས་ཅད་གནས་པའི་མིང་ཞེས་བརྡ་ཆད་བྱས་པ་དེ་རྣམས་སྐབས་འདིར་ཎ་འགྲོ་བའི་
མིང་ཅན་ཞེས་མིང་འདོགས་བྱེད་དོ། །གོ་ལ། སུ་ཨཽ་ཇས་རྣམས། ཉ྄་ཎ་འགྲོ་བ་ལ་ཨ་ཙའི་འོ་ཞེས་པའི་མདོས་རྟགས་མཐའ་འཕེལ་བ། གཽཿ། གཱ་ཝཽ། གཱ་ཝཿ། གཉིས་པའི་ཨ་མ་དང ཤས་ལ། ཨོ་ཏོ་྅མྴ་སོ། །ཨོ་ཏ་ལས་ཨ་མ་ཤས་དག་ལའོ། །རྟགས་ཨོ་ཡིག་མཐའ་ཅན་ལས་
རྣམ་དབྱེ་གཉིས་པའི་ཨ་མ་ཤས་ཕ་རོལ་ལ་རྟགས་མཐའི་ཨོ་དང་པ་ཕ་རོལ་གྱི་ཨ་འདུས་པས་ཨཱ་རུ་འགྱུར་ཏེ། ཨ་མ་ལ། གཱཾ། ཨཽ་ལ། གཱ་ཝཽ། ཤས་ལ། གཱཿ། གསུམ་པ་རྣམས་ལ། ག་ཝཱ། གོ་བྷྱཱཾ། གོ་བྷིཿ། བཞི་པ་རྣམས་ལ། ག་ཝེ། གོ་བྷྱཱཾ། གོ་བྷྱཿ། ལྔ་བ་རྣམས་ལ། གོཿ། གོ་བྷྱཱཾ་
เล่ม ๒๐๘ · หน้า 53b
གོ་བྷྱཿ། དྲུག་པ་རྣམས་ལ། གོཿ། ག་ཝཱཾཿ། ག་ཝཱཾ། བདུན་པ་རྣམས་ལ། ག་ཝི། ག་ཝོཿ། གོ་ཥུ། བོད་ཚིག །ཧེ་གཽཿ། ཧེ་གཱ་ཝཽ། ཧེ་གཱ་ཝཿ། དེ་བཞིན་དུ། སུ་དྱོ་སོགས་ཀྱང་འདི་དང་འདྲའོ། །དེ་ལྟར་ཨོ་མཐའ་ཅན་རྣམས་བཤད་ཟིན་ཏོ། ༈ །དེ་ནི་ཨེ་ཡིག་མཐའ་ཅན་ལས་རཻའི་སྒྲ་ལ་
དཔེར་བརྗོད་ན། ཪཻལ་སུ། རཱ་ཡོ་ཧ་ལི། རཻའི་ཧ་ལ་ལའོ། །ཨཻ་ཡིག་མཐའ་ཅན་རཻ་སྒྲ་ལྟ་བུའི་ཕ་རོལ་དུ་རྣམ་དབྱེ་ཧ་ལ་ཐོག་མ་ཅན་གང་བྱུང་ཡང་རྟགས་མཐའི་ཨཻ་དེ་ཨཱ་རུ་འགྱུར་རོ། །ཉི་ག །རཱཿ། རཱ་ཡཽ། རཱ་ཡཿ། གཉིས་པ་རྣམས་ལ། རཱ་ཡཾ། རཱ་ཡཽ། རཱ་ཡཿ། གསུམ་པ་རྣམས་ལ། གསེར་རམ་ནོར།
རཱ་ཡཱ། རཱ་བྷྱཱཾ། རཱ་བྷིཿ། བཞི་པ་རྣམས་ལ། རཱ་ཡེ། རཱ་བྷྱཱཾ། རཱ་བྷྱཿ། ལྔ་བ་རྣམས་ལ། རཱ་ཡཿ། རཱ་བྷྱཱ། རཱ་བྷྱཿ། དྲུག་པ་རྣམས་ལ། རཱ་ཡཿ། རཱ་ཡོཿ། རཱ་ཡཱཾ། བདུན་པ་རྣམས་ལ། རཱ་ཡི། རཱ་ཡོཿ། རཱ་སུ། བོད་ཚིག་ལ། ཧེ་རཱཿ། ཧེ་རཱ་ཡཽ། ཧ་རཱ་ཡཿ། ཨཽ་ཡིག་མཐའ་ཅན་གླཽ་ཞེས་པའི་
སྒྲ་ལ་དཔེར་བརྗོད་བྱ་སྟེ། ཨ་ཙ་ཐོག་མ་ཅན་རྣམས་ལ་ཨཽ་ཨཱ་ཝར་འགྱུར། ཧལ་ཐོག་མ་ཅན་རྣམས་ལ་བྱ་བ་ལྷག་པོ་མེད་པས། རྣམ་དབྱེ་དང་པོ་རྣམས་ལ། གླཽཿ། གླཱ་ཝཽ། གླཱ་ཝཿ། གཉིས་པ་ལ། གླཱ་ཝཱ། གླཽ་བྷྱཱཾ། གླཱཽ་བྷྱཱཾཿ། སོགས་སོ། །ནཽལ་
སོགས་བ་རྣམས་ཀྱང་འདི་དང་འདྲའོ། ཨི་ཏི་པཱ་ཎི་ནི་བྱཱ་ཀ་ར་ཎ་སྱ་སཱུ་ཏཱ་ད་ཐནྟ་བུ་རླིངྒཱ་སཱ་མཱ་བྷཱཿ། ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཨ་ཙའི་མཐའ་ཅན་སྐྱེས་པའི་རྟགས་རྣམས་རྫོགས་སོ། །དེ་རྣམས་ཀྱིས་བརྡ་སྤྱོད་པའི་བསྟན་བཅོས་ཆེན་པོ་པཱ་ཎི་ནི་བྱཱ་ཀ་ར་ཎ་གཞུང་འགྲེལ་གྱི་གོ་དོན་ཆོ་ག སུ།
དཔེར་བརྗོད་སོགས་ཟིན་བྲིས་སུ་བཀོད་པ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལས་སྐྱེས་པའི་རྟགས་ཨ་ཙ་མཐའ་ཅན་རྣམས་ཀྱི་ཆོ་ག་སྤྱིར་བཏང་དམིགས་བསལ་དང་བཅས་པ་རགས་བ་རྣམས་རེ་ཞིག་རྫོགས་སོ། ༈ །ད་ནི་བུད་མེད་ཀྱི་རྟགས་ལས་ཨ་ཙ་མཐའ་ཅན་གྱི་ཆོ་ག་རྣམས་
བཤད་པར་བྱ་སྟེ། རམཱ་ལ། རྩ་བམ། སུ། ཧ་ལ་དཱི་བ་ཨཱ་པ་རིང་པོ་སོགས་ཀྱིས་སུ་ཕྱིས། ར་མཱ། ར་མཱ་ལ། ཨཽ། ཨཽ་པ་ཨཱ་པཿ། ཨཽའི་ཨཱ་པ་ལས་སོ། །བུད་མེད་ཀྱི་རྟགས་ཨཱ་པ་ཀྱི་རྟགས་ཨཱ་པ་ཀྱི་མཐའ་ཅན་ལས་རྣམ་དབྱེ་དང་པོའི་གཉིས་ཚིག་ཨཽ་དང་། གཉིས་པའི་གཉིས་ཚིག་ཨཽ་གཉིས་ནི་ཤཱི་
เล่ม ๒๐๘ · หน้า 54a
རུ་འགྱུར་ཏེ། །ཤ་འགྲོ་བའི་མིང་ཅན་ཡིན་པས་ཕྱིས་མཚམས་སྦྱར་བས། །ར་མེ། ར་མཱ་ལ་ཛས་དང་པོ་དག་ལ་ཞེས་པས། ར་མཱཿ། ར་མཱ་ལ། ཀུན་ཏུ་བོད་པའི་སུ། སཾ་བུ་དྡྷཽ་ལཾ་ཡང་ངོ་། །ཨཱ་པ་མཐའ་ཅན་ནི་སཾ་བུ་དྡྷི་ཕ་རོལ་ལ་ཨེར་འགྱུར་ཏེ། རྟགས་མཐའ་ཨི། ཐུང་
དུ་ཨེང་སོགས་ཀྱིས་སཾ་བུདྡྷི་ཕྱིས་པས། ཧེ་ར་མེ། གཉིས་ཚིག་དང་མང་ཚིག་གོང་དང་འདྲ་སྟེ། ཧེ་ར་མེ། ཧེ་ར་མཱཿ། ར་མཱ་ལ། ཨཾ། ཨམ་ལ་སྔ་མ་འོས། ར་མཱཾ། ཨཽ་ལ། ར་མེ། ཤས་ལ་དང་པོ་དག་གི་ཞེས་པས། ར་མཱཿ། ར་མཱ་ལ་གསུམ་པའི་ཊཱ། ཨཱ་རི་ཙཱ་བཿ། ཨཱ་པ་ཀྱི་ཨཱང་ལ་
འང་ངོ་། །རྟགས་ཨཱ་པ་མཐའ་ཅན་ནི་ཨཱང་སྟེ་རྣམ་དབྱེ་གསུམ་པའི་ཊཱ་དང་ཡང་གི་སྒྲས་དྲུག་པ་དང་བདུན་པའི་ཨོས་རྣམས་ཕ་རོལ་ལ་རྟགས་མཐའ་ཨེ་རུ་འགྱུར་ཏེ། རྟགས་མཐའ་ཨེ་མཚམས་སྦྱར། ར་མ་ཡཱ། བྷྱཱཾ་བྷི་ས་ལ། ར་མཱ་བྷྱཱཾ། ར་མཱ་བྷིཿ། ར་མཱ་ལ། དེ། ཡཱ་ཊཱ་པཿ། ཨཱ་བ་ལས་ཡཱ་ཊ་འོ། །
རྟགས་ཨཱ་བ་ཀྱི་མཐའ་ལས་ཕ་རོལ་ཏུ་ང་འགྲོ་བའི་མིང་ཅན་གྱི་རྣམ་དབྱེ་རྣམས་བྱུང་ན་ཡང་ཊཱ་ཨཱ་ག་མ་འཇུག་གོ། །ར་མཱ་ཡཱ། ཨེ། ཨཱ་ཊ་ཤྩ། ཨཱ་ཊ་ལས་འང་ངོ་། །ཡཱ་ཊ་ལྟ་བུ་ཨཱ་མཐའ་ཅན་གྱི་ཨཱ་ག་མ་བྱུང་བ་དེ་ཕ་རོལ་ཨ་ཙ་ཐོག་མ་ཅན་དང་ཕྲད་ན་འཕེལ་བར་འགྱུར་ཏེ། ར་མཱ་ཡེ། ར་མཱ་ཡ། ར་མཱ་བྷྱཱཾ།
ར་མཱ་བྷྱཿ། ལྔ་པའི། ང་སི། ཡཱ་ཊ་བྱིན་གོང་ལྟར་བསྒྲུབས་པས། ར་མཱ་ཡཱཿ། ར་མཱ་བྷྱཱཾ། ར་མཱ་བྷྱཿ། དྲུག་པ་ལ། ར་མཱ་ཡཱཿ། ར་མ་ཡོཿ། ར་མཱ་ཎཱཾ། བདུན་པའི། དི་ཡཱ་ཊ། ངིའི་ཨཱ་མ་ ན་དཱི ཨཱ་པ་ནཱི་རྣམས་ལས་སོས། ངི་ཨཱ་མ། ར་མཱ་ཡཱཾ། ཨོས། ར་མ་ཡོཿ། ར་མཱ་སུ། དེ་བཞིན་དུ། གཱངྒཱ།
དུ་རྒྱ། ཨམྡི་ཀཱ་སོགས་མང་པོ་འདི་དང་འདྲའོ། །མོ་རྟགས་སརྦཱའི་སྒྲ་ལ། རྣམ་དབྱེ་དང་པོ་རྣམས་དང་། བོད་ཚིག་རྣམས་དང་། གཉིས་པ་རྣམས་བཤད་མ་ཐག་པར་མཱ་དང་འདྲ། སརྦཱ། སརྦེ། སརྦཱཿ། ཧེ་ས་རྦེ། ཧེ་ས་རྦཾ། ཧེ་ས་རྦཱཿ། སརྦཱཾ། སརྦེ། སརྦཱཿ། གསུམ་པ་ཡང་འདྲ་བས།
བགྲོད་དཀའ་མ། །ན་གར་ཀོ་ཊའི་ལྷ་མོ། སརྦ་ཡཱ། སརྦཱ་བྷྱཾ། སརྦཱ་བྷིཿ། སརྦཱ་ལ། ངེ་། སརྦ་ནཱ་མྣཿ། སྱཱ་བྷྱཱ་སྭ་ཤྩ། སརྦ་ནཱ་མ་ལས་སྱཱ་ཊ་སྟེ་ཐུང་དུའང་ངོ་། །སརྦའི་མིང་ཅན་ཨཱ་པ་མཐའ་རྣམས་ལས་ཕ་རོལ་དུ་རྣམ་དབྱེ་ང་འགྲོ་བ་རྣམས་བྱུང་ན་སྱཱཊ་ཨཱ་ག་མ་འཇུག་ཅིང་རྟགས་མཐའ་ཐུང་ངུར་འགྱུར་རོ། །སརྦ་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด