ตัวบทไม่มีชื่อ — ประโยคแรก: སྐད་དོད་གཅིག་གིས་དོན་དུ་མར་འཇུག་པའི་མངོན་བརྗོད་ནོར་བུའི་ཕྲེང་བ་བཞུགས་སོ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๑๒ · หน้า 164a
༄༅། །སྐད་དོད་གཅིག་གིས་དོན་དུ་མར་འཇུག་པའི་མངོན་བརྗོད་ནོར་བུའི་ཕྲེང་བ་བཞུགས་སོ།། །། ༄༅།།སངས་རྒྱས་ལ་ཕྱག་འཚལ་ལོ། །དབྱངས་དང་ཀ་སོགས་རིམ་ང་ལས། །གཏན་ཕབ་ཀ་ལ་སོགས་པའི་མཐའ། །ཡི་གེ་གཉིས་པ་ལ་ཡང་ཡོད། །ངེས་པ་ཀ་སོགས་རིམ་པ་ལས། །
ཀཿནི་ཚངས་པ། རླུང་ཉི་མ། །མེ་དང་། གཤིན་རྗེ་བདག་ཉིད་དང་། །གསའ་བ་དང་ནི་འགྲོ་བ་ལའོ། །ཀཻ་ནི། མགོ་དང་། ཆུ་དང་བདེ། །ཀུའི་སྒྲ། ས་དང་ངན་པ་ལ། །ཨ་ཀ །སྡུག་བསྔལ། སྡིག་པ་ལ། །ཨརྐ། རི་མོ། མཚན་མོ་དང་། །མཚན་མ་དང་ནི་མཚན་ཉིད་དང་། །གར་
ལ་སོགས་དང་ལེའུ་དང་། །ཕང་པ་དང་ནི། གཟུགས་ཅན་ལ། །ཨནྟ་ཀ་ནི། རི་མོ་འཁྲུག །སྔགས་དང་། གནས་དང་། རྒྱན་དག་ལའོ། །ཨརྐ། ཉི་མ། ཨརྐའི་འདབ། །བརྒྱ་བྱིན་ཤེལ་དང་ཟངས་དག་ལ། །ཨེ་ཀ །གཙོ་བོ། གྲོགས་པོ་དང་། །གང་ཞིག་ཅིག་ཤོས་མིན་པ་ལ། །
ཤཾ་ཀ །འདབ་ཆགས་བྱེ་བྲག་དང་། །མཐར་བྱེད། སྒོ་གླེགས་གཉིས་སྐྱེས་ལ། །ཀརྐ་རིན་ཆེན་ཀརྐེ་ཏ། །མེ་དང་། རྟ་དཀར། མེ་ལོང་བུམ། །ཀལྐ་སྡིག་པ། བཤང་བ་དང་། །ཀིཥྚ་སྐྱོན་དང་། ངན་གཡོ་དང་། །དེ་བཞིན་ཏིལ་མར་ཚིགས་མ་དང་། །སྡིག་སེམས་དང་
ནི། བ་ཏུ་རའོ། །ཀཱ་ཀ །བྱ་རོག །གདན་དང་། སྦྲུལ། །མགོ་བོ། བྱད་གདོང་། ངན་པ་དང་། །ང་རྒྱལ་གླིང་དང་། ཤིང་གི་བར། །ཀཱ་ཀཱ། བྱ་རོག་བྱིན་པ་དང་། །བྱ་རོག །གྲལ་དང་། བྱ་རོག་ཤིང་། །ཀཱ་ཀ །མཱ་བྱ། དྲི་མ་འཇོམས། །བྲག་ཅན་ལ་ཡང་བལྟ་བར་བྱ། །
ཀཱ་ཀཾ། བྱ་རོག་ཚོགས་དང་། །གཡོ་བ་འཆིང་བར་བྱེད་པ་ལའང་། །ཀུཥྐུ། མཐོ་དང་ཁྲུ་དང་ནི། །བང་མཛོད་དང་ནི། སྨད་པ་ལ། །ཀོ་ཀ །འཁོར་ལོ་ཅེ་སྤྱང་དང་། །གཙོ་བོ་དང་ནི། འབྲ་གོའི་ཤིང་། །སྦལ་པ་ཁྱབ་འཇུག་རྣམས་ལའོ། །ཙྪ་ཀ །ཁྱེམ་ལ་ཞེན་པ་དང་། །སྣ་ཚོགས་རི་
དྭགས། འདབ་ཆགས་དང་། །གྲོང་ཁྱེར་དང་ནི། འཁྱོག་པོ་ལ། །ཊི་ཀ །རྡོ་བ་འཇོམས་པ་དང་། །རྡོ་ཡི་རྩིག་པ་མངོན་བརྗོད་དང་། །ང་རྒྱལ། བྱེ་བྲག །སྤྲེའུའི་གནས། །བྱིན་པའི་བར་དང་། རལ་གྲིའི་ཤུབས། །ཁྲོ་དང་རྐོ་བར་བྱེད་པ་ལ། །ཏརྐ། སོམ་ཉི་རྣམ་རྟོག་དང་། །སྦྲུལ་
เล่ม ๒๑๒ · หน้า 164b
དང་ལས་དང་ཤཱ་ཏྲི་ཡི། །རབ་ཏུ་དབྱེ་བ་དག་འ།འོ། །ཏོ་ཤཾ། བུ་རྒྱུད། བུ་དང་ནི། །རི་མོ་དང་ནི་རྒྱབ་འཇོག་གསུམ། །ཏྲི་ཀཱ། ཁྲོན་པའི་མུ་ཁྱུད་དང་། །གཉིས་པ་ཅན་དང་བྱ་རོག་མཛོད། །ནཱ་ཀ །མཐོ་རིས། བར་སྣང་ལ། །ནཱ་ཀུ། གྲོག་མཁར་རི་བོང་དང་། །ཐུབ་པའི་བྱེ་བྲག་
རྣམས་ལའོ། །ནིཥྐ་གསེར་དང་། དོང་ཙེ་ཞོ། །བརྒྱད་ལྷག་བརྒྱ་ཡི་གསེར་དང་ནི། །བྲང་གི་རྒྱན་སྲང་གསེར་སྲང་ལའོ། །ནྱདྐུ་། རི་དྭགས། དྲང་སྲོང་དབྱེ། །པངྐ། འདམ་དང་། སྡིག་པ་ལ། །པཱ་ཀ།།སྨིན་དང་བྱིས་པ་ལ། །བཱ་ཀ །རྒས་དང་ཡོངས་སུ་སྨིན། །མཐར་ཐུག་པ་
དང་ངལ་བ་ལ། །བ་ག་མཐར་བྱེད་ཞི་བ་དང་། །སྲིན་པོའི་བྱེ་བྲག །ལུས་ངན་ལ། །བངྒ་ཆུ་སོགས་འཁྲོག་པ་དང་། །བཪྻཱ་ན་དང་། སྐལ་བ་དང་། །བཅོམ་པ་ལ། ནི་བརྗོད་བྱ་ལྡན། །པངྐ། ཤིང་ཤུན། ཤིང་སྐོགས་རྡུ། །དྷཱུ་ཀ། བུ་ག་དུས་ལའོ། །བྷེ་ཀ །སྦལ་པ། སྤྲིན་དག་
པ། །མུཥྐ། སྒོ་ངའི་མཛོད་དང་། ཚོགས། །ཐར་པ་ཅན་དང་། ཡལ་ག་ཅན། །རཱུ་ཀ །ངག་མི་ལྡན་དང་། དམན། །རངྐ། རྟ་དང་གྱང་དག་ལ། །རཱ་ཀཱ། མཐོང་བའི་རྡུའ། དང་ནི། །བུ་མོ་དང་ནི་འབབ་ཆུའི་བར། །ཟླ་བ་གང་ཞིང་རྫོགས་པ་དང་། །གཡའ་བའི་ནད་ལའང་བལྟ་
བར་བྱ། རེ་ཀ །དོག་པ། པ་རི་ཀ །ཐ་མ་དང་ནི་བརྗོད་བྱ་ཅན། །རོ་ཀཻ་བུ་ག །བྱིན་ནས་འཕྲོག །རི་བོ་ཀ་དང་མཛེས་ང་།འོ། །ལངྒཱ། སྲིན་པོའི་གྲོང་། ཡལ་ག །ཀུ་ལཥྚ་དང་། ཤཱ་ཀི་དཱི། །ཨཱ་ལོ་ཀ་ནི་སྣང་བར་བརྗོད། །ལོ་ཀ་ང་། དང་། སྐྱེ་བོ་ལ། །ཤཾ་ཀཱ།སྐྲག་དང་། རྣམ་རྟོག་
ལ། །ཤཾ་ཀུ། གངས་ཀྱི་ཁྱད་པར་དང་། །ཞི་བ།ཕུར་བུ། རྐང་པ་དང་། །མཚོན་ཆའི་ཁྱད་པར་དག་ལ་ཡང་། །ཤལྐེ་དག།ཤིང་ཤུན་ཕྱེ། །ཤཱ་ཀ་ནུས་པ་ཤིང་དང་གླང་། །མི་ཡི་བདག་པོའི་ཁྱད་པར་ལ།།ཤཱ་ཤཾ། ལྗང་གུ་ལོ་མ་དང་། །མེ་ཏོག་འབྲས་བུ་ལ་སོགས་སོ། །
ཤུ་ཀ་འཐོར་བྱེད་རྒྱས་ང་།འི་བུ། །སྒྲ་སྒོགས་དང་ནི་བསྔགས་པ་ལ། །ཤུ་ཀང་། གྲཛྲེ་པརྞ་དང་། །ཤི་རཱི་ཥ་དང་། ཤིང་དམར་ལ། །ཤུལྐེ། བྱེད་པ་ལ་སོགས་དང་། །གང་ཞིག་མ་ཡི་ཆད་པ་ལའོ། །ཤྲི་ཀ །ཤུངྒ་བརྩེ་བ་ལ། །ཤོ་རྐ། ནེ་ཙོའི་ཚོགས་དང་ནི། །
เล่ม ๒๑๒ · หน้า 165a
བུད་མེད་བྱེད་པའི་ཁྱད་པར་ལའང་། །ཤླཽ་ཀ་ཚིགས་བཅད་གྲགས་པ་ལ། །སྲེ་ཀ །རླུང་དང་ཨུཏྤལ་མངའ། །སྟོ་ཀ །ཆུང་ངུ་ཆར་སྡོད་བྱེའུ་། །ཨ་ནུ་ཀཱ་ནི་ཉུང་དང་། མཁས། །དམག་དང་ཉོན་མོངས་ར་ཎ་རྐ། །རིགས་དང་ངང་ཚུལ་ཨ་ཎ་ཀ། །ལྕགས་སྒོག་
སྐྱེ་བ། ཨབྱུ་ཀ །ཨདྷི་ཀི་ནི་ཉི་དང་ཐབ། །ཨརྙི་ཀཱ་ནི་འཁྱགས་དང་སྨན། །ཨཎྜི་ཞུཀཱ་ནི་རྩར་ཡང་བཤད། །སྲིང་མོ་ཆེ་བར་ཡོངས་སུ་གྲགས། །ཨ་དཱི་ཀ་ནི་འཇིགས་པ་མེད། །འཆིལ་བྱེད།འདོད་ལྡན་སྙན་ངག་མཁན། །རྣམས་ལ་བརྗོད་བྱ་ལྡན་པའོ། །ཨམྦི་ཀ་ནི་ཆུ་ལྡན་
དང་། །སྐྱེ་བོར་སྐྱེ་བ་རྣམས་ལ་ཡང་། །ཡུངས་ཀར་དང་ནི་ཀྱེ་ཏ་བ། །གྲུབ་པ་ལ་ཡང་ཨསྨྲྀ་རྔུཀ །ཨམྦི་ཀཱ་ནི་ཙུ་ཀྲི་ཀ །སྒྱུར་པོ་དང་། དེ་བཞིན་ཏིབྱེ་ཌི་ཀཱ་དང་། །སྒྱུར་བའི་ཚོགས་ལའང་བལྟ་བར་བྱ། །ཨ་བྷ་འུཀ་ནི་ཉ་དང་བྱིས། །རྨོངས་པ་བྱུ་ཎ་རྩིག་པ་ལའང་། །ཨ་ལ་ཀ་ནི་ལུས་ངན་གྲོང་། །
ལན་བུ། ཕྱེ་མ་ཨ་ལ་ཀ །ཨ་ལ་ན་ནི་ཉི་མ་དཀར། །རྣལ་འབྱོར། སྦྱོ་བྱེད། ཁྱི་ལའོ། །ཨ་ལི་ལྡུ་ཀ་ནི་བརྫུན་ཚིག་དང་། །མི་མཛའ་བ་དང་ཉིན་མོ་ལའང་། །ཨ་ཤོ་ཀ་ནི་འཇམ་པོ་ལེན། །ང་རྒྱལ་དང་ནི་ཤིང་སྡོང་ལ། །ཨ་ཤོ་ཀཻ་ནི་མཆོག་སྦྱིན་ལ། །ཨ་ཤོ་
ཀཱ་ནི་ཚ་བ་དང་། །རོ་ཧི་བྷཱ་དང་ཤོ་ཀབྱཀ །ཨཱ་དྷ་ཀ་ནི་ང་རྒྱལ་དབྱེ། །གདམས་པ་དང་ནི་ཨཱོརྗེ་ཀ །ཨཱ་ཏངྒ་ནི་ནད་དང་གདུང་། །སངྒཱ་དང་ནི་རྫ་རྔའི་སྒྲ། །ཨཱ་ན་ཀ་ནི་རྔ་ཆུང་དང་། །རྔ་དང་། རྔ་ཟླུམ། སྤྲིན་གྱི་སྒྲ། །ཨཱ་ལོ་ཀ་ནི་བལྟ་བ་དང་། །གསལ་དང་གསོང་པོར་
སྨྲ་བ་དང་། །ཨཱསྣ་ཤཾ་ནི་ཉིན་མོ་དང་། །ངེས་འགྲོ་འདོར་བ་རྟག་པའི་ལས། །ཨིཀྵུ་ཀུ་ནི། བུར་ཤིང་དང་། །བྲན། བཟའ། ཉི་མའི་རིགས་མི་བདག །ཨུ་དརྐ་ནི། ཚོལ་བྱེད་དང་། །ནག་མོའི་འབྲས་དང་མྱོས་བྱེད་ཆང་། །ཨུ་ཕྲུ་ཀ་ནི་འུག་པ་དང་། །ལྡུམ་དང་།
སྒྲ་ངན་འཐབ་པ་ལ། །ཨུཥྚ་ཀ་ནི་ངེས་གདུང་དང་། །ཚ་བ་ཙམ་དང་མྱུར་བྱེད་དང་། །མཁས་པ་རྣམས་ལའོ་ཨུཥྚི་ཀཱ། །འཇིམ་པ། གླང་མོ། མྱོས་བྱེད་བྲག །ཨུརྨི་ཀཱ་ནི་དབའ་རླབས་དང་། །སོར་གདུབ་དང་ནི་སྦྲང་བུའི་སྒྲ། །གོས་ཞིག་པ་དང་། སྟེང་དུ་འཁྲུག །སཾ་ཤུ་ཀཻ་ནི་
เล่ม ๒๑๒ · หน้า 165b
གོས་ཕྲ་དང་། །གོས་ཙམ་དང་ནི་སྟོད་གཡོགས་ལ། །ཀཉྩུ་ཀ་ནི་གོ་ཆ་དང་། །འདའ་སྒྲིབ་ངེས་གྲོལ་བརླབ་པ་དང་། །དགའ་བྱིན་ལུས་ཀྱི་གོས་ལའོ། །སྨན་གྱི་ཁྱད་པར་ཀཉྩུ་ཀཱི། །ཀ་ཊཱ་ཀཻ་ནི་རི་ངོས་དང་། །རི་ཞོལ། རྒྱལ་པོའི་ཕོ་བྲང་དང་། །གདུ་བུ་རྒྱ་མཚོའི་ལན་ཚྭ་དང་། །
རྒྱན་དང་གླང་པོའི་སོ་ལའོ། །ཀ་ཎ་ཀ་ནི་ཚ་བ་དམར། །ཚ་བའི་མེ་དང་བྱོ་འ་ལའོ། །ཀ་བྱེ་ཀ་ནི་ངང་ཚུལ་ངན། །རུངྡྷ་ཪྵ་དང་སྦྲུལ་ལའོ། །ཀཱ་ལི་ཀཱ་ནི་བཤད་པ་དང་། །ཤིན་ཏུ་འགྲོ་དང་། དངོས་མེ་བསྲུབ། །ཀཎྜ་ཀ་ནི་ཤིང་ཡན་ལག །ལུས་ཀྱི་གནས་དང་སྐྱོན་དག་ལ། །
བ་སྤུ་དང་ནི་ཕྲན་ཚེགས་དག །གསོད་བྱེད་ལ་ཡང་བལྟ་བར་བྱ། །ཀ་ན་ཀ་ནི་གསེར་སྦྱོ་བྱེད། །ནཱ་ག་གེ་སར་ཙསྤ་ཀ །ཀི་ཤུ་ཀ་དང་། གསེར་རྩིབས་དང་། །ཀོ་ལིའི་ཡ་ལའང་འགའ་ཞིག་འདོད། །ཀ་ར་ཀ་ནི་ཐོད་པ་དང་། །སྤྱི་བླུགས་དང་ནི་མཁའ་འགྲོ་དང་། །
ལེ་བརྒན། སེ་འབྲུ། ལག་པ་ལ། །སྤྲིན་ཀྱི་རྡོ་བ་ཀ་ར་ཀཱ། །ཀ་རྂ་ཀ་ནི་ལོ་ཐོག་དང་། །བདེན་པ་ནཱ་རི་ཀེ་ལའི་རུས། །མགོ་བོ་རྣམས་སོ་ཀརྟེ་ཀཱ། །རྣ་རྒྱན་གླིང་བུ་སོགས་བསྐུལ་ལྕག །ལག་ལྡན་ལག་རྩེ་སྐལ་བ་དང་། །ལག་པའི་གུང་མོའི་སོར་མོ་དང་། །
འདམ་བུའི་ས་བོན་མཛོད་དང་ནི། །ཀུ་ཊ་ནི་ལའང་འགའ་ཞིག་ཟེར། །ཀ་ཝཾ་ཀ་ནི་རྟགས་མཚན་དང་། །ནག་བོ། སྐྱོན་དང་སྐུར་འདེབས་ལ། །ཀཱ་ཐྲ་ཀ་ནི་བྱ་གག་དང་། །མགོ་སེར་དང་ནི་ཀོ་ཀ་ལ། །ཀཱ་མུ་ཀ་ནི་འོད་ལྡན་བཤད། །ཨ་ཤོ་ཀ་ཤིང་ཤིན་ཏུ་གྲོལ། །ཀཱ་
ར་ཀ །བྱེད་པོར་ཤེས་བྱ། །ལས་ཀྱི་དང་པོ་བྱེད་པོར་འདོད། །ཀཱ་རི་ཀཱ་ནི་ཚིགས་བཅད་དང་། །འགྲེལ་པ་རྒྱས་པ་བྱས་པ་ལ། །ཀ་རི་ཀཱ་ནི་གར་གླང་མོ་། །ནཱ་སི་ཏ་སོགས་བཟོ་བོ་ལ། །ཀ་རྨུ་ཀཾ་ནི་འོད་མ་གཞུ་། །ལས་ཀྲི་ནུས་པ་བརྗོད་བྱར་ལྡན། །ཀཱ་ལི་ཀཱ་ནི་
གཏན་མོ་དང་། །རྣལ་འབྱོར་མ་ཡི་བྱེ་བྲག་དང་། །ནུབ་པར་གྱུར་དང་རིན་ཐང་དང་། །འཁྱེ་ཤིང་ཁྱད་པར་བ་ཏོ་བྱེལ། །བ་སྤུའི་ཕྲེང་བ་དུ་བ་ཅན། །སྣག་ཚ་ལའོ་ཀཱ་ཏཱི་ནི། །སྡིག་པ་འདབ་ཅན་སྤྲིན་སྟོབས་མ། །སྟོབས་དང་དུ་བའི་རབ་དབྱེ་དང་། །སྤྲིན་སར་
เล่ม ๒๑๒ · หน้า 166a
རྣམས་ལ་བརྗོད་བྱར་ལྡན། །ཀི་པཱ་ཀ་ནི་ནག་ཆེན་འབྲས། །རྨོངས་པ་དང་ནི་ཏཱི་ཙ་ཀ །སྒྲ་ལྡན་འོད་མ་ལྷ་མིན་རླུང་། །འོད་མ་སྐམ་པོ་ཤིང་བྱེ་བྲག །ཏཱི་ཊ་ཀ་ནི་འབུ་ཡི་རིགས། །གྱ་ཚོམ་ཧཱུཾཅན་ལ་བརྗོད་བྱར་ལྡན། །ཀུ་ལ་ཀ་ནི་རིགས་
གཙོ་བོ། །གྲོག་མཁར་བྱ་རོག་ཤིན་ཏུ་ཀ །ཀུ་ལ་ཀེ་ནི་ཚིགས་བཅད་སྦྱར།།སྡེབས་པ་དང་ནི་ལེའུ་ཅན། །ཀུ་ལི་ཀ་ནི་ཀླུའི་བྱེ་བྲག །རིགས་གཙོ་ཤིང་གི་ཁྱད་པར་རོ། །ཀུ་ཤི་ཀ་ནི་ཐུབ་པའི་དབྱེ། །ཐང་ཆུ་ཤིང་དང་ཤིང་གི་མིག །ཏིལ་མར་ལྷག་མ་རྣམས་
ལའོ། །ཀུ་ཤ་ཀ་ནི་གཞན་གདུང་བྱེད། །སྤྲེའུ་དང་ནི་འོད་ཆེན་ལ། །རྩེ་མོའི་ཁྱད་པར་ཀུ་ཙི་ཀཱ། །འོ་མའི་རྣམ་འགྱུར། །ཏཱུ་ལི་ཀྱུ། ཀུཉྩི་ཀ་ནི། ཀུཊྨ་ལ། །ཀྱུ་པ་ཀ་ནི་ཡོན་ཏན་ཤིང་། །ཏིལ་མར་སྣོད་དང་ཆུའི་བཏུང་བ། །ཀུ་ཀུརྗ་ར་ཤི་བ་ལ། །ཀ་བི་ཀཱ་ཆུའི་
རྡོ་པའོ། །གྲོག་མཁར་མཆོད་རྟེན་ཀུ་ལ་ཀ །ཀུ་ལ་ཤཾ་ནི་འགྲམ་ལའོ། །ཞིང་ལས་ཐོང་གཤོལ་ཀྲྀ་ཥ་ཀ །ཀིཉྩ་ཀ་ནི་ཅུང་ཟད་དང་། །ཕ་རོལ་བྱིས་པའི་ཁྲག་ལའོ། །ཀོ་ར་ཤཾ་ནི་ཁ་འབུས་མཁས། །པདྨའི་རྩ་བ། ཀཀྐོ་ལའོ། །མ་ཏངྒ་ཛྭནི་ཟེ་འབྲུ་དང་།། །བུར་ཤིང་སྲིན་བུའི་
ཁྱད་པར་ལ། །ཀཽ་ཤུ་ཤཾ་ནི་ལྟད་མོ་དང་། །དགའ་སྟོན།མངོན་འདོད། རྩེད་འཇོ་དགའ། །ཕན་ཚུན་ཕྲད་དང་བཀྲ་ཤིས་སམཱཡཱ་ར་དང་། །གཏམ་བཤད་རྒྱ་ཆེན་བག་མ་ལེན། །ཡུལ་གྱི་ལོངས་སྤྱོད་དུས་ལ་ཡང་། །ཀཽ་ཤི་ཀ་ནི་གུ་གུལ་དང་། །འུག་པ་ཥྤེའུ་ལེ་སྦྲུལ་ཁས་སྡིག །
དབང་པོ་སྣ་ཚོགས་བཤེས་གཉེན་དང་། །དྲང་སྲོང་མཛོད་ཤེས་རྣམས་ལའོ། །གཏུམ་མོ་དང་ནི་ཆུ་ཀླུང་གི། །བྱེ་བྲག་ལ་ནི་ཀཽ་ཤི་ཏཱི། །ཀྲ་མུ་ཀ་སེང་ཕྲོམ་བ། ནི་འབྲས་སྨན་གང་ལ། །གུ་བཱ་ཀ་དི་ཚངས་པའི་ཤིང་། །པིཊྚ་ཀཱ་གཞུ་མཁན་དང་ལོ་དྷྲ་དང་། །རས་བལ་ལའོ་ཁརྦྷེ་ཀ །མ་ཧི་
འོ་མ་དབུ་བ་ཅན། །ཤོ་ནི་ཀ་ཞེས་པ་ལའང་། །ཁ་ན་ཀ་ནི་དེ་ཉིད་ཤེས། །མཚམས་དང་ཆོམ་རྐུན། རྣམ་འཇོམས་ལ། །མུ་ཥི་ཀ་ནི་བྱི་བ་དང་། །ཆུང་དང་དམན་དང་ཐ་མ་ལ། །ཁོ་ལ་ཀ་ནི་སྨིན་པ་དང་། །གྲོག་མཁར་དང་ནི་
เล่ม ๒๑๒ · หน้า 166b
ཤིང་གླ་གོར། །མཛོད་དང་མགོ་བོའི་གོས་ལའོ། །ག་ན་ཀ་ནི་སྐར་མཁན་དང་། །གྲངས་མཁན་ཚོང་པའི་བུད་མེད་ལའོ། །ག་ཎི་ཀ་ནི་ཚོགས་ཅན་མ། །རྟོག་ཅན་མོ་དང་གླང་ཆེན་མོ། །གཎྜ་ཀ་ནི་བསེ་རུ་དང་། །གྲངས་དང་རིག་པའི་རབ་དབྱེ་དང་། །རྣམ་པར་
དཔྱོད་པའི་ཁྱད་པར་ལའོ། །འབབ་ཆུའི་ཁྱད་པར་གཎྜ་ཏཱི། །གཱཎྜི་ཀ་ནི་དྲི་བཟང་པོ། །ལེ་ཀ་ཀ་ནི་ཐ་སྙད་བྱེད། །གུཎྜ་ཀ་ནི་དྲི་མ་བཏུལ། །ཆ་ཤས་བརྗོད་དང་སྣུམ་གྱེ་སྣོད། །གུ་ཧྲ་ཀ་ནི་སྦེད་པ་དང་། །གསང་བ་པ་ཡི་སྣོད་སྦྱིན་དང་། །ཚེ་ཀ་དྲེས་པར་བརྣགས་པ་
ལ། །གི་རི་ཀི་ནི་ཁམས་བྱེ་བྲག །ཁམས་སྤྱི་ཙམ་དང་གསེར་ལའོ།།གོ་རྂ་ཀ་ནི། བྱ་ཡི་རིགས། །ན་གུ་ཀ་དང་སཱ་ཋ་ཀ །གོ་ལ་ཀ་ནི་ནོར་བུ་ཅན།།རླུང་གི་ཚུལ་དང་ཕྲུ་བ་ལ། །གྲཛྲེ་ཀ་ནི། ཀ་རཱི་ར། །ལྷ་ཤེས། གུ་གུལ་རིམ་པ་དང་། །གྲཛྲེ་བརྞ། མཛའ་
བོའི་བུ། །པི་པི་ལི་ཡི་རྩ་བ་ལའོ། །གྲ་ཧ་ཀ་ནི་སྣང་བ་དང་། །མཁའ་འགོ། གཟའ་ཡི་ཅིག་ཤོས་ལ། །ཙ་ཊ་ཀ་ནི། ཀ་ལ་ཛི་ཀ །དེ་ཡི་བུ་མོ་ཆུང་མ་ལ། །ཙ་ཏུངྒཱ་ནི། མ་ཤ་ཀ །སྨྱུག་མའི་མྱུ་གུ། འཕྲོག་བྱེད་མཆོད་སྡོང་། ཁྱེམ་བྱེ་བྲག །ཙ་ལུ་
ཀ་ནི། རབ་འཐོར་དང་། །སྣོད་ཀྱི་།ཁྱད་པར་དག་ལའོ། །ཙ་ཥ་ཀ་ནི་ཆང་གི་སྣོད། །ཆང་དང་ཆང་གི་རབ་དབྱེ་ལ། །ཙཱ་ར་ཀ་ནི་སྐྱོང་བྱེད་དང་། །བཙོན་རར་བཅིངས་པ་དག་ལའོ། །ཙི་ཏྲ་ཀཻ་ནི་ཐིག་ལེ་ལ། །ཙི་ཏྲ་ཀ་ནི་མེ་ཡི་མིང་། །ཨེ་རཎྜ་ཆུ་ཤིང་དང་བྱིས་པ་
དང་། །གཅན་གཟན་གྱེ་ནི་ཁྱད་པར་སྟག་ལ། །ཙི་ར་ཀ་ནི་ལྷག་པར་བྱེད། །ཡི་གེ་ལ་ཡང་བརྗོད་བྱ་ལྡན། །ཙི་རི་ཀཱ་ནི་བུང་བ་ལ། །ཙུམྦ་ཀ་ནི་ཁབ་ལེན་དང་། །ཁྲམ་པ།། རིག་པས་ཉེར་འཚོ་དང་། །འདོད་ལྡན་ལའོ་ཙུ་ལུ་ཀ །རབ་འཐོར་སྣོད་ཀྱི་ཁྱད་
པར་ལ། །ཙུ་ལུ་ཏཱི་ན་བྱིས་པ་གསོད། །སྣོད་དབྱེ། ཆ་ཤས། ཁྱད་པར་ལ། །ཙཱུ་ཌ་ཀ་ནི། གཙུག་ཕུད་དང་། །བཅུད་ལེན། སྤྲེའུ་མདུན། ཤིང་ཀ་སྤྲུ་ཏ། །ཙཱུ་ཡི་ཀཱ་ནི་ཟློས་གར་ལུས། །རྣ་བའི་རྩ་བ་གླང་པོ་ལའོ། །ཛ་ཏུ་ཀ་ནི་པགས་པའི་འདབ། །འཁྲུལ་
เล่ม ๒๑๒ · หน้า 167a
འཁོར། མཚལ་དང་། མིག་དག་ལ། །ཛ་ན་ཀ་ནི་ཕ་སྐྱེད་བྱེད། །རྒྱལ་པོའི་དྲང་སྲོང་རྒྱུའི་ཁྱད་པར། །ཛམྦུ་ཀ་ནི་ཅེ་སྤྱང་དང་། །དམན་པ་ནུབ་ཕྱོགས་བདག་པོ་ལ། །ཛཱ་ལ་ཀཻ་ནི་བྱེད་པ་པོ། །ངན་གཡོའི་རབ་ཏུ་དབྱེ་བ་དང་། །དྲ་བ་
ཅན་དང་འབྲས་བུ་ལ། །ཛཱ་ལ་ཀཱ་ནི་དྲ་བ་དང་། །རིགས་སུ་འགྲོ་དང་རོལ་མཚོ་ལ། །ཛཱ་ལི་ཀ་ནི་ཉ་པ་དང་། །ཁྲམ་པའོ་གྲོང་རྩེགས་ཛྷ་ལི་ཀཻ། །ཛཱ་ལི་ཀཱ་ནི། གོས་བྱེ་བྲག །དྲ་བ་ཅན་དང་འབྲས་བུ་དང་། །རི་ཡི་སྙིང་པོ་ཆུ་གནས་དང་། །ཤོར་བ་རྣམས་ཀྱི་རྡོ་
བ་དང་། །ལུས་འཐུག་པ་དང་སྲིན་མོ་ལའོ། །ཛཱ་ཧ་ཀ་ནི། གྷོ་བྱེ་དང་། །བྱི་ལ་ཁྲི་དང་། ཀ་རུཎྜི། །ཛྲེ་བ་ཀ་ནི། ཤིང་བྱེ་བྲག །སྲོག་ལྡན་དང་ནི་སྦྲུལ་ཁས་སྡེག །སེར་པོའི་ར་བ་ཟད་བྱེད་པ། །རྒན་པོའི་འཚོ་བ་བསྙེན་བཀུར་བ། །ཛྲེ་བི་ཀཱ་ནི་རྒྱལ་འདྲའི་ལོ། །ཛྷཻ་ལི་ཀེ་
ནི་བུང་བ་དང་། །བྱུག་པ་དང་ནི་དྲི་མ་དང་། །ཛྷཻ་རུ་ཀཱ་དང་སྦྱིན་དང་མཛེས། །ཊུཀླུ་ཀ་ནི། དྲི་གཙང་ཁང་། །བླ་གབ་མེད་པའི་གཙུག་ལག་ཁང་། །ཊུཎྜ་ཀ་ནི་དམར་བ་དང་། །ཅུང་ཟད་ མུ་སྟེགས་ ཁྲོ་བ་ལ་ཡང་བརྗོད། །ཌིཎྜི་ཀ་ནི་ན་གྲུ་ཀ །ཆོམ་རྐུན་དགའ་བ་ལྷུར་བྱེད་ལའོ། །ཌིམྦི་
ཀཱ་ནི་ཆུའི་གཟུགས་བརྙན། །ང་རྒྱལ་ཅན་དང་འདོད་ལྡན་ནོ། །ཏཎྜ་ཀ་ནི་ཤིང་ཕུང་དང་། །བརྗོད་པ་མང་པོ་བསྡུས་པ་དང་། །ཁྱེམ་གྱི་ཤིང་དང་དབུ་བ་དང་། །རྐང་འཐེང་དང་ནི་སྒྱུ་མ་ཅན། །ཏཀྵ་ཀ་ནི་ཐུ་ཀླུའི་བྱེ་བྲག །འཕེལ་བ་ཅན་དང་ཤིང་བྱེ་བྲག །ཏཱ་ར་ཀ་ནི་ལྷ་མིན་དང་། །རླུང་ཡོར་འཛིན་དང་
མཐོང་བས་སྒྲོལ། །སྐར་མ། ཀ་ནཱི། ནི་ཀཱའོ། །ཏཱ་ར་ཀཾ་ནི་སྒྲོལ་བ་པོ། །ཏི་ལ་ཀ་ནི་ཤིང་དང་ནད། །སྨེ་བ་རྟ་ཡི་བྱེ་བྲག་གོ། །ཏཱི་ལ་ཀཾ། སཽ་བརྩ་ལ། །ངལ་བ་དང་ནི་ཁ་ཆུ་ལའོ། །ཏི་ལ་ཀཱ་ནི་ཁྲ་བོ་ལ། །ཏུ་ན་ཀཱ་ནི་སྡེ་རིས་དང་། །ཞོ་ཅན་དང་ནི་འདབ་ གྲུའི། ཆགས་ལ། །
ཏུ་རུཥྐ་ནི། སྤོས་སི་ཧླ། །གར་ལོག །ཀླ་ཀློའི་བྱེ་བྲག་དཔལ་གྱི་གནས། །ཏཱུ་ལི་ཀཱ་ཞེས་བྱ་བ་ནི། །རྣམ་བཀོད་བཀྲ་བའི་རི་ ཁ་རུ་ཚ མོ་ཅན། །ཏཱུ་ལ་ཏལྤ་དག་ མལ་སྟན། ལའོ། །ཏྲི་ཤཾ་ཀུ་ཕྱེ་མ་ལེབ་ནི་ཤ་ལ་བྷ། །མི་བདག་དབྱེ་བ་གླང་གིས་སོ། །དཪྴ་ཀ་ནི་
เล่ม ๒๑๒ · หน้า 167b
མཆོད་པ་དང་། །ཕ་མེས་སླབས་དང་པྲ་པི་ཎ། །དཱ་ར་ཀ་ནི་འབྱེད་པ་དང་། །བུ་རྒྱུད། བག་མའི་ལས་ལའོ། །དཱི་པ་ཀ་ནི། ངག་གི་རྒྱན། །སྒྲོན་མེ་འབར་བར་བྱེད་པའོ། །དཱི་བྱ་ཀཾ་ནི་གཙུག་ཕུད་དང་། །ཨ་ཛ་མོ་ད་ཡ་བཱ་ནཱི། །དྲུ་ཥི་ཀཱ་མིག་དྲི་མ་དང་། །ཏཱུ་ལི་ཀཱའོ་དྲ་བ་ཀ །རྡོ་ཡི་བྱེ་བྲག་
རྣམ་པར་ཚིག །དབྱངས་ལྡན་ལའོ་ པི་ཝང་བགྲེང་། དྷ་ནི་ཀ །ལེགས་པ་དང་ནི་དཔལ་ཡོན་ཅན། །དྷ་ནི་ཀཱ་ནི་རྒྱུག་པ་ལའོ། །དྷྭ་བ་ཀ་ནི། རྡུལ་ཅན་དང་། །རྒྱལ་པོ་འགྲོ་བའི་ལས་རྣལ་འབྱོར། སྨན་ར་དགའ་བ། ལེགས་ལྡན་མ། དྷ་ནུ་ཀ་ནི་བ་བཞོན་མ། །གླང་མོ་ཕྲུ་གུ་བཙས་པ་ལ། །
དྷེ་ནུ་ཀཾ་ནི། བུད་མེད་ཀྱིས། །བྱེད་པ་དང་ནི་གཞོན་མའི་ཚོགས། །ནསྣ་ཀ་ནི་གཅེར་བུ་པ། །གོས་མེད་ འགྲོ་ མདུད་པ་མེད་པའོ། །ནིསྣ་ཀཱ་ནི་གཅེར་མོ་ཞོན། །ནནྡ་ཀ་ནི་འཕྲོག་བྱེད་དང་། །ཁབྫ་དགའ་བྱེད་རིགས་སྐྱོང་བ། །ན་ར་ཀ་ནི་དམྱལ་བ་དང་། །ལྷ་མ་ཡིན་
གྱི་ཁྱད་པར་ལ། །བརྟ་ཀ་ནི་གར་དང་རྩེ། །སྤྱོད་དང་ཕོ་ཊ་ག་ལ་ཀ། སྒེག་མོ་གླང་མོ་ནརྟ་ཏཱི། །ནཱ་ཡ་ཀ་ནི་འདྲེན་པ་གཙོ། །མཆོད་འོས་དང་ནི་དབུས་མ་ལ། །འདམ་སྐྱེས་མི་ཤེས་ནཱ་ལི་ཀ །མདའ་དང་ཟུག་རྔུ་ནཱ་ལཱི་ཀ །མཚོ་སྐྱེས། པད་སྡོང་། ནཱ་ལི་ཤཾ། །བི་པཱ་ཀ་ནི་
འཆོས་པ་དང་། །རྡུལ་དང་ལས་ཀྱི་འབྲས་བུ་ལ། །གྲུའི་འགྲམ་པ། །ནི་རྨོ་ཀ་ནི་ནམ་མཁའ་དང་། །གོ་ཆ་ཐར་པ་སྦྲུལ་ཤུན་བརྗེས། །བཱ་ར་ཀ །རྟ། བློན་པོ་ཆེ། །གླང་པོ་དང་ནི་དུང་ལའོ། །ནཱི་ཀ་དང་ནི་དཱི་ལི་ཀཱ། །རམས་དང་ཕྲ་མོའི་ནད་དང་ནི། །ཤེ་ཕ་ལི་ཀའི་དོན་ཅན་ནོ། །པ་ཏཱ་
ཀཱ་ནི་རྣམ་རྒྱལ་དང་། །སྐལ་བཟང་མཚན་མའི་ རྣམ་སྨིན། རྒྱལ་མཚན་ལ། །པདྨ་ཀཾ་ནི། པདྨའི་ཤིང་། །གླང་མོ་རིག་ཅན་འདམ་སྐྱེས་ལ། །པ་རཱི་ཀ་ནི་བརྟུལ་ཞུགས་དང་། །རལ་གྲི་སྐྱིལ་ཀྲུང་ཏལྦ་ཁྲི། །གླང་མོ་པཪྻ་ཏི་ཀཱ་ལའོ། །ཚོན་རྩི། །པཀྵ་ཀ་ནི་ངོས་ལོགས་ཕྱོགས། །ཕྱོགས་ཀྱི་སྒོ་དང་ལོགས་
བཅས་དང་། །ཀ་ཊ་ཀ་ཡི་ཁྱད་པར་དང་། །པཱ་ཊ་ཀ་ཞེས་བྱ་རྣམས་དང་། །མིག་སོགས་བལྟ་དང་རྩ་བའི་རྫས། །ཉེ་བར་བསགས་དང་ཀཱུ་ལ་དང་། མ་ཧཱ་ཀིཥྐུ་རོལ་མོ་དང་། །བསྟན་གྱི། །གྲོང་གི་དབྱེ་བ་ལ་ཡང་བལྟ། །བཱརྟ་ཀ་ནི་གཡང་ས་དང་། །ལྷུང་བ་སྐྱོང་ཆུའི་གླང་པོ་ལའོ། །པཱ་ལངྐ་
เล่ม ๒๑๒ · หน้า 168a
ཡལ་གའི་བྱེ་བྲག །ཤ་ཁྲུ་ཏཱི་ཏ་འདབ་ཆགས་ལའོ། །པཱ་བ་ཀ་མི་རྟག་ཏུ་སྤྱོད། །བྷལླ་ཏ་ག་བྱེ་དོང་ཀ །ཙི་ཏྲ་ཀ་དང་མེ་བསྲུབ་དང་། །དག་པར་བྱེད་པ་རྣམས་ལའོ། །པི་སྒྱུ་ཀ་ནི་ཀངྒ་ལ། །མཚལ་དང་སེ་ཧླ། ཏིལ་སྙིགས་མ། །སི་ནཱ་ཀ་ནི་འཕྲོག་བྱེད་དབྱུག །མདུང་དང་ལེགས་
པར་ཆར་འབབ་ལ། །སིཥྚཀ་ནི་ཙ་མ་ས། །ནས་ཀྱི་སོ་བ་མིག་གི་ནས། །པུ་ཏྲ་ཀ་ནི། ཤ་ར་བྷ། །བུ་ བསེ་ཤིང་གི་འབྲས་བུ། ཤིང་། ཁྲམ་པ་རིའི་ཁྱད་པར། །པུ་ཏྲི་ཀཱ་ནི་བུ་འཛིན་མ། །ཡཱ་བ་ཀ་དང་ཏཱུ་ཀའོ། །པུ་ལ་ཀ་ནི་འབུའི་བྱེ་བྲག །ནོར་བུའི་སྐྱོན་དང་རྡོའི་བྱེ་བྲག །གླང་པོའི་ཟན་ཆངས་
བ་སྤུ་ལངས། །ག་ལྭརྐ་དང་བབ་ལའོ། །པུ་ཁཱ་ཀ་ནི་སྦན་ཤེ་སྟོང་དང་། །བསྡུས་དང་ཟས་ཀྱི་སྙིགས་མའོ། །དུཏྤ་ཀེ་ནི་ལུས་ངན་པོའི། །གཞལ་མེད་ཁང་དང་རིན་ཆེན་ཟེགས། །མིག་ནད་ཤ་ཚ་ར་གན་དང་། །མིག་སྨན་ཁུ་བ་རྣམས་དང་ནི། །རྔ་ཟླུམ། ར་ས་ཀ་ཊཱི་དང་། །
ལྕགས་དང་འཁར་བ་རྣམས་ལའོ། །ཐྲ་ཐུ་ཀ་ནི། བྱིས། སྣ་ཉག །པཱུ་དཱ་ཀུ་ནི་སྲོག་ཆགས་པྲ། །བྲྀ་དཱ་ཀུ་ནི། སྡིག་སྤུ་དང་། །སྟག་དང་ཁྲ་བོ་དག་ལ་ཡང་། །བེ་ཙ་ཀ་ནི། འུག་པ་དང་། །གླང་པོའི་མཇུག་མའི་རྩ་དང་རྩེ། །པེ་ཊ་ཀ་ནི་པོ་ཏི་ཡི། །སྒམ་དང་ཚོགས་
པ་ཅན་ལའོ། །པྲ་ཏཱི་ཀ་ནི་མི་མཐུན་དང་། །ཕྱོགས་རེ་བ་དག་གོ་ཟློག་དང་། །ཆ་ཤས་ལའོ་པྲ་བེེ་ཀ །འཁྲུས་དང་ཤི་པ་དག་ལའོ། །པཱ་ཎ་ཀ་ནི་སེམས་ཅན་རིགས། །པོ་ལ་ཀ་དང་འཚོ་བྱེད་ཤིང་། །པྲི་ཡ་ཀ་ནི་ཀ་དཛ། །ཨ་ལི་ཙི་ཏྲ་ལུས་ངན་དང་། །དྲྀ་ཡྂ་ཀུ་དང་
ལྗང་སེར་དང་། །གུར་རྐུ་དང་ནི་དགའ་བྱེད་ལའོ། །ཕ་ལ་ཀ་ནི་བཀོད་པ་བཀྲ། །དར་དཔྱངས་ལུས་ཀྱི་རབ་དབྱེ་དག །པ་རཱ་ཀ་ནི་བརྗོད་བྱ་ལྡན། །སྤྱང་དང་རྗེས་རྩེ་སངྐ་ར། །བ་སུ་ཀ་ནི། ཞི་བའི་གྱད། །ཨརྐའི་འདབ་དང་སྤུ་ཅན་དང་། །ཉི་མ་དང་ནི་
སྦལ་པ་ཅན། །དཱ་ཏྲུ་ཧ་དང་ཁྲོན་པ་ལ། །བཱ་ར་ཀ་ནི་རྟའི་བྱེ་བྲག །རྟ་ཡི་འགྲོས་དང་དགག་པ་ལ། །བཱརྔྷ་ཀཾ་ནི་རྒན་པོའི་ཚོགས། །རྒན་པོ་ཉིད་དང་རྒན་པོའི་ལས། །བཱ་ལ་ཀ་ནི་མི་ཤེས་བྱིས། །སྐྲ་དང་། རྟ་དང་། གླང་པོ་དང་། །སྒྲ་ཅན་རྣམས་ལ་བལྟ་བར་
เล่ม ๒๑๒ · หน้า 168b
བྱ། །བཱ་ལ་ཀ་ནི། ངོ་ཚ་དང་། །བཱ་རི་ཧཪྻ་སོར་གདུབ་ལ། །བཱ་ལི་ཀཱ་ནི་བྱེ་མ་བྱིས། །བོ་ལ་ཀཱ་ནི་རྒྱན་ལའོ། །བཱ་ལུ་ཀཱ་ནི་བྱེ་མ་ལ། །བཱ་ལུ་ཀ་ནི་ཨེ་ལའི་བྱེ། །བྲྀཥྩི་ཀ་ནི་སྡིག་སྲིན་དང་། །ཤིང་དང་ཁྱེམ་དང་དེ་བཞིན་སྨན། བྷསྨ་ཀ་ནི་ཐལ་ནད་དང་། །བྱི་དང་ག་དང་ཆ་ཡི་གཏེར། །
ཏཱ་ལཱཾ་ཀ་ནི་དམར་པོ་དང་། །སྔོ་ཡི་བྱེ་བྲག་རུས་སྦལ་དང་། །འཕྲོག་བྱེད་མཚན་ཉིད་ཆེན་པོ་རྫོགས། །སྐྱེས་བུ་ལག་པའི་འདབ་མའོ། །བྷཱུ་ཏི་ཤཾ་ནི། བྷཱུ་ནིནྦ། །འབར་བྱེད་ག་པུར་གཅོད་བྱེད་དང་། །ས་ཅན། བཀོད་པ་ས་ཡི་ནི། །ཁྱད་པར་ཡོངས་སུ་བཟུང་བའོ། །ཇུ་མ་ཀ་ནི་ཅེ་སྤྱང་དང་། །
ཁྲམ་པ་ཉི་འཁྱིམས་རྡོའི་བྱེ་བྲག །མཎྜཱུ་ཀ་ནི་སྦལ་སྤྲུལ་དང་། །འཆིང་བའི་རབ་དབྱེ་དམར་པོ་ལ། །ལོ་མ་ལ་ཡང་མཎྜཱུ་ཀ །མཎྜཱུ་ཏཱི་ནི་སྦྲང་རྩི་ཅན། །ཤིང་མངར་ཞེས་ཀྱང་བོད་པ་དང་། །ཕྱག་དང་ཕྱོགས་ཀྱི་ཁྱད་པར་དང་། །ཤིང་མངར་ལོ་མ་ལ་ཡང་ངོ་། །མིལླ་ཀ་དང་མལླི་ཀཱ། །ངང་
པའི་རྒྱལ་པོའི་ཁྱད་པར་ལ། །མིལླ་ཀཱ་ནི་རྩ་སྟོད་དང་། །ཉ་དང་ས་ཡི་སྨོད་དག་ལ། །མ་པ་ཀ་ནི་སྲོག་ཆགས་ཕྲ། །རབ་དབྱེ་འགྲོ་བའི་ཁྱད་པར་ལ། །མཱ་ཏྲོ་ཀཱ་ནི་མ་མོ་དང་། །ཚངས་མ་སོགས་དང་ལྷ་ལ་ཡང་། །འཛིན་མ་དང་ནི་བྱེད་པ་ལའང་། །མཱ་མ་ཀ་ནི་ཞང་པོར་
བརྗོད། །མཱ་ས་ཀཻ་ནི་མཉམ་ཉིད་ལྡན། །ཕྲེང་བ་དང་ནི་མགུལ་རྒྱན་དང་། །དོ་ཤལ་མེ་ཏོག་ཕྲེང་བ་དང་། །མཁའ་ལྡིང་ཆུ་ཀླུང་ཁྱད་པར་ལ། །མེ་ཙ་ཀ་ནི་སྔོ་བསངས་དང་། །རྨ་བྱའི་མདོངས་དང་མུན་པ་ལ། །མེ་ཙ་ཤཾ་ནི། བརྗོད་བྱ་བཞིན། །ཁ་དོག་ནག་པོ་ལ་འགྱུར་རོ། །མོ་ཙ་ཀ་
ནི་ཆུ་ཤིང་འབྲས། །དེ་ལས་སྐྱེས་དང་སེ་གྲུ་ལ། །ནིརྨོ་ཙ་ཀ་ཆགས་བྲལ་ཅན། །མོ་ད་ག་ནི་བཅའ་བ་ཡི། །བྱེ་བྲག་དགའ་བྱེད་གཞན་བཞིན་ནོ། །ཡ་མ་ཤཾ་ནི། ཡང་དག་སྡོམ། །སྒྲ་ཡི་རྒྱན་དང་མཚེ་མ་སྐྱེས། །ཛཱ་ག་ཀ་ནི་འགྲོ་བའི་ཚུལ། །རྒྱལ་པོའི་གླང་པོ་མཆོད་པ་ཅན། །ཡཱཛྷཻ་
ཀ་ནི་མཆོད་སྦྱིན་དང་། །ཀུ་ཤ་མཆོད་སྦྱིན་ཉེར་སྤྱོར་ལ། །སུ་ཏ་ཤཾ་ནི་བྱེས་པ་དང་། །སུམྨ། རྐང་རྩེ། ཇེ་ཚོམ་དང་། །གོས་དབྱེ། བུ་མོའི་གོས་གཡོ་དང་། །ལྡན་པ་ལ་ནི་བརྗོད་བྱ་ལྡན། །མུ་ཐི་ཀ་ནི་འདོད་པ་དང་། །ཁྱུ་དང་། ནད་མེད་མེ་ཏོག་འགའ། །རཀྟ་ཀ་ནི་ནད་གྲེད་དང་། །
เล่ม ๒๑๒ · หน้า 169a
གཉེན་བྱེད། གོས་དམར་རྫས་ཆགས་ལ། །ར་ཛ་ཀ་ནི། རྒྱུག་པ་དང་། །ནེ་ཙོ་ཕོ་དང་བཙོ་ལག་མཁན། །ར་སྦོ་ཀཱ་ནི་བཅུད་ལྡན་དང་། །གསེར་དང་སྐེ་རགས་དག་ལའོ། །རཱ་ཛི་ཀཱ་ནི་སྤྲིངས་ཡིག་དང་། །ཉ་པ། སྐེ་ཚེ། ཡུངས་ཀར་ལའོ། །རཱ་ཏྲི་ཀ་ནི་རྗེ་རིགས་ཀྱི། །ཁྱེམ་དང་
ལོ་ནི་འགྲོ་བའོ། །རཱ་ཏྲོ་ཀཻ་རྒོ་མ།ཚན་མོ་ལའོ། །རུ་ཙ་རྐ་ནི་མགུལ་རྒྱན་དང་། །བྱི་དོང་ག་དང་བཀྲ་ཤིས་རྫས། །བཤང་བ། ཕྲེང་བ་དེའི་རྐེད་དང་། །རུས་རྒྱན་གི་ཝང་ལྷ་ཤིང་དང་། །སྐྱུར་རྩི་བཱི་ཛཱ་ཕཱུར་དང་། །གསེར་ལ་སོགས་པའི་དོང་ཙེ་ལའོ། །རུཎྜི་ཀཱ་ནི་འཐབ་པ་དང་། །སྒོ་དང་བསྡུས་པ་
ཕོ་ཉ་མོ། །རེ་ཎ་ཀཱ་ནི་གླང་མོ་དང་། །ཡ་མང་ཨགྣའི་དགའ་མ་ལ། །ལམྦུ་ཀ་ནི། ཡུལ། རྒྱན་གོས། །ལཱ་ས་ཀ་ནི་རོལ་པ་དང་། །སྒེག་པའི་བྱེད་པོ་མ་རྫོགས་པ། །ཕྲུ་ན་ཀ་ནི། ཕྱུགས་ཐ་དང་། །ལོ་ཙ་ཀ་ནི་མིག་འབྲས་དང་། །ཤ་ཡི་གོང་བུ་བསྡུས་པ་དང་། །བཙུན་མོ་དང་ནི་བྱིས་པའི་རྒྱན། །
དུད་པ་སྔོན་པོ་འདྲེས་པ་དང་། །མཽརྦཱི། སྨིན་མ། པགས་པ་ལྷོད། །ཆུ་ཤིང་དང་ནི་རྣ་བ་གང་། །ངེས་པའི་བློ་གྲོས་རྣམས་ལའོ། །ངཉྩ་ཀ་ནི་གྲོལ་བ་དང་། །ཁྲམ་པ་དང་ནི་ཁྱེམ་པ་དང་། །རྟ་སྲེབ་དང་ཅེ་སྤྱང་ལ། །བནྡྷ་ཀ་ནི་བརྗེ་བ་ལ། །བནྡྷ་ཀི་ནི་གཡོ་བཅས་མ། །བནྟུ་ཀཻ་ནི་རྩ་
ལག་འཚོ། །བནྟུ་ཀ་ནི་གདོང་སེར་ལ། །བརྟ་ཀ་ནི་ཟླུམ་པོ་དང་། །བྱ་ཡི་བྱེ་བྲག་རྟའི་རྨིག་པ། །བརྞ་ཀ་དང་བརྞ་ཤཾ། །ཕྱག་དང་སྤྱོད་དང་སྙན་ངག་མཁན།།བྱུག་པ་དང་ནི་རི་མོ་མཁན། །ཡི་ག་དང་ནི་ཙན་དན་ལ།འོ། །ང་རྗ་ཀཱ་དཱི་སྲ་བ་དང་། །བེའུ་དང་ནི་སྨྱུ་གུ་ལའོ། །བལླཱི་ཀ་
ནི་གྲོག་མཁར་དང་། །ཐུབ་པ་ནད་ཀྱི་བྱེ་བྲག་ལ། །བཱི་ཪྵ་ཀཾ་ནི་སྐྱོབ་པ་ལ། །བཪྵཱ་དུས་ལ་གཞན་བཞིན་འགྱུར། །བཱ་སྒོ་ཀ་ནི་མེ་ལྡན་དང་། །ཡུལ་གྱི་ཁྱད་པར་དང་ནི་རྟ། །བཱ་དྔྷ་ནི་མེ་ལྡ་ན་དང་།།དཔའ་བོ་དང་ནི་ཚལ་དག་ལ།། །བེེ་ཏརྐ་ནི་ཐེ་ཚོམ་དང་། །རྟོག་དང་དཔྱོད་ལ་འགའ་
ཞིག་འདོད། །བི་སཱ་ཀ་ནི་ཡོངས་འགྱུར་དང་། །རྡུལ་དང་རོ་མྱང་ངན་འགྲོ་ལའོ། །བེེ་བེ་ཀ་ནི་རྣམ་དཔྱོད་དང་། །ཆུ་ཡི་སྣོ་ད་དང་དབེན་ང་། །ཐྲ་ཥཱངྐ་ནི་བདེ་བྱེད་དང་། །ལྕགས་དང་བྷལྦཱ་ཏ་ཀ་དང་། །གཞི་ཆེན་ལའོ། །བི་ཛ་ཀཻ། །ཤཾ་གྲུའི་བྱུ་མ་དང་རྒྱུ་དང་ནི། །འཕྲལ་དུ་ཕྱུང་བའི་མྱུ་
เล่ม ๒๑๒ · หน้า 169b
གུལ། །བྱ་ལཱི་ཤཾ་ནི་མི་ཛིའི་ལས། །མཚན་གཞི་བྲལ་དང་གཟིར་བ་དང་། །གྲོང་ཁྱེར་ང་།འོ་ཤཾ་ཁ་ཀ །མགོ་བོའི་ནད་ལའོ། །ཤཾ་ཁ་ཀཾ །གདུ་བུ་དུང་ལའོ། །ཤཾ་པཱུ་ཀཱ། །ལྷ་མ་ཡིན་གྱི་ཁྱད་པར་དང་། །དབྱངས་ལྡན་གླང་པོའི་བུམ་མཐའ་ལ།། །ཤཾ་བུ་ཀ་ནི་ཆུའི་ཉ་ཕྱིས། །ཤ་ཁཱ་ཀཱ་ནི་
མདའ་ཉིད་དང་། །ཟུག་རྔུ་དང་ནི་གདུགས་ཀྱི་གུར། །ཏརྐུ་ཤིང་བལ་རི་སྐེགས་མྱོས། །ཐོབ་པ་མིན་པ་དག་ལ་ཡང་། །ཤཱལླ་ཀཱི་ནཱི་ཁྱི་དང་བྱ། །ཤཱ་ཡ་ཀ་ནི་རལ་གྲེ་མདའ། །ཤཱ་ཀརྐ་ནི།ཤཱ་རྐ་རའི། །གོང་བུ་འོ་མའི་དབུ་བ་ལ། །ཤི་ཤུ་ཀ་ནི་བྱེས་པ་དང་། །བྱིས་པ་གསོད་དང་བྱིས་
པའི་ཚིག །ཤི་ཏ་ཀ་བེེ་ལེགས་གནས་དང་། །གྲང་བའི་དུས་དང་མ་འོངས་མཐོང་། །ཤི་ཀ་ཀ་ནི། དབྱར་ཀ་ཡི། །འབྲུ་དང་། དངུལ་ཆུ་དག་ལའོ། །སསྠཱ་ཀི་ནི་ཕྲེང་བར་བྱས། །རྒྱལ་ཆོ་ཀར། ཏརྐུ་དྷྲིཥྚ་དག་ལའོ། །སཾ་བརྐ་ནི་སྦྱངས་སྟོབས་དང་། །འདུ་འཛི་དང་ནི་རེག་པ་ལ། །
བར་ཀ་ནི་མ་ཚང་དང་། །ལམ་དང་། གྲལ་དང་མཚོ་དང་ནི། །སཱི་དྷུའི་བཏུང་། སྣོད་སཱི་དྷུ་ལའོ། །ས་སྱེ་ཀ་ནི་པ་ཏ་སོགས། །སྙིང་པོ་རལ་གྲི་ནོར་བུ་ལའོ། །སཱུ་ཙ་ཀ་ནི་ངན་པ་དང་། །བྱ་རོག་ཁབ་དང་ཁྱེ་དང་རྟོགས། །སྲུ་ཏ་ཀཻ་ནི་སྐྱེ་བ་ལ། །སྲུ་ཏ་ཀཻ་ནི། དངུལ་ཆུ་ལ། །སྲེ་དཱ་ཀུ་ནི་
ནགས་ཚལ་དང་། །ཉི་མའི་གཟུགས་བརྙན་རྡོ་རྗེ་རླུང་། །འཁྲུད་བྱེད། ཆུ་སྦྱིན། པེ་ཙ་ཀ །སེ་པ་ཀ་ནི། བལྨ་ཀཱི། །རབ་མཐའ་ཤིང་འཁྱོག་རྗེས་སུ་འཚོ། །སྠཱ་ཀ་ནི་སྤྱོད་པ་དང་། །ཕ་ར་སོགས་དང་ཆུ་བུར་ལ་འོ། །སུ་བྱཱ་ཀཱ་ནི། རམས་ལ་འགྱུར། །གྲོག་མཁར། ཤིང་དག་
སུ་མྦི་ཀཱ། །སྭ་སྟེ་ཀ་ནི་བཀྲ་ཤིས་རྫས། །དགའ་དང་ཁྱེམ་གྱི་བྱེ་བྲག་དང་། །ཕྱེ་མའི་རབ་ཏུ་དབྱེ་བ་དང་། །དགའ་བའི་སེའ་སྙན་དག་ལའོ། །ཧཱ་ར་ཀ་ནི་གཡོ་ཅན་དང་། །ཆོམ་རྐུན་ཚིགས་བཅད་རྣམ་ཤེས་དབྱེ། །དུ་ཊུ་ཀ་ནི། སིལ་སྙན་དབྱེ། །མྱོས་པའི་ཅ་ཅོ་དཱ་ཏྱུ་ཧའོ། །ཧེ་རུ་
ཀ་ནི་སངས་རྒྱས་དབྱེ། །དེ་བཞིན་ནག་པོ་ཆེན་པོའི་ཚོགས། །ཀྵཱ་ར་ཀ་ནི། དྲ་བ་ཅན། །བྱ་དང་ཉ་སོགས་རྒྱ་དད་དོལ། །ཀྵུ་ར་ཀ་ནི་ཁུ་བྱུག་མིག། །བ་ལང་རྨིག་པ་སྦུམ་ཅན་ཤིང་། །ཨངྒར་ཀ་སོལ་བ་དང་། གཟའ་མིག་དམར། ས་སྐྱེས་ཀཎྜ་ཀ་ལའོ། །ཨི་གཱ་རི་ཀ། །བུར་ཤིང་
เล่ม ๒๑๒ · หน้า 170a
མདའ། །ཀིཾ་ཤུ་ཀའི་ཀོར་ཀའོ། །ཨཱ་མ་ལ་ཀ།། སྦལ་པ་དང་། །སྦྲང་ཅན། ཆུ་སྐྱེས། གེ་སར་ལའོ། །ཨ་ལི་བ་ཀ །གྲལ་དང་ནི། པི་ཀ་དགའ་བའི་ཁྱད་པར་མ། ཨསྨ་ནྟ་ཀཾ། ཨུརྔྷཱན། །མཱ་ལུ་ཀ་དང་འགེམས་པ་ལ། །ཨཱ་པལྤ་ཀ། །མུན་པ་དང་། །རྨོངས་
དང་མདུད་པ། འཕྱང་དང་དགའ། །འཇུག་པའོ། །ཨཱ་ཁ་ནི་ཀ་ནི། །བྱི་བ། ཆོམ་རྐུན། ཕག་དག་ལ། །ཨཱ་ཀྵེ་པ་ཀ།།རླུང་ནད་དང་། །ནད་དང་རྨོད་པ་ལ་འགྱུར་རོ། །ཨུངྐ་ལི་ཀ། །རྩེད་མི་དང་། །མགྲིན་པ་བཏེག་དང་རྒྱུན་མང་ཆུ། །ཨེ་ཌ་མཱུ་ཀ་གཡོ་དང་ནི། །དག་དད་ཐོས་པ་
སྤངས་པ་ལ། ཀ་ཐིལླ་ཀ། །ནབ་སོ་དང་། །ཀཱ་ར་བེལླ་རལ་གྲི་འདབ། །ཀ་ནི་ཀ་ནི་མཐེ་ཆུང་གི །སོར་མོ་དང་ནི། མིག་འབྲས་ལ། །ཀ་པརྟ་ཀ། རལ་པ་བཅིངས། །ཛོ་ཊི་རྒ་དང་། ལྟེ་བ་ལ། །ཀརྐོ་ཏ་ཀེ། དབལ་འབྲས་དད། །གླུ་ཡི་རབ་ཏུ་དབྱེ་བ་ལ། །ཀ་ལ་བིངྐ་གྲོང་གི་བྱིའུ། །
ཀུ་ལིངྒ་ཀ་དག་ལའོ། །ཀཱ་ཀ་རཱུ་ཀ། །འུག་པ་རྟ། །རྒྱལ་བྱེད་མཁས་པ། མཁའ་གོས་ཅན། །འཇིགས་དང་དབུལ་བ་རྣམས་ལའོ། །ཀཱ་ཡ་ཊི་ཀ་གཞན་གནད་ཤེས། །གདུགས་དང་། དུས་དང་། ཡུལ་ལའོ། །ཀུར་པ་ཀ་འདོད་པ་དང་། སིཎྜི་ཀཱ་དང་། ནང་བྱེ་བྱག །ཀྲྀ་ཀ་
བཱ་ཀུ་ཁྱིམ་བྱ་དང་། །སྒེག་བྱེད་དང་ནི་རྨ་བྱའོ། །ཀོཥཱ་ཏ་ཀ་སྒྲ་དང་ནི། །སྣང་ལྡན། སྤྲིན་དམར་སྒྲ་སྒྲོགས་སོ། །ཀཽ་ཀྐུཊི་ངན་གཡོ་ཅན། །རིང་དུ་བསྐུལ་དང་དལ་མེད་པའོ། །འདོད་ཆེན་ཧཱི་ལཱི་ན་དག་ལའོ། །ཁཱ་རཱ་ལི་ཀ་གྲོང་གི་གཙོ། །གཉེར་དང་
ལྕགས་མདའ་ཉེར་འཇོག་ལ། །གུ་ཎ་ནི་ཀཱ་གོམས་པ་དང་། །ཡན་ལག་སྟོང་བ་ཀློག་བྱང་དང་། །གང་ལའོ་ཤཱ་ཀཎྜ་ཀ་ནི། །བ་ལང་ཡན་ལག་དྲི་མ་དང་། །ལེགས་བྱུང་སྐམ་གནས་པུར་མ་ལའང་། །ག་ཀུ་ལི་ཀ་ཀེ་ཀ་ར། །འདམ་གནས་བ་ལང་
ཕྱོགས་ཅན་ལ། །གཽ་མེད་ཀ་ནོར་བུ་སེར། །ཀཱ་ཀོ་ལ་དང་འདབ་ཆགས་ལའང་། །གྷ་རྒྷ་རི་ཀཱ། དྲིལ་ཆུང་དང་། །རོལ་མོའི་བྱེ་བྲག་དག་ལ་དྲན། །དེ་བཞིན་འབྲས་ཀྱི་སོ་བ་འཛིན། །ཆུ་ཀླུང་གི་ནི་བྱེ་བྲག་དང་། །རོལ་མོའི་དབྱུག་གུ་དག་ལའོ། །ཙཎྜཱ་ལི་ཀཱ་སྨན་བྱེ་བྲག །གོ་རཱི་ཀ་ནི་
เล่ม ๒๑๒ · หน้า 170b
མིའམ་ཅི། །ཛཊ་རུ་ཀ། །ཀླུ་ཤིང་དང་། །ཆུའི་ཨ་ནཱུ་ཀ་རལ་པ་ཅན། །དེ་བཞིན་ཡལ་ག་འཕྲོག་བྱེད་དང་། །ཏུ་ལཱངྷཊ་རྣམས་ལའོ། །ཛརྫྫ་རི་ཀ་རཱི་མོ་མང་། །ཧྲུལ་བོར་གྱུར་པ་དག་ལའོ། །ཛཱི་བནྟི་ཀཱ། འཚོ་བར་བཤད། །ཡལ་ག། །ཕྱག་འཚལ་གུ་ཌཱུ་ཙི། །ཛི་བ་ཏྲི་ཀ་རི་བོང་ཅན། །
ཚེ་ལྡན་ལྷ་རྫས་སྨན་ཞིང་ལས། །ཏརྟུ་རཱི་ཀ་མཆོག་ཏུ་གྱུར། །ཏརྟུ་རཱི་ཀཾ་སྣོད་ལའོ། །ཏུཀྟ་ཤཱ་ཀ། །ཆུ་ལྷ་དང་། སེང་ལྡིང་ལམ་དང་། མཛེས་པ་ལ། །ཏྲི་པརྞ་ཀཾ་ནི། ཚ་བ་གསུམ། །འབྲས་བུ་གསུམ་དང་གཟེམ་ལ། །ངནྟ་ཤྲི་ཀ་ལག་འགྲོ་དང་། །གནོད་སྦྱིན་ལ་འགྱུར་དེ་
ནས་ནི། །ཨཱ་ཊ་ཀ། །རང་སྐྱེས་དང་། །ནཱ་ག་གེ་སར་ཏིལ་དབུ་བ། །ཀུནྡ་ཤི་རཱི་ཥ་དྲིས་ལན། །རླུང་དང་འོབས་དང་སྒྲོལ་བ་ཆེ། །བཙག་དང་གླང་མོའི་རྣ་བ་དང་། །མེ་དད་གཟེགས་མའི་ཚོགས་དང་ནི། །བྲེ་དང་བྱ་བའི་ཕུང་པོ་ལ། །དཱ་སེ་ར་ཀ་འབངས་མོའི་བུ། །གླང་
པོའི་ཕྲུ་གུ་ཉ་པའོ།།ནི་ཡཱ་མ་ཀ་གྲུ་འདྲེན་དང་། །བླ་མ་གློ་གྲོས་རླུང་གཡོར་འཛིན། འཁྲུལ་འཁོར་བྱེད་པ་རྣམས་ལའོ། །ནིརྒྲནྠ་ཀ་བྲད་བྱད་པ། །ཆ་མེད། གོས་མེད་སྤྱོད་མེད་དང་། །རླུང་དང་རང་དབང་བཤང་བའི་ཟད། །པཉྫུ་ལཾ་ཀཱ། གོས། བུ་མོ། གླུ་ཡི་བྱེ་
བྲག་དག་ལའོ། །པཎྜཱི་ཏ་ཀ་སྤོས་དང་དྲེགས། །དབུ་བ་རྡོས་དང་ནུ་མའི་དངོས། །བིསྦ་ལི་ཀ་མ་ནིང་དང་། །སཱི་བ་ན་དང་སྲིན་བལ་ཅན། །པུཎྜ་རཱི་ཀ །མེ། ཕྱོགས། གླང་། །སྟག་དང་བུད་ཤིང་བྱེ་བྲག་ལ། །པུཎྜ་རི་ཀཾ་གདུགས་དཀར་དང་། །ཆུ་སྐྱེས་དཀར་དང་སྨན་
ལའོ། །པུཥྐ་ལ་ཀ་རི་དགས་དྲི། །ཕུར་བུ་དང་ནི་ཟད་བྱེད་ལ། །པཱུརྞཔ་ཀ་སྣོད་གད་པ། །པ་ཊ་ཧ་ཡི་སྣོད་དག་ལ། །པོ་ཏཱི་ན་ཀཾ་པོ་ཏ་ཀཱི། །རྣམ་གཡོ། པོ་ཏཱངྷ་ན་ལའོ། །པྲ་ཀཱིརྞ་ཀཾ་མདུད་པའི་དབྱེ། །བཀྲ་ཤིས་རྔ་ཡབ་རྟ་ལའོ། །པྲ་ཙ་ལཱི་ཀ་མདའ་འཕེན་དང་། །རྨ་བྱ་གནོད་སྦྱིན་ལག་
འགྲོ་ལ། །ཕརྐ་རཱི་ཀ་ཙ་པེ་ཊ། །ཕརྐ་རི་ཀཾ་འདམ་པོ་ལ། །བ་གེ་རུ་ཀ་འཁྱོགས་པོའི་དབྱེ། །རླུང་མེད་པ་དང་ལྕུགས་མ་ལ། །ཀ་པརྡ་ཀ་མིག་འབྲས་དག །བྲད་པོ་ས་བོན་མཛོད་ལྟེ་བ། །བ་རཎྜ་ཀ་གླང་པོ་ཡི། །ཚོར་རེག་ལང་ཚོའི་ཚེར་མ་དང་། །དེ་བཞིན་ཀུན་ནས་ཟླུམ་པོ་ལ། །བརྟ་རཱུ་ཀ་ཆུ་ཀླུང་དབྱེ། །
เล่ม ๒๑๒ · หน้า 171a
ཛ་ལེ་བ་ཌ་བྱ་རོག་ཚང་། །སྒོ་ངའི་གནས་ལ་ཡང་འདོད་དོ། །བརྦཱ་རཱི་ཀ་ནག་པོ་ཆེ། །སྐྲ་ཡི་བཀོད་པ་ཡལ་ག་ལ། །བ་ལཱ་ཧཱ་ཀ་ཆུ་འདྲེན་དང་། །ཀླུ་དང་ལྷ་མིན་ཁྱད་པར་རིག །པཱ་ཎི་ཛ་ག་ཚོང་པའི་རྟགས། །རི་དགས་མཚན་མ་འདོད་ལྡན་མ། །ཌཽ་རྦ་ངང་ནི། རྗེས་ཆགས་ཚིག །བྲིནྡཱ་ར་ཀ་ལྷ་དང་
གཙོ། །ཡིད་དུ་འོང་དང་ཚོགས་པར་དྲན། །བྲི་ཧ་ཧི་ཀཱ་སྟག་ལྡན་དང་། །གོས་ཀྱི་ཁྱད་པར་དག་ལའོ། །བྷཊྚཱ་ར་ཀ་ལྷ་དང་ནི། །ས་སྐྱོང་དཀའ་ཐུབ་ནོར་ཅན་ལ། །བྷ་ཡཱ་ན་ཀ་སྟག་དང་ནི། །སེང་གེ་དང་ནི་འཇིགས་རུང་ལ། །བྷཱཪྻཱ་ཊི་ཀ་ཆུང་མ་དང་། །ངེས་རྒྱལ་འཕྲོག་བྱེད་ཁྱད་པར་ལ། །བྷྲ་མ་ར་ཀ་སྤྲིན་
སྦྲང་ཆང་། །ཨཛྫཱ་ན་དང་ཕྱེ་མ་དང་། །མདུང་འཛིན་ཞེས་པ་རྣམས་ལའོ། །མཎྜོ་ད་ཀཾ་སེམས་ཆགས་དང་། །ཀུན་ཏུ་བྱུག་པ་དག་ལའོ། །མཎྜ་ལ་ཀཾ་གཟུགས་དང་ནི། །མཛེ་ཡི་བྱེ་བྲག་དྲེགས་པ་ལ། །བཻ་དེ་ཧ་ཀ་ཚོང་པ་དང་། །སྲད་བུ་རྗེ་རིགས་བུ་ལའོ། །བཻ་ནཱ་ཤི་ཀ་སྐད་ཅིག་པ། །གཞན་
དབང་དང་ནི་ལྟེ་བའི་བལ། །ཤ་ཏཱ་ནི་ཀ་ཐུབ་པའི་དབྱེ། །རྒན་པོ་སྡོང་པོ་སྤྱང་ཀི་ཁྱི། །ཅེ་སྤྱང་དང་ནི་སྦྲེའུ་ལ། །ཤི་ལཱ་ཊ་ཀ་སྣུམ་དང་དྲག །ཤྲིངྒ་ཊ་ཀ་སྒོའི་ལྕོག་དང་། །ལམ་གྱི་བཞི་མདོ་དག་ལའོ། །སཾ་གྷཱ་ཊི་ཀཱ་སྣམ་སྦྱར་དང་། །སྣ་དང་ཆུ་སྣོད་ཀུཊྚ་ནཱི། །སནྟ་ནི་ཀ་འོ་ཞོའི་མཚོ། །སྤྲེའུའི་
དྲ་བ་དག་ལའོ། །སཾ་དཾ་ཤི་ཀ་རྐཾ་པ་དང་། །ལྕགས་ཀྱི་འཁྲུལ་འཁོར་རབ་དབྱེ་ལ། །ཨ་པྲ་ཏཱི་ཀ་དབང་ལྡན་དང་། །ཕྱོགས་ཀྱི་གླང་པོ་ལྷ་ཡི་གཟུགས། །ཤྲི་ག་ལི་ཀ་ཅེ་སྤྱང་མོ། །སྐྲག་པ་དང་ནི་འབྲོས་པ་ལ། །ཤཻ་ཀ་ཏི་ཀཾ་མ་ཡི་སྣོད། །བཀྲ་ཤིས་སྲད་བུ་དག་ལ་ནི། །དེ་བཀོད་དང་ནི་ཐེ་ཚོམ་
ལའོ། །མ་ཡཱུ་ར་ཀ་སྤངས་མ་དང་། །ཨ་པཱ་མཱརྒའི་ཤིང་ལའོ། །མ་རུ་བ་ཀ་མྱོས་བྱེད་དང་། །མེ་ཏོག་དབྱེ་བ་དབུ་བ་སྔོས། །བཱ་ཎ་བ་ཀ་དོ་ཤལ་དབྱེ། །བྱིས་པ་སྐྱེས་ངན་མཁས་པ་ལ། །མྲྀཥྚའི་རུ་ཀ་སྨྲ་བྱེད་མ། །མྲྀཥྚཱ་ཤིན་དང་འགྲོན་པོའི་དགྲ། །ར་ཏ་རྡྷི་ཀཾ་བདེ་བའི་འཁྲུས། །བཀྲ་ཤིས་བརྒྱད་
པ་དང་ཉིན་མོ། །རཱ་ཚོན་རྩི་དང་། དྷ་རངྐ་རྒན་ལ་ཉན། །ཤིས་བྱེད་སྤྲིན་གྱི་རྡོ་པའོ། །ལ་ཏཱ་ལི་ཀ་ཨ་མྲའི་ལྕུག །རྡོ་རྗེའི་ཁུ་ཚུར་ལ་ཡང་དྲན། །ལཱ་ལཱ་ཊི་ཀ་བྱ་ལ་བཟོད། །འཁྱུད་པའི་ཁྱད་པར་དག་དང་ནི། །གཙོ་བོའི་དཔྲལ་བ་བལྟ་བ་དང་། །མཐོང་བ་མེད་པ་ཡང་བརྗོད་དོ། །ལེ་ཀྵའི་ར་ཀ་ཕྲིན་ཡིག་
เล่ม ๒๑๒ · หน้า 171b
ཁྱེར། །ཀེ་ཡཤྩ་ཡི་ཕྲིན་ཡིག་ལ། །ལེ་ཁཱི་ལ་ཀ་གཞན་ལག་ནས། །རང་གི་ལག་གི་ཕྲིན་ཡིག་ལ། །བི་ཏུ་ནྣ་ཀཾ་དཔལ་ཡོན་ཅན། །ཛྷ་ཊ་མ་ལ་ལ་ཡང་ངོ་། །བི་དཱུ་ཥ་ཀ་མཁས་པ་དང་། །གཞན་སྨོས་པ་དང་ཆོ་ག་བྱེད། །བི་ནཱ་ཡ་ཀ་རྒྱལ་བ་མགོན། །བྱ་ཁྱུང་ཁྱབ་འཇུག་བགེགས་བླ་མ། །བི་མཱ་ན་ཀི་
ང་རྒྱལ་གྱིས། །སྟོང་པ་དང་ནི་མངོན་པར་སེམས། །ལྷ་ཡི་ཐེག་དང་ས་བདུན་ཁྱིམ། །བི་ཤེ་ཥ་ཀ་ཐིག་ལེ་དང་། །ཁྱད་པར་དུ་ནི་བྱེད་པ་ལ། །བཻ་ཏ་ལི་ཀ་རྟོགས་བྱེད་པའི། །རི་མོ་དང་ནི་གྲགས་པ་དང་། །ཌི་ཏཱ་ལ་དང་བུ་དང་ནི། །ཕྱེ་མ་གཉིས་པ་ཕྲེང་གཉིས་པ། །རྣམ་པར་སྐྱོད་བྱེད་རྣམས་ལའོ། །
སཻ་ཀ་ཏི་ཀ་དྲི་གཙང་ཁང་། །རྒྱ་མཚོ་དང་ནི་ཁྲུས་ལའོ། །རང་གི་ཆུང་མ་གཞན་ལ་གནས། །གང་ཞིག་སྒྲུབ་པར་མ་ནུས་པ། །དེ་ལ་དེར་བཀོད་ཙམ་གྱིས་ནི། །བཀྲེས་པར་བྱས་པའི་བཟའ་བ་ལའོ། །སོ་མ་བལྐ་ཤུན་པ་དང་། །སེང་ལྡེང་དཀར་པོ་དག་ལའོ། །སཽ་གནྡྷི་
ཀ་གདུང་དང་། །པདྨ་རཱ་ག་གཅོད་བྱེད་དང་། །དྲི་ཅན་དྲི་ལྡན་སོ་བྷཱ་རྒྱཱ། དག་ལའོ། །བ་ད། ཏསྟ། སྠཱི། ཨ་ནེ་ཡོ། ན། ཌ་མཱུ་ཀ་ཞེས་པ། །བཱིདྷ་ཡི་ཏུཿཤཀྵ་མ། ཀི་ཏ་བ་དང་། ངག་ཐོས་སྤངས། །མཱ་ཏྲེ་ཎ། ཀྵུ་བྷ། །ཨཱཙྪུ་རྟགྲྀ་ཏ། བྷོ་ཛ་ན། རི་ཏ་ཀ་ཞེས་པ། །དགོང་དང་སེན་མོ་འཇོམས་བྱེ་བྲག །ཨུ་པ་ཀཱ་རི་ཀཱ་ཞེས་པ། །རྒྱལ་
པོའི་ཆིབས་ཀྱི་ར་བ་དང་། །པིཥྚའི་དགོན་པ་བུར་ཤིང་བྱེད། །ཀ་ཊ་ཀོ་བར་བྱེད་པ་དང་། །འཆིང་བུའི་བུམ་པ་དག་དང་ནི། །གཏོར་མས་རྒྱས་དང་ཅེ་སྤྱང་ལའོ། །ཀཀྵུ་པེཀྵུ་ཀ་ཞེས་པ། །བརྟན་དང་དག་པའི་མཐའ་དང་ནི། །སྐྱེད་ཚལ་སྐྱོང་བར་བྱེད་པ་དང་། །འཁྲུད་དང་ཙངྒཱ་འཚོ་སྒོ་སྐྱོང་། །
ཀྲྀ་མི་ཀཎྜ་ཀཾ་ཞེས། །རི་མོ། །སྤྱོ་བ། བྱི་ཏང་ག།།ཤོ་ཛ་ག་རི་ཀོ་ཞེས་པ། །བཀྲ་ཤིས་བརྗོད་དང་ཐབ་བྱེད་པའོ། །ཅི་ལི་མྦི་ལི་ཀཱ་ཞེས་པ། །མགྲིན་པ་ཅན་གྱི་བྱེ་བྲག་དང་། །མཁའ་སྣང་དང་ནི་ཀློག་རྣམས་ལའོ། །ཛ་ལ་ཀུངྫ་ཀ་ཞེས་པ། །ལྕོག་དང་ཆུ་ཁང་པྲ་ཤཱིའོ། །ཛ་ལ་ཏཱ་ཡི་ཀ་ཞེས་པ། །
ཨིལླཱི་ཤ་དང་ཀཱ་ཀཱ་ཙི། །ཉ་དག་ལ་ནི། སྨན། འདོད་པ་ཡིན། །ན་བ་ཀ་རངྐ་ཞེས་པ། །བེ་ཏའི་འབྲས་བུ་དང་ནི་སྤྲིན། །ན་བ་ཕ་ལི་ཀཱ་ཞེས་པ། །དུང་དང་ཆུ་ཡི་ཁྲི་ཤིང་དང་། །གྲུ་དང་གསར་དུ་སྐྱེས་པ་དང་། །དང་པོར་གསར་སྐྱེད་བུད་མེད་རྡུལ། །ནཱ་ག་པཱ་རི་ཀཾ་ཞེས་པ། །རྒྱལ་པོའི་གླང་མོར་
เล่ม ๒๑๒ · หน้า 172a
གླང་པོ་སྐྱེས། །བྱ་ཁྱུང་དང་ནི་གྲངས་གནས་དང་། །སྐེ་རགས་རི་མོ་ཅན་ལའོ། །བྱ་བ་ཧཱ་རི་ཀཱ་ཞེས་པ། །སྦྱང་བར་བྱ་བ་དང་ནི་མཚལ། །འཇིག་རྟེན་གྱི་ནི་ཐ་སྙད་དོ། །བྲཱི་ཧི་རཱ་ཛི་ཀ་ཞེས་པ། །ཀྲཱ་མ་ནཱི་དང་རྒྱ་ཡི་འབྲས། །ཤ་ཏ་ས་རྦི་ཀཱ། །དཱུ་རྦཱ། ཤཱི་ཏ་ཙམྦ་ཀ་ཡི་སྒྲ། གཤིན་རྗེ་
ཚིམ་བྱེད་སྒྲོན་མེ་ལ། །སུ་ག་སནྟ་ཀཾ་དཔྱིད་ལའོ། །རྒྱགས་པའི་ངག་སྟོན་ལ་ཡང་འགྱུར། །ཧེ་མ་པུཥྤེ་ཀ་དང་ནི། །ཧེ་མ་པུཥྤ་ཀ་ཞེས་པ། །མེ་ཏོག་ཙམ་པ་ཀའི་ཕུང་པོའོ། །གྲཱ་མ་མངྐུ་རི་ཀཱ་ལྕོག །གྲང་གི་འཐབ་མོ་ལ་ཡང་བལྟའོ། །མ་ང་ན་ཎ་ལཱ་ཀཱ་ནི། །སྦྲུལ་དང་འདོད་པ་སྐྱེས་ལའོ། །མཱ་ཏུ་ལ་
སུ་ཏྲ་ཀ་ནི། །ཞང་པོ་སྐྱེས་དང་ཁྲམ་པའི་འབྲས། །ལ་ཏཱ་མརྐཱ་ཊ་ཀ་ནི། །བུ་མོ་མེ་ཏོག་སྤྲེའུའོ། །བརྞ་བི་ལོ་ཌ་ཀ་ནི། །ཚིགས་བཅད་གྲིབ་མ་འཕྲོག་བཅོམ་རྐུན། །སིནྡཱུ་ར་ཏི་ལ་ཀ་ནི། །ཀླུ་དང་སིནྡཱུ་རའི་ཐིག་ལེ། །སྣ་ཏཱ་ཙེ་ཀི་ཏྶ་ཀ་ནི། །ཟླ་བ་བཞི་པའི་བསྙེན་གནས་ལ། །སྣཱ་ཏ་ཙི་ཀི་ཏྶ་ཀཾ་ནི། །དཀའ་
ཐུབ་བུད་མེད་མེ་ཏོག་ལའོ། །ཞེས་པ་སྙན་ངག་མཁན་པོ་པཎྜི་ཏ་དཔལ་ལྡན་དཔལ་འཛིན་སྡེ་ཡིས་རྣམ་པར་བཀོད་པ་སྣ་ཚོགས་གསལ་བ་ཞེས་པ། མིང་གཞན་མུ་ཏིག་ཕྲེང་བ་ལས། ཀ་དབྱངས་བཅས་ཀ་མཐའི་སྡེའོ།། །།ཁ་ནི་ནམ་མཁའ་ལྷ་ཡུལ་སྡེ། །བླ་དང་ཡང་དག་
རིག་དང་གྲོང་། །སྟོང་པ་ཐིག་ལེ་དབང་པོ་ཞིང་། །ཀུ་ཎཱ་ཧ་ལའི་འབྲས་བུ་ལའོ། །ནག་སེན་མོ་གཎྜལ། །ན་ཁཱི། ན་ཁཱ་དྲི་ཡི་རྫས། །ཨོཾ་ཁ་སྙན་ཚིག་ཡིད་འོང་། །སྙན་ཚིག་ཨོཾ་ཡིག་དྲུག་པ་ལའོ། །ཕྲེངྑཱ་པཪྻ་ཊ་ལ་དང་། །གར་དང་འགྲོས་དང་རྟ་ཡི་འགྲོས། །སིངྑཱ་འགྲོ་བའི་ཁྱད་པར་དང་། །
གར་དང་སྲྀ་ཀ་ཤི་ཀྱ་ལ། །མུ་ཁཾ་ཁ་དང་ངེས་འབྱུང་སྒོ། །ཐབས་དང་རྩོམ་པ་དག་ལའོ། །ལེ་ཁ་སྤྲིང་ཡིག་ལྷ་མིན་ལ། །ལེ་ཁཱ་རི་མོ་གྲལ་ཡི་གེ། ཤཾ་ཁ་དུང་དང་དཔྲལ་རུས་ལ། །ན་ཁཱི་གཏེར་གྱི་བྱེ་བྲག་ལ། །སཱ་ཁཱ་ལྕུག་མ་རིག་བྱེད་ཆེ། །མཐའ་ཅན་ལག་དང་ཕྱོགས་ཀྱི་བར། །ཤི་ཁཱ་ཡལ་
ག་གཙུག་ཕུད་རྩེ། །ཕུད་བུ་འབར་བ་མཇུག་མ་ལ། །སཱ་ཁ་མཛའ་བོ་གྲོགས་པོ་ལ། །སུ་ཁཾ་སྐྱིད་དང་མཐོ་རིས་ལ། །སུ་ཁཱ་གྲོང་དང་རབ་སེམས་སོ། །གོ་མུ་ཁ་ནི་ཁ་ཆུང་དང་། །རོལ་མོའི་སྣོད་དང་ཉེར་བྱུག་དང་། །ཏྲི་ཤཱི་དྲི་ཤཱ་ཁཱ་བྷེ་ཀ་ཐལླ་ཀོ། །བི་ཤཱི་ཁ་ནི་མདའ་བོ་ཆེ། །མདའ་དང་རྐོ་བྱེད་ཤིང་རྟ་དང་། །
เล่ม ๒๑๒ · หน้า 172b
སྡོང་བུ་ལའོ། །བི་ཤི་གཱོ། ས་ག་སྒྲུབ་བྱེད། བསྲུབ་པ་ལའོ། །བྲ་མུ་ཁ་ནི་དང་པོ། གཙོ། །འོད་ཆགས་འབར་བ། ནད་ལག་པའོ། །བི་ཤཱ་ཁཱ་ནི་སྐེམས་བྱེད་རྟོག །ཨགྣི་མུ་ཁ་ལྷ་དང་ནི། །གཉིས་སྐྱེས་དང་ནི་རླུང་གི་མིང་། །ཨགྣི་མུ་ཁཱི་ཞེས་པ་དང་། །འགའ་ཞིག་ཨགྣི་མུ་ཁ་སྟེ། །བལླཱཾ་ཏ་ཀའི་ཤིང་ལའོ། །ཨགྣི་ཤི་
ཁཱ་མཇུག་མ་ཅན། ཨགྣི་ཤི་ཁཾ་གུར་ཀུམ་བརྗོད། །ཨིནྡྲ་ལེ་ཁཱ་ཟླ་བའི་ཆ། །ལ་ཏཱ་སུ་ཁ་ཟླ་བའི་བཅུད། །ཨགྣི་ན་ཁ་རུས་སྦལ་དང་། །གླང་པོ་འགར་ནི་བ་ལང་སོགས། །བརྡྷཱ་ཡེ་ཁཱ་བསྐྲད་པ་ལ། །བརྡྷཱ་ཤི་ཁ་བྱིས་པ་ལ། །མ་ཧཱ་སཾ་ཁ་མི་རུས་དང་། །གཏེར་དང་དུང་གི་རབ་དབྱེ་ལ། །བྱཱ་གྷྲན་ཁ་ཀནྡ་སྟེ། །དྲི་
ཡི་རྫས་ཀྱི་བྱེ་བྲག་གོ། །པརྦ་ཛ་མུ་ཁཾ་ཞེས་པ། །ནམ་མཁའ་དང་ནི་ལམ་ལའོ། །སརྦ་ཏེ་མུ་ཁཱ་ཞེས་པ། །ཞིང་ཤེས་ཆོ་ག་དྲག་པོ་ལའོ། །སྣ་ཚོགས་གསལ་བ་ལས་ཁ་མཐའི་སྡེའོ།། །།གཿནི་དྲི་ཟ་ཚོགས་བདག་ཉིད། །གཾ། གླུ། གཱ་ནི། གླུ་མཁན་ལ། །གོ་ནི་གླང་དང་མཐོ་རིས་དང་། །མཁའ་
འོད་རྡོ་རྗེ་ཛླ་པ་རི། །བ་ལང་ས་ཕྱོགས་མིག་དང་ངག །མདའ་དང་ཆུ་རྣམས་ལ་ནི་ཕོ། །ཨ་ག་འགྲོ་མེད་ཤིང་རི་བོ། །ཉི་མ་ལག་འགྲོ་དག་ལའོ། །ཨངྒ་ཆང་གི་རབ་དབྱེ་ལ། །ཨ་གཾ་ལུས་དང་གཙོ་བོ་དང་། །ཐབས་དང་འགན་ཟླ་ཉེ་བ་དང་། །ཡན་ལག་ལྡན་པ་རྣམས་ལའོ། །ཨངྒ་ཀུན་ཏུ་བོད་པ་དང་། །
གྲངས་ཕོའོ།། མིད་ཟློས་དོན་རབ་དགའ་ལ། །ཨིངྒ་སུར་དང་ཤེས་པ་དང་། །འགྲོ་དང་རྨད་བྱུང་དག་ལའོ། །ཁ་ག་བྱ་དང་མདའ་དང་ནི། །ཉི་མ་ལྷ་དང་གཟའ་ལའོ། །ཁངྒ་རལ་གྲི་ཚེར་མ་དང་། །རྭ་ཅན་རྒྱལ་བའི་ཁྱད་པར་ལ། །གཱངྒཱ་གདོང་དྲུག་འཇིགས་བྱེད་ལ། །གཾ་གཱ་འབྱུང་བ་བརྗོད་
བྱར་ལྡན། །ཙངྒ་མཛེས་དང་མཁས་པ་དང་། །ཆགས་དང་རྣམ་པར་སྒེག་པ་ལ། །ཊངྒ་མཚོན་ཆའི་ཁྱད་པར་དང་། །བྱིན་པ་དང་ནི་རྐོ་བྱེད་ལ། །ཏྱཱ་ག་སྦྱིན་དང་ཡོངས་གཏོང་ལ། །ཏུངྒ་མཐོ་བ་བརྗོད་བྱར་ལྡན། །ཏུཾ་གཾ་ཀླུ་ཤིང་རི་བོ་ལ། །ཏུཾ་གི་སྒྲ་དང་མཚན་མོའོ། །དུརྒ་བགྲོད་དཀའ་དུ་རྒ་ནི། །
གཏུམ་མོ་དང་ནི་རམས་ལའོ། །ན་ག་རི་ཤིང་འགྲོ་མེད་དང་། །ཉི་མ་ལག་འགྲོ་དག་ལའོ། །ན་ག་ཀླུ་དང་ཀླུ་ཤིང་དང་། །ནཱ་ག་གེ་སར་སོ་དང་ནི། །གླང་པོ་དང་ནི་ཆར་སྤྲིན་འཁྲུག །འཁྲུག་ལས་ལུས་ཀྱི་རླུང་བྱེ་བྲག །གཙོ་བོ་ཉིད་དང་མཆོག་གནས་དང་། །ཞ་ཉེ་མཚོན་དང་བུད་མེད་ཀྱི། །འཆི་བར་
เล่ม ๒๑๒ · หน้า 173a
བྱེད་པའི་ཁྱད་པར་ལའོ། །སིངྒ་དམར་སེར་སིངྒ་ནི། །མཱ་སཱིའོ་སིངྒ་སྐྲ་ཅན་ལ། །སིངྒཱ་ར་མ་ཐ་དང་རྩ། །ཨུ་མཱ་དང་ནི་གི་ཝང་ལ། །པཱུ་ག་ནི་ཀུ་རུ་མྦ་དང་། །རྐང་འཐུང་ཀྲ་མུ་ཀ་ལའོ། །ཕལྒུ་དྲི་མ་འབྲས་བུ་མེད། །བྷ་གཾ་ཡེ་ཤེས་སྐྱེ་གནས་འདོད། །གྲགས་པ་བདག་ཉིད་ཚེ་དང་
གྲོལ། །དབང་ཕྱུག་བརྩོན་འགྲུས་ཚིགས་བྲལ་ཆོས། །དཔལ་དང་འབད་པ་ཉི་མ་ལའོ། །བྷངྒ་ཆུ་རླབས་ནང་ལུས་གྱི། ལྷ་མོ། བྱེ་བྲག །དབྱེ་བ་རྒྱལ་བ་གོ་རིམས་བཟློག །བྷྲིཾ་ག་ཤ་ནའི་ལོ་ཏོག་ལ། །བྷཱ་ག་ཆ་དང་རྣམ་པར་དབྱེ། །ཕྱོགས་གཅིག་དང་ནི་བགོ་སྐལ་ལའོ། །བྷྲྀ་གུ་པ་སངས་པི་ནཱ་ཀིན། །
གཡང་ས་ཡ་མང་ཨགྣི་ལ། །བྷྲྀང་ག །བུད་ག །ཥངྒ་དང་། །དུ་བ་འཚུབ་མ་ལའོ་བྷྲྀངྒི་ནི། །སྐྲ་ཡི་རྒྱལ་དང་བུ་རམ་ཤུན། །བྷོ་ག་བདེ་དང་། སྤྲུལ་གྱི་ནི། །གདེངས་ཀ་དང་ནི་ལུས་དག་ལ། །འདུས་ལ་བལྟ་དང་བུད་མེད་ཀྱི། །བཟའ་བ་སྐྱོང་བྱེད་ནོར་ལའོ། །མཱ་རྒ་ལོ་ཡི་ཐོག་མ་དང་། །སིལ་
སྙན་དང་ནི་རྗེས་ཚོལ་ལ། །མྲྀ་ག་རི་དགས་ཕྱུགས་གླང་ཆགས་ཐོགས། པོ། །རྒྱུ་སྐར་གྱི་ནི་དབྱེ་བ་ལ། །མྲྀ་གཱི་ཚོལ་དང་རི་དགས་འགྲོས། །འདྲེན་པའི་ཁྱད་པར་དག་ལའོ། །ཡུ་ག །སན་མོ། སཱི་རཱངྒ། །ཡུ་གཾ་རྫོགས་ལྡན་ལ་སོགས་དུས། །གྲུ་བཞི་འཕེལ་དང་མིང་དང་སྨན། །ཡོ་ག་གོ་ཆ་གྱོན་པ་
དང་། །སྦྱར་བ་བསམ་གཏན་ལས་དང་ནི། །ཁྱོན་ལ་སོགས་དང་སྲད་བུ་རྫས། །ཀུན་འཇོམས་མཆོག་དང་སྔར་མེད་རྙེད། །སྨན་དང་ཐབས་དང་རིགས་རྣམས་ལ། །རོ་ག་སྨན་རུལ་བ་དང་ནང་། །ལཾ་ག་མཛེས་དང་བི་ལྒ་ལའོ། །ལིཾ་གཾ་མཚན་མ་རྗེས་སུ་དཔག། །འཁྲུག་དང་། འཐོར་དང་། གྲངས་དང་ནི། །
ཀུ་པྲ་ཀྲྀ་ཏི་རྣམས་ལའོ། །བངྒ་ཡུལ་གྱི་ཁྱད་པར་དང་། །བྷཎྚ་ཏ་ཀཱི་རས་བལ་ལ། །བངྒཾ་མཚོན་ལའང་བལྟ་བར་བྱ། །བྱངྒ་སྤལ་བ་ལུས་དམན་ལ། །བྱངྒེ་གཞན་བཞིན་མ་ནིང་ངོ་། །ཤཱཌྒཾ་མདའ་ཡི་སྟན་ལའོ། །ཤཱཌྒ་ཁྱབ་འཇུག་མདའ་སྟན་ལ། །ཤྲྀངྒཾ་རྭ་དང་རྩེ་མོ་དང་། །གཙོ་བོ་མཐོ་དང་ཞི་བ་ལ། །
དེ་བཞིན་ངན་པ། ཤྲྀངྒ་རྩེ་མོའི་ཆུ་འབབ་མ། །མཚན་མ་ས་ཡི་མག་པ་ལ། །ཤྲྀངྒཱ་རྭ་དང་ཁྱུ་མཆོག་དང་། །ཉ་དང་གསེར་གྱི་ཁྱད་པར་ལ། །སྭརྒ། རང་བཞིན་ངེས་གྲོལ་དང་། །ངེས་པ་སྦྱོ་དང་བལྟ་བ་དང་། །རྨོངས་དང་ལེའུ་རྣམས་ལའོ། །ནྱ་གྲོ་དྷ་དང་པླ་ཀྵ་དག །སེར་པོ་ལ་ནི་སིངྒཱ་འོ། །ཨ་
เล่ม ๒๑๒ · หน้า 173b
ནི་ག་ནི། །ཡིད་སྲུབས་དང་། །ལུས་མེད་ནམ་མཁའ་ཡིད་ལ་འདོད། །ཨ་ནཾ་གཾ་ནི་ལུས་དམན་དང་། །ལུས་ཀྱི་འབྱུང་བ་བཟློག་པ་ལ། །ཨ་སཱངྒཾ་ནི་ལུས་ཁྲལ་དང་། །མིག་གི་མཐའ་དང་ཐིག་ལེ་ལ། །ཨ་ཡོ་ག་ནི་བརྩོན་གྲལ་བརྩེགས། །ཕྲལ་དང་ཁྲེགས་དང་སྐྱེད་
མོས་ཚལ། །ཨཱ་བྷོ་ག་ནི་ཀུན་འགྲོ་འབད། །གདུགས་དང་རབ་སེམས་གང་བ་དང་། །ཀུན་སྦྱོར་དྲི་དང་ཕྲེང་བ་སྦྱིན། །རྩོལ་བ་སྒྲིབ་པ་རྣམས་ལའོ། །ཨཱ་ཤུ་ག་ནི་མདའ་དང་རླུང་། །ཨུཏྤརྒ་ནི་འདོར་དང་གཏོང་། །ཐུན་མོང་བ་དང་ཕྱིར་སྦྱིན་པའོ། །ཨུརྦ་ག་ནི་སྐྱོ་བ་
དང་། །ཤིན་ཏུ་མང་པོ་ཅན་ལའོ། །ཨུརྦ་གཾ་ནི་ཤིན་ཏུ་འགྲོ། །ཀྲ་མུ་ཀཱི་ཡི་འབྲས་བུ་ལའོ། །ཀ་ལིངྒ་ནི་སེན་མོ་རུལ། །དུ་བ་འཚུབས་དང་ཚོང་བྱེ་བྲག། །ཡུལ་གྱི་དབྱེ་བ་མཁས་པ་དང་། །བསྲེགས་དང་ཀོ་ཌ་ཀའི་འབྲས་བུ། །ཀ་ལི་གཱ་ནི་བཙུན་མོའོ། །ཀཱ་ལིཾ་གཱ་ནི་གྲུལ་བུམ་
པ། །གླང་པོ་དང་ནི་སྤྲུལ་དག་གོ། །ཀ་ལིཾ་ཀཱི་ནི་སྦལ་པའི་རྒྱག །ཙ་ཀྲཱཾ་ག་ནི་འདབ་ཆགས་ཏེ། །ཙ་ཀྲཾ་གཱི་ནི། ཀུ་ཌུའི་ཉ། །ཛི་ཧྨ་ག་ནི། །སྤྲུལ་འགྲོལ་མང་། །ཏཱ་ཌ་ཀ་ནི་ཆུ་ཀླུང་དང་། །འདབ་མའི་ཕུང་པོའོ་ཏཱ་ཌ་གུ། །ཐུ་ལུ་ཏཱ་ཏ། སྐྱེད་བུ་མོ། །ཏུ་ར་གཱི་ནི་རྟ་བོན་པོ། །ཏུ་ར་གཱ་ནི།
རྟ་དང་སེམས། ཏྲཱི་བརྒ་ནི། ཆོས་འདོད་དོན། །ཚོགས་དང་། ཆེ་བ་གསུམ་དང་ནི། །སྙིང་སྟོབས། རྡུལ་མུན་གསུམ་འདུས་དང་། །འཕེལ་དང་གནས་དང་ཟད་པ་རྣམས། །ལྷན་ཅིག་བརྗོད་ལ་ཡོངས་སུ་གྲགས། །མུ་སྟེགས། རལ་གྲི་དྷཱ་རཱངྒ། །ན་རངྒ་ནི་ཕོའི་
རྟགས་དང་། བ་རཎྜ་ག་ཕུར་བུ་ཟླུམ། །ནཱ་རངྒ་ནི་ཞ་ཉེའི་མཚོན། །བཤང་བ། སྐྱེ་བོ། ཟུང་དུ་སྐྱེས། བིསྦི་ལིའི་ཁུ་བ་ལའོ། །ནི་ཥཾ་ག་ནི། མདའ་དོང་གྲོགས། །ནི་སཾ་ག་ནི། ཚུལ་ཁྲིམས་ལེའུ། །ནི་ལངྒ་ནི། འབུ་སྲིན་དང་། །བྷཾ་བྷ་ར་ཎཱི་སྙིང་པོ་ཅན། །པ་ཏཾ་ག་ནི་ཕྱེ་མ་ལེག །
ཉི་མ་བྱ་དང་། འབྲས་བྱེ་བྲག །ས་བངྒ་ནི་རོ་བཅུད་ལ། །བ་ཏྲཱངྒ་ནི་ཙན་ད་ན་དམར། །གྲོ་ག་དང་ནི་ཤུག་པ་ལ། །བནྣ་ག། །སྦྲུལ། པདྨ་ཤིང་། །པ་རཱ་ག་ནི་མེ་ཏོག་རྡུལ། །ཁྲུས་ཆལ་སོགས་དང་རྡུལ་ལའོ། །ཉེ་བར་ཆགས་དང་། ཙནྡན་དང་། །རི་བོའི་ཁྱད་པར་དག་ལའང་
เล่ม ๒๑๒ · หน้า 174a
བཤད། །སུནྣཱ་ག་ནི་སྐྱེས་བུ་གཙོ། །ཤིང་གི་ཁྱད་པར་ཨུཏྤལ་དཀར། །ཛཱ་ཏི་ཕ་ལ་དག་དང་ནི། །སྐྱ་བོའི་སྤྲུལ་ལའང་བལྟ་བར་བྱ། །བྲ་ཡ་ག་ནི་འཇུག་ངོགས་དབྱེ། །ཨརྒ་འབབ་དང་ཁྱབ་སྟོབས་ལ། །པ་ཡོ་ག་ནི་ལས་རབ་སྦྱོར། །དེས་བསྟན་ལའོ་པྲཾ་ཡཾ་
གུ། །ཀཾ་གུཾ་རཱ་ཛི་ཀཱ་དང་ནི། །འབྲས་ལྡན་དང་ནི་བིསྤི་ལཱི། །སླ་བ་ག་ནི། སྤྲེའུ་དང་། །སྦལ་བ། མེ་ལྕེ། ཁ་ལོ་པ། །བྷཱུ་ཛཾ་ག་ནི། སྤྲུལ། ཥིལྒ། །ཁྱི་འཚེད་གླང་པོ་མཱ་ཏཾ་ག །མྲྀ་ཏཾ། ག་ནི་རྔ་དང་དབྱངས། །ལུས་དམར་འཚོ་བྱེད་སྨན་ལའོ། །ར་ཀྟཾ་ག་ནི་བཀྲ་ཤིས་དང་། །
བརྟན་པ། བརྩེ་ལྡན་རྣམ་གནོན་ལ། །རཱ་ཐཱ་ག་ནི། གཉིས་མེད་དང་། །འཁོར་ལོ་དང་ནི་འཁོར་ལོའི་འདབ། །ཤིང་རྟའི་ཡན་ལག་རྣམས་ལའོ། །པ་རངྒ་ནི་མགོ་སྐྱེས་གནས། །བུ་རམ་ཤུན་པ་གླང་པོ་ལའོ། །བཱ་ཏི་ག་ནི་བཅུ་སྨིན་པ། །སྒྱུར་བ་པོ་གང་གསེར་འགྱུར་མཁན། །
བི་ཌཾ་ག་ནི་སྲིན་འཇོམས་དང་། །ནཱ་ག་རའོ་པི་ཧ་ག །མཁའ་འགྲོ་དང་ནི་རྩེ་མོར་འགྲོ། །བི་སརྒ་ནི་དམན་པ་དང་། །གཏོང་དང་དྲི་མ་འདོར་བ་དང་། །རྣམ་པར་འདོར་དང་གྲོལ་བ་དང་། །འོད་དང་སེལ་བའི་ཁྱད་པར་ལ། །སཾ་བྷོ་ག་ནི་དགའ་བ་དང་། །ལོངས་སྤྱོད་དང་ནི་རྒྱལ་
བའི་བསྟན། །སརྦ་གཾ་ནི་ཆུ་ལའོ། །ཁྱབ་བདག་བདེ་བྱེད་སརྦ་གཿ། །སཱ་རཾ་ག་ནི་རི་དགས་དང་། །གླང་པོ་བྱེའུ་མཁའ་འགྲོའི་དབྱེ། །བུང་བ་དང་ནི་ཁྲ་བོ་ལ། །བྱ་ཁྱུང་། ཚངས་པ། ཧེ་མཱངྒ། །ཨ་ནུ་ཥངྒ་བརྩམས་དང་། །སྙིང་རྗེ་ལ་ཡང་འགའ་ཞིག་འདོད། །ཨ་བ་
བརྒ་ཐར་པ་དང་། །འབྲས་བཅས་བྱ་བ་བྱས་པ་ལ། །ཨ་བྷི་ཥཾ་ག་འདུ་འཛི་དང་། །མནའ་དང་། །སྦྱོར་བ་མཛོད་དང་ནི། །གཡོ་བ་པ་དང་སྤྱང་ཀི་དང་། །སྐྱེ་བོ་གཟུགས་ཀྱི་རབ་དབྱེ་ལའོ། །ཨ་པ་རཱ་ག་མཐོ་རིས་སྣང་། །གཟའ་དང་མེ་ཏོག་ལྡན་པ་དང་། །དུ་ལཱུ་ལ་ཡང་། གཟའ་
རྣ་ཅན། །ཡོངས་སུ་སྨྲ་བ་རྣམས་ལའོ། །ཨུ་པ་སརྒ་ནད་ཀྱི་དབྱེ། །ཉེ་བར་འགྲོ་བ་དག་ལའོ། །ཀ་ཌ་བྷཾ་ག་ལོ་ཐོག་རྣམས། །སེན་གཅོད། བྲྀ་ཡ་ཏྱ་ཡའོ། །ཨིནྡྲ་བྷཾ་ག་ཟླ་བ་སྐྱེས། །རང་དབང་ཅན་དང་མི་བདག་སྣ། །དཱིརྒྷ་དྷྭ་ཀ་གླང་ཆེན་དང་། །ཕྲིན་ཡིག་ཁྱེར་བ་དག་ལ་བརྗོད། །མལླནཱ་ག་གླང་
เล่ม ๒๑๒ · หน้า 174b
ཆེན་དཀར། །བཏྶའི་བུ་དང་ཐུབ་པ་ལའོ། །རཱ་ཛ་ཤྲཱིཾ་ག་གསེར་གྱི་ནི། །དབྱུག་པ་དང་ནི་མངྒུ་ར། །ས་མཱ་ཡོ་གཾ། །ཀུན་སྦྱོར་དང་། །འདུ་བ་དང་ནི་དགོས་པ་ལ། །སཾ་པྲ། ཡོ་ག་རབ་དགའ་དང་། །ལས་དང་རྗེས་སུ་འགྲོ་བ་ལ། །ཀ་ཐཱ་པྲ་སངྒ་ཞེས་པ། །རླུང་གི་ཚོགས་
དང་དུག་གི་ནད། །འཆོས་པའི་སྨན་པ་དག་ལ་བརྗོད། །ནཱ་ཌཱི་ཏ་རཾ་གཱ་ཞེས་པ། །ཀཱ་ཀོ་ཆུ་བྱ་རོག །ལ་དང་། ཧིཎྜ་ཀ། །ར་ཏ་ཧིཎྜ་ཀ་ལའོ། །ག་མཐའི་སྡེའོ།། །།གྷ་ནི་དྲིལ་བུའི་དབང་པོ་ལ། །གྷཱ་ནི་དྲིལ་ཆུང་འཇོམས་བྱེད་ལ། །གྷུ་ནི་བུད་མེད་སྒྲ་ལའོ། །ཨ་
གྷཾ་སྡིག་པ་སྡུག་བསྔལ་ཕོངས། །ཨཾ་གྷྲྀ་རྐང་པ་ཤིང་གི་རྩ། །ཨརྒྷ་མཆོད་བྱེད་རིན་ཐང་ལ། །ཨུདྒྷ་ལག་པ་ཁ་སྦྱར་དང་། །ལུས་ཀྱི་རླུང་དང་སྨིན་པ་ལ། །ཨོ་གྷ་ཕན་ཚུན་རྒྱུག་པ་དང་། །མྱུར་དང་གར་གྱི་མན་ངག་དང་། །ཚོགས་དང་ལམ་དང་རབ་འབབ་ལ། །མ་
གྷཱི་སྨན་གྱི་བྱེ་བྲག་ལ། །མ་གྷཱ་རྒྱུ་སྐར་བཅུ་པ་ལ། །མེ་གྷ་སྤྲིན་དང་མུསྟ་ལ། །མོ་གྷ་འབྲས་མེད་དམན་པ་ལ། །མོ་གྷཱ་རྐང་འཐུང་སྐྱ་ནར་ལ། །ལ་གྷུ་ཡིད་འོང་སྙིང་པོ་མེད། །ཨ་གུ་རུ་དང་སྲྀཀྐཱ་དང་། །ཨ་གུ་རུ་ནག་ཅིག་ཅར་ལ། །ཤླཱ་གྷཱ་རབ་བསྔགས་བསྙེན་བཀུར་ལ། །མངོན་
པར་འདོད་པ་དག་ལའོ། །ཨ་ན་གྷཱ་ནི་སྡིག་པས་སྟོང་། །དྲི་མ་མེད་དང་ཡིད་དགའ་ལ། །ཨ་མོ་གྷ་ནི་འབྲས་བུར་བཅས། །ཨ་མོ་གྷཱ་ནི་ཀུན་བཤད་དང་། །ཕན་པ་དང་ནི་བྱི་དང་ག། །ཨུལླཱ་གྷཱ་ནི་ནད་མེད་དང་། །མཁས་དང་གཙང་དང་དགའ་བ་ལྡན། །ཀཱ་རྩི་གྷ་ནི་གསེར་དང་ནི། །བྱི་
ག་དཀྱིལ་འཁོར་ཤིན་ཏུ་དངས། །ནི་དྲཱ་གྷ་ནི་ཚ་བའི་དུས། །གདུང་ཚད་དང་ནི་རྡུལ་གྱི་ཆུ། །ས་རི་གྷ་ནི་ཐོ་བ་དང་། །རྣལ་འབྱོར་དབྱེ་བ་ཡན་ལག་འཛིན། །འཇོམས་དང་འཆིང་བུའི་བུམ་པ་དང་། །བུམ་པ་རབ་བ་ལང་གྲོང་། །པྲ་ཏི་གྷ་ནི་ཁོང་ཁྲོ་ཁྲོ། །མ་ཧཱ་རྒྷ་ནི་རིན་ཐང་ཆེ། །
རིན་ཐང་མེད་དང་ལཱ་བ་ཀ །སརྦོ་གྷ་ནི་བླ་མ་དང་། །ཤུགས་དོན། གོ་ཆ་ཀུན་དོན་བདག །གྷ་མཐའི་སྡེའོ།། །།ང་ནི་འཇིགས་པར་བྱེད་དང་ཡུལ། །ང་མཐའི་སྡེའོ།། །།ཙ་ནི་ཆོམ་རྐུན་ཟླ་བ་དག །ཨ་ཙ་མཆོད་དང་། གཟུགས་བརྙན་དག །ཨུཙྪ་ཆེ་དང་མཐོ་བ་ལ། །ཀ་ཙ་སྐྲ་དང་བླ་མ་དང་། །
เล่ม ๒๑๒ · หน้า 175a
ཁུ་བ་དང་རྨ་ཆིངས་སྐམ། །ཀ་ཙ་གླང་པོ་མོ་ལའོ། །ཀཱ་ཙ་ནོར་བུ་དྲ་བ་དང་། །མིག་ནད་དང་ནི་སའི་ཁྱད་པར། །ཀཱསྦྱི་སྐེ་རགས་ཆུན་པོ་དང་། །གུཉྫ་དང་ནི་ཚངས་བྱེ་བྲག །ཀཱུརྩ་སྨིན་མའི་དབུས་དང་ནི། །བསྒྲུབ་བྱ་སྨར་མི་བསྔགས་པའོ། །ཀྲུཉྩ་བྱ་ཡི་བྱེ་བྲག་
དང་། །རི་དང་གླིང་གི་རབ་དབྱེ་ལ། །ཙཉྩ་སྤྲུལ་པ་འདམ་བུ་སོགས། །ཙཉྩཱ་རྩྭ་ཡི་མི་ལའོ། །ཙཉྩུ་སོར་ལཱ་ཏྲོ་ཊཱི་དང་། །བ་ལང་རྩ་དང་ཀི་ལཱིཉྩ། །ཙརྩཱ་གནས་དང་། ལོས་མ་སི། རྟོག་པ་དང་། །སྤྱོད་དང་སེམས་པ་དག་དང་ནི། །པགས་པ་དང་ནི་ཤིང་ཤུན་དང་། །ཁྲུང་ཁྲུང་། པགས་པ་
ཙམ་དང་བུ་རམ་ཤུན། །ནཱི་ཙ་སཱ་མ་ར་དང་གཞོལ། །མིའུ་ཐུང་འབབ་ཕྱོགས་དམའ་བ་དང་། །མཐའ་དག་འཇམ་པོ་ཤིང་བལ་དང་། །རུ་རྟ་ལྷ་མིན་བྱེ་བྲག་དང་། །ཞིང་ལས་འཇིགས་དང་གཞན་བྱེ་བྲག། །པྲཱ་ཙེ་དུས་དང་ཕྱོགས་དང་ཡུལ། །མོ་ཙ་མིག་སྨན་བཟང་པོ་ལ། །མོ་ཙ་
ཤཱལླ་ལི་ཆུ་ཤིང་། །རུ་ཙི་མཛེས་དང་འོད་དང་འདོང་། །མངོན་པར་ཆགས་དང་བཟང་བ་ལ། །བ་ཙ་ནེ་ཙོ་བཱ་ཙ་ནི། །དྲི་དང་སཱ་རི་ཀ་ལ་བརྗོད། །བཱ་ཙ་དབྱངས་ཅན་ཚིག་དང་ནི། །ཤིན་ཏུ་ཆུང་བའི་དབའ་རླབས་དང་། །གོ་སྐབས་དང་ནི་བདེ་བ་ལ། །ས་ཙཱི་དབང་མོ་བརྒྱ་བྱིན་མ། །ཤུ་
རྩིའི་ཉེར་འཛིན་དག་པ་དང་། །སྔགས་པ་ཆུ་དང་རྨ་བྱ་དང་། །སྒེག་པ་དང་ནི་སོ་གའི་དུས། །དཀར་བ་དང་ནི་མ་ཉམས་པའོ། །སཱུ་ཙི་ལག་སོགས་ཚུལ་དང་ནི། །སྣུམ་པ་དང་ནི་རྩེ་མོ་ལའོ། །སཱུ་ཙཱི་མཚམས་ལྡན་རྣམས་དང་ནི། །བརྗོད་དང་བྱེད་པའི་ཁྱད་པར་ལ། །ཨ་བཱི་ཙ་ནི་
དམྱལ་བ་དང་། །ཆུ་ཡི་རྦ་ཀློང་བ་ཧ་ར། །ཨུ་དཱུ་ཙི་ནི་ཆུ་དང་ཕྱོགས། །ཡུལ་དང་དུས་ལ་བརྗོད་བྱ་ལྡན། །ཀ་ནི་ཙི་ནི་རྒྱས་པ་དང་། །འཁྲི་ཤིང་གུཉྫ་ཤིང་རྟ་ལའོ། །ཀ་བ་ཙ་ནི་ཕུབ་མ་འདའོ། །རྡ་དང་ཁོང་བུ་སྒོང་ལའོ། །ཀྲ་ཀ་ཙ་ནི་སོག་ལེ་དང་། །མདུད་པ་ཅན་དང་ས་སྐྱེས་
སོ། །ན་མུ་ཅི་ནི་མོས་བྱེད་དང་། །བྲལ་བ་དང་། ལྷ་མ་ནི་ཀླུ་ཆུ་གླང་པོ་ལའོ། །ནཱ་རཱ་ཙ་ནི་ལྕགས་མདའ་མ། །ནཱ་རཱ་ཙཱི་ནི་འདོགས་བྱེ་བྲག། །པྲ་ཏཱི་ཙི་ནི་ཕྱོགས་དུས་ཡུལ། །པྲ་པཉྩ་ནི་རྒྱ་ཆེ་དང་། །ཀུན་བསགས་དང་ནི་སྤྲོས་པའོ། །མ་རི་ཙི་ནི་འབར་བ་དང་། །ཐུབ་པ་དང་ནི་ཀྲྀ་པ་ཎ། །རྟ་དང་
เล่ม ๒๑๒ · หน้า 175b
རལ་གྲི་དང་བཀྲེན་པ་དང་གསུམ་ལ་འཇུག་གོ། །མཱ་རཱ་ཙི་ནི་མཆོད་སྦྱིན་ཅན། །གླང་པོ་ཆེ་དང་ཀཀྐོ་ལ། །སྲིན་པོའི་ཁྱད་པར་རྣམས་ལའོ། །མཱ་རི་ཙཱི་ནི་ལྷ་མོའི་དབྱེ། །བི་ཀ་ཙ་ནི་རབ་རྒྱས་ལ། །བི་པཉྩི་ནི་ངོ་ཚ་ཅན། །རོལ་རྩེད་པི་ཝང་ཕོང་ཅན་གཟའ། །སཾ་ཀོ་ཙ་ནི་འཆིང་བ་དང་། །ཉ་ཡི་བྱེ་བྲག་
དག་ལའོ། །སཾ་ཀོ་ཙམ་ནི་གུར་ཀུམ་དང་། །ཡང་དག་གྲོགས་པོ་བཟང་བོ་ལའོ། །ཀཱ་ཀཱ་ཙིཉྩི། སྲད། ས་བོན། །ཆུ་ཡི་འབུ་དང་། དི་ལི་ར། །ཛ་ལ་སཱུ་ཙི་ཆུའི་སྲིན་བུ། །རྭ་ཅན་དང་ནི་བྱིས་པ་གསོད། །ཀཾ་ཀ་ཏྲོ་ཌི་ཛྷཀའོ། །མ་ལིམཱུ་ཙ། །ཆོམ་རྐུན་མི། །ཏ་ར་ནཱ་རཱུ་ཙ་ཡི་སྒྲ། །ཁྱི་དང་དགའ་
བའི་ཡལ་འདབ་དང་། །བུད་མེད་མཆོག་དང་ཡོངས་བརྩམས་ལས། །ཀུན་ཏུ་བྱུང་བའི་བྱ་བ་ལའོ། །ཙ་མཐའི་སྡེའོ།། །།ཚ་ནི་གཅོད་དང་བྱ་རོག་ལ། །ཚཱ་ནི་གཅོད་དང་འདོད་པ་དང་། །མཚན་མ་དང་ནི་དང་བ་ལ། །ཨཙྪེ་མི་ཟད་པ་དང་ནི། །དོམ་དང་ཤེལ་དང་མངོན་དུ་ཕྱོགས། །
ཨཙྪ་ཤིན་ཏུ་དང་བ་ལ། །ཀཙྪ་བྲག་ལ་སོགས་མཚམས་ལ། །གྲུ་ཡི་ཡན་ལག་ན་ཀ་ལ། །མ་མིན་བདག་དང་ཡོངས་གནས་དང་། །གཡོ་བའི་ཁྱད་པར་རྣམས་ལའོ། །ཀཙྪ་ཙའི་རི་ཀཱ་དང་ནི། །ཕག་མོ་ལ་ཡང་བལྟ་བར་བྱ། །གུཙྪ་ཕོན་པོ་དོ་ཤལ་དབྱེ། །སྡོང་པོ་དང་ནི་
བསགས་པ་ལ། །བིཙྪ་མཇུག་མ་བིཙྪ་ནི། །ཤལྨ་ལི་ཡིས་བཀྲིས་པ་དང་། །རྡུལ་དང་པཱུ་གཙྪ་ཊའི་སྦུབས། །མཱ་བཱའི་མདུན་ཁང་ཕྲེང་བ་དང་། །སྐྱེ་བོ་བྲལ་བ་ལ་པུཙྪ། །བིཙྪ་ཕྱི་མ་ཕྱོགས་དག་གོ། །མླེཙྪ་སྐད་མི་གསལ་བ་དང་། །རིགས་ཀྱི་བྱེ་བྲག་སྡིག་ལ་དགའ། །
མ་ཧཱ་ཀཙྪ་ཆུ་ཀླུང་མགོན། །ཆུ་ཡི་བདག་པོ་ལ་ཡང་ངོ་། །ཚ་མཐའི་སྡེའོ།། །།ཛ་ནི་མྱུར་འགྲོ་ཛཱ་ཞེས་པ། །འབྱུང་པོ་སྐྱེ་བ་རྒྱལ་བྱེད་རྒྱལ། །ཛཱུ་ནི་རཱ་ག་དབྱངས་དང་བསྟོད། །ཤ་ཟ་དང་ནི་མགྱོགས་པ་ལའོ། །ཨ་ཛ་ནག་པོ་དྲན་པ་དང་། །རྡོ་རྗེ་སྒྲ་གཅན་ར་གྷུའི་བུ། །ཨཔྫ་
གཞུ་ཡི་ཁྱད་པར་དང་། །ཟླ་བ་ཆུ་སྐྱེས་ནི་ཙུ་ལ། །ཤིང་། དུང་ལའོ་ཨ་ཛི་ས་མཉམ། གཡུལ། །ཨུརྫ་སྤྲོ་དང་། བྱེད་པ་པོ། །ཨཱུ་རྫཱ་བརྩོན་འགྲུས་དང་ནི་སྟོབས། །ཀཉྫ་སྐྲ་དང་ཚངས་པ་ལ། །ཀཉྫི་བདུད་རྩི་པདྨ་ལ། །ཀུ་ཛི། དམྱལ་བ། སོལ་བ་ལ། །ཀུཉྫ་སྤྲེའུ་སྡོང་
เล่ม ๒๑๒ · หน้า 176a
པོ་དང་། །གླང་པོ་དང་ནི་སོ་ལ་ཡང་། །ཀུཉྫ། སྒུར་འཁྱོག །ཤིང་བྱེ་བྲག །བརྫུ་འབྲ་གོའི་ཤིང་དང་ནི། །གཡའ་བ་དང་ནི་སྲིན་བུའོ། །གཉྫ་ལྷ་ཁང་། གུར་ཁ་རི། །མཛོད་ལའོ། །གརྫཱ། བསྲུབ་པ་ལ། །གརྫ་པྲ་ཧསྟ་ལའོ། །གུཉྫ། ཀཱ་ཀ་མ་ཙི་རི་
དང་། པ་ཊ་ཧ་དང་སྒྲ་ཡི་ཆ། །དྭི་ཛ། བྲམ་ཟེ། སྒོང་སྐྱེས་སོ། །དྭི་ཛཱ་ངན་སྤོང་། བུ་རྡུལ་བཟང་། །དྷྭ་ཛ། རྟགས་མཚན་ཁྲི་རྐང་དང་། །བ་དན་མཚན་རྟགས། ཤོཎྜི་ཀ །ནི་ཛ་བདག་པོ། རྟགས་པ་དང་། །ནྱུབྫ་ན་བྱིས་པ་ཐོས་པར་བརྗོད། །ནྻུབྦཾ་མཚོན་གྱི་ལས་མོན་སྨན་ནུ།
ལ་འགྱུར། །ཀུབྫ། འོག་ཏུ་ཕྱོགས་པ་ལ། །པིཉྫ་གནོད་པ། པིཉྫི་གཡོ། །བེེརྶཱ་ཤིང་བལ། ཡུར་བ་ལ། །པཉྫ་འཁྲུགས་ལ་བརྗོད་བྱ་ལྡན། །པྲ་ཛཱ་རྒྱུད་དང་འཇིག་རྟེན་ལ། །པྲ་ཛཱ་འགྲོ་བ་ཚོགས་པ་དང་། །ཚཱ་བ་ཀ་དང་ལམ་ལའོ། །བྷུ་ཛ་དང་ནི་བྷུ་ཛ་དག །དཔུང་པ་
དང་ནི་ལག་པ་དང་། །མ་དང་ཕ་དང་གཉིས་ཀ་ལའོ། །མརྫུ་བཙོ་བླག་པ་དང་ནི། །ཁྲུས་དང་དག་པ་རྣམས་ལའོ། །རརྫྫུ་ལྷས་མ་ཡོན་ཏན་དང་། །གྲལ་དང་ཕྲེང་བ་རྩིག་པ་ལའོ། །རུ་ཙ་ནད་དང་ཨུངྒ་ལ། །ལཉྫ། ད་ར་དང་མཐའ་ངོས་ལ། །ལཱ་ཛཱ་འཛིན་དང་
འབྲས་སོ་བ། །ལཱ་ཛ་གཤེར་བའི་འབྲས་ལའོ། །ལཱ་ཛི། པུ་ཤེལ་རྩེ་ལ་བརྗོད། །བཱ་ཛ་ཕྱོགས་ལ་ཡང་འགྱུར་ཏེ། །སྒྲ་དང་ཐུབ་པའི་བྱེ། ཐགས་པ། བྲག་ལའང་། །བྰཾ་ཛཾ་མཆོད་སྦྱིན་དོན་དང་ལ། །མར་ལའོ་བཱི་ཛི་རྒྱུད་དང་ནི། །ཉེ་བར་ལེན་དང་ཁུ་བ་ལ། །བྱཱ་ཛ་ཀུན་
ཏུ་འཛིན་དོན་དང་། །དེ་ཉིད་གཡོ་དང་མི་སྟོན་པའོ། །བརྫུ་ཚོང་པ་དང་ནི་ཀློག །སཛྫ་གོ་བགོས་ཀུན་ཏུ་འབྱུང་། །སཉྫ་བདེ་འབྱུང་ཚོང་པ་དང་། །སྭ་ཛ་རྡུལ་དང་རང་སྐྱེས་དང་། །ཁྲག་དང་དེ་བཞིན་བུ་ལའོ། །ཨངྒ་ཛཾ་ནི་སྒྲ་དང་དགའ། །བུ་དང་བདེ་བས་དྲེགས་པ་དང་། །
ཡན་ལག་འཛིན་དང་གླང་པོ་ཆེ། །ཨངྒ་ཛ་ནི་ཁྲག་ལའོ། །ཨཎྜ་ཛ་ནི་བྱ་དང་ཉ། །རྩངས་པ་སྤྲུལ་དང་གླ་རྩི་དང་། །སྒོང་སྐྱེས་རྣམས་ལའོ། །ཨམྦུ་ཛེ། །མཚོ་སྐྱེས་དང་ནི་ནི་ཙུ་ལ། །ཆུའི་ལྕང་མ། ཀོམྦི་ཛ་ནི་ཡུལ་གླང་པོ། །ཤཾ་གའི་དབྱེ་བ་རྣམས་ལ་བསྟན། །ཀ་ར་ཛ་ནི་ལག་སྐྱེས་
เล่ม ๒๑๒ · หน้า 176b
དང་། །སྟག་སེན་དང་ནི་སེན་མོ་ལའོ། །ཀཱཾ་པོ་ཛ་ནི། ཟླ་བའི་ཤུན། དུང་དང་ཀླུ་ཤིང་རྟ་རྣམས་ལའོ། །ཀཾ་བོ་ཛཱི་ནི་སྲན་མའི་འདབ། །ཤིང་ཀུན་ལོ་མ་ལ་ཡང་འདོད། །ཀཱ་རུ་ཛ་ནི་བཟོ་བོ་དང་། །རི་མོ་དང་ནི་རང་སྐྱེས་སྣུམ། །གྲོག་མཁར་བཙག་དང་དབུ་བ་དང་། །གླང་ཕྲུག་ནཱ་ག་གེ་སར་
ལའོ། །ཀུ་ཊ་ཛ་ནི་ཤིང་བྱེ་བྲག །བྲ་བོ་ཆེ་དང་བུམ་པ་སྐྱེས། །གི་རི་ཛ་ནི་རི་ཡི་བུ། །ཞང་པོ། ཁོ་རུ་དཱ་ཧྲྀ་དཱ། །གི་རི་ཛཾ་ནི་ལྷང་ཚེར་དང་། །ལྕགས་དང་བྲག་ཞུན་དྲི་བཟང་ལ། །ཛ་ལ་ཛཾ་ནི་འདམ་སྐྱེས་དང་། །ཆུ་སྐྱེས་པདྨ་རུ་རྟ་དུང་། །པ་རཉྫ་ནི་ཏིལ་འཁྲུལ་འཁོར། །རལ་གྲི་དབུ་བ་བོར་
བའི་འདབ། །པཱ་ཎི་ཛྱ་ནི་ཚོང་པ་དང་། །འཚོ་བྱེད་བྱེད་པའི་ཁྱད་པར་ལ། །བ་ལ་ཛཱ་ནི་ཚོང་ཚོང་ཟོང་། །ཁ་དོག་ལྡན་པའི་བུད་མེད་ལ། །བ་ལ་ཛཾ་ནི་ས་དང་ཞིང་། །ལོ་ཏོག་ཡུལ་དང་བ་ལང་ལྷས། །བྷཱུ་མི་ཛཱ་སྤྲུལ་ལ་ཨ་ན་ཀཱི། །དམྱལ་བ་ངན་སྐྱེས་བྷཱུ་མི་ཛ། །མུརྒའི་ལོ་མ་བ་ན་ཛཱ། །
ཁ་ན་ཛ་ནི་གླང་པོ་སྟག །འདམ་སྐྱེས་ནགས་བྱུང་བ་ན་ཛཾ། །བ་ཧུ་ཛ་ནི་རྒྱལ་རིགས་བཤད། །ཐིག་ལེ་ཁུ་བ་སྤ་ཡཾ་ཛཱ། །ས་ཧ་ཛ་ནི་གྲོགས་མེད་ལ། །གཞན་གྱི་རྟགས་ཅན་ས་ཧ་ཛཱ། །སཱ་མ་ཛ་ན་སྙན་ཚིག་བྱུང་། །བརྗོད་བྱའི་རྟགས་ཅན་གླང་པོ་ལའོ། །ཧི་མ་ཛཱ་དང་ཧི་མ་ཛ། །རི་ཡི་
སྲས་མ་ལེགས་བརྗོད་མ། །དེ་བཞིན་མཻ་ནཱ་ཀ་ལའོ། །ཨ་ཧི་བྷཱུ་ཛ་རྣམ་འདུལ་བུ། །འབྲུག་སྒྲའི་རྗེས་སུ་སྒེག་པ་ལའོ། །ཀཱ་སྨི་ར་ད་བོང་ང་དཀར། །རུ་རྟ་གུར་ཀུམ་པདྨ་ལ། །གྲ་ཧ་རཱ་ཛ་ཟླ་ཉི་མ། །ཛ་གྷ་ནྱ་ཛ་ཞེས་པ་ནི། །ནུ་བོ་དང་ནི་དམངས་རིགས་ལ། །དྭི་ཛ་ར་ཛཱ་མ་ཆེན་མོའི་མགོན། །
འདུལ་བྱེད་བདག་སྐྱེས་ཁྱད་པར་ལ། །དྷརྨ་རཱ་ཛ་གཤིན་རྗེ་དང་། །བདེ་བར་ཁྱུང་། རྨ་བྱ། གཤེགས་དང་གཡུལ་ངོར་བརྟན། །བྷ་ར་དྷྭ་ཛ་བླ་མའི་བུ། །སྟག་གི་ཚོགས་དང་ཐུབ་པ་ལ། །བྷཱ་ར་དྭཱ་ཛ་བྲེ་བོ་དང་། །ཤིང་བལ་གྱི་ནི་ཁྱད་པར་ལའོ། །བྷྲྀ་ག་རཱ་ཛ་སྦྲང་རྩིའི་བཏུང་། །སྦྲེའུ་དང་ནི་བྱའི་བྱེ་
བྲག །ཡཀྵ་རཱ་ཛ་མིག་གསུམ་གྲོགས། །རཱ་ཛ་རཱ་ཛ་ནོར་སྦྱིན་དང་། །ས་ཀུན་དབང་དང་རི་དགས་མཚན། །ཀྵི་རཱ་བྡྷི་ཛཾ་རི་བོང་ཅན། །ཀྵཱི་རཱ་བྡྷི་ཛཱ་དཔལ་མོ་ལ། །ཀྵཱ་རཱ་བྡྷི་ཛཾ་ཉ་ཕྱིས་དང་། །རྒྱ་མཚོའི་ལན་ཚྭ་དག་ལའོ། །རྀཥ་བྷ་ར་དྷཱ་ཛྭའི་སྒྲ། །བདེ་བྱེད་མཆོད་པའི་ཁྱད་པར་སྐྱེ་ག
เล่ม ๒๑๒ · หน้า 177a
ལ། །དེ་ནས་མུ་ནི་བྷཻ་ཥ་ཛི། །དྲང་སྲོང་རི་བྱི། ཨ་རུ་ར། །འགོམ་པ་ལ་སྟེ་ཛ་མཐའི་སྡེའོ།། །།ཛྷ་ནི་སྤྱོད་པ་རླུང་དག་ལ། །ཞིག་པ་ལ་ཡང་འགའ་ཞིག་འདོད། །ཛྷཾ་ཛྷ་སྒྲ་ཡི་བྱེ་བྲག་ལ། །ཛྷཻ་ནི་ཆུ་འཁྱགས་ཆར་པ་ལའོ། །ཛྷ་མཐའི་སྡེའོ།། །།
ཉ་ནི་དབྱེ་ཁའི་སྒྲ་དང་ནི། །གླུ་ལེན་པ་ལ་འགའ་ཡིས་བཤད། །ཛྙཱ་ནི་མཁས་དང་བློ་ལའོ། །བི་དྷའི་སྒྲ་ནི་རྨོངས་སེམས་པོ། །པྲཱ་ཛྙཱ་བློ་ལ་པྲ་ཛཉཱ་མཁས། །སཾ་ཛྙཱ་མིང་དང་གླུ་ལེན་དང་། །སེམས་པ་དྲང་སྲོང་བུད་མེད་དང་། །ལོང་བའི་ལག་པ་མགོ་དང་ནི། །མིག་རྣམས་ཀྱི་ནི་མཚོན་
བྱེད་ལའོ། །ཀྲྀ་ཏ་ཛྙཱ་ནི་བྱས་པ་ཤེས། །སྙིང་པོ་གཞལ་བྱ་བརྗོད་བྱ་ལྡན། །བུད་མེད་རྣམས་ཀྱི་ལྟ་བ་ལ། །དཻ་བ་ཛྙཱ་ནི་ཚོགས་ཅན་ལ། །བདེ་གཤེགས་བདེ་འབྱུང་སརྦ་ཛྙ། །བདག་དང་གྲོང་ཁྱེར་ཀྵེ་ཏྲ་ཛྙཱ། །ཉ་མཐའི་སྡེའོ།། །།ཊཱ་ནི་ས་ལའོ། ཊ་ནི་སྒྲ། །ཊཾ་ནི་སྤྱི་བླུགས་
ལ་འགྱུར་རོ། །ཨཊྚཾ་ཁྱིམ་གྱི་ཁྱད་པར་དང་། །ཟར་མ། སྐམ་པོ། ཟས་དག་ལའོ། །ཨིཥྚ་རྨི་དང་། མཆོད་སྦྱིན་དང་། །འདུ་བྱེད་རྣལ་འབྱོར་མཆོད་སྦྱིན་ལས། །མཆོད་དང་མཆོག་ཏུ་དགའ་དང་བསྔགས། །ཨིཥྚི་མཆོད་སྦྱིན་མཆོད་དང་འདོད། །བསྡུས་དང་ཚིག་བཅས་སྲད་བུ་
དག །ཀ་ཊ་སྐེད་པ་ཤ་ཀ་དང་། །ཤིན་ཏུའི་དོན་དང་ལྟེ་བ་དང་། །གླང་པོའི་འགྲམ་པ་དམ་ཚིག་དང་། །བྱ་ཡི་རྣམ་པ་རྨད་དུ་བྱུང་། །ཀ་ཊཱི། ཀ་ཊིཾ། ཨཱ་ཀ་དྷི། །ཀཌྛ་ཀཱ་ནི་སུན་འབྱིན་དང་། །པྲྀ་ཡཾ་གུ་དང་། སྐེ་ཚེ་དང་། མྱ་ངན་མེད་དང་དམར་པོ་དང་། །ཚ་བ་རྣམས་ལ་ལྟ་བར་བྱ། །ཀ་
ཊུ་བཅུད་དང་སེར་སྣ་དགའ། །དྲི་བཟངས་རྣོན་པོ་དག་ལའོ། །ཀཥྚཾ་ཐིབས་པོ་དཀའ་འཚེགས་ལ། །ཀུཊ། བུམ་པ། རྡོ་གཞོང་དང་། ཀོ་ཊ་དང་ནི། ཁྱི་ལའོ། །ཀོ་ཊཱི། འོ་མ་འབངས་མོ་ཆང་། །རི་མོ་དང་ནི་གུཙྪ་ཀ། །ཀཱུཊ། ཕུང་པོ་དང་ནི་ཤར། །རྩིབས་དང་ཚུལ་འཆོས་སྒྱུ་མ་གར། །
སྦུན་པ། རྩེ་གསུམ། སཱི་རཱཾ་ག །འཁྲུལ་འཁོར་ལྕགས་གོང་གཡོ་མེད་ལ། །ཀྲྀཥྚི། རྟོགས་དང་མི་དང་འགུགས། །ཀོ་ཊི་གྲངས་ཀྱི་བྱེ་བྲག་དང་། །མཆོག་དང་ཤིན་ཏུ་ཕུལ་བྱུང་རབ། །རྩེ་མོ་གཞུ་ཡི་མཆོག་མ་ལ། །ཀྲུཥྚཾ་དུ་དང་སྒྲ་སྒྲོག་ལ། །ཁ་ཊཾ་བད་ཀན་ཐལ་ལྕག་ལ། །མུན་
เล่ม ๒๑๒ · หน้า 177b
པ་དང་ནི་ཁྲོན་པ་ལ། །ཁཱ་ཊི། ས་བ་ར་ཐ་དང་། །ཀྲྀ་ཎ་ཨེ་ཀ །གྲ་ཧ་ལའོ། །ཀེ་ཊ་སྨོད་དང་ནོར་ལ་དགའ། །ཀ་ཕ་གྲོང་གི་དབྱེ་བ་ལ། །ཀྲྀཥྚ་སྨན་གྱི་ཁྱད་པར་དང་། །ཨ་ཀ་པྲ་ས་བནྡྷ་ལའོ། །གྷ་ཊ་བུམ་པ་གླང་པོའི་འགྲམ། །ཏིང་འཛིན་གྱི་ནི་བྱེ་བྲག་དང་། །བ་ལང་གནས་དང་བྱེད་
པ་ལ། །གྷ་ཊཱའང་བུམ་པ་གླང་པོའི་འགྲམ། །གྷྲྀཥྚི་ཕག་དང་ཀུན་ཏུ་སྒྲོགས། །ཁྱབ་འཇུག་གནོན་དང་སྒྲོགས་བད་ཀན། བྱེད་ལའོ། །གྱོཎྜཱ་རྒྱ་ཤུག །པཱུ་གའོ། །ཙ་ཊུ། ཙཱ་ཊུ། པི་ཙིཎྜ། །གདན་གྱི་བྱེ་བྲག །བརྟུལ་ཞུགས་ལ། །ཛ་ཊཱ། གཅེར་བུར་སྐྲ་རྩ་བ། །སྤང་
སྤོས་ལའོ་ཛ་ཊཱི་ནི། །ལུས་དང་དགོན་པ་ནི་རྐུཉྫ། །རྨ་ཡི་བྱི་དོར། ནགས་ཚལ་ལ། །ཏྲུ་ཊི། འགོད་དང་ཆ་ཤས་དང་། །སུག་སྨེལ་དང་ནི་ཀུན་ཏུ་གདུང་། །དུས་ཀྱི་ཚད་ལའོ་ཏྲོ་ཊི་ནི། །ཀཊྤ་ལ་དང་། ཆུ་དང་ཉ། །ཏྭཥྚ་འཕེལ་དང་། །ཚིག་མདའ་དང་། །བཟོ་བོ་དང་ནི་རྣོན་པོ་དང་། །
དིཥྚི་ཁུ་ཚུར་ཡོངས་སུ་འཇལ། །དིཥྚ། དུས་དང་ཉེར་བསྟན་དག །དྲིཥྚཾ་སྐལ་པ། ཏྲིཥྚི་ནི། །མིག་དང་ལྟ་བ་བློ་རྣམས་ལ། །དྷ་ཊ་དག་ཐ་འཇལ་བ་ལ། །དྷ་ཊཱི་དུམ་བུ་དང་ནི་གོས། །ན་ཏང་སེལ། ཊཱི། ལག་པའི་རྣམ་རོལ་ལ། །ན་ཊ། ཤོལ། ཤཻ་ལཱུ་ཥ། །ཕ་ཊ། གོས་
བཟང་ཡོ་བྱད་སྐྱོང་། །པ་ཊུ་སྨྲ་མཁས་ནད་མེད་དང་། །རྣོ་དང་མཁས་དང་གསལ་བ་དང་། །པ་ཊོ་ལ་དང་། གདུག་དང་སྒྲོགས། །པ་ཊཱུ། ཕྱེ་མ་རྡོ་བ་དང་། །སྤང་ལེབ། བཞི་མདོ། རྨ་སོགས་འཆིང་། །རྒྱལ་པོའི་ལུགས་དང་སྟན་གྱི་དབྱེ། །པ་ཏཱ་རྣ་རྒྱན་རྒྱན་
ཆ་དང་། །རྒྱ་སྐྱེགས་དང་པར་བྱེད་པ་ལ། །བཊྚི་གོས་ཀྱི་བྱེ་བྲག་དང་། །ངག་གི་འདྲེན་དང་ལུག་ཁུར་མ། བུམ་ཅན་ཤིང་། །པུཥྚི་འཕིལ་དང་གསོ་བར་བྱེད། །པཊ་གདེངས་ཀ་ཚུལ་འཆོས་དང་། །འགྲམ་ལའོ་ངལ་གསོ་བྱས་པ་ལ། །པཱཎྚཾ་དེ་ནས་པ་ཊ་ནི། །ནྱ་གྲོ་དྷ་དང་བ་རཱི་
ཊ། །བརྟི་ཅོ་ག་ཀཱ་དང་། མ་ཊཱིར་འདོད། །བྷ་ཊ། པཱ་མ་ར་ཡི་དབྱེ། །དཔའ་བོ་ལའོ་བྷ་ཊི་ནི། །རབ་ཏུ་འགྲོ་བ་ཉིད་ལའོ། །བྷྲྀཥྚ་ཞེས་པ་སྤྱོ་བ་དང་། །སྟོང་བའི་བ་ཊི་ཀཱ་ལའོ། །མུཥྚི་འབྲས་བུ་ཁུ་ཚུར་བཅིངས། །མླིཥྚ་མི་གསལ་སྨྲ་བ་ལ། །ནད་བརྗོད་པ་ལ་མླིཥྚཾའོ། །ཡཥྚི་མདའ་དང་མཚོན་ཆའི་དབྱེ། །
เล่ม ๒๑๒ · หน้า 178a
དོ་ཤལ་མཆོག་དང་དོ་ཤལ་ཆེ། །འཁྲི་ཤིང་རྒྱལ་མཚན་དབྱུག་པ་དང་། །བྷཱ་རྒཱིའོ་རིཥྚི་ནི། །འབྱོར་པ་དང་ནི་རལ་གྲི་ལ། །རིཥྚཾ་བདེ་དང་མི་དགེ་མེད། །ལ་ཊ་རལ་གྲི་རབ་མྱོས་སྐྱོན། །ལཱ་ཊ་ཡུལ་དང་གོས་ཕྱོགས་ལ། །བཱ་ཊ་ལམ་དང་ཚུལ་ལའོ། །བཱ་ཌཱི་ཁྱིམ་དང་ནིཥྐུ་
ཊ། །བི་ཊ་ཥིལྒ་ལན་ཚྭ་དང་། །གྲངས་དང་བྱི་བ་མདའ་དང་སྤྲུལ། །བིཥྚི་ལས་བྱེད་བཟང་པོ་དང་། །པེ་ཏ་ན་དང་མངག་པ་ལ། །ཁྲུཥྚི་ཉིན་མོ་ཐོ་རངས་དང་། །འབྲས་བུ་ཡོངས་སུ་སྨྱུང་བ་ལ། །བླུཥྚི་འབྱོར་པ་རིགས་པ་དང་། །ངེས་པ་ལ་སོགས་འབྲས་བུ་ལ། །ཤ་ཊཱ་རལ་པ་སེང་གེ་ལ། །
བྲིངྚཾ་སྤྲུལ་དང་སྦྱར་བ་དང་། །རྣམ་པར་ངེས་བྱས་བསྐྱེད་པ་ལ། །བྲྀཥྚི་སྤྲུལ་པ་ལེའུ་ལ། །སྥུ་ཊ་གསལ་དང་རྒྱས་དང་ཁྱབ། །སྥུ་ཊི་གསལ་དང་སྦལ་པ་མོ། །རྐང་སྒྲོགས་ལའོ་ཧྲིཥྚ་ནི། །སྥུ་ལོང་དགའ་སྐྱེས་རབ་བསྣུན་ལའོ། །ཨ་བ་ཊ་ནི་བུ་ག་ཅན། །ཁྲོན་པ་ལྷག་མ་དོང་ལའོ། །བ་ཊུ་
དོང་དང་ཁྲོན་པ་ལ། །བུམ་པ་ཡ་མ་ཀུ་ཊ་དང་། །ལྕགས་སྒྲོག་དང་ནི་འཆིང་བ་ལ། །ཨ་རིཥྚ་ནི་སྤུ་བ་ཅན། །གཞོལ་འཕྱང་བྱ་རོག་ཀཾ་ཀའོ། །ཨ་རིཥྚཾ་ནི་བཅས་པའི་ཁྱིམ། །ཏ་ཀྲ་དགེ་དང་མི་དགེའི་མཚན། །ཨུཏྒ་ཊ་ནི་ཤས་ཆེ་དང་། །དར་བ་བདོ་བ་དྲེགས་པའོ། །ཀ་ར་ཊ་ནི་འཚོ་བ་
སྨད། །ཤིང་ཟན་ཉི་མ་བཅུ་གཅིག་པ། །བྱ་རོག་སིལ་སྙན་ཁྱད་པར་དང་། །བྲམ་ཟེ་ངན་དང་ལེ་བརྒན་རྩི། །གདུལ་དཀའ་གླང་པོའི་འགྲམ་པ་དག །ཀརྐ་ཊ་ནི་བུད་མེད་ཀྱི། །བྱེད་པ་ཁྱིམ་གྱི་བྱེ་བྲག་དང་། །སྦལ་པ་དང་ནི་བྱ་ལའོ། །ཀརྐ་ཊཱི་ནི་སྐྲ་ཅན་མ། །ཤཱལྨ་ལི་ཡི་
འབྲས་བུ་ལའོ། །ཀརྟ་ཊ་ནི་འདམ་དང་ནི། །འདམ་རྩིབས་ཀ་ར་ཧཱ་ཊར་གྲགས། །ཀཱ་རྦ་ཊ་ནི་རས་བལ་དང་། །རྒྱ་སྐྱེགས་ལའོ་ཀཱི་ཀ་ཊ། །འཇལ་འཚེད་ནོར་མེད་རྟ་ལའོ། །ཀུརྐྐུ་ཊ་ནི་མ་ག་དྷ། །ཟངས་ཀྱི་གཙུག་ཕུད་ཅན་དང་ནི། །གདིང་བ་སྲད་བུ་འཁྲུ་དང་ནི། །ཀུ་ཀུ་
བྷ་དང་རྡོ་ཅན་ལའོ། །ཀུཀྐུ་ཊཱི་ནི་རྣ་རྒྱན་དབུས། །སེ་གོལ་དགའ་བ་དམན་པའི་དབྱེ། །ཟངས་ཀྱི་གཙུག་ཕུད་ཅན་མ་དང་། །བུད་མེད་ལོག་པར་སྤྱོད་པ་ལ། །ཤཱ་ལ་བྷཉྫི་ཀུ་རུཎྜཱི། །ཛྙི་ཉྫི་ཀཱ་ཡི་དབྱེ་ཀུཎྜ། །ཀྲྀ་སཱི་ཊ་ནི་དགའ་བ་དང་། །ཆུ་དང་སྒྲ་ཚོགས་འབྱུང་གནས་
เล่ม ๒๑๒ · หน้า 178b
དང་། །འཕྲོག་བྱེད་རྣམས་སོ་ཙཀྲཱ་ཊ། །དམན་དང་ཁྲམ་པ་དུག་སེལ་མ། །ཙརྦ་ཊ་ནི་ཁྱབ་པ་དང་། །རྒྱ་ཆེ་བ་དང་ཐལ་ལྕག་དང་། །སརྦ་ཊ་ལའོ་ཙརྦ་ཊཱི། །ཕྱེ་མའི་བྱེ་བྲག་ལ་འགྱུར་རོ། །ཅི་བི་ཊ་ནི་སྣ་ལེབ་དང་། །སྣ་ཉེག་དང་ནི་རི་སྲི་ཏ། །ཙི་རིཎྚཱི་ལེགས་གནས་མ། །ལང་ཙོ་གཉིས་
པའི་བུད་མེད་དང་། །སྤྱོད་པ་མེ་ཏོག་ངན་པ་ལའོ། །ཛ་ཀུ་ཊཱི་ནི་ཛ་ཀུ་ཊཱི། །རི་དང་ཁྱིམ་ལའོ་ཛ་ཀཱུ་ཊཾ། །རྒྱ་མཚོ་ཡི་ནི་ལན་ཚ་ལ། །ཏྲི་ཀཱུ་ཊ་ནི་དུས་བཟངས་ལ། །ཏྲི་པུ་ཊ་ནི་ཞེན་པ་དང་། །ས་ཏཱི་ན་ག་ལ་ཡང་འགྱུར། །ཏྲི་པུ་ཊཱ་ནི་མེ་ཏོག་གི། །དབྱེ་བ་སུག་སྨེལ་དུར་བྱིད་ལ། །ཏྲཾ་གོ་ནི་དྲ་བའི་དབྱེ། །
བྷཽ་ཏཱཉྩ་ལཱི་མ་ཡང་འདོད། །ཏྲོ་ཧཱ་ཊ་ནི་རྔོན་པ་དང་། །ཚིགས་བཅད་རབ་དབྱེ་ལ་འདོད་དོ། །བཱ་ར་ཊི། རྟ། ཙ་ཏ་ཀ། །རོ་ལངས་བརྟུལ་ཞུགས་ཅན་ལའོ། །ནིརྟ་ཊ་ནི་བརྩེ་མེད་དང་། །གཞན་སྣོད་ཁྲག་དང་འབྲས་བུ་མེད། །ནི་རྐུཊ་ནི་སྐྱེད་ཚལ་ཁྱིམ། །ཉ་པ་དང་ནི་སྒོ་གླེགས་ལ། །པརྦ་ཊ་ནི་ཕྱེ་
མ་ཡི། །རྣམ་འགྱུར་དང་ནི་སྨན་བྱེ་བྲག །པ་རིཥྚ་ནི་བསྙེན་བཀུར་དང་། །རབ་ཏུ་གསལ་དང་འཚོལ་བ་ལ། །བརྐ་ཊཱི་ནི་སླ་ཀྵ་དང་། །སཱ་ཀ་ལི་ཡི་ཤིང་དག་ལ། །རས་བལ་ཞིང་ལས་པཱ་ཏྲ་ཊ། །པིཙྪ་ཊ། མིག །ཀི་ཊཱི་རྡུལ། །པིཙྪ་ཊཾ་ནི་ཞ་ཉེ་སོགས། །བ་ར་ཊཱ་ནི་
དད་པ་གསོ། །པ་ར་ཊཱ་ནི་གནྡྷོ་ལཱི། །པརྦ་ཊི་ནི་རྗེ་རིགས་འབྲུ། །བཱརྦ་ཊ་ནི་ཆུ་སྲིན་ལ། །བཱ་རུཎྜ་ནི་བྱིས་པ་ལ། །བྷཱ་ཀཱུ་ཊ་ནི་ཉ་དང་བྲག །བྷཱརླུ་ཊ་ནི་རྔས་འཚོ་བ། །ཆགས་དང་རང་གི་བུད་མེད་ཕྲད། །བྷཱ་བཱ་ཊ་ནི་འདོད་ལྡན་དང་། །ལེགས་དང་ཆ་ལུགས་ལུས་དང་གར། །མརྐ་
ཊ་ནི་སྤྲེའུ་སྡོམ། །བུད་མེད་ཀྱི་ནི་བྱེད་པ་ལ། །མརྐ་ཊི་ནི་སྤྲེའུ་མོ། །སྡོམ་མོ་ནེ་ཙོ་དྲ་བ་དང་། །ལག་པ་ལག་སྐྱེས་ཁྱད་པར་ལ། །མཱརྐ་ཊ་ནི་ས་བོན་དང་། །ཀ་རྐ་ཊ་ཡི་རྒྱལ་བ་ཙི་ན། །སྐྱུ་རུ་ར་དང་བ་ལང་དང་། །དྷུ་ཀའི་འབྲས་ལའང་བལྟ་བར་བྱ། །མོ་ཙ་ཊ་ནི་ཙན་དན་དང་། །ནག་
པོས་འཚོ་དང་ཆུ་ཤིང་གི། །རུས་དང་ཉེ་བར་བྱེད་པ་ལ། །མོ་ར་ཏི་ནི་རྩ་བ་དང་། །ཨཾ་ཀོ་ཊི་ནི་མེ་ཏོག་ལ། །མོ་ར་ཊ་ནི་ཞག་བདུན་དང་། །འོ་མ་མཆོག་དང་མཱུརྦི་ཀཱ། །བལླཱ་ཊ་ནི་གླུ་མཁན་དང་། །འདོད་ཅན་རི་མོ་ཏོག་ཙེས་འཚོ། །བི་ཀ་ཊ་ནི་རྣམ་གཙིགས་དང་། །ཡངས་དང་
เล่ม ๒๑๒ · หน้า 179a
མཛེས་དང་མཆོག་ལའོ། །བེ་ཀ་ཊ་ནི་རྣམ་མཛེས་དང་། །ཉ་དང་ལང་ཚོག་སར་པ་ལ། །བེ་ར་ཊ་ནི་འདྲེས་དང་དམན། །རྒྱ་ཤུག་གི་ནི་འབྲས་བུ་ལ། །ཤཻ་མཱ་ཊ་ནི་ལྷ་ཡི་གཞི། །སེང་གེ་སྐྲ་སྐར་མོན་ཡུལ་ལོ། །སཾ་སྲྀཥྚ་ནི་བཱནྟི་སོགས། །ལེགས་པར་དག་དང་
འགྲོགས་པའོ། །ཧརྨ་ཊ་ནི། སཱོ་མ་དང་། །ཁང་བཟང་། བཾ་གཾ། རུས་སྦལ་ལའོ། །ཨུཙྪིངྒ་ཉའི་དབྱེ་དང་། །སྐྱེས་བུ་ཁྲོ་བར་བྱེད་ལའོ། །ག་ར་ཧཱ་ཊ་ཆུ་སྐྱེས་རྩ། །ཤ་ལྱ། དྲུ་དང་མེ་ཏོག་དབྱེ། །ཀཱ་མ་ཀཱུ་ཊ་ཚོགས་ཅན་མ། །རྣམ་པར་འཁྱམས་དང་ཚོགས་ཅན་དགའ། །
ཀརྤྤ་པུ་ཎ་ངོ་ཚ་མེད། །སྨྱོ་དང་ལོང་བར་བྱེད་པ་ལ། །ཀ་ཊཾ། ན་ཊཾ། ཉ་པ་དང་། །གླ་སྒང་དང་ནི་དམར་པོ་ལའོ། །ཀུཎྜ་ཀཱི་ཊ་ལོང་བ་དང་། །ངག་དང་མངོན་ཤེས་གཡོ་བ་དང་། །ཛཱ་ར་ཛ་ཡི་བྲམ་ཟེ་མ། །བུ་དང་འབངས་མོ་འདོད་ཅན་ལ། །བཊྐ་རཱི་ཊ་སྤང་ལེབ་དང་། །
རལ་གྲིའི་སོ་དང་བརྟུལ་ཞུགས་སྤྱོད། །གཱ་ཌྷ་མུཥྚི་སེར་སྣ་དང་། །རལ་གྲི་དང་ནི་ཆུ་གྲི་སོགས། །ཙཀྲ་བཱ་ཊ། ཀྲ་ཡ་དང་། །ཆུ་ཞེང་མཐའ་དང་། གཙུག་ཕུད་ཤིང་། །ཙ་ཏུཿ་ཥཥྚི་གྲངས་མང་ཆ། །ནཱ་ར་ཀི་ཊ་རྡོ་བའི་བུ། །ལེགས་བྱིན་ཤ་བི། ཧནྟྲྀ་ལའོ། །
བ་ར་བུཥྚ་གཞན་འཛིན་དང་། །གཞན་གྱིས་གསོས་དང་ཚོང་ཟོང་ལ། །པྲ་ཏི། ཀྲྀཥྚཾ་གསང་བ་དང་། །ཞིང་རྨེད་ལས་ནི་གཉིས་པ་ལའོ། །པྲ་ཏི་ཤིཥྚཾ་ཞེས་པ་ནི། །སོ་སོར་བཤད་དང་བསྔགས་པ་ལ། །པརྐཱ་རཱ་ཊ་ཟུར་མིག་དང་། །ཉི་མ་གཞོན་ནུ་
འོད་འབར་དང་། །མིའུ་ཐུང་ཆུ་འཛིན་ཕང་པ་དང་། །ཀཱནྟ་དཏྟ་སེན་མོ་ཉམས། །ཤི་བའི་བིཥྚ་ངན་པ་དང་། །པགས་པ་ངན་དང་དབང་ཕྱུག་ཆེ། །པྲཱཉྩ་ལོ་ཧ་རྣམས་ལའོ། །ཤྲུ་ཏི་ཀ་ཊ། སེམས་མང་སྤྲུལ། །སིཾ་ཧ་ཙྪ་ཊ་ཞེས་པ་ནི། །ཀླུ་ཤིང་དང་ནི་གེ་
སར་ལའོ། །ད་ཤ་ནོ་ཙྪིཥྚ་ཞེས་པ། ཁ་སྦྱོར་དང་ནི་དབུགས་འབྱིན་རྟེན། །པཱ་ཏཱ་ཙམྤ་ཊ་ཞེས་པ། །ལྕགས་དང་འཁར་བ་རྡ་ཟླུམ་དང་། །འཐབ་དང་རྐེད་པ་རིན་ཆེན་ཟེགས། །རླུང་དང་། རྔ་ཆེན། རྒྱ་ཤུག་ལའོ། །ཊ་མཐའི་སྡེའོ།། །།
เล่ม ๒๑๒ · หน้า 179b
ཋ་ནི་ཟླ་བའི་དཀྱིལ་འཁོར་དང་། །སྟོང་པ་བདེ་བྱེད་མཐོ་བའི་སྒྲ། །ཀ་ཋ་ཐུབ་པ་ངེས་བརྗོད་དབྱེ། །ལྷག་པར་དེ་ཀློག་དེ་རིག་ལྷ། །ཀཎྛ་མགྲིན་པ་རྩིབ་ལོགས་དང་། །ཟུག་རྔུ་འཇོམས་དང་སྒྲ་དག་ལ། །ཀཱཎྠཱ་ཕྱོགས་དང་རབ་འགྱུར་གནས། །དུས་ཀྱི་འཇལ་བྱེད་མཚམས་
དང་ནི། །ཐང་ཤིང་ལའོ་ཀཱཥྛཾ་ནི། །བུད་ཤིང་ཀུཎྛ་རྨོངས་ལས་མེད། །ཀུཥྛཾ་ནད་དང་ནད་མཚོན་བྱེད། །གོཥྛ་ནང་དང་ལྟོ་བ་ཁྱིམ། །ཀཱུ་ཤཱུལ་ཁྱེམ། །ཀུ་ཤུལ་དང་རང་གི་བའོ། །གོཥྛི་འདུན་ས་གཏམ་གྱི་ས། །གོཥྛཾ་བ་ལང་ལྷ་ས་ལ་འདོད། །ཛྱཥྛ་ཟླ་བའི་བྱེ་བྲག་དང་། །གཙོ་བོ་དང་ནི་རྒན་པ་
ལ། །ཛྱེཥྛ་ཞེས་པ་སྐར་མ་དང་། །གཏུན་ཤིང་སོར་མོའི་ཁྱད་པར་ལ། །དུཥྛུ་ཉམ་ཆུང་ཐ་མ་ལའོ། །ནིཥྛཱ་ངེས་ཐོབ་རྫོགས་པ་དང་། །ཉམས་དང་མཐའ་དང་ཕུལ་བྱུང་དང་། །སློང་བ་དང་ནི་ཉོན་མོངས་ལའོ། །ཡཱ་ཥཱ་མའི་གནས། པཱ་ཋ་ཀློག །པྲྀཥྛཾ་ལུས་ཀྱི་རྒྱབ་ཕྱི་མ། །
ཕྲཥྛ་སྔོན་འགྲོ་གཙོ་བོ་ལ། །པྲཱཥྛ་གཏུམ་མོ་དང་ནི་སྨན། །བཎྛམྶ་བྱས་ཀུན་ཐོབ་དང་། །གདུང་གི་སོ་དང་མིའུ་ཐུང་། །ཤ་ཋ་ངན་པ་ཁྲམ་པ་དང་། །བར་དུ་གནས་པ་དག་ལའོ། །ཤཱ་ཋ་ལེ་ལོ་རྨོངས་པ་ལ། །ཤྲེཥྛ་མཆོག་དང་ཀུ་བེ་ར། །ཥཥྛི་དྲུག་རྣམས་རྫོགས་
པ་དང་། །འཕྲོག་བྱེད་ཀྱི་ནི་བཙུན་མོ་ལ། །ཧ་ཋ་སྟོབས་ཀྱི་བྱེད་པ་དང་། །པཱ་རི་པ་ལི་དག་ལའོ། །ཨ་པྲཥྛ་ནི་དུས་བྱིས་པ། །ཨ་བཥྛ་ནི་རྗེ་རིགས་ཀྱི། །བུ་དང་གཉིས་སྐྱེས་ཡུལ་ཕྱོགས་ལ། །ཨ་མྦཥྛཱ་ནི་གཾ་གཱ་སྐྱེས། །མའི་གནས་དང་ནི་ཚོགས་ལའོ། །ཀ་ནིཥྛ་ནི་ཆུང་
ངུ་དང་། །ནོ་གོ་ན་ཆུང་ཉམ་ཆུང་དང་། །མཐེའུ་ཆུང་དང་ནི་སོར་མོ་ལའོ། །ཀ་མ་ཋ་ནི་རུས་སྦལ་ལ། །ཀ་མ་ཋཾ་ནི་སྣོད་བྱེ་བྲང་། །ཛ་ར་ཋ་ནི་སྲ་པ་དང་། །སྐྱ་བོ་དང་ནི་གསེག་མར་བརྗོད། །ནརྨ་ཋ་ནི་ཙཱུ་ཙུ་ཀ །གྲོང་ཁྱེར་ལའོ་བྲ་ཀོཥྛ། །རྒྱས་པར་བྱེད་དང་རས་བལ་གཞི། །མི་ཡི་བདག་པོའི་
ཁྲ་མའོ། །པྲ་ཏིཥྛ་ནི་ཞེ་སར་འདོད། །མཆོད་སྦྱིན་སྒྲུབ་དང་གནས་གཞི་དང་། ཡི་གེ་ཚིགས་བཅད་དག་ལའོ། །བ་རིཥྛ་ནི་རབ་མཆོག་མཛེས། །ཏིནྟི་རི་ལའོ་བ་རི་ཥྛཾ། །ན་ལེ་ཤཾ་དང་ཟངས་ལའོ། །མ་ཀུཥྛ་ནི་བསྲུབ་པ་དང་། །འབྲུ་དང་ཕར་འགྲོ་དག་ལའོ། །ལ་གྷིཥྛ་གོས་ཤིན་ཏུ་ཆུང་། །
เล่ม ๒๑๒ · หน้า 180a
བེ་ཀུཥྛ་ནི། །སྐྲ་ཅན་དང་། །བརྒྱ་བྱིན་ལའོ། ཤྲཱི་ཀཎྛ། །རི་སྲས་བདག་དང་། སྒྲ་ངན་དང་། །དུག་སེལ་ལ་ཡང་འགྱུར་བའོ། །སཱ་དྷིཥྛ་འཕགས་ཤིན་ཏུ་བརྟན། །ཀ་ལ་ཀཎྛ་པི་ཀ་དང་། །ཕུག་རོན་དང་པ། སྒྲ་སྙན་དང་། །ཀཾ་
ཀ་རི་དགས་ཁྱད་པར་ལ། །ཀཱ་ལ། པྲྀཥྛ། རྣ་བ་གཞུ། །དནྟ་ཤ་ཐ་སྐྱུར་རྩི་དང་། །ཀ་པིཏྛ་དང་། མཚོན་གྱི་ལས། །ནཱ་རཱངྒ་དང་ཙྩ་ཀྲི་ཀའོ། །ནཱི་ལ་ཀཎྛ་དཱ་ཏྱུ་ཧྰྸོ། །གྱོལ་པོ་དང་ནི་རབ་གཡོ་དང་། །ཀི་ནི་ཀ་ལ་པིཾ་ཀ་དང་། །སེར་པོའི་སྙིང་པོའི་ཅན་དག་ལའོ། །
ཀཱ་ལ་ཀཎྛ་བཞིན་དུ་འཇུག །པཱུ་ཏི་ཀཱཥྛཾ་ཐང་ཤིང་དང་། །ལྷ་ཤིང་དང་ནི། ས་སྐྱེས་ལའོ། །སཱུ་ཏྲ་ཀཎྛ་ཕུག་རོན་དང་། །གཉིས་སྐྱེས་ཁཉྫ་རི་ཊ་ལ། །ཧཱ་རི་ཀཎྛ། ཁུ་བྱུག་དང་། །མགྲིན་པ་དོ་ཤལ་བཅས་ལའོ། །ཋ་མཐའི་སྡེའོ།། །།ཌ་ནི་རི་ཡི་
མགོན་པོ་དང་། །སྐྲག་པའི་སྒྲ་ལའང་བལྟ་བར་བྱ། །ཨཎྜ་བྱ་དང་། ཉ་སོགས་མཛོད། །འདོམ་གྱི་སྒོ་ང་། བརྩོན་འགྲུས་ལ། །ཨཱི་ཌཱ་རྟོགས་པ་བུ་མོ་དག །ཨི་ལཱ་བཞིན་དུ་ས་བ་ལང་། །ཀཱཎྜ་སྡེ་ཆེན། མདའ་དང་དོན། །སྡོང་བུ། སྐབས་དང་ཆུ། དབྱུག་པ། །
མཚམས་དང་། ཀུཏྦཱ། སྡོང་པོ་དང་། །འཕྲོག་དང་། སྨད་དང་བདག་ལྡན་མ། །བུ་དང་ཛཱ་རཱ་ཏ་རྣམས་སོ། །ཀུཎྜི་སྤྱི་བླུགས་ལོ། །ཀུཎྜཾ། ལྷ་ཡི་དྲ་བའི་གཞི། །ཕ་མ་ཡང་ནི་འདོད་པའོ། །ཀྲཱྀ་ཌཱ། རྩེད་མོ་སྨོད་བརྙས་དང་། །ཀུ་རེལ་འོ་ཀྲོ་ཌ་ནི། །དལ་བ་
དང་ནི་ཕག་པའོ། །ཀྲོ་ཌཾ་ཕག་དང་བཀྵས་ལ། །ཁཎྜ་ཕྱེད་མ་བུར་ཤིང་གི། །རྣམ་འགྱུར་ནོར་བུ་སུན་འབྱིན་ལ། །ག་ཌ། ཉ་དང་པར་ལ་འགྲོ། །གུ་ཌུ། སྒུར་རྒྱབ། །བུ་རཾ་ལ། །གཎྜ། བྲེ་དང་སྦྱོར་བའི་དབྱེ། །བསེ་རུ་དང་ནི་ཁུར་ཚོས་དང་། །མཆོག་དང་རབ་དཔའ་
མཚན་མ་དང་། །རྟ་དང་རྒྱན་དང་ཆུ་བོར་ལའོ། །གུ་ཌ་གླང་པོའི་གོ་ཆ་དང་། །ཕྲུ་བ་བུར་ཤིང་རྣམ་འགྱུར་ལའོ། །གུ་ཌ། སྒུ་ཏཱི། རི་ལུ་དང་། །མ་དྷྭཱ་ན་ལ་ཡང་འདོད་པའོ། །གོཎྜ་པཱ་མ་རའི་དབྱེ་བ། །རྒན་པོའི་ལྟེ་བ་ལ་བརྗོད་དོ། །ཙཎྜ་དྲག་པོ་ལྷ་མིན་དབྱེ། །གཤིན་
เล่ม ๒๑๒ · หน้า 180b
རྗེའི་འབངས་དང་ཤིན་ཏུ་ཁྲོ། །ཙཎྜ་ནོར་འཕྲོག་མ་དང་ནི། །དུང་གི་མེ་ཏོག་ཅན་དག་ལ། །ཙི་ཎྜཱི་རི་ཡི་བུ་མོ་དང་། །འཚེ་བྱེད་བཙུན་མོ་ཁྲོ་བྱེད་མ། །ཙཱུ་ཌཱ་གདུ་བུའི་དབྱེ་བ་དང་། །གཙུག་ཕུད་དང་ནི་བ་ཌ་བྷཱུ། །ཙཽ་ཌ་ཡུལ་དང་། གོས་བྱེ་བྲག །ཛ་ཌ། རྨོངས། ལྐུགས་
གྲང་བས་གཟིར། །ཀུཎྜུ་སྨན་ལའོ་བྷཱ་ཌ་ནི། །ཁུ་ཚུར་སོགས་དང་ཡང་དག་འཇལ། །རྩ་ལ་སོགས་དར་རྡེག་པ་ལ། །ཏཱ་ཌཱི་ཐལ་མོ་དང་ནི་ཤིང་། །དཎྜ་གཏུམ་མོའི་ཆ་ཤས་ཀྱིས། །ཡོངས་བསྐོར་དམག་དང་དཔུང་བྱེ་བྲག །ང་རྒྱལ་དབྱེ་བ་གཤིན་རྗེ་འདུལ། །
མངོན་པའི་ང་རྒྱལ་སྲུབ་དང་རྟ། །ཟུར་གྱི་དབྱུག་པ་མཚམས་དང་ནི། །གཟའ་གདོན་མི་བདག་གདུགས་དང་ནི། །ལ་གུ་ཌ་ལ་འདོད་པའོ། །ནཱ་ཌཱི། སྦུབས་རྩ་རྨ་རྣམས་ཀྱི། །གཎྜ། ཏུརྦྦ་དག་དང་ནི། །སྐད་ཅིག་དྲུག་གི་དུས་དང་ནི། །སྤྱོད་པ་དང་ནི། ཀུ་ཧ་ནའོ། །ནི་
ཌཾ་གནས་དང་རིགས་སུ་འགྲོ། །ཉེ་བ་དང་ནི་སྔ་བ་བཅས། །བཎྜ་བློ་དཀར་བཎྜཱ་དང་། །བཎྜ་ཀདྷཱིའི་བདག་དང་དཀར། །བིཎྜི་ལུས་ཀྱི་ཆ་ངག་དང་། །གནས་དང་སི་ཧླ་ཀའོ། །པིཎྜ་ནས་ལས་སྐྱེས་པའོ། །གོང་བུར་བྱས་པ་དག་ལའོ། །པིཎྜི་རྒྱུན་དང་སྟོབས་པོ་
ལ། །ཁྱེམ་གྱི་ཆ་དང་འཚོ་བ་དང་། །པིཎྜི་ཨཱ་ལཱ་བུ་དང་ནི། །འབྲ་གོ་དང་ནི་སྦོས་བྱེ་བྲག །པི་ཌཱ་འཇོམས་དང་བརྩེ་བ་དང་། །ཐང་ཤིང་དང་ནི་མགོའི་མེ་ཏོག །ཙཎྜཱ་རིགས་རྣམས་ཚོགས་པ་ལ། །ཙཎྜ་ལག་སོགས་བོར་བ་ལ། །བྷཎྜ་སྣོད་དང་། རྩ་བ་ཆོད་
པ་ཡི། །ནོར་དང་། རྒྱན་དང་རྟ་ཡི་རྒྱན། །ཆུ་ཀླུང་སྣོད་ལའང་འགའ་ཞིག་འདོད། །ཀུཎྜ་གྲུལ་བུམ་སྦལ་མོ་ལའོ། །མཎྜ་སྙིང་པོ་མཇུག་མ་དང་། །རཎྜ་དང་ནི་རྒྱན་དག་ལ། །མཎྜཱ་མ་མའོཎྜཾ་ནི། །ཕལ་པའི་དབྱེ་བ་ལ་ཡང་ངོ་། །མུཎྜ། སྒྲ་གཅན་མགོ་བོ་དང་། །ལྷ་མ་
ཡིན་གྱི་བྱེ་བྲག་ལ། །རཎྜཱ་བྱ་བའི་ལོ་མ་དང་། །སྨན་དང་བི་དྷ་བ་ལའོ། །བྱཱ་ཌ་ཕྱུག་ལ་འཚེ་དང་སྤྲུལ། །ཤུཎྜ་མྱོས་དང་གྱ་ཚོམ་ལ། །བུཎྜ་ཆང་དང་རྗེ་རིགས་དང་། །སྡོང་བུ་གླང་པོའི་ལག་པ་ལ། །ཤུཎྜཱ་ཆུ་ཡི་གླང་མོ་ལ། །ཤཽཎྜ་མྱོས་པ་མངོན་པར་བརྗོད། །ཤོཎྜི་
เล่ม ๒๑๒ · หน้า 181a
ཟེགས་མ་ཙ་བི་ཀ །ཥ་ཌ་བཏུང་བའི་ཁྱད་པར་དང་། །པདྨ་སོགས་ཀྱི་ཚལ་ལའོ། །ཥཎྜ། བང་རིམ་བདག །པོ་སོགས། །ཀྵེ་ཌ་སྒྲ་དང་ཀ་ར་ལ། །རྣ་བར་བྱུར་དང་རྩུབ་པ་དང་། །འཁྱོག་པོའི་ཀྵེ་ཌཱ་གླང་མོ་དང་། །དཔའ་བོ་རྣམས་ཀྱི་སེང་
གེའི་སྒྲ། །རྒྱབ་ཀྱི་ཟུག་རྔུ་ལ་ཡང་ངོ་། །དཱཀྵྭེ་ཌཾ། ཨརྐ་དམར་པོའི་འབྲས། །དབྱངས་དང་མེ་ཏོག་དུ་ར་སང་། །ཀ་ར་ཎ་ཎི་སྒྲང་རྩི་ཅན། །པཱ་སི་ཀ་རཎྜ་བ་དང་། །འདབ་ཆགས་ད་ལཱ་ཊ་ཀའོ། །ཀུཥྨཎྜ་ནི་ཚོགས་ཀྱི་དབྱེ། སྲིན་བུ་ཀརྐཱ་རུ་དང་མང་ལ། །ཀུཥྨཱཎྜི་ནི་
གཏུམ་མོ་སྨན། །ཀོ་དཎྜ་ནི་སྨིན་མ་གཞུ། །ཡུལ་གྱི་བྱེ་བྲག་ལ་ཡང་ངོ་། །གཱ་རུ་ཌི་ནི་བསྟན་བཅོས་དང་། །དུག་དང་མ་ར་ཀ་ཏ་ལ། །ཏ་རཎྜ་ནི། སྣུམ་ཅན་དང་། །མཆིལ་པ། སྲད་བུ་བཅིངས་པ་དང་། །དངོས་པོ་དང་ནི་གྲུབ་ལའོ། །ཏིནྟི་ཌ་ནི་ལྷ་མིན་དབྱེ། །
ཏིནྟི་ཌི་ནི་གཤིན་རྗེའི་བྲན། །ཤིང་དབྱེ་མུ་ཙཉྩ་ཡི་ཤིང་། །དྲ་བའི་ཌ་ནི་དབྱེ་བའི་སྒོ། །ཚང་གི་ཁྱད་པར་མཁའ་དག་ལ། །ནིརྒུཎྜཱ་ནི་ཏྲ་ཎི་ཀཱ །སྔོན་པོའི་རྟགས་དང་ཆུང་བ་དང་། །འཛིན་དང་། ཀརྷཱ་ཊ་ཀ་ལའོ། །པི་ཙིཎྜ་ནི་སྲ་བ་དང་། །ཕྱུགས་ཀྱི་ཡན་ལག་
ལ་ཡང་ངོ་། །པུ་ཊྱཎྜ་སྤྲུལ་རི་དགས་དྲི། །གནྡྷ་ཀཱི་ཊ་ཀ་ལའོ། །པྲ་ཀཎྜ་ནི་བཀྲ་ཤིས་དང་། །རྩ་བ་ཡལ་གའི་མཚམས་ཤིང་དང་། །ཡལ་གའི་ཚོགས་པ་ལ་ཡང་ངོ་། །པྲ་ཙཎྜ་ནི་རབ་གདུང་དང་། །ངན་འབབ། ལུགས་དང་དཔའ་བོའི་ལག །བ་རཎྜ་ནི་ཆོད་
པ་དང་། །ཡུ་བ་གཎྜ་ཀ་དང་ནི། །བར་གྱི་ཁ་ཁྱེར་དག་ལའོ། །བཱརྟཎྜ་ནི་མཆེ་ཅན་བྱ། །པཱ་རུཎྜི་ནི་སྒོའི་པིཎྜ། །བཱ་རུཎྜ་ཐབས་མིག་དྲི་མ། །གཎྜི་སྟ་ཡི་རྒྱལ་པོ་ལ། །ཁྲུས་ཀྱི་སྣོད་དང་ཐ་བ་ལ། །བྷེ་རུཎྜཱ་ནི་འདབ་ཆགས་མོ། །ལྷ་མོ་དབྱེ་དང་འཇིགས་མ་ལ། །
མཱརྟཎྜ་ནི་གཏུམ་མོའི་འོད། །ཕག་ལའོ་མ་རཎྜ་ནི་སྤྲུལ། །ལམ་དང་། བ་བྱུང་དཀྱིལ་འཁོར་ལ། །བི་ཙཎྜཱ་ནི་རི་སྐེགས་དང་། །རལ་གྲི་གཞོན་མ་གནས་ལ་འཇུག །བི་ཏཎྜ་ནི་རླུང་དབྱེ་དང་། །ཀ་ར་བཱི་རཱི་རྡོ་ཡི་མིང་། །ཀཙྪི་སཱ་ཀ་སཱཛྙཱེ་ལའོ། །ཤི་ཁཎྜ་ནི། རྨ་བྱ་
เล่ม ๒๑๒ · หน้า 181b
གཙུག །ས་པིཎྜ་ནི་བགོ་སྐལ་དང་། །གོང་བུ་དང་བཅས་ནུ་མ་ལ། །ས་རཎྜ་ནི་ས་ར་ཊ། །ཁྲམ་པ་རྒྱན་གྱི་ཁྱད་པར་ལ། །ཨ་པོ་གཎྜ་བྱིས་པ་ཅན། །ལུས་མ་ཚད་དང་ཤིན་ཏུ་འཇིགས། །ཙཀྲ་པཱ་ཌ་རིའི་དབྱེ་བ། །ཙཀྲ་པཱ་ཌཱཾ་ཟླུམ་པོའོ། །ཛ་ག་རཎྜ་ཆུ་སྒྱུར་
བ། །ཆུ་རྡུལ་དང་ནི་སྤྲུལ་དག་ལ། །དེ་བ་ཏཱ་རཱ་ལྷ་ཡི་ཉི། །མཐོ་རིས་སྒང་བྱེད་དབྱངས་ལྡན་མ། །བཱ་ཏཱཿ ཁུ་ཌ་རླུང་དམར་དང་། །བཏྱཱ་ལྕགས་སྒྲོག་མཇུག་མ་ཅན། །གནས་ཙམ་ལ་ཡང་བལྟ་བར་བྱ། །ཌ་མཐའི་སྡེའོ།། །།བྷཱ་ནི་རྡ་དང་ཡོན་ཏན་མེད། །མི་ཟད་པ་
ཡི་སྒྲ་ལའོ། །གྷཱུ་ཌྷ་དབེན་དང་གསང་བ་སྒྲིབ། །ཀཱཌྷ་འཆེ་བ་འདོད་པ་ལ། །དྲྀ་ཌྷ་སྦོམ་པོ་སྟོབས་ལྡན་ལ།།དྲྀ་ཌྷཾ། བཱ་ཌྷ། བྲ་བ། ཌྷ། །མཱ་ཌྷི་འདབ་སོགས་བཅོམ་པ་དང་། །ནོར་དང་། ཞན་དང་གསལ་བ་ལ། །མཱུ་ཌྷ་ལེ་ལོ། །རྨོངས་པ་ལ། །རཱ་ཌྷ་ཚངས་
པ་བཟང་དང་མཛེས། །བ་ཌྷི་དེས་དང་དམ་བཅའ་ལ། །དཽ་ཌྷ་རྒྱས་དང་སྐྱེས་པ་ལ། །ཁྱུབྷཱ་རྒྱ་ཆེ་རྣམ་པ་བཀོད་ཚོགས། །ཥཎྜྷ། སྒྲིབ། ཆར་སྐྱེས་བུ་བཅིངས། །སོ་ཌྷ་བཟོད་པ་དང་ནུས་པ་ལ། །ཤོ་ཟྭ་ཡང་ནི་བཟོད་པ་ལ། །ཨཟླུ་ཟྭ་ནི་དབང་ཕྱུག་ལའོ། །ཨཟླུ་ཊྭཱ་ནི་
བཙུན་མོ་དང་། །ཀྲྀ་ཏ་པཱ་བནྷྱ་ལའོ། །ཨཱ་ཥཱ་ཌྷ་ནི་བརྟུལ་ཞུགས་ཀྱི། །དབྱུག་པ་ཟླ་བ། དྲི་མ་སློང་། །ཨ་བཱུ་ཌྷ་ནི། ཕུང་པོ་སྦོ་མ། །ཨུ་བོ་ཌྷ་ནི་བཀོད་པ་ཚོགས། །པྲ་གཱི་ཌྷ་ནི་བརྟན་དང་དགའ། །པྲ་མཱི་ཌྷ་ཎི། དྲི་ཆུ་འཐུག །པྲ་རཱུ་ཌྷ་ནི་རྩ་བ་བཅིངས། །མཁྲེགས་
པ་དང་ནི་གུར་ལའོ། །བཱ་རཱུ་ཌྷ་ནི་རྒྱགས་དང་མེ། །གོས་དང་གཡོ་བ་སྒོ་གླེགས་ལ། །བི་གྷུ་ཌྷ་ནི། སྨད་དང་སྦེད། །བི་རཱུ་ཌྷ་ནི་སོལ་བ་སྐྱེད། །ས་མཱུ་དཱ་ནི་སརྦ་དང་། །བྷུགྣ། ཉེ་བར་འགྲོ་བ་དང་། །ཕུང་པོ་བྱས་པའོ། །སཾ་རཱུ་ཌྷ། །དར་མ་དང་ནི་མྱུ་གུ་ལའོ། །ཨ་
དྷྱ་རུ་ཌྷ། ཞོན་པ་དང་། །ལྷག་པ་ལ་སྟེ་རྟགས་གསུམ་པ། །ཌྷ་མཐའི་སྡེ་རྫོགས་སོ།། །།ཎ་ནི་གཏན་ལ་ཕབ་དང་ཤེས། །ཎུ་ནི་ཕྲ་དང་བྲམ་ཟེའི་དབྱེ། །ཨ་ཎི་མཆོག་ཏུ་མཁས་པ་དང་། །ཕུར་བུ་མཚམས་དང་ཟུར་ལའོ། །ཨུཥྞ་ཆད་པ་གདུང་བ་དང་། །
เล่ม ๒๑๒ · หน้า 182a
བསྲེགས་པ་དང་ནི་མཁས་པའོ། །ཨཱུརྞ་མཛོད་སྤུ་ལུག་སོགས་པ་ལ། ཀ་ཎ། པྲ་ཟེགས་སོ་བའི་ཆ། །ཀཎཱ་ཛི་ར་བི་སྤ་ལི། །ཆུ་སྲིན་དང་ནི་མཀྵི་ཀཱ །ཀརྞ། རྣ་བ་པྲྀ་ཐཱའི་བུ། །མདོག་བཟང་དང་ནི་ལྟ་བ་ལ། ཀཱ་ཎ། མཽ་ཀྲྀ། ལཱ་བ་དང་། །ལྟ་
བའོ་ཀི་ཎ། རྨ་མཚན་རྟགས། །པྲ་ནོ་རྨ་དང་ཡོན་ཏན་ལའོ། །ཀཱིརྞཾ་ཁེབས་དང་ཡོངས་ཁྱབ་དང་། །འཚེ་བ་མངོན་པར་བརྗོད་པའོ། །ཀུ་ཎི་ཁྱི་དང་གཟིར་བ་ལ། །ཀྲྀཥྞ་ཁྱབ་འཇུག་སྲིད་སྒྲུབ། སྤྲེའུ། །རྒྱས་པ་ལའོ། ཀྲྀཥྞི་ནི། །ན་ལེ་ཤཾ་དང་། ལྕགས་ལའོ། །ཀྲྀ་ཥུ།
ཛྲཽ་པ་དཱི་ནཱི་དང་། །བ་མོ། །དྷཱུ་རཱ། པིསྤ་ལི། །ཀོ་ཎ་མཆི་མར་དབྱུག་པ་དང་། །རོལ་མོའི་དབྱེ་བ་ཀརྐ་སྐྱེས། །པི་ཝཾ་ལ་སོགས་སྦྱོར་ཐབས་དང་། །ཕྱོགས་གཅིག་དང་ནི་ཁྱིམ་རྣམས་སོ། །ག་ཎ་ཚོགས་དང་འཛོམས་བྱེད་གྲངས། །དམག་གི་རབ་ཏུ་དབྱེ་བ་ལ། །གུ་ཎ་གཟུགས་
སོགས། སྙིང་སྟོབས་སོགས། །རིག་པ་སོགས་དང་ལྗང་གུ་སོགས། །འདོད་དང་གཙོ་བོ་མིན་པ་དང་། །མཚམས་སོགས། ཐག་པ། མཽརྦཱི་དང་། །སྤྱང་ཀིའི་ལྟོ་བ་རྣམས་ལའོ། །གེཥྞུ་གར་དང་གླུ་ལེན་ལ། །གྷྲྀ་ཎཱ། སྙིང་རྗེ་སྨད་པ་ལ། །གྷཱ་ཎཾ། སྣ་དང་། གྷཱ་ཏ་ལའོ། །
ཙཱུརྞཾ་ཕྱེ་མར་གྱུར་པ་ལ། །ཙཱུརྞ་ཀྵོ་ད་འགྱུར་བྱེད་དབྱེ། །ཙུརྞཱ་དྲི་ཡི་སྦྱོར་བ་ལ། །ཛེརྞ་ཤིང་དང་ཆ་ཤས་ཟླ་བ། གཏེར། །ཛིཥྞ། ས་དང་། དབང་པོ་མི། །རྒྱལ་བྱེད་ལའོ་ཛཱི་རྞཾ་ནི། །སྨིན་དང་རྒན་དང་མཆོག་ཏུ་རྒས། །རི་ཎི། བཱུ་ག་གདུག་པའི་ལྷ། །ཐོས་པ་དང་ནི་མཁྲེགས་
པ་ལ། །ཏཱི་ཀྵཱ་འགྱུར་བྱེད་ལྷག་པར་རྣོ། །རྣོ་བའི་བདག་ཉིད་ལ་སོགས་ལ། །ཏཱིཀྵྞཾ་ལྕགས་དང་དུག་དང་ནི། །རྒྱ་མཚོའི་ལན་ཚྭ་འཐབ་པ་དང་། །ནས་ཀྱི་རྩེ་དང་སྭོ་ཀ་ཀའོ། །ཏཱུ་ཎི་སྔོན་མོ། ཏཱུ་ཎ་ཆགས། །ཏྲིཥྞ་སྲེད་དང་འདོད་པ་ལ། །ཏཱ་ཎཾ་སྐྱོབ་དང་བསྲུབ་པ་དང་། །སྐྱོང་
དང་སྐྱོབ་པར་བྱེད་པ་ལ། །རཱིརྞཾ། བཅོམ་དང་འཇིགས་པ་ལ། །དེཥྞུ་འཇོམས་བྱེད་གདུལ་དཀའ་ལ། །དྲུ་ཎ་སྡིག་པ་བུང་པ་ལ། །དྲུ་ཎཱི་རུས་སྦལ་མོ་དང་ནི། །ཆུ་ཡི་སྦལ་མོ་ལ་ཡང་ངོ་། །དྲུ་ཎཾ་རལ་གྲི་ལ་ཡང་ངོ་། །དྲོ་ཎ་བྱ་རོག །ཀྲྀ་པཱིའི་བདག །ལུང་པ་བཞི་མདོ་འབྲོག་
เล่ม ๒๑๒ · หน้า 182b
ལའོ། །དྲོ་ཎཱི་ཤིང་དང་འབབ་འབབ་དང་། །བ་ལང་ཟ་དང་ས་དང་ནི། །ཤིང་། ཁྱིམ་རི་དང་མཚམས་དང་ནི། །ཚོང་གི་དབྱེ་བ་ལ་ཡང་ངོ་། །དྷརྞ་གསེར་དང་མཆོད་སྦྱིན་དང་། །པ་ཎ། ཟོང་དང་། གླད་དང་སྦད། །བརྒྱད་ཅུ་དང་ནི་བ་རཱ་ཊ། །ཀཱཪྵཱ་པ་ཎ་དང་ནི་ནོར། །ཚོང་དང་
ཤིང་རྟ་ཆོ་ལོ་དང་། །ཐ་སྙད་ལ་ཡང་དྲན་པར་བྱ། །ཁུ་ཚུར་བཅིངས་པ་ལ་ཡང་ངོ་། །པརྞ། ལྗང་གུ། ཀིཾ་ཤུ་ཀ །པརྞཾ་འདབ་མ། ལོ་མ་ལ། །སཱཪྵྞི་ཞེས་པ་ཕྱི་ཡི་ཆ། །དམག་རྒྱབ་ས་འོག །སྨྱོ་བ་ལ། །པྲཱརྞ་ཆོག་དང་གང་བ་ལ། །པྲཱ་ཎཱ་གནས་དང་པྲཱ་ཎ་ནི། །རླུང་མཆོག་
རླུང་དང་གཡོ་བ་ལ། །པྲཱ་ཎཾ། སྙན་ངག་འཚོ་བ་དང་། །པོ་ལ་དང་ནི། གང་བ་ལ། །ཕ་ནི། བུ་རཾ་བྱེད་པ་ལ། །པཱ་ཎི། བཀོད་པ་དང་ནི་ངག །པཱ་ཎི་སྤྲིན་དང་། རིན་ཐང་ལ། །བྷཱུ་ཎ། བུད་མེད་མངལ་དང་བྱིས། །མ་ཎི་རིན་ཆེན་རྟགས་ཀྱི་རྩེ། །རྭ་དང་མགྲིན་པ་ནུ་མ་དང་། །ཨ་ལིཉྫ་
ར། མུ་ཏིག་སོགས། །མོ་ཎ་པ་ཊ་ཀུཏྶ་ཀ །ནགས་དང་། ཆུ་སྲིན་ཀུམྦྷཱི་ར། །མ་ཀྵི་ཀ། །རྐང་པའི་རྟིང་པ། སྤྲུལ་ཟ་མ་ཏོག །ར་ཎ་ཟུར། སྒྲ། འཐབ་པ་ལའོ། །ར་ཎ། རྡུལ་དང་། ནག་པོ་དང་། བརྤ་ཊ་ལ་པརྤ་ཎི། །བསྟོད་པ་གཟུགས། དུད་འགྲོ། གྲགས་ཡོན་ཏན་དང་། །ཆགས་
དང་བྲམ་ཟེ་ལ་སོགས་དང་། །དཀར་པོ་སོགས་དང་མཛེས་པ་དང་། །ལ་བ་ཁྲ་བོ་བརྟུལ་ཞུགས་དབྱངས། །ཤིང་དང་། ཆ་བྱད། མདོག་མིག་གོ། །བཱ་ཎ་ས་ཡི་བུ་དང་། རྟ། །རྟ་ཡི་ལུས་དང་འབའ་ཞིག་པ། །མདངས་དང་ཛྷིཎྜ་ཅན་ལའོ། །བིཥྞུ་སྲེད་མེད་བུ་ཉི་མ། །བླིན་ནོར་
ལྷའི་དབྱེ་བ་དང་། །པི་ཝང་དང་ནི་གློག་དག་ལ། །པྲྀཥྞ་ཡཱ་ད་བ་དང་ལུག །སཱ་ཥཎྜི་དང་གཏུམ་པ་ལ། །བེ་ཎི་ཆུ་ཀླུང་རི་མོ་དང་། །སྐྲ་བཅིངས་པ་ཡི་ཁྱད་པར་དང་། །ལྷ་ལ་སོགས་པ་ལ་ཡང་ངོ་། །བེ་ཎུ་འོད་མ་མི་བདག་དབྱེ། །ཤཱ་ཎ་ཕྱེད་འདེགས་ཞིང་ལས་དང་། །
འཚེ་བ་དང་ནི་སོག་ལེ་དང་། །གྲང་བ་སྐྱོབ་པའི་ཁྱད་པར་ལ། །ཤཱ་ཎཱི། སྙིགས་དང་ཆུང་ངུ་དང་། །རྣམ་པར་སྙིགས་པ་རྣམས་ལའོ། །ཤོ་ཎ་དགའ་བ་ཆུ་ཀླུང་དམར། །ངང་པ་བྱ་ཁྲ་རྨ་བྱ་དང་། །རྟ་དམར་ལའོ་ཤྲཱ་ཎཱ་ནི། ཀཱ་ཆོ་མའི། །ཐུག་པ་ལན་བརྗོད་བྱ་ལྡན། །ཤྲཱ་ཎཾ།
เล่ม ๒๑๒ · หน้า 183a
འཚེད་པ་ཤྲེ་ཎི་ནི། །ཕྲེང་བ་དང་ནི་ཁྲུས་ལའོ། །སྠཱ་ཎུ་བཟོ་ཡི་ཚོགས་དང་ནི། །འཕྲོག་བྱེད་བརྟན་པ་ངེས་པའོ། །སྠུ་ཎཱ་ལྕགས་ཀྱི་གཟུགས་བརྙན་དང་། །ཀ་བ་དག་ལའོ་ཀྵ་ཎ་ནི། །དགའ་སྟོན་དུས་དབྱེ། སྐབས་དང་ཚིགས། །ཨ་བྷཱི་ཀྵཱ་ངེས་པ་དང་། །
ཤིན་ཏུའི་དོན་ལའོ་ཨ་རུ་ཎ། །སྐྱ་རེངས་དང་ནི་ཉི་མ་དང་། །རུ་རྟ། མི་གསལ་དམར་བ་དང་། །ཐུན་མཚམས་དམར་བ་ཆུ་འདྲ་དང་། །དམར་དང་སེར་སྐྱ་འདྲེས་པ་ལའོ། །ཨ་རུ་ཎ་ནི་དུར་བྱིད་དང་། །བོང་ང་། སྔོ་བསངས་ལེ་བརྒན་ལ། །ཨ་ར་ཎི་ནི་མི་བསྲུབ་དང་། །
སྲུབ་པར་བྱེད་པའི་དབྱུག་པ་ལ། །ཨིནྡྲ་ཎི་ནི་བདེ་སོགས་མ། སྨན། །སིནྡྷུ་ཝཱར་བྱེད་པ་ལ། །བྱཱ་ར་ཎཾ་ནི་མ་མོ་སྟོང་། །ཨཱི་ཀྵ་ནཾ་ནི་མཐོང་དང་བལྟ། །ཨུ་ཥ་ཎཱ་ནི་ཟེགས་མ་ལ། །ཨུ་ཥ་ཎཾ་ནི། སྨན། ན་ལེ་ཤམ། །ཨེ་ཥཱཎི་ནི་རྨ་དང་ལམ། །རྗེས་སུ་འབྲང་དང་སྲང་གི་དབྱེ། །
ཨེ་ཥ་ཎི་ནི་ལྕགས་མདའ་དང་། །རྗེས་སུ་འཚོལ་དང་སྔར་རྗེས་ཅན། །ཀཾ་ཀ་ཎཾ་ནི་ལག་པའི་རྒྱན། །ལག་པའི་སྲད་བུ་མགོ་ཐོད་ལ། །ཀརྟྲི་ནི་ནི། རྩའི་བྱེ་བྲག །ཆུ་ཡི་ལོ་མ་ལ་ཡང་ངོ་། །ཀ་ར་ཎ་ཎི་རྗེའུ་རིགས་དང་། །དམངས་རིགས་དང་ནི་རྗེས་སྐྱེས་ལ། །ཀ་ར་ཎི་ནི་
སྒྲུབ་པོ་མཆོག །ལུས་དང་ལུས་གནས་ལས་དང་ནི། །བྱ་བ་དང་ནི་དབང་པོ་ཞིང་། །བྱིས་པའི་སྨྲ་བ་དབྱངས་ཀྱི་ལུས། །དོ་ཤལ་ཀུན་ཏུ་འཇུག་པ་དང་། །བྱ་བའི་ཁྱད་པར་ལ་ཡང་འདོད། །ཀ་རུ་ཎ་དང་། ཀ་རུ་ཎཱ། །བརྩེ་བ་རོ་ཉམས་ཤིང་ལའོ། །ཀ་རུ་ཎ་ནི་དབང་དང་
ནི། །ལྟ་བ་གླང་མོ་དག་ལའོ། །ཀ་ལྱ་ཎ་ནི་དགེ་བ་དང་། །གསེར་དང་བཀྲ་ཤིས་མི་ཟད་ལ། །ཀཱ་ཀ་ཎཱི་ནི་བཞི་ཆ་དང་། །སྲང་དང་ཚད་ཀྱི་དབྱུག་པ་ལ། །ཀཱ་ཀ་ཎི་ནི་གུཉྫ་དང་། །པ་ཊ་ཙམ་དང་། མཛེའི་བྱེ་བྲག །ཀཱ་ར་ཎཾ་ནི་བསྣུན་དང་བསད། །གཟིར་དང་གནོད་
པའི་བྱེད་པ་ལ། །ཀཱ་ར་ཎཱ་ནི་འབད་པ་ལ། །ཀརྨ་ཎཾ་ནི་འཚེ་བའི་ལས། །གཞན་ལུས་རབ་འཇུག་ཤེས་པ་དང་། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་ལ། །ཀུརྦཱ་ཎ་ནི་གླང་མི་བྱེད། །ཀྲྀ་པ་ཎ་ནི་སྨོད་དང་འབུ། །ཀྲྀ་པཱ་ཎ་ནི། རལ་གྲི་ལ། །མཚན་དང་བྱེད་པོ་ཀྲྀ་པཱ་ཎི། ཀོངྒ་
เล่ม ๒๑๒ · หน้า 183b
ཎ་ནི་ཡུལ་བྱེ་བྲག །ཀོངྐ་ཎཾ་ནི་མཚོན་བྱེ་བྲག །ཀོ་ཀརྞ་ནི་དྲེའུ་དང་། །སྦྲུལ་དང་རི་དགས་དབྱེ་བ་དང་། །ཚོགས་ཀྱི་ཁྱད་པར་མཐེ་བོ་དང་། །མིང་མེད་ཚད་སྨན་མཱུརྦི་ཀཱ །གྲ་ཧ་ཎ་ནི་མི་བདག་ཐོབ། །རང་གིར་བྱས་དང་བྱེད་པ་ལ། །བཟའ་དང་། ཉེར་ཚགས། ཕྱག་
འཚལ་དང་། །རྐྱེན་དང་གུས་པ་དག་ལ་ཡང་། །གྲཱ་མ་ཎཱི་ནི། ནཱ་སི་ཏ། །གཙོ་བོ་བདག་པོ་ལོངས་སྤྱོད་ཅན། །ཚོགས་ཅན། གྲོང་དཔོན། རིམ་རྣམས་ལའོ། །ཙ་ར་ཎཾ་ནི། ཨ་བརྐུ། །འགྲོས་དང་རིན་དང་རྐང་པ་རིགས། །ཙཱ་ར་ཎཾ་ནི་འཁོར་བ་དང་། །མཐའ་དང་། རྒྱུ་བ་
ཟ་བ་དང་། །ཟི་ར། གོ་སྙོད་མཚལ་དང་ནི། །སཽ་བརྩལ་འདོད་དོ། །ཏཱ་ར་ཎི་ནི་སྒྲོལ་བྱེད་ཉི། །གཞོན་ནུ་མ་དང་གྲུ་མཁན་ལ། །ཏ་རུ་ཎ་ནི་ན་ཆུང་དང་། །གསར་པ་འཁྱོག་པོའི་མེ་ཏོག་དང་། །ཅེ་སྤྱང་ཆེན་པོ་དག་ལའོ། །དཀྵི་ཎ་ནི། ཐང་ཤིང་དང་། །གཡོན་མིན་
གཞན་འདུན་རྗེས་སུ་འཇུག །ཨ་པཱ་ཙི་ལས་བྱུང་ལ་འདོད། །དཀྵི་ཎ་ནི་མཆོད་སྦྱིན། སྦྱིན། །རབ་གནས་ཨ་པཱ་ཙཱི་ལའོ། །དུརྦྦ་རྞྞ་ནི་བྱེ་མ་ཅན། །གཟུང་དང་མདོག་ངན་ལ་ཡང་བརྗོད། །དཽརྦཱ་ཎཾ་ནི་མྲྀཥྚིའི་འདབ། །དཱུརྦཱའི་ཁུ་བ་ལ་ཡང་ངོ་། །དྲུ་གྷ་ཎ་ནི་ཐོབ་
དང་། །པ་ར། སཱུ་དྷ་འཚེ་བ་ལ། །དྲ་བི་ཎཾ་ནི་ཕ་རོལ་གནོན། །གསེར་དང་འབྱོར་པ་ལ་ཡང་ངོ་། །དྷ་ར་ཎཾ་ནི་འཛིན་པ་དང་། །ང་རྒྱལ་དབྱེ་བ་དག་ལའོ། །དྷ་ར་ཎཱི་ནི་ས་ལའོ། །དྷ་རུ་ཎི་ནི་ཆུ་དང་ནི། །མཐོ་རིས་དང་ནི་མཆོག་ལ་གནས། །དྷརྨཱ་ཎ་ནི་སྤྲུལ་བྱེ་བྲག །རྐང་
འཐུང་ཁྱད་པར་དག་ལ་ཡང་། །དྷཪྵ་ཎཱི་ནི་རིགས་ཚོགས་མ། །དྷཪྵ་ཎཾ་ནི་མཛོད་དང་དག། །དྷཱ་ར་ཎཱི་ནི་སངས་རྒྱས་གསུང་། །སྔགས་ཀྱི་བྱེ་བྲག་ཟློས་གར་ལ། །དྷི་ཥ་ཎ་ནི་ལྷའི་སློབ་དཔོན། །དྷི་ཥ་ཎཱ་ནི་བློ་དང་གཉིད། །ནི་རྨཱ་ཎཾ་ནི་སྤྲུལ་པ་དང་། །སྙིང་པོ་དང་ནི་
བཀོད་པ་དང་། །ས་མཉྫ་པ་ཞེས་པ་ལ། །ནིཪྻ་ཎི་ནི་ནི་ངེས་འབྱུང་ཐར། །མཛོད་དང་ཨ། པཱངྐ་དང་བཅིངས། །ནིརྦཱ་ཎི་ནི་མྱང་འདས་ཐར། །ནུབ་དང་གླང་པོ་སྐྱེས་བུ་དམ། །ནིཿ ཤྲེ་ཎི་ནི་ཐེམ་སྐས་དང་། །འབྲ་གོའི་རྐང་འཐུང་དག་ལའོ། །བ་ཏྲོརྞི་ནི་སྦྱངས་པའི་
เล่ม ๒๑๒ · หน้า 184a
དར། །བཏྟྲོརྞ་ནི། ཤཱ་ནའི་ཤིང་། །བཀྵི་ཎཱི་ནི་ཀུན་འགྲོ་དང་། །ད་ལྟར་བ་དང་ཉིན་མཚན་ལྡན། །ཕྱོགས་མཐའ་དང་ནི་ཉ་གང་བ། །ཡལ་ག་ཅན་གྱི་དབྱེ་བ་ལ། །པུ་རཱ་ཀཱ་ཀཪྵཱ་པ་ཎའོ། །པུ་རཱ་ཎཾ་ནི་མཚན་ཉིད་ལྔ། །དུས་རིངས་ལོན་པའི་རྫས་ལ་
བརྗོད། །པཱུ་ར་ཎ་ནི་རྫོགས་བྱེད་དང་། །བ་སྐོང་ཕྱེ་མའི་ཁྱད་པར་ལ། །པཱུ་ར་ཎཱི། ཤལྨ་ལི། །གོས་དང་རྩོམ་དང་སྲད་བུའི་དབྱེ། །ཕྲ་གྷ་ཎ་ནི་ཟངས་བུམ་དང་། །ཨ་ལིནྡ་དང་ལྕགས་ཐོ་ལ། །བྲ་མ་ཎ་ནི། བདེན་སྨྲ་དང་། །རྒྱུ་མཚན་གཏན་ཚིགས་བསྟན་བཅོས་དང་། །
ལྕགས་དང་གཅིག་སྐྱོབ་ར་བ་འཇལ། །རྒྱུ་མཚན་འདི་སྙེད་ཅེས་པ་ལའོ། །པྲ་བ་ཎ་ནི་རབ་ཏུ་སྦྱངས། །འབོད་དང་རིམ་གཞོལ། ས། སྐད་ཅིག །བཞི་མདོ་ལའོ། པྲ་བེ་ནི། །འདྲེས་དང་རུལ་བ་དག་ལའོ། །པྲོཀྵ་ཎི་ནི་ཁྲུས་དང་འཆིང་། །བ་ར་ཎ་ནི་ར་བ་ལའོ། །བ་རུ་ཎ་
ནི་ཚུལ་ལའོ། །བ་རུ་ཎཾ་ནི་ཤིང་དབྱེ་དང་། །ལོ་མ་ཁ་བ་ཆུ་བདག་དང་། །ཉི་མ་དང་ནི་ཆུ་ལའོ། །བཱ་ར་ཎ་ནི་གླང་པོར་བཤད། །བཱ་ར་ཎཾ་ནི་དགག་པ་ལ། །བཱ་རུ་ཎཱི་ནུབ་ཕྱོགས་དང་། །མཻ་རེ་ཡ་དང་དུརྦཱ་ཏྲི། །པྲཱཧྨ་ཎཱི་ནི་རྟེན་བྱེད་མ། །གཉིས་སྐྱེས་ཆུང་མ་གཉིས་
སྐྱེས་མ། །པྲྀཀྐཱ་རྣམས་སོ། །པྲཱཧྨ་ཎ། །དེ་བཞིན་པྲཱཧྨ་ཎི་ཞེས་པ། །སྔགས་རིགས་དང་ནི་གཉིས་སྐྱེས་ཚོགས། །བྷ་ར་ཎི་ནི་དམར་པོ་དམ། །བྷ་ར་ཎཱཾ་ནི་རིགས་དང་བླ། །མི་བཟད་མཆེ་བ། བྷཱི་ཥ་ཎ། །ཤལླ་ཥིའི་བཅུད་བྷཱི་ཥ་ཎཾ། །བྷྲ་མ་ཎི་ནི་ཚེར་མ་དང་། །དབང་ཕྱུག་རོལ་
པ་གཡོ་བ་ལའོ། །མཏྐུ་ཎ་ནི་རྨར་དང་། །ཀུན་ཏུ་དོར་བའི་མི་དང་ནི། །སོ་མེད་གླང་པོ་ཆེ་དང་ནི། །མཐོན་པོ་དང་ནི་བེ་ཏ་ལའོ། །མ་སྲྀ་ཎ་ནི་ཀརྐ་ཤ་།སྣུམ་པ་དང་ནི་འཇམ་པ་ལ། །མ་སྲི་ཎཱ་ནི་ཀྵུ་མཱ་ལའོ། །མཱརྒ་ཎི་ནི་སློང་བ་དང་། །མདའ་དང་སེམས་ཅན་ཥཙྙ་ལའོ། །
ཡནྟྲ་ཎཾ་ནི་ངེས་དང་འཆིང་། །སྲུང་ལའོ། པ་ཊོ་ལའི་རྩ་བ། །ར་པ་ཎཾ་དོ། ར་མ་ཎ། །དགའ་བ་དང་ནི་རྩུབ་པ་ལ། །ར་པ་ཎཾ་ནི་སྒྲ་སྒྲོགས་སྒྲ། །རོ་ཥ་ཎ་ནི་ཁྲོ་བྱེད་དང་། །གཞན་སྐྱོན་སྦྱིན་དང་གསེར་བརྡར་བའོ། །རོ་ཧི་ཎི་པ་སྐར་མ་དང་། །རྣ་བའི་ནད་ཀྱི་དབྱེ་བ་དང་། །དམར་
เล่ม ๒๑๒ · หน้า 184b
པོ་སོ་མ་བླ་དང་། །ཀ་ཊུ་རོ་ཧྣི་ཎི་ལའོ། །ལ་བ་ཎཾ་ནི་གཉིས་འཐུང་དབྱེ། །ལ་བ་ཎ་ནི་རོ་བཅུད་བསྲུང་། །རྒྱ་མཚོའི་དབྱེ་བ་མཛེས་དང་གསལ། །ལཀྵ་ཎཾ་ནི་མིང་མཚན་མ། །ལ་ཀྵ་ཎཾ་ནི་དགའ་བྱེད་དཔུན། །ལཀྵ་མ་ཎཾ་ནི། ཟླ་བ་དབང་། །ལགྷྲ་ཁཾ་ནི་མིང་མཚན་བྱེད། །
ལགྷྲ་ཎ་ནི་མཚོ་སྐྱེས་མ། །འོད་ལྡན་མ་དང་དཔལ་ལྡན་མའོ། །བི་བ་ཎཾ་ནི། ཚོང་ཁང་ཟོང་། །ཨཱ་པ་ཎ་ནི་ཚོང་ཟོང་ལ། །བི་ཥཱ་ཎི་ནི་ཕྱུགས་ཀྱི་རྭ། །མཆེ་བ། སྣ་དང་། སོ་དག་ལའོ། །བི་ཥཱ་ཎི་ནི་ལུག་རྭཱ་ཅན། །ཤ་ར་ཎཾ་ནི། སྲུང་དང་འཆིང་། །ས་ར་ཎཾ་ནི་ཁྱིམ་གྱི་གཡབས། །
སཾ་གྷ་ཎཾ་ནི་སྣའི་དྲི་མ། །ཤིཾ་གྷཱ་ཎཾ་ནི་ལྕགས་ཀྱི་རྩ། །འཆིང་བུའི་སྣོད་ལའང་བལྟ་བར་བྱ། །ཤྲ་མ་ཎ་ནི་སྡོམ་བརྩོན་དབྱེ། །སྨད་པའི་འཚོ་བ་ལེགས་མཐོང་དང་། །སྣག་ཚ། ཆང་མ། དགེ་སློང་མའོ། །ཤྲ་བ་ཎ་ནི་རྒྱུ་སྐར་ལ། །ཤྲ་མ་ཎཾ་ནི། རྣ་བ་ཐོས། །ཤྲཱ་བ་ཎ་ཎི་
མཱ་སི་དང་། །སཥྜ་དང་། ད་དྷྱཱ་ལཱིའོ། །ཤྲཱི་བརྞཱི་ནི་བུམ་པ་ཅན་དང་། །གམྦྷ་རི་དང་། པདྨ་དང་། མེ་སྲུབ་བྱེད་པ་རྣམས་ལའོ། སཾ། ཀཱརྞི་ནི་འདྲེས་མ་དང་། །མ་དག་པའོ་པ་ར་ཎི། །ཕྲེང་བ་དང་ནི་ལམ་ལའོ། །སཱ་ར་ཎ་ནི་འབོད་སྒྲོགས་ཀྱི། །བློན་པོ་དང་ནི་ཆང་ནད་
ལའོ། །སཱ་ར་ཎཱི་ནི་འབབ་ཆུ་ཆུང་། །རབ་ཏུ་འབབ་པ་དག་ལའོ། །སུ་བརྞྞི་ནི་གཙུག་ཕུད་གསེར། །བྱ་ཁྱུང་དང་ནི་ཕྲེང་བ་ལ། །སུ་བརྞཱ་ནི་པདྨ་ཅན། །བྱ་ཁྱུང་གི་ནི་མ་ལའོ། །སུ་བརྞ་ནི་གསེར་ལྡན་མ། །ཨ་གུ་རུ་ནག་སོག་པོའི་དབྱེ། །སུ་བརྞཾ་ནི། མདོག་གསེར་
ཞོ། །སུ་ཥེ་ཎ་ནི་སེང་གེ་དང་། །མགྲིན་བཟང་རིག་པ་ལག་ཉིད་ལ། །ཧ་ར་ཎཾ་ནི་གྲུ་ཡི་རྫས། །ལུས་ཀྱི་དོ་ཤལ་ལག་པ་སྙིང་། །ཧ་རི་ཎ་ནི་རི་དགས་སྐྱེ། །ཧི་ར་ཎི་ནི་ལྗང་གུ་དང་། །རི་དགས་བུད་མེད་ཀུན་སྤྱོད་དབྱེ། །ཧཪྵ་ཎ་ནི་གཟེར་གྱི་ས་གཟུགས། །རབ་དགའ་
ལྟོ་བའི་ནད་བྱེ་བྲག །ལྷ་ལ་དད་པ་ལས་བྱུང་བ། །ཧེ་རུ་ཎུ་ནི་བུད་མེད་རིགས། །བུད་མེད་རྡུལ་དང་ཤ་ཏཱི་ལ། །ཧི་ར་ཎ་དང་། ཏི་ར་ཎྱ། །ལྟེ་བ་གསེར་དང་ཁུ་བའོ། །ཀྵེ་པ་ཎཱི་ནི་གྲུའི་དབྱུག་པ། །དྲ་བའི་ཁྱད་པར་དག་ལ་ཡང་། །ཨངྒཱ་རྀ་ཎཱི། ཧ་སནྟཱི། །ཉི་མ་དང་ནི་བོར་
เล่ม ๒๑๒ · หน้า 185a
བ་ལ། །ཨཱ་ཏརྦ་ཎ་ཎཾ་ཚིམ་པ་དང་། །ཀུན་ཏུ་བྱུག་པ་ལ་ཡང་ངོ་། །ཨཱ་ཐརྦྱ་ཎ་སྲིད་བསྲུངས་ཤེས། །བྲམ་ཟེ་དང་ནི་མདུན་ན་འདོན། །ཨཱ་རོ་ཧ་ཎཾ་ཐེམ་སྐས་དང་། །ཡང་དག་འཛེག་དང་རབ་ཏུ་འཛེགས། །ཨུཏྐྵེ་པ་ནི་རླུང་ཡབ་དང་། །སོ་བ་ཉེད་
དང་དངོས་པོ་ལ། །སྐྱུགས་དང་དྲུངས་ནས་འབྱིན་དང་སེལ། །སྟེང་དུ་འདྲེན་དང་། འབྱིན་ལ་འདོད། །ཀཱ་མེ་གུ་ཎ་ཆགས་པ་དང་། ལོངས་སྤྱོད་དང་ནི་ཡུལ་ལ་ཡང་། །ཀཱ་ཪྵ་པ་ཎཱ་སྙིང་པོ་དང་། །རྐོ་བར་བྱེད་པ་ལ་ཡང་ངོ་། །ཧྲཱིརྞ་པརྞ་འབྲ་གོ་ཤིང་། །བི་ཙུ་མརྡའི་ཤིང་
ལའོ། །ཙཱུ་ཌ་མ་ཎི་མགོའི་རིན་ཆེན། །བྱ་རོག་མཆུ་དང་འབྲས་བུ་ལ། །ཛུ་ཧུ་པཱ་ཎ་མེ་འབྲས། གུ། །ཏཎྜུ་རཱི་ཎ་འབུ་དང་ནི། །གཤིན་རྗེའི་ཡུལ་ལ། བརྐ་བ། །ཏེ་ལ་པརྞི་རི་སྐྱེས་དང་། །སིཧྨ་དང་ནི་དཔལ་གྱི་གནས། །དཱཀྵཱ་ཡ་ནི་བགྲོད་དཀའ་མ། །སྣར་མ་དང་ནི་ཤིང་
སྒྲོལ་མ་ལ། །དེ་བ་མ་ཎི་ཞེས་པ་ནི། །ཞི་བ་ནོར་བུ་གཽསྟུ་བྷ། །རྒྱལ་པོའི་མགྲིན་པར་འཁྱིལ་པ་ལ། །ནཱརླེ་ཡ་ཎ་མི་ཉམས་དང་། །འཇིགས་བྱེད་དཀར་མོ་སྲེད་མེད་མ། །ནི་ག་ར་ཎ་ཟས་དང་མིད། །ནི་རཱུ་པ་ཎི་རྣམ་སྤྱད་དང་། །སྣང་བ་དང་ནི་ལྟ་བ་ལ། །ནི་སྟི་ར་ཎཾ་ངེས་
སྒྲོལ་དང་། །ཐབས་དང་ངེས་པར་འགྲོ་བ་ལ། །ནིཿ ས་ར་ཎི་སྒོ་དང་གྲོལ། །ངེས་འབྱུང་ཐབས་དང་འཆི་བ་ལ། །བ་རཱི་ར་ཎ་རུས་སྦལ་དང་། །དབྱུག་པ་པ་ཊ། བླ་ཊ་ཀ །སརྦ་རླ་ཎ།རྡོ་ལེབ་དང་། །མད་དང་ལ་བདག་དང་ནི། །ལོ་མ་ཕྱེ་མའི་ཁུ་བ་དང་། །དཀར་པོ་དྲི་ཞིམ་
ཚོགས་རྣམས་ལ། །པ་ར་པ་ཎི་བཤད་པ་དང་། །ཆོས་ཀྱི་སྦྱིན་པ་བེའུ་ལ། །པ་རཱ་ཡ་ཎཾ་ལྷུར་ལེན་དང་། །མངོན་འདོད་དང་ནི་རྟེན་ལའོ། །པཱ་རཱ་མ་ཎི་ཕ་རོལ་བགྲོད། །ཡང་དག་ཀུན་ཆགས་ལ་བར་བ་དང་། །བཱི་ལུ། བརྞཱ་མཱུརྦྲ་དང་། །གཟུགས་དང་སྨན་གྱི་དབྱེ་བ་
ལ། །པུཥྐ་རི་ནི་མཚོ་སྐྱེས་དང་། །ལག་ལྡན་དང་ནི་ཆུའི་གཞི་ལ། །པྲ་ཏི་པ་ཎ་འདུ་བྱེད་དང་། །ཉེ་བར་འཛིན་དང་འདོད་པ་ལ། །པྲ་བཱ་ར་ཎཾ་འགོག་པ་དང་། །འདོད་བྱ་སྦྱིན་དང་སྒྲིབ་པ་ལ། །པཱ་ར་བཱ་ཎ་ཡ་ལད་དང་། །གོ་ཆ་ཐམས་ཅད་ལ་ཡང་ངོ་། །མཱི་ནཱ་མཱི་ཎ་རྐང་
เล่ม ๒๑๒ · หน้า 185b
འཐེང་དང་། །སྤྲུལ་གྱི་ཤུན་པ་དག་ལའོ། །རཀྵ་ར་ཏུའི་ལྲི་དང་། །བཱ་ལ་ཤ་ཡི་མེ་ཏོག་རྡུལ། །རཱ་ག་ཙཱུཎྜ་དྲན་པ་དང་། །ཁྲག་དང་བྱ་མ་སོ་རྒྱུག་པའོ། །རེ་རེ་ཧཱ་ཎ། ཕྱུགས་བདག་མཁའ། །ལམྦ་ཀརྞ་ར་དང་ནི། །ཨངྐོ་ཐ་དང་ས་སྐྱེས་ལའོ། །པི་དཱ་ར་ཎི་འཐབ་
པ་དང་། །འབྱང་བ་དང་ནི་སྤྱོ་བ་ལ། །བཻ་ཏེ་རཱ་ཎཱི་ཞེས་བྱ་བ། །ཡི་དགས་ཆུ་ཀླུང་སྲིན་པོའི་མ། །ཤི་ར་པཱ་ཎི་མདའ་ཡི་ལྟོང་རྐ ། །སཱ་ཡེ་ཀྱང་དམངས་འཚོ་བའོ། །སི་ལ་རི་ཎི་སྤྱོད་པ་ཡི། །དབྱེ་བ་དང་ནི་ཏ་ཀྲིའི་དབྱེ། །རིན་པོ་ཆེ་དང་མལླི་ཀཱ། །བ་སྤུའི་ཕྲེང་བ་ལ་
ཡང་བརྗོད། །ས་མཱི་ར་ཎ་རླུང་དང་ནི། །པྲི་བ་མེ་ཏོག་བམ་ལའོ། །སཾ་པ་ར་ཎཾ་འཁོར་བ་དང་། །སླར་ཡང་འགྲོ་དང་བ་ལང་གྲོང་། །ལམ་པོ་ཆེ་དང་འཐབ་མོ་རྩོམ། །བསྲུ་བ་དང་ནི་འཆོལ་བའོ། །ཧ་སྟི་ཀརྞ་ས་ལཱ་བ། །ཨེ་རཎྜ་དང་ཚོགས་ཀྱི་དབྱེ། །ཨ་བ་གྲ་
ཧ་ཎཾ་ཞེས་པ། །ལོ་སར་འགོ་དང་མ་རྩོམ་པ། །ཨ་བ་ཧཱ་ར་ཎེ་ཞེས་སོ། །འབྱུང་པོ་འབེབས་དང་ཨཉྩལ་མཆོད། །ཨ་པ་ཏཱ་ར་ཎཱ་ཞེས་པ། །ཀུན་བཤད་ཆ་དང་མཆོད་པའི་ཚོགས། །པ་རི་བྷཱཥ་ཎཾ་ཞེས་པ། །སྨོད་དང་ཉེར་དམིགས་ཉིད་དང་སྨྲ། །བྲ་བིརླ་ར་ཎ་ཞེས་པ། །
འཛིན་ས་དང་འཁྲུགས་པ་དག་ལའོ། །མོཎྜཱ་ཀ་བརྞ་པ་ཤིང་། །ཀཤྱན་ཀ་དང་ཨ་རཱ་ལི། །ཀ་བཱ་ཏ་ར་དག་ལའོ། །མཎྜཱུ་ཀ་པིརྞི་ཞེས་པ། །ལེ་བརྒན་ཚངས་མ་པ་ཡང་ལྕེའོ། །མཏྟ་ནཱ་ར་རྞ་ཞེས་པ། །མྱོས་ཤིང་གདུལ་དཀའི་གླང་པོ་དང་། །ཁང་བཟང་དང་ནི་ཚད་གང་གི་བ་
རཎྜ་དང་ཕྱི་རྟེན་དང་། །པ་རུ་ར་ཡི་ཤིང་ལའོ། །ར་མ་ཧརླ་ཎཾ། བུ་ལེང་། །པཱ་ཏ་རཱ་ཡ་ཏི་ནི་སྨྱོ། །རྩེགས་པ་དང་ནི་འཚོལ་བ་དང་། །བཞད་ཀྱི་གོམ་པ་ལག་པའི་འདོག །ཅུང་ཟད་བྱེད་པ་མེད་པ་ལའོ། །དེ་ཧ་ད་ལཀྵ་ཎཾ་ནི། །ན་ཚོད་མཚམས་དང་མངལ་ལའོ། །ཡཽ་བ་
ཡ་ལམྦ་ཎཾ་ནི། །འོ་མ་འཛིན་དང་མཛེས་པར་འདོད། །སྣ་ཚོགས་གསལ་བ་ལས་ཎ་མཐའི་སྡེའོ།། །།ཏཱ་ནི་སྐྱོང་བྱེད་སྐྱོང་བ་པོ། །ཏ་ནི་ཚེམས་ཀུན་ཕག་གི་མཇུག། །ཨཾ་ཀ་རྣམ་དག་ཁྱབ་པ་ལ། །ཨནྟ་འཇིག་དང་ཡིད་འཕྲོག་དང་། །རང་བཞིན་ལའོ་ཨ་ན།
เล่ม ๒๑๒ · หน้า 186a
རབ་མཐའ་དང་ནི་ཉ་བ་ལ། །ཨརྟི་གཟིར་བ་གཞུ་དང་རྩེ། །ཨསྟ་ནུབ་ཀྱི་རི་བོ་ལ། །ཨསྟ་འཕངས་དང་སོང་བ་ལ། །ཨཱསྟ། འདུན་ས་བཟུང་བ་ལ། ཨཱ་བྷི་སྡོམ་དང་འཐོབ་པ་ལ། །ཨ་ཏཾ་མཁས་དང་། རྟོགས་པ་ལ། །ཨཱི་ཏི་ཆར་ཆེས་ལ་སོགས་
དྲུག །ཌི་སྦ་དང་ནི་སྲ་བཱ་ས། །ཨུསྟི་སྨྲ་དང་ཡི་གེ་གཅིག །འདུན་པའོ་ཨཱུ་ཏི་ཞེས་བྱ་བ། །སྲུང་བར་བྱེད་དང་། །སྠུ་ཏིའོ། །རི་ཏ་ནུ་ཉའོ་རྡོ་དང་ཆུ། །རི་ཏི་བདེན་དང་འགྲོ་བ་དང་། །འབར་བ་དང་ནི་མངོན་པར་མཆོད། །ར་ཏི་འགྲོ་དང་སྨད་པ་དང་། །འགྲན་པ་དང་ནི་བཀྲ་
ཤིས་ལ། །ནི་ནཱི་དུས་སྐྱེས་སྣང་བ་དང་། །དཔྱིད་ལ་སོགས་དང་བརྟན་པ་ལ། །ཀནྟ་འགྲོ་བ་ཟལ་པོ་དང་། །ཡིད་དུ་འོང་དང་དགའ་བ་དང་། །རྡོ་བ་ལའོ་ཀཱནྟཱ་ནཾ། པྲི་ཡང་ཀུ་དང་། །དགོན་པ་ལ། །ཀཱནྟི་མཛེས་དང་མངོན་འདོད་ལ། །ཀཱིརྟི་གྲགས་པ་བསྟར་བ་དང་། །
ཁང་བཟང་དང་ནི་རྒྱ་ཆེན་ལ། །ཀུནྟུ་བྲཱ་ས་བ་ལང་འཇོ། །རང་བཞིན་སྲོག་ཆགས་ཆུང་ངུ་ལ། །ཀུནྟི་སྐྱབ་སེང་བཙུན་མོ་ལ། །ཀྲྀ་ཏྲཾ། གུ་གུ་ལ་ཤིང་དང་ནི། །ཤལླ་ཀི་དང་བདེན་པ་ཟུང་། །འབྲས་བུ་མེད་དང་རྣམ་གྲངས་འཐོབ། །བྱས་དང་ཀུན་ཏུ་ཕན་པ་ལ། །ཀྲྀ་ཏི་འཆིང་
དང་བྱེད་པ་ལ། །ཀྲྀ་ཏི་ཛི་ལ་དང་ནི་གནས། །ཀྲྀ་ཏི། །རུ་སྦལ་གྲོག་དང་། །བྱས་པ་ཅན་ལ་རབ་ཏུ་བརྗོད། །ཀེ་ཏུ་བཟའ་ཡི་བྱེ་བྲག་དང་། །གྱེན་དུ་འགྲོ་དང་འོད་མཚོན་བྱེད། །རྒྱལ་མཚན་དང་ནི་སྒྲ་ལའོ། །ཀྲ་ཏུ། །མཆོད་སྦྱིན་ཐུབ་བྷེ་ལུ། །ག་ཏི་འདུ་ཤེས་དཀའ་ཐུབ་
ལ། །ག་ཏི་བཅུ་དང་འགྲོ་བ་དང་། །ཡེ་ཤེས་ལམ་དང་ཁས་བླངས་དང་། །རྩ་ཡི་རྨ་ཡི་འགྲོ་བ་དང་། །སྐྱེ་བོའི་ཁྱད་པར་ལྟོ་བ་ལ། །གརྟྟ་དོང་གསུམ་བྱེ་བྲག་དང་། །ཀུ་ཀུནྡུ་ར། སའི་གཡངས། །གཱ་རུ་ཏྲི་ལ་འཁོར་དང་འཕྱང་། །ཁྲོ་བྱེད་ཁུ་བྱུག་ཕོ་ལའོ། །གི་ཏི། །སྡེབ་
སྦྱོར་བྱེ་བྲག་གླུ། །གཱི་ཏཾ། །གླུ་དང་སྒྲ་ལའོ། །གུཔྟ་བསྲུང་དང་སྦེད་པ་ལ། །དམངས་རིགས་ཟླ་བ་སྔ་མ་ཅན། །གུནྟི་ཡི་གེའི་ཁྱིམ་དོང་དང་། །བ་ལང་སྐྱོང་བསྲུང་། །གཤིན་རྗེའོ། །གྲ་སྟི་ཟོས་དང་བྱས་པ་ལ། །ལུཔྟ་མདོག་དང་རྐང་པ་འབྱུང་། །བྷཱ་ཏ། །བསྣུན་དང་ཚེར་མ་ལ། །
เล่ม ๒๑๒ · หน้า 186b
གྷརཾ་ཏཾ་གསལ་དང་། སྣང་བ་ཆུ། །ཙི་ཏི་ཚོགས་དང་། བསགས་པ་ལ། །ཙི་ཏི་འདུས་དང་། །ཚོགས་པ་དང་། སྐབས་དང་སྒྱེད་པུ་ལ་ཡང་ངོ་། །ཛ་ཙཾ། སྐྱེ་པ་ཚོགས་དང་སྐྱེ། །ཛ་ཏི་སྤྱི་དང་ཕྲེང་བ་ཅན། །སྡེབ་སྦྱོར་དབྱེ་བ་རིགས་དང་སྐྱེ། །ཛཱ་ཏི་ཕ་ལ་ལ་ཡང་ངོ་། །འགྲོ་བྱེད་
གཡོ་བ་སྒྱེད་པུ་ལའང་། །ཛྙཱ་ཏི་རིགས་བཟང་པ་ལའོ། །ཏ་ཏ་རླུང་ལའོ། །ཏ་ཏཾ་ནི། །པི་ཝང་ལ་སོགས་རོལ་མོ་ལ། །པྲཔྟ་རྣམ་པར་རྒྱས་པ་ལ། །ཏཱ་ཏ་རྗེས་བརྩེ། སྐྱེད་པ་པོ། །ཀིཀྟ་རོ་དང་དྲི་བཟངས་ལ། །ཏིཀྟཱ་ཀུ་ཊུ་རོ་ཧི་ཎཱི། །ཏིཀྟཾ་པརྦ་ལ་འདོད། །ཏྲེ་ཏཱ་དུས་དང་
མི་གསུམ་ལ། །དཏྟཾ་བཱི་ཤྲཱ་བི་ཏ་དང་། །ཨ་བི་ཏའོ་དནྟ་ནི། །སོ་དང་གླང་པོ་དག་ལའོ། །དནྟི་སྨན་གྱི་བྱེ་བྲག་དང་། །དཱནྟ་དཀའ་ཐུབ་ཉོན་མོངས་བཟོད། །དུལ་བར་གྱུར་བ་ལ་ཡང་ངོ་། །དི་ཏི། །སྦྱིན་དང་དུམ་བུ་ལ། །དཱིཔྟ་འབར་དང་བསྲེགས་པ་དང་། ངེས་པར་
གསལ་བ་ལ་ཡང་འགྱུར། །ཏྲྀ་ཏི་པགས་པ་སྦྱར་དང་། །ཉ། །གྲིཔྟ་མ་སྒྲིབས་ནུས་པ་ལ། །རླུ་ཏི་འབར་དང་། །མཛེས་དག །དྲུ་ཏཾ། མྱུར་དང་རྣམ་པར་འགྲོ། །རྣམ་པར་ཞུམ་དང་མྱུར་འགྲོ་ལ། །དྷཱ་རུ་ཚངས་པ་ཡོངས་སུ་སྐྱོང་། །བྱ་བའི་དོན་དང་ཁུ་བ་དང་། །བད་ཀན་
སོགས་དང་ཁྲག་སོགས་བཅུད། །འབྱུང་བ་སོགས་དང་ས་སོགས་དང་། །ལྡོང་རོས་སོགས་དང་ཀོ་ལཱ་ཧྭ། །ཁྱད་པར་བཙག་དང་མིག་རྣམས་ལའོ། །དྷུ་ཏི། །རྣམ་པར་གསལ་དང་དོར། །དྷི་ཏ་བསྒུལ་དང་བཅོས་པ་ལ། །དྷཱུ་དྷཾ། །ལན་ཚྭའི་དུམ་བུ་དང་། །ངན་པ་དང་
ནི་གཡོ་ཅན་ལ། །དྷྲྀ་འཛིན་དང་མཆོག་ཤེས་དང་། །བརྟན་དང་རྣལ་འབྱོར་བྱེ་བྲག་ལ། །ན་ཏ། །ཏི་ག་ར་ཡི་ཤིང་། །འཁྱོག་པོ་དང་ནི་འདམ་བུ་ལ། །ནཱ་ཏི། །ཚུལ་དང་ཐོབ་པ་ལ། ནྲྀ་ཏུ། །འབུ་དང་གར་མཁན་ལ། །བཀྟི་འཚེང་དང་གུས་པ་ལ། །པིངྐཱ་ཕྲེང་དང་བཅུ་པ་དང་། །
ཡི་གེ་བཅུ་པའི་བྲྀཏྟ་ལ། །པ་ཏི་ཁྱབ་བདག་རྩ་བ་དང་། །འགྲོ་བ་ལའོ་བཏྟི་ནི། །རྐང་ཐང་དཔའ་བོ་དམག་བྱེ་བྲག །པ་ཏི་ལྟུང་དང་སྐྱོབ་པ་ལ། །བཱི་ཏི། །སེར་དང་ཡཱ་ཙཱནྟ། །སྐྱོང་བ་དང་ནི་ཡུང་བ་ལ། །པཱི་ཏཱ། བཏུང་བ་དང་ནི། །རྟ། །པཱི་ཏཱི། །བཏུད་པའོ། །པི་སྟཾ་ནི། །རྣམ་ཤེས་དང་
เล่ม ๒๑๒ · หน้า 187a
ནི་གླེགས་བམ་བྲིས། །བཱུ་ཏཾ་གཙང་བྱེད་ཤ་ཊི་ཏ། །བཀངས་དང་བཀབ་དང་ཤར་བུ་བྱས། །པཱུརྟི་གྲང་བ་འོབས་སོགས་ལས། །པོ་ཏ་བྱིས་པ་དང་ནི་གུ། །པྲཱ་ཏི། །གང་བ་ཕྱོགས་གཅིག་ལ། །བྲཱཔྟི་ཆེར་འབྱུང་ཐོབ་པ་ལ། །པྲཱབྟཾ་ཐོབ་དང་མཉམ་
སྐྱེས་དང་། །པྲཱི་ཏི་རྣལ་འབྱོར་དབྱེ་བ་དང་། །དྲན་པ། །བུ་དང་། །དགའ་དང་། །རངས། །པྲཱི་ཏི་དགའ་དང་རྩེད་འཇོ་ལ། །པྲ་ཏ། །རོ་དང་འབྱུང་པོའི་དབྱེ། །པི་ཏི་གོས་དང་ཕྲེང་བར་རྒྱུས། །པླུ་ཏ་ཕྱི་མོ་གསུམ་ལའོ། །བླུ་ཏཾ། མྱུར་བའི་འགྲོས་དང་ནི། །ཆུ་ལ་རྐྱལ་གྱིས་འགྲོ་
བའོ། །བྷཀྟི་རྣམ་པར་དབྱེ་དང་གུས། །བྷརྟཱ་རྗེ་བོ་འཛིན་པ་པོ། །བྷིཏྟི་རྩིག་པ་དབྱེ་བ་དང་། །གོ་སྐབས་ཆ་དང་ཕྱོགས་རེ་བ། །བྷི་ཏཾ་འཇིགས་དང་འཇིགས་བཅས་ལ། །བྷཱི་ཏི། །སཱ་དྷྭ། །བ་ཀྲྀ་མྦ། བྷཱུ་ཏ་ལྷ་ཡི་སྐྱེ་གནས་ཀྱི། དབྱེ་བ་དང་ནི་ལྷ་ལྡན་པ། །ཐོབ་དང་སྤྱོད་པ་
ལ་ཡང་ངོ་། །བྷཱ་ཏཾ་རིགས་དང་བདེན་པ་དང་། །ཉེ་པར་མཇལ་དང་ས་སོགས་ལ། །ཤ་ཟ་ལའང་བརྗོད་པར་བྱ། །བྷཱུ་ཏི་གླང་པོ་སྒེག་པ་དང་། །འབྱོར་པ་ཐལ་བ་སྐྱེ་བ་དང་། །བྷི་ཏི་འཛིན་ཐོབ་རིན་དག་ལ། །བྷྲནྟི་འཁྲུལ་དང་ལོག་པའི་བློ། །མི་གནས་དཔའ་བོ་མ་ཏ་ནི།
མཆོད་དང་རྗེས་སུ་འགྲོ་བ་ལ། །མི་ཏི། བློ་དང་དྲན་དང་འདོད། །མནྟ་ཤེད་བུ་མཆོག་གནས་ལ། །མཱ་ཏཱ་ཁ་ལང་ཚང་མ་སོགས། །སྙན་ངག་མཁན་དང་བཅས་པ་དང་། །དཀར་མོ་དང་ནི་ས་ལའོ། །གཞན་ཡང་གཡང་བདག་མཱ་པཱ་ཀ། །རབ་ཏུ་རྔམ་ཅན་རྣམས་ལའོ། །
མི་ཏི། །ཚང་དང་ཀུན་ནས་སྤྱོད། །ཀུཀྟུ་ཐར་དང་གྲོལ་བ་ལ། །མུཀྟ་ཐར་བར་གྱུར་དང་དོར། །མུཀྟ་མུ་ཏིག་ཉིད་ལའོ། །མཱུརྟཾ། མཁྲེགས་པ་ལྡན་པ་ལ། །མཱུརྩྪ་རྨོངས་བརྒྱལ་སྲ་བ་ལ། །མུརྟི་ལུས་དང་སྲ་བ་ལ། །མྲྀ་རྟཱ་འཆི་དང་བློ་གྲོས་དང་། །མྲྀ་ཏཾ། སློད་དང་ཤི་བ་ལ། །
ཡ་ཏི་ཀློག་གཅོད་སྡོམ་བརྩོན་དང་། །ངེས་འབྱེད་ལའོ་ཡནྟཱ་ནི། །སྲད་བུ་དང་ནི་འདུག་པ་ལ། །ཡུཀྟི་སྦྱོར་བ་རིགས་ཚུལ་ལ། །ཡང་དག་ལྡན་པ་ཡུ་ཏ་སྟེ། །ཡུ་ཏཾ་ཐོ་བཞི་བ་ལ་ཡང་། །རཀྟཾ་ཁྲག་དང་རྗེས་སུ་ཆགས། །དམར་པོ་དང་ནི་ཚོང་ལ་སྟེ། །ནུབ་ཕྱོགས་
เล่ม ๒๑๒ · หน้า 187b
སྐྱུ་རུ་ར་དང་ནི། །གུར་གུམ་དང་ནི་ཟངས་ལ་ཡང་། །ར་ཏཱི་གསེར་དང་ནགས་ཚལ་ཆགས། །ཡིད་བསྲུབ་དང་ནི་བཙུན་མོ་ལ། །ར་ཏི་རབ་དགའ་གསང་བ་ལ། །ར་ཏཱུ་འབབ་ཆུ་དང་ནི་ལམ། །རཀྟཾ་སྟོང་པ་ནགས་ཚལ་ལ། །རཱི་ཏི་ཚིག་དང་ལམ་ལའོ། །རཱི་ཏི་རྟ་དང་
རབ་སྤྱོད་དང་། །ལྕགས་ཀྱི་རྩ་དང་ཐེར་ཟུག་མིན། །ས་ཏཱ་སྦྲང་རྩི་སྐྱེས་ལྕུག་མ། །ཡལ་ག་བྲྀ་ཀཱ་པྲྀ་ཡངྐུ། །ལ་ཏཱ་འོད་ལྡན་མ་དང་ནི། །གླ་རྩི་དང་ནི་དུརྦའོ། །ལུཔྟཾ་རྣམ་པར་ཕྱུག་པ་དང་། །དུག་ཆང་དང་ནི་འཁྱོགས་སོག་ལ། ལཱུ་ཏཱ་སྲོག་ཆགས་སྡོམ་དང་ནི། །གྲོག་
མ་ཆུ་ཀླུང་ཁྱད་པར་རོ། །ལོ་ཏཾ་ཆོམ་རྐུན་རླངས་པ་དང་། །སྨྲ་བྱེད་སྨྲ་མཁས་མཁས་པ་ལའོ། །བསྟ་གནས་དང་ལྟེང་ཀ་དང་། །ལུས་དང་སྒྲོན་མེ་བཅུ་པ་དང་། །མར་མེ་སྨན་དང་སྤྲུལ་བ་དང་། །མིག་དང་མིག་སྨན་ཡི་གེ་ལ། །བརྟི་ལུས་དང་རྗེས་སུ་བྱུག། བརྟཾ། ནད་
མེད་སྙིང་པོ་མེད། །བཱརྟཱ་སྤྱོད་མཐའ་ཞིང་ལས་སོགས། །ཞིང་ལས་མ་དང་། །སྤྱོད་པ་ལ། མ་ཏ། སྤྱོད་ཚུལ་ནི་རུག་དང་། །ཨུརྦ་ཏིའོ་བིཏྟཾ་ནི། །འབྱོར་པ་ལ་ནི་ཡང་དག་འདོད། །རྣམ་པར་གཅད་དང་ཤེས་པ་དང་། །འཐོབ་པ་ལ་ཡང་བརྗོད་པར་བྱ། །ཤེས་དང་རྙེད་དང་
འབྱུང་བ་ལའང་། །བཱི་ཏཾ་སྙིང་པོ་མེད་པ་དང་། །གླང་པོ་རྟ་དང་དོར་བ་དང་། །ལུས་ལ་གནས་དང་ལས་ལའོ། །བི་ཏི་གཏོད་དང་འགྲོ་དང་འབར། །མཆོད་དང་རྒྱུག་དང་ཟ་བ་ལ། །བྲྀཏྟ་རྣམ་པར་འགྲེལ་པ་དང་། །མཚོ་བྱ་བརྒྱ་བྱིན་མ་ལ་སོགས། །བྲྀཏྟ། ཟླུམ་པོ་འདས་
པ་དང་། །ཤི་དང་བརྟན་དང་སྤྱོད་པ་ལ། །བྲྀཏྟཾ་དབུལ་པོ་སྡེབ་སྦྱོར་འཇུག། །བྲྀ་ཏི་འཛིན་དང་དམ་བཅའ་དཀྲིས། །བྲྀ་ཏཾ་སྒྲིབ་དང་རབ་འཛག་འཆིང་། །ནུ་མའི་རྩེ་དང་བུམ་པ་འཛིན། །བྱ་ཀྟཾ་གསལ་དང་ཤེས་རབ་ཅན། །བྱ་སྟཾ་ཁྱབ་དང་ཀུན་ཏུ་འཁྲུགས། །བྱཱསྟཾ་བཤད་
དང་ཡང་དག་དམན། །བྱཱསྟི་ཁྱབ་བྱེད་རྙེད་པ་ལ། །ཤཀྟ་སྦོམ་དང་། བརྟེན་པ་ལ། །ཤཀྟི་མཐུ་ལ་སོགས་དང་སྟོབས། །ཤསྟཾ་བདེ་དང་བཀྲ་ཤིས་ལ། །ཤ་ཏ་ཕྲ་དང་རྣོ་བ་ལ། །ཤཱ་ཏཱཾ། །སྐྱིད་པ་ཤཱནྟ་ཉམས། །དཱནྟ་ཤིནྟུ་གྲོལ་བ་ལ། །ཤཱནྟི་ཞི་དང་དགེ་བ་ལ། །ཤཱསྟ་
เล่ม ๒๑๒ · หน้า 188a
སྟོན་པ་སངས་རྒྱས་ལ། །ཤི་ཏི་ནག །དཀར་གྲོ་ག་ལ། །ཤི་ཏཾ། ཕྲ་དང་རྣོ་བ་ལ། །ཤི་ཏ་ཆུ་གྲང་འཁོར་མང་ལ། །ཤཱི་ཏཾ། ཙཎྜ་ཁ་བ་སྐྱེས། །འཁྱགས་དང་གྲང་དང་ལེ་ལོ་ལ། །ཤུཀྟི་དུང་དང་ནི་ཁ་དང་། །ཉ་ཕྱིས་དང་ནི་དུང་ཆུང་ལ། །མུཀྟི་
མུ་ཏིག་མཛོད་རིང་ལ། །རྟ་གནས་ཐོད་པ་ཀ་ཀོ་ལ། །ཉ་ཕྱིས། སྐྱུར་རྩུབ་རུལ་བ་ལ། །ཤྲུ་ཏཾ་བསྟན་བཅོས་འཛིན་པ་ལ། །ཤྲུ་ཏི། རྣ་བ་རིག་བྱེད་དང་། །གཏམ་དང་རྣ་བའི་ལས་ལའོ། །ཤྭེ་ཏཾ། གཟུགས་དང་དཀར་པོ་ལ། །ཤྭེ་ཏ། གླིང་དང་རིའི་བྱེ་བྲག །
ཤྭེ་ཏཱ། ལྟེ་བ་དུང་ཅན་མ། །ལྗོན་ཤིང་སྐྱེའོ་ལེགས་དང་ཡོད། །བཀྲ་ཤིས་དང་ནི་མཆོད་པ་ལ། །སྟ་ཏཱི་ལེགས་མ་གཏུམ་པོ་ལ། །སཏྟུ་བདེན་པ་སཱ་སྟི་སྦྱིན། །པི་ཏཾ། དཀར་པོ་རྫོགས་པ་ལ། །ཤེས་དང་བཅིངས་པ་ལ་ཡང་ངོ་། །སི་ཏཱ་བུ་རམ་ཀ་རའོ། །
ཤཱི་ཏཱ་ནམ་མཁའི་གངྒཱ་དང་། །སྐྱེད་བྱེད་མ་དང་མཛེས་པའི་ལམ། །སུ་ཏ། ས་བདག་སྐྱེས་དང་བུ། །སུཔྟི་ཡིད་བརྟན་འཇོམས་པ་དང་། །ཉལ་དང་རེག་པ་ཤེས་པ་ལ། །སཱུ་ཏ་ཁ་ལོ་བསྒྱུར་བ་དང་། །ཕྱག་འཚལ་ཁུ་བ་འཇོག་པ་ལ། །རྒྱལ་རིགས་བྲམ་
ཟེ་མོ་དང་བུ། །རབ་ཏུ་བཙས་དང་དེད་པ་ལ། །སཱུ་ཏི་འགྲོ་དང་ལམ་ལའོ། །སེ་ཏུ་ཆུ་དང་བུང་བ་ལ། །སྠི་ཏ་ཡང་གནས་པ་དང་། །ངེས་དང་དམ་བཅའ་དང་བཅས་དང་། །འགྲོ་བ་མེད་དང་བཅིངས་པ་ལ། །སྠི་ཏི། །ཤིང་ཕྲ་བ་སྐྱེ་བའི། ཁྲིམས་ལུགས་གནས་པ་
དང་། །ཀུན་ཏུ་གནས་དང་མཚམས་རྣམས་ལའོ། །སྨྲྀ་ཏི་ཆོས་ཀྱི་བསྟན་བཅོས་དང་། །དྲན་པ་བློ་དང་འདོད་པ་ལ། །སྻཱུཏྤི། རྒྱུ་དང་། སཱི་བ་ན། །སྻཱུ་ཏཱ། ཨཱུ་ཏ་རབ་ཏུ་གུས། །སྭཱནྟཾ་ནི། རང་ནང་། སེམས་འཐིབས་སོ། །ཧསྟ། རྒྱུ་སྐར། །གླང་པོ་དང་། །གླང་མོ་
ལག་པ་བྱེད་པ་ལ། །རེ་མིག་བྱེད་དང་སྐྲ་མཆོག་བསགས། །ཧི་ཏིཾ་འགྲོ་དང་འཛིན་དང་ཕན། །ཧེ་ཧི། །འབར་བ་ཉི་མ་དང་། །གཟི་བརྗིད་དང་ནི་མཚོན་ཆའོ། །ཀྵརྟིའི་ཁ་ལོ་བསྒྱུར་བ་དང་། །གཉིས་གནས་དང་ནི་གཉིས་འཛིན་དང་། །བྷུ་འཛིན་ཀྵ་སྐྱེས་ངེས་སྦྱོར་དང་།
เล่ม ๒๑๒ · หน้า 188b
དམངས་རིགས་དང་ནི་རྒྱལ་རིགས་བུ། །ཀྵི་ཏི་ས་དང་གནས་ཙམ་དང་། །གནས་དང་ཟད་པ་ལ་ཡང་ངོ་། །ཨ་གསྟི་ནི་རི་བྱི་དང་། །བངྒའི་སྡེ་འཇོམས་ཨཱ་ཧུ་ཏི། །མེ་དང་ཚངས་པ་མེའི་སྦྱིན་སྲེག །ཨ་ཙྱུ་ཏ། བརྟན། ཐ་གུའི་ལྟོ། །ཁྱབ་འཇུག་རྒྱལ་ཀ་ཨ་ཛི་ཏ། །
ཨ་དི་ཏི་ནི་ལྷ་ཡི་མ། །བརྫུན་དང་ཞིང་ལས་ཨ་ནྲི་ཏ། །ཁྱབ་འཇུག། ཀླུ། །ལྷག་མ་ཨ་ནནྟ། །ཨ་ནནྟེ་ནི་ནམ་མཁའ་དང་། །མཐའ་ཡས་དང་ནི་མཚམས་མེད་ལ། །ཨ་ནཱནྟཱ་ནི་ས་གཞི་དང་། །དཱུརྦཱ་མཛེས་མ་རིའི་བུ་མོ། །སཱ་རི་བཱ་དང་། གླུ་ཌཱུ་ཙི། །རྒྱ་མཚོའི་
མཐའ་དང་ཡངས་པ་ལའོ། །ཨ་མྲྀ་ཏཾ་ནི། །བདུད་རྩི་ཆུ། །ཐར་བ་དང་ནི་སྙིང་འབབ་དངོས། །མ་སློངས་པ་དང་མཆོད་སྦྱིན་ལྷག །མང་དང་ཤིན་ཏུ་མཛེས་པ་ལ། །ཨ་མྲྀ་ཏ་ནི་ཚིག་བཟང་དང་། །དྷྭ་ནནྟི་ལ་འདོད་པ་ཡིན། །ཨ་མྲྀ་ཏཱ་ནི། །ག་ཌཱུ་ཙཱི། །སྐྱུ་རུ་ར་དང་།
ཕན་པ་དང་། །ཨཱ་ག་ཏཱི་རྣམས་ལ་འདོད་དོ། །ཨ་མ་ཏི་ནི། ཟླ་བ་དང་། །དུས་དང་དགྲ་བཅོམ་རྒྱལ་མཆོད་འོས། །ཨརྡི་ཏ་ནི་རླུང་ནད་དང་། །ལྷུང་བ་དང་ནི་བཅོམ་པ་ལ། །ཨརྦ་ཏཱི་ནི། །འབངས་མོ་དང་། །མིའུ་ཐུང་མ་རྟ་མཆོད་ངན། །ཨཱ་བྱཀྟ་ནི། འཕྲོག་བྱེད་དང་།
རྡོ་རྗེ་རྨོངས་དང་མི་གསལ་བརྗོད། །མ་ཧཱ་ཏ་ནི་དང་པོའི་བདག །ཨ་སྭནྟ་ནི་འཆི་དང་ངན། །སྒྱེང་བུ་ཤིང་དང་བར་མེད་ལ། །ཨ་ཀྵ་ཏཾ་ནི་རྨི་མེད་འབྲས། །རང་བཞིན་གསུམ་པ་རྨ་ཡིས་དམན། །ཨཱ་ཀྲྀ་ཏི་ནི་ལུས་དང་གཟུགས། །དེ་བཞིན་ཐུན་མོང་བ་ལ་ཡང་། །ཨ་
ཁྱཱ་ཏཾ་ནི་ཀུན་བཤད་དང་། །ཏིང་གི་མཐའི་ཚིག་ལ་བཤད། །ཨཱ་གྷྭ་ཏཾ་ནི་དྲི་སྣོམ་འཚེད། ཨ་ཙི་ཏཾ་ནི་བསགས་བཀབ་བཟུང་། །ཨཱ་ཙི་ཏ་ནི་ཤིང་རྟ་དང་། །ཀུན་ཏུ་རྗེ་དང་སྤུན་མི་ལྡན། །ཨཱ་དྲྀ་ཏ་མཆོད་གུས་པ་ཐོབ། །ཨཱ་དྷཱ་ན་ནི་རླུང་ནད་དང་། །རྟད། སྒྲ་གྲག་པ་
དགེ་ལའོ། །ཨཱ་ན་རྟ་ནི་གར་གྱི་གནས། །ཡུལ་གྱི་དབྱེ་བ་སྒྲ་སྐྱེའོ། །ཨཱ་བཏྟི་ནི་ཐོབ་དང་སྐྱོན། །ཨཱ་བ་ཏི་ནི་ལྷུང་བར་འདོད། །མཐོ་བ་ཡང་ངོ་། ཨཱ་བླུ་ཏ། །ཁྲུས་ཙམ་དང་ནི་ཁྲུས་བྱེད་ལའོ། །ཨཱ་བཏྟི་ནི་གཤེར་བ་དང་། །ཁྲིམས་ལུགས་དཀར་པོ་སྟོབས་གནས་
เล่ม ๒๑๒ · หน้า 189a
ལའོ། །ཨ་ཡ་ཏི་ནི་ཡང་དག་སྡོམ། །རིང་པོ་མཐུ་དང་དུས་ཕྱི་མ། །ཨ་ཡ་སྟ་ནཾ་རྣོ་དང་འབངས། །ཁྲོ་དང་ཉོན་མོངས་གྱུར་ཀྱང་བསྣུན། །ཨ་བཱརྟ་ནི་སེམས་དང་འཇུག །ཆུ་ཡི་ཀློང་འཁོར་ལ་ཡང་ངོ་། །ཨཱ་སྥོ་ཏ་ནི། །ཨརྐའི་འདབ། །ལྗོན་
ཤིང་ཡོངས་འདུས་བརྟོལ་ལའོ། །ཨཱ་སྤོ་ཏཱ་ནི་ནགས་མེ་ཏོག །རི་ཡི་རྣ་བ་ལ་ཡང་ངོ་། །ཨཱ་བ་ཏྟི་ནི་ཀུན་འགྲོ་ཐོབ། །ཨཱ་ཧ་ཏཾ་ནི་བཟོད་པའི་དོན། །སྔོན་མེད་གོས་དང་གོས་སར་དང་། །ནཱ་ན་ཀ་དང་བསྣུན་དང་བསྒྱུར། །ཨིདྒ་ཏཾ་ནི་བཀྲིས་དང་འགྲོས། །ཨུ་ཙི་ཏཾ་ནི་
མཉམ་ཤེས་ལ། །ཨ་བྷྱ་སྟ་ནི་མཉམ་ཤེས་ལ། །ཨ་བྷྱཱསྟ་ནི་རྗེས་སུ་ལྡན། །སོན་དང་རྣམ་པར་མཁས་པ་ལ། །ཨུཙྪིར་ཏཾ་ནི་ར་བ་འཕེལ། །ཀུན་ཏུ་སྐྱེ་དང་སྒྲེང་བ་ལ། །ཨུཏྟ་པྟཾ་ནི་ཤ་སྐམ་དང་། །ཀུན་ཏུ་གདུངས་དང་ཡོངས་སུ་རྒྱལ། །ཨུཏྠི་ཏཾ་ནི་སྐྱེ་བ་དང་། །རབ་
ཏུ་འཆར་དང་འཕེལ་ལྡན་ལ། །ཨུ་དི་ཏཾ་ནི་འཆར་དང་ཐོབ། །ཀུན་ཏུ་འཕགས་དང་རབ་བརྗོད་ལ། །ཨུ་ཏྒཱ་ཏ་ནི་ཐོ་བ་དང་། །ཨ་ཏྱཱ་དྷཱ་ནི་ཉེར་བགྲོད་དང་། །འགྲོ་བ་འཁྲུལ་དང་ཕྱེ་མ་ལེབ། །བུམ་ཅན་རྣམས་སོ་ཨུ་དནྟཾ། །གཏམ་དང་སྐྱེས་བུ་དམ་པ་ལ། །ཨུ་དནྟ་ནི་
ཡང་དག་གནོན། །མ་མྱོས་པ་ཡི་གླང་པོ་ལ། །ཨུ་ད་ཏ་ནི་དབྱངས་བྱེ་བྲག །སྙན་ངག་དག་གི་རྒྱན་ལའོ། །ཨུ་དནྟ་ནི་སྦྱིན་བྱེད་དང་། །ཆེན་པོ་འདོད་པའི་སྙིང་ལ་འབབ། །ཨུདྷྀ་ཏཾ་ནི་ལི་ཏ་དང་། །ཟོས་དང་། །ཕྱུང་དང་གྱེན་དུ་བཏེག །བདུད་རྩི་ལའི་ཨུནྣ་ནི། །འཆར་
དང་རྒན་དང་འཕགས་པ་དང་། །སྐར་མིག་བུ་ཡི་ཆུང་མ་ལའོ། །ཨུནྨཏྟ་ནི་སྨྱོ་ལྡན་ལ། །དན་པ་མུ་ཙུ་ཀུནྡ་ལའོ། །ཨུ་ཥི་ཏཾ་ནི་གནས་དང་བསྲེགས། །རྟ་དང་བཞག་པ་སྲེག་བྱེད་ལ། །ཨེ་དྷ་ཏུ་ནི་སྐྱེས་བུ་དང་། །སྡིག་པ། གཏོང་བ། །ནད་དག་ལ། །ཀ་པོ་ཏ་ནི་ཕུག་
རོན་ལ། །ཀ་བ་ཀཱ་ཁྱ་མཁའ་འགྲོ་ལ། །ཀ་ལི་ཏཾ་ནི་རིག་དང་ཤེས། །ཀཱ་པོ་ཏཾ་ནི་ཕུག་རོན་ཁྱུ། །བཤད་པ་མིག་སྨན་སྟྭ་ཛཱའོ། །ཀཻ་ར་ཏ་ནི་ལུས་ཆུང་དང་། །ཀླ་ཀློ་ས་ཡི་ནི་མྦ་དང་། །རྡུང་བྱེད་ལྷ་ཡི་ཡི་གེའོ། །ཀི་ར་ཏི་ནི་གནས་ངན་དང་། །གླ་མི་དང་ནི་ལས་བྱེད་ལའོ། །
เล่ม ๒๑๒ · หน้า 189b
ཀྲྀ་ཏཱནྟ་ནི་བཤེས་གཉེན་དང་། །གྲུབ་མཐའ་གནམ་བརྐོས་དགེ་བའི་ལས། །ཀནྡི་ཏཾ་ནི་དུ་དང་འབོད། །ག་བྷ་ནི་འོད་ཉི་མ། །བསྲེག་ཟ་དང་ནི་འགྲོ་བྱེད་ལའོ། །གརྫི་ཏི་ནི་སྤྲིན་གྱི་སྒྲ། །གརྫི་ཏ་ནི་གླང་ཆེན་མྱོས། །བྱ་ཁྱུང་གསེར་དང་ཡལ་གའོ། །གོ་དྷནྟི་བ་བལ་
དང་། །ག་ཤི་ཏ་དང་གོ་ཆ་བགོས། །གོ་པ་ཏི་ནི་ས་བདག་དང་། །མ་ནིང་ཉི་མ་མཁའ་རྩེ་མོ། །གཱ་ཏི་ཏཾ་ནི། སྤེལ་བ་དང་། །མནན་དང་འཚེ་བ་རྣམས་ལའོ། །ཙཽལླཱ་ཏ་ནི་མི་གཡོ་དང་། །གངྒཱའི་ཙི་ལ་རིང་དུ་འཚོ། །ཛ་གནྟི་ནི་རླུང་ས་འགྲོ། །ཛ་ག་ཏཱ་ནི་འགྲོ་བས། །སྡེབ་
སྦྱོར་དབྱེ་བ་ཆུ་ལའོ། །ཛ་ཡནྟ་ནི་བརྒྱ་བྱིན་སྐྱེས། །བདེ་འབྱུང་ལའོ་ཛ་ཡནྟཱི། །ཤིང་གི་དབྱེ་བ་རྒྱལ་མཚན་དང་། །གཽ་རི་དབང་པོ་བུ་མོ་ལ། །ཛ་མཱ་ཏཱ་ནི་བུ་མོའི་བདག །ཉི་མ་འཁྱིམས་དང་ད་ཡི་ཏ། །ཛཻའི་མཱུ་ཏ་ནི་བརྒྱ་བྱིན་སྤྲིན། །ལྷ་ཡི་ཆུ་དང་དབྱངས་ལྡན་དང་། །
འཛིན་པ་དང་ནི་འཚོ་བ་ལའོ། །ཛི་ཝནྟི་ནི་ཟས་དང་མཚོ། །འཚོ་བར་བྱེད་པའི་སྨན་ལའོ། །ཛི་ཝནྟི་ནི་འཚོ་བྱེད་མ། །ཤིང་དང་། །ཞི་མ། ཕྱག་འཚལ་དང་། །བདུད་རྩི་རྣམས་ལའོ། །ཛིམྦྷི་ཏཾ། །བྱེད་པོ་བུད་མེད་སྦྱོད་པ་གསལ། །ཛྭ་ལི་ཏཾ་ནི་འབར་དང་བསྲེགས། །ཏཱ་ནི་ཏ་
ནི་དངས་དང་གོས། །རོལ་མོའི་སྣོད་དང་ཡོན་ཏན་ལ། །ཏྲྀ་ཎ་ཏ་ནི་གཞུ་དང་རྩ། །དོ་དཀྲ་གྲངས་ཀྱི་ཁྱད་པར་དང་། །ཚོང་གི་དབྱེ་བའོ་ཏྲཾ་གརྟཱ། །དྲིལ་ཆུང་དང་ནི་འདོང་ཅན་ནོ། །ཏྭ་ར་ཏཾ་ནི་རབ་མགྱོགས་མྱུར། །ངན་འགྲོ་དང་ནི། །དམྱལ་བ། དོར། དབུལ་པོ་ཡང་ངོ་།
དུརྫ་ཏཾ། །ངན་པར་སྐྱེས་དང་འཕོངས་པ་ལ། །ཏྲྀཥྚ་ནྟ་ནི་བསྟན་བཅོས་དང་། །དཔེར་བརྗོད་བླའོ་དཾ་ཤི་ཏཾ། །གོ་ཆ་བགོས་དང་། །སོས་ཟིན་པའོ། །ཏྲ་བནྟི་ནི་འབང་ཆུའི་དབྱེ། །སྨན་ལའོ་དེ་ནས་དྲི་ཛཱ་ཏི། །གཉིས་སྐྱེས་བྱ་དང་བློ་ལྡན་དང་། །ཚིག་བདག་བརྟན་པ་བློ་
གྲོས་ཅན། །ནི་ཏྲྀ་ཏཾ་ནི་རབ་ཏུ་ཐོབ། །དམན་དང་རང་བཞིན་བྲལ་བ་ལ། །ནི་ཀྲྀ་ཏི་ནི་སྤྱོད་དང་དོར། །ངན་གཡོ་དང་ནི་གཡོ་ཅན་ལ། །ནི་མིཏྟ་ནི་མཚན་ཉིད་རྒྱུ། །རྒྱུ་མཚན་དང་ནི་ཚིག་ལའོ། །ཨ་གནྟ་ནི་ལྷ་ཡི་ཡུལ། །ནི་ཡ་ཏཾ་ནི་ཡུལ་དང་སྒྲུབ། །ནིར་སྟ་ནི་
เล่ม ๒๑๒ · หน้า 190a
མངགས་པ་མངའ། །ཀུན་ཏུ་དོར་དང་མྱུར་དང་སྐྱེ། །གསལ་བ་དང་ནི་སོ་སོར་བཅོམ། །ནིདྔྷ་ཏི་ནི་ཉེར་མི་འགྲོ། །ཕྱོགས་སྐྱོང་རྣ་བ་ནག་པོ་ལ། །ནིརྦི་ཏི་ནི་ལེགས་གནས་དང་། །བདེ་དང་མྱང་འདས་ནུབ་གྱུར་དུས། །ནིརྨུཀྟི་མི་གྲོགས་སྤངས་
དང་། །ཤུན་པ་རྗེས་དང་བལླ་ག །ནི་བཱ་ཏ་ནི་རླུང་ཕྲལ་དང་། །གནས་དང་གོ་ཆ་བརྟན་པོ་ལ། །ནི་ཤནྟ་ནི་ཞི་བ་ལ། །ནི་ཤནྟཾ་ནི་ཡོད་དང་གནས། །པཉྩ་ཏཱ་ནི་ཤི་ཙམ་དང་། ལྔ་པའི་དངོས་དང་ལྔ་པ་ཉིད། །པཎྜི་ཏ་ནི་དཀར་དང་བརྟན། །འགྲོ་དང་འགྲོ་བྱེད་འདབ་
ཆགས་ལ། །བདྡྷ་ཏི་ནི་ལམ་དང་གྲལ། །བེ་རེ་ཏ་རོ་འབྱུང་པོའི་དབྱེ། །བརྦ་ཏ་ནི་ཆར་བཟང་རི། །པཱཪྻཱཔྟ་ནི་གླང་པོ་དང་། །ཚིམ་དང་ཅི་འདོད་ནུས་དང་འཐོབ། །འཇིག་དང་། དབྱུག་པ་དཀའ་ཚེགས་སྐྱོན། །བཪྻབྱེ་ནི་རབ་འདོད་དང་། །ཐོབ་དང་། ཡོངས་སུ་བསྲུང་
བ་ལ། །བཪྻསྟ་ནི། ལྷུང་། འབངས་བསྣུན། །པ་ལི་ཏ་ནི་སྒྲ་དཀར་དང་། །འདམ་དང་། ཚད་གདུང་རི་ལས་སྐྱེས། །བ་ཀཱ་ཏི་ནི་ཚེས་གཅིག་དང་། །ཕྱོགས་རྩ་དང་ནི་དང་པོའི་ཚེས། །བཱརྤ་ཏཱི་ནི། དྲོ་བ་དཱི། །རྫོང་མ། འཚོ་མ་ཤལླ་ཀཱི། །པཎྜི་ཏ་ནི་བསྒྱུར་དང་བསྡུས། །
དམག་འགྲོ་དང་པ་འདབ་ཆགས་སོ། །པི་ཤི་ཏཱ་ནི་བ་ལ་ལ། །པཱིཌཱི་ཏཾ་ནི་བུད་མེད་ཀྱི། །བྱེད་པ་འཁྲུལ་འཁོར་རོལ་མོ་དཀྲོལ། །པུ་ཊཱི་ཏཾ་ནི་གླང་པོ་དང་། །སྦྱར་སོགས་པླུ་ཏཱ། །པཱ་ཊི་ཏྰྸོ། །པྲི་ཥ་ཏ་ནི་བསྲེ་པོ་དང་། །ཐིག་ལེ་ཙམ་དང་རི་དགས་རྟ། །དམར་དང་ཐིག་
ལེ་དཀར་པོ་ཅན། །པྲ་ཀྲྀ་ཏི་ནི་སྙིང་སྟོབས་དང་། །རྡུལ་དང་མུན་པ་ཅི་ཙམ་དང་། །རང་བཞིན་བློ་དང་གྲོང་དང་ནི། །རྟགས་དང་སྐྱེ་གནས་བདག་ལའོ། །པྲྀ་ཏི་ཏ་ནི་རབ་ཏུ་བསྟོད། །རབ་བྱས་རང་བཞིན་གནས་པ་ལའོ། །པྲ་ཙི་ཏ་ནི་ཤིང་རྟ་དང་། །ཤིན་ཏུ་བརྗེ་དང་
སྤུར་མི་ལྡན། །པྲ་ཎཱི་ཏ་ནི་འདྲིས་དང་མེ། །རབ་ཏུ་འབེབས་དང་འདུས་བྱས་དང་། ཉེ་བར་ཕུན་ཚོགས། ངེས་སྤེལ་བྱས། །པྲ་ཏཱི་ཏ་ནི་གུས་བཅས་བཤད། །དགའ་དང་མཐོང་དང་མཁས་པ་དང་། །ལུག་དང་ཤེས་པ་ལ་ཡང་ངོ་། །པྲ་ཏ་ཏི་ནི་བརྟུལ་ཞུགས་བྱུང་། །
เล่ม ๒๑๒ · หน้า 190b
ཏ་ཏིའོ་དེ་ནས་པྲ་པཱ་ཏ། །ཆུ་སྒྲ་གཡང་ས་ཨ་བ་ཊ། །པྲ་བྱེ་ཏ་ནི་ཐེ་རི་བ་དང་། །པཱ་བྱེའ་དེ་ནས་པྲ་མྦི་ཏ། །རབ་ཏུ་སོང་དང་ཤི་བ་ལ། །པྲ་བྲྀཏྟི་ནི། །འགྲེལ་པ་དང་། །སྤྱད་མཐའ་རབ་འབག་རབ་འཇུག་མ། །པྲ་སཱུ་ཏི་ནི་རབ་སྐྱེས་དང་། །སྐྱེ་དང་འདབ་ན་བུ་མོ་ལ། །
པྲ་སཱུ་ཏི་ནི་མེ་ཏོག་དང་། །ལྕུག་མ་དང་ནི་སྐྱེ་བ་ལ། །པྲ་སཱུ་ཏཱ་ནི་སྐྱེ་དགུ་དང་། །ཐ་མ་དང་ནི་རབ་སྐྱེ་ལ། །པྲ་སྲྀ་ཧ་ནི། །སྟེང་ཐལ་སྦྱོར། །དེ་རབ་འགྲོ་དང་། །འཇུག་རྣམ་དེས། །པྲ་ཧ་ཏི་ནི། །ཀྵུཎྞ་མཐོ། །པྲརྠི་ཏྭཾ་ནི་སློང་བ་དང་། །དགྲ་བོ་འགོག་དང་རྣམ་པར་བཅོམ།
པྲོ་ཀྵི་ཏི་ནི་རྣམ་པར་བཅོམ། །བརྡྷི་ཏི་ནི་བཀངས་པ་དང་། །བཀབ་དང་། །སྤེལ་དང་། འབྲས་རྒན་པོ། །པྲྀ་ཧཱི་ཧྟཱི། །མ་ཧཱ་ཏཱི། །ཀཎྜ་ཀཱ་རཱི་བུམ་པ་ཅན། །ཤུ་དག །ལོ་རྒྱུས་ཕྲ་མོ་དང་། །སྡེབ་སྦྱོར་དབྱེ་བ་གོང་རྒྱན་ལ། །བྷ་ར་ཏ་ནི་དགའ་སྟོན་སྐྱེས། །གར་དང་གར་གྱི་བསྟན་
བཅོས་ལ། སྻཱུནི་རྔོན་པ་དང་། །ཐ་ག་པ་ལ་རྒྱས་པར་བཤད། །བཱ་པ་ཏཱི་ནི། །དག་དང་མདའ། །འདབ་ཆགས། །བྱེ་བྲག །སྤྱོད་པའི་དབྱེ། །དྲང་སྲོང་རྒྱས་པའི་གཞུང་ལས་ནི། །འཛམ་གླིང་དྷཱར་ཏ་ཏུ་བཤད། །བྷཱ་བི་ཏཾ་ནི། །གནས་དང་ཐོབ། །བསམ་དང་སྐྱེད་པ་
རྣམས་ལའོ། །བྷཱ་སནྟ་ནི་སྣང་བ་དང་། །མཁའ་འགྲོ་དང་ནི་མཛེས་པ་དང་། །འོད་དང་། གསལ་དང་། ཉི་མ་དང་། །ས་འཛིན། པྲྀ་བ་གལའོ། །མཐི་ཏཾ་ནི། བསྲུབས་དང་། དཀྲུགས། །ཆུ་མེད་དང་ནི། །བ་སྲི་ཏའོ། །མ་རུ་ཏི་ཞེས་བྱ་བ་ནི། །ལྷ་དང་། རླུང་དང་། རྒྱལ་སྲིད་
ཆེ། །མ་ན་ཏཱི་ནི་མི་སྦྱིན་གྱི། །པི་ཝང་དང་ནི་ས་གཞི་ལའོ། །མཱ་ལ་ཏཱི་ནི། ཛཱ་ཏི་དང་། །ན་ཆུང་ཡོཏྶྣཱ། ནིཀྵུ་དང་། །ཆུ་ཀླུང་གི་ནི་དབྱེ་བ་ལ། །མུ་ཥི་ཏཾ་ནི་མེའི་རྩེ་མོ། །ཀཱ་ཀ་མཱ་ཙཱི་དུམ་བུ་སྙིང་། །མཱུརྩྪི་ཏཾ་ནི་རྨོངས་པར་འགྱུར། །དེ་བསྒྲེང་པ་དང་བརྟེན་པ་ལ། །ར་ཛ་ཏཾ་ནི་
དངུལ་དོ་ཤལ། །བཙུན་པ་དང་ནི་རྒྱས་པ་ལ། །ར་མ་ཏི་ནི་མཐོ་རིས་འདྲེན། །ར་སི་ཏི་ནི། སྤྲིན་དང་སྒྲ། །གསེར་ལ་སོགས་པས་སྦྲས་པ་ལའོ། །རེ་བ་ཏཱི་ནི་མ་མོ་དང་། །སྐར་མའི་བྱེ་བྲག་འབྲས་ལྡན་མའོ། །རཻ་བ་ཏ་ནི་རིའི་བྱེ་བྲག །གསེར་གྱི་ཕྲེང་དང་མདུང་ཅན་ལའོ། །
เล่ม ๒๑๒ · หน้า 191a
རོ་ཧི་ཏཾ་ནི་ཐང་ཤིང་དང་། །ཡུལ་དུ་བརྟན་དང་ཁྲག་ལའོ། །རོ་ཧི་ཏཱ་ནཱི་དང་པོ་དང་། །ཉ་དང་རི་དགས་དབྱེ་བ་ལ། །རོ་ཧི་ཎི་དང་རོ་ཧི་ཏ་དང་། །ཉི་མ་ཁྲི་ཤིང་དབྱེ་བ་ལ། །ལ་ལི་ཏི་ནི་མཛེས་དད་འདོད། །དོ་ཤལ་གྱི་ནི་ཁྱད་པར་ལ། །ལོ་ཧི་ཏཾ་ནི་ཙནྡན་དམར། །
ས་མཆོག་དང་ནི། གུར་ཀུམ་དང་། །ཁྲག་དང་ཁ་དོག་དམར་པོ་ལ། །ལོ་ཧི་ཏ་ནི། སའི་འདབ་མ། །ཆུ་ཀླུང་བྱེ་བྲག་ལ་ཡང་ངོ་། །པ་ནི་ཏཱ་ནི་སྐྱེད་མ་དང་། །ཤིན་ཏུ་ཆགས་དང་བཙུན་མོ་ལ། །བ་ནི་ཏཾ་ནི། སློང་དང་བསྟེན། །བ་ས་ཏི་ནི་མཚན་མོ་ཁྱིམ། །ཀུན་ཏུ་གནས་
དང་མཆོད་ངལ་གསོ། །བ་ཧ་ཏུ་ནི་ཁྱུ་མཆོག་ལམ། །བས་ཏི། གླང་པི་ཙི་བ། །བི་བ་ཏཾ་ནི་གཉིས་སྐྱེས་དང་། །བྱས་དང་མགོ་བོའི་ཆ་དག་ལ། །བ་སནྟ་ནི་ཁུ་བྱུག་དང་། །སྲན་མ། མངྒ་གླང་ཕྲུག་དང་། །ཐོབ་པ་དང་ནི་ཡལ་ཕྲན་ལའོ། །བཱ་སནྟཱི་ནི། སྤང་ལྡན། ཁྱུ། །ལྗོན་
ཤིང་སྐྱ་ནར་དག་ལ་ཡང་། །བ་སི་ཏཱ་ནི། གླང་པོ་དང་། །བུད་མེད་ལའོ་བཱ་སི་ཏཾ། །ནམ་མཁར་འགྲོ་བའི་སྐྲ་དང་ནི། །ཤེས་དང་གོས་ཀྱིས་དཀྲིས་པ་དང་། །དྲི་ཞིམ་བྱས་པ་དག་ལའོ། །བི་ཀྲྀ་ཏི་ནི་འཇིགས་རུང་དང་། །ནད་ཅན་དང་ནི་འདུས་མ་བྱས། །སྤྱོ་བ་དང་ནི་ནད་
ལའོ། །པི་ཀྲི་ཏི། བྲལ། འོང་མེད་འགྲོ། །བི་ཙིཏྟི་ནི་ལུས་ཆགས་དང་། །རྣམ་པར་ཆང་དང་སྒེག་པ་ལ། །བི་ཛཱ་ཏཱ་ནི་རབ་བཅོས་ལ། །རྣམ་པར་འགྱུར་དང་སྐྱེད་པ་ལ། །བི་ཏ་ཏཾ་ནི་ཁྱབ་པ་དང་། །རྒྱ་ཆེ་བ་ལ་མངོན་པར་བརྗོད། །བིརླུ་ཏ་ནི་གློག་གི་འོད། །ཐུན་མཚམས་
དད་ནི་འོད་མེད་ལ། །བི་དི་ཏཾ་ནི། ཤེས་དང་དོན། །བི་དྷཱ་ཏཱ་ནི། ཚངས་པ་དྲན། །པི་ན་ཏ་ནི་རབ་འདུད་དང་། །ཉམས་པ་དང་ནི་ལྷོད་པ་ལ། །བི་ན་ཏཱ་ནི་ཁྱུང་གི་མ། །ཕ་ཡི་ཁྱད་པར་དག་ལ་ཡང་། །བེ་ནཱི་ཏཾ་ནི་འདུལ་པ་ཐོབ། །ལེགས་འབབ་རྟ་དང་དབང་པོ་ཐུལ། །ཉེ་བར་
དྲངས་དང་ཁྲིད་པ་དང་། །ངེས་པར་ཟུང་དང་དག་སྐྱེས་སོ། །རྒྱལ་པོ་ཡུལ་ཅན་བི་ནེ་ཏཱ། །འོངས་དང་། སློང་བ་དི་པཏྟི། །ནད་དང་ཕྲན་ཚེགས། བི་པྲྀ་ཏཱ། །བི་པྲྀ་ཏཱཾ་ནི་གསལ་བའོ། །བི་བཏྟི་ནི་ཀུན་སྤྱོད་དང་། །རབ་ཏུ་འཇུག་དང་གར་དག་ལ། །བི་བིཀྟཾ་ནི་སྐྱེ་བོ་བྲལ། །
เล่ม ๒๑๒ · หน้า 191b
རུལ་དང་འདུ་འཛི་མེད་དང་དབེན། །བི་ཤྲུ་ཏཾ་ནི་ཤེས་པ་དང་། །མཁས་དང་ཀུན་ནས་དགའ་བ་ལ། །བི་ཤྦསྟཱ་ནི། བསྒྲུབ་པ་ལ། །བི་ཤྭསྟ་ནི་དེས་འཛིན་ལ། །རྣམ་པར་སྦྱངས་པ་ལ་ཡང་ངོ་། །བི་ཧསྟ་ནི་དཀར་སྐྱ་དང་། །རྣམ་པར་སྐྲག་དང་ལག་མེད་ལ། །
བྲྀཏྟནྟ་ནི་སྲིད་པ་འདོད། །ལོ་རྒྱུས་དང་ནི་ཁྱད་པར་ལ། །རབ་ཏུ་བྱེད་དང་སྐབས་དང་ནི། །མཐའ་གཅིག་ལ་ཡང་འགའ་ཞིག་འདོད། །བེལླི་ཏཾ་ནི་གཡོ་བ་དང་། །འཁོར་ལོ་སྐྱལ་དང་འགྲོས་ལའོ། །བེཥྚཾ་ཏཾ་ནི་བུད་མེད་ཀྱི། །བྱེད་པ་སྒེག་པ་སྤྱོད་པ་ལའོ། །བྱཱ་གྷཱ་ཏ་ནི་
བར་དང་ནི། །རྣལ་འབྱོར་དབྱེ་བ་རབ་ཏུ་འཕྲོག །བྱཱ་ཡ་ཏི་ནི་ཆེ་དང་རིང་། །བྱ་པ་དང་ནི་ཉལ་པ་ལ། །ཤ་ཀུནྟ་ནི་མཁའ་འགྲོ་དང་། །འདབ་ཆགས་དབྱེ་བ་འོད། བདེ་ཕྱོགས། །ཤུ་དྷཱནྟ་ནི་མཐའ་གྲོང་དང་། །རེའུ་མིག་དང་གསང་བར་བརྗོད། །ཤྲི་བ་ཏིནྣི་པད་དཀར་
མིག །དཔལ་གྱི་བདག་དང་ས་ཡི་བདག །དཔལ་ལྡན་སྣུམ་ཅན་ཤིང་དང་ནི། །དབང་ཕྱུག་དང་ནི་ཡིད་འཕྲོག་ལ། །སཾ་གྷཱ་ཏ་ནི་འདུས་པ་དང་། །རབ་འཇོམས། མི་ཡི་དགོན་པ་ལ། །སཾ་གྷ་ཏ་ནི་འགྲོགས་དང་བཤེས། །པནྣ་ཏི་ནི་འདུད་དང་། སྒྲ། །བནྣ་ཏི་ནི་རྒྱུད་དང་
བུ། །རིགས་དང་རྒྱ་ཆེ་གྲལ་དང་ནི། །གཅིག་ནས་གཅིག་ཏུ་བརྒྱུད་པ་ལའང་། །ས་མ་སྟི་ནི་གུས་དང་དགའ། །རྗེས་གནང་མངོན་འདོད་སཾ་མི་ཏི། །ས་མི་ཏི་ནི་ཡང་དག་གནོན། །མཉམ་དང་འདུན་པ་འགྲོགས་པ་དང་། །ཡང་དག་རིག་དང་དྲང་པོ་དང་། །དམ་བཅའ་
ཀུན་སྤྱོད་ཤེས་པ་ལ། །སམྦིཏྟི་ནི་རྩོད་པ་མེད། །སོ་སོར་གོ་བྱེད་སྐྱེ་བོ་ལ། །སམྦརྟ་ནི་བསྐལ་པའི་མཐའ། །ལོ་དང་རྩོད་པའི་ཤིང་ལའོ། །སི་ཀ་ཏཱ་ནི་སེག་མ་ཅན། །ཡུལ་དང་ནད་ཀྱི་ཁྱད་པར་དང་། །བྱེ་མ་དང་ནི་བུ་རམ་ལ། །སུ་ཀྲྀ་ཏཾ་ནི་དགེ་བ་དང་། །བསོད་
ནམས་དང་ནི་ལེགས་བྱས་ལ། །སུ་ནཱི་ཏི་ནི་བཟང་པོའི་ཚུལ། །ལུགས་བཟང་དེས་པ་ཕྱི་མོ་ལ། །སུ་པྲ་ཏཱ་ནི་བདེ་བ་དང་། །བ་ལང་ཚོགས་དང་བརྟུལ་ཞུགས་བཟང་། །སུ་ར་སྟཾ་ནི་ནགས་ཚལ་དང་། །ལྷ་ཉིད་དང་ནི་རབ་དགའ་ལའོ། །སུ་ཧི་ཏ་ནི་ཚིམ་པ་དང་། །
เล่ม ๒๑๒ · หน้า 192a
སྨྲས་དང་ལེགས་པར་ཕན་པ་ལ། །སུནྲི་ཏཾ་ནི་བཀྲ་ཤིས་དང་། །བདེན་དང་མཉམ་པར་བརྗོད་པ་ལ། །སཾ་སྐྲྀ་ཏ་ནི་མཚན་ཉིད་དང་། །ལྡན་དང་བརྩོན་དང་འདུས་བྱས་ལ། །རྒྱན་དང་བཀྲ་ཤིས་ལ་ཡང་ངོ་། །སཾ་ཧ་སྟཾ་ནི་འགྲོགས་དང་བརྟན། །སྑ་ལི་དང་ནི་ཟོས་
པ་དང་། །འཁྲུལ་པ་དང་ནི་གཡོ་བ་ལ། །སྟི་མི་ཏཾ་ནི་གཡོ་བ་བྲལ། །རི་བོ་ལྟ་བུར་གྱུར་པ་ལ། །སྠ་ས་ཏི་ནི་བཟོ་བོའི་དབྱེ། །གོ་ཆ་ཅན་དང་སྲད་བུ་དང་། །འཚོ་བ་འདོད་དང་མཆོད་སྦྱིན་ལ། །སྠཱ་པི་ཏི་ནི་བཀོད་དང་ངེས། །སྲ་བནྟི་ནི་ཆུ་ཀླུང་དང་། །འདམ་བུ་བྱིན་དང་སྨན་
གྱི་དབྱེ། །ཧ་རི་ཏཱ་ནི་ཟླུམ་པོ་དང་། །ལྗང་གུ་དང་ནི་མདོག་ལྡན་དང་། །རྟ་དང་མདོག་དང་ཕྱོགས་ལའོ། །རྩ་ཡི་རབ་ཏུ་དབྱེ་བ་ལའང་། །ཧརྨི་ཏཾ་ནི་སྤེལ་དང་བསྲེགས། །ཧ་པནྟི་ནི་སོལ་བ་དང་། །སོ་བ་དང་ནི་མེ་ཏོག་དང་། །ཡལ་ག་ཅན་གྱི་དབྱེ་བ་ལ། །ཧཱ་རཱི་ཏ་ནི་རྒྱན་འགྱེད་དང་། །
བྱ་དང་ཐུབ་པའི་དབྱེ་བ་ལ། །ཧྲི་ཥི་ཏཾ་ནི་རྣམ་པར་འཛུམ། །ཐོགས་དང་དགའ་བ་སྤུ་ལོང་འདུད། །ཀྵཱ་རི་ཏ་ནི་འཛག་པ་དང་། །འགྱུར་དང་ཨ་བི་ཤཔྟ་ལ། །ཨཾ་ག་རི་ཏཾ་ཚིག་པ་དང་། །པ་ལཱ་ཤ་ཡི་ཡལ་འདབ་ལ། །ཨ་ཏི་མུཀྟ་དཔྱིད་དང་ཤིང་། །ཏི་ནི་པ་དང་
ཆ་མེད་ལ། །ཨ་ཏྱཱ་ཧི་ཏཾ་འཇིགས་ཆེན་དང་། །སྲོག་ལ་བལྟོས་མེད་བྱ་བ་ལ། །ཨ་ཏི་ཀྵིབྷ་གཞན་འགྱུར་དང་། །སྨོན་པའོ་ཨ་ན་ཧ་ཏི་ནི། །སྔོན་མེད་གོས་དང་གོས་སར་ལའོ། །ཨ་ནུ་མ་ཏི་ཟླ་བ་ཉ། །གང་བ་དང་ནི་རྗེས་གནང་ལའོ། །ཨནྟརྒ་ཏ་དབུས་
དང་ནང་། །ཐོབ་དང་མི་དྲན་པ་ལའོ། །ཨ་པ་ཙི་ཏི་མཆོད་པ་དང་། །དེས་བྱེད་ཟད་དང་ཉམས་པ་ལ། །ཨ་པཱ་བྲྀ་ཏ་བཀབ་པ་དང་། །རང་རྒྱུད་ཨ་བྷི་ཛཱ་ཏ་ནི། །བཞད་པ་རིགས་པ་ཀུ་ལཱི་ན། །ཐོབ་པའི་གཟུགས་དག་ལ་ཡང་ངོ་། །ཨ་བྷི་ཡུགྟ་ཞེ་སྡང་སྡོམ། །མངོན་པར་
བརྩོན་དང་ལྷུར་བྱེད་པའོ། །ཨ་བྷི་ནཱི་ཏ་རིགས་པ་དང་། །འདུས་བྱས་དང་ནི་བཟོད་པའོ། །ཨ་བྷི་ཤསྟི་འཇིག་རྟེན་གྱིས། །སྨོད་དང་སློང་དང་མངོན་པར་སྦྱོང་། །ཨརྠ་པ་ཏི་ས་བདག་དང་། །དབང་ཕྱུག་མི་འམ་ཅི་དང་དབྱངས། །ཨ་བ་གི་ཏཾ་ཡོངས་སུ་བརྗོད། །ཡང་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด