དཀར་ཆག

This name comes from the volume’s file name in the source

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 103 · folio 127a

དང་། ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱི་ལ་སོགས་ཀྱིས་བསྒྱུར་ཅིང་། བར་ཞུས་ཀྱི་ལོ་ཙཱ་བ་བནྡེ་དེ་ཝེནྡྲ་རཀྵི་ཏ་དང་། ཀུ་མཱ་ར་རཀྵི་ཏ་ལ་སོགས་པས་ཞུས་པ། འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་བམ་

པོ་གསུམ་པ། རྒྱ་གར་གྱི་མཁན་པོ་པྲ་ཛྷཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་དཔལ་དབྱིག་གིས་ཞུས་པའི་མདོ། ཤློ་ཀ་བརྒྱ་དང་བཅོ་ལྔ་བ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲ་ཛྷཱ་ཝརྨ་དང་།

ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་རིན་ཆེན་དྲ་བ་ཅན་གྱིས་ཞུས་པའི་མདོ་བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གཌྷ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོས་བསྒྱུར་ཅིང་། ལོ་ཙཱ་བ་བནྡེ་དཔལ་

བརྩེགས་ཀྱིས་ཞུས་པ། འཕགས་པ་རིན་ཆེན་ཟླ་བས་ཞུས་པའི་མདོ་ཤློ་ཀ་ཉིས་བརྒྱ་ཉེར་བདུན་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷཱ་སིདྷ་དང་། ལོ་ཙཱ་བ་དགེ་སློང་དགེ་བ་དཔལ་གྱིས་བསྒྱུར་ཏེ། སླད་ཀྱི་པཎྜི་ཏ་བིང་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡེ་དེ་བ་ཙནྡྲས་

ཞུས་པ། འཕགས་པ་བདེ་བྱེད་ཀྱིས་ཞུས་པའི་མདོ། ཤློ་ཀ་བརྒྱད་ཅུ་པ། རྒྱ་གར་གྱི་མཁན་པོ་པྲ་ཛྷཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ཤློ་ཀ་བདུན་ཅུ་རྩ་གསུམ་པ།

རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ་བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་པྲ་ཛྷཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་

པ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ལི་ཡུལ་ལུང་བསྟན་དུའང་གྲགས་པ་བམ་པོ་བཞི་བ་འགྱུར་བྱང་མེད་པ། འཕགས་པ་ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བའི་མདོ་བུ་མོ་རིན་ཆེན་གྱིས་ཞུས་པ་བམ་པོ་བཞི་བ་རྒྱ་གར་གྱི་མཁན་པོ་ཇི་ན་མི་ཏྲ་དང་། དཱ་

Vol. 103 · folio 127b

ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པའི་མདོ་ཤློ་ཀ་དགུ་བཅུ་བ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲ་ཛྷཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་

བསྒྱུར་བ། འཕགས་པ་བགྲེས་མོས་ཞུས་པའི་མདོ། ཤློ་ཀ་བརྒྱ་དང་བཅུ་བ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར་རྣམས་བཞུགས་སོ། །མ་པ་ལ། འཕགས་པ་འཇམ་དཔལ་གྱིས་

དྲིས་པའི་མདོ་བློ་ཀ་དགུ་བཅུ་ལ་བམ་པོ་གཅིག་ཏུ་བྱས་པ་འགྱུར་བྱང་མེད་པ། འཕགས་པ་བདག་མེད་པ་དྲིས་པ་ཞེས་བྱ་བའི་མདོ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་བྟ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་ཏེ་འདི་ལ་ཀླུ་མེས་ཀྱིས་

བཀའ་མ་ཡིན་པར་བསྒྲགས་ཀྱང་། ལོ་ཆེན་གྱིས་བསྒྱུར་བ་འདིས་ཐེ་ཚོམ་མེད། འཕགས་པ་འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ་ཞེས་བྱ་བའི་མདོ་བམ་པོ་བཞི་དང་ལེའུ་བཅུ་གཉིས་པ་འགྱུར་བྱང་མེད་པ། །འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བའི་མདོ་

བམ་པོ་བདུན་པ། ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་དྲུག་དང་ལེའུ་བཅུ་གཉིས་པ། ལོ་ཙཱ་བ་བནྡེ་ཆོས་ཉིད་

ཚུལ་ཁྲིམས་ཀྱི་འགྱུར། །འཕགས་པ་འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བའི་མདོ་བློ་ཀ་ཕྱེད་དང་བཅོ་ལྔ་བ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ཞེས་བྱ་བའི་མདོ།

ཤློ་ཀ་དགུ་བཅུ་རྩ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཛྙཱ་ན་སིདྡྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཏེ་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་

Vol. 103 · folio 128a

གཉིས་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱི་ལ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་གསུམ་པ།

ལོ་ཙཱ་བ་བནྡེ་རིན་ཆེན་འཚོའི་འགྱུར་རྣམས་བཞུགས་སོ། །ཙ་པ་ལ། འཕགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པའི་མདོ་བམ་པོ་དྲུག་དང་ལེའུ་ཉེར་བཞི་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ།

འཕགས་པ་སྦྱིན་པའི་ཕར་ཕྱིན་བསྟན་པ་ཞེས་བྱ་བའི་མདོ་བམ་པོ་གཉིས་དང་ལེའུ་བཞི་བ། རྒྱ་གར་གྱི་མཁན་པོ་པྲ་ཛྷཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། ཆོས་རྣམས་ཀྱི་རྒྱན་བཀོད་སྤུངས་པ་ལྷབ་ལྷུབ་བཀོད་པའི་མདོའི་ལེའུ་

བཅུ་བ་དང་བཅུ་གཅིག་པ་གཉིས་ཁོལ་དུ་ཕྱུང་བར་གྲགས་པ། འཕགས་པ་སྦྱིན་པའི་ཕན་ཡོན་བསྟན་པ་ཞེས་བྱ་བའི་མདོ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་

བསྟན་པ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱ་ཉི་ཤུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་

ཡུལ་ལ་འཇུག་པ་བསྟན་པའི་མདོ། བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་ཛྷཱ་ན་གརྦྷ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བ། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་བམ་པོ་གཅིག་དང་

ཤློ་ཀ་བཅུ་བ། འགྱུར་བྱང་མི་གསལ་བ། ཕལ་པོ་ཆེ་འབུམ་པ་ལས་ལེའུ་ཉེར་དགུ་བ་ཁོལ་དུ་ཕྱུང་བར་གྲགས་པའི་འཕགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པར་བསྟན་པའི་མདོ་བམ་པོ་གསུམ་པ་འགྱུར་བྱང་མེད་པ། འཕགས་པ་མར་

Vol. 103 · folio 128b

མེ་མཛད་ཀྱིས་ལུང་བསྟན་པ་ཞེས་བྱ་བའི་མདོ་ཤློ་ཀ་ཉིས་བརྒྱ་དང་བཅུ་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷཱ་སིདྷ་དང་། ལོ་ཙཱ་བ་བནྡེ་དགེ་དཔལ་གྱིས་བསྒྱུར་ཅིང་སླད་ནས་པཎྜི་ཏ་ཛྙཱ་ན་གརྦྷ་དང་། ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་ཞུས་ཆེན་བགྱིས་པ། འཕགས་

པ་ཚངས་པའི་དཔལ་ལུང་བསྟན་པའི་མདོ་ཤློ་ཀ་བཞི་བཅུ་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷཱ་སིདྷ་དང་། ལོ་ཙཱ་བ་དགེ་བ་དཔལ་གྱིས་བསྒྱུར་ཅིང་། སླད་ཀྱིས་པཎྜི་ཏ་བིཅུ་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡེ་དེ་ཝ་ཙནྡྲས་ཞུས་པ། འཕགས་པ་བུད་མེད་འགྱུར་

བ་ལུང་བསྟན་པའི་མདོ་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པའི་མདོ་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་

ན་མི་ཏྲ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བདེ་ལྡན་མ་ལུང་བསྟན་པའི་མདོ་ཤློ་ཀ་བདུན་ཅུ་པ་འགྱུར་བྱང་མེད་པ། འཕགས་པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པའི་མདོ་ཤློ་ཀ་བརྒྱ་པ་འགྱུར་བྱང་མེད་པ། འཕགས་པ་རྒྱལ་བའི་

བློ་གྲོས་ཞེས་བྱ་བའི་མདོ་ཤློ་ཀ་བཅུ་གཅིག་པ་འགྱུར་བྱང་མེད་པ། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་

གསར་བཅད་ཀྱིས་ཀྱང་བཅོས་པ། འཕགས་པ་འཇམ་དཔལ་གནས་པ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱ་བཞི་བཅུ་པ། རྒྱ་གར་གྱི་མཁན་པོ་སུ་རེཊ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱམས་པ་བདུད་རྩི་བརྗོད་པ་ཞེས་བྱ་བའི་མདོ་ཤློ་

ཀ་བརྒྱད་ཅུ་པ། རྒྱ་གར་གྱི་མཁན་པོ་པྲ་ཛྷཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱམས་པ་ལ་འཇུག་པ་ཞེས་བྱ་བའི་མདོ་བམ་པོ་གཉིས་པ། པཎྜི་ཏ་པྲཛྙཱ་ཝརྨ་དང་། ཛི་ན་མི་ཏྲ་དང་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་

Vol. 103 · folio 129a

སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་བྱམས་པ་དགའ་ལྡན་གནམ་དུ་སྐྱེ་བ་བླངས་པའི་མདོ། ལོ་ཙཱ་བ་བནྡེ་པ་བ་སྟོང་དང་། བནྡེ་ཤེས་རབ་སེང་གེས་རྒྱུའི་དཔེ་ལས་བསྒྱུར་བ། འཕགས་པ་ཆོས་ཀྱི་རྗེས་སུ་མཐུན་པར་འཇུག་པའི་

འཇིག་རྟེན་གྱི་རྗེས་སུ་མཐུན་པར་འཇུག་པའི་མདོ། ཤློ་ཀ་བརྒྱ་བཅུ་གཅིག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱིལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་བཞུགས་སོ། །ཚ་པ་ལ། འཕགས་

པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་མདོ་བམ་པོ་ལྔ་དང་ཤློ་ཀ་བདུན་ཅུ་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བི་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བ། འཕགས་པ་ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པ་ཞེས་

བྱ་བའི་མདོ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་པྲ་ཛྷཱ་ཝརྨ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱད་ཅུ་པ། ལོ་ཙཱ་བ་བནྡེ་ཀླུའི་དབང་པོ་དང་། ལྷའི་

ཟླ་བས་བསྒྱུར་བ། འཕགས་པ་མར་མེ་འབུལ་བ་ཞེས་བྱ་བའི་མདོ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་པྲ་ཛྷཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་གྲོང་ཁྱེར་གྱིས་འཚོ་བ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱ་བ། རྒྱ་

གར་གྱི་མཁན་པོ་ཛྙཱ་ན་གབྷ་དང་། ལོ་ཙཱ་བ་བནྡེ་ཀླུའི་དབང་པོས་བསྒྱུར་བ། སླད་ཀྱི་པཎྜི་ཏ་བིདྱཱ་ཀ་ར་སིདྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དེ་ཝ་ཙནྡྲས་ཞུས་པ། འཕགས་པ་ཟས་ཀྱིས་འཚོ་བ་རྣམ་པར་དག་པ་ཞེས་བྱ་བའི་མདོ་ཤློ་ཀ་སུམ་ཅུ་རྩ་བརྒྱད་པ་འགྱུར་

བྱང་མེད་པ། འཕགས་པ་གླང་པོའི་རྩལ་ཞེས་བྱ་བའི་མདོ་བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་པ་འགྱུར་བྱང་མེད་པ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བའི་མདོ་ཤློ་ཀ་རེ་བཞི་བ། པཎྜི་ཏ་བི་ཤུདྡྷ་སིདྷ་དང་། ལོ་ཙཱ་བ་བནྡེ་དགེ་བ་དཔལ་གྱིས་བསྒྱུར་ཅིང་།

Vol. 103 · folio 129b

སླར་ཡང་པཎྜི་ཏ་བིདྱཱ་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡེ་དེ་ཝ་ཙནྡྲས་ཞུས་པ། འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བའི་མདོ་དཀར་ཆག་ཆེན་མོ་རྣམས་སུ་བམ་པོ་གཅིག་ཏུ་བྱས་ཀྱང་བམ་པོའི་སུམ་ཆ་ཙམ་ལས་མེད་པ། པཎྜི་ཏ་བིདྱཱ་ཀ་ར་སིདྷ་དང་། ལོ་ཙཱ་

བ་བནྡེ་རྦ་རྗེ་ཡེ་ཤེས་སྙིང་པོའི་འགྱུར། འཕགས་པ་ས་ལུ་ལྗང་བའི་མདོ་ཤློ་ཀ་ཉིས་བརྒྱ་ཉེར་དྲུག་པ་འགྱུར་བྱང་མེད་པ། འཕགས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་མདོ་ཤློ་ཀ་སུམ་ཅུ་པ་བནྡེ་ནམ་མཁའི་འགྱུར། འདི་ཐེག་

དམན་དུ་གྲགས་ཀྱང་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པར་རྣམ་ཤེས་ཚོགས་བརྒྱད་སོགས་བསྟན་པས་ཐེག་པ་ཐུན་མོང་བ་ཡིན་ནོ། །འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ཤློ་ཀ་བཅུ་གསུམ་པ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་

ཤེས་སྡེའི་འགྱུར། འཕགས་པ་སོར་མོའི་འཕྲེང་བ་ཅན་ལ་ཕན་པའི་མདོ་བམ་པོ་བདུན་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱི་ལ་དང་། རྒྱའི་བནྡེ་ཏོང་ཨཱ་ཙཱརྱ་ལ་སོགས་པས་བསྒྱུར་བ། འཕགས་པ་རྒྱལ་པོ་གཟུགས་ཅན་

སྙིང་པོ་ལ་གདམས་པའི་མདོ། པཎྜི་ཏ་དཱ་ན་ཤཱི་ལ་དང་། བནྡེ་ཡེ་ཤེས་སྡེའི་འགྱུར་དང་། འཕགས་པ་བད་ས་ལའི་རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོ་སྔ་མ་དང་འགྱུར་བྱང་གཅིག་པ་སྟེ་འདི་གཉིས་ལ་དཔྱད་གཞི་མཛད་མཁན་མང་དུ་བྱུང་ཡང་། ཚལ་

པ་སི་ཏུ་ཐམས་ཅད་མཁྱེན་པས་ཚད་མར་མཛད་པའི་ཕྱིར་བཞག །འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་བམ་པོ་ལྔ་བ། པཎྜི་ཏ་མཉྫ་ཤྲཱི་གརྦྷ་དང་། ཨཱ་ཙཱརུ་རཏྣ་རཀྵི་ཏས་བསྒྱུར་ཅིང་ཞུས་ཆེན་བགྱིས་པ། འཕགས་པ་དཔལ་སྦས་ཀྱི་

མདོ་བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་པ། རྒྱ་གར་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱ་བའི་མདོ་བམ་པོ་གཅིག་

Vol. 103 · folio 130a

དང་ཤློ་ཀ་བཞི་བཅུ་བ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྷཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་ལས་སྒྲིབ་རྒྱུན་གཅོད་པ་ཞེས་བྱ་བའི་མདོ་ཤློ་ཀ་ཉིས་བརྒྱ་སུམ་ཅུ་པ། རྒྱ་གར་གྱི་

མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་བཞུགས་སོ། །པ་ལ། སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་ཞེས་བྱ་བའི་མདོ་བམ་པོ་བདུན་དང་ལེའུ་

དགུ་བ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་པྲ་བྷ་དང་། ལོ་ཙཱ་བ་དགེ་སློང་དཔལ་གྱི་ལྷུན་པོའི་འགྱུར། འཕགས་པ་རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་རྒྱལ་པོ་གསལ་རྒྱལ་ལ་གདམས་པའི་མདོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་།

ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་བམ་པོ་ལྔ་བ། རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་པྲ་བྷ་དང་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོས་བསྒྱུར་ཅིང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་

པ། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བའི་མདོ་བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་པྲ་ཛྷཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། འཕགས་པ་ལྷག་པའི་བསམ་པ་བསྟན་པ་ཞེས་བྱ་བའི་མདོ་ལེའུ་གཉིས་དང་

བམ་པོ་བཞིར་དཀར་ཆག་སྔོན་མ་ཚོར་བཤད་ཀྱང་བམ་པོ་གཅིག་ཙམ་ལས་མེད་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲ་ཛྷཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་

བའི་མདོ་ཤློ་ཀ་སུམ་ཅུ་པ། པཎྜི་ཏ་སརྦ་ཛྙཱ་དེ་བ་དང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བའི་མདོ་ཤློ་ཀ་བདུན་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་

Vol. 103 · folio 130b

སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་ཞེས་བྱ་བའི་མདོ་བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་

པ་སངས་རྒྱས་བགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ་པ། ལོ་ཙཱ་བ་བནྡེ་དཔལ་དབྱངས་དང་། དཔལ་བརྩེགས་ཀྱི་འགྱུར། དེ་བཞིན་གཤེགས་པ་བགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ་དང་ཤློ་ཀ་དོན་ལྔ་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་

དང་། ལོ་ཙཱ་བ་བནྡེ་དཔལ་དབྱངས་ཀྱིས་བསྒྱུར་ཅིང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་པ། འདུས་པ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ཅེས་བྱ་བའི་མདོ་བམ་པོ་གསུམ་དང་ལེའུ་བཞི་

པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར་རྣམས་བཞུགས་སོ། །ལྦ་པ་ལ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་བམ་པོ་བདུན་པ་ལོ་ཙཱ་བ་རིན་ཆེན་འཚོ་དང་ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། འཕགས་

པ་སྤྲིན་ཆེན་པོའི་མདོ་བམ་པོ་བཅུ་དང་ལེའུ་སོ་བདུན་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སྤྲིན་ཆེན་པོའི་མདོ་ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ལ་རྩེ་བའི་

ལེའུ་ཁོལ་དུ་ཕྱུང་བ་ལེའུ་སོ་བདུན་དང་བམ་པོ་གསུམ་པ་འགྱུར་བྱང་སྔ་མ་དང་འདྲ་བ། འཕགས་པ་སྤྲིན་ཆེན་པོ་འབུམ་པ་ལས་ཁོལ་དུ་ཕྱུང་བ་རླུང་གི་དཀྱིལ་འཁོར་གྱི་ལེའུ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་།

ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། ཡང་འཕགས་པ་སྤྲིན་ཆེན་པོ་ལས་ཆར་བབས་པའི་རླུང་གི་དཀྱིལ་འཁོར་གྱི་ལེའུ་དྲུག་ཅུ་རྩ་བཞི་བ་ཆོ་ག་དང་བཅས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་

Vol. 103 · folio 131a

གསར་བཅད། འཕགས་པ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་པོ་དེ་བཞིན་གཤེགས་པའི་གསང་བ་གྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་བསྡུས་པ་དཔའ་བར་འགྲོ་བའི་མདོ་ཆེན་

པོ་ལེའུ་སྟོང་ཕྲག་བཅུ་བ་ལས་ལེའུ་བཅུ་བ་ཁོལ་དུ་ཕྱུང་བར་གྲགས་པ། བམ་པོ་གཉིས་པ་འགྱུར་བྱང་མེད་པ། འདི་ལ་ཀླུ་མེས་ཀྱིས་བཀའ་ཡིན་མིན་ཐེ་ཚོམ་དུ་མཛད་ཀྱང་བུ་སྟོན་གྱིས་བཀའ་ལས་ལོགས་སུ་མ་ཕྱེས་པས་བཞག་པ་ཡ་ཡིན་ནོ། །གཙུག་ཏོར་ཆེན་པོ་

བམ་པོ་དགུ་བ་ལས་བདུད་ཀྱི་ལེའུ་ཉི་ཚེ་ཕྱུང་བ་ཤློ་ཀ་དོན་ལྔ་པོ། བམ་པོ་གཉིས་པ་འདི་ལ་གོང་དཀར་བ་སོགས་ཀྱིས་ཐེ་ཚོམ་གྱི་གཞིར་བྱས་ཀྱང་སྔོན་གྱི་དཀར་ཆག་གསུམ་དུ་རྒྱ་ནག་ལས་འགྱུར་བའི་ཁུངས་མར་བཤད་པས་བཞག་པ་རྣམས་བཞུགས་སོ། །ཞ་པ་ལ།

འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཞེས་བྱ་བའི་མདོ་བམ་པོ་བདུན་དང་ལེའུ་བཅུ་གཉིས་པ། རྒྱ་གར་གྱི་མཁན་པོ་མཉྫ་ཤྲཱི་གབྷ་དང་། བི་ཛ་ཡ་ཤཱི་ལ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་

བཅོས་པ། འདི་ལ་ཁ་ཅིག་གིས་དཀར་ཆག་ཆེན་མོའི་ཆོས་ཀུན་བགྲོ་བ་དང་གཅིག་མི་གཅིག་དཔྱད་གཞིར་མཛད་པའང་འདུག་གོ། །འདུས་པ་ཆེན་པོ་ལས། སའི་སྙིང་པོ་འཁོར་ལོ་བཅུ་བ་ཞེས་བྱ་བའི་མདོ་བམ་པོ་བཅུ་དང་ལེའུ་བརྒྱད་པ། རྒྱའི་

མཁན་པོ་ཧྭ་ཤང་ཟབ་མོ་ལ་སོགས་པ་དང་། ལོ་ཙཱ་བ་བནྡེ་རྣམ་པར་མི་རྟོག་པའི་འགྱུར། འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བའི་མདོ་བམ་པོ་དྲུག་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་

སོགས་པས་བསྒྱུར་བ། འཕགས་པ་ཏིང་ངེ་འཛིན་གྱི་འཁོར་ལོ་ཞེས་བྱ་བའི་མདོ་ཤཱི་ལ་དྷརྨ་དང་རྣམ་པར་མི་རྟོག་པས་རྒྱ་ལས་བསྒྱུར་བ། འཕགས་པ་ཡོངས་སུ་བསྔོ་བའི་འཁོར་ལོ་ཞེས་བྱ་བའི་མདོ། ལིའི་དགེ་སློང་སྡེ་སྣོད་གསུམ་དང་ལྡན་པ་ཤི་ལ་དྷརྨས།

Vol. 103 · folio 131b

རྒྱ་གར་གྱི་དྷརྨའི་ཡི་གེ་ལས་བནྡེ་རྣམ་པར་མི་རྟོག་པའི་འགྱུར་རྣམས་བཞུགས་སོ། །ཟ་པ་ལ། དམ་པའི་ཆོས་ཀྱི་རྒྱལ་པོའི་ཡི་གེ་བམ་པོ་གཅིག་པ། སྔོན་རྒྱ་ལས་འགྱུར་བའི་བརྡ་རྙིང་པ་སྐད་གསར་བཅད་ཀྱིས་མ་བཅོས་པར་སྣང་། འདི་ལའང་

འགའ་ཞིག་གིས་ཐེ་ཚོམ་བྱས་སྣང་ངོ་། འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བའི་མདོ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་པྲ་ཛྷཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བའི་

མདོ། ཤློ་ཀ་བརྒྱ་ལྔ་བཅུ་བ་འགྱུར་སྔ་མ་དང་འདྲ་བ། འཕགས་པ་དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ་ཞེས་བྱ་བའི་མདོ། ཤློ་ཀ་ཉིས་བརྒྱ་དང་བརྒྱད་ཅུ་པ། པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་

འགྱུར། འཕགས་པ་ཆོས་དང་དོན་རྣམ་པར་འབྱེད་པ་ཞེས་བྱ་བའི་མདོ། ཤློ་ཀ་དགུ་བཅུ་པ་འགྱུར་སྔ་མ་དང་འདྲ་བ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པའི་ཆོས་བཞི་བསྒྲུབ་པ་ཞེས་བྱ་བའི་མདོ། བམ་པོ་གཅིག་དང་ཤློ་ཀ་བརྒྱ་ཡོད་པ། རྒྱ་

གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་དང་། དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བའི་མདོ། ཤློ་ཀ་བཅུ་གསུམ་པ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་

ཤེས་སྡེའི་འགྱུར། ཆོས་བཞི་བ་ཤློ་ཀ་བཅུ་བའི་མདོ་འགྱུར་བྱང་མེད་པ། ཆོས་བཞི་མི་གཏོང་བ་ཞེས་བྱ་བའི་མདོ་འགྱུར་བྱང་མེད་པ། འཕགས་པ་བཞི་བསྒྲུབ་པ་ཞེས་བྱ་བའི་མདོ་ཤློ་ཀ་ཉིས་བརྒྱ་དྲུག་ཅུ་པ་འགྱུར་བྱང་མེད་པ། ཆོས་གསུམ་པ་ཞེས་བྱ་

བའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡེ་དེ་ཝ་ཙནྡས་བསྒྱུར་ཅིང་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་ཞུས་པ། འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་མདོ་འགྱུར་བྱང་མེད་པ། འཕགས་པ་ཆོས་རྒྱ་མཚོའི་མདོ་ཤློ་ཀ་བརྒྱད་ཅུ་པ་རྒྱ་ལས་འགྱུར་བ་སྐད་

Vol. 103 · folio 132a

གསར་བཅད་ཀྱིས་བཅོས་པ། འཕགས་པ་ཆོས་ཀྱི་རྒྱ་མོ་བམ་པོ་གཉིས་པ་རྒྱ་ལས་བསྒྱུར་བ། འདི་ལའང་འགའ་ཞིག་གིས་ཐེ་ཚོམ་བྱས་ཀྱང་། སྔོན་གྱི་མཁན་པོ་རྣམས་ཀྱིས་ཚད་མར་བྱས་སོ། །འཕགས་པ་ཉི་མའི་སྙིང་པོ་

བམ་པོ་བཅུ་གསུམ་དང་ལེའུ་བཅུ་གཉིས་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙ་དེ་ཝ་དང་། བིདྱཱ་ཀ་ར་པྲ་བྷ་དང་། དྷ་རྨ་ཀར་དང་། ལོ་ཙཱ་བ་བནྡེ་བཟང་སྐྱོང་གིས་བསྒྱུར་ཅིང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་པ། འཕགས་པ་དེ་བཞིན་གཤེགས་

པའི་སྙིང་པོ་ཞེས་བྱ་བའི་མདོ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་མདོ་ཤློ་ཀ་

བརྒྱ་བ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་ཞུས་པ། འཕགས་པ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་གཅིག་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་

དང་། བནྡེ་རཏྣ་རཀྵི་ཏས་བསྒྱུར་ཅིང་ཞུས་པ། འཕགས་པ་ཐབས་མཁས་པ་ཞེས་བྱ་བའི་མདོ་བམ་པོ་གཉིས་པ་འགྱུར་བྱང་མེད་པ་རྣམས་བཞུགས་སོ། །འ་པ་ལ། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་དང་ལྔ་བཅུ་རྩ་གསུམ་པ་བམ་པོ་

བརྒྱད་པ་འགྱུར་བྱང་མེད་པ། འདི་མཚན་མང་པོ་བསབས་པའི་རྒྱུན་ཡིན་ཀྱང་ད་དུང་ཅུང་ཟད་མ་ཚང་བར་འདུག་གོ། །འཕགས་པ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་བསྟན་པ་བམ་པོ་བཅུ་གཅིག་དང་ལེའུ་བཅུ་གཉིས་པ་རྒྱ་ནག་འགྱུར། འཕགས་

པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་སྒྲུབ་པ་རྣམ་པར་བཀོད་པ་ཞེས་བྱ་བའི་མདོ་བམ་པོ་གཉིས་དང་ཤློ་ཀ་བརྒྱ་བཅུ་གཉིས་པ་རྒྱ་ནག་གི་འགྱུར། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་འགྱུར་བྱང་

Vol. 103 · folio 132b

མེད་པ། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས་ཕྱག་འཚལ་བའི་ཆོ་ག་དང་མཚན་ནས་བརྗོད་པའི་གླེང་གཞི་མེ་ཏོག་གི་ཚོགས་ཞེས་བྱ་བའི་མདོ་བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་ཛྙ་ན་སིདྡྷི་དང་། ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱི་ལ་

ལ་སོགས་པས་བསྒྱུར་ཅིང་ཞུས་ཆེན་བགྱིས་པ་རྣམས་བཞུགས་སོ། །ཡ་པ་ལ། དཔང་སྐོང་ཕྱག་བརྒྱ་པ་ཐུ་མི་སཾ་བྷོ་ཊའི་འགྱུར། །འཕགས་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་མདོ་ཤློ་ཀ་བདུན་ཅུ་དོན་ལྔ་བ་འགྱུར་བྱང་མེད་པ། ཕྱོགས་

བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱ་ལྔ་བཅུ་བ་རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིདྷ་དང་། ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང་། ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་ཞུ་ཆེན་བགྱིས་པ། འཕགས་པ་སངས་རྒྱས་བདུན་པ་

ཞེས་བྱ་བའི་མདོ། ཤློ་ཀ་བརྒྱ་རྩ་ལྔ་པ། པཎྜི་ཏ་ཤཱཀྱ་སིདྷ་དང་། ལོ་ཙཱ་བ་དེ་ཝེནྡྲ་རཀྵི་ཏའི་འགྱུར། འཕགས་པ་སངས་རྒྱས་བརྒྱད་པ་ཞེས་བྱ་བའི་མདོ་ཤློ་ཀ་དགུ་བཅུ་བ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་

བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་སངས་རྒྱས་བཅུ་བ་ཞེས་བྱ་བའི་མདོ་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ཤློ་ཀ་བརྒྱ་བཞི་བཅུ་པ། །རྒྱ་གར་གྱི་མཁན་པོ་པྲ་ཛྷཱ་ཝརྨ་ལ་སོགས་པ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་

སོགས་པས་བསྒྱུར་ཅིང་ཞུས་པ། འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བའི་མདོ་ཤློ་ཀ་བདུན་ཅུ་རྩ་བདུན་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་སངས་

རྒྱས་ཀྱི་དབུ་རྒྱན་ཞེས་བྱ་བའི་མདོ། ཤློ་ཀ་ཉིས་བརྒྱ་བ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིདྷ་དང་། ལོ་ཙཱ་བ་བནྡེ་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་པ། སངས་རྒྱས་ཀྱི་ས་ཞེས་བྱ་བའི་མདོ་ཤློ་ཀ་ཉིས་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་།

Vol. 103 · folio 133a

པྲ་ཙཱ་ཝ་རྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་ཊཱི་ཀ་དང་སྦྱར་ཏེ་གསར་དུ་བསྒྱུར་ཅིང་ཞུས་པ། འཕགས་པ་སངས་རྒྱས་མི་སྤོང་བ་ཞེས་བྱ་བའི་མདོ་ཤློ་ཀ་བརྒྱ་ཉི་ཤུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་ཝརྨ་དང་། ལོ་ཙཱ་བ་

བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་མདོ་ཤློ་ཀ་བདུན་ཅུ་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་བཀྲ་ཤིས་

བརྒྱད་པ་ཞེས་བྱ་བའི་མདོ། ཤློ་ཀ་ལྔ་བཅུ་རྩ་གཅིག་པ་འགྱུར་བྱང་སྔ་མ་དང་འདྲ་བ། འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་འགྱུར་བྱང་མེད་པ། བསླབ་པ་གསུམ་གྱི་མདོ་དང་། སྐུ་གསུམ་པ་ཞེས་བྱ་བའི་མདོ་གཉིས་འགྱུར་བྱང་མེད་པ།

དཀོན་བརྩེགས་ཀྱི་ཉེ་བ་འཁོར་གྱིས་ཞུས་པའི་ལེའུ་ལས་ཕྱུང་བ་འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བའི་མདོ་ཤློ་ཀ་ལྔ་བརྒྱ་སུམ་ཅུ་པ། ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་བསམ་པ་ཐམས་ཅད་ཡོངས་

སུ་རྫོགས་པར་བྱེད་པའི་བསྔོ་བ་ཤློ་ཀ་ལྔ་བཅུ་བ་འགྱུར་བྱང་མེད་པ། འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པར་བྱེད་པའི་བསྔོ་བ་ཤློ་ཀ་བཞི་བཅུ་པ། རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོས་བསྒྱུར་ཅིང་། ལོ་ཙཱ་

བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་པ་རྣམས་སོ།། །།གཉིས་པ་ཐེག་དམན་གྱི་མདོ་མང་ལ། མདོ་སྡེ་དྲན་པ་ཉེ་བར་གཞག་པ་བམ་པོ་ཉི་ཤུ་པ་ཡན་བཞུགས། །ར་པ་ལ། གོང་གི་འཕྲོས་ལས་བམ་པོ་ཉེར་གཅིག་པ་ནས་བམ་པོ་བཞི་བཅུ་རྩ་ལྔ་བ་

ཡན་བཞུགས། །ལ་པ་ལ། བམ་པོ་ཞེ་དྲུག་པ་ནས་ཞེ་དགུ་བའི་བར་དང་། འཐབ་བྲལ་གྱི་ལྷ་རྣམས་ཀྱིས་ལས་རྟག་ཏུ་བདེ་བའི་ས་སྟེ་བརྒྱད་པའི་སྐབས་ཡན་དང་འཐབ་བྲལ་གྱི་བདག་པོ་མུ་སུ་ལུནྟའི་རྫུ་འཕྲུལ་ཆེན་པོ་རྫོགས་པའི་བར་བཞུགས། ཤ་པ་ལ།

Vol. 103 · folio 133b

དེ་འཕྲོས་ཡོངས་སུ་རྫོགས་པ་བཞུགས་ཏེ་གཞུང་ཚད་ཤློ་ཀ་སྟོང་ཕྲག་སུམ་ཅུ་རྩ་དྲུག །བམ་པོར་བཅད་ན་བརྒྱ་ཉི་ཤུར་བཤད་ཀྱང་བམ་པོ་བཞི་བཅུ་རྩ་དགུ་མན་བམ་མཚམས་མ་བཅད་པར་སྣང་ངོ༌། །འདི་ནི་བསྟན་པ་སྔ་དར་ལ་ཤློ་ཀ་ཁྲི་ཉིས་སྟོང་དགུ་བརྒྱ་སྟེ་བམ་པོ་

ཞེ་གསུམ་ལས་མ་འགྱུར་ལ་ཕྱིས་པ་ཚབ་ལོ་ཙཱས་བསྒྱུར་བ་ཡིན་ཏེ་དེའི་འགྱུར་བྱང་དུ། རིག་པའི་གནས་ལྔ་ལ་ཐོགས་པ་མེད་པའི་མཁྱེན་པ་དང་ལྡན་པའི་དཔལ་གྱིས་མཛེས་པའི་པཎྜི་ཏ་ཆེན་པོ་ཤཱནྟ་ཨ་ཀ་ར་གུཔྟའི་ཞལ་སྔ་ནས་དང་། མཁས་པ་ཆེན་པོ་སྐྱེས་བུ་

དམ་པ་འདུལ་བ་འཛིན་པའི་ཡང་མཆོག་ཏུ་གྱུར་པ་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟ་དང་། ཐོས་པ་འཛིན་པས་འཇམ་དཔལ་དང་འདྲ་བར་གྲགས་པ་སྤོབས་པའི་ཤེས་རབ་ཅན་རྣམས་ཀྱི་མཆོག་པཎྜི་ཏ་ཆེན་པོ་ཤཱཀྱ་རཀྱི་ཏ་དང་། པཎྜི་ཏ་ཆེན་པོ་བིདྱ་ཨཱ་ཀ་ར་ཤཱནྟི་

ལ་སོགས་པ་རྣམས་ལ་རྒྱ་དཔེ་ལྔ་དང་། གཞན་ཡང་དབུས་མ་ག་དྷ་ཞེས་བྱ་བ་དེ་བཞིན་གཤེགས་པའི་རྟེན་མང་དུ་བཞུགས་ཤིང་སངས་རྒྱས་པའི་སྐྱེ་བོ་དཀོན་མཆོག་གསུམ་ལ་དད་པས་ཡུལ་གང་བའི་མ་ག་དྷཱའི་ཡུལ་སྨད་ན། རྒྱལ་པོ་བྱང་ཆུབ་སེམས་

དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བི་ཀྲ་མ་ལ་ཤི་ལ་ནའང་མཁས་པའི་སྐྱེ་བོ་མང་དུ་ཟིན་ཀྱང་ཤཱཀྱ་རཀྵི་ཏ་དེ་ཉིད་དང་། སྒྲ་དང་སྙན་དངགས་དང་། ལེགས་པར་སྦྱར་བའི་སྐད་ཀྱི་ལུགས་ལ་མཁས་པའི་པཎྜི་ཏ་ཆེན་

པོ་སུ་བྷཱུ་ཏི་ཙནྡྲ་དང་། མངོན་པ་ལ་མཁས་པ་ཨ་ཌིར་ཙནྡྲ་ལ་སོགས་པ་རྣམས་ལ་རྒྱ་དཔེ་གཉིས་ལ་ལེགས་པར་མཉན་ཅིང་གུས་པས་ཐད་དུ་བསྟེན་ནས། དོན་དང་ཚིག་མ་ལུས་པར་རྟོགས་པའི་བཤད་པ་ཞུས་ནས་ཤིན་ཏུ་དཀའ་བའི་གནས་རྣམས་ལ་ནི་

ཕྱིར་ཞིང་ལེགས་པར་དཔྱད་པས་དོན་དགྲོལ་བའི་ཐབས་ཞུས་ཏེ་ཞེས་དང་། མདོར་ན་རྒྱ་བོད་ཀྱི་དོན་ཐུན་མོང་བ་བརྡ་ཐ་དད་པའི་བྱེད་པ་མ་ཉམས་པར་བྱས་ནས་སྔོན་གྱི་བསྒྱུར་བ་ལ་མཁས་པ་རྣམས་ཀྱིས་བཀས་བཅད་ལ་སོགས་པའི་ལུགས་དང་ཡང་མི་འགལ་བར་

Vol. 103 · folio 134a

བྱང་ཕྱོགས་པ་ཚབ་ཀྱི་ཡུལ་དུ་སྐྱེས་པའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་དམ་པའི་ཆོས་ལ་གུས་པས་རྒྱ་གར་གྱི་རྒྱལ་པོ་ཕུན་སུམ་ཚོགས་པའི་དཔལ་གྱི་རྒྱལ་མཚན་གྱི་དབང་ཕྱུག་གཞན་པས་ཆེས་མཐོ་བ་དང་ལྡན་པ་རཱ་མ་པཱ་ལའི་རིང་ལ་ཐེག་པ་ཆེན་

པོའི་མདོ་སྡེ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཤས་ཞིག་འགྱུར་བའི་འཕྲོ་ཡོངས་སུ་རྫོགས་པར་བྱས་ནས་བསྒྱུར་བའོ། །ཞེས་སྨོས་ཤིང་། པ་ཚབ་དང་རྔོག་ལོའང་ཐེག་ཆེན་དུ་བཞེད་ཀྱང་། སྔོན་གྱི་དཀར་ཆག་ཆེན་མོ་རྣམས་སུ་ཐེག་དམན་དུ་

བཤད་པ་ལྟར་འདིར་བཀོད་པ་ཡིན་ནོ། །མདོ་ཆེན་པོ་སྒྱུ་མའི་དྲ་བ་བམ་པོ་སོ་གཅིག་དང་ཤློ་ཀ་བཞི་བཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་བ་བམ་པོ་ཕྱེད་

པ། མདོ་ཆེན་པོ་སྟོང་པ་ཉིད་ཤློ་ཀ་དགུ་བཅུ་བ། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་བམ་པོ་ཕྱེད་པ། མདོ་ཆེན་པོ་རྒྱལ་མཚན་མཆོག་ཤློ་ཀ་བཞི་བཅུ་པ། མདོ་ཆེན་པོ་རྒྱལ་མཚན་དམ་པ་ཤློ་ཀ་བཞི་བཅུ་པ། མདོ་ཆེན་པོ་ལྔ་གསུམ་པ་ཤློ་ཀ་ཉིས་བརྒྱ་ཉི་ཤུ་

པ་རྣམས་ཀྱང་། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། འཕགས་པ་རྡོ་འཕངས་པའི་མདོ་བམ་པོ་གཉིས་པ། ལོ་ཙཱ་བ་བཟང་སྐྱོང་གི་འགྱུར་ལ་དཔལ་བརྩེགས་ཀྱིས་བཅོས་པ། གཞོན་ནུ་དཔེའི་

མདོ་ཤློ་ཀ་ཉི་ཤུ་པ་འགྱུར་བྱང་མེད་པ། ཁམས་མང་པོའི་མདོ་འགྱུར་བྱང་མེད་པ། གཎྜིའི་མདོ་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་ཚུལ་ཁྲིམས་ཡོན་ཏན་གྱིས་བསྒྱུར་ཅིང་ལོ་ཙཱ་བ་རིན་ཆེན་བཟང་པོས་བཅོས་པ། གཎྜིའི་དུས་ཀྱི་མདོ་རྒྱ་གར་གྱི་མཁན་

པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། འཕགས་པ་དགེ་བའི་བཤེས་གཉེན་བསྟེན་པའི་མདོ་པཎྜི་ཏ་དྷརྨ་ཀ་ར་དང་ལོ་ཙཱ་བ་བཟང་སྐྱོང་གི་འགྱུར་རྣམས་བཞུགས་སོ། །ས་པ་ལ། མདོ་སྡེ་མངོན་པར་འབྱུང་བ་རྒྱ་གར་གྱི་མཁན་

Vol. 103 · folio 134b

པོ་ཨཱ་ཙཱརྱ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། འདི་ལ་ཁ་ཅིག་བསྟན་བཅོས་སུ་འདོད་པའང་ཡོད་དོ། །དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་འགྱུར་བྱང་མེད་པ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་འགྱུར་བྱང་མེད་

པ། ལྟུང་བ་སྡེ་ལྔའི་དགེ་མི་དགེའི་འབྲས་བུ་བརྟགས་པའི་མདོ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཛྙཱ་ན་ཤཱི་གུཔྟ་དང་། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། མཆོག་ཏུ་གདགས་པའི་མདོ་འགྱུར་བྱང་མེད་པ། འདི་ལ་འགའ་ཞིག་གིས་ལས་གདགས་

པར་ངོས་འཛིན་པའང་བྱུང་ངོ༌། །དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་འགྱུར་བྱང་མེད་པ། རྣམ་པར་གྲོལ་བའི་ལམ་ལ་སྦྱངས་པའི་ཡོན་ཏན་བསྟན་པའི་མདོ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་

ཅིང་ཞུས་པ། འདི་ལའང་ཁ་ཅིག་བསྟན་བཅོས་སུ་དོགས་པ་སྐྱེས་ཀྱང་། སྔོན་གྱི་དཀར་ཆག་ཆེན་མོ་རྣམས་ལས་མདོར་བཤད་པ་ཉིད་ཁུངས་སུ་ཆེའོ། །ཚེའི་མཐའི་མདོ་ཤློ་ཀ་ཉིས་བརྒྱ་དང་ལྔ་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷཱ་སིང་ཧ་དང་། ལོ་

ཙཱ་བ་བནྡེ་དགེ་བའི་དཔལ་གྱིས་བསྒྱུར་ཅིང་། སླར་ཡང་བིདྱཱ་ཀ་ར་སིང་ཧ་དང་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་པ། འཆི་འཕོ་བ་ཇི་ལྟར་བསྟན་པའི་མདོ་འགྱུར་བྱང་གསལ་བ་མ་རྙེད་ཀྱང་། སྔ་འགྱུར་ཞིག་ལ་སྐད་གསར་བཅད་ཀྱིས་མ་བཅོས་པ། མི་

རྟག་པ་ཉིད་ཀྱི་མདོ་ཤློ་ཀ་བཅོ་ལྔ་བ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། ཡང་མི་རྟག་པ་ཉིད་ཀྱི་མདོ། འདུ་ཤེས་བཅུ་བསྟན་པ་ཤློ་ཀ་བརྒྱད་པ། བཅོམ་ལྡན་འདས་

ཀྱི་ཞལ་ཆེམས་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་ཤློ་ཀ་བཅུ་གཅིག་པ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཤློ་ཀ་བརྒྱ་བ་རྣམས་འགྱུར་བྱང་མེད་པ། འཕགས་པ་མཚན་མོ་བཟང་པོ་ཞེས་བྱ་བའི་མདོ། ཤློ་ཀ་ལྔ་བཅུ་རྩ་གཉིས་པ།

Vol. 103 · folio 135a

རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། མུན་གྱི་ནགས་ཚལ་གྱི་སྒོ་ཞེས་བྱ་བའི་མདོ། ཕ་མའི་མདོ། འཕགས་པ་བདེན་པ་བཞིའི་མདོ་རྣམས་

འགྱུར་བྱང་མེད་པ། དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་བམ་པོ་གཅིག་དང་ཤློ་ཀ་བདུན་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། འཕགས་པ་དོན་རྒྱས་པ་ཞེས་བྱ་བའི་ཆོས་

ཀྱི་རྣམ་གྲངས་ཤློ་ཀ་བརྒྱ་བ་འགྱུར་བྱང་མེད་པ་འདིའི་མཇུག་ཅུང་ཟད་མ་ཚང་བར་བཤད། འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ཤློ་ཀ་བདུན་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བི་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར།

འཕགས་པ་དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཤློ་ཀ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཀ་ར་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོས་བསྒྱུར་ཅིང་དཔལ་བརྩེགས་ཀྱིས་ཞུས་ཆེན་

བགྱིས་པ། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་ཤློ་ཀ་བདུན་ཅུ་པ། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་ཤློ་ཀ་བརྒྱ་པ། ཚིགས་སུ་བཅད་པ་གཅིག་པ། ཚིགས་སུ་བཅད་པ་བཞི་པ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་ཤློ་ཀ་བརྒྱ་བ་རྣམས་ལ་

འགྱུར་བྱང་མེད་པ། ཆེད་དུ་བརྗོད་པའི་ཚོམས་བམ་པོ་བཞི་དང་ཚོམས་སུམ་ཅུ་རྩ་གསུམ་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡེ་རིན་ཆེན་མཆོག་གིས་བསྒྱུར་ཅིང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་པ། འདི་མདོ་སྡེ་པ་རྣམས་ཀྱིས་

བསྟན་བཅོས་སུ་འདོད་ཀྱང་། བྱེ་སྨྲས་བཀའ་ཡིན་པར་འདོད། འཕགས་པ་སྐྱེས་བུ་དམ་པའི་མདོ་ཤློ་ཀ་ཉིས་བརྒྱ་བ་རྒྱ་གར་གྱི་མཁན་པོ་དྷརྨ་ཀ་ར་དང་། ལོ་ཙཱ་བ་བཟང་སྐྱོང་གིས་བསྒྱུར་ཅིང་། བནྡེ་དཔལ་བརྩེགས་ཀྱིས་ཞུས་པ། དགའ་བོ་རབ་ཏུ་

Vol. 103 · folio 135b

བྱུང་བའི་མདོ་ཤློ་ཀ་ལྔ་བཅུ་བ། རྩངས་དེ་ཝེནྡྲ་རཀྱི་ཏས་བསྒྱུར་ཅིང་ཞུས་ཆེན་བགྱིས་པ། ལྷའི་མདོ་ཤློ་ཀ་སུམ་ཅུ་རྩ་བདུན་པ་འགྱུར་བྱང་མེད་པ། ལྷའི་མདོ་ཉུང་དུ་ཤློ་ཀ་བཅུ་བདུན་པ། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། ཟླ་བའི་མདོ་ཤློ་ཀ་བཅུ་གསུམ་པ་

འགྱུར་བྱང་མེད་པ། ཁང་བུ་བརྩེགས་པའི་མདོ་ཤློ་ཀ་དྲུག་ཅུ་པ་ལོ་ཙཱ་བ་རཏྣ་རཀྵི་ཏས་བསྒྱུར་ཅིང་ཞུས་པ། གནས་འཇོག་གི་མདོ་ཤློ་ཀ་ཉི་ཤུ་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ལ་སོགས་པས་བསྒྱུར་ཅིང་ཞུས་པ། འཕགས་

པ་དགའ་བ་ཅན་གྱི་མདོ་ཤློ་ཀ་ཉིས་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིང་ཧ་དང་། ལོ་ཙཱ་བ་བནྡེ་བྱིན་གྱི་སྙིང་པོས་བསྒྱུར་ཏེ། བནྡེ་དེ་ཝ་ཙནྡྲས་ཞུས་པ། འཁར་སིལ་གྱི་མདོ་དང་། འཁར་སིལ་འཆང་བའི་ཀུན་དུ་སྤྱོད་པ་སྟོན་པའི་ཆོ་ག་གཉིས་བསྡོམས་

པར་བམ་པོ་གཅིག་སྟེ་འགྱུར་བྱང་མེད་པ། ཆོས་ཀྱི་འཁོར་ལོའི་མདོའང་འགྱུར་བྱང་མེད་པ། ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསྟན་པའི་མདོ་ལོ་ཙཱ་བ་རྒྱ་ནག་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱི་འགྱུར། ལས་རྣམ་འབྱེད་བམ་པོ་གཉིས་པ། པཎྜི་ཏ་ཛི་ན་མི་

ཏྲ་དང་། དཱ་ན་ཤཱི་ལ་དང་། མུ་ནི་ཝརྨ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ལས་ཀྱི་རྣམ་པར་འགྱུར་བ་ཞེས་པའི་མདོ་ཤློ་ཀ་ཉིས་བརྒྱ་བདུན་ཅུ་པ་འགྱུར་བྱང་མེད་པ་རྣམས་བཞུགས་སོ། །ཧ་པ་ལ། ལས་བརྒྱ་ཐམ་པ་བམ་པོ་སོ་བདུན་ཡོད་པ་ལས།

ཉེར་དྲུག་པ་ཡན་དང་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་ཡོད་པ་ལས་ཚིགས་སུ་བཅད་པ་བདུན་པའི་གཏམ་རྒྱུད་དང་པོ་ཡན་རྣམས་བཞུགས་སོ། །ཨ་པ་ལ། ལས་བརྒྱ་ཐམ་པའི་བམ་པོ་ཉེར་བདུན་པ་ནས་སོ་བདུན་པའི་བར་དང་། སྡོམ་གྱི་ཚིགས་སུ་བཅད་པ་

བདུན་པའི་གཏམ་རྒྱུད་གཉིས་པ་ནས་བཅུ་བའི་བར་ཡོངས་སུ་རྫོགས་པ་འགྱུར་བྱང་མེད་པ། མཛངས་བླུན་ཞེས་བྱ་བའི་མདོ་བམ་པོ་བཅུ་གཉིས་དང་ལེའུ་ལྔ་བཅུ་རྩ་གཅིག་པ་ལོ་ཙཱ་བ་འགོས་ཆོས་འགྲུབ་ཀྱིས་རྒྱ་གར་དང་རྒྱ་ནག་གི་དཔེ་ལས་བསྒྱུར་བ། ཀུན་དུ་རྒྱུ་

Vol. 103 · folio 136a

སེན་རིང་གིས་ཞུས་པ་ཤློ་ཀ་སོ་བདུན་པ་འགྱུར་བྱང་མེད་པ། ཨཾ་པ་ལ། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་བ་བམ་པོ་ཉི་ཤུ་རྩ་གཉིས་པ་དང་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་བ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡེ་

དེ་ཝ་ཙནྡྲའི་འགྱུར། སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ་ཤློ་ཀ་བཅོ་ལྔ་བ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིདྷ་དང་། སརྦ་ཛྙ་དེ་ཝ་དང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པ། ཕག་མོའི་རྟོགས་པ་བརྗོད་པ་ཤློ་ཀ་བརྒྱ་བ།

རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ། མ་ག་ངྷ་བཟང་མོའི་རྟོགས་བརྗོད༑ རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་། ལོ་ཙཱ་བ་རིན་ཆེན་

བཟང་པོས་བཅོས་པ་རྣམས་བཞུགས་སོ། །ཨ་པ་ལ། བསོད་ནམས་ཀྱི་སྟོབས་ཀྱི་རྟོགས་བརྗོད་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡེ་དེ་ཝ་ཙནྡྲའི་འགྱུར། ཟླ་འོད་ཀྱི་རྟོགས་བརྗོད། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་

དྲ་དང་། ལོ་ཙཱ་བ་དགེ་སློང་ཤེས་རབ་ལེགས་པས་བསྒྱུར་ཅིང་། རིན་ཆེན་བཟང་པོས་བཅོས་པ། དཔལ་གྱི་སྡེའི་རྟོགས་བརྗོད་འགྱུར་སྔ་མ་དང་འདྲ་བ། གསེར་མདོག་གི་སྔོན་གྱི་སྦྱོར་བ་བསྟན་པ་བློ་ཀ་བཅུ་བདུན་པ་འགྱུར་བྱང་མེད་པ། འཕགས་པ་རྒྱལ་

བུ་དོན་གྲུབ་ཀྱི་མདོ་བམ་པོ་གཅིག་པ་སྔོན་རྒྱ་ལས་འགྱུར་བའི་བརྡ་རྙིང་པ་ཅན། ཚངས་པའི་འདྲ་བའི་མདོ་བམ་པོ་གཉིས་པ་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལན་བསབ་པའི་མདོ་བམ་པོ་ཕྱེད་བརྒྱད་དང་ལེའུ་དགུ་བ་

རྒྱ་ནག་འགྱུར། འཕགས་པ་ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པ་ཞེས་བྱ་བའི་མདོ། ལོ་ཙཱ་བ་བནྡེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། དགེ་དང་མི་དགེའི་ལས་ཀྱི་རྣམ་སྨིན་བསྟན་པའི་མདོ་བམ་པོ་གཅིག་པ་འགྱུར་བྱང་མེད་པ། འཕགས་པ་ཟླ་

Vol. 103 · folio 136b

བའི་སྙིང་པོས་ཞུས་པའི་མདོ་ལས་བསྟན་པ་གནས་པ་དང་འཇིག་པའི་ཚུལ་ལུང་བསྟན་པ་བམ་པོ་གཅིག་པ་འགྱུར་བྱང་མེད་པ། འཕགས་པ་གླང་རུ་ལུང་བསྟན་པའི་མདོ་བམ་པོ་གཅིག་པ་འགྱུར་བྱང་མེད་པ། སྟག་རྣའི་མདོ་བམ་པོ་གཉིས་པ། རྒྱ་གར་གྱི་

མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་སེང་དཀར་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ་འགྱུར་བྱང་མེད་པ་རྣམས་བཞུགས་སོ།། །།གསང་སྔགས་རྒྱུད་འབུམ་དུ་གྲགས་པའི་

སྐོར་ནི། སྤྱིའི་གོ་རིམ་ཚལ་པ་བཀའ་འགྱུར་ལྟར་གཙོ་ཕལ་གྱི་རིམ་པས་བཀོད་ཅིང་། བྱེ་བྲག་ཏུ་རྒྱུད་སྡེ་སོ་སོའི་སྒྲིག་ཚུལ་ཀུན་མཁྱེན་བུ་སྟོན་སོགས་ཀྱིས་མཛད་པ་ལྟར་ལེགས་པར་མངོན་པས་དེ་བཞིན་དུ་དགོད་པ་ལ། རྣལ་འབྱོར་བླ་ན་མེད་པའི་

རྒྱུད། རྣལ་འབྱོར་གྱི་རྒྱུད། སྤྱོད་པའི་རྒྱུད་བྱ་བའི་རྒྱུད་དེ་རྩ་བའི་ས་བཅད་བཞི་དང་། མཐར་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་རོ། །དང་པོ་བླ་མེད་རྒྱུད་ལ། གོང་སྨོས་ལྟར་ཕ་མའི་རྒྱུད་གཉིས་ལས་གཉིས་མེད་

ཟུར་དུ་བཀོལ་མི་དགོས་ནའང་འདི་སྐབས་བུ་སྟོན་བཞེད་པ་ལྟར། ཟུང་འཇུག་གཙོ་བོར་སྟོན་པ། གཉིས་མེད་ཀྱི་རྒྱུད་དང་། ཤེས་རབ་གཙོ་བོར་སྟོན་པ་མའི་རྒྱུད་དང་། ཐབས་གཙོ་བོར་སྟོན་པ་ཕའི་རྒྱུད་དེ་གསུམ་དུ་དབྱེ་བ་ལས། དང་པོ་ནི།

གློགས་བམ་ཀ་པལ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། ལེའུ་བཅུ་བཞི་བ་པཎྜི་ཏ་ཀ་མ་ལ་གུཔྟ་དང་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བ་ལ། ཤོང་བློ་གྲོས་བརྟན་པས་བཅོས་པ་འདི་ནི་མཁས་པ་འགའ་ཞིག་གིས་སྒྱུ་

འཕྲུལ་དྲ་བ་སྟོང་ཕྲག་དྲུག་ཅུ་པའི་ཏིང་ངེ་འཛིན་དྲ་བའི་ལེའུ་ལོགས་སུ་ཕྱུང་བ་ཡིན་པས་ཕ་རྒྱུད་ཀྱི་གྲས་སུ་བཞག་ཀྱང་། དྲི་མེད་འོད་ལས། མཚན་ཡང་དག་པར་ཚད་མར་བྱས་ནས་སེམས་ཅན་རྣམས་ཐེ་ཚོམ་མེད་པར་འགྱུར་བ་གང་ཡིན་པ་དེས་ན་སྔགས་

Vol. 103 · folio 137a

ཀྱི་ཐེག་པའི་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་པའི་དོན་མཚན་ཡང་དག་པར་བརྗོད་པ་ལས། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཡང་དག་པར་བསྟན་ཏོ། །དེའི་ཕྱིར་གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེ་ཡིས་

མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་

སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་དག་ཐམས་ཅད་ནི་འཁོར་བ་པ་སྟེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །ཞེས་རྒྱུད་ཐམས་ཅད་ཀྱི་དངོས་དོན་མཐར་ཐུག་ཡིན་པ་དང་། ཁྱད་པར་དུས་ཀྱི་འཁོར་ལོའི་རྒྱུད་རྣམས་ཀྱི་སྙིང་པོར་གྱུར་པ་གསལ་

བར་བསྟན་པའི་ཕྱིར་གཉིས་མེད་ཀྱི་རྒྱུད་དང་ཕྱོགས་མཚུངས་སུ་རྒྱུད་ཐམས་ཅད་ཀྱི་དབུར་བཀོད་པ་ནི་ཆེས་འབྲེལ་ཆགས་པ་ཡིན་ནོ། །དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བའི་དུམ་བུ་དབང་མདོར་བསྟན་པ་ཞེས་བྱ་བ། ཁ་

ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང་། ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་། སླར་ཡང་སྒྲ་ཚད་པ་རིན་ཆེན་རྒྱལ་མཚན་གྱིས་དཔལ་ནཱ་རོ་པའི་འགྲེལ་བཤད་དང་མཐུན་པར་བསྒྱུར་ཅིང་ཞུས་པ། མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་

བའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ལེའུ་ལྔ་བ་ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང་། ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་། སླད་ཀྱི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་རྒྱ་དཔེ་

གཉིས་ལ་གཏུགས་ཤིང་ཞུས་པ། འདི་ལ་ཕྱིས་འགྱུར་བཅོས་མཛད་པ་པོའང་མང་ཞིག་བྱུང་མོད་ཀྱི་ཤོང་འགྱུར་ཉིད་དོན་བཟང་བར་མཁས་པ་རྣམས་ལ་གྲགས་པ་ཡིན་ནོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་ཞེས་བྱ་བ། ཤཱཀྱའི་དགེ་

Vol. 103 · folio 137b

སློང་གཉན་ལོ་ཙཱ་བ་དྷརྨ་གྲགས་ཀྱི་འགྱུར། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ་རྒྱ་གར་གྱི་མཁན་པོ་ཤྲཱི་བྷ་དྲ་བོ་དྷི་དང་། ལོ་ཙཱ་བ་གྱི་ཇོ་བརྗེ་ཟླ་བའི་འོད་ཟེར་གྱི་འགྱུར། བསྡུས་པའི་རྒྱུད་ལས་དཱ་རི་ཀ་པས་ཕྱུང་བར་གྲགས་པའི་དབང་གི་རབ་ཏུ་བྱེད་པ་རྒྱ་གར་གྱི་

པཎྜི་ཏ་ས་མནྟ་བྷཱི་དང་། རྭ་ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱི་འགྱུར། གཉིས་པ་རྣལ་འབྱོར་མའི་རྒྱུད་ལ་རིགས་དྲུག་ཀ་མཉམ་པར་སྟོན་པའི་རྒྱུད། ཧེ་རུ་ཀའི་རིགས་ཀྱི་རྒྱུད། རྣམ་སྣང་གི་རིགས་ཀྱི་རྒྱུད། རྡོ་རྗེ་ཉི་མའི་རིགས་ཀྱི་རྒྱུད། པདྨ་གར་

དབང་གི་རིགས་ཀྱི་རྒྱུད། རྟ་མཆོག་གི་རིགས་ཀྱི་རྒྱུད། རིགས་དྲུག་པ་རྡོ་རྗེ་འཆང་གི་རིགས་ཀྱི་རྒྱུད་དང་བདུན་ལས། དང་པོ་ལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་རྒྱུད་བཞི་རྫོགས་པ་ལ་

རྟོག་པ་བཞི་བཅུ་རྩ་གཉིས་དང་། ཤློ་ཀ་ཁྲི་ཉིས་སྟོང་ཡོད་པའི་རྩ་རྒྱུད་མ་འགྱུར་ལ་བསྡུས་པའི་རྒྱུད་བརྟག་པ་བཅུ་བ་དང་། རྒྱུད་ཕྱི་མ་བརྟག་པ་བདུན་པ་གཉིས་ལྷ་རིན་པོ་ཆེའི་འགྱུར། འདི་ལ་སྨྲ་ཏིའི་རང་འགྱུར་ཞིག་ཀྱང་ཡོད་པར་གྲགས་

པའི་རྒྱུད་ཕྱི་མ་ནི་བུ་སྟོན་གྱི་དུས་ནས་མ་རྙེད་པར་འདུག །དེའི་རྒྱུད་ཕྱི་མའི་ཕྱི་མ་བརྟག་པ་ལྔ་བ་སྤྱི་ཏིའི་རང་འགྱུར་རྣམས་སོ། །གཉིས་པ་ཧེ་རུ་ཀའི་རིགས་ཀྱི་རྒྱུད་ལ། བདེ་མཆོག །དགྱེས་རྡོར། སངས་རྒྱས་ཐོད་པ། མ་ཧཱ་མཱ་ཡཱ། ཨཱ་ར་ལི་

དང་ལྔ་ལས་དང་པོ་ལ་རྩ་བཤད་གཉིས་ལས། དང་པོ་ནི་མཁའ་འགྲོ་རྒྱ་མཚོ་ལས། དེ་ལྟར་ངེས་བརྗོད་འབུམ་གསུམ་ལས། །ཕྱུང་བ་བདེ་མཆོག་ཉུང་ངུའི་སྟེ། །ཨ་ཡིག་ལ་སོགས་ཀ་ཡིག་མཐར། །ལེའུ་རྣམས་ཇི་ལྟའི་རིམ་པ་ཡིས། །དེ་

ཁོ་ན་ཉིད་ལྡན་པར་བྱས། །ཞེས་དང་། ཧེ་རུ་ཀ་མངོན་འབྱུང་ལས། འབུམ་ཕྲག་འབུམ་ཕྲག་གསུམ་ལས་བཤད། །རྒྱུད་ཀྱི་སྙིང་པོ་བསྡུས་པ་ཡིན། །ཞེས་རྩ་རྒྱུད་མངོན་བརྗོད་ལེའུ་འབུམ་ཕྲག་གསུམ་པ་ལས་བསྡུས་པའི་ལེའུ་འབུམ་པ། དེ་ལས་

Vol. 103 · folio 138a

བསྡུས་པ་བདེ་མཆོག་ཉུང་ངུའི་རྒྱུད་ཡིན་ཏེ། འདི་ལ་ལེའུ་ལྔ་བཅུ་རྩ་གཅིག །ཤློ་ཀ་སྟོང་བདུན་བརྒྱ་བ་པཎྜི་ཏ་པདྨ་ཀ་ར་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ། སྒྲ་བསྒྱུར་དགེ་སློང་པྲ་ཛྷཱ་ཀཱིརྟི་དང་མར་པ་ཆོས་ཀྱི་དབང་ཕྱུག་

གིས་ཡུལ་དབུས་ཀྱི་བླ་མ་ནཱ་རོ་པའི་ཕྱག་དཔེ་དང་གཏུགས་ནས་དག་པར་བཅོས་པ། གཉིས་པ་བཤད་པའི་རྒྱུད་ལ་ཐུན་མོང་མ་ཡིན་པ་དང་ཐུན་མོང་བ་གཉིས། དང་པོ་ལ། ངེས་པར་བརྗོད་པའི་རྒྱུད་བླ་མའི་བླ་མ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་དྲུག་

ཅུ་རྩ་དགུ་བ། རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་། ཕྱིས་པཎྜི་ཏ་ཛྙཱ་ན་ཤྲཱི་དང་། ལོ་ཙཱ་བ་ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་ཀྱིས་ཞུས་པ་ལ། པཎྜི་ཏ་ཨཱ་ནནྡ་དང་། ལོ་ཆུང་གིས་ཆད་ལྷག་རྣམས་བསབས་ནས་

ཞུས་པ་རྣམས་བཞུགས་སོ། །ཁ་པ་ལ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་རྣམ་པར་ཕྱེ་བའི་ལེའུ་ལྔ་བཅུ་བ། རྒྱ་གར་གྱི་པཎྜི་ཏ་ག་ཡ་དྷཱ་ར་དང་། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་པ། རྡོ་རྗེ་མཁའ་འགྲོའི་རྒྱུད་ཕྱི་མ་

ལེའུ་བཞི་པ། རྒྱ་གར་གྱི་མཁས་པ་མཆོག་གི་དབང་ཕྱུག་དང་། ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་ལྔ་བཅུ་རྩ་གཅིག་པ། བལ་ཡུལ་ཡུ་རུང་ལྷུན་གྱིས་གྲུབ་པའི་གཙུག་

ལག་ཁང་དུ་པཎྜི་ཏ་ཆེན་པོ་རྟོག་གེ་པ་རྣམས་ཀྱི་གཙུག་རྒྱན་འགྲན་ཟླ་མེད་པ། དཔལ་རྡོ་རྗེ་ཕག་མོའི་ཞབས་ཀྱི་ཆུ་སྐྱེས་ཀྱི་རྡུལ་ལ་རེག་པ་ཤཱཀྱའི་སྲས་པོ་རྒྱལ་བའི་སྡེའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དྷརྨ་ཡོན་ཏན་གྱི་འགྱུར། དཔལ་བདེ་མཆོག་

སྡོམ་པ་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་སོ་གསུམ་པ། རྒྱ་གར་གྱི་མཁན་པོ་གཞན་ཕན་མཐའ་ཡས་དང་། ལོ་ཙཱ་བ་རྒྱུས་བརྗེ་སྨོན་ལམ་གྲགས་ཀྱིས་བསྒྱུར་ཅིང་། སླར་ཡང་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རིཏྟའི་རྒྱ་དཔེ་ལ་གཏུགས་ནས་ལོ་ཙཱ་

Vol. 103 · folio 138b

བ་གཞོན་ནུ་དཔལ་གྱིས་བཅོས་པ་རྣམས་བཞུགས་སོ། །ག་པ་ལ། དཔལ་ཁྲག་འཐུང་མངོན་པར་འབྱུང་བ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་བཅུ་རྩ་ལྔ་བ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཨ་དྭ་ཡ་བཛྲ་དང་། ལོ་ཙཱ་བ་ཆིངས་ཡོན་ཏན་

འབར་གྱིས་བསྒྱུར་ཅིང་ཞུས་པ། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལེའུ་བཅུ་བདུན་པ། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་པ། རྣལ་འབྱོར་མ་བཞིའི་ཁ་སྦྱོར་བའི་རྒྱུད་བརྟག་པ་བདུན་པ། ལོ་ཙཱ་བ་ཆིངས་ཡོན་ཏན་འབར་གྱི་འགྱུར།

ཕག་མོ་མངོན་པར་བརྗོད་པ་བཤད་པའི་རྒྱུད་ཕྱི་མ་ལས་ཕག་མོ་མངོན་པར་བྱང་ཆུབ་པ། རྒྱ་གར་གྱི་མཁན་པོ་ཙཱ་ནཱ་ཀ་རའི་ཞལ་སྔ་ནས་ལོ་ཙཱ་བ་ཁུ་དངོས་གྲུབ་ཀྱིས་བསྒྱུར་བ། མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསམ་

གྱིས་མི་ཁྱབ་པ་ཕག་མོ་མངོན་པར་འབྱུང་བ་རྩ་བའི་རྒྱུད་བཅོམ་ལྡན་འདས་འཇིགས་བྱེད་ཧེ་རུ་ཀས་གསུངས་པ་ལེའུ་བཅུ་བ་དང་། དེའི་རྒྱུད་ཕྱི་མ་རྫོགས་རིམ་བསྟན་པའི་ལེའུ་གཉིས་བཅས་པཎྜི་ཏ་ག་ཡ་དྷ་རའི་ཞལ་སྔ་ནས་དང་། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་

ཟེར་གྱི་འགྱུར། འབུམ་ཕྲག་གསུམ་པ་ལས་ཕྱུང་བའི་སྒྱུ་འཕྲུལ་ཆེན་མོ་རལ་པ་གྱེན་བརྫེས་ཀྱི་རྒྱུད་སྒྱུ་མ་ཆེན་མོར་གྲགས་པའི་རིག་པ་འཛིན་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ནི་མི་ཏྲི་མཁའ་སྤྱོད་ཀྱི་རྒྱུད་ཡིན་ཏེ། རྒྱ་གར་གྱི་མཁན་པོ་ཛ་ཡ་སེ་ནའི་ཞབས་དང་།

ལོ་ཙཱ་བ་དྷརྨ་ཡོན་ཏན་གྱི་འགྱུར་རྣམས་སོ། །གཉིས་པ་བཤད་རྒྱུད་ཐུན་མོང་བ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་བརྟག་པ་བཅུ་བ། བརྟག་པ་རེ་རེ་ལ་རབ་བྱེད་བཞི་བཞི་ཡོད་པ། དེའི་རྒྱུད་ཕྱི་མ་དང་བཅས་པ། རྒྱ་གར་གྱི་མཁན་པོ་ཀ་ཡསྨཱ་

པ་ག་ཡ་དྷ་རའི་ཞལ་སྔ་ནས་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར་ཏེ་འདིའི་རྩ་རྒྱུད་རྒྱས་པ་སུམ་ཅུ་རྩ་དྲུག་ཡོད་པར་ཨིནྡྲ་བྷཱུ་ཏིའི་འགྲེལ་པ་ལས་འབྱུང་ཞིང་། རྩ་རྒྱུད་བསྡུས་པ་འདི་ལ་ཤློ་ཀ་ཉིས་སྟོང་བརྒྱ་བདུན་ཅུ་དོན་ལྔ། རྒྱུད་ཕྱི་མ་ལ་དྲུག་བརྒྱ་ཉི་ཤུ་རྩ་བརྒྱད་དང་

Vol. 103 · folio 139a

རྐང་པ་གཉིས་ཡོད་པར་བཤད་དོ། །འདི་ལ་བླ་མ་ཁ་ཅིག་ཀྱེ་རྡོར་གྱི་བཤད་རྒྱུད་དུ་བཞེད་ཀྱང་། བུ་སྟོན་གྱིས་རྒྱུད་དུ་མའི་བཤད་རྒྱུད་ཡིན་པ་དང་། ཁྱད་པར་བདེ་མཆོག་གི་བཤད་རྒྱུད་ཡིན་པར་སྒྲུབ་བྱེད་དང་བཅས་ནས་གསུངས་པ་

ཉིད་དོན་ལ་གནས་ཤིང་ལེགས་པར་སེམས་སོ། །འཁོར་ལོ་བདེ་མཆོག་གི་བཤད་རྒྱུད་ར་ལི་སོ་གཉིས་སུ་གྲགས་པ་ལ་ཐུགས་ཀྱི་རྒྱུད་བརྒྱད། གསུང་གི་རྒྱུད་བརྒྱད། སྐུའི་རྒྱུད་བརྒྱད། ཁ་འཐོར་གྱི་རྒྱུད་བརྒྱད་ལས་དང་པོ་ནི། དཔལ་གསང་བ་

རྡོ་རྗེའི་རྒྱུད་ལེའུ་བཞི་བ། པཎྜི་ཏ་རཏྣ་བཛྲ་དང་། ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་ནམ་མཁའ་དང་མཉམ་

པའི་རྒྱུད་ཀྱི་རྒྱལ་པོ། དཔལ་ནམ་མཁའ་དང་མཉམ་པ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་སྐུ་གསུང་ཐུགས་ཀྱི་རྒྱུད་མཁའ་འགྲོ་མ་དྲ་བའི་སྡོམ་པ་རྣམས་པཎྜི་ཏ་ག་ཡ་དྷ་ར་དང་། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་རིན་ཆེན་ཕྲེང་བའི་

རྒྱུད་ཀྱི་རྒྱལ་པོ་པཎྜི་ཏ་རིན་ཆེན་རྡོ་རྗེ་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་དམ་ཚིག་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་ག་ཡ་དྷ་ར་དང་འབྲོག་མིའི་འགྱུར་རྣམས་སོ། །གཉིས་པ་ནི་དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་པ་པཎྜི་ཏ་ག་ཡ་དྷ་ར་དང་ལོ་ཙཱ་བ་

ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་ཡེ་ཤེས་གསང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཡེ་ཤེས་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་ཡེ་ཤེས་འབར་བའི་རྒྱུད་ཀྱི་རྒྱལ་པོ་རྣམས་སིངྒྷ་ལའི་གླིང་གི་རྣལ་འབྱོར་མ་ཙནྡྲ་མཱ་ལ་དང་། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་

འགྱུར། དཔལ་ཟླ་བའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ་པཎྜི་ཏ་ག་ཡ་དྷ་ར་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་རིན་ཆེན་འབར་བའི་རྒྱུད་ཀྱི་རྒྱལ་པོ་རྣལ་འབྱོར་མ་ཟླ་བའི་ཕྲེང་བ་དང་། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་ཉི་མའི་འཁོར་ལོའི་

Vol. 103 · folio 139b

རྒྱུད་ཀྱི་རྒྱལ་པོ་དང་དཔལ་ཡེ་ཤེས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་གཉིས་ག་ཡ་དྷ་ར་དང་། འབྲོག་མིའི་འགྱུར་རྣམས་སོ། །གསུམ་པ་ནི། དཔལ་རྡོ་རྗེ་མཁའ་འགྲོ་གསང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་གསང་བ་མེ་འབར་བའི་རྒྱུད་ཀྱི་རྒྱལ་པོ།

དཔལ་གསང་བ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ཀྱི་རྒྱལ་པོ་རྣམས་པཎྜི་ཏ་ག་ཡ་དྷ་ར་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་རྡོ་རྗེ་རྒྱལ་པོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་རྣལ་འབྱོར་མ་ཙནྡྲ་མཱ་ལ་དང་ཤཱཀྱ་ཡེ་ཤེས་ཀྱི་འགྱུར།

དཔལ་ཡེ་ཤེས་བསམ་པའི་རྒྱུད་ཀྱི་རྒྱལ་པོ་པཎྜི་ཏ་ག་ཡ་དྷ་ར་དང་། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་ཆགས་པའི་རྒྱུད་ཀྱི་རྒྱལ་པོ་རྣལ་འབྱོར་མ་ཙནྡྲ་མཱ་ལ་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་

རྒྱལ་པོ་ག་ཡ་དྷ་ར་དང་འབྲོག་མིའི་འགྱུར་རྣམས་སོ། །བཞི་བ་ནི། དཔལ་མེའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་མཁའ་འགྲོ་མ་གསང་བ་འབར་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ཀྱི་རྒྱལ་པོ། དཔལ་

སྟོབས་ཆེན་ཡེ་ཤེས་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་གྲུབ་པ་དྲ་བ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་གསུམ་པ་རྣམས་པཎྜི་ཏེ་ག་ཡ་དྷ་ར་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་དོན་གྱི་རྒྱུད་ལེའུ་

ལྔ་བ་རྗེ་བཙུན་གུ་རུའི་ཞལ་སྔ་ནས་དང་ཤཱཀྱ་འོད་ཀྱི་འགྱུར། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་དང་། རྒྱུད་ཀྱི་རྒྱལ་པོ་རྙོག་པ་མེད་པ་གཉིས་པཎྜི་ཏ་ག་ཡ་དྷ་ར་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར་རྣམས་སོ། །

དེ་ལྟར་ར་ལི་སོ་གཉིས་ལ་བུ་སྟོན་ཞབས་ཀྱིས་རྒྱུད་སྡེ་སྤྱི་རྣམ་དུ། འདི་རྣམས་སྔར་རྩོད་པ་ཅན་དུ་གྲགས་ཤིང་། རྒྱུད་ཡང་དག་ཡིན་པར་ངེས་པའང་འགའ་ཞིག་སྣང་ལ། གཞན་རྣམས་ལའང་ཐེ་ཚོམ་གྱི་གཞི་ཤིན་ཏུ་ཆེ་བར་སྣང་བས་དཔྱད་པར་བྱའོ། །

Vol. 103 · folio 140a

ཞེས་བཀོད་ཀྱང་། ཆོས་འབྱུང་དུ། འདི་དག་ག་ཡ་དྷ་རས་འབྲོག་མི་དང་གཉོས་ལོ་ཙཱ་གཉི་ག་ལ་བཤད་པའི་རྒྱུ་དཔེ་ཅན་ཡིན་པས་བོད་ཀྱིས་བྱས་ཟེར་བ་མི་བདེན་ནོ། །ཞེས་ཐུགས་ཐག་བཅད་སྣང་ངོ༌། །འདི་དག་གི་གཞུང་ཚད་ཀྱང་ཟླ་བའི་ཕྲེང་བའི་རྒྱུད་ལས།

བརྒྱ་ཕྲག་གཉིས་དང་བཅུ་གཉིས་དང་། །ཡི་གེ་གསུམ་ལས་ངེས་འབྱུང་བ། །གསང་བ་གཅོད་པའི་རྒྱུད་ཀྱི་ཚད། །བརྒྱ་ཕྲག་གཅིག་དང་སུམ་ཅུ་ལྔ། །ཡི་གེ་བཅུ་དགུ་ལས་བྱུང་བ། །རིན་ཆེན་ཕྲེང་བའི་ངེས་པའི་ཚད། །བརྒྱ་ཕྲག་གཅིག་དང་སུམ་ཅུ་བཞི། །མི་

འགྱུར་བཅུ་གསུམ་ལས་བྱུང་བ། །སྐུ་གསུང་ཐུགས་ཀྱི་སྒྲོན་མའོ། །བརྒྱད་ཅུ་རྩ་ལྔར་ཡི་གེ་བཞིས། །མ་ཚང་བ་ལས་གང་འགྱུར་བ། །གསང་བ་བསམ་གྱིས་མི་ཁྱབ་པའོ། །བརྒྱད་ཅུ་རྩ་གཉིས་ཡི་གེ་གཅིག །རིན་ཆེན་འབར་བའི་ལྡང་ཚད་དོ། །སུམ་

ཅུ་རྩ་གཅིག་ཡི་གེ་ནི། །ཉི་ཤུ་རྩ་གཉིས་ལས་བྱུང་བ། །ནམ་མཁའ་མཉམ་པའི་ཚད་ཡིན་ནོ། །དྲུག་ཅུ་རྩ་དྲུག་ཡི་གེ་དྲུག །དམ་ཚིག་ཆེན་པོའི་རྒྱུད་ཀྱི་ཚད། །དྲུག་ཅུ་ཡི་གེ་ཉི་ཤུ་གཅིག །གསང་བ་རྡོ་རྗེར་རབ་ཏུ་གྲགས། །དྲུག་ཅུ་རྩ་གཉིས་མི་

འགྱུར་བ། །བཅུ་དྲུག་སྟོབས་པོ་ཆེ་ཡི་ཚད། །བཞི་བཅུ་རྩ་གཅིག་ཡི་གེ་ལྔ། །ནམ་མཁའ་ཆེན་པོའི་ཚད་ཡིན་ནོ། །དྲུག་ཅུ་རྩ་དྲུག་ཡི་གེ་དྲུག །ཡེ་ཤེས་འབར་བའི་ལྡང་ཚད་དོ། །སུམ་ཅུ་རྩ་དྲུག་ཡི་གེ་དགུ། །ཡེ་ཤེས་ཕྲེང་བའི་ཚད་ཡིན་ནོ། །

སུམ་ཅུ་རྩ་བཞི་ཉི་ཤུ་བཞི། །མཁའ་འགྲོ་གསང་བའི་ཚད་ཡིན་ནོ། །སུམ་ཅུ་རྩ་བཞི་བཞི་བཅུ་དག །མེ་ཡི་ཕྲེང་བའི་ཚད་ཡིན་ནོ། །ཉི་ཤུ་རྩ་གཉིས་བཅོ་བརྒྱད་དག །ཡེ་ཤེས་རྒྱལ་པོས་ལྡང་ཚད་དོ། །བདུན་ཅུ་རྩ་བརྒྱད་རྐང་པ་ཕྱེད། །ཆགས་པའི་རྒྱལ་

པོའི་ཚད་ཡིན་ནོ། །ཚིགས་སུ་བཅད་པ་ཉི་ཤུ་ལྔ། །ཡེ་ཤེས་བསམ་པའི་ལྡང་ཚད་དོ། །དགུ་ཅུ་གོ་བརྒྱད་ལས་བྱུང་བ། །ཡེ་ཤེས་གསང་བའི་ཚད་ཡིན་ནོ། །ཉི་ཤུ་ཐམ་པ་གང་ཡིན་པ། །གསང་བ་རྡོ་རྗེ་རྒྱལ་པོའི་ཚད། །བརྒྱ་དང་ཉི་ཤུ་རྩ་གཉིས་

Vol. 103 · folio 140b

ནི། །རྡོ་རྗེ་རྒྱལ་པོ་ར་ལིའི་ཚད། །ལྔ་བཅུ་རྩ་གསུམ་ཡི་གེ་བཅུ། །དུར་ཁྲོད་རྒྱན་གྱི་ལྡང་ཚད་དོ། །སུམ་ཅུ་རྩ་གསུམ་ཡི་གེ་ནི། །བཅུ་དྲུག་མཁའ་འགྲོ་མ་སྡོམ་ཚད། །ལྔ་བཅུ་ཡི་གེ་བཅོ་ལྔ་ལས། །བྱུང་བ་གསང་བ་བདུད་རྩིའི་རྒྱལ། །བཞི་བཅུ་ཡི་གེ་ཉི་ཤུ་

བཞི། །ཉི་མའི་འཁོར་ལོའི་གཞུང་ཚད་དོ། །སུམ་ཅུ་ཡི་གེ་བཅུ་དྲུག་ལས། །བྱུང་བ་ཟླ་བའི་ཕྲེང་ཚད་དོ། །ཞེས་པ་ལྟར་ཤེས་པར་བྱའོ། །དཔལ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་གསུམ་པ་ཁ་ཆེའི་མཁན་པོ་ཛྙཱ་ན་བཛྲས་རང་འགྱུར་དུ་

མཛད་པ་སྟེ་འདི་ལའང་མཁས་པ་འགའ་ཞིག་གིས་ཐེ་ཚོམ་མཛད་མོད་ཀྱི་མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཚད་མར་མཛད་པ་བཞིན་བཞག་པ་ཡིན་ནོ། །དཔལ་རྡོ་རྗེ་ནག་པོ་ཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད་ལེའུ་

ཉི་ཤུ་རྩ་ལྔ་བ། །མ་ཧཱ་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔའི་ཞལ་སྔ་ནས་དང་། ལོ་ཙཱ་བ་ཁེའུ་གད་འཁོར་ལོ་གྲགས་ཀྱི་འགྱུར་ལ་མཁས་པ་ཆེན་པོ་སངས་རྒྱས་གྲགས་པའི་སྤྱན་སྔར་ཀྲེ་བོ་ཤེས་རབ་དཔལ་གྱིས་ཞུ་ཏིག་བགྱིས་པ་རྣམས་བཞུགས་པ་སྟེ། འདི་ལའང་སྔགས་

བཏུ་འགའ་ཞིག་ལེགས་སྦྱར་གྱི་ཚུལ་དང་མ་མཐུན་པས་མཁས་པ་འགའ་ཞིག་གིས་དཔྱད་གཞིར་མཛད་པའང་འདུག་གོ། །གཉིས་པ་ཀྱེ་རྡོར་གྱི་སྐོར་ལ་རྩ་རྒྱུད་སོགས་བདུན་ལས་གླེགས་བམ་ང་པ་ལ། དགྱེས་པ་རྡོ་རྗེའི་རྩ་བའི་རྒྱུད་རྒྱས་པ་འབུམ་ཕྲག་བདུན་ཡོད་པ་ལས་ཅུང་

ཟད་བསྡུས་པ་འབུམ་ཕྲག་ལྔ་བ་དང་། དེ་ལས་ཀྱང་བཏུས་པའི་དགྱེས་པ་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་བརྟག་པ་དང་པོ་ལ་ལེའུ་བཅུ་གཅིག་དང་། གཉིས་པ་ལ་ལེའུ་བཅུ་གཉིས་ཡོད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། འབྲོག་མིའི་འགྱུར་ལ་སླར་ཡང་ལོ་ཙཱ་

བ་གཞོན་ནུ་དཔལ་གྱིས་འགྱུར་ཆད་བསབས་པ་སྟེ་གཞུང་གི་ཚད་ཀྱང་རྡོ་རྗེ་སྙིང་འགྲེལ་ལས། དཔལ་ལྡན་རྡོ་རྗེ་སྙིང་པོ་ཡིས། །རྣལ་འབྱོར་པ་ཡིས་ལམ་ཐོབ་ཆེད། །འབུམ་ཕྲག་ལྔ་ཡི་རྒྱུད་ཆེན་ལས། །ཉུང་ངུའི་རྒྱུད་འདི་ལེགས་ཕྱུང་བ། །བརྒྱ་ཕྲག་བདུན་ནི་ཕྱེད་

Vol. 103 · folio 141a

བཅས་པ། །རྡོ་རྗེའི་ཚིག་མང་ལྡན་པ་འདིར། །ཞེས་པ་ལྟར་རོ། །བརྟག་གཉིས་ལ་ལྟོས་ནས་བཤད་རྒྱུད་དང་། འབུམ་ལྔར་ལྟོས་ནས་བསྡུས་རྒྱུད་དུ་བཞེད་པ། མཁའ་འགྲོ་མ་དྲ་བ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅོ་ལྔ་བ། རྒྱ་གར་གྱི་

མཁན་པོ་ག་ཡ་དྷ་ར་དང་འབྲོག་མིའི་འགྱུར། རྒྱུད་ཕྱི་མ་ཕྱག་རྒྱ་ཆེན་པོ་ཐིག་ལེ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག་ལེའུ་ཉི་ཤུ་རྩ་བརྒྱད་པ། སློབ་དཔོན་ཆེན་པོ་དཔལ་ཤེས་རབ་གསང་བའི་ཞལ་སྔ་ནས། ཀམ་ཆོས་ཀྱི་ཡེ་ཤེས་དང་།

ཕྱུག་མཚམས་དགྲ་བཅོམ་གྱིས་བསྒྱུར་བ། རྒྱུད་ཕྱི་མའི་ཡང་ཕྱི་མ་དཔལ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་བ། པཎྜི་ཏ་ཤེས་རབ་གསང་བའི་རང་འགྱུར། བཤད་པའི་རྒྱུད་དཔལ་ཡེ་ཤེས་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་

པོ་མཆོག་ཏུ་རྨད་དུ་བྱུང་བ་ལེའུ་སུམ་ཅུ་པ། རྒྱ་གར་གྱི་མཁན་པོ་ཤྲཱི་པྲ་ཛྙཱ་གུ་པས་བསྒྱུར་ཅིང་། སླད་ཀྱིས་དཔལ་ས་སྐྱར་ཞུ་ཏིག་བགྱིས་པ། འབྲས་བུའི་རྒྱུད་དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་རྣལ་འབྱོར་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་འགྱུར་སྔ་མ་དང་འདྲ་བ་རྣམས་སོ། །

གསུམ་པ་སངས་རྒྱས་ཐོད་པའི་སྐོར་ལ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བའི་དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་བཞི་བ། རྒྱ་གར་གྱི་མཁན་པོ་ཤྲཱི་ག་ཡ་དྷ་ར་དང་། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ་འདི་ཁོ་ནའོ། །

བཞི་བ་མ་ཧཱ་མཱ་ཡཱའི་སྐོར་ལ། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་གསུམ་པ། རྒྱ་གར་གྱི་མཁན་པོ་ཛི་ན་པ་ར་དང་། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་སླར་ཡང་གློག་སྐྱ་ཤེས་རབ་བརྩེགས་ཀྱིས་བསྒྱུར་བ་ཉིད་དོ། །ལྔ་བ་ཨཱ་ར་ལིའི་སྐོར་ལ། རྡོ་རྗེ་ཨཱ་ར་

ལིའི་རྒྱུད་ཀྱི་རྒྱལ་པོ་ལེའུ་དགུ་བ། རྒྱ་གར་གྱི་མཁན་པོ་ཀཱ་ཡསྠཱ་པ་ག་ཡ་དྷ་རའི་ཞལ་སྔ་ནས་དང་། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། རི་གི་ཨཱ་ར་ལིའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ་དག་

Vol. 103 · folio 141b

གོ། །གསུམ་པ་རྣམ་སྣང་གི་རིགས་ཀྱི་རྒྱུད་ལ་གདན་བཞི་རྩ་བའི་རྒྱུད་རྒྱས་པ་སྟོང་ཕྲག་སུམ་ཅུ་རྩ་གཉིས་པ་ལས་བསྡུས་པའི་དཔལ་གདན་བཞི་བ་ཞེས་བྱ་བའི་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་གསེར་གྱི་ཆར་པར་གྲགས་པ་གདན་བཞི་པོ་རེ་རེར་རབ་བྱེད་བཞི་བཞི་ཡོད་པས་

རབ་བྱེད་བཅུ་དྲུག་པ་དང་། དེའི་བཤད་པའི་རྒྱུད་སྔགས་ཀྱི་ཆ་ཞེས་བྱ་བ་ལེའུ་བརྒྱད་པ་གཉིས་རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་གདན་བཞི་བའི་རྣམ་པར་བཤད་པའི་རྒྱུད་ཀྱི་རྒྱལ་པོ་རྣལ་འབྱོར་མ་ཐམས་ཅད་གསང་བ་ཞེས་

བྱ་བ་ལེའུ་བརྒྱ་ལྷག་པ། པཎྜི་ཏ་སྤྱི་ཏི་ཛྙཱ་ན་ཀཱིརྟིས་གསར་དུ་བསྒྱུར་བ། མི་གཡོ་བའི་རྒྱུད་དཔལ་གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་དཔའ་བོ་གཅིག་པ་ཞེས་བྱ་བ་ལུས་ཀྱི་རིམ་པར་ཕྱེ་ལ་སོགས་པས་རབ་ཏུ་ཕྱེ་བའི་ལེའུ་ཉི་ཤུ་རྩ་ལྔ་བ། པཎྜི་ཏ་རཏྣ་ཤྲཱིའི་ཞལ་སྔ་

ནས། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱར་བསྒྱུར་བ་བཞུགས་སོ། །ཅ་པ་ལ།འཕགས་པ་མི་གཡོ་བའི་རྒྱུད་ཀྱི་རྒྱལ་པོ་འབུམ་པ་ལས་བྱུང་བ་དངོས་གྲུབ་ཐམས་ཅད་ཡོངས་སུ་འབྱུང་བའི་རྟོག་པ་ལེའུ་བདུན། པཎྜི་ཏ་ཨ་ཏུ་ལ་དཱ་ས་བཛྲ་དང་།

ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གྲགས་པའི་འགྱུར། ཁྲོ་བོའི་རྒྱལ་པོ་ཐམས་ཅད་གསང་སྔགས་གསང་བའི་རྒྱུད་ལེའུ་ལྔ་བ་དང་། མི་གཡོ་བ་གསང་བའི་རྒྱུད་ཆེན་པོ་ལེའུ་བཞི་བ་གཉིས་ལ་འགྱུར་བྱང་མ་འཁོད་པ་རྣམས་སོ། །བཞི་པ་རྡོ་རྗེ་ཉི་མའི་རིགས་ཀྱི་རྒྱུད་

ནི། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་སྟོང་ཕྲག་བཅུ་གཉིས་པ་ལས་བསྡུས་པ་རྡོ་རྗེ་བདུད་རྩི་ཉུང་ངུའི་རྒྱུད་ལེའུ་བཅུ་གཅིག་པ། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ་ཉིད་དོ། །ལྔ་བ་པདྨ་གར་དབང་གི་རིགས་ཀྱི་རྒྱུད་ལ། དཔལ་པདྨ་འབར་བའི་རྒྱུད་

ཆེན་པོ་ལས་ཕྱུང་བ། རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་བ་ལེའུ་གསུམ། པཎྜི་ཏ་བི་མ་ལ་ཤྲཱི་བྷ་དྲའི་ཞལ་སྔ་ནས། ལོ་ཙཱ་བ་ཤུད་ཀེ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ། འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་ལེའུ་ལྔ། རྒྱ་གར་གྱི་མཁན་པོ་

Vol. 103 · folio 142a

ཀྲྀཥཱ་པཎྜི་ཏ་དང༌ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་རོ། དྲུག་པ་རྟ་མཆོག་གི་རིགས་ཀྱི་རྒྱུད་ལ། །སྒྲོལ་མ་ཕྱག་འཚལ་ཉི་ཤུ་རྩ་གཅིག་གི་བསྟོད་པ་ཕན་ཡོན་དང་བཅས་པ་འགྱུར་བྱང་མ་འཁོད་པ་སྟེ། །འདི་སློབ་དཔོན་ཉི་མ་སྦས་པས་བླ་མེད་

དུ་བཀྲལ་བ་ལྟར་འདིར་བཀོད། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་བིཊོཏྟ་མ་འབུམ་སྡེའི་དུམ་བུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྒྱ་དཔེ་དང་མཐུན་པར་དཔལ་ས་སྐྱ་པཎྜི་ཏས་བསྒྱུར་བ། ནག་པོ་ཆེན་པོ་མགོན་པོ་མངོན་པ་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་བཅུ་

བ། པཎྜི་ཏ་ཆེན་པོ་ས་མནྟ་བྷི་དང་། ལོ་ཙཱ་བ་རྭ་ཆོས་རབ་ཀྱི་འགྱུར་རྣམས་སོ། །བདུན་པ་རིགས་དྲུག་པ་ཁྱབ་བདག་རྡོ་རྗེ་འཆང་གི་རྒྱུད་ནི། ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་ལྔ་པ། རྒྱ་གར་གྱི་མཁན་པོ་ཏཱ་ཀྵ་ཀ་ག་ཎ་དང་།

ལོ་ཙཱ་བ་མང་འོར་བྱང་ཆུབ་ཤེས་རབ་ཀྱི་འགྱུར་ཉིད་དོ། །གསུམ་པ་ཐབས་གཙོ་བོར་སྟོན་པ་ཕའི་རྒྱུད་ལ། མི་བསྐྱོད་པ། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་ཡོད་གྲུབ་པ། དྲུག་པ་རྡོ་རྗེ་འཆང་གི་རིགས་གཙོ་བོར་སྟོན་པའི་རྒྱུད་དེ་

དྲུག་ཡོད་དོ། །དང་པོ་ལ། གསང་འདུས་ཀྱི་རྩ་རྒྱུད་ཆེན་མོ་ལ་ལྟོས་ནས་ཉུང་ངུའི་རྩ་བའི་རྒྱུད་དུ་གྲགས་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་ཆེན་གསང་བ་འདུས་པ་ཞེས་བྱ་བའི་བརྟག་པའི་རྒྱལ་པོ་ལ་ལེའུ་བཅུ་

བདུན་དང་། དེའི་རྒྱུད་ཕྱི་མ་ལེའུ་གཅིག་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤཱངྡྷཱ་ཀ་ར་ཝརྨ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། གསང་འདུས་བཤད་རྒྱུད་དགོངས་པ་ལུང་བསྟན་པ་ཞེས་བྱ་བའི་རྒྱུད་ལེའུ་བཅུ་གཉིས་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་

བྷ་དྲ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལེའུ་དྲུག་ཅུ་རྩ་བརྒྱད། རྒྱ་གར་གྱི་མཁན་པོ་སུ་ཛ་ན་ཤྲཱི་དང་། ལོ་ཙཱ་བ་བོད་ཀྱི་ལྷ་བཙན་པོ་བླ་མ་དགེ་སློང་ཞི་བའི་

Vol. 103 · folio 142b

འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་པ། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལེའུ་བཞི། རྒྱ་གར་གྱི་མཁན་པོ་སྤྲོ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་ལེའུ་གཉིས་ལོགས་སུ་བཀོལ་བ། རྒྱ་གར་གྱི་མཁན་པོ་ཙཱ་ནཱ་ཀ་རའི་ཞལ་སྔ་

ནས་དང་། ལོ་ཙཱ་བ་ཁུ་དངོས་གྲུབ་ཀྱི་འགྱུར་ལ། སླད་ནས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ཞུས་ཤིང་གཏན་ལ་ཕབ་པ་རྣམས་བཞུགས་སོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་རབ་བྱེད་བཞི་བཅུ་རྩ་གཅིག་པ། ཁ་ཆེའི་པཎྜི་ཏ་ཨཱ་ཀ་ར་

སིདྡྷི་དང་། ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལེའུ་བཅུ་བདུན་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང་། ལོ་ཙཱ་བ་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། དཔལ་གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་ངོ་བོ་ཉིད་ཀྱི་རྡོ་རྗེ་

ཞེས་བྱ་བ་ལེའུ་ཉི་ཤུ་རྩ་གཉིས་པ། མཁན་ཆེན་ཐར་པ་ལོ་ཙཱ་བའི་ཕྱག་དཔའི་ཁྲོད་ནས་ཤོག་ཡར་ལྔ་བྱུང་བ་སྔར་བསྒྱུར་བ་ལས། ཕྱིས་ཉང་སྟོད་སྨོན་འགྲོའི་གཙུག་ལག་ཁང་ནས་རྒྱ་དཔེ་ལྷག་མ་རྣམས་རྙེད་པ་ལས། བུ་སྟོན་གྱིས་རྫོགས་པར་བསྒྱུར་བ། དཔལ་

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམས་པར་རྒྱལ་བ་ཞེས་བྱ་བ་ཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་ལ་ལེའུ་བདུན་ཅུ་རྩ་བདུན། རྒྱ་གར་གྱི་མཁན་པོ་དཔལ་ཡེ་ཤེས་སྙིང་པོ་དང་།

ལོ་ཙཱ་བ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་པ་རྣམས་བཞུགས་སོ། །གཉིས་མེད་རྣམ་རྒྱལ་ཆེན་མོ་འདི་ལ་ཆག་ལོ་བ་སོགས་ཀྱིས་རྒྱུད་ཡང་དག་པ་མ་ཡིན་པར་མཛད་མོད་ཀྱི། ནཱ་རོ་འགྲེལ་ཆེན་དུ་གཉིས་མེད་རྣམ་རྒྱལ་གྱི་ལུང་དྲངས་རྣམས་ཀྱང་

འདི་དང་འགྱུར་ཁྱད་ཙམ་མ་གཏོགས་དོན་ལ་ཁྱད་མ་ཞུགས་པ་དང་། འདིའི་བསྐྱེད་རྫོགས་ཀྱི་རྣམ་གཞག་རྣམས་ཀྱང་རྩ་རྒྱུད་ཀྱི་རྣམ་གཞག་དང་མཐུན་པ་དང་། པཎྜི་ཏ་ཆེན་པོ་སྨྲ་ྀཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར་ཞིག་ཀྱང་ཡོད་པར་བཤད་པ་དང་། གསང་བ་འདུས་པ་ལ་

Vol. 103 · folio 143a

མཁས་པ་ཁམས་པ་རོ་མཉམ་རྡོ་རྗེའི་ཊཱི་ཀ་སོགས་ལའང་འདི་ཚད་མར་བྱས་སོ། ཇ་བ་ལ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་ཞེས་བྱ་བའི་རྩ་རྒྱུད། པཎྜི་ཏ་དེ་ཝ་པཱུརྞ་མ་ཏི་དང་ལོ་ཙཱ་བ་འགར་ཆོས་ཀྱི་བཟང་

པོའི་འགྱུར། གོས་སྔོན་པོ་ཅན་གྱི་བཤད་རྒྱུད་དྲག་པོ་གསུམ་འདུལ་ཞེས་བྱ་བ་ལེའུ་གསུམ་པ་འགྱུར་བྱང་སྔ་མ་དང་འདྲ་བ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་རྡོ་རྗེ་བེ་ཅོན་གྱི་རྒྱུད་ལེའུ་བཅོ་ལྔ་བ་འགྱུར་བྱང་མ་འཁོད་པ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་

རྡོ་རྗེ་གདེངས་པའི་རྒྱུད་ཁམས་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ལེའུ་གཅིག་པ་པཎྜི་ཏ་ཨ་ཌ་ཡ་ཤྲཱི་མ་ཏི་དང་། ལོ་ཙཱ་བ་བནྡེ་ཆོས་ཀྱི་དབང་ཕྱུག་གྲགས་ཀྱི་འགྱུར། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་དཔལ་གཏུམ་པོ་ཞེས་བྱ་བ་

ལེའུ་ཉི་ཤུ་རྩ་བཞི་པ་དང་། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལེའུ་བཅུ་བཞི་བ་དང་། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལེའུ་བརྒྱད་པ་རྣམས་རྒྱ་གར་གྱི་མཁན་པོ་ཨ་བ་ཡུཀྟི་དང་། ལོ་ཙཱ་བ་བླ་བན་ཆོས་

ཀྱི་བརྩོན་འགྲུས་ཀྱི་འགྱུར། ལག་ན་རྡོ་རྗེའི་རྨི་ལམ་མཐོང་བ་འགྱུར་བྱང་མེད་པ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ལེའུ་བཅོ་ལྔ་པ། པཎྜི་ཏ་རཏྣ་ཀཱིརྟི་དང་ལོ་ཙཱ་བ་དགེ་ཚུལ་ཁྱུང་དྲགས་ཀྱི་འགྱུར། རྡོ་རྗེ་སྙིང་པོ་ལྕེ་དབབ་

པ་ཞེས་བྱ་བའི་གཟུངས་དང་པོ་སྐ་ཅོག་གི་འགྱུར་ལ། ཕྱིས་གཉན་ལོ་དར་མ་གྲགས་ཀྱི་འགྱུར། །དཔལ་ཕྱག་ན་རྡོ་རྗེ་གསང་བ་བསྟན་པའི་རྒྱུད་ལེའུ་བདུན་པ། པཎྜི་ཏ་བ་ལ་ཙནྡྲ་དང་། ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱི་འགྱུར། བཅོམ་ལྡན་

འདས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ཉི་ཤུ་རྩ་གཅིག་པ། པཎྜི་ཏ་ཝ་ལ་ཙནྡྲ་དང་། ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱི་འགྱུར། རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་བདུན་པ་ཛྷཱ་ནཱ་ཀ་རའི་འགྱུར་རྣམས་སོ། །

Vol. 103 · folio 143b

གཉིས་པ་རྣམ་སྣང་གི་རིགས་སུ་གཏོགས་པའི་རྒྱུད་ལ། རྒྱུད་ཀྱི་རྒྱལ་པོ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལེའུ་བཅུ་བ་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། རྣམ་སྣང་གི་རིགས་ཀྱི་ཁྲོ་བོའི་སྐོར་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་

གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་རྒྱུད་ལེའུ་བཅོ་བརྒྱད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར་ལ། སླད་ཀྱི་ལོ་ཙཱ་བ་དར་མ་གྲགས་ཀྱིས་བཅོས་པ། སླར་ཡང་རྒྱ་གར་གྱི་པཎྜི་ཏ་བཱ་རོ་ཕྱག་

རྡུམ་གྱི་ཞལ་སྔ་ནས་དང་། ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་གཏན་ལ་ཕབ་པ། དཔལ་རྡོ་རྗེ་འཇིགས་བྱེད་དངོས་གྲུབ་གྲུབ་པའི་རྒྱུད་རྟོག་པ་བདུན་པ། དཔལ་ཨོ་རྒྱུན་གྱི་གནས་ནས་འཇམ་དཔལ་གྱི་རྒྱུད་ལས་དཔལ་ལ་ལི་ཏ་བཛྲས་ཕྱུང་སྟེ་སྤྱན་དྲངས་པ།

པཎྜི་ཏ་བཱ་རོ་ཕྱག་རྡུམ་དང་། ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་འགྱུར། གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་གསུམ་པ་འགྱུར་བྱང་མ་འཁོད་ཀྱང་པཎྜི་ཏ་ཨ་ཌ་ཡ་ཤྲཱི་དང་རོང་ཟོམ་གྱིས་བསྒྱུར་བར་གྲགས་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དངོས་

གྲུབ་ཀྱི་རྟོག་པ་ཞེས་བྱ་བ་ལེའུ་བཞི་སྟེ་རྟོག་པ་བཞི་བར་གྲགས་པ། པཎྜི་ཏ་ཨ་མོ་གྷའི་ཞབས་དང་། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གྲགས་པའི་འགྱུར་ལ། སླད་ཀྱིས་གྲུབ་ཐོབ་ཀཎ་ཤྲཱིའི་ཞལ་སྔ་ནས་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་བསྒྱུར་ཅིང་

བཅོས་པ། གཏམ་རྒྱུད་ཀྱི་རྟོག་པ་འགྱུར་བྱང་མ་འཁོད་ཀྱང་དཱི་པཾ་ཀ་ར་དང་རྭ་ལོའི་འགྱུར། ལས་མཁན་ཏེའུ་ལོ་པ་ཆུ་བྱའི་རྟོག་པ་འགྱུར་བྱང་སྔ་མ་དང་འདྲ་བ། གཤིན་རྗེ་གཤེད་ནག་པོའི་ལས་ཐམས་ཅད་གྲུབ་པར་བྱེད་པའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་

པོ་པཎྜི་ཏ་བཱ་རོ་ཕྱག་རྡུམ་གྱི་ཞལ་སྔ་ནས་རྭ་རྡོ་རྗེ་གྲགས་ཀྱིས་བསྒྱུར་བ། དཔལ་གཤིན་རྗེའི་གཤེད་དམར་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་དགུ་བ་ཤཱཀྱའི་དགེ་སློང་ཙནྡྲ་ཤྲིའི་ཞལ་སྔ་ནས་ཞུས་ཤིང་། །པཎྜི་ཏ་ཆེན་པོ་ཙནྡྲ་ཀཱིརྟི་དང་། ཡར་

Vol. 103 · folio 144a

ལུངས་པ་གྲགས་པ་རྒྱལ་མཚན་གྱིས་བལ་པོ་ཡམ་བུའི་གྲོང་ཁྱེར་དུ་བསྒྱུར་བ། དཔལ་གཤིན་རྗེའི་གཤེད་དམར་པོའི་རྒྱུད་ལེའུ་ཉེར་གཉིས་པ་སྐད་གཉིས་སྨྲ་བ་ཆེན་པོ་ཐར་པ་ལོ་ཙཱས་བསྐྱངས་པ། ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱི་འགྱུར་

རྣམས་སོ། །གསུམ་པ་རིན་པོ་ཆེའི་རིགས་ཀྱི་རྒྱུད་བོད་དུ་འགྱུར་བ་མ་རྙེད་ཅེས་བུ་སྟོན་གསུང་ངོ་། བཞི་བ་པདྨའི་རིགས་ཀྱི་རྒྱུད་ལ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་བརྟག་པའི་རྒྱུད་ཀྱི་རྒྱལ་པོ་པཎྜི་ཏ་ཛ་ག་ཏྲ་མི་ཏྲ་ཨཱ་ནནྡའི་བཀའ་

དྲིན་ལས། རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་བཛྲ་ཤྲཱི་ཁ་ལ་རུ་དྲ་དང་། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར་རོ། །ལྔ་བ་ལས་ཀྱི་རིགས་ཀྱི་རྒྱུད་ཀྱང་མི་བཞུགས་སོ། དྲུག་པ་རྡོ་རྗེ་འཆང་གི་རིགས་ཀྱི་རྒྱུད་ལ། དཔལ་ཟླ་གསང་ཐིག་ལེ་ཞེས་བྱ་བའི་

རྒྱུད་ཀྱི་རྒྱལ་པོ་ཤིན་ཏུ་དགྱེས་པ་རྡོ་རྗེ་གདོན་མི་ཟ་བའི་དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་རྒྱས་པ་མཆོག་ཏུ་གསང་བའི་རྒྱུད་དགེ་སློང་རིན་ཆེན་བཟང་པོའི་འགྱུར་རྣམས་བཞུགས་སོ། རྩ་བའི་ས་བཅད་གཉིས་པ་རྣལ་འབྱོར་ཀྱི་རྒྱུད་ལ་ཐབས་གཙོ་བོར་སྟོན་

པའི་རྒྱུད་དང་། ཤེས་རབ་གཙོ་བོར་སྟན་པའི་རྒྱུད་གཉིས། དང་པོ་ལ་རྩ་བཤད་ཆ་མཐུན་གྱི་རྒྱུད་གསུམ་ལས་དང་པོ་ནི་གླེགས་བམ་ཉ་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་རྩ་བའི་རྒྱུད་དུམ་བུ་བཞི་རྒྱུད་ཕྱི་མ། ཕྱི་

མའི་ཕྱི་མ་རྒྱུད་ཉེ་བར་བསྡུ་བ་དང་བཅས་པ་བམ་པོ་དགུ་ལྷག་པ་པཎྜི་ཏི་ཤདྷཱ་ཀ་ར་ཝརྨ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བར་གྲགས་པའོ། །གཉིས་པ་ནི་ཡོ་ག་བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་རྟོག་པ་བཅུ་བ་ལས་རྡོ་རྗེ་མཚན་བརྒྱས་གསོལ་བ་བཏབ་

པ་ཡན་ཆད་རྟོག་པ་ཕྱེད་དང་དྲུག་ཡོད་པ་བམ་པོ་བཅུ་གཉིས་པ། རྒྱ་གར་གྱི་མཁན་པོ་ཀརྨ་བཛྲ་དང་ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར་རྣམས་བཞུགས་སོ། ཏ་པ་ལ་ཐམས་ཅད་གསང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་རྒྱ་གར་གྱི་མཁན་པོ་པདྨ་

Vol. 103 · folio 144b

ཀ་ར་ཝརྨ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་རྩ་བའི་རྒྱུད་ཕྱི་མ་དང་བཅས་པ་ཁ་ཅིག་གིས་རིན་ཆེན་བཟང་པོས་སྒྱུར་བར་བཞེད་ཅིང་། ཁ་ཅིག་གིས་རྨ་དགེ་བློས་བསྒྱུར་བར་བཞེད་

པ་ལ། མཁས་པ་ཞ་ལུ་པ་ཡེ་ཤེས་རྒྱ་མཚོས་ཚིག་དོན་ལ་ལེགས་པར་དཔྱད་ནས་ཞུས་པ་རྣམས་སོ། གསུམ་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་

བརྗིད་ཀྱི་རྒྱལ་པོའི་རྟོག་པ་ཞེས་བྱ་བ་བམ་པོ་གསུམ་པ། རྒྱ་གར་གྱི་མཁན་པོ་ཤཱནྟི་གབྷ་དང་། ལོ་ཙཱ་བ་བནྡེ་ཛ་ཡ་རཀྵི་ཏས་བསྒྱུར་བ། དེའི་གཤམ་དུ་མངོན་སྤྱོད་ཀྱི་ལས་འགྱུར་བྱང་སྔ་མ་དང་འདྲ་བ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་

སྙིང་པོའི་གཟུངས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་རྟག་པ་ཕྱོགས་གཅིག་པ། རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་ཆེན་པོ་རེ་བནྡེ་དེ་

བའི་ཞབས་དང་། པཎ་ཆེན་མཱ་ཎི་ཀ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་བསྒྱུར་བ། རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད། ཁ་ཆེའི་པཎྜི་ཏི་ཛྙཱ་ན་བཛྲ་དང་། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱི་འགྱུར་རྣམས་སོ། །

གཉིས་པ་ཤེས་རབ་གཙོ་བོར་སྟོན་པའི་རྒྱུད་ལ། དེ་ཉིད་བསྡུས་པའི་ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ་ལས་དུམ་བུ་དང་པོ་ཤེས་ཕྱིན་གྱི་དུམ་བུ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཐུདྡྷཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་

རིན་ཆེན་བཟང་པོའི་འགྱུར། དཔལ་མཆོག་དང་པོའི་དུམ་བུ་གཉིས་པ་རྩ་བའི་རྒྱུད། རྒྱུད་ཕྱི་མ་དུམ་བུ་དང་པོ་དང་གཉིས་པའི་རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད་དུམ་བུ་གཉིས་པ་ཉིད་ཀྱི་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་རྩ་བའི་རྒྱུད་དང་།

Vol. 103 · folio 145a

གསང་བ་རས་བྲིས་ཀྱི་ཆོ་ག་དང་། །ཕྱག་རྒྱའི་རྒྱུད། རྟོག་པ་ཐམས་ཅད་ཀྱི་རྒྱུད། ཕྱི་མའི་རྩ་བའི་རྟོག་པ་དང་། རྟོག་པ་ཐམས་ཅད་སྒྲུབ་པའི་ཆོ་ག་དང་། ཕྱག་རྒྱའི་རྒྱུད་ཐམས་ཅད་ཀྱི་དོན་གཏན་ལ་འབེབས་པ་རྟོག་པ་ཐམས་ཅད་

བསྡུས་པའི་མཆོག་ཏུ་གསང་བའི་ཆོ་ག་དང་རྒྱུད་ཉེ་བར་སྡུད་པ་དང་བཅས་པ་རྣམས་པཎྜི་ཏ་མཎྜ་ཀ་ལཱ་ཤ་དང་ལོ་ཙཱ་བ་ལྷ་བཙད་པོ་ཞི་བ་འོད་ཀྱིས་བསྒྱུར་བ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་བ་འགྱུར་བྱང་མ་འཁོད་པ་རྣམས་

བཞུགས་ཏེ་འདི་ནི་མདོ་ཕྱོགས་ཤེས་ཕྱིན་སྐོར་དུ་བཀོད་ཟིན་ནའང་། དཔལ་མཆོག་ཤེར་དུམ་དང་མཚུངས་ཤིང་སྔགས་སུ་བཀྲལ་བའང་ཡོད་པའི་ཕྱིར་འདིར་ཡང་བཞག་གོ། །ཐ་པ་ལ། དཔལ་རྡོ་རྗེ་སྙིང་པོ་རྒྱན་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་

པཎྜི་ཏ་སུ་ག་ཏ་ཤྲཱི་དང་། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་མ་འདྲེས་པའི་ཆོས་བཅོ་བརྒྱད་ཀྱི་སྐབས་ཐུགས་ཀྱི་ཕྲིན་ལས་ཡ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་ཞེས་པའི་བར་བསྒྱུར་བའི་འཕྲོ་དཔང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་

པས་རྫོགས་པར་བསྒྱུར་བ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཉི་ཤུ་རྩ་ལྔ་བ་ཞེས་བྱ་བའི་མདོ་འགྱུར་བྱང་མ་འཁོད་པ། འདིའང་ཤེར་ཕྱོགས་སྐོར་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་ཤེས་ཕྱིན་གྲས་སུའང་བཞག་མོད་ཀྱི། རྡོ་རྗེ་སྙིང་པོ་རྒྱན་གྱི་

རྒྱུད་ལས་བྱུང་བའི་སྒོ་ཉེར་ལྔ་བ་དང་མཚུངས་པས་འདིར་ཡང་བཅུག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད། རྒྱ་གར་གྱི་མཁན་པོ་བདེ་བར་གཤེགས་པའི་དཔལ་དང་། སྒྲ་བསྒྱུར་བ་

ཀུན་དགའ་རྒྱལ་མཚན་གྱིས་དཔལ་ས་སྐྱར་བསྒྱུར་བ། འཕགས་པ་གསང་བ་ནོར་བུའི་ཐིག་ལེ་ཞེས་བྱ་བའི་རྒྱུད་འགྱུར་བྱང་སྔ་མ་དང་འདྲ་བ་རྣམས་སོ། རྩ་བའི་ས་བཅད་གསུམ་པ་སྤྱོད་པའི་རྒྱུད་ལ་རིགས་གསུམ་ལས། དང་པོ་དེ་བཞིན་གཤེགས་

Vol. 103 · folio 145b

པའི་རིགས་ནི། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབས་པ་ཤིན་ཏུ་རྒྱས་པ་མདོ་སྡེའི་རྒྱལ་པོ་རིམ་པར་ཕྱེ་བ་ཉི་ཤུ་རྩ་དྲུག་པ། དེའི་རྒྱུད་ཕྱི་མ་རིམ་པར་ཕྱེ་བ་བདུན་པ་དང་བཅས་པ། རྒྱ་གར་གྱི་མཁན་པོ་ཤཱི་

ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར། དེ་བཞིན་གཤེགས་རིགས་སུ་གཏོགས་པའི་བཀའ་ཉན། ཁྲོ་བོའི་རྒྱལ་པོ་མི་གཡོ་བའི་རྟོག་པ་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་པ་འདུལ་བར་གསུངས་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། རྒྱ་

གར་གྱི་མཁན་པོ་ཨུ་པ་ཤ་མ་རཀྵི་ཏའི་ཞལ་སྔ་ནས་ལོ་བ་གླན་དར་མ་བློ་གྲོས་ཀྱི་འགྱུར་ལ། ཕྱིས་སུའང་ཆོས་རྒྱལ་བཀྲ་ཤིས་རབ་བརྟན་གྱིས་བསྐུལ་བ་བཞིན། ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་རྒྱ་དཔེ་ལ་གཏུགས་ཤིང་དག་པར་བྱས་པ་ལ། སླར་

ཡང་མི་དབང་བཀྲ་ཤིས་རབ་བརྟན་སོག་པོ་འཕགས་ཀྱི་སྐུ་རིང་ལ། དགེ་སློང་ཨཱ་ནནྡ་མངྒ་ལས་དཔལ་འཁོར་བདེ་ཆེན་གྱི་གཙུག་ལག་ཁང་དུ་བི་ཀྲ་མ་ལ་ཤི་ལའི་གཙུག་ལག་ཁང་གི་རྒྱ་དཔེ་ལ་གཏུགས་ནས། མི་འཆོས་སུ་མི་རུང་བ་རྣམས་ལེགས་

པར་བཅོས་ཏེ་དག་པར་བགྱིས་པ་རྣམས་བཞུགས་སོ། གཉིས་པ་པདྨའི་རིགས་ཀྱི་རྒྱུད་ནི་མི་བཞུགས་སོ། གསུམ་པ་རྡོ་རྗེའི་རིགས་ཀྱི་རྒྱུད་ནི། གླེགས་བམ་སྟེ། འཕགས་པ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་འོག་མིན་དུ་

གསུངས་པ་དང་། གྲོང་ཁྱེར་དཔལ་ཡོན་ཅན་དུ་གསུངས་པ་གཉིས་ལ་བམ་པོ་བཅུ་གཉིས་ཡོད་པ་ད་དུང་མཇུག་ཅུང་ཟད་མ་རྫོགས་པར་གྲགས་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། ལྷ་མོ་བརྒྱད་

ཀྱི་གཟུངས་རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་ས་འོག་གི་རྒྱུད་ཅེས་བྱ་བ་ལེའུ་བཅུ་གསུམ། ཁ་ཆེའི་པཎྜི་ཏ་ཙེ་ལུ་དང་། ལོ་ཙཱ་བ་འཕགས་པ་

Vol. 103 · folio 146a

ཤེས་རབ་ཀྱི་འགྱུར། འདིའི་སྔགས་བཏུའི་སྐབས་སུ་འགའ་ཞིག་གིས་ཐེ་ཚོམ་མཛད་པའང་ཡོད་དོ། །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་ས་འོག་ཅེས་བྱ་བའི་རྒྱུད་ལེའུ་བདུན་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་

དང་། ལོ་ཙཱ་བ་བྱའི་གདོང་པ་ཅན་གྱི་འགྱུར། རྡོ་རྗེ་ས་གསུམ་དུ་རྒྱུ་བ་ཞེས་བྱ་བའི་རྟོག་པ་ལྔ་པ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་བཛྲ་དང་། ར་བྱིད་ལོ་ཙཱའི་འགྱུར། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་འཇིག་རྟེན་གསུམ་འདུལ་གྱི་རྒྱུད་ལེའུ་

ལྔ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་རྣམས་སོ། །རྩ་བའི་ས་བཅད་བཞི་བ་བྱ་བའི་རྒྱུད་ལ། བྱ་བ་སོ་སོའི་རྒྱུད་དང་། སྤྱིའི་རྒྱུད་གཉིས་བཞུགས་སོ། དང་པོ་ལ་དེ་བཞིན་གཤེགས་པའི་རིགས། པདྨའི་

རིགས། རྡོ་རྗེའི་རིགས། ནོར་ཅན་གྱི་རིགས། རྒྱས་པའི་རིགས། འཇིག་རྟེན་པའི་རིགས་ཏེ་དྲུག་དང་། ཕྱོགས་མ་བརྟགས་པའི་གཟུངས་ཕྲན་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་སྟེ་བདུན། དང་པོ་ལའང་རིགས་ཀྱི་གཙོ་བོ་སོགས་

བརྒྱད་དུ་དབྱེ་བ་ལས། དང་པོ་རིགས་ཀྱི་གཙོ་བོའི་རྒྱུད་ནི། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད་ལེའུ་བཅུ་དགུ་པ། ཀྲྀཥྞ་པཎྜི་ཏ་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་

གྱི་ཁྱད་པར་རྒྱལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཤློ་ཀ་བརྒྱད་བརྒྱ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་བཅོས་པ།

འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བའི་མདོ་འགྱུར་བྱང་སྔ་མ་དང་འདྲ་བ། འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུརྱའི་འོད་ཅེས་བྱ་བའི་

Vol. 103 · folio 146b

གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར་ལ། དགེ་སློང་ཚུལ་ཁྲིམས་རྒྱལ་བས་སྐད་གསར་བཅས་ཀྱིས་བཅོས་པ། འཕགས་པ་སྨན་ལ་སྔགས་

ཀྱིས་གདབ་པ། འཕགས་པ་ནོར་བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་དམ་པ། གསང་བའི་ཆོ་ག་ཞིབ་མོའི་རྒྱལ་པོ་ཞེས་བྱ་བའི་གཟུངས་ལེའུ་བདུན་པ། རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་པྲ་བྷ་དང་། ལོ་ཙཱ་

བ་བནྡེ་དཔལ་གྱི་ལྷུན་པོའི་འགྱུར་ལ། སླད་ནས་རྒྱ་གར་གྱི་མཁན་པོ་བིདྡྷཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་ཞུས་པ་རྣམས་བཞུགས་སོ། །ན་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་གི་

གཟུངས། པཎྜི་ཏ་བིདྱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏའི་འགྱུར། བྱང་ཆུབ་སྙིང་པོའི་རྒྱན་འབུམ་ཞེས་བྱ་བའི་གཟུངས་འགྱུར་བྱང་མེད་པ། འདི་ལ་དཔུང་བཟང་གི་ཚིག་དོན་འགྲེལ་པའི་བརྗེད་བྱང་དུ་ལུང་དྲངས་དེ་མེད་པས་

སྔར་བོད་དུ་ཡོངས་སུ་རྫོགས་པར་འགྱུར་བ་ཞིག་ཡོད་འདྲ་ཞེས་བླ་མ་རྣམས་གསུངས་པ། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམས་དག་པའི་འོད་ཅེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོའི་བྱ་ཀ་ར་སི་ངྷི་དང་། ལོ་ཙཱ་བ་ཎྡེ་དཔལ་གྱི་ལྷུན་པོའི་

སྡེའི་འགྱུར་ལ། སླར་ཡང་ཇོ་བོ་ཨ་ཏི་ཤ་དང་། འབྲོམ་སྟོན་པས་དག་པར་བགྱིས་པ། འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་

ཡེ་ཤེས་སྡེས་བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་བཅོས་པ་དང་། འཕགས་པ་སངས་རྒྱས་བདུན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འགྱུར་བྱང་མེད་པ་སྟེ། འདི་གཉིས་མདོ་ཕྱོགས་སྐབས་སུའང་སྔར་ནས་སྣང་མོད་ཀྱི། བྱ་བའི་རྒྱུད་ཀྱི་གཟུངས་གྲས་སུའང་

Vol. 103 · folio 147a

མི་འགལ་བར་བཤད་པས་བྲིས་སོ། །འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། སངས་

རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འགྱུར་བྱང་སྔ་མ་དང་འདྲ་བ། འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་འགྱུར་གོང་དང་འདྲ་བ་ལ། །སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་མེ་ཏོག་བརྩེགས་པའི་

གཟུངས་འགྱུར་བྱང་མེད་པ། འཕགས་པ་དྲི་མ་མེད་པ་ཞེས་བྱ་བའི་གཟུངས་དང་། འཕགས་པ་ཙནྡན་གྱི་ཡན་ལག་ཅེས་བྱ་བའི་གཟུགས་གཉིས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་

བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས། དགེ་སློང་ནེར་བན་རཀྱི་ཏས་ཐོ་གར་གྱི་ཡུལ་ནས་རྙེད་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་།

རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་གཉིས་འགྱུར་བྱང་མེད་པ། ཡེ་ཤེས་ཏ་ལ་ལའི་གཟུངས་འགྱུར་བྱང་མེད་པ། སའི་དབང་པོ་ཆེན་པོའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་

འགྱུར། གདོན་མི་ཟ་བའི་གཟུངས་འགྱུར་བྱང་མེད་པ། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་དང་། འཕགས་པ་སྒོ་དྲུག་པའི་གཟུངས་གཉིས་འགྱུར་བྱང་མེད་པ། འདི་གཉིས་མདོ་མང་དུ་སྣང་ནའང་། སྔགས་སུ་བཀྲལ་བ་ཡོད་པས་

འདིར་ཡང་བྲིས། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོའི་གཟུངས། རྒྱ་གར་གྱི་མཁན་པོ་པྲ་ཛྙཱཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། འདིའང་མདོར་བཞུགས་པ་ཡིན་ཀྱང་། དཀྱིལ་འཁོར་གྱི་ཆོ་ག་སོགས་

Vol. 103 · folio 147b

བསྟན་པས། སྔགས་སུ་མི་འགལ་བའི་ཕྱིར་འདིར་བྲིས། །འཕགས་པ་རིགས་སྔགས་ཀྱི་རྒྱལ་མོ་སྒྲོན་མ་མཆོག་གི་གཟུངས་འགྱུར་བྱང་མེད་པ། འཕགས་པ་གཟུངས་ཆེན་མོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་

ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་བཅོས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་བྱ་བའི་མདོ་འགྱུར་བྱང་མེད་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་རིན་ཆེན་སྡེའི་འགྱུར་ལ་ལོ་ཙཱ་བ་དགེ་བློ་དང་། ནམ་མཁའ་ལ་སོགས་པས་ཞུས་པ། འདིའང་མདོ་ཕྱོགས་སུ་བཞུགས་མོད་ཀྱི། ཀླུ་སྒྲུབ་ཀྱིས་སྒྲུབ་ཐབས་མཛད་པས་སྔགས་སུ་བགྲང་བ་ཡིན་ནོ། །

སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་ཤཱཀྱ་ཐུབ་པའི་སྙིང་པོའི་གཟུངས། འཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་གཟུངས། ཟླ་འོད་ཀྱི་མཚན་རྗེས་སུ་དྲན་པའི་གཟུངས། དེ་

བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེས་སུ་དྲན་པའི་གཟུངས། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་རྗེས་སུ་དྲན་པའི་གཟུངས། D538མཆོད་པའི་སྤྲིན་གྱི་གཟུངས། D539ཕྱག་དང་། D539aབསྟོད་པ་དང་། D539bབྱིན་རླབས་དང་། D539cམཆོད་པའི་སྤྲིན་འབྱུང་བ་

དང་། D539dམཆོད་པ་དང་། D539eབསྙེན་གནས་དང་། D539fཕྱག་བྱས་པར་འགྱུར་བ་དང་། D539gརིན་པོ་ཆེ་བརྡར་བའི་གཟུངས། D539hཔདྨའི་སྤྱན་གྱི་གཟུངས། སུ་རཱུ་པའི་གཟུངས། འཇིགས་པ་ཆེན་པོ་བརྒྱད་ལས་སྒྲོལ་བའི་གཟུངས་རྣམས་ལ་འགྱུར་བྱང་

མེད་པ། འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འདི་ལ་ཁ་ཅིག་གིས་སྦྲུལ་ལོ་དགུན་ཟླ་ར་བའི་ཚེས་ཉི་ཤུ་ལ་ཞེས་ཡོད་པས། རྒྱ་གར་

Vol. 103 · folio 148a

ན་སྦྲུལ་ལོ་སོགས་ཀྱི་ཐ་སྙད་མེད་པས། །ཐེ་ཚོམ་ཟ་ཞེས་ཟེར་ཀྱང་། སྟག་ལུང་དུ་བི་ཀྲ་མ་ལ་ཤཱི་ལའི་པཎྜི་ཏ་མངྒ་ལ་ཤྲཱི་ཛྙཱ་ནའི་ཕྱག་བྲིས་ཀྱི་འདིའི་རྒྱ་དཔེ་ཡོད་འི་ཕྱིར་དང་། ནཱ་ག་བརྟ་ཞེས་བྱུང་བ་ཀླུའི་ལོའམ། སྦྲུལ་གྱི་ལོ་གང་

རིགས་སུ་བསྒྱུར་ཆོག་ལ། དེ་ནི་ཀླུ་དང་སྦྲུལ་ཞེས་པ་གྲངས་བརྒྱད་ལ་འཇུག་པས། ཐུབ་པ་སངས་རྒྱས་ནས་ལོ་བརྒྱད་པ་ན། ཞེས་བྱ་བའི་དོན་ཡིན་ནོ་ཞེས་ཆག་ལོ་གསུམ་པ་བཞེད་དོ། །ལོ་གཉིས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་འཁོར་ལོས་

སྒྱུར་བའི་རྒྱུད་ལ། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོག་པ་སུམ་ཅུ་རྩ་དྲུག་པ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལཱ་ཤ་དང་། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བ་རྣམས་བཞུགས་སོ། །པ་པ་ལ། འཇམ་དཔལ་དཔའ་བོ་གཅིག་པུ་སྒྲུབ་པ་ཞེས་བྱ་བའི་

རྒྱུད་ཀྱི་རྒྱལ་པོ་ལེའུ་བཞི་བ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར་ལ། ཚུལ་ཁྲིམས་རྒྱལ་བས་གཏན་ལ་ཕབ་པ། །འཇམ་དཔལ་གྱི་ཞལ་ནས་གསུངས་པའི་གཟུངས། རྒྱ་གར་གྱི་མཁན་པོ་ཛྙཱ་ན་

གབྷ་དང་། ལོ་ཙཱ་བ་བནྡེ་ཀླུའི་དབང་པོས་བསྒྱུར་ཅིང་། རྒྱ་གར་གྱི་མཁན་པོ་བི་ཤུདྡྷཱ་སིདྷ་དང་། །ལོ་ཙཱ་བ་དེ་བ་ཙནྡྲས་གཏན་ལ་ཕབ་པ། འཇམ་དཔལ་གྱིས་དམོད་བཙུགས་པའི་གཟུངས། འཇམ་དཔལ་གྱིས་དམ་བཅས་པའི་གཟུངས།

འཇམ་དཔལ་གྱི་མཚན་གཟུངས། འཇམ་དཔལ་ཤེས་རབ་བློ་འཕེལ་གྱི་གཟུངས། འཇམ་དཔལ་ཡིག་འབྲུ་གཅིག་པ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྣོན་པོ་ལ་བསྟོད་པ། འཇམ་དཔལ་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ་རྣམས་སོ། །

གསུམ་པ་གཤེགས་རིགས་ཀྱི་ཡུམ་ལ། ཤེས་ཕྱིན་མཚན་བརྒྱ་རྩ་བརྒྱད་པ། ཤེས་ཕྱིན་ཀོ་ཤི་ཀ་རྣམས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ། བམ་པོ་བཅུ་དང་ལེའུ་སོ་གཅིག་པ། ཞུ་

Vol. 103 · folio 148b

ཆེན་གྱི་ལོ་ཙཱ་བ་འགོས་ཆོས་འགྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བའི་མདོ། བམ་པོ་བཅུ་དང་ལེའུ་ཉེར་དགུ་བ། པཎྜི་ཏ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་

ཤེས་སྡེས་བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་རྣམས་བཞུགས་སོ། །ཕ་པ་ལ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བའི་མདོ། བམ་པོ་ལྔ་དང་ལེའུ་ཉི་ཤུ་རྩ་གཅིག་འགྱུར་བྱང་མ་འཁོད་པ། དེ་ལྟར་

ཤེས་ཕྱིན་གྱི་མདོ་ཕྲན་འདི་དག་ནི། མདོ་ཕྱོགས་སུ་སྔོན་གྱི་དཀར་ཆག་ཆེན་མོ་རྣམས་ལྟར་ཤེས་ཕྱིན་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་བཞུགས་པ་ཡིན་ཀྱང་། གཟུངས་སྔགས་ཡོད་པ་ཕལ་ཆེར་གྱི་གཟུངས་སྔགས་རྣམས་བྱ་བའི་རྒྱུད་དུ་བསྡུས་ཆོག་པར་ལུང་རིགས་མང་

པོ་ལ་བརྟེན་ནས་བླ་མ་རྣམས་བཞེད་པ་དང་། གཤེགས་རིགས་ཀྱི་ཡུམ་ཡིན་པའི་ཕྱིར་འདིར་ཡང་བཀོད་པ་ཡིན་ལ། ཁྱད་པར་གསེར་འོད་དམ་པའི་མདོ་སྡེ་ནི། གཟུངས་སྔགས་བསྒྲུབ་པའི་ཆོ་ག །བྲིས་སྐུའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་

སོགས་བསྟན་པས། ངེས་པར་སྔགས་སུ་འཐད་པའི་ཕྱིར། མདོ་གྲས་སུ་མ་བཀོད་པར་འདིར་བཞུགས་སུ་བཅུག་པ་ཡིན་ཞིང་། བུ་སྟོན་གྱིས་ཀྱང་རྒྱུད་སྡེ་སྤྱི་རྣམ་དུ་ངེས་པར་རྒྱུད་འཐད་པའི་ལུང་རིགས་གཉི་ག་བཀོད་སྣང་ངོ༌། སྟོང་ཆེན་མོ་རབ་ཏུ་

འཇོམས་པ་ཞེས་བྱ་བའི་མདོ་བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྡྷི་དང་། ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་། སྐད་གསར་བཅད་ཀྱིས་བཅོས་པ་ལ། སླད་ནས་ལོ་ཙཱ་བ་གཞོན་ནུ་དཔལ་

གྱིས་ཆག་ལོའི་རྒྱ་དཔེ་དང་བསྟུན་ནས་ཞུས་པ། རིག་སྔགས་ཀྱི་རྒྱལ་པོ་རྨ་བྱ་ཆེན་མོ་བློ་ཀ་བདུན་བརྒྱ་བ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛྙ་ན་སིདྡྷི་དང་། ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་རིག་སྔགས་

Vol. 103 · folio 149a

ཀྱི་རྒྱལ་མོ་རྨ་བྱའི་ཡང་སྙིང་འགྱུར་བྱང་མ་འཁོད་པ། འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་

ཀྱིས་བཅོས་པ་ལ། སླར་ཡང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ཆག་ལོའི་རྒྱ་དཔེ་དང་བསྟུན་ནས་ཞུས་པ། རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་མདོ་ཆེན་པོ་དང་། གསང་སྔགས་ཆེན་མོ་རྗེས་སུ་འཛིན་པའི་མདོ། པཎྜི་ཏ་ཤྲཱི་ལེནྡྲ་བོ་དྷི་དང་།

ཛྙ་ན་སིདྡྷི་དང་། ཤཱཀྱ་པྲ་བྷ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། །འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། པཎྜི་ཏ་ཨ་མོ་གྷ་བཛྲ་དང་། ལོ་ཙཱ་བ་རིན་ཆེན་གྲགས་ཀྱི་འགྱུར། འཕགས་

མ་འོད་ཟེར་ཅན་འབྱུང་བའི་རྒྱུད་ལས་ཕྱུང་བའི་རྟོག་པ་ཇི་སྙེད་པ་འགྱུར་བྱང་མེད་པ། སྒྱུ་མ་འོད་ཟེར་ཅན་གྱི་དཀྱིལ་ཆོག་འགྱུར་བྱང་མེད་པ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་

ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་འགྱུར་བྱང་མེད་པ། འཕགས་པ་དབང་བསྐུར་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། །འཕགས་པ་དབྱིག་དང་

ལྡན་པ་ཞེས་བྱ་བའི་གཟུངས། འཕགས་པ་དུག་སེལ་ཞེས་བྱ་བའི་རིག་སྔགས། བཀླགས་པས་གྲུབ་པ་བཅོམ་ལྡན་འདས་མ་འཕགས་མ་སོར་མོ་ཞེས་བྱ་བ། ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྣམས་འགྱུར་བྱང་མ་འཁོད་པ།

འཕགས་པ་གཙུག་གི་ནོར་བུའི་གཟུངས། རྒྱ་གར་གྱི་མཁན་པོ་ཤྲཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཡི་གེ་དྲུག་པའི་རིག་སྔགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བའི་གཟུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་

Vol. 103 · folio 149b

ཉི་ཤུ་ལྔ་བའི་གཟུངས། ཤེས་ཕྱིན་བརྒྱད་སྟོང་པའི་གཟུངས། ཕར་ཕྱིན་དྲུག་གི་སྙིང་པོའི་གཟུངས། ཕར་ཕྱིན་དྲུག་གཟུང་བར་འགྱུར་བའི་གཟུངས། ཕར་ཕྱིན་བཅུ་ཐོབ་པར་འགྱུར་བའི་གཟུངས། ཚད་མེད་པ་བཞི་ཐོབ་པའི་གཟུངས། ཤེས་ཕྱིན་

སྟོང་ཕྲག་བརྒྱ་བ་གཟུང་བར་འགྱུར་བའི་གཟུངས། འཕགས་པ་ཕལ་པོ་ཆེ་གཟུང་བར་འགྱུར་བའི་གཟུངས། འཕགས་པ་སྡོང་པོ་བཀོད་པ་གཟུང་བར་འགྱུར་བའི་གཟུངས། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་གཟུང་བར་འགྱུར་བའི་གཟུངས། རྨ་བྱ་ཆེན་

མོ་གཟུང་བར་འགྱུར་བའི་གཟུངས། སོ་སོར་འབྲང་མ་གཟུང་བར་འགྱུར་བའི་གཟུངས། ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་བའི་གཟུངས་ཏེ། འདི་རྣམས་ཀྱང་གཞན་ནས་བཀོལ་བ་མདོ་ཕྱོགས་སུ་གཏོགས་པ་ཡིན་ཀྱང་གོང་དུ་

བཤད་པ་ལྟར་རྒྱུད་དུའང་མི་འགལ་བའི་ཕྱིར་དང་། གཟུངས་རྣམས་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་འདིར་བྲིས་སོ། །བཞི་བ་གཤེགས་རིགས་ཀྱི་གཙུག་ཏོར་ལ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་པོ་

ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་ཞེས་བྱ་བ་འགྱུར་བྱང་མ་འཁོད་པ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་བཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་

ཞེས་བྱ་བའི་གཟུངས། པཎྜི་ཏ་པ་ར་ཧི་ཏ་པྲ་བྷ་དང་། ལོ་ཙཱ་བ་གཟུ་དགའ་རྡོར་གྱིས་བསྒྱུར་ཅིང་ཁ་ཆེའི་ཡུལ་བདུད་རྩི་འབྱུང་གནས་ཀྱི་གཙུག་ལག་ཁང་གི་དཔེ་རྙིང་ལ་གཏུགས་ནས་གཏན་ལ་ཕབ་པ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་

ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པའི་གཟུངས། མི་ཡུལ་མའམ་ལྷ་ཡུལ་མ་ཆེ་བར་གྲགས་པ་འགྱུར་བྱང་མ་འཁོད་པ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་

Vol. 103 · folio 150a

བ་ལྷ་ཡུལ་མ་ཆུང་བར་གྲགས་པ། ཁ་ཆེའི་པཎྜི་ཏ་མ་ཧཱ་ཛྙཱ་ནའི་རང་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། པཎྜི་ཏ་ཆོས་ཀྱི་སྡེ་དང་། ལོ་ཙཱ་བ་བ་རའི་འགྱུར། ཡང་དེ་

བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ་འཆི་བདག་གི་དབྱུག་པ་འཛིན་པར་གྲགས་པ་འགྱུར་བྱུང་མ་འཁོད་པ། འཕགས་པ་གཙུག་གཏོར་རྣམ་པར་རྒྱལ་བའི་གཟུངས་རྟོག་པ་དང་བཅས་པ་ཆུང་འགྱུར་བྱང་མེད་

པ། འཕགས་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་

ཏོར་རྣམ་པར་རྒྱལ་བའི་གཟུངས་རྟོག་པའི་རབ་བྱེད་དང་པོ། ནེའུ་མཁན་པོའི་གསུང་བཞིན། ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་ཞེས་བྱ་པའི་གཟུངས། རྒྱ་གར་གྱི་མཁན་

པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། གཙུག་ཏོར་འབར་བ་ཞེས་བྱ་བའི་གཟུངས། ཤེས་པ་ཐམས་ཅད་མཐར་ཕྱིན་པར་སྒྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས། མཆོད་རྟེན་གཅིག་བཏབ་ན་བྱེ་བ་བཏབ་པར་འགྱུར་བའི་

གཟུངས། སྙིང་རྗེ་མཆོག་ཅེས་བྱ་བའི་གཟུངས་རྣམས་ལ་འགྱུར་བྱང་མ་འཁོད་པ་རྣམས་སོ། །ལྔ་བ་གཤེགས་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་རྒྱུད་ལ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་ཤིན་ཏུ་གསང་བའི་རྩ་བའི་རྒྱུད་རིམ་པར་ཕྱེ་བ་བཅུས་པ་ལས་རིམ་པར་ཕྱེ་བ་བདུན་

པ་ཡན་རྣམས་བཞུགས་སོ། །བ་པ་ལ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་ཤིན་ཏུ་གསང་བ་རྩ་བའི་རྒྱུད་ལས་སྡ་མའི་འཕྲོས་རིམ་པར་ཕྱེ་བ་བརྒྱད་པ་དང་། དེའི་རྒྱུད་ཕྱི་མ་རྟོག་པ་བཅུ་པ། ཕྱི་མའི་ཡང་ཕྱི་མའི་ཡང་ཕྱི་མེ་དང་བཅས་པ་ཐབས་ད་བསྡོམས་པས་ལེའུ་ཉེར་

Vol. 103 · folio 150b

གཉིས་པ་སྟེ། །འདི་ལ་སྔ་རབས་པ་རྣམས་ལ་གཤིན་རྗེ་སྤྲ་ཁོག་སྣང་དུའང་གྲགས་ཤིང་། སློབ་དཔོན་པདྨའི་སློབ་མ་བིདྱ་ཀ་ར་པྲ་བྷ་དང་གནུབས་ནམ་མཁའི་སྙིང་པོའི་འགྱུར་སོགས་འགྱུར་རྙིང་གསུམ་ཙམ་བྱུང་བ། ཕྱིས་རོང་ཟོམ་ཆོས་བཟང་གིས་རྒྱ་དཔེ་གཉིས་

ལ་གཏུགས་ནས་འགྱུར་བཅོས་མཛད་པར་བཤད་ཀྱང་ཚལ་པ་བཀའ་འགྱུར་དང་རྒྱལ་རྩེ་ཐེམ་སྤངས་མ་གཉི་གར་འགྱུར་བྱང་མ་བཀོད་པར་སྣང་ངོ༌། །དེས་ན་འདིའི་ཚིག་རིས་རྣམས་གསང་སྔགས་སྔ་འགྱུར་དང་མཐུན་པས་འགོས་ཁུག་པ་ལྷས་བཙས་ཀྱིས་ཀྱང་

གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བརྩམས་སོ་ཞེས་བསྒྲགས་མོད་ཀྱི། བཤད་མ་ཐག་པ་ལྟར་ཚད་ལྡན་གྱི་རྒྱ་དཔེ་ཅན་ཡིན་པ་དང་། འདིའི་ལུང་ཨ་བྷ་ཡཱ་ཀ་རས་དཀྱིལ་ཆོག་རྡོར་ཕྲེང་དུ་དྲངས་པ་དང་། ཚད་ལྡན་གྱི་མཁས་པ་མང་པོས་རྩོད་མེད་དུ་བཀུར་

བའི་ཕྱིར། གསུང་དེ་ནི་སྔགས་ལོག་སུན་འབྱིན་ཟོང་མར་གཏོང་བའི་གསུང་དུ་ངེས་ཏེ་ཞིབ་པར་ངོར་ཆེན་གྱི་སྤྱོད་རྒྱུད་རྣམ་བཤད་དུ་ལྟོས་ཤིག །འཕགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་པཎྜི་ཏ་དོན་ཡོད་རྡོ་རྗེས་བསྒྱུར་ཅིང་སྐྱོ་འོད་འབྱུང་ལ་གནང་བ། འཕགས་

པ་བེ་ཅོན་ཆེན་པོ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་ཡེ་

ཤེས་སྡེའི་འགྱུར། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བའི་གཟུངས། འཕགས་པ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་གཟུགས། འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ་རྣམས་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་

ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། ཚིགས་སུ་བཅད་པ་གཉིས་པའི་གཟུངས་འགྱུར་བྱང་མེད་པ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་

Vol. 103 · folio 151a

ལྷ་མོ་སྐུལ་བྱེད་མའི་གཟུངས་འགྱུར་བྱང་མེད་པ་རྣམས་སོ། །དྲུག་པ་གཤེགས་རིགས་ཀྱི་ཕོ་ཉ་མོའི་རྒྱུད་ལ། འཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས་དང་། འཕགས་པ་བུ་མང་པོ་རྟོན་པ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་

ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་མཚན་མོ་བཟང་པོའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་

ཡེ་ཤེས་སྡེའི་འགྱུར་ཏེ་འདིའང་མདོ་ཕྱོགས་སུ་ཡོད་མོད་རྒྱུ་མཚན་གོང་སོང་ལྟར་འདིར་ཡང་བཅུག་ཅིང་བུ་སྟོན་སོགས་ཀྱིས་ཀྱང་གཟུངས་ཀྱི་གྲྭར་བཞག་སྣང་ངོ༌། །འཕགས་པ་མདངས་ཕྱིར་འཕྲོག་པའི་རིག་སྔགས། འཕགས་པ་མིག་རྣམ་པར་སྦྱོང་བའི་རིག་སྔགས། །

འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ་རྣམས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་

བྱེད་པ་ཞེས་བྱ་བའི་གཟུངས་གཉིས། རིམས་ནད་ཞི་བའི་གཟུངས་རྣམས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འབྲུམ་བུའི་ནད་

ཞི་བར་བྱེད་པའི་གཟུངས། མདངས་ཕྱིར་མི་འཕྲོག་པའི་གཟུངས་གཉིས་འགྱུར་བྱང་མ་འཁོད་པ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་མི་རྒོད་རྣམ་པར་འཇོམས་པ་ཞེས་

བྱ་བའི་གཟུངས་དང་། འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སེལ་བའི་གཟུངས་གཉིས་འགྱུར་བྱང་མེད་པ་རྣམས་སོ། །ཕོ་ཉའི་འཁོར་དུ་གཏོགས་པ་བཀའ་ཉན་ཕོ་མོ་ལ་འཕགས་པ་མི་གཡོ་བའི་གཟུངས་ལེའུ་དགུ་བ་པཎྜི་ཏ་དྷ་རྨ་ཤྲཱི་མི་ཏྲ་དང་ལོ་ཙཱ་བ་ཆོས་ཀྱི་

Vol. 103 · folio 151b

བཟང་པོའི་འགྱུར། ཁྲོ་བོའི་རྒྱལ་པོ་རྟོག་པ་བསྡུས་པའི་རྒྱུད་ལེའུ་བཅུ་བ་འགྱུར་བྱང་མེད་པ། འཕགས་པ་གསེར་ཅན་ཞེས་བྱ་བའི་གཟུངས་པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་སོ། །

བདུན་པ་དེ་བཞིན་གཤེགས་པའི་རིགས་སུ་བསྡུ་བའི་བྱང་སེམས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་བྱམས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་

པ་ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་ཀུན་ཏུ་བཟང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་ལག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་

འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། །འཕགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། སའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུགས་སྔགས་དང་བཅས་པ་རྣམས་དང་།

འཕགས་པ་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་སྙིང་པོ་དང་བཅས་པ་རྣམས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་བྱམས་པས་དམ་བཅས་པའི་གཟུངས་རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འཕགས་པ་དཀྱིལ་འཁོར་

བརྒྱད་པ་ཞེས་བྱ་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཟུངས། ཡི་དྭགས་ཁ་ལ་མེ་འབར་མ་ལ་སྐྱབས་མཛད་པའི་གཟུངས། ཡི་དྭགས་ཁ་ལ་མེ་འབར་མ་དབུགས་དབྱུང་

བའི་གཏོར་མའི་ཆོ་ག་རྣམས་ལ་འགྱུར་བྱང་མེད་པ། འཇུར་འགེགས་སེལ་བའི་གཟུངས་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འདི་ལ་ཐེ་ཚོམ་གྱི་གཞི་ཅུང་ཟད་སྣང་ཡང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཀོད་པ་བཞིན་བཞག ཡེ་ཤེས་སྐར་མདའི་སྙིང་པོ་འགྱུར་བྱང་

Vol. 103 · folio 152a

མེད་པ། ཤེས་རབ་བསྐྱེད་པའི་གཟུངས། རྒྱ་གར་གྱི་མཁན་པོ་ཛྷཱ་ན་གརྦྷ་དང་། ལོ་ཙཱ་བ་ཀླུའི་དབང་པོའི་འགྱུར་ལ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡེ་དེ་ཝ་ཙནྡྲས་བཅོས་པ། ཐོས་པ་འཛིན་པའི་གཟུངས། འཕགས་པ་

རྒྱལ་བའི་བླ་མའི་གཟུངས་རྣམས་སོ། །བརྒྱད་པ་གནས་གཙང་མའི་ལྷ་ལ་སོགས་པའི་རྒྱུད་ལ། མདོ་ཆེན་པོ་འདུས་པ་ཆེན་པོ་ཞེས་བྱ་བ་འགྱུར་བྱང་མ་འཁོད་པ། འཕགས་པ་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་པྲཛྙཱ་ཝརྨ་

དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། བགེགས་སེལ་བ་ཞེས་བྱ་བའི་གཟུངས། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་ཝརྨ་དང་། ཡེ་ཤེས་སྡེ་ལ་སོགས་པའི་འགྱུར།

འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་ལེའུ་སྟོང་ཕྲག་བརྒྱད་པ་ལས་ཆར་དབབ་པའི་ལེའུ་དྲུག་ཅུ་རྩ་བཞི་བ་ཆོ་ག་དང་བཅས་པ་ཁོལ་དུ་ཕྱུང་བ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་

བཅོས་པ། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། །སྤྲིན་ཆེན་སྔ་ཕྱི་གཉི་ཀ་མདོའི་ཁྲོད་དུའང་ཡོད་ཀྱང་རྒྱུད་དང་མི་འགལ་བས་བུ་སྟོན་

གྱིས་སྔགས་སུ་བཀོད་པ་བཞིན་འདིར་ཡང་བཅུག་པའོ། །འཕགས་པ་ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པའི་གཟུངས་འགྱུར་བྱང་མེད། འཕགས་པ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་རིང་ལ་བསྒྱུར་བ་ལ། ཕྱིས་

དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་རྒྱ་དཔེ་ལ་གཏུགས་ནས་དག་པར་བགྱིས་པ། ཡང་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། གཟའ་ཡུམ་སྔ་ཕྱི་འདི་གཉིས་ཚིག་ཁྱད་ཙམ་ལས་དོན་གཅིག་པར་མངོན་ཡང་སྔར་གྱི་རྣམས་ཀྱིས་སོ་སོར་བྲིས་པ་བཞིན་དུ་བྱས་པའོ། །

Vol. 103 · folio 152b

ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས། ནོར་རྒྱུན་མའི་གཟུངས་ཀྱི་རྟོག་པ། ནོར་རྒྱུན་མའི་རྟོག་པ་ཆུང་བ་ཇི་སྙེད་པ། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ་རྣམས་ལ་འགྱུར་བྱང་མེད་པ། ཚོགས་ཀྱི་བདག་པོའི་རྒྱུད་ལེའུ་བཅོ་ལྔ་བ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་རཾ་

ཤྲཱི་ཛྙཱ་ནས་རྒྱལ་བའི་འབྱུང་གནས་ལ་གཏད་པ། དཔལ་ནག་པོ་ཆེན་པོའི་རྒྱུད་ལེའུ་བརྒྱད་པ། རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང་། ལོ་ཙཱ་བ་ཕུར་བུ་འོད་ཀྱི་འགྱུར། འདི་ལ་འགའ་ཞིག་ཐེ་ཚོམ་བྱེད་ཀྱང་། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་སོགས་ནས་ཤང་པ་བཀའ་

རྒྱུད་པ་རྣམས། ཕྱག་དྲུག་མགོན་པོའི་ཁུངས་ཀྱི་རྒྱུད་ཚད་མར་མཛད་པ་ཡིན་ནོ། །དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུངས་འགྱུར་བྱང་མེད་པ། ནག་པོ་ཆེན་པོའི་གཟུངས་རིམས་ནད་ཐམས་ཅད་ལས་ཐར་བར་བྱེད་པ་རྒྱ་གར་གྱི་མཁན་པོ་པྲ་ཛྷཱ་ཝརྨ་དང་། ལོ་ཙཱ་བ་

བནྡེ་ཡེ་ཤེས་སྡེའི་འགྱུར། ལྷ་མོ་ནག་མོའི་གཟུངས། ལྷ་མོ་ནག་མོའི་བསྟོད་པའི་རྒྱལ་པོའི་རྒྱུད། ལྷ་མོ་ནག་མོའི་མཚན་བརྒྱ་རྩ་བརྒྱད་པ་ཡོན་ཏན་དང་བཅས་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྟོད་པ་ཤློ་ཀ་གཉིས་རྣམས་ལ་འགྱུར་བྱང་མེད་དོ། །གཉིས་

པ་པདྨའི་རིགས་ཀྱི་རྒྱུད་ལ། རིགས་ཀྱི་གཙོ་བོ་སོགས་ལྔ་ལས། དང་པོ་རིགས་ཀྱི་གཙོ་བོ་ནི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གཟུངས་ཐུང་ངུ་གཉིས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་ཨོ་གསུམ་མ། ཡང་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་

གཟུགས་ཨོ་གཉིས་པུཎྫྱེ་མེད་པ་རྣམས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་འཆི་མེད་རྔ་སྒྲའི་གཟུངས། རྒྱ་གར་གྱི་མཁན་པོ་པུཎྱ་སཾ་བྷ་ཝ་དང་། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར། བཅོམ་ལྡན་འདས་སྣང་བ་

མཐའ་ཡས་ཀྱི་གཟུངས། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས། ཡོན་ཏན་བསྔགས་པ་དཔག་ཏུ་མེད་པའི་གཟུངས། བདེ་ལྡན་གྱི་སྙིང་པོའི་གཟུངས་རྣམས་ལ་འགྱུར་བྱང་མ་འཁོད་པ་རྣམས་སོ། ། རིགས་ཀྱི་འཁོར་ལོས་སྒྱུར་བ།གཉིས་པ་རིགས་ཀྱི་འཁོར་ལོས་སྒྱུར་བ་ལ། འཕགས་

Vol. 103 · folio 153a

པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་པདྨ་དྲ་བ་ཅན་ཞེས་བྱ་བ་ལེའུ་བཅུ་གཉིས་པ། པཎྜི་ཏ་ཆེན་པོ་སོ་མ་ཤྲཱི་བྷ་བྱ་དང་། ལོ་ཙཱ་བ་སྐྱུ་ར་ཚུལ་ཁྲིམས་འོད་ཟེར་གྱིས་བསྒྱུར་བ། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་

པོའི་མདོ། རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང་། ལོ་ཙཱ་བ་དགེ་སློང་རིན་ཆེན་གྲགས་ཀྱི་འགྱུར། དེ་ཉིད་ལས་བྱུང་བ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས་འགྱུར་བྱང་མ་འཁོད་པ་རྣམས་བཞུགས་སོ། །མ་པ་ལ། འཕགས་པ་དོན་ཡོད་ཞགས་

པའི་ཆོ་ག་ཞིབ་མོ་འགྱུར་འཕྲོས་བམ་པོ་ཉེར་ལྔ་བ་ནས་ཧོར་ཁོང་ཆད་པ་རྣམས་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་བསབས་ཤིང་། དེའི་མཇུག་ཡོངས་སུ་རྫོགས་པར་བསྒྱུར་བ་ལས། བམ་པོ་ཉེར་ལྔ་བ་ཡན་བཞུགས་སོ། །ཙ་པ་ལ། འཕགས་པ་དོན་ཡོད་

ཞགས་པའི་ཆོ་ག་ཞིབ་མོ་བམ་པོ་ཉེར་ལྔ་བ་རྫོགས་འཕྲོ་ནས་བམ་མཚམས་མ་བགྲང་བ་ཡོངས་སུ་རྫོགས་པ། འཕགས་པ་དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས། པཎྜི་ཏ་མཉྫུ་ཤྲཱི་ཝརྨ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་

ཤེས་རབ་ཀྱི་འགྱུར་ལ་སླད་ནས་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ། ས་བཅུའི་གཟུངས་ཕན་ཡོན་དང་བཅས་པ་འགྱུར་བྱང་མ་འཁོད་པ། དོན་ཡོད་ཞིགས་པའི་རྟོག་པའི་རྒྱལ་པོའི་ཆོ་ག་པཎྜི་ཏ་མཉྫུ་ཤྲཱི་ཝརྨ་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། འཕགས་

པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་མིག་སྟོང་དང་ལྡན་པའི་ཆོ་ག་ཞིབ་མོ་འགྱུར་བྱང་མ་འཁོད་པ། །འཕགས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་

སུ་རྫོགས་པ་ཞེས་བྱ་བའི་གཟུངས་ཆོ་ག་དང་བཅས་པ་བམ་པོ་གསུམ་པ། ལོ་ཙཱ་བ་ཆོས་འགྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོའི་གཟུངས་ལེའུ་དྲུག་པ་

Vol. 103 · folio 153b

འགྱུར་སྔ་མ་དང་འདྲ་བ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་གཟུངས། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར།། འཕགས་པ་ཞལ་བཅུ་གཅིག་པའི་རིག་སྔགས་ཀྱི་སྙིང་པོ། ལོ་ཙཱ་བ་བནྡེ་ཆོས་འགྲུབ་

ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་དང་སྙིང་པོ། འཕགས་པ་ནཱི་ལ་ཀཎྛའི་གཟུངས། སྙིང་རྗེ་མི་བཤོལ་བའི་གཟུངས་རྣམས་ལ་འགྱུར་བྱང་མ་འཁོད་པ། ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་

མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཇིག་རྟེན་དབང་ཕྱུག་གི་རྟོག་པ་རྒྱ་གར་གྱི་མཁན་པོ་ཛམྦྷ་ལ་དང་། ལོ་ཙཱ་བ་བ་རིའི་འགྱུར། པདྨ་ཅོད་པན་གྱི་རྒྱུད་ལེའུ་བཅུ་གཅིག་པ། པཎྜི་ཏ་

དྷརྨ་ཤྲཱི་མི་ཏྲ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོའི་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་རྒྱུད། པཎྜི་ཏ་པྲ་ཛྙཱ་ཀ་ར་དང་། ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ཀྱི་འགྱུར། སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་གཟུངས།

རྗེ་བཙུན་མ་རྡོ་རྗེ་སེམས་མ་དང་། ལོ་ཙཱ་བ་འགར་ཤེས་རབ་འབྱུང་གནས་ཀྱི་འགྱུར། སེང་གེ་སྒྲའི་དམ་བཅས་པའི་གཟུངས། རྒྱ་གར་གྱི་མཁན་པོ་ངག་གི་དབང་ཕྱུག་དང་། གློག་སྐྱ་ཤེས་རབ་བརྩེགས་ཀྱི་འགྱུར། སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་

བརྒྱད་པ་རྒྱལ་བ་ཐམས་ཅད་ཀྱི་རིང་བསྲེལ་རིན་པོ་ཆེའི་ཟ་མ་ཏོག་འགྱུར་བྱང་མ་འཁོད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་གསང་བ་རིང་བསྲེལ་གྱི་ཟ་མ་ཏོག་ཚིག་ལྷུག་པ་ཅན་འགྱུར་བྱང་མེད་པ་འདི་སྔ་མ་དང་ཚིགས་བཅད་ལྷུག་གི་ཁྱད་ཙམ་

ལས་དོན་མཚུངས་པར་སྣང་ངོ་། །འཕགས་པ་ལུས་ཀྱི་དབྱིབས་མཛེས་པ་ཞེས་བྱ་བའི་གཟུངས་དང་། འཕགས་པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ་གཉིས་རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། གཞན་

Vol. 103 · folio 154a

གྱིས་མི་ཐུབ་པ་རིག་པ་ཆེན་མོ། སྟོད་འགྱུར་གྱི་གཟུངས། ཤློ་ཀ་བརྒྱ་ལོངས་པའི་གཟུངས་གཉིས། ཤློ་ཀ་སྟོང་ལོངས་པའི་གཟུངས་གཉིས། བློ་ཀ་སུམ་སྟོང་ལོངས་པའི་གཟུངས། མི་བརྗེད་པའི་གཟུངས་རྣམས་ལ་འགྱུར་བྱང་མ་འཁོད་

པ། ཤེས་རབ་བསྐྱེད་པའི་གཟུངས་གཉིས། པཎྜི་ཏ་བིདྱ་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡེ་དེ་ཝ་ཙནྡྲས་ཞུས་པ། ཐོས་པ་འཛིན་པའི་གཟུངས་འགྱུར་བྱང་མེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་

རྒྱས་ཀྱི་ཞིང་བཀོད་པ་༌་ཀུན་སྟོན་པ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འདི་མདོ་ཁྲོད་དུ་ཡོད་ཀྱང་རྒྱུད་དང་མི་འགལ་བས་འདིར་ཡང་བཞག །འཕགས་པ་སྤྱན་རས་གཟིགས་

ཡིད་བཞིན་ནོར་བུའི་རྟོག་པ་ལས་བྱུང་བའི་སྨོན་ལམ་འགྱུར་བྱང་མ་འཁོད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་དང་བཅས་པ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར་རྣམས་སོ། །གསུམ་པ་རིགས་ཀྱི་ཡུམ་ལ། སྒྲོལ་

མ་རལ་པ་གྱེན་བརྫེས་རྩ་བའི་རྟོག་པ་ལས་ལྷག་པར་མོས་པའི་ཕྲེང་བ་ཞེས་བྱ་བའི་རིག་པའི་རྒྱལ་པོ་རྫོགས་སོ་ཡན་ཆད་བཞུགས་སོ། །ཚ་པ་ལ། སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྟོག་པའི་འཕྲོ་ཡོངས་སུ་རྫོགས་པ་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱི་འགྱུར། །འཕགས་

པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་

འབྱུང་བའི་རྒྱུད་ལེའུ་སོ་ལྔ་བ། རྒྱ་གར་གྱི་མཁན་པོ་དྷ་རྨ་ཤྲཱི་མི་ཏྲ་དང་། ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་འགྱུར་བྱང་མ་འཁོད་ཀྱང་ཐར་ལོའི་འགྱུར། རྗེ་བཙུན་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་སྒྲོལ་མ་

Vol. 103 · folio 154b

མཆོག་ཅེས་བྱ་བའི་གཟུངས་ཆོ་ག་དང་བཅས་པ། འཕགས་མ་སྒྲོལ་མའི་གཟུངས། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས། རྗེ་བཙུན་མ་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་མདོ། འཕགས་པ་གྲགས་ལྡན་མའི་གཟུངས་རྣམས་སོ། །

བཞི་བ་རིགས་ཀྱི་ཁྲོ་བོ་ཁྲོ་མོ་ལ། སྤྱན་རས་གཟིགས་དབང་ཕྱུག་ཧ་ཡ་གི་བའི་གཟུངས། ཕྱིར་བཟློག་པ་འཕགས་པ་རྣམ་པར་རྒྱལ་བ། འཕགས་པ་པཎ་ཤ་བ་རིའི་མདོ་རྣམས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་རི་ཁྲོད་ལོ་མ་གྱོན་མ་ཞེས་བྱ་བའི་གཟུངས་

ལ་འགྱུར་བྱང་མ་བཀོད་པར་འདུག་ཀྱང་སྠ་བི་ར་དང་བ་རིའི་འགྱུར་རྣམས་སོ། །ལྔ་བ་རིགས་ཀྱི་བཀའ་ཉན་ཕོ་མོ་ལ། འཕགས་པ་ཕྱིར་བཟློག་པ་སྟོབས་ཅན་ཞེས་བྱ་བའི་གཟུངས། ལྷ་མོ་སྒྲ་དབྱངས་ལ་བསྟོད་པ་སྔགས་དང་བཅས་པ། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་

པ་རྣམས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་དཔལ་ཆེན་མོའི་མདོ་དང་། དཔལ་གྱི་ལྷ་མོའི་མཚན་བཅུ་གཉིས་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བ། མཆོག་ཐོབ་པའི་རིག་སྔགས་ཞེས་བྱ་བ་ལྷ་མོ་དུང་ཅན་མའི་སྙིང་པོ་

འགྱུར་བྱང་མེད་པ་རྣམས་སོ། ། གསུམ་པ་རྡོ་རྗེའི་རིགས་ཀྱི་རྒྱུད་ལ། རིགས་ཀྱི་གཙོ་བོ་སོགས་ལྔ་ལས་དང་པོ་རིགས་ཀྱི་གཙོ་བོ་ནི། འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་མི་འཁྲུགས་པའི་གཟུངས་འགྱུར་བྱུང་མ་འཁོད་པ་འདི་ཁོ་ནའོ། །གཉིས་

པ་རིགས་ཀྱི་བདག་པོའི་རྒྱུད་ལ། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་ལྔ་བ། རྒྱ་གར་གྱི་པཎྜི་ཏ་བདེ་བར་གཤེགས་པའི་དཔལ་དང་། སྒྲ་སྒྱུར་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བ་རྣམས་བཞུགས་སོ། །ཛ་པ་

ལ། ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལེའུ་མེད་པ། རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར། འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་སྟོང་ཕྲག་བཅུ་དྲུག་པ་ལས་ཇི་སྙེད་པ་རིམ་པར་ཕྱེ་བ་གཉིས་པ། རྒྱ་གར་གྱི་མཁན་པོ་བུདྡྷཱ་ཀ་ར་

Vol. 103 · folio 155a

ཝརྨ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་དང་བཅས་པའི་གཟུངས། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེའི་འགྱུར། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་

མཚན་བརྒྱ་རྩ་བརྒྱད་པ་གསང་སྔགས་དང་བཅས་པ་འགྱུར་བྱང་མ་འཁོད་པ། འདི་ལ་བླ་མ་དག་རྒྱུད་གཞན་ཞིག་ནས་ཕྱུང་བ་ཡིན་པ་འདྲའོ་ཞེས་གསུངས། ལག་ན་རྡོ་རྗེའི་སྙིང་པོ་བརྒྱད་ཀྱི་ཡ་གྱལ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། རྒྱ་གར་

གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། དེའི་བཤད་རྒྱུད་རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛྙ་ན་སིདྡྷི་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་

སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་བཞུགས་སོ། །གསུམ་པ་རིགས་ཀྱི་ཡུམ་ལ། གླེགས་བམ་ཝ་པ་ལ། འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་འབར་བ་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།

དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ་རྣམས་སོ། །བཞི་བ་རིགས་ཀྱི་ཁྲོ་བོ་ཁྲོ་མོ་ལ། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པ་ཞེས་བྱ་བའི་གཟུངས་འགྱུར་བྱང་མ་འཁོད་པ། འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་

པོ། པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་བཞི་བ་ཞེས་བྱ་བའི་གཟུངས་འགྱུར་བྱང་མེད་པ་རྣམས་སོ། །ལྔ་པ་རིགས་ཀྱི་ཕོ་ཉ་དང་བཀའ་ཉན་ཕོ་མོ་ལ། ཁྲོ་

བོའི་རྒྱལ་པོ་སྨེ་བརྩེགས་ལ་བསྟོད་པ་སྔགས་དང་བཅས་པ་འགྱུར་བྱང་མ་འཁོད་པ། འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བའི་མདོ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཛི་ན་མི་ཏྲ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། འཕགས་

Vol. 103 · folio 155b

མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལེའུ་བཞི་བ་པཎྜི་ཏ་ཨ་ཏུ་ལ་དཱ་ས་བཛྲ་ལ་ཞུས་ནས། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གྲགས་པས་བསྒྱུར་བ། རྡོ་རྗེ་མཆུ་ཞེས་ཀླུའི་དམ་ཚིག་གི་ཆོ་ག །རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས། འཕགས་

པ་ལྕགས་ཀྱི་མཆུ་ཞེས་བྱ་བའི་གཟུངས། འཕགས་པ་ལྕགས་མཆུ་ནག་པོ་ཞེས་བྱ་བའི་གཟུངས་ཏེ། མཆུ་སྡེ་ལྔར་གྲགས་པ་རྣམས་ལ་འགྱུར་བྱང་མ་འཁོད་པ་དག་གོ། །བཞི་བ་ནོར་ཅན་གྱི་རིགས་ལ། འཕགས་མ་ནོར་བུ་བཟང་པོའི་གཟུངས་བློ་ཀ་བཅོ་

ལྔ་བ། རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་སིདྷ་དང་། ལོ་ཙཱ་བ་བནྡེ་ཀླུའི་དབང་པོའི་འགྱུར། གནོད་སྦྱིན་ནོར་བུ་བཟང་པོའི་རྟོག་པ་པཎྜི་ཏ་མཉྩ་ཤྲཱི་དང་། ལོ་ཙཱ་བ་དགེ་སློང་བ་རིའི་འགྱུར། གནོད་སྦྱིན་སྡེ་དཔོན་གར་མཁན་མཆོག་གི་བརྟག་པ་སྔ་ཕྱི་གཉིས་

ལ་ལེའུ་བཅུ་དྲུག་པ། རྒྱ་གར་གྱི་མཁན་པོ་དྷན་གུཔྟ་དང་། རབ་ཞི་ལོ་ཙཱའི་འགྱུར། གནོད་འཛིན་དཔལ་ཞེས་བྱ་བའི་གཟུངས་དང་། འཕགས་པ་གནོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་ལ་འགྱུར་བྱང་མ་འཁོད་པ། འཕགས་པ་གནོད་

གནས་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ། པཎྜི་ཏ་སྒེག་པའི་རྡོ་རྗེ་དང་། ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་འགྱུར། འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ་འགྱུར་བྱང་མ་འཁོད་པ་རྣམས་སོ། །ལྔ་བ་རྒྱས་པའི་རིགས་ལ། འཕགས་

པ་མི་ཁ་ལའི་གཟུངས། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་ཉིད་དོ། །དྲུག་པ་འཇིག་རྟེན་པའི་རིགས་ལ། རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བྱ་བ་འགྱུར་སྔ་མ་དང་འདྲ་བ་ཉིད་དོ། །

བདུན་པ་ཕྱོགས་གང་དུའང་ངོས་གཟུང་དཀའ་བའི་གཟུངས་ཕྲན་སྣ་ཚོགས་ཕྱོགས་གཅིག་ཏུ་བྱས་པའི་སྐོར་ལ། རིན་པོ་ཆེ་བརྡར་བའི་གཟུངས། བསྐོར་བ་བྱ་བའི་གཟུངས། མཆོད་རྟེན་བསྐོར་བའི་གཟུངས། ཡོན་ཡོངས་སུ་སྦྱོང་བའི་གཟུངས་

Vol. 103 · folio 156a

གཉིས། ཕྱག་བྱ་བའི་གཟུངས༑ གོས་བརྒྱ་ཐོབ་པའི་གཟུངས། མི་དགའ་བར་བྱེད་པའི་གཟུངས། འཕགས་པ་སྤྱན་རྣམ་པར་དག་པའི་གཟུངས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟུངས། སྐྲན་

ཞི་བའི་གཟུངས། མ་ཞུ་བའི་ནད་འབྱུང་བའི་གཟུངས། སྡང་བ་ཐམས་ཅད་ཞི་བར་བྱེད་པའི་གཟུངས། སྡིག་པ་ཐམས་ཅད་ཞི་བར་བྱེད་པའི་གཟུངས། ཁྲོ་བ་ཞི་བར་བྱེད་པའི་གཟུངས། ཁྲོས་པ་ཞི་བར་བྱེད་པའི་གཟུངས། ཚིག་བཙན་པའི་

གཟུངས། བདག་སྲུང་བའི་གཟུངས། ཡིད་དུ་འོང་བའི་གཟུངས། །མགྲིན་པ་སྙན་པའི་གཟུངས། དོན་ཐམས་ཅད་འགྲུབ་པའི་གཟུངས། ལས་གྲུབ་པའི་གཟུངས། དུག་ཐམས་ཅད་ཞི་བར་བྱེད་པའི་གཟུངས། བཅིངས་པ་ལས་

གྲོལ་བའི་གཟུངས། བདུད་སྐྲག་པར་བྱེད་པའི་གཟུངས། རྨ་འབྱོར་བར་བྱེད་པའི་གཟུངས། མེའི་ཟུག་རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས། མཁྲིས་པའི་ནད་སེལ་བར་བྱེད་པའི་གཟུངས། བད་ཀན་གྱི་ནད་སེལ་བར་བྱེད་པའི་གཟུངས། ག་

ཡའི་ནད་སེལ་བར་བྱེད་པའི་གཟུངས། རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པའི་གཟུངས་རྣམས་ལ་འགྱུར་བྱང་མ་འཁོད་པ། མཆིལ་མ། སྣབས། དྲི་ཆེན། དྲི་ཆུ་རྣམས་སྦྱིན་པར་བཏང་བའི་གཟུངས། བླ་མ་རྡོ་རྗེ་གདན་པས་མདོ་

རྒྱུད་ནས་ཕྱུངས་ཏེ་ལོ་ཙཱ་བ་བ་རིས་བསྒྱུར་བ་རྣམས་སོ། །འདི་རྣམས་སྔོན་གྱི་རྒྱུད་འབུམ་ཚོར་བྱུང་བ་བཞིན་གང་དུ་གཏོགས་མ་ཕྱེ་བར་ཕྱོགས་མཚུངས་སུ་བཞག་པ་སྟེ། སོ་སོའི་རྣམ་དབྱེ་ཞིབ་པར་ཤེས་པ་ཞིག་འདོད་ན་སོ་སོའི་ཁུངས་ཀྱི་མདོ་རྒྱུད་གང་ཡིན་བཙལ་

དགོས་སོ། གཉིས་པ་བྱ་བ་སྤྱིའི་རྒྱུད་ལ། རིགས་དྲུག་གི་ཚུལ་དང་དེ་དག་སོ་སོའི་སྔགས་སྒྲུབ་པའི་བྱ་བ་སོགས་གདམས་ངག་གི་ཚུལ་དུ་བསྟན་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ལ་ལེའུ་བཅུ་གཅིག་པ། བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་སུམ་སྟོང་ལྔ་

Vol. 103 · folio 156b

བརྒྱ་པོ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་སྟོན་པ་གསང་བ་སྤྱིའི་རྒྱུད། སྒྲུབ་པའི་སྤྱོད་པ་ལེགས་པར་སྟོན་པ་ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས་རིམ་པར་ཕྱེ་བ། ཏེང་ངེ་འཛིན་གྱི་སྤྱོད་པ་ཁྱད་པར་ཅན་སྟོན་པ་བསམ་གཏན་གྱི་རིམ་

པར་ཕྱེ་བའི་རྒྱུད་བསམ་གཏན་ཕྱི་མར་གྲགས་པ་རྣམས་ཏེ་དེ་དག་ལ་འགྱུར་བྱང་མ་འཁོད་ཀྱང་། སྔོན་བསྟན་པ་སྔ་དར་གྱི་དུས་སུ་བསྒྱུར་བ་ཡིན་ནོ། །ལྔ་པ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ལ། འཕགས་པ་དགོངས་

པའི་རྒྱུད་ཀྱི་ཕྲེང་བ་ཆེན་པོ་བྱང་ཆུབ་སེམས་དཔའི་རྣམ་པར་ངེས་པ་ཆེན་པོ་བསྟན་པ་ལས། ནོར་བུ་ཆེན་པོ་རིན་པོ་ཆེ་ལ་མཁས་པ་བསྟན་པ་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ་ཞེས་བྱ་བ། ཁ་ཆེའི་མཁན་པོ་དྷརྨ་ཀ་ར་དང་། ལོ་ཙཱ་བ་བནྡེ་དཔལ་འབྱོར་གྱིས་

བསྒྱུར་བ་ལས། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པ། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་སྔགས་དང་བཅས་པ་བམ་པོ་གཉིས་པ། པཎྜི་ཏ་བིཅུ་ཀ་ར་པྲ་བྷ་དང་། ལོ་ཙཱ་བ་

ཡེ་ཤེས་སྙིང་པོ་དང་དཔལ་བརྩེགས་རཀྵི་ཏ་སོགས་ཀྱིས་བསྒྱུར་ཅིང་ཞུས་པ། གཞན་ཡང་མདོ་སྔགས་ཀྱི་བསྔོ་སྨོན་ཤིས་བརྗོད་ཀྱི་ཚིགས་བཅད་ཅི་རིགས་པས་མཐའ་བརྒྱན་པ་བཅས་བཞུགས་པ་ཡིན་ནོ། །དེ་ལྟར་གསང་སྔགས་རྒྱུད་འབུམ་གྱི་སྐོར་རྣམས་

རྫོགས་ནས། དེ་དག་ལས་གཟུངས་ཕྲན་རྣམས་འགྲོ་ཕན་གྱི་ཆེད་ཕྱོགས་གཅིག་ཏུ་བཀོལ་བ། དེང་སང་གཟུངས་འདུས་སུ་གྲགས་པ་ཚལ་པ་བཀའ་འགྱུར་གྱི་དཔེ་རྒྱུན་ལ་བྱུང་བ་བཞིན་རྒྱུད་ཀྱི་གཤམ་ཉིད་དུ་བཀོད་པ་ལ། གླེགས་བམ་ཨེ་ཝཾ་གྱི་རྟགས་

ཅན་གཉིས་བཞུགས་ཤིང་། གླེགས་བམ་ཤྲཱི་གྱི་རྟགས་ཅན་ལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མེད་འོད་ཅེས་བྱ་བ་ཤློ་ཀ་སྟོང་ཕྲག་བཅུ་གཉིས་པ་ལས་དབང་གི་ལེའུའི་རྒྱུས་འགྲེལ་རྫོགས་སོ་ཡན་བཞུགས་སོ། །གླེགས་བམ་ལ་ཎྨཱིའི་གས་ཅན་ལ་དེ་འཕྲོས་ཡེ་ཤེས་ལེའུའི་

Vol. 103 · folio 157a

རྒྱས་འགྲེལ་རྫོགས་སོ་ཡན་ཚང་བ་དང་། བཞུགས་བྱང་དཀར་ཆག་དང་བཅས་པ་བཞུགས་ཤིང་། རྒྱས་འགྲེལ་འདི་ཉིད་བསྟན་བཅོས་སུ་གཏོགས་ཀྱང་སྔགས་ཀྱི་ཚུལ་ཐམས་ཅད་ཀྱི་ངེས་གསང་བླ་ན་མེད་པ་དགྲོལ་བར་བྱེད་པའི་རྒྱུད་འགྲེལ་མ་ལུས་པའི་རྒྱལ་པོ་ལྟ་བུ་ཡིན་

ཞིང་། སྟོན་པ་འདི་ཉིད་ཀྱི་བཀའ་དང་མཚུངས་པར་བཀུར་སྟི་བྱ་བའི་ཕྱིར་སྔོན་གྱི་མཁས་པ་དག་གིས་བཀོད་པ་ལྟར་འདིར་ཡང་པར་དུ་ས་བསྒྲུབས་པ་ཡིན་ནོ། །དེ་ལྟར་པུསྟ་ཀ་བརྒྱ་ཕྲག་གི་ཕྲེང་བ་མངོན་པར་གསལ་བ་བསྟན་འགྲོའི་ཕན་བདེའི་རྩ་ལག་མཆོག་ཏུ་སྡེ་དགེ་ལྷུན་གྲུབ་སྟེང་གི་

ཆོས་གྲྭ་ཆེན་པོར་བཞུགས་པ་འདི་ལགས་སོ། །འདིར་སྨྲས་པ། ཉེས་བརྒྱ་བདོ་བའི་མི་བཟད་ཞུགས་ཀྱིས་གང་། །བསྟན་མཆོག་བླ་མེད་མཐོ་རིས་གནས་ཟོས་ཚེ། །རྣམ་དཔྱོད་རལ་པ་བརྐྱངས་པས་ལེགས་ལྡན་ཆོས། །གངྒའི་ལྷ་མོ་འཛིན་པའི་དབང་ཕྱུག་འདིས། །སྐྱེ་

དགུའི་ལེགས་བྱས་རྒྱ་མཚོར་འཁྱིལ་པའི་དཔུང་། །རབ་དཀར་སྙིང་སྟོབས་ས་འཛིན་མནྡ་རས། །བསྲུབས་པའི་ངོ་མཚར་ལས་སྐྱེས་ཡོངས་འདུའི་ཕྲེང་། །མངོན་པར་རྒོད་པའི་མཆོད་སྡོང་རབ་ཏུ་འབར། །ཐུབ་མཆོག་ཞལ་གྱི་ཆུ་སྐྱེས་ལས་ལྷུང་བའི། །བདུད་རྩིའི་ཟིལ་

དངར་སྲིད་ན་བར་མེད་དུ། །སྤྲོ་བ་གཏན་པ་མེད་པའི་མཆོད་སྦྱིན་མཁན། །པར་ཞེས་ཡི་གེའི་གྲགས་པ་རབ་གསལ་བྱུང་། །ཆོས་ཀྱི་གྲུ་ཆར་ཆེན་པོ་འདི་ཁུགས་པས། །ཆོས་ཀྱིས་ཕོངས་པའི་དགོན་དུང་ཉམ་ངར་ཡང་། །ཆོས་ཀྱི་མྱུ་གུ་ཅི་ཡང་འཕེལ་འགྱུར་བ། །ཆོས་ལས་

བྱུང་བའི་རིགས་པས་ངེས་པ་ཡིན། །སྔོན་མེད་སྣང་བ་རྒྱ་ཆེན་འཛུམ་པ་འདིས། །ཕྱོགས་ཀྱི་བུ་མོའི་བཞིན་རས་རབ་མཛེས་ཀྱང་། །ལུས་མེད་སྡེར་བཅས་མགོ་བོ་དུད་པ་ལ། །ངོ་ཚའི་གནས་སྐབས་ཅི་ཡང་བྱིན་པར་གྱུར། །བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་

བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་བྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་ལས། བཞུགས་བྱང་དཀར་ཆག་དངོས་ལེགས་པར་བཤད་པའི་ཡལ་འདབ་སྟེ་བཞི་པའོ།། །།

Vol. 103 · folio 157b

༄༅། །པྲཱཀཱརཔུཎྱཾནབྷབདྣིཔཱུལཾསཽཀཱཪྻྻཀོཥཱམབྷིཔཱུརིཏཱཡཾ། །བྷཱབྱསྱཙ་སྱཱདྱདིརཱུཔཀཏྭཾཔུནརྡྭིཏཱིཡཱསནནོ྅ པིཙེཏཾ། །

བསོད་ནམས་ར་བ་མཁའ་ལྟར་རྒྱ་ཆེ་བ། །མངོན་པར་གཏམས་པའི་ལེགས་བྱས་བང་མཛོད་འདི། །གལ་ཏེ་གཟུགས་ཅན་ཉིད་ན་སྲིད་པ་ཡི། །གོ་ས་གཉིས་པ་གཞར་ཡང་མེད་པ་སྙམ། །

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words