དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་རྒྱུད

Sanskrit title (Tibetan script, as in the text) ཏྲི་ས་མ་ཡ་བྱཱུ་ཧ་རཱ་ཛཱ་ནཱ་མ་ཏནྟྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 87 · folio 181a

༄༅༅། །རྒྱ་གར་སྐད་དུ། ཏྲི་ས་མ་ཡ་བྱཱུ་ཧ་རཱ་ཛཱ་ནཱ་མ་ཏནྟྲ། བོད་སྐད་དུ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་རྒྱུད། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱི་

ཁམས་མཐའ་ཡས་པ་ན་རྣམ་པར་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པའི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། །དབུས་དང་མཐའ་མེད་ཡོན་ཏན་རི་བོ་དཔག་མེད་དང་། །མཆོད་རྟེན་མཐའ་མེད་མཆོད་པ་ཆེན་པོའི་མཆོག་ཏུ་འཁྲུངས། །མཆོད་

ཆེན་འཕགས་པའི་འཕགས་པ་ཆེན་པོའི་བདག །དུས་གསུམ་འཁྲུངས་པའི་བདེར་གཤེགས་ཚོགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྡོ་རྗེ་ཆེན་པོའི་ཉེ་འཁོར། རྡོ་རྗེ་འཆང་ཆེན་པོ་ཉེ་བར་འདུ་བ།

དེ་བཞིན་གཤེགས་པ་ལྷག་པར་དགྱེས་པས་རྣམ་པར་རོལ་པ། དབུས་དང་མཐའ་མེད་པའི་རྡོ་རྗེ་ཆེན་པོའི་རྩེ་མོ་མཐོན་པོ་རིན་པོ་ཆེའི་རྒྱལ་པོ་རྣམ་པ་སྣ་ཚོགས་ཀྱི་རྒྱུ་ལས་གྱུར་པ། རིན་པོ་ཆེའི་རྒྱལ་པོའི་ཕོ་བྲང་ཆེན་པོའི་མཆོག་ན་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་ཀྱིས་བསྐོར་

བའི་སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་རྫུ་འཕྲུལ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་རྒྱ་ཆེན་པོར་མཛད་པ། དེ་བཞིན་གཤེགས་པ་སྙིང་པོ་ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པ་གསུངས་ཏེ། ན་མ་སྟྲཻ་

ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲཱ་པྲ་ཏི་ཧ་ཏཱ་བཱ་པྟི། དྷརྨ་ཏཱ་བ་ལི་ནཱཾ། ཨྃ་ཨ། ས་མ་ས་མ་ས་མནྟ་ཏོ། །ཨ་ནནྟཱ་བཱ་པྟི། ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎི། བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ཎ་

Vol. 87 · folio 181b

ལ་ཀྵ་ཎེ་ཛྭ་ལ་ཛྭ་ལ་ན། སཱ་ག་རེ་སྭཱ་ཧཱ། དེ་ལ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་དང་ལྡན་པ་སྔགས་ཀྱི་སྒོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་

འདིས་ལས་གང་ཞིག་བྱེད་པར་འགྱུར་བ་དེ་ནི་བསྐལ་པ་བརྒྱར་ཡང་དེ་བཞིན་གཤེགས་པས་བསྟན་པར་མི་སྤྱོད་ཀྱི། གཞན་དུ་མདོར་བསྡུས་ནས་གསུངས་པ་ཡིན་ནོ། །འདིས་སྐྱེས་བུ་དམ་པ་དེ་ནི་སྒོ་མཐའ་ཡས་པས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་དེ་བཞིན་

གཤེགས་པ་ཐམས་ཅད་ལ་ལྷག་པར་དམིགས་པའི་རྣམ་པར་ཐར་པའི་སྒོ་ལ་སོགས་པ་རྣམ་པར་ཐར་པའི་སྒོ་སྣ་ཚོགས་པའི་རྗེས་སུ་ཞུགས་པ། སེམས་ཅན་འདུལ་བའི་སྦྱོར་བ་རྣམ་པ་སྣ་ཚོགས་པས་གནས་པའི་ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བ། ལས་ཐམས་ཅད་རྗེས་སུ་དྲན་

པའི་ཆོ་ག་ཡང་དག་པར་སྦྱོར་བའི་གཟུངས་ཐོབ་པར་འགྱུར་ཞིང་སེམས་ཅན་གྱི་ཁམས་དང་མོས་པ་དང་རྗེས་སུ་མཐུན་པའི་གཟུགས་སྣ་ཚོགས་པ་མངོན་པར་སྒྲུབ་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱི་སྟོབས་དང་སྟོབས་སྣ་ཚོགས་

མངོན་པར་སྒྲུབ་པར་བྱེད་པའི་སྒོ་སངས་རྒྱས་རྗེས་སུ་དྲན་པའི་མོས་པས་སྙིང་པོ་འདི་བཟླས་ན་གཟུགས་སྣ་ཚོགས་མཐོང་བར་འགྱུར་རོ། །མདོར་བསྡུས་ན་སངས་རྒྱས་འབྱུང་བའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་ཡང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་གསུང་གི་འཁོར་

ལོའི་དཀྱིལ་འཁོར་ཡང་སྒྲ་འབྱིན་པར་འགྱུར་རོ། །གསེར་དང་ནོར་བུ་དང་མུ་ཏིག་ལ་སོགས་པའི་ཆར་ཡང་མངོན་པར་འབབ་པར་འགྱུར་རོ། །སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཡི་དགས་རྣམས་ལ་བཟའ་བ་དང་བཅའ་བ་དང་བཏུང་བ་ཡང་མངོན་པར་རབ་ཏུ་འབབ་པར་འགྱུར་རོ། །དམྱལ་

བ་རྣམས་ཀྱི་གྲང་བ་ལ་དྲོ་བ་ཡང་ཡང་དག་པར་སྐྱེད་པར་བྱེད་དོ། །དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་ཡང་རབ་ཏུ་ཞི་བར་བྱེད་དོ། །སེམས་ཅན་མོས་པའི་སྒོ་སྣ་ཚོགས་པའི་ཡུལ་ཅན་གྱི་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བར་བྱེད་དོ། །བྱིན་གྱིས་རློབ་པར་བྱེད།

Vol. 87 · folio 182a

ཡོངས་སུ་འགེངས་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་འདུལ་བར་བྱེད། ངེས་པར་སྦྱོང་བར་བྱེད། ཀུན་དུ་སྦྱོར་བར་བྱེད། རྣམ་པར་འཕེལ་བར་བྱེད། དགའ་བར་བྱེད། སོ་སོར་འགོད་པར་བྱེད། རྣམ་པར་གྲོལ་བར་བྱེད། བྱང་ཆུབ་ཀྱི་ཐེག་པ་ལ་ལྷག་པར་

འཛེག་པར་བྱེད། མྱུར་དུ་ལྷག་པར་འཛེག་པའི་ས་དང་ཕ་རོལ་ཏུ་ཕྱིན་པའི་མན་ངག་ཀྱང་སྟོན་པར་བྱེད། མདོར་ན་མཐར་གྱིས་བྱང་ཆུབ་ལ་གཞོལ་ཞིང་སོ་སོར་འགོད་པར་བྱེད། དགེ་བ་སྒྲུབ་པ་ལ་གནས་པ་སྐྱེད་པར་བྱེད། སྡུག་བསྔལ་དང་ཉོན་མོངས་པ་ཟད་པར་བྱེད། རྣམ་པར་འཇོམས་

པར་བྱེད། རྣམ་པར་སེལ་བར་བྱེད། འདྲེན་པར་བྱེད། འཇོམས་པར་བྱེད། མདོར་ན་རང་གི་སྨོན་ལམ་གྱི་སྟོབས་དང་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་མཛད་

པ་ཡང་བྱེད་པར་འགྱུར་རོ། །འདིར་ཡང་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་དོན་ཡོངས་སུ་མི་ཉམས་པར་བྱ་བའི་ཆོ་ག་བཤད་པར་བྱ་སྟེ། སྔགས་འཛིན་པས་དང་པོར་རེ་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱིས་པ་སོ་སོའི་སྐྱེ་བོའི་ས་ལས་འདས་པ་

དང་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་རྙེད་པ་འདི་ཉིད་ལ་བདག་ཉིད་དད་པར་བྱའོ། །སྒྲུབ་པ་པོའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་སྔ་དྲོ་དང་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་བདག་ཉིད་དབུལ་བར་བྱ་སྟེ། བདག་མིང་ཆེ་གེ་མོ་ཞེས་

བགྱི་བ་ཆོས་ཀྱི་དབྱིངས་སུ་གཏོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་བདག་དབུལ་བར་བགྱིའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་རྣམས་ཀྱིས་ཀྱང་བདག་ལ་རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་བྱིན་གྱིས་བརླབ་པ་དང་ཡོངས་སུ་བཟུང་བར་

གྱུར་ཅིག །བདག་ལ་གྲུབ་པ་དང་མཆོག་སྩོལ་ཅིག །དེ་ནས་སྡིག་པ་སོ་སོར་བཤགས་པར་བྱ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བསྐྱེད་

Vol. 87 · folio 182b

པ་གང་གིས་བཤགས་པ་མཛད་པའི་སེམས་བསྐྱེད་པ་དེས་བཤགས་པར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་པ་ལྟར་དེས་ཀྱང་ཇི་ཙམ་དུ་བཤགས་པར་ནུས་པ་དེ་ཙམ་དུ་བཤགས་པར་བྱའོ། །དེ་ནས་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱ་སྟེ། གང་དུས་གསུམ་

དུ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་སེམས་ཅན་གྱི་ཁམས་རྣམ་པར་སྦྱོར་བར་བྱེད་པ། སེམས་ཅན་གྱི་ཁམས་ཡོངས་སུ་སྲུང་བར་བྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་

འདས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བ་བླ་ན་མེད་པས་རྗེས་སུ་ཡི་རང་བར་བྱ་སྟེ། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔས་མཁྱེན་པ་ལྟར། དེས་ཀྱང་ཇི་ལྟར་རྗེས་སུ་ཡི་རང་བར་ནུས་པ་དེ་ལྟར་རྗེས་སུ་ཡི་རང་བར་བྱའོ། །དེ་ནས་མཆོད་པའི་བྱ་བ་བྱ་སྟེ། སེམས་ཅན་གྱི་

ཁམས་ན་གང་ང་ཡར་མེད་ཅིང་ཡོངས་སུ་གཟུང་བ་མེད་པའི་མཆོད་པའི་ཆོ་ག་དེ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པའི་ཕྲིན་ལས་ཀྱིས་དབུལ་བར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་སྟོབས་དང་བདག་

གི་བསོད་ནམས་ཀྱི་སྟོབས་དང་རིག་པའི་གསང་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོག་ཏུ་རྒྱ་ཆེ་བའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག་རྒྱ་ཆེན་པོའི་གོང་མ་ལས་བླ་མར་མངོན་པར་བསྒྲུབས་པའི་

མཆོད་པའི་སྤྲིན་རབ་ཏུ་འབབ་པ་བསམ་པའམ་བརྗོད་པ། མཆོད་པ་ཆེན་པོར་མངོན་པར་སྒྲུབ་པར་བྱེད་པའི་རིག་པའི་རྒྱལ་མོ་ཆེན་མོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་སརྦ་ཐཱ། ཨུངྒ་ཏེ་སྥ་ར་ཎ་ཧཾ་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་

དཔའ་ཐམས་ཅད་ལ་ཇི་ལྟར་མངོན་པར་བསྔོས་པ་ལྟར་དེ་བཞིན་དུ་ངེས་པར་འབྱུང་བར་འགྱུར་རོ། །མཆོད་པ་དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་ཏོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་ཡོན་ཏན་དུ་བསྔགས་

Vol. 87 · folio 183a

པ་དང་། གྲགས་པ་སྣ་ཚོགས་ཀྱི་གླུའི་སྤྲིན་རྒྱ་མཚོ་རབ་འབྱམ་ཚིག་ཏུ་བརྗོད་པའམ་བསམས་ལ། འདི་ལྟ་བུའི་བསྟོད་པ་དཔེ་མེད་པ་ངེས་པར་སྒྲུབ་པར་བྱེད་པའི་རིག་པའི་རྒྱལ་མོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོདྡྷི་ས་ཏྭཱ་ནཱཾ། སརྦ་ཏྲ་སཾ་ཀུ་སུ་

མི་ཏ་ཨ་བྷི་ཛྙཱ་རཱ་ཤི་ནི་ན་མོ་སྟུ་ཏེ་སྭཱ་ཧཱ། དེ་ནས་དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོན་ཏན་བསྔགས་པ་བརྗོད་པའི་སྤྲིན་གྱི་རྒྱ་མཚོ་རབ་ཏུ་འབྱུང་བར་འགྱུར་བ་དེ་ལྟ་བུར་ཡང་དད་པར་བྱའོ། །དེའི་འོག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས་ཀྱི་སྤྲུལ་

པའི་སྤྲིན་སེམས་ཅན་ཐམས་ཅད་ལ་དམིགས་པ་ལས་བྱུང་བ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་བ་དང་། བདེ་བ་ཐམས་ཅད་མྱུར་དུ་སྩོལ་ཅིག་པའམ། ཡང་ན་སེམས་ཅན་ཐམས་ཅད་ཀྱི་ཟག་པ་མེད་པའི་དགེ་བ་འབྱུང་བའི་སྦྱོར་བ་ཡང་དག་པར་འབྱུང་

བ་དང་དེ་བཞིན་གཤེགས་པ་རྣམས་ཀྱི་གྲུབ་པའི་མཆོག་དེ་དག་གིས་ཐོབ་པར་གྱུར་ཅིག་ཅེས་དེ་ལྟ་བུ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་པ་ཡིད་ལ་བྱེད་པའམ་ངག་ཏུ་བརྗོད་དེ། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྤྲིན་མངོན་པར་བསྒྲུབ་པའི་རྒྱུ་དང་སེམས་ཅན་གྱི་ཁམས་

ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པའི་རིག་པའི་རྒྱལ་པོ་ཆེན་པོ་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ན་མོ་སྟུ་ཏེ་མ་ཧཱ་བརྫ་སརྦ་ས་ཏྭཱ་ཧི་ཏཾ་ཀ་ར། ཏིཥྠ་སརྦ་ཏྲ། སརྦྦེ་ཥཱཾ་དྷརྨྨཱ་ཎཱཾ་ཨ་དྷིཥྠཱ་ཡ་སྭཱ་ཧཱ། རིག་པའི་

རྒྱལ་པོ་འདི་བརྗོད་པ་ཙམ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་དེ་དག་གི་སྤྲུལ་པའི་སྤྲིན་རྒྱ་ཆེན་པོ་མོས་པས་མངོན་པར་བསྒྲུབས་ནས། མདོར་ན་སེམས་ཅན་གྱི་ཁམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཛད་པ་

ཡང་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གྱིས་དེ་དག་ལ་ཡང་དག་པར་དད་པར་བྱའོ། །དེ་དག་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁོ་ནས་མཁྱེན་ཏོ། །དེ་ནས་དེ་དག་ཐམས་ཅད་བླ་ན་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། རྗེས་སུ་ཡི་རང་བ་ལ་

Vol. 87 · folio 183b

སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེའི་འོག་ཏུ་བདག་སྡུག་བསྔལ་བར་གྱུར་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་བྱིན་གྱིས་བརླབ་པ་དང་བདག་ལ་གྲུབ་པའི་མཆོག་སྩོལ་ཅིག་ཅེས་བརྗོད་པར་

བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང་། དམིགས་པ་དང་། བཟླས་པ་དང་། ནན་ཏན་དུ་བགྱིས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་དངོས་གྲུབ་ལ་སོགས་པ་གྲུབ་པ་ཐམས་ཅད་ལ་རྗེས་སུ་ཡི་

རང་བ་དང་། དམིགས་པ་དག་ལ་གོམས་པའི་སེམས་ཀྱིས་བླ་ན་མེད་པའི་སྙིང་པོ་འདི་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་བཟླས་པ་བཟླ་བར་བྱའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་དང་བླ་ན་མེད་པའི་སེང་གེའི་སྒྲ་སྒྲོགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་

ཅན་གྱི་དོན་བླ་ན་མེད་པ་བྱེད་པ་དང་། དེ་བཞིན་གཤེགས་པ་ཀུན་དུ་བཟང་པོའི་སྐུ་ཡོངས་སུ་སྒྲུབ་པར་འདོད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་ལྡང་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་འཕགས་པ་སྡོང་པོ་བཀོད་པ་ལ་སོགས་

པ་རིག་པ་རྒྱ་ཆེན་པོའི་ཚུལ་གྱི་མདོ་སྡེ་རྣམས་མངོན་པར་མཆོད་ཅིང་ཀློག་པའམ་ཐ་ན་ཕྱག་བྱས་ནས་ཟས་བཟའ་བར་བྱ་སྟེ། དང་པོ་ཟས་ལ་སྔགས་འདིས་ལན་བརྒྱད་མངོན་པར་བསྔགས་པ་བྱས་ནས་ཁམ་གྱི་དང་པོ་ལྷ་ཉིད་ལ་དབུལ་ཞིང་དེའི་འོག་ཏུ་ཟས་བཟའ་བར་བྱའོ། །དེ་ལ་སྔགས་ནི་འདི་

ཡིན་ཏེ། ན་མཿསརྦ་བུདྷ་བོ་དྷི་ས་ཏྭཱ་ནཱཾ། ཨོཾ་བ་ལིཾ་དཱ་ཏེ། ཏེ་ཛོ་མཱ་ལཱི་ནི་སྭཱ་ཧཱ། ཁ་ཟས་ཀྱིས་དུབ་པ་སྤངས་ནས་ཀྱང་སྔ་དྲོའི་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ཕྱི་དྲོའི་ཡང་བྱ་བ་ཡིན་ནོ། །ཉལ་ན་ཡང་ཡན་ལག་ཐམས་ཅད་ཀྱིས་དང་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་

ཕྱག་བྱས་ནས་བསྟོད་དེ་མལ་སྟན་ལ་འདུག་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་པ་དང་བླ་ན་མེད་པའི་དངོས་གྲུབ་ཀྱི་མཆོག་བདག་ལ་སྩོལ་ཅིག །རྣམ་པར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ་ཞེས་གསོལ་བ་ཡང་གདབ་པར་བྱའོ། །མཚན་གྱི་

Vol. 87 · folio 184a

དང་པོ་དང་ཐ་མ་ལ་མི་ཉལ་བའི་སྦྱོར་བས་དམ་པའི་ཆོས་འདོན་པ་ལ་སོགས་པ་བྱའོ། །སྒྲུབ་པ་པོའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་དེ་བཞིན་དུ་ཉི་མ་རེ་རེ་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དང་པོར་ཕྱག་བྱ་བ་དང་ཉིན་རེ་ཞིང་བདག་དབུལ་བ་དང་དེ་བཞིན་དུ་སྡིག་

པ་སོ་སོར་བཤགས་པ་དང་འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བ་དང་སེམས་ཅན་ཐམས་ཅད་ལ་རང་གི་བསོད་ནམས་བསྟབ་པ་དང་དམ་པའི་ཆོས་ཀྱི་གླེགས་བམ་ལ་ཕྱག་བྱས་ནས་

བཅང་བ་དང་ཀློག་པའམ་སྒོམ་པ་དང་། ཐ་ན་མཆོད་པ་བྱས་ནས་དད་པས་སྙིང་པོ་འདི་བཟླ་བར་བྱ་བ་ཡིན་ཏེ། རིའམ་ལྷ་ཁང་ངམ་ཁྱིམ་མམ་བྲང་ཁང་ལ་སོགས་པའི་གནས་སུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལྷག་པར་དམིགས་ཤིང་བཟླས་པས་སེམས་ཅན་

ཐམས་ཅད་ཡོངས་སུ་བསྲུང་བ་དང་ལྡན་པའི་སེམས་ཀྱིས་སྟོབས་བཅུ་མཁྱེན་པའི་ས་དོན་དུ་གཉེར་ཞིང་མངོན་པར་འདོད་པས་འབུམ་བཟླ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར་ཞིང་དེས་ཏིང་ངེ་འཛིན་དང་གཟུངས་ལ་སོགས་པའམ། ཕྱིར་མི་

ལྡོག་པའི་ས་ལ་ཞུགས་པའི་བར་དུ་འཐོབ་པར་འགྱུར་རོ། །འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པའི་ཐབས་དང་ཤེས་རབ་ལ་མཁས་པ་དེ་དག་གི་བཟླས་པའི་ཆོ་ག་ཡིན་ནོ། །གལ་ཏེ་རིག་པ་འཛིན་པར་གྱུར་ཅིག་ཅེས་ཡིད་ལ་བྱེད་ལ་བཟླས་པ་འབུམ་ཡོངས་སུ་རྫོགས་པར་བྱས་

ནས། བཅྭ་ལྔའམ་བཅུ་གསུམ་མམ་བཅུ་བཞིའི་ཉིན་མཚན་ལ་གསོ་སྦྱོང་བྱས་ལ། ཅི་འབྱོར་བའི་མཆོད་པ་བྱས་ནས་མེ་ཏོག་གི་གཅལ་བཀྲམ་པའི་དཀྱིལ་འཁོར་ལ། མཆོད་རྟེན་ནམ་ལུགས་སྐུ་འམ་དམ་པའི་ཆོས་ཀྱི་གླེགས་བམ་མདུན་དུ་བཞག་ལ། ཀུ་ཤའི་ཁྲེས་པོའམ་

གཅལ་དུ་བཀྲམ་པ་ལ་འདུག་པའམ་ལོ་མ་ལ་ཉེ་བར་འདུག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོག་སློང་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་བ་དང་། དམིགས་པ་དང་བཟླས་པས་ལྕགས་ཀྱི་འཁོར་ལོ་ལག་པ་ལ་ཐོགས་

Vol. 87 · folio 184b

ལ་ཇི་སྲིད་དུ་འབར་བར་མ་གྱུར་པ་དེ་སྲིད་དུ་བཟླས་པ་བྱས་ན་འབར་བར་འགྱུར་ཞིང་། ས་ཆེན་པོ་འགུལ་བར་འགྱུར་ཏེ། རིག་པ་འཛིན་པ་དེ་དག་ཐམས་ཅད་འདུས་ཤིང་དེ་དག་གིས་དབང་བསྐུར་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་རིག་པ་འཛིན་པའི་རིགས་སུ་བསོད་ནམས་

ཇི་ལྟ་བ་དང་རང་གི་སྐལ་བ་ཇི་ལྟ་བའི་གནས་རྙེད་པར་འགྱུར་རོ། །དེ་ཉིད་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པའི་ས་ཐོབ་པར་འགྱུར་ཏེ་དེ་ལ་ལུས་ཉམས་པར་ཡང་མི་འགྱུར་རོ། །ཐབས་མཁས་པ་ཉིད་ཀྱིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱད་ཀྱང་གཟི་བརྗིད་

མཚུངས་པ་མེད་པ་ཉིད་དུ་འགྱུར་རོ། །འཁོར་ལོའི་རིམ་པ་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་དང་མདུང་དང་རལ་གྲི་དང་རྩེ་གཅིག་པ་དང་གཏུན་ཤིང་དང་དབྱུག་པ་དང་སྟ་རེ་དང་ཁ་ཊྭཱྃ་ག་དང་གྲི་གུག་དང་ཆུ་གྲི་དང་ལྕགས་ཀྱུ་ལ་ཡང་བསྒྲུབ་པར་བྱའོ། །ཐབས་མཁས་པ་དང་ལྡན་ཞིང་སེམས་ཅན་ཡོངས་

སུ་བསྲུང་བའི་བློ་ཅན་ལུས་དང་སྲོག་ལ་ལྟོས་པ་མེད་པ། ཐམས་ཅད་དུ་རྗེས་སུ་འགྲོ་བའི་ཡིད་ལ་བྱེད་པས་ལྕགས་དང་། གསེར་དངུལ་དང་ལྕགས་གསུམ་དང་ཙནྡན་དང་རྡོ་དང་ཐ་ན་ཤིང་དངས་ལས་བྱས་པའམ། ཏ་ལའི་ལོ་མའི་རང་བཞིན་ལས་བྱས་པ་ལ་སྔར་སྨོས་པའི་ཚོགས་

གཅིག་པུ་དབེན་པར་འདུག་སྟེ་འབུམ་བཟླས་པས་བསྒྲུབས་ན་གོང་མ་བཞིན་རིག་པ་འཛིན་པར་འགྱུར་རོ། །ལྡོང་རོས་སམ། མིག་སྨན་ནམ་བ་བླ་འམ་གི་ཝང་ལ་སོགས་པ་ལོ་མའི་བར་རམ། གོས་ཀྱི་བར་རམ་ལྕགས་ཀྱི་སྣོད་ཁ་སྦྱར་དུ་བཅུག་ལ་བསྒྲུབ་པར་བྱ་བའམ། གོས་སམ་

རྒྱལ་མཚན་ནམ་ནོར་བུའམ་མུ་ཏིག་གི་ཕྲེང་བ་ལ་སོགས་པ་རྒྱན་རྣམས་སམ། པདྨ་འམ་ཨུཏྤལ་ལ་སོགས་པ་མེ་ཏོག་གི་ཁྱད་པར་རམ། སྐ་རགས་སམ་ལྷུང་བཟེད་དམ་ཆོས་གོས་སམ་འཁར་གསིལ་ལ་སོགས་པའི་ཡོ་བྱད་ལག་པར་ཆུད་པའམ་ལོ་མའམ་གོས་སམ་ཞགས་པ་ལ་

བསྒྲུབས་ན་འབར་བར་འགྱུར་ཞིང་རིག་པ་འཛིན་པར་འགྱུར་རོ། །ཅི་སྙེད་ཀྱི་གྲོགས་འདོད་པ་དེ་སྙེད་ཀྱི་གྲོགས་དང་ལྷན་ཅིག་འཕུར་ཞིང་འགྲོ་བར་འགྱུར་རོ། །ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པའི་སྙིང་པོ་འདི་ཡང་བསོད་ནམས་དང་ལྡན་པའམ། བསོད་ནམས་དང་མི་ལྡན་པས་

Vol. 87 · folio 185a

ཀྱང་རུང་འགྲུབ་པར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པ་ཡང་རུང་། ཚུལ་ཁྲིམས་དང་མི་ལྡན་པས་ཀྱང་འགྲུབ་པར་འགྱུར་རོ། །ཐབས་དང་ལྡན་པའམ་ཐབས་དང་མི་ལྡན་པས་ཀྱང་འགྲུབ་པར་འགྱུར་རོ། །མཁས་ཀྱང་རུང་མི་མཁས་ཀྱང་རུང་ངེས་པར་དོན་ཡོད་

པར་འགྱུར་རོ། །གཞན་དུ་དད་པ་མེད་པ་དང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་ཀྱིས་མ་ཡིན་ནོ། །བྲིས་སྐུ་མེད་ཀྱང་རུང་མཆོད་ཀྱང་རུང་། མཆོད་པ་མེད་ཀྱང་རུང་། ཁྲུས་ལ་སོགས་པ་མེད་ཀྱང་རུང་། ཕྱིའི་སྤྱོད་པ་གཙང་སྦྲ་ལ་སོགས་པ་མེད་ཀྱང་རུང་། ཉ་ཤ་དང་ཤ་དག་

ལ་སོགས་པ་ཡོངས་སུ་མ་སྤངས་ཀྱང་རུང་འགྲུབ་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་པ་བསྒོམས་པའི་སེམས་ཀྱིས་འགྲུབ་བོ། །གལ་ཏེ་བྲིས་སྐུ་ལ་སྒྲུབ་པར་འདོད་པས་ཐད་ཀ་ལ་བཅོམ་ལྡན་འདས་རིན་པོ་ཆེའི་རི་བོ་ལ་རིན་པོ་ཆེའི་པདྨའི་སྟེང་

ན་བཞུགས་པ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་འཕགས་པ་རྡོ་རྗེ་འཛིན་པུས་མོ་བཙུགས་ནས་པདྨ་ལ་བཞུགས་པ་རྡོ་རྗེ་དང་བཅས་པར་ཐལ་མོ་སྦྱར་བ་ཨུཏྤ་ལའི་ལོ་མའི་མདོག་གམ་པྲི་ཡང་ཀུ་ལྟ་བུར་སྔོ་བསངས་སམ་གསེར་གྱི་མདོག་ཅན་བྲི་བར་བྱའོ། །བཅོམ་

ལྡན་འདས་ཀྱི་གཡས་ལོགས་སུ་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་འཛིན་གསེར་གྱི་མདོག་ཅན་རལ་པ་དང་ཅོད་པན་ཅན་གོས་སེར་པོ་གྱོན་པ་ལག་པ་གཡོན་གྱིས་ལྕགས་ཀྱུ་ཡོངས་སུ་འཛིན་པ་བྲི་བར་བྱའོ། །དེའི་འོག་ཏུ་མིང་ངམ་མཐའ་མེད་ཅེས་བྱ་བའི་འཁོར་འབར་བའི་སྙིང་པོ་ཅན་ཁྲོས་

ཤིང་འཁྲུགས་པར་གྱུར་པ་ནོར་བུའི་ཟུར་ཕུད་ཀྱིས་བརྒྱན་པ་ཨ་ཤོ་ཀ་དམར་པོའི་མདོག་ཅན་ལག་པ་ན་གྲི་གུག་དང་ཞགས་པ་ཐོགས་པ་བྲི་བར་བྱའོ། །རྡོ་རྗེ་འཛིན་པའི་འོག་ཏུ་གཞོན་ནུ་མ་གཡོན་ན་ཟུར་ཕུད་གཅིག་པ་ནག་པོ་སྔོ་བསངས་རོལ་པར་གྱུར་པས་འཁོར་ལ་དགའ་བ་དང་བཅས་

པས་བལྟ་བ། གོས་སྔོན་པོ་གྱོན་པ་ལག་ན་མེ་ཏོག་གི་ཕྲེང་བ་ཐོགས་པ་མཐའ་མེད་མ་ཞེས་བྱ་བ་ཕོ་ཉ་མོ་བྲི་བར་བྱའོ། །འདིར་ཡང་བྲིས་སྐུ་ལ་གཞན་དུ་ཡང་ལས་དེ་དག་ཉིད་དང་སྒྲུབ་པ་དེ་དག་ཉིད་བྱ་བའམ་རྟོག་པ་ཐམས་ཅད་ཀྱི་ཆོ་གའི་སྦྱོར་བའམ་ཡིད་ལ་འདོད་པའི་ཆོ་ག་སྦྱར་བར་བྱའོ།

Vol. 87 · folio 185b

དུར་ཁྲོད་དུ་འབུམ་བཟླས་ན་རྡོ་རྗེ་འཛིན་འོངས་ནས་ལག་པ་ནས་བཟུང་སྟེ་ལྕང་ལོ་ཅན་དུ་འདྲེན་པར་བྱེད་དོ། །དེས་རྡོ་རྗེའི་རིགས་ཀྱི་གཞོན་ནུར་གྱུར་པ་ཐོབ་པར་འགྱུར་རོ། །རིག་པ་འཛིན་པའི་ས་དངོས་པོ་རལ་གྲི་ལ་སོགས་པ་ལ་བསྙེན་པ་བྱས་པ་དེས་རིག་པ་འཛིན་པར་འགྱུར་རོ། །རྒྱ་

མཚོར་ཞུགས་ནས་འབུམ་བཟླས་ན་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་སུ་ཕྱིན་པར་འགྱུར་ཞིང་ཀླུའི་རྒྱལ་པོ་རྒྱ་མཚོ་མཐོང་བར་འགྱུར་རོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ལུས་རབ་ཏུ་ཐོབ་པར་འགྱུར་རོ། །ཡིད་བཞིན་གྱི་ནོར་བུའམ་རྡོ་རྗེའམ་རལ་གྲིའམ་འཁོར་ལོའམ་རིན་པོ་ཆེ་ལ་

སོགས་པ་དེ་རྣམས་ཀྱི་རིག་པ་འཛིན་པར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་མང་པོར་འགྲོ་བ་དང་འོང་ནུས་པར་འགྱུར་རོ། །ཀླུའི་རིགས་ཐམས་ཅད་བློ་མཐུན་པར་འགྱུར་རོ། །ཆར་ཆེན་པོ་རྣམ་པ་སྣ་ཚོགས་པ་མངོན་པར་འབབ་པར་འགྱུར་རོ། །ཀླུའི་མཚེའུ་གང་དུ་འབུམ་བཟླས་ན་

ཀླུའི་གནས་དེར་རབ་ཏུ་འཇུག་པར་འགྱུར་ཞིང་། དེར་གང་འདོད་པ་དེ་རྙེད་པར་འགྱུར་རོ། །གང་གཱར་ཞུགས་ཤིང་འབུམ་བཟླས་ལ་འབུམ་ཡོངས་སུ་རྫོགས་ནས་དེ་ཉིད་དུ་མཆོད་རྟེན་བརྩིགས་ལ་སྦྲང་རྩི་དང་འོ་མ་དང་ཡུངས་ཀར་དང་བཅས་པས་སྦྱིན་སྲེག་བྱས་ན། ཀླུ་ཐམས་ཅད་སྐྲག་པས་

ལྷགས་པར་འགྱུར་ཞིང་གང་སྨྲས་པ་དེ་བྱེད་པར་འགྱུར་རོ། །དུར་ཁྲོད་དུ་ཡུངས་ཀར་གྱིས་སྦྱིན་སྲེག་བྱས་ན་གནོད་སྦྱིན་གོང་མ་བཞིན་བྱེད་པར་འགྱུར་རོ། །རིའི་ལྷ་ལ་འབྲུ་མར་དང་ཙནྡན་གྱི་སྦྱིན་སྲེག་གིས་སམ་ནགས་ཀྱི་གནས་སུ་རིག་པ་འཛིན་པ་ལ་སྦྲང་རྩི་དང་པི་པི་ལིང་གི་སྦྱིན་སྲེག་

བྱས་ན་ཐམས་ཅད་འདུས་པར་འགྱུར་ཞིང་དུས་ཐམས་ཅད་དུ་རྗེས་སུ་དྲན་པ་ཙམ་གྱིས་རང་གི་བཀའ་ལུང་སྒྲུབ་པར་བྱེད་དོ། །ཤིང་གི་གྲིབ་མས་ཤིང་གཞན་ལ་མ་ཕོག་པ་ནི་ཤིང་གཅིག་གོ། །ཤིང་གཅིག་གི་དྲུང་དུ་རྗེས་སུ་དྲན་པས་མཆོད་རྟེན་བྱས་ཤིང་འབུམ་བཟླས་ལ་མདུན་དུ་ཨ་ཤྭཏྠ་

ལས་བྱས་པའི་རྩེ་གསུམ་པ་བྱས་ལ་ཉིན་མཚན་སྨྱུང་བར་འདུག་སྟེ། ཉ་ལ་དྲིས་བསྐུས་ཤིང་ཅི་འབྱོར་པའི་མཆོད་པ་བྱས་ནས་ཇི་སྲིད་འབར་བར་གྱུར་གྱི་བར་དུ་མཚན་རངས་པ་བསྒྲུབ་པ་བྱས་ན་གདུལ་དཀའ་བ་འདུལ་བར་བྱེད་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་གླིང་བཞི་པའི་ལྷའི་

Vol. 87 · folio 186a

ཕུན་སུམ་ཚོགས་པའི་བདག་པོར་འགྱུར་རོ། །སྐུ་གདུང་དང་བཅས་པའི་མཆོད་རྟེན་ལ་བཟླས་པ་འབུམ་བྱས་ལ་ཉ་ལ་འཁོར་ལོའི་ཕྱག་མཚན་ནམ་རྡོ་རྗེའི་ཕྱག་མཚན་ནམ་རྒྱལ་མཚན་བླངས་ནས་ཇི་སྲིད་འཕུར་བ་དེ་སྲིད་བཟླས་ན་དེས་ཀུན་དུ་འགྲོ་བའི་རིག་པ་འཛིན་པར་འགྱུར་

རོ། །ཆུ་བོར་ཞུགས་ཏེ་བཟླས་པ་འབུམ་བྱས་ནས་ས་ལས་བྱས་པའི་མཆོད་རྟེན་གྱི་རྩར་ཉ་ལ་སོགས་པའི་ཉིན་ཞག་ལ་ཇི་སྐད་དུ་བཤད་པའི་གནས་སུ་ཆོ་ག་སྔ་མ་བཞིན་ལག་པས་ནོར་བུ་བླངས་ཏེ་ཇི་སྲིད་འབར་བར་གྱུར་པ་དེ་སྲིད་བཟླས་ན་ཡིད་བཞིན་གྱི་ནོར་བུ་འཆང་བའི་རིག་པ་འཛིན་པར་

འགྱུར་རོ། །ཡང་དེ་ཉིད་ལག་པས་བླངས་ཏེ་བཟླས་པས་ཡིད་བཞིན་གྱི་ནོར་བུར་འགྱུར་རོ། །ཟངས་མའི་བུམ་པ་ལ་ཆོ་ག་འདི་ཉིད་ཀྱིས་བསྒྲུབ་པ་བྱས་ན་བུམ་པ་གང་བར་འགྱུར་རོ། །སློང་མོས་འཚོ་ཞིང་ལྕགས་ཀྱི་རྡོ་རྗེ་ལག་པར་བླངས་ཏེ། ཇི་སྲིད་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་

སྨྲ་བར་བྱ་བ་སྟོན་པར་བྱེད་པ་དེ་སྲིད་བཟླས་པས་ཆོས་གང་ཉན་པར་འདོད་པ་དེ་མངོན་པར་སྟོན་པར་འགྱུར་རོ། །དེའི་སྟེང་དུ་བསྒྲུབས་ན་འབར་བར་འགྱུར་རོ། །འབར་བར་གྱུར་པས་ལག་ན་རྡོ་རྗེ་རྡོ་རྗེའི་རིགས་སུ་འཇུག་པར་འགྱུར་རོ། །རྡོ་རྗེ་ཇི་ལྟ་བ་བཞིན་དུ་རལ་གྲི་དང་འཁོར་ལོ་དང་ལྕགས་

ཀྱུ་དང་གླེགས་བམ་ལག་པས་བླངས་ཏེ་བསྒྲུབས་པས་རྡོ་རྗེའི་རིགས་སུ་འཇུག་པར་འགྱུར་ཞིང་ཐམས་ཅད་དུ་ཐོགས་པ་མེད་པའི་རིག་པ་འཛིན་པར་འགྱུར་རོ། །གཞོན་ནུའམ་གཞོན་ནུ་མ་ལེགས་པར་ཁྲུས་བྱས་ཏེ་རྒྱན་གྱིས་བརྒྱན་པ་ལ་སྔོན་དུ་བསྙེན་པ་བྱས་ལ་ཅི་འབྱོར་པའི་མཆོད་པ་བྱས་ཏེ་

ཉིན་མཚན་སྨྱུང་བས་མཆོད་རྟེན་ནམ་ལུགས་སྐུ་འམ་གླེགས་བམ་མམ་བྲིས་སྐུ་འམ་གཞན་དག་གི་མདུན་དུ་ཀུ་ཤའི་གཅལ་བཀྲམ་པ་ལ་འདུག་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཐལ་མོ་སྦྱར་བ་བྱས་ནས་གསོལ་བ་བཏབ་ལ། དེ་ནས་ཙནྡན་ནམ་ག་བུར་རམ་གུ་

གུལ་ལམ་དུ་རུ་སྐས་དུ་བ་མེད་པའི་མེ་མདག་ལ་སྦྱིན་སྲེག་བྱའོ། །དེ་དག་མེད་ན་སྐྱིལ་མོ་ཀྲུང་གིས་འདུག་སྟེ་ལག་པས་དེ་དག་བཟུང་ལ་ཇི་སྲིད་གཞོན་ནུ་དང་གཞོན་ནུ་མ་འབར་བར་གྱུར་པ་དེ་སྲིད་དུ་བཟླས་པས་རབ་ཏུ་འབར་ཞིང་འཕུར་བར་འགྱུར་རོ། །ལག་པས་བླངས་ན་དེ་དག་དང་བཅས་

Vol. 87 · folio 186b

པར་རིག་པ་འཛིན་པར་འགྱུར་རོ། །བུད་མེད་ལེགས་པར་ཁྲུས་བྱས་ཤིང་རྒྱན་གྱིས་བརྒྱན་པ་ལ་ཇི་སྲིད་སྐྱེས་པར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དུར་ཁྲོད་དུ་བྲིས་པའམ་ཤིང་ངམ་ས་ལས་བྱས་པའི་སེང་གེ་ལ་ཇི་སྲིད་འགྲོ་བར་གྱུར་པ་དེ་སྲིད་བཟླས་པས་དེ་ལ་ཞོན་ཞིང་གང་དུ་

འདོད་པ་དེར་འགྲོ་བར་འགྱུར་རོ། །གལ་ཏེ་ཉིན་རེ་རྟག་ཏུ་བཟླས་ན་གང་དུ་འགྲོ་བའི་ས་ཕྱོགས་དེ་བསྲུང་བ་བྱས་པར་འགྱུར་རོ། །གལ་ཏེ་ཉིན་མཚན་དུ་སྒྲུབ་པ་བྱེད་ན་ཇི་སྲིད་ཞག་ལྔའམ་དྲུག་གམ་བརྒྱད་དམ་ལྷག་མའི་ཟླ་བ་ཕྱེད་ཀྱི་ནང་དུ་ཡར་འཕགས་པར་འགྱུར་ཞིང་ལྷ་རྣམས་ལས་

ཀྱང་རྒྱལ་བར་འགྱུར་རོ། །དེ་ལ་ཞོན་ན་གང་དུ་འདོད་པ་དེར་འགྲོ་བ་དང་འོང་བར་འགྱུར་རོ། །དེ་བཞིན་དུ་རྟའམ་གླང་པོ་ཆེའམ་ཁྱུ་མཆོག་གམ་མ་ཧེའམ་ར་སྐྱེས་སམ་ལུག་གམ་རི་དགས་ལ་བཟླས་ན་དེ་དག་ཐམས་ཅད་ཉིད་གང་དུ་ཇི་སྲིད་འདོད་པ་དེ་སྲིད་དུ་འགྲོ་བ་དང་འོང་བར་འགྱུར་

རོ། །མེ་ཏོག་གིས་རབ་ཏུ་གཏོར་བའི་དཀྱིལ་འཁོར་ལ་དུར་ཁྲོད་ཀྱི་ཤིང་ལ་མེ་སྦར་ལ་མར་དང་ཡུངས་ཀར་གྱིས་སྦྱིན་སྲེག་བྱས་ན་ཟླ་བ་ཕྱེད་ཀྱི་ནང་དུ་ངེས་པར་མཁའ་ལ་འཕུར་བར་འགྱུར་རོ། །དུར་ཁྲོད་ཇི་ལྟ་བ་དེ་བཞིན་དུ་རི་བོ་ལ་སོགས་པ་ལ་ཡང་གཅིག་པུ་དབེན་པར་འདུག་སྟེ་བསྒྲུབ་

པའམ་དད་པ་ལ་སོགས་པ་བྱ་ལ་བསྒྲུབ་པའམ་ཆོ་ག་འདི་ཉིད་ཀྱིས་ཤིང་ཁྲིའམ་མཆིལ་ལྷམ་ལ་སོགས་པ་ལ་ཡང་ཡིད་ལ་འདོད་པས་ཆོ་ག་བཞིན་དུ་བསྒྲུབ་པར་བྱའོ། །ཤིང་མྱ་ངན་མེད་ཀྱི་ཡལ་ག་ལ་འཇུས་ནས་ཇི་སྲིད་ནམ་མཁའ་ལ་འགྲོ་བ་དང་མི་སྣང་བར་འགྱུར་བ་དེ་སྲིད་དུ་བཟླས་

པར་བྱའོ། །དེ་བཞིན་དུ་ཤིང་ཨ་ཤྭཏྠ་དང་ནྱ་གྲོ་དྷ་དང་ནཱ་ག་པུཥྤའི་ཤིང་དང་ཤིང་ཏིལ་ཀ་དང་ཨ་མྲ་དང་དུར་ཁྲོད་ཀྱི་ཤིང་ལ་འཛེགས་ཏེ་ཇི་སྲིད་མི་སྣང་བར་འགྲོ་བ་དེ་སྲིད་དུ་བཟླས་པ་བྱའོ། །དེ་ལྟར་མི་སྣང་བར་གྱུར་པས་ལོ་སྟོང་ཕྲག་བརྒྱར་འཚོ་བར་ཡང་འགྱུར་ཞིང་ཁྲུ་གང་ཙམ་གྱིས་ས་ལ་

མ་རེག་པར་འགྲོ་བར་འགྱུར་རོ། །བསོད་སྙོམས་ཀྱི་འཚོ་བས་དུར་ཁྲོད་དུ་ཇི་སྲིད་དུ་མི་སྣང་བར་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། །དུར་ཁྲོད་དུ་ཞག་ལྔ་འདུག་སྟེ་བཟླས་པ་བྱས་ནས་ཕྱིས་དེ་ཉིད་དུ་སའི་རང་བཞིན་གྱི་མཆོད་རྟེན་བྱས་ནས་དེར་མེ་ཏོག་གི་དཀྱིལ་འཁོར་བྱས་ཏེ། ཐལ་བ་

Vol. 87 · folio 187a

ལག་པའི་ཁ་སྦྱར་དུ་བཅུག་སྟེ། ཇི་སྲིད་དུ་བ་འཐུལ་བ་དེ་སྲིད་དུ་བཟླས་པ་བྱས་ནས་དེས་མཛུབ་རིས་གསུམ་བྱས་པས་མི་སྣང་བར་འགྱུར་རོ། །ཤ་མ་ཏ་ལའི་རྩ་བསྐམ་པོ་ཕྱེ་མར་བྱས་ཏེ་དུར་ཁྲོད་དུ་མེ་ཏོག་གིས་མངོན་པར་གཏོར་བའི་དཀྱིལ་འཁོར་བྱས་ལ་ལག་

པ་ཁ་སྦྱོར་རམ་ཁམ་པོར་ཁ་སྦྱོར་དུ་བཅུག་སྟེ་ཇི་སྲིད་དུ་བ་འཐུལ་བ་དེ་སྲིད་དུ་བཟླས་པ་བྱས་ལ་དེས་མིག་ལ་བསྐུས་ན་མི་མཐོང་བར་འགྱུར་རོ། །དེ་བཞིན་དུ་འགྲོ་ན་པུཥྤ་དད་ཨ་ཏི་པ་ལཱ་དང་། ཨིནྡྲ་བ་རུ་ནི་རྣམས་ཀྱི་རྩ་བའམ། ཤུ་དག་གམ། ཨ་པ་རཱ་ཙི་ཏ་འམ། ཨ་པ་ར་ཏི་

ནིའམ། པདྨའི་སྡོང་བུའི་རྩ་བའམ། དཎྜོཏྤ་ལའམ། ཨུཏྤ་ལའི་མེ་ཏོག་གམ། མིའི་ཤའམ། རྨ་བྱའི་ཤའམ། ཚ་བ་གསུམ་མམ། ར་ཛ་པ་ཏའམ། སྤོས་དཀར་པོའམ་གཞན་དག་ཕྱེ་མར་བྱས་ཏེ། ཁམ་ཕོར་ཁ་སྦྱར་རམ་ལག་པ་ཁ་སྦྱོར་དུ་བཅུག་སྟེ་ཇི་སྲིད་དུ་བ་འཐུལ་

བ་དེ་སྲིད་དུ་བཟླས་པ་དེས་མིག་ལ་བསྐུས་ན་མི་སྣང་བར་འགྱུར་རོ། །དུར་ཁྲོད་དུ་སྦྲང་རྩི་ལ་ལན་སྟོང་མངོན་པར་བསྔགས་ཏེ་མིག་ལ་བསྐུས་ནམ་མཐོང་བ་ཐམས་ཅད་མཐོང་བར་འགྱུར་རོ། །དགོན་པར་མཆོད་རྟེན་གྱི་ལོགས་ལ་ཤིང་རྟ་བྲིས་ལ་ཇི་སྲིད་ཟླ་བ་ཕྱེད་ཀྱི་ནང་དུ་འགུལ་བར་འགྱུར་

བ་དེ་སྲིད་ཉིན་མཚན་བཟླས་ལ་དེ་ལ་ཞོན་ན་ཀུན་དུ་འགྲོ་བར་འགྱུར་རོ། །བ་བླ་བླངས་ཏེ་དབེན་པའི་མཆོད་རྟེན་ནམ་དགོན་པའམ་རི་ལ་སོགས་བ་ལ་ཇི་སྲིད་དངོས་གྲུབ་གསུམ་གྲུབ་པར་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་བཞིན་དུ་གི་ཝང་དང་མིག་སྨན་ལ་སོགས་པ་ལ་བསྒྲུབ་པར་བྱའོ། །

དགེ་སློང་གིས་རྟག་ཏུ་ལྷུང་བཟེད་དང་ཆོས་གོས་དང་འཁར་གསིལ་ལ་སོགས་པ་བླངས་ལ་བཟླས་པ་བྱ་ཞིང་། འཇོག་པ་ན་བསྲུང་པ་བྱས་ཏེ་གཞག་པར་བྱའོ། །དེ་ལྟ་བུ་ལ་སོགས་པའི་ལས་སུ་བྱ་བ་བྱེད་པ་ན་ཡིད་ལ་འདོད་པའི་ཆོ་གས་བསྒྲུབ་པའམ། དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་རྟོག་པའི་ཆོ་གས་བསྒྲུབས་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙིང་པོ་འདི་འདོད་པ་ཕུན་སུམ་ཚོགས་པར་བྱེད་པར་འགྱུར་རོ། །ཐོགས་པ་མེད་པ་དོན་ཡོད་པའི་ཡིད་ལ་འདོད་པའི་ཆོ་གས་ཇི་ལྟར་འདོད་པ་བཞིན་བསྒྲུབ་པར་བྱའོ། །བྱང་ཆུབ་སེམས་དཔའ་དང་བཅས་པའི་དེ་

Vol. 87 · folio 187b

བཞིན་གཤེགས་པ་ཐམས་ཅད་འདི་ལྟར་བདག་པོར་ཁས་བླངས་ནས་ཕྱག་འཚལ་བ་དང་། དམིགས་པ་དང་། བཟླས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔར་བཅས་པ་རྗེས་སུ་དྲན་ཞིང་བཟླས་པ་གོམས་པར་བྱའོ། །གལ་ཏེ་སྐྱིལ་ཀྲུང་མ་བཤིག་པར་མཚན་མོ་གཅིག་པུར་རི་

ལ་སོགས་པ་དྲི་ཞིམ་པ་དབེན་པ་ན་དབེན་པར་འདུག་སྟེ། བཟླས་པ་བྱེད་ན་ཉི་མ་ཤར་བའི་དུས་ཀྱི་ཚེ་བསྙེན་པ་མ་བྱས་པར་ཡང་རིག་པ་འཛིན་པ་ངེས་པར་མཚན་གཅིག་གིས་འགྲུབ་བོ། །ཙོག་པུར་འདུག་ནས་བྱས་ན་གདོན་མི་ཟ་བར་ཟླ་བ་ཕྱེད་ཀྱི་ནང་དུ་ལུས་ཡོངས་སུ་འགྱུར་བར་

བྱེད་དོ། །དཀྱིལ་འཁོར་མེ་ཏོག་ལ་སོགས་པས་མངོན་པར་གཏོར་བར་བྱས་ལ། མཆོད་རྟེན་ལ་མངོན་པར་ཕྱོགས་པའམ། ལུགས་སྐུ་ལ་མངོན་དུ་ཕྱོགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་འབུལ་ཞིང་སྟོང་ཕྲག་བརྒྱད་བཟླས་ན་དམ་པའི་ཆོས་

སྤོང་བ་དང་འཁོར་བ་ཐོག་མ་མེད་པའི་ལས་ཀྱི་སྒྲིབ་པ་རྣམས་སྤོང་བར་བྱེད་དོ། །ཆུ་བོའི་ངོགས་སུ་མཆོད་རྟེན་བྱས་ལ་ཆུ་བོ་དེ་ཉིད་དུ་སྐེ་བ་ནུབ་ཙམ་དུ་ཞུགས་ཏེ་བཟླས་ན་ལས་ཀྱི་སྒྲིབ་པ་ཟད་པར་འགྱུར་རོ། །དེ་བཞིན་དུ་མཆོད་རྟེན་ལ་སྐོར་བ་བྱེད་ཅིང་སྟོང་ཕྲག་བརྒྱད་བཟླས་ན་སྡིག་ཕ་ལས་

གྲོལ་བར་འགྱུར་རོ། །དབེན་པར་མིག་བཙུམས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ནས། ཇི་སྲིད་མིག་བཙུམས་པ་དེ་ཁོ་ནས་དེ་བཞིན་གཤེགས་པ་ཡིད་ཀྱིས་མཐོང་བར་འགྱུར་བ་དེ་སྲིད་དུ་བཟླས་པ་བྱས་ན། སྡིག་པའི་ལས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་

བར་འགྱུར་རོ། །མི་སྨྲ་བར་སྟོང་ཕྲག་བརྒྱད་བཟླས་པ་བྱས་ན་དཀྱིལ་འཁོར་ཐམས་ཅད་དུ་རབ་ཏུ་ཞུགས་པར་འགྱུར་རོ། །འདིས་དམ་ཚིག་ཐམས་ཅད་ཀྱང་ཤེས་པར་འགྱུར་རོ། །རྣམ་པར་འཚེ་བ་ལ་མར་དང་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ། །ནད་པ་རྣམས་ཀྱི་དོན་དུ་ནི་མར་དང་སྦྲང་རྩིས་

སྦྱིན་སྲེག་བྱའོ། །ཁྲོས་པ་རྣམས་ཀྱི་དོན་དུ་སྦྲང་རྩིའོ། །རྒྱལ་པོ་འདྲེན་པར་བྱེད་པ་ལ་ནི་ཡུངས་ཀར་ཏིལ་མར་ལ་སྦགས་ནས་སྦྱིན་སྲེག་བྱའོ། །གཡུལ་འགྱེད་པ་ལ་ནི་འོད་མའི་ཚེར་མའམ་འཆི་བ་ལ་མ་ད་ནའི་ཚེར་མའམ་ཨརྒའི་མེ་ཏོག་གམ་དུ་དུར་གའི་མེ་ཏོག་ཡུངས་ཀར་གྱི་མར་ལ་

Vol. 87 · folio 188a

སྦགས་པས་སྦྱིན་སྲེག་བྱས་ན་འཆི་བ་རབ་ཏུ་ཞི་བར་བྱེད་དོ། །མུ་ཙུ་ཀུནྡྷའི་ཕུར་བུ་མ་མོའི་དཀྱིལ་འཁོར་དུ་སྤས་ན་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་དང་སྔགས་ཕུར་བུས་བཏབ་པར་འགྱུར་རོ། །རིག་པ་འཛིན་པའི་རྒྱལ་པོ་ཐམས་ཅད་བྲིས་ཏེ་ལྕགས་ཀྱི་ཕུར་བུས་

བཏབ་ན་རིག་པ་འཛིན་པ་ཐམས་ཅད་དང་མ་དད་པ་དང་གནོད་པ་བྱེད་པ་ཕུར་བུས་བཏབ་པར་འགྱུར་རོ། །ཨ་ཤོ་ཀའི་པུར་བུས་ལམ་པོ་ཆེའི་བཞི་མདོར་བརྐོས་ན་གདོན་ཆེན་པོ་རེངས་པར་བྱེད་པར་འགྱུར་རོ། །ཉིན་གཅིག་པ་ལ་སོགས་པའི་རིམས་ཐམས་ཅད་ལ་སྐུད་པའམ་བདུག་སྤོས་

དྲི་ཞིམ་པོ་རྣམས་ཀྱིས་མགོ་བཏུམས་ལ་རང་ལ་བདུགས་ན་སེལ་བར་བྱེད་ཅིང་ལྷས་བསྟན་ནས་སྨྲ་བར་བྱེད་དོ། །དེ་བཞིན་དུ་སྦྱིན་སྲེག་གང་ཡིན་པ་དེས་ཀྱང་ཀླུ་དང་གནོད་སྦྱིན་ལ་སོགས་པ་མེད་པར་བྱེད་དོ། །ཟླ་བ་གཟས་ཟིན་པ་ན་ཟངས་མའམ་ལྕགས་སམ་གསེར་རམ་དངུལ་གྱི་སྣོད་དུ་བཅུག་

པའི་མར་ལ་ཇི་སྲིད་དངོས་གྲུབ་གསུམ་ཐོབ་པར་གྱུར་པ་དེ་སྲིད་དུ་བཟླས་ལ། དེ་འཐུངས་ན་ཐོས་པ་འཛིན་པའམ་རིག་པ་འཛིན་པར་འགྱུར་རོ། །ཉི་མ་གཟས་ཟིན་པ་ན་བ་བླ་ཤིང་མྱ་ངན་མེད་ཀྱི་ལོ་མ་ལ་བཞག་སྟེ། དགོན་པའི་མཆོད་རྟེན་ནམ་རི་བོའི་མཆོད་རྟེན་གྱི་རྩར་དཀྱིལ་འཁོར་ལ་མེ་

ཏོག་གཏོར་བ་བྱས་ཤིང་ཇི་སྲིད་གྲུབ་པ་གསུམ་ཐོབ་པར་གྱུར་པ་དེ་སྲིད་དུ་བཟླས་ན་འབར་བར་གྱུར་ནས་རིག་པ་འཛིན་པར་འགྱུར་རོ། །བ་བླ་ལ་ཇི་ལྟ་བ་དེ་བཞིན་དུ་ལིག་བུ་མིག་དང་ལྡོང་རོས་ལ་སོགས་པ་ལ་ཟླ་བ་གཟས་ཟིན་པའམ་ཉི་མ་གཟས་ཟིན་པ་ན་བསྒྲུབ་པར་བྱའོ། །གང་ཞིག་སངས་

རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱོད་ཡུལ་ལ་འཇུག་པར་འགྱུར་བ་འམ་རྟེན་འཕོ་བར་འདོད་པའམ་རྒལ་བར་འདོད་པའམ་སེམས་ཅན་རྣམས་དང་སྐྱེ་བོ་སྡུག་བསྔལ་བ་རྣམས་འཁོར་བ་ལས་ཡོངས་སུ་སྲུང་བར་བྱེད་འདོད་པའམ་བདག་ཉིད་མཐོང་བའི་ཆོས་ཉིད་ལ་སངས་རྒྱས་ཀྱི་མཛད་པ་ལ་ངེས་

པར་སྦྱོར་བར་འདོད་པའམ་གསལ་པོར་སྣང་བ་ལ་གཞན་དག་ཡང་དག་པར་སྦྱོར་བར་འདོད་པའམ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ལེགས་སོ་ཞེས་བྱ་བའི་རྣམ་པ་རབ་ཏུ་བསྒྲགས་པ་མྱུར་དུ་རྙེད་པར་འདོད་པའམ། ཕྱིར་མི་ལྡོག་པའི་ས་ལ་སྐྱེ་བ་རྙེད་པར་འདོད་པས་སྔགས་ཀྱི་

Vol. 87 · folio 188b

སྤྱོད་པའི་སྒོ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལ་བསླབ་པར་བྱའོ། །ཐབས་ལ་མཁས་པ་འདིས་ཀྱང་ཡོངས་སུ་ཟིན་པར་བྱ་སྟེ། སྨོན་ལམ་རྒྱ་ཆེན་པོ་བྱ་བ་དང་སྡིག་པ་རྣམས་སོ་སོར་བཤགས་པ་དང་དུས་གསུམ་དུ་འབྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཇིག་རྟེན་དང་

འཇིག་རྟེན་ལས་འདས་པ་ལ་རྗེས་སུ་ཡི་རང་བ་དང་རྗེས་སུ་ཡི་རང་བ་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རྒྱུ་ཉིད་དུ་རབ་ཏུ་སྦྱོར་བར་གྱུར་ཅིག་ཅེས་དེ་ལྟར་བསྔོ་འོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཤིང་སེམས་ཅན་གྱི་དོན་འབྱུང་བར་གྱུར་ཅིག་

ཅེས་དང་པོའི་ཚིག་ཏུ་བརྗོད་པའམ། རྗེས་སུ་བསམས་པའམ། དམིགས་ནས་བདག་གི་བསོད་ནམས་ཀྱི་སྟོབས་དང་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཅིང་སེམས་ཅན་གྱི་དོན་འདི་འབྱུང་བར་གྱུར་ཅིག་ཅེས་

དང་པོ་ཚིག་ཏུ་བརྗོད་པའམ་རྣམ་པར་བསམས་ཏེ་བཟླས་པ་བྱའོ། །དབེན་པའི་ས་ཕྱོགས་སུ་འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པ་ཤིན་ཏུ་རྒྱ་ཆེན་པོའི་མདོ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱུ་ལ་རབ་ཏུ་འཇུག་པ་ཀློག་པ་ཉིད་དང་སེམས་པ་ཉིད་དང་མཆོད་པ་ཉིད་ཚེས་གཅིག་

ནས་བརྩམས་ཏེ་ཟླ་བ་གཅིག་གི་བར་དུ་བྱའོ། །དེ་ནས་ཉ་ལ་མཆོད་པ་བྱས་ཏེ་མཚན་ཐོག་ཐག་ཏུ་བཟླས་པ་བྱས་ན། དེ་བཞིན་གཤེགས་པ་རྣམས་བྱོན་ཞིང་མགོ་བོ་ལ་ཕྱག་གིས་བྱུགས་ཏེ། འདི་སྐད་དུ་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་ཞེས་གསུང་བར་འགྱུར་ཏེ། དེ་ལ་སོགས་

པ་མི་བརྗེད་པའི་གཟུངས་རྙེད་པར་འགྱུར་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྗེས་སུ་ཞུགས་ནས་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་རོ། །ཇི་ལྟར་སེམས་ཅན་རྣམས་འཚང་རྒྱ་བའི་རྒྱུར་གྱུར་ཅིག་ཅེས་རྣམ་པར་བསམས་ལ་བཟླས་པར་བྱའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ནད་

རྣམས་རབ་ཏུ་ཞི་བར་བྱ་བ་དང་སྡུག་བསྔལ་གྱིས་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་ཅེས་དེ་ལྟར་བཟླས་པར་བྱའོ། །གྲང་བའི་དམྱལ་བ་རྣམས་ལ་དྲོ་བ་འབྱུང་བར་འགྱུར་བ་དང་། ཚ་བའི་དམྱལ་བ་རྣམས་ལ་གྲང་བ་ཉིད་འབྱུང་བར་གྱུར་ཅིག་ཅེས་བཟླས་པར་བྱའོ། །དུད་འགྲོ་

Vol. 87 · folio 189a

རྣམས་གཅིག་ལ་གཅིག་ཟ་བ་རྣམས་མེད་པར་གྱུར་ཅིག་ཅེས་བཟླས་པར་བྱའོ། །སེམས་ཅན་གྱི་ཁམས་ཐམས་ཅད་དུ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཐམས་ཅད་མེད་པར་གྱུར་ཅིག །བདེ་བ་དང་ཡིད་བདེ་བ་ཐམས་ཅད་འབྱུང་བར་གྱུར་ཅིག །ཡི་དགས་

རྣམས་ལ་བཟའ་བ་དང་བཏུང་བ་འབྱུང་བར་གྱུར་ཅིག་ཅེས་དེ་ལྟར་ཟང་ཟིང་མེད་པའི་སེམས་ཅན་ཐམས་ཅད་ལ་ལོངས་སྤྱོད་པ་འབྱུང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་དགེ་བ་རབ་ཏུ་འཕེལ་བའི་ཤུགས་འབྱུང་བར་གྱུར་ཅིག །བདེ་བ་དང་ཡིད་བདེ་བ་དེ་དག་རྣམས་ལ་འབྱུང་

བར་གྱུར་ཅིག །དད་པ་དང་དགའ་བ་དང་རབ་ཏུ་དགའ་བ་ལ་སོགས་པ་དང་རྗེས་སུ་ཡི་རང་བ་ལ་སོགས་པའི་དགེ་བའི་ཤུགས་འབྱུང་བར་གྱུར་ཅིག །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག །སྟོབས་བཅུ་མཁྱེན་པའི་ས་ལ་སེམས་ཅན་

སོ་སོར་གནས་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་དང་གཞན་ཡང་སེམས་ཅན་ལ་ཕན་པའི་རྒྱུར་དམིགས་ཏེ་སྔགས་བཟླ་བར་བྱའོ། །མདོར་ན་འཁོར་བར་གྱུར་པའི་ཉོན་མོངས་པ་དང་སྡུག་བསྔལ་བ་ལ་སོགས་པ་རབ་ཏུ་སྤང་བ་དང་བྱང་ཆུབ་སེམས་དཔའི་ཚོགས་ཡོངས་

སུ་རྫོགས་པར་གྱུར་ཅིག་ཅེས་སྔགས་བཟླ་བར་བྱའོ། །དེ་བཞིན་དུ་བཟླས་པས་ཀྱང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་དང་སྨོན་ལམ་གྱི་སྟོབས་དང་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ཀྱིས་གོ་ར་མིས་ཇི་ལྟ་བཞིན་དུ་སེམས་ཅན་གྱི་ཁམས་སུ་སེམས་ཅན་གྱི་དོན་གྱི་

ཁྱད་པར་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་འབྱུང་བར་འགྱུར་རོ། །དེ་དག་ཀྱང་དེ་བཞིན་གཤེགས་པས་མཁྱེན་པར་འགྱུར་ཏེ་མོས་པ་རྒྱ་ཆེ་བ་དང་དད་པས་བྱང་ཆུབ་མངོན་པར་འདོད་པའི་རིགས་ཀྱི་བུ་དེ་ལ་ཡང་དད་པར་བྱའོ། །དེ་ལ་འདིའི་དཔེ་བསྟན་པ་ནི་འདི་ལྟ་སྟེ། ཡང་འདོད་

པའི་ཁམས་ན་དབང་ཕྱུག་ཅེས་བྱ་བ་ཡོད་དེ། འདོད་པ་སྐྱེད་པར་བྱེད་པ་ཞེས་བྱ་བའི་རིག་པས་འདོད་པ་ན་སྤྱོད་པའི་ལྷའི་བུ་འདོད་པས་རྒྱལ་བར་བྱེད་ཅིང་འདོད་པའི་ལོངས་སྤྱོད་ཡོངས་སུ་ལོངས་སྤྱོད་པ་ཡང་། ཡང་དག་པར་སྟོན་པར་བྱེད་དོ། །མེ་ཏོག་རྣམ་པ་སྣ་ཚོགས་པ་

Vol. 87 · folio 189b

མང་པོ་དང་། རིན་པོ་ཆེ་དང་། ནོར་བུ་ཡོད་པའི་ས་ཕྱོགས་དང་། ཡོ་བྱད་དང་། ལོངས་སྤྱོད་ཉེ་བར་སྟོབས་པར་བྱེད་དོ། །འདི་ལྟ་སྟེ་ཡང་ལྷའི་བུ་དབང་ཕྱུག་ཅེས་བྱ་བ་ཡོད་དེ་དེས་ཡིད་ལྟར་མགྱོགས་པ་ཞེས་བྱ་བའི་རིག་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་

ཀྱི་ལས་སུ་བྱ་བ་བྱེད་ཅིང་ཡོ་བྱད་དང་ལོངས་སྤྱོད་མངོན་པར་སྤྲུལ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་ཡང་ཉེ་བར་སྟོབས་པར་བྱེད་དོ། །འདི་ལྟ་སྟེ་ཡང་རིག་པ་འཛིན་པ་ཞེས་བྱ་བའི་སྔགས་ཀྱིས་གོས་དང་། བཏུང་བ་དང་། གཞལ་ཡས་ཁང་དང་།

སྐྱེད་མོས་ཚལ་དང་། དྲི་དང་། མེ་ཏོག་དང་། ཕྱེ་མ་དང་། ཕྲེང་བ་ལ་སོགས་པ་མངོན་པར་སྤྲུལ་ནས་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང་གཞན་དག་ལ་སྟེར་བར་བྱེད་དོ། །འདི་ལྟ་སྟེ་ཡང་མིག་འཕྲུལ་རྣམ་པ་སྣ་ཚོགས་པའི་མིག་འཕྲུལ་མཁན་ཞེས་བྱ་བས་རྣམ་པ་སྣ་ཚོགས་

པའི་མིག་འཕྲུལ་སྟོན་པར་བྱེད་དོ། །འདི་ལྟ་སྟེ་ཡང་ལྷ་མ་ཡིན་རྣམས་སྔགས་ཀྱི་སྒྱུ་མ་བྱེད་པར་འགྱུར་རོ། །འདི་ལྟ་སྟེ་ཡང་སྨན་པས་སྔགས་ཀྱིས་སེམས་ཅན་མང་པོ་རྣམས་ཀྱི་རིམས་སེལ་བར་བྱེད་ཅིང་། ཡི་དགས་དང་དུག་དང་ནད་རྣམས་སེལ་བར་བྱེད་དོ། །འདི་ལྟ་

སྟེ་ཡང་སྔགས་ཀྱིས་མེའི་དྲོ་བ་མེད་པར་བྱེད་ཅིང་གྲང་བ་ཡང་དྲོ་བར་འགྱུར་རོ། །འདི་ལྟ་སྟེ་ཡང་མངོན་པར་གནོད་པར་བྱེད་པས་རིམས་ཀྱིས་འཛིན་པར་བྱེད་དོ། །འདི་ལྟ་སྟེ་ཡང་མ་མོའི་རྟོག་པས་སེམས་ཅན་མང་པོ་རྣམས་ལ་གསོད་པ་དང་རྣམ་པར་འཚེ་བར་བྱེད་དོ། །གཞན་

ཡང་སྡིག་པ་རྣམས་ལ་སྡིག་པའི་སྔགས་ཀྱིས་སྡིག་པ་ལ་སྦྱོར་བར་བྱེད་དོ། །གཞན་ཡང་གནོད་སྦྱིན་གྱི་སེམས་རྣམ་པར་གཡོ་བར་བྱེད་པའི་སྔགས་ཀྱིས་སེམས་དགའ་བ་དང་ཡིད་བདེ་བ་ལ་སོགས་པ་དང་གཞན་དག་ཀྱང་བྱེད་པར་འགྱུར་རོ། །དེ་ལྟ་བུ་ལ་སོགས་པའི་ངེས་

པར་སྟོན་པ་ནི་སྔགས་ཀྱི་སྟོབས་ཡིན་པར་བལྟ་བར་བྱའོ། །གསང་སྔགས་དེའི་སྟོབས་ནི་གསང་སྔགས་ཉིད་ལས་འབྱུང་བ་ཡང་མ་ཡིན། སེམས་ཅན་ལས་འཇུག་པ་ཡང་མ་ཡིན་སྦྱོར་བ་བྱས་པ་ཡང་མི་དམིགས་མོད་ཀྱི་སྔོན་གྱི་བསྙེན་པའི་ཆོ་ག་ལས་གསང་སྔགས་ཀྱི་སྟོབས་ཀྱི་

Vol. 87 · folio 190a

སྟོབས་རབ་ཏུ་ཤེས་པར་བྱའོ། །བྱིན་གྱིས་བརླབས་ཀྱི་ཆོས་ཉིད་ལས་བྱུང་བ་ལས་འདས་པ་ཡང་མ་ཡིན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་འདི་ཡང་འགྲོ་བ་དང་འོང་བ་ཡང་མ་ཡིན། དམིགས་པ་ཡང་མ་ཡིན། འགྲོ་བར་བྱེད་པ་ཡང་མ་ཡིན། བྱེད་པ་པོ་

ཡང་མ་ཡིན། བྱེད་པ་ཡང་མ་ཡིན། བདེན་པར་གྱུར་པ་མི་སླུ་བ་ཡིན་ཏེ་དེ་བས་ན་དད་པས་སྔགས་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ། །ཚེ་འདི་ཉིད་ལ་མཐོང་བའི་ཆོས་ཉིད་ཀྱི་ཡོན་ཏན་འདོད་པ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་འདོད་པ་དང་བསོད་

ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་འདོད་པ་དང་ཡོན་ཏན་རིན་པོ་ཆེ་སོ་སོར་ཐོབ་པར་འདོད་པས་བསྒྲུབ་པར་བྱའོ། །སེམས་ཅན་གྱི་དོན་གྱི་ཕྱིར་མངོན་པར་བརྗོད་པའི་སྦྱོར་བ་འདིས་བསྒྲུབས་ན་མྱུར་བ་ཁོ་ནར་ཇི་ལྟར་འདོད་པའི་རིག་པ་འཛིན་པ་ལ་སོགས་

པ་འགྲུབ་པར་འགྱུར་རོ། །གཞན་ཡང་སེམས་ཅན་རྣམས་ལ་ཕན་པའི་རྒྱུར་གྱུར་པ་ཇི་སྐད་དུ་བཤད་པའི་དངོས་གྲུབ་ཀྱི་གོ་འཕང་གང་ཡིན་པ་རྣམ་པར་བསམས་ལ་བཟླས་པ་འབུམ་བྱས་ན་ངེས་པར་དེ་བཞིན་གཤེགས་པའི་ཞལ་མཐོང་ཞིང་མགོ་ལ་བྱུགས་ཏེ་ཇི་ལྟར་འདོད་པའི་

དངོས་གྲུབ་ཀྱང་མྱུར་དུ་སྩོལ་བར་མཛད་པར་འགྱུར་རོ། །ཡིད་ཀྱི་ལས་སུ་བྱ་བ་ཅི་འདོད་པ་ལ་སྦྱོར་བའང་རུང་རྟོག་པའི་ཆོ་ག་གཞན་ནམ་སྔགས་འདི་ལ་རྟོག་པ་ཐམས་ཅད་ཀྱི་ཆོ་གས་སྦྱར་བར་བྱའོ། །དམ་ཚིག་གསུམ་གྱི་རྒྱལ་པོ་ལས་གསུངས་པའི་ཆོ་ག་ལས། དེ་བཞིན་

གཤེགས་པའི་སྙིང་པོའི་ལེའུ་རྫོགས་སོ།། །།ཡང་དེའི་ཚེ་བཅོམ་ལྡན་འདས་ཐམས་ཅད་ཀྱི་མཆོག་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་ཡན་ལག་ཐམས་ཅད་ལས་དེ་བཞིན་གཤེགས་པའི་སྤྱོད་

ཡུལ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བའི་རིག་པའི་རྒྱལ་པོ་བྱུང་བར་གྱུར་ཏོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་ཨ་མ་ལ་བི་ཀྲཱཾ་ཏ་ཏེ་ཛཱི་ནི་ཨ་ར་ཛེ་སྭཱ་ཧཱ། ལག་ན་རྡོ་རྗེ་འདི་ནི་ཆོས་ཀྱི་སྤྱོད་ཡུལ་མཐའ་དང་དབུས་མེད་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་རིག་པ་མཆོག་

Vol. 87 · folio 190b

ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པའི་རིག་སྔགས་ཆེན་པོ་རྟོག་པའི་སྦྱོར་བ་རབ་འབྱམ་ཡངས་པ་མཐའ་མེད་པ་སྔགས་ཀྱི་སྒོར་ཞུགས་པའི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་འདིས་ལས་རྣམས་གང་བག་མེད་པའི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་

སེམས་དཔའ་ནི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་མ་གཏོགས་པར་སྨྱོ་བར་འགྱུར་རོ། །མདོར་བསྟན་ན་བཟླས་པ་ཙམ་གྱིས་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །གསང་སྔགས་ཀྱི་སྤྱོད་པ་རྗེས་སུ་ཐོབ་ནས་རྣམ་པ་སྣ་ཚོགས་པའི་དེ་བཞིན་གཤེགས་པའི་

སྐུ་དང་། བྱང་ཆུབ་སེམས་དཔའི་སྐུ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཡང་དག་པར་སྟོན་པར་འགྱུར་རོ། །མོས་པ་སྣ་ཚོགས་པ་རྣམས་ལ་འཚམ་པར་འཁོར་བ་ལ་ཟློག་པའི་ཕྱིར་སྒྱུ་མ་མཁན་བཞིན་དུ་ཐམས་ཅད་དུ་སོང་བ་ཐམས་ཅད་ལ་ཐོགས་པ་མེད་པའི་གསང་སྔགས་

ཆེན་པོ་འདིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བ། མཐའ་དང་དབུས་མེད་པའི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་སྟོབས་དང་། དགེ་བས་རྒྱས་པར་བྱས་པའི་སེམས་ཀྱི་འཇུག་པས་

བྱིན་གྱིས་བརླབས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གི་འཁོར་ལོ་དང་གཞན་དག་ཀྱང་སེམས་ཅན་གྱི་ཁམས་རྣམས་ལས་འབྱུང་ཞིང་ཐོས་པར་གྱུར་ཅིག་ཅེས་སེམས་ཅན་ཐམས་ཅད་བསྐྱབ་པར་དམིགས་ནས་སྔགས་བཟླས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་

བྱིན་གྱིས་བརླབས་ཀྱི་སྟོབས་ཀྱི་ཤུགས་ལ་དད་པར་བྱའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པས་ཐ་ན་གཟུང་པ་ཙམ་ལ་ཡང་སྦྱར་བར་བྱའོ། །རྟོག་པ་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་དོན་ཡོད་པ་ཐོགས་པ་མེད་པ་སྨོན་ལམ་གྱི་སྟོབས་དང་། བྱིན་གྱིས་

བརླབས་ཀྱི་སྟོབས་ཀྱིས་དངོས་གྲུབ་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ལས་འདིར་རིག་པ་འཛིན་པ་འཐོབ་པའི་ཐབས་ཕྱོགས་ཙམ་བརྗོད་པར་བྱའོ། །འདིར་དད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པས་རེ་ཞིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་

Vol. 87 · folio 191a

སྔ་མ་བཞིན་དུ་བདག་གི་ལུས་དབུལ་བར་བྱའོ། །དེ་ནས་དུས་ཐམས་ཅད་པའི་སྡིག་པ་བཤགས་ཏེ། ལུས་དང་། ངག་དང་། ཡིད་ཀྱི་ཀུན་ནས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ལས་བྱུང་བ་རྣམས་ནུས་པ་ཇི་ལྟ་བ་བཞིན་དུ་བཤགས་པར་བྱའོ། །

དེ་ནས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱ་སྟེ། སེམས་ཅན་ཐམས་ཅད་སྐྱོབ་ཅིང་ཕན་པར་མཛད་པ་ལ་རྗེས་སུ་ཡི་

རང་ངོ་། །དཔག་ཏུ་མེད་པའི་དེ་བཞིན་གཤེགས་པ་སེམས་ཅན་གྱི་དོན་མཛད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་རྣམས་ཀྱི་དོན་མཛད་པ་ཉིད་ལ་ཡང་རྗེས་སུ་ཡི་རང་ངོ་། །དེ་ནས་འདི་ལྟར་ཡང་བསམ་པར་བྱའོ། །དེ་བཞིན་གཤེགས་པ་གཅིག་ཅིག་

གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་ཚད་མེད་དོ་ཞེས་རྗེས་སུ་ཡི་རངས་ནས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་བསྔོ་ན་མཐའ་དང་དབུས་མེད་པའི་འབྲས་བུ་རྣམ་པར་སྨིན་པ་རྒྱ་ཆེན་པོ་འབྱུང་བར་འགྱུར་ན་གང་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་

མཐའ་ཡས་པ་མཐའ་མི་མཐོང་བ་ཚད་མེད་པ་ཁོང་དུ་ཆུད་པར་བྱས་ནས་རྗེས་སུ་ཡི་རང་བ་ལྟ་ཅི་སྨོས། ཡང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཅི་ལྟར་མཁྱེན་པ་གང་ཡིན་པ་དེས་རྗེས་སུ་ཡི་རང་ངོ་ཞེས་བརྗོད་དེ། །དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་

ཡང་དག་པར་བྱུང་བ། བདག་གི་མེད་པ་རྗེས་སུ་མ་བཟུང་བ། ཐང་ལས་སྐྱེས་པ་རིན་པོ་ཆེའི་རི་ལ་སོགས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པའི་དོན་དུ་བསྔོ་བར་བྱའོ། །དེ་ནས་བདག་གི་བསོད་ནམས་ཀྱི་སྟོབས་ཀྱིས་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཆོས་ཀྱི་དབྱིངས་ལས་སྤྲོས་པའི་དམ་པ་རྒྱ་ཆེན་པོའི་མཆོད་པའི་སྤྲིན་སྣ་ཚོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་བརླབས་དང་། བདག་གི་སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་གྱུར་ཅིག་ཅེས་ངེས་པར་བསམས་

Vol. 87 · folio 191b

ལ། འདི་སྐད་ལན་བརྒྱད་ཀྱི་བར་དུ་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། སརྦ་ཐཱ་ཨུངྒ་ཏེ་སྥ་ར་ཎ་ཧཱི་མཱཾ་ག་ག་ན་ཀཾ་ས་མནྟཱ་ཏ་སྭཱ་ཧཱ། །དེའི་རྗེས་ལ་གཞན་མ་ཡིན་པར་དེ་བཞིན་དུ་མཆོད་པ་རྣམས་དེ་བཞིན་གཤེགས་པས་ཅི་ལྟར་མཁྱེན་པ་བཞིན་དུ་འབྱུང་བར་

འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡོན་ཏན་བསྔགས་པ་མཐའ་ཡས་པ་རབ་འབྱམ་རྒྱ་མཚོ་རྣམས་བདག་གི་སྨོན་ལམ་གྱི་སྟོབས་དང་། བསོད་ནམས་ཀྱི་སྟོབས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་

གྱིས་བརླབས་ཀྱིས་འབྱུང་བར་གྱུར་ཅིག་ཅེས་བསམས་ལ་སྔགས་འདི་ལན་བརྒྱད་ཀྱི་བར་དུ་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། སརྦ་ཏྲཱཾ་སཾ་ཀུ་སུ་མི་ཏཱ་ཨ་བྷི་ཛྙཱ་ན་རཱ་ཤི་ནི་ན་མོ་སྟུ་ཏེ་སྭཱ་ཧཱ། དེ་ནས་བསྟོད་པ་ཡང་དག་པར་བརྗོད་པའི་རྒྱ་མཚོ་རྣམས་དེ་བཞིན་གཤེགས་

པ་རྣམས་ཀྱིས་ཅི་ལྟར་མཁྱེན་པ་བཞིན་དུ་འབྱུང་བར་འགྱུར་རོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཐམས་ཅད་ཏུ་སྡུག་བསྔལ་བར་གྱུར་པ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་དངོས་གྲུབ་དང་མཆོག་སྩལ་དུ་གསོལ་ཞེས་ཚིག་ཏུ་བརྗོད་པར་

བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་རྩ་བའི་ཚོགས་ཟག་པ་མེད་པ་རྣལ་འབྱོར་ལས་ཡང་དག་པར་བྱུང་བ་རབ་ཏུ་ཐོབ་པར་གྱུར་ཅིག་ཅེས་ཀྱང་བརྗོད་དོ། །དེ་བཞིན་དུ་མཐའ་དང་དབུས་མེད་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྦྱིན་པར་ཡིད་ལ་

བྱས་ནས་དེ་ལྟ་བུའི་སྤྲུལ་པའི་སྤྲིན་མངོན་པར་སྒྲུབ་པར་བྱེད་པའི་སྦྱོར་བས་བསྟན་པའི་དེ་བཞིན་གཤེགས་པའི་སྙིང་པོའི་སྔགས་ལན་བརྒྱད་ཀྱི་བར་དུ་བརྗོད་པར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་དམིགས་ལ་བཟླས་པ་གོམས་

པར་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་གྱུར་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་གྲུབ་པར་གྱུར་པ་དེ་དག་ལ་རྗེས་སུ་ཡི་རང་བ་ལ་དམིགས་པའི་སེམས་ཀྱིས་གོམས་པར་བྱས་

Vol. 87 · folio 192a

ཤིང་བཟླས་པར་བྱ་སྟེ། ཅི་སྲིད་སྐྱོ་བར་མ་གྱུར་ཀྱི་བར་དུའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བས་བླ་ན་མེད་པའི་སེང་གེའི་སྒྲ་སྒྲོགས་པ་དང་། བླ་ན་མེད་པའི་སེམས་ཅན་གྱི་དོན་མཛད་ཅིང་། དེ་བཞིན་གཤེགས་པ་ཀུན་ཏུ་

བཟང་པོ་ཡེ་ཤེས་ཀྱི་སྐུ་ཡོངས་སུ་རྫོགས་པ་ལ་མངོན་པར་མོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ནས་ལངས་ཏེ་འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པ་ཡངས་ཤིང་རྒྱ་ཆེ་བའི་མདོ་སྡེ་བཀླག་པའམ་གཞན་ཡང་རུང་ཅི་ལྟར་བསམས་པ་

བཞིན་དུ་སྔ་དྲོའི་དུས་ཀྱི་བར་དུ་གནས་པར་བྱའོ། །དེ་ནས་གླེགས་བམ་ལ་སོགས་པ་མཆོད་པའམ། ཐ་ན་མཆོད་རྟེན་ལ་ཕྱག་བྱས་ནས་ཟས་བཟའ་བར་བྱའོ། །ཟ་བའི་ཚེ་ཁ་ཟས་ལ་སྔགས་འདིས་ལན་བརྒྱད་མངོན་པར་བསྔགས་ལ་དང་པོའི་ཆང་བུ་ལྷ་བཤོས་སུ་ཕུལ་ལ་བཟའ་

བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨོཾ་བ་ལིཾ་ཏཱ་ཏེ། ཏེ་ཛོ་མཱ་ལི་ནི་སྭཱ་ཧཱ། ཟས་ཀྱིས་དུབ་པ་ཅུང་ཞིག་ངལ་བ་སོས་ལ་ཕྱི་དྲོའི་དུས་སུ་ཡང་ཆོ་ག་འདི་བཞིན་དུ་བྱའོ། །ཉལ་བའི་ཚེ་དང་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་

ཅད་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ནས་བདག་ཉིད་ཕུལ་ལ་ཕྱི་ནས་མལ་དུ་ཅི་ལྟར་འདོད་པར་གཉིད་ལོག་ལ་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་བྱའོ། །དེ་ལ་ཆོ་ག་ནི་འདི་ཡིན་ནོ། །ཚེས་གཅིག་ནས་བརྩམས་ནས་ཉིན་རེ་ཉིན་རེ་ཞིང་ཟླ་བ་གཅིག་རྫོགས་ཀྱི་བར་

དུ་འདི་བཞིན་དུ་བྱ་བ་ཡིན་ནོ། །གལ་ཏེ་ཆོ་ག་འགའ་ཞིག་མ་བྱས་སམ། བྱ་བ་གཞན་གྱིས་བྲེལ་བས་ཉི་མ་གཅིག་གམ། གཉིས་སམ། གསུམ་ལ་སོགས་པར་ལས་ལས་ཉམས་ན་ཡང་དེས་བརྩོན་འགྲུས་དོར་བར་མི་བྱ་སྟེ། ཟླ་བ་དེ་ཉིད་ཀྱི་ཉ་ལ་ཉིན་མཚན་གཅིག་ཏུ་

བཅོམ་ལྡན་འདས་ཀྱི་མདུན་དུའམ། མཆོད་རྟེན་དང་། སྐུ་གཟུགས་དང་། དམ་པའི་ཆོས་གླེགས་བམ་མམ། གཞན་གྱི་མདུན་དུ་ཡང་རུང་། མཆོད་པ་ཅི་འབྱོར་པ་བྱས་ནས་ཀུ་ཤ་བཀྲམ་པ་ལ་འདུག་སྟེ་བསྲུང་བའི་ཆོ་ག་བྱས་ནས་འཁོར་ལོ་དང་། རྡོ་རྗེ་དང་། རྩེ་གསུམ་

Vol. 87 · folio 192b

དང་། མདུང་དང་། ཁ་ཊྭཱཾ་ག་ཡང་རུང་། ལྕགས་ལས་བྱས་པའམ། ས་ལས་བྱས་པ་ཡང་རུང་། དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ནས་གསུངས་པའི་མཚོན་ཆ་རྣམས་ལས་གང་འདོད་པ་ཞིག་ལག་ཏུ་བླངས་ནས་བསྒྲུབ་པ་བྱས་ན་དེས་ནམ་ཕྱེད་དམ། ཉི་མ་འཆར་ཀར་

ངེས་པར་འབར་བར་འགྱུར་རོ། །དེ་ཉིད་རིག་པ་འཛིན་པར་འགྱུར་ཏེ། སྐད་ཅིག་དེ་ལ་རིག་འཛིན་གྱི་རིགས་ཀུན་ཉེ་བར་འདུས་ནས་དེ་ལ་དབང་བསྐུར་བར་འགྱུར་རོ། །དེ་ནས་བཟུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ནམ་མཁའ་ལ་རྒྱུ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

འཁོར་གྱི་དཀྱིལ་འཁོར་དུ་རྗེས་སུ་འཇུག་ཅིང་མཆོད་པ་ཆེན་པོ་བྱེད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་ནས་བདེ་བ་དང་ལྡན་བཞིན་དུ་ལྷ་དང་། ཀླུ་དང་། གནོད་སྦྱིན་ཐམས་ཅད་ཀྱིས་མཆོད་ཅིང་རིག་པ་འཛིན་པ་ཐམས་ཅད་མངོན་པར་དགའ་བར་བྱེད་པའི་རིག་སྔགས་འཛིན་

པའི་རྒྱལ་པོ་ཆེན་པོར་འགྱུར་རོ། །མཐའ་ཡས་པའི་བུད་མེད་ཀྱི་འཁོར་ལ་སོགས་པ་ལ་ཡོངས་སུ་ལོངས་སྤྱོད་ཀྱང་ཉམས་པར་མི་འགྱུར་ཞིང་ལུས་དེ་ཉིད་མི་འདོར་བར་བདེ་བར་རྗེས་སུ་འཇུག་པར་འགྱུར་རོ། །ཐབས་འདི་ཉིད་ཀྱིས་མཐར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

རྣམས་ཀྱི་ཡེ་ཤེས་ཀྱི་སྐུའི་བར་དུ་ཡང་འཐོབ་པར་འགྱུར་རོ། །འཁོར་ལོ་ལ་སོགས་པ་མཚོན་ཆ་རྣམས་ལ་ཅི་ལྟ་བ་བཞིན་དུ་ལྡོང་རོས་དང་། མིག་སྨན་དང་། བ་བླ་དང་། གི་ཝང་དང་། གོས་དང་། ཀུ་ཤ་དང་། ནོར་བུ་དང་། རྨ་བྱའི་སྒྲོ་དང་། སྣོད་དང་། མཆིལ་ལྷམ་དང་།

གདུགས་དང་། རྔ་ཡབ་དང་། རྒྱལ་མཚན་དང་། འཕན་དང་། པདྨ་དང་། ཨུཏྤ་ལ་དང་། ཏ་ལའི་ལོ་མ་ལས་རལ་གྲི་དང་། ཆུ་གྲི་དང་། གྲི་དང་། ཁ་ཊྭཱྃ་ག་ལ་སོགས་པའི་རྫས་སུ་བྱས་པའམ། ལྷག་མས་ཀྱང་བསྒྲུབ་པར་བྱའོ། །ཡིད་ལ་གང་འདོད་པའམ། རིག་སྔགས་

དང་། གསང་སྔགས་དང་། རྟོག་པའི་ཆོ་ག་གཞན་ལ་ཡང་སྦྱར་བའམ། དེ་བཞིན་གཤེགས་པའི་སྙིང་པོ་ནས་གསུངས་པའི་རྫས་རྣམས་སམ། དེ་བཞིན་གཤེགས་པའི་སྙིང་པོ་ནས་གསུངས་པའི་ཆོ་གའམ། ཡིད་ལ་གང་འདོད་པའི་ཆོ་གས་ཀྱང་སྒྲུབ་པ་བྱས་ན་དེ་ཉིད་ཀྱིས་རིག་

Vol. 87 · folio 193a

པ་འཛིན་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐད་ནས་དངོས་གྲུབ་བླང་བའི་ཆོ་གའོ། །ཇི་སྐད་བསྟན་པའི་ཕྱོགས་གཅིག་ཏུ་མཆོད་རྟེན་དང་། སྐུ་གཟུགས་དང་། དམ་པའི་ཆོས་ཀྱི་གླེགས་བམ་མམ། གང་ཡང་རུང་བའི་མདུན་

དུ་མེ་ཏོག་སིལ་མ་བཀྲམ་པའི་དཀྱིལ་འཁོར་བྱས་ལ་ཅི་འབྱོར་བའི་དྲི་དང་། མེ་ཏོག་དང་། ཕྲེང་བ་ལ་སོགས་པའི་མཆོད་པ་བྱས་ཀྱང་རུང་མ་བྱས་ཀྱང་རུང་། ཀུ་ཤའི་ཆང་བུ་ལ་ཉེ་བར་འདུག་ནས་ལག་པའམ་གཞན་དུ་ཡང་རུང་། ལྡོང་རོས་ལ་སོགས་པའི་རྫས་བཟུང་ནས།

ལོ་མའི་བར་རམ། གོས་ཀྱི་བར་དུའམ། ལྕགས་དང་། དངུལ་དང་། གསེར་གྱི་སྣོད་དུ་བཞག་ལ་ཇི་སྲིད་འབར་བར་འགྱུར་གྱི་བར་དུ་བཟླས་པ་བྱས་ན། དེ་བཞིན་དུ་བསོད་ནམས་ཇི་ལྟ་བ་བཞིན་རིག་པ་འཛིན་པར་འགྱུར་རོ། །གཞན་གྱིས་མི་འཕྲོགས་པ་ཞེས་བྱ་བ་སྟེ།

འདི་ནི་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ཆོ་ག་ཡིན་ནོ། །ཆོ་ག་འདི་ཉིད་ཀྱིས་དབེན་ཞིང་སྟོང་པའི་རི་དང་། ཆུ་ཀླུང་དང་། མཚེའུ་དང་། ཚལ་ཉམས་དགའ་བའམ། ཤིང་གཅིག་གམ། གཙུག་ལག་གི་གནས་སམ། སྐུ་གདུང་དང་བཅས་

པའི་མཆོད་རྟེན་གྱི་རྩའམ། སྐུ་གཟུགས་བཞུགས་པའམ། གཞན་ཡང་གཙུག་ལག་ཁང་གི་བྲང་ཁང་ལ་སོགས་པ་དབེན་པར་བསྒྲུབ་པར་བྱ་སྟེ། འདུ་འཛི་དང་བྲལ་བའམ། སངས་རྒྱས་རྗེས་སུ་དྲན་པ་ལ་གོམས་པར་བྱས་ལ། སེམས་ཅན་ཐམས་ཅད་ལ་ཕན་པའི་

སེམས་དང་ལྡན་པ། བརྩོན་འགྲུས་དང་ལྡན་པ། དད་པ་དང་ལྡན་པ་སེར་སྣ་མེད་པས་སོམ་ཉི་དང་བྲལ་བའི་སེམས་ཀྱིས་ལུས་དང་སྲོག་ལ་ཡང་ལྟོས་པ་མེད་པར་བྱའོ། །གཞན་ཡང་ཐམས་ཅད་ཀྱི་ཐུན་མོང་གི་ཆོ་ག་ནི་རི་དང་ཆུ་འགྲམ་དང་། འབབ་ཆུའི་ངོས་ལ་སོགས་པའི་

གནས་དབེན་ཞིང་སྟོང་པ་རྣམས་སུ་དམ་པའི་ཆོས་ཀྱི་གླེགས་བམ་དང་གཉིས་སུ་གནས་ལ་དུས་གསུམ་དུ་སྡིག་པ་བཤགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བ་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་གསོལ་བ་འདེབས་

Vol. 87 · folio 193b

པས་ཅི་སྲིད་མཚན་མ་བྱུང་བར་གྱུར་གྱི་བར་དུ་བཟླས་པ་བྱའོ། །ཡར་ངོའི་ཉ་ལ་ཆོ་ག་སྔ་མ་བཞིན་དུ་ཉིན་ཞག་གཅིག་སྨྱུང་བར་གནས་ནས་ཇི་སྐད་བསྟན་པའི་རྫས་རྣམས་ལས་གང་ཡང་རུང་བ་བླངས་ལ་ཅི་སྲིད་འབར་བར་གྱུར་གྱི་བར་དུ་བཟླས་ན་དེ་ཉིད་ཀྱིས་རིག་པ་འཛིན་པར་འགྱུར་

རོ། །རིག་པ་མཆོག་དོན་ཡོད་པ་འདི་ནི་རང་བཞིན་གྱིས་གྲུབ་པ། ཐོགས་པ་མེད་པ་ཡིད་ལ་རེ་བའི་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པ་སྟེ། ཅི་ལྟ་ཅི་ལྟར་རབ་ཏུ་སྦྱོར་བ་དེ་ལྟ་དེ་ལྟར་འགྲུབ་པར་འགྱུར་རོ། །རང་བཞིན་གྱིས་གྲུབ་པ་བཀླགས་པས་འགྲུབ་པ་ཡིན་པས་བཟླས་པ་ཙམ་

གྱིས་འདོད་པ་ཐམས་ཅད་བྱེད་པ་ཡིན་ནོ། །དོན་ཡོད་པའི་རྟོག་པའི་ཆོ་ག་བཞིན་དུ་སྦྱར་བའམ། ཅི་ལྟར་འདོད་པ་བཞིན་དུ་བསྒྲུབ་པར་བྱའོ། །ཡང་ན་རས་རིས་བསྒྲུབ་པར་འདོད་ན་བཅོམ་ལྡན་འདས་པདྨའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པར་བྱའོ། །བཅོམ་ལྡན་འདས་

ཀྱི་གཡས་ཕྱོགས་སུ་འཕགས་པ་ཕྱག་ན་རྡོ་རྗེ་ཀུན་ནས་འབར་བས་བསྐོར་བ། བཅོམ་ལྡན་འདས་ཅོད་པན་ལས་བྱུང་བའི་འོད་ཟེར་གྱིས་མངོན་པར་དབང་བསྐུར་བ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ་རིག་པའི་མཆོག་ཅེས་བྱ་བའི་རྒྱལ་མོ་གསེར་གྱི་མདོག་ཅན་རལ་

པ་དང་བཅས་པ། གོས་གཙང་མ་བགོས་པ་པདྨའི་གདན་ལ་བཞུགས་པ། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བ། འོད་ཀྱི་ཕྲེང་བས་བརྒྱན་པའོ། །བཅོམ་ལྡན་འདས་མའི་འོག་ཏུ་མཐའ་མེད་ཅེས་བྱ་བའི་འཁོར་རལ་གྲི་དང་། ཞགས་པ་ལག་ན་ཐོགས་པ། མདོག་སྔོ་

བསངས་ཁྲོས་ཤིང་འཁྲུགས་པ། གོས་དམར་སེར་ཟུང་བགོས་པ། ཁྲོ་གཉེར་བསྡུས་པ་བགེགས་ཐམས་ཅད་ཚར་གཅོད་པ། མདག་གཞུག་པ་རིན་པོ་ཆེའི་བྲག་ལ་འདུག་པ་བྲི་བར་བྱའོ། །འཕགས་པ་ཕྱག་ན་རྡོ་རྗེའི་འོག་ཏུ་ནི་སྒྲུབ་པ་པོ་ཐལ་མོ་སྦྱར་བ་རིན་པོ་ཆེའི་བྲག་གི་

པདྨའི་སྡོང་བུ་ལ་བཞུགས་པ་མེ་ཏོག་གི་འཁྲི་ཤིང་གིས་ཀུན་ནས་བསྐོར་བ་བྲི་བར་བྱའོ། །དེ་ལྟ་བུའི་རས་རིས་ཀྱི་མདུན་དུ་ཆོ་ག་འདིས་ཅི་ལྟར་འདོད་པར་རམ། རྟོག་པ་གཞན་གྱི་ཆོ་ག་དང་ཡང་སྦྱར་བར་བྱའོ། །རིག་པ་མཆོག་གི་རས་རིས་གཞན་ཡང་ཏིང་ངེ་འཛིན་ལ་སྙོམས་པར་

Vol. 87 · folio 194a

ཞུགས་པ་པདྨ་དམར་པོ་ལ་རབ་ཏུ་བཞུགས་པ་བྲི་བར་བྱའོ། །དེའི་འོག་ཏུ་མངག་གཞུག་པ་མཐའ་མེད་ལག་པ་ན་རལ་གྲི་དང་། ཞགས་པ་ཐོགས་པ་དེ་དང་འདྲ་བ་བྲི་བར་བྱའོ། །རས་རིས་འདིར་ཡང་ལས་དེ་དག་ཀུན་བྱའོ། །ཆོ་ག་གཞན་ཡང་རི་ལ་སོགས་པ་

དབེན་ཞིང་དབེན་པའི་ཕྱོགས་གཅིག་ཏུ་སྐྱིལ་མོ་ཀྲུང་བཅས་ནས་བྱང་ཆུབ་སེམས་དཔའ་དང་བཅས་པའི་དེ་བཞིན་གཤེགས་པ་དམིགས་ནས་མཚན་ཐོག་ཐག་སྐྱིལ་མོ་ཀྲུང་མ་བཤིག་པར་བཟླས་པ་བྱས་ན་སྔོན་དུ་བསྙེན་པ་མ་བྱས་ཀྱང་ཐོ་རངས་སམ་ནམ་ཕྱེད་ན་རིག་པ་འཛིན་པར་

འགྱུར་རོ། །མཐུ་མཚུངས་པ་མེད་པ་དང་ལྡན་པས་ཕྱིར་མི་ལྡོག་པའི་རིག་པ་འཛིན་པས་མཆོད་པར་འགྱུར། སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །རིག་པའི་མཆོག་འདི་གང་གི་ལག་ཏུ་ཐོབ་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་

འགྱུར་རོ། །རྡོ་རྗེའི་རིགས་ཐམས་ཅད་ཀྱིས་ཡང་དག་པར་བསྲུངས་པར་འགྱུར་རོ། །སྦྱིན་སྲེག་ལ་སོགས་པའི་སྦྱོར་བས་ལྷ་དང་ཀླུ་ལ་སོགས་པ་དགུག་པ་དང་། གཞན་ཡང་ཡིད་ལ་གང་འདོད་པ་རྟོག་པ་གཞན་གྱི་ཆོ་ག་བཞིན་དུ་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པའི་

སྙིང་པོའི་ཆོ་ག་གང་ཡིན་པའི་དམ་པ་ཉིས་འགྱུར་དུ་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་ཡང་དག་པར་འབྱུང་བ་ཞེས་བྱ་བ་རིག་པའི་མཆོག་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ལོ་རྡོ་རྗེ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱི་

ཡུལ་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་རྡོ་རྗེ་ཤུགས་ཀྱི་ཡི་གེ་ཞེས་བྱ་བ་བྱུང་བར་གྱུར་ཏོ། །དེ་ལས་ནི་རིག་པའི་མཆོག་གི་རྡོ་རྗེའི་ཚིག་འདི་བྱུང་བར་གྱུར་ཏོ། །ན་མཿ

སརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱྃ། ཨོཾ་པི་ར་ཛི་བི་ར་ཛི་མ་ཧཱ་བི་ར་ཛི་སཏྭ་ས་ཏྭ། སཱ་ར་ཏེ་སཱ་ར་ཏེ། ཏྲཱ་ཡི་ཏྲཱ་ཡི་བི་དྷ་མ་ཧཱ་ཏཱི་ས་བྟཉྫ་ནི། ཏརྨ་ཏི་སིདྡྷཱ་ཨ་གྲེ་ཏྲཾ་སྭཱ་ཧཱ། །འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་རིག་པའི་མཆོག་འདི་ལ་ཡང་རིག་པའི་མཆོག་དང་པོ་མི་མཉམ་པ་དང་མཉམ་པའི་རྟོག་པའི་ཆོ་གར་

Vol. 87 · folio 194b

དང་པོར་དེ་བཞིན་གཤེགས་པའི་སྙིང་པོའི་རྟོག་པའི་ཆོ་ག་ཉིས་འགྱུར་དུ་སྦྱོར་བ་གང་ཡིན་པ་ཡང་ཉིས་འགྱུར་དུ་འཇུག་གོ། །འདིའི་རས་རིས་ཀྱི་ཁྱད་པར་ནི་རིན་པོ་ཆེའི་བྲག་ལས་སྐྱེས་པའི་རིན་པོ་ཆེའི་པདྨ་ཆེན་པོ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཕྱག་གིས་མཆོག་སྩོལ་བའོ། །

བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་རིག་པའི་མཆོག་ཕྱག་ན་འཁོར་ལོ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རིན་པོ་ཆེའི་བྲག་ལ་བཞུགས་པ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེ་འཛིན་ཕྱག་ན་འཁོར་ལོ་

བསྣམས་པ། ཅུང་ཟད་སྔོ་བསངས་རིན་པོ་ཆེའི་བྲག་ལ་བཞུགས་པ་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་ཀུན་ནས་བསྐོར་བའོ། །དེའི་འོག་ལོགས་སུ་སྒྲུབ་པ་པོ་ཕྱག་འཚལ་བ་བྲིའོ། །ལྷ་མོའི་འོག་ཏུ་ནི་མཐའ་མེད་ཅེས་བྱ་བ་འཁོར་དེ་ཉིད་བགེགས་ཚར་གཅོད་པ་རལ་

གྲི་དང་ཞགས་པ་ལག་ན་ཐོགས་པ་བྲི་བར་བྱའོ། །རས་རིས་གཉིས་པ་ནི་ལྷ་མོ་གཅིག་པུ་གནས་པ་ཕྱག་ན་འཁོར་ལོ་བསྣམས་པའོ། །དེའི་འོག་ཏུ་ནི་དེ་བཞིན་དུ་མཐའ་མེད་ལག་ན་རལ་གྲི་དང་ཞགས་པ་ཐོགས་པ་ཁྲོ་བོ་གཞོན་ནུའི་གཟུགས་ཅན་ཁྲོ་གཉེར་གཡོ་བ་དང་

བཅས་པའོ། །འདིར་ཡང་ཆོ་ག་ནི་སྔ་མ་ཉིད་ཀྱིས་བྱའོ། །ཅི་ལྟར་ཡིད་ལ་འདོད་པས་སམ། རྟོག་པ་གཞན་གྱི་ཆོ་གས་ཀྱང་བྱའོ། །འདིར་ཁྱད་པར་ནི་འདི་ཡིན་ནོ། །བཀླགས་པ་ཙམ་གྱིས་དམ་ཚིག་ཐམས་ཅད་ཤེས་པར་འགྱུར། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་

བར་འགྱུར་རོ། །འཁོར་ལོ་རྡོ་རྗེ་ཞེས་བྱ་བའི་རིག་པའི་མཆོག་རྫོགས་སོ།། །།དེ་ནས་བདུད་རྩི་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེ་འཆང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་དམ་ཚིག་གི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་

ལ་སྙོམས་པར་ཞུགས་སོ། །དེ་ལས་རོལ་པའི་ཡུལ་མཐའ་ཡས་པ་ཞེས་བྱ་བའི་བདེན་པའི་ཚིག་གི་འཁོར་ལོ་རྡོ་རྗེའི་སྒྲ་མངོན་པར་བྱུང་བར་གྱུར་ཏོ། །དེ་ལས་བདུད་རྩིའི་རྡོ་རྗེ་ཞེས་བྱ་བའི་རིག་པ་མཆོག་འདི་ཐོས་པར་གྱུར་ཏོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་མྲྀ་ཏ་ཨ་མྲྀ་ཏ།

Vol. 87 · folio 195a

ཤི་ཁི་ཤི་ཁི། བི་མ་ལ་བི་མ་ལ། བཱི་རཱ་ཛཱི་ནཱི་བཱི་རཱ་ཛཱི་ནཱི། ཧ་ར་ཧ་ར། བི་དཱཾ་མ་ཧཱ་ས་མ་ཡ། བཛྲ་ཨ་གྲེ་སྭཱ་ཧཱ། བདུད་རྩི་རྡོ་རྗེ་འདིའི་ཆོ་ག་ཡང་སྔར་བསྟན་པའི་རིག་པའི་མཆོག་གསུམ་པོ་དེ་ཉིད་ཀྱི་ཡིན་ནོ། །འདིར་འདིའི་རས་རིས་ཀྱི་ཁྱད་པར་ནི་བཅོམ་ལྡན་འདས་རིན་པོ་ཆེའི་རིའི་སྟེང་

ན་རིན་པོ་ཆེའི་པདྨ་ཆེན་པོ་ལ་ཉེ་བར་བཞུགས་པ་ཕྱག་གིས་མཆོག་སྩོལ་བ་དེ་བཞིན་དུ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་ལྷ་མོ་པྲི་ཡང་ཀུ་ལྟར་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་ན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྣམས་པ་བྲི་བར་བྱའོ། །བཅོམ་

ལྡན་འདས་ཀྱི་གཡས་ལོགས་སུ་བདུད་རྩི་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེ་འཆང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རིན་པོ་ཆེའི་པདྨ་ལ་ཉེ་བར་བཞུགས་པ་ཕྱོགས་གཉིས་སུ་རིན་པོ་ཆེའི་བ་དན་གཉིས་ཕྱར་བ། དེ་བཞིན་གཤེགས་པའི་འོད་ཟེར་གྱིས་ཀུན་ནས་བསྐོར་བ་བྲི་བར་བྱའོ། །དེའི་འོག་ཏུ་སྒྲུབ་

པ་པོ་སྔ་མ་བཞིན་དུ་བྲིའོ། །ལྷ་མོའི་འོག་ཏུ་མངག་གཞུག་པ་མཐའ་ཡས་རལ་གྲི་དང་ཞགས་པ་ལག་ན་ཐོགས་པ་གཞོན་ནུའི་ཆ་བྱད་ཅན་ལོག་འདྲེན་ཚར་གཅོད་པ་བྲི་བར་བྱའོ། །རས་རིས་གཉིས་པ་ནི་ལྷ་མོ་ཡིད་བཞིན་གྱི་ནོར་བུ་ཕྱག་ན་བསྣམས་པ་དེ་བཞིན་དུ་བྲིས་ལ་འཁོར་

མཐའ་ཡས་ཀྱང་སྔ་མ་ལྟ་བུའོ། །དེ་བཞིན་དུ་ཐེ་ཚོམ་དང་བྲལ་བས་རྟོག་པ་འདི་ལ་སྦྱར་བར་བྱའོ། །དེ་བཞིན་གཤེགས་པའི་སྙིང་པོའི་རྟོག་པའི་ཆོ་ག་ཡང་འདིར་ཉིས་འགྱུར་དུ་སྦྱར་བར་བྱའོ། །བདུད་རྩི་རྡོ་རྗེ་ཞེས་བྱ་བའི་རིག་པའི་མཆོག་རྫོགས་སོ།། །།དེ་ནས་བྱང་ཆུབ་

སེམས་དཔའ་དཔའ་བོའི་རྒྱལ་པོ་ཞེས་བྱ་བ་གསུམ་མཉམ་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་དེ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་རྡོ་རྗེ་གསུམ་གྱི་སྟོབས་ཞེས་བྱ་བའི་རིག་པའི་མཆོག་འདི་གསུངས་སོ། །

ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱྃ། ཨ་ཧ་ཧ་ཧ། བཱིཾ་བཱིཾ། བྷྲཱ་མ་ཎི། ཏྲི་པ་ལི་ནི་སྭཱ་ཧཱ། རྡོ་རྗེ་གསུམ་གྱི་སྟོབས་ཞེས་བྱ་བའི་རིག་པའི་མཆོག་གི་སྙིང་པོ་འདིས་ནི་གང་དེ་དག་ཏུ་མངོན་པར་མ་བསྒྲུབས་པ་འགྲུབ་པར་འགྱུར་ཏེ། འདིའི་ཆོ་ག་ནི་དེ་དག་ཉིད་ཡིན་ནོ། །རས་རིས་ཀྱི་ཁྱད་

Vol. 87 · folio 195b

པར་ནི་རིག་པའི་མཆོག་གི་གནས་སུ་གཞོན་ནུ་མ་བྲི་བར་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྕང་ལོ་ཅན་པདྨའི་སྟན་ལ་བཞུགས་པ། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བར་བྱས་པའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་རྡོ་རྗེ་འཛིན་གྱི་གནས་སུ་དེ་བཞིན་

དུ་དཔའ་བོའི་རྒྱལ་པོ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་གསེར་གྱི་མདོག་ཅན་སྐྱིལ་མོ་ཀྲུང་གིས་པདྨའི་སྟེང་དུ་ཏིང་ངེ་འཛིན་ལ་མཉམ་པར་གཞག་པས་བཞུགས་པ་དེ་བཞིན་དུ་འོད་ཀྱི་ཕྲེང་བས་བསྐོར་བ་བྲི་བར་བྱའོ། །དེའི་འོག་ཏུ་སྒྲུབ་པ་པོའོ། །ལྷ་མོའི་འོག་ཏུ་ནི་དེ་བཞིན་དུ་

མཐའ་མེད་དོ། །རས་རིས་གཉིས་པ་ནི་དེ་བཞིན་དུ་རིན་པོ་ཆེའི་པདྨ་ལ་བཞུགས་པའི་ལྷ་མོ་ལྕང་ལོ་ཅན་གཡོག་དང་བཅས་པ་བྲི་བར་བྱའོ། །རས་རིས་འདི་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོའི་རྟོག་པ་དང་སྦྱར་ནས་དེ་བཞིན་དུ་ལས་ཐམས་ཅད་ཉིས་འགྱུར་དུ་བྱའོ། །

རྡོ་རྗེ་གསུམ་གྱི་སྟོབས་ཞེས་བྱ་བའི་རིག་པའི་མཆོག་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའ་མཉམ་པ་ཉིད་ལ་གནས་པ་རྡོ་རྗེ་ཞེས་བྱ་བ་སྟོབས་ཆེན་པོའི་སྤྱོད་ཡུལ་གྱི་མཆོག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་

ཞུགས་ནས་རིག་པ་མཆོག་ཅེས་བྱ་བའི་ཡི་གེ་བརྒྱད་པོ་དོན་ཡོད་པ་མི་འཕྲོགས་པ་ཆོས་ཐམས་ཅད་དུ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ལ་ལྟོས་པ་མེད་པ་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ས་ཧཱ་ནཱ་མཱ་ས་མ་ཧཱུྃ། འདི་ནི་རིག་

པ་ཆེན་པོའི་མཆོག་རྒྱལ་པོའི་རྩེ་མོ་བླ་ན་མེད་པ་སྟེ། འདིས་དངོས་གྲུབ་གང་ཅི་ཡང་རུང་བ་མི་སྒྲུབ་པ་མེད་དེ་ཁ་ན་མ་ཐོ་བ་དང་བཅས་པ་ནི་མ་ཡིན་ནོ། །སྔར་བསྟན་པའི་རྟོག་པའི་ཆོ་ག་རྣམས་ཀྱིས་ཀྱང་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པའི་སྙིང་པོའི་སུམ་

འགྱུར་དུ་བྱ་བ་ཉིད་དོ། །རས་རིས་ནི་པདྨ་ལ་བཞུགས་པའི་དེ་བཞིན་གཤེགས་པ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་བྱང་ཆུབ་སེམས་དཔའ་མཉམ་པ་ཉིད་ལ་གནས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་པདྨའི་སྟེང་ན་བཞུགས་པ་བྲི་བར་བྱའོ། །བཅོམ་

Vol. 87 · folio 196a

ལྡན་འདས་ཀྱི་གཡོན་ལོགས་སུ་གཞོན་ནུ་མ་ལྕང་ལོ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་པདྨའི་སྟེང་ན་སྐྱིལ་མོ་ཀྲུང་གིས་བཞུགས་པ་འབར་བའི་ཕྲེང་བས་བསྐོར་བ་མཉམ་པར་གཞག་པ་བྲི་བར་བྱའོ། །རིག་པ་མཆོག་གི་འོག་ཏུ་མཐའ་མེད་ཅེས་བྱ་བ་ལག་ན་

རྡོ་རྗེ་ཐོགས་པ་སྔོ་བསངས་ཁྲོས་པ། འབར་བའི་ཕྲེང་བས་བསྐོར་བ། ཁྲོ་གཉེར་བསྡུས་པ་མངག་གཞུག་པ་བགེགས་ཚར་གཅོད་པ་བྲི་བར་བྱའོ། །བྱང་ཆུབ་སེམས་དཔའི་འོག་ཏུ་སྒྲུབ་པ་པོའོ། །རས་རིས་གཉིས་པ་ནི་གཞོན་ནུ་མ་དེ་ལྟ་བུ་ཉིད་འོག་ཏུ་མཐའ་མེད་དང་

བཅས་པའོ། །འདིར་ཡང་ཡིད་ལ་གང་འདོད་པའི་ཆོ་གའམ། རྟོག་པ་གཞན་གྱི་ཆོ་གས་སྔ་མ་བཞིན་དུ་ལས་རྣམས་ལ་སྦྱར་བར་བྱའོ། །མི་བརྗེད་པ་རྡོ་རྗེ་ཞེས་བྱ་བའི་རིག་པའི་མཆོག་རྫོགས་སོ།། །།དེ་ནས་དམ་ཚིག་རྡོ་རྗེ་བརྩེགས་པ་ཞེས་བྱ་བའི་རྡོ་རྗེ་

འཆང་གི་སྔགས་གསུངས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཧཱཾ་ཧཱཾ་ཨ་ས་མ་ཙིནྟ་མ་ཧཱ་བཛྲ་བི་ཤྭ་དྷ་ར་ཨ་ནནྟ་བི་ཀྲཱནྟ་ཛཱ་སཱཾ་ཧཱུྃ་ཕཊ། འདིའི་ཆོ་ག་ནི་འདི་ཡིན་ཏེ། སྔར་བསྟན་པའི་རྟོག་པའི་ཆོ་ག་རྣམས་སྦྱར་བར་བྱའོ། །དམ་ཚིག་མཆོག་ཅེས་བྱ་བའི་རིག་པའི་མཆོག་

རྫོགས་སོ།། །།རྡོ་རྗེས་ཀཱི་ལི་ཀཱི་ལ་ཞེས་བྱ་བའི་རྡོ་རྗེ་འཛིན་དེ་བཞིན་ཏུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེའི་རིགས་གཞོན་ནུ་མ་མཛེས་མ་ཞེས་བྱ་བའི་རིག་པའི་མཆོག་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ཙ་ལ་སམྦ་ར། བི་ཥ་ཡེ་ཧཱུྃ་མ་ཧཱ་

བཛྲེ་ག་ཏེ་ཛེ། ཧཱི་ཧཱི་ཨ་ས་མ་མ་ཧཱ་བི་དྷོ། ཨུདྡྷ་མེ། ཧ་ཧ་སིདྡྷི་སིདྡྷི། བ་ར་ཨཾ་ག་དེ་བ་རཱ་ག །ཧེ་སྥ་ར། ཛྭ་ལ་ནཱ་མ་སྭཱ་ཧཱ། རྡོ་རྗེ་རིགས་མཛེས་མ་ཞེས་བྱ་བའི་རིག་པའི་མཆོག་ཡིན་ནོ།། །།བྱང་ཆུབ་སེམས་དཔའ་ཀུན་ནས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་

ཞུགས་ནས་རིག་པའི་མཆོག་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་བཛྲ་མ་ཧཱ་བཛྲ། མ་ཧཱ་བ་ལ་ས་ར་བཱི་རཱ་ཛཱ་ཏེ། ས་མ་ས་མ། ཁུ་རུ་ཁུ་རུ། བིཥ་མོ་དྷ་རི་དྷ་རི། སཱི་རི་སཱི་རི། བ་རེ་སྭཱ་ཧཱ། དཔའ་བོ་མཆོག་ཅེས་བྱ་བའི་རིག་པའི་མཆོག་ཡིན་ནོ།། །།བྱང་

Vol. 87 · folio 196b

ཆུབ་སེམས་དཔའ་མི་གཡོ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པའི་མཆོག་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ས་མནྟ་བཱ་ཏྲི། ཨ་ཙ་ལ་བ་ར་ཨཾ། བི་ལ་སི་ནཱི། ཁེ་ལེ་བ་ར། ཨུཏྟ་མ། ཧཱ་སི་ནི་ཧ་རཱ་ཏེ། གྷ་ན་མ་ཎ་དེ་ནི་ཧཾ། མི་

གཡོ་བ་མཆོག་གི་ལུས་ཞེས་བྱ་བའི་རིག་པའི་མཆོག་ཡིན་ནོ།། །།བྱང་ཆུབ་སེམས་དཔའ་སྙིང་རྗེ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔགས་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་མྲྀ་ཏེ་ཨ་མྲྀ་ཏེ། ཤི་ཁི་ནེ་ཤི་ཁི་ནེ། ས་མ་ཏེ་ས་མ་ཏེ། ཨ་ས་

མེ་ཨ་ས་མེ། ག་ག་ནེ་གག་ནེ། ཏིཥྠ་ཏིཥྠ། ཨ་ས་ཧེ། ཧཱུྃ་ཛྭཱ་ལ་ཛྭཱ་ལ་སྭཱ་ཧཱ། བདུད་རྩི་རྩེ་མོ་ཞེས་བྱ་བའི་རིག་པའི་མཆོག་ཡིན་ནོ།། །།ཤིན་ཏུ་རོལ་པ་རྡོ་རྗེ་ཞེས་བྱ་བའི་གཞོན་ནུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མཛེས་པ་མི་མཉམ་པ་ཞེས་བྱ་བའི་རིག་པའི་མཆོག་

འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱ་ཏི་ཨཱ་ཏི། བ་ར་བ་ར། པི་རི་པི་རི། ས་མ་ལི་ཥྚི་ཎི། ཏི་རི་ཏི་རི། ཧཱ་ས་ཧཱ་ས། ཨཱ་རཱི་ཎི་བནྡྷ་ཡ། མ་ཧཱ་བྷོ་གི་ནི། ཏ་ཧཱ་ཏ་མ་ཧཱ་བཛྲ་གུ་ཎོངྒ་ཏེ་བཛྲ་ལེ་སྭཱ་ཧཱ། ཀུན་ཏུ་འཇུག་པ་ཞེས་བྱ་བའི་རིག་པའི་མཆོག་ཡིན་ནོ།། །།

བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་འོད་ཟེར་རྡོ་རྗེ་ཞེས་བྱ་བས་དེ་བཞིན་གཤེགས་པའི་སྟོབས་ཞེས་བྱ་བའི་རིག་པའི་མཆོག་ཡི་གེ་བརྒྱད་པ་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷོ་སཏྭཱ་ནཱཾ། ཨ་ནནྟ་སཏྭཱ་མཾ་ག་ཧཱུྃ། བྱང་ཆུབ་སེམས་དཔའ་འཁོར་ལོའི་

སྟོབས་ཞེས་བྱ་བ་སྟོབས་ཐམས་ཅད་ཀྱི་རྒྱལ་པོའི་རྩེ་མོའི་སྟོབས་ཀྱི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་བྱིན་གྱིས་རློབ་པ་ཞེས་བྱ་བའི་རིག་པའི་མཆོག་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ས་

མ་མ་ཧཱ་བ་ར་ད་ཡ་གི་ཏི་ཏི་ཏི་ཏི། ཨ་མཱུ་ཨ་མཱུ། ཁཾ་ཁཾ་ཎཱ་ཨ་ས་མ་གུ་ཎཱ། ཨ་ཀཱ་ར་ཏི་ཏི་ཏི་ཏི། ཨ་གྲ་བཱ་ལོ་ཨ་དྷ་ཡེ་ཏཾ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་འཁོར་ལོ་ཀུན་ནས་རྡོ་རྗེ་ཞེས་བྱ་བ་མཆོག་གི་ཡུལ་ལ་རྣམ་པར་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་

Vol. 87 · folio 197a

པར་ཞུགས་ནས་རིག་པའི་མཆོག་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་ཏི་ཨ་ཏི། ས་མ་ས་མ། ཀཱི་ལི་ཀི་ལ། བར་བར། ས་མ་ཡེ་ཧ་ས་ཧ་ས། ཨ་ས་ཏེ། ཏྲ་ཡི་ཏྲ་ཡི། །ག་ནེ། ཀུ་རུ་ཀུ་རུ། ཨ་ཇི་ཏེ་སྭཱ་ཧཱ། རབ་མཆོག་རྡོ་རྗེ་ཞེས་བྱ་

བའི་རིག་པའི་མཆོག་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱིན་གྱིས་བརླབས་ཀྱི་རྡོ་རྗེ་ཞེས་བྱ་བ་ཡེ་ཤེས་ཀྱི་སྒོ་ཕྱོགས་བཅུར་སྤྲོ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམ་རྒྱ་མཚོ་རྣམས་

སུ་ངོ་མཚར་ཆེན་པོ་དམ་པ་རྒྱ་ཆེ་བ་དུ་མ་སྣ་ཚོགས་ཀྱི་ལྟས་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ནས་ཕྱོགས་བཅུ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཡི་གེ་བཅུ་པ་འདི་བྱུང་ཞིང་ཐོས་པར་གྱུར་ཏོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། མ་ཧཱ་བཛྲཱ་བི་ཀྲཱནྟ་ཨ་གྲ་ས་ཧཱུྃ།

ཕྱོགས་བཅུའི་འོད་ཅེས་བྱ་བའི་རིག་པ་མཆོག་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་འོད་ཟེར་རྡོ་རྗེ་ཞེས་བྱ་བས་རིག་པའི་མཆོག་གསུངས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱརྱ་ཨ་གྲ་ཏེ་ཛྭཱ་ལ་ཛྭཱ་ལ་སྭཱ་ཧཱ། སྤྱན་གསུམ་ཞེས་བྱ་བའི་རིག་པའི་མཆོག་

རྩེ་མོ་བླ་ན་མེད་པའི་ཡུལ་ཅན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་ནས་བསྒྲགས་པ་ཞེས་བྱ་བའི་ཡི་གེ་ལྔ་པའི་རིག་པའི་མཆོག་ཕྱུང་ངོ་། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། མ་ཧཱ་བ་ལ་ཧཱུྃ། དེ་ནས་རྡོ་རྗེ་འཆང་ཉིད་ཀྱི་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་

བརླབས་ནས། ཉིད་ཀྱི་རིག་པའི་མཆོག་གསུངས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོྃ་བཛྲ་ནེ་ཏྲ། ཛྭཱ་ལ་ཛྭཱ་ལ། ཀུ་རུ་བ་ར་ཀུ་རུ་བ་ར། བི་ར་བི་ར། མ་ཧཱ་བ་ལ། ཨ་ཏི་ཧོ། །མ་ཧཱ་ས་མ་ཡ་ཏེ་ཛ་ལན་ཧཱུྃ། དེ་ནས་ལག་ན་རྡོ་རྗེས་ཡང་རྡོ་རྗེ་དེ་ཉིད་བྱིན་གྱིས་བརླབས་པ།

ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། མ་ཧཱ་ཙནྡྲ་ཧཱུྃ། གསང་བའི་མཆོག་ཅེས་བྱ་བའི་རིག་པའི་མཆོག་གོ། །འཕགས་པ་རྡོ་རྗེ་སྡེས་རང་གི་རིག་པའི་མཆོག་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་བཛྲ་ཧཱུྃ། ཡི་གེ་བཞི་པ་རིག་པའི་མཆོག་ཞལ་བཞི་པ་ཞེས་བྱ་

Vol. 87 · folio 197b

བའོ། །ཁྲོ་བོ་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེ་འཆང་གཟི་བརྗིད་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པའི་མཆོག་གསུངས་པ། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་གྲ་ཏེ་ཛོ་བ་ལ་ཧཱུྃ། རཀྵ་རཀྵ། ད་མ་ད་མ། ཛཱ་ལ་ན་མ་ཧཱ། ཧ་ར་ཧ་ར། བི་ཥ་ཎ། ཏ་ར་ཏ་

ར། ན་ད་ན་ད། ཀ་ར་ཀ་ར། ཧཾ་ཧཾ། ཨ་མོ་གྷ། ཨ་པྲ་ཏི་ཧ་ཏ། ཨ་མྲྀ་ཏ་བ་ལ། ཛྭཱ་ལ་ཛྭཱ་ལ་སྭཱ་ཧཱ། གཟི་བརྗིད་ཀྱི་སྟོབས་ཞེས་བྱ་བའི་རིག་པའི་མཆོག་ཡིན་ཏེ། གཏུམ་པོ་སྲུང་བ་པོ་འཆང་བ་པོ་གསོད་པར་བྱེད་པ། སྒྲུབ་པར་བྱེད་པ། ཐོགས་པ་མེད་པ། དོན་ཡོད་པ་སྟེ།

ལས་མཐའ་ཡས་པ་སྔར་བསྟན་པའི་ཆོ་ག་འདིས་སྒྲུབ་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྙིང་པོའི་ཆོ་ག་སུམ་འགྱུར་དུ་སྦྱར་བར་བྱའོ། །རིག་པ་མཆོག་འདི་དག་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལས་བྱུང་བ་བསམ་གྱིས་མི་ཁྱབ་པ། མཐའ་ཡས་པ། མཐའ་མེད་པ།

སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བར་བྱེད་པ། སྔར་བསྟན་པའི་ཆོ་གའི་རིམ་པ་འདི་ལ་སྦྱར་བར་བྱའོ། །སྐྱེ་བ་འདི་ཉིད་ལ་ཚེ་དཔག་ཏུ་མེད་པ་ཐོབ་པར་འདོད་པ་དང་། དཔག་ཏུ་མེད་པའི་བདེ་བ་ལ་ལོངས་སྤྱོད་པར་འདོད་པ་དང་། འཕགས་པ་ཕྱིར་མི་ལྡོག་པའི་ས་ལ་འཇུག་

པར་འདོད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པར་འདོད་པ་དང་། མཐོང་བར་འདོད་པས་སོམ་ཉི་སྤངས་ནས་དད་ཅིང་རྟོག་པ་དང་ལྡན་པས་འཕྲོགས་པ་མེད་པ་དོན་ཡོད་པ་འདིས་འགྲུབ་པར་འགྱུར་རོ། །འདི་ནི་རིས་རིས་མེད་ཀྱང་རུང་། མ་བསྒྲུབས་

ཀྱང་རུང་། མཆོད་པ་མེད་པས་ཀྱང་རུང་། ཁྲུས་ལ་སོགས་པ་གཙང་སྦྲ་ཀུན་སྤྱོད་མེད་ཀྱང་རུང་། ཤ་དང་ཉ་ཤ་མ་སྤངས་ཀྱང་རུང་། བསོད་ནམས་དང་ལྡན་ཡང་རུང་བསོད་ནམས་དང་མི་ལྡན་ཡང་རུང་འདིས་འགྲུབ་པར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་ཡང་རུང་།

ཚུལ་ཁྲིམས་དང་མི་ལྡན་ཡང་རུང་། དམན་པའམ་དམན་པ་མ་ཡིན་པ་ཡང་རུང་། མཁས་པའམ་མཁས་པ་མ་ཡིན་པ་ཡང་རུང་། ཐབས་དང་ལྡན་ཡང་རུང་། ཐབས་དང་མི་ལྡན་ཡང་རུང་ངེས་པར་འགྲུབ་པར་འགྱུར་རོ། །དད་པ་མེད་པ་དང་། བྱང་ཆུབ་ཏུ་སེམས་

Vol. 87 · folio 198a

མ་བསྐྱེད་པ་ནི་མ་གཏོགས་སོ། །དེ་ནས་རིག་པ་མཆོག་འདིའི་ཆོ་ག་ཡང་སྔར་བསྟན་པའི་རྟོག་པ་རྣམས་ཀྱི་ཆོ་ག་དང་ཐུན་མོང་ཡིན་ནོ། །ཁྱད་པར་གྱི་ཆོ་ག་ཕྱོགས་ཙམ་ཞིག་བསྡུས་ནས་བརྗོད་པར་བྱའོ། །རིག་པའི་མཆོག་རིག་པ་ཆེན་པོའི་རྒྱལ་པོ་རྩེ་མོ་འདི་

ནི་རང་བཞིན་གྱིས་གྲུབ་པ། བཀླགས་པས་འགྲུབ་པ། བཟླས་པ་ཙམ་གྱིས་འདོད་པའི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པ་འདི་སེམས་ཅན་གྱི་ཁམས་རྣམས་རྣམ་པར་སྦྱང་བར་བྱ་བ་དམིགས་པ་སྔོན་དུ་འགྲོ་བས་བཟླས་པ་བྱས་ན་བསྲུང་བ་དང་། དཀྱིལ་འཁོར་དང་།

བཅིང་བ་དང་། བརྡེག་པ་དང་། དབབ་པ་དང་། རེངས་པར་བྱ་བ་དང་། བསྐྲད་པར་བྱ་བ་དང་། དགུག་པ་དང་། གདུག་པ་ཚར་གཅད་པ་དང་། བསྲེག་པ་དང་། བཙོ་བ་དང་། མཐུ་བསྟན་པ་དང་། ལྷ་དང་ཀླུ་ལ་སོགས་པ་དགུག་པ་དང་། དབང་དུ་བྱ་བ་དང་། དོན་བསྒྲུབ་པར་

བྱ་བ་དང་། རྒྱལ་པོ་དང་རྒྱལ་པོའི་བུ་མོ་དགུག་ཅིང་བསྒྲུབ་པ་དང་། བསྙེན་པ་འཕེལ་བར་བྱ་བ་དང་། ནད་རྣམ་པར་བསལ་བར་བྱ་བ་དང་། ཀླུ་དང་གནོད་སྦྱིན་ལ་སོགས་པ་དབང་དུ་བྱེད་པ་ལ་སོགས་པ་ལས་རབ་འབྱམ་བསྒྲུབ་པའི་ཁྱད་པར་གྱིས་མངོན་སུམ་དུ་སྦྱར་

བར་བྱའོ། །ལས་གང་དང་གང་དང་། སྦྱིན་སྲེག་གང་དང་གང་གིས་དེ་དང་དེ་འགྲུབ་པའི་ཐབས་གང་ཡིན་པ་དེ་ཐབས་གང་ཡིན་པ་དེ་ཐབས་དེ་དེ་བཞིན་དུ་ལས་ཀྱི་ཆོ་གས་བྱའོ། །ཇི་ལྟར་ནུས་པའི་བརྩོན་འགྲུས་བསྐྱེད་ལ་མིའི་ལུས་ནི་གདུལ་དཀའ་བ་ཡིན་ཞེས་སྨད་ནས་རིའི་གསེབ་ཏུ་

ཞུགས་ཏེ། སྡིག་པ་དུས་གསུམ་དུ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་བྱས་ནས་ནུས་པ་དང་མཐུན་པར་ཅི་སྲིད་མཚན་མ་བྱུང་གི་བར་དུ་བཟླས་པ་བྱའོ། །དེ་ནས་ཟླ་བ་ཉ་བ་ལ་འཁོར་ལོ་དང་། རལ་གྲི་དང་། གསེར་དང་། དངུལ་

དང་། ཟངས་ལས་བྱས་པའམ། ལྕགས་རིན་པོ་ཆེ་ལས་བྱས་པའམ། ཏ་ལའི་ལོ་མ་ལས་བྱས་པ་ཡང་རུང་། ཅི་འབྱོར་པའི་མཆོད་པ་བྱས་པའམ། སྔགས་གང་ཡང་རུང་བས་བསྲུང་བ་བྱས་ཏེ། ཇི་སྲིད་འབར་བར་གྱུར་པའི་བར་དུ་བཟླས་པ་བྱའོ། །དེ་ནས་གང་ལ་མཚོན་

Vol. 87 · folio 198b

གྱིས་བརྒྱབ་པ་དེ་ཡང་འཁོར་དང་བཅས་པར་རིག་པ་འཛིན་པར་འགྱུར་རོ། །དེ་ལྟར་འཁོར་ལོ་ལ་སོགས་པ། ཇི་ལྟ་བ་དེ་བཞིན་དུ་མཚོན་ཆ་ཐམས་ཅད་ལ་ཡང་ངོ་། །ཐུན་མོང་གི་ཆོ་གས་བ་བླའམ། ལྡོང་རོས་སམ། ལིག་བུ་མིག་ལ་སོགས་པ་རྫས་ཐམས་ཅད་ལ་བསྒྲུབ་

པར་བྱའོ། །འདིར་སྦྱོར་བ་ནི་རྣམ་པ་གཉིས་ཏེ། ཐབས་དང་བཅས་པ་དང་། ཐབས་དང་བྲལ་བའོ། །དེ་ལ་ཆོ་ག་གང་ཡང་རུང་བས་ནུས་པ་ཅི་ལྟ་བ་བཞིན་དུ་གང་ཡང་རུང་བ་ཞིག་སེམས་ཅན་གྱི་ཁམས་རྣམས་ལ་ཕན་པ་དང་། བདེ་བ་འབྱུང་བའི་རྒྱུར་གྱུར་ཅིག་ཅེས་ཡིད་ལ་

བྱས་ནས་བཟླས་པ་བྱས་ན་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་རྒྱུར་གྱུར་ཅིག་ཅེས་ཡང་དག་པར་བསམས་ལ་བཟླས་པ་བྱའོ། །དེ་བཞིན་དུ་སེམས་ཅན་གྱི་ཁམས་དགེ་བ་ལ་འཇུག་པར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པ་

སེམས་ཅན་རྣམས་ལ་ཕན་པའི་སྦྱོར་བ་བྱས་ལ་མོས་པར་བྱས་ནས་བསྒྲུབ་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཤིང་ཕྱག་འཚལ་ནས་བཟླས་པ་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ས་རྣམས་དོན་དུ་གཉེར་བ་ལ་

འབད་པས་དམིགས་ཤིང་བཟླས་པ་བྱས་ཤིང་སྡིག་པ་རྣམས་བཤགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་གཉེར་བའི་ཕྱིར་བཟླ་བ་དང་། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་དཀྱིལ་འཁོར་རྫོགས་

པ་དོན་དུ་གཉེར་བར་དམིགས་ནས་བཟླ་བ་དང་། སྟོབས་བཅུ་པའི་ཡེ་ཤེས་ཀྱིས་ནོན་པར་བྱ་བ་དོན་དུ་གཉེར་བར་དམིགས་ནས་བཟླ་བ་དང་། དེ་དག་ལ་རྗེས་སུ་ཡི་རང་བར་བྱས་ནས་གང་ཡང་རུང་བའི་རིག་པ་མཆོག་གིས་བསྒྲུབས་ན་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་རོ། །རི་བོའི་གསེབ་

ཏུ་འབུམ་བཟླས་པ་བྱས་ན་འཕགས་པ་ཕྱག་ན་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར་རོ། །གཉིས་ཀྱིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །གསུམ་གྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་དང་སྨྲ་བར་འགྱུར་རོ། །བཞིས་ནི་

Vol. 87 · folio 199a

དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་ཐོས་པར་འགྱུར་རོ། །ལྔས་ནི་གཟུངས་རྣམས་ཐོབ་པར་འགྱུར་རོ། །དྲུག་གིས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །བདུན་གྱིས་མངོན་པར་ཤེས་པ་ལྔ་རབ་ཏུ་ཐོབ་པར་འགྱུར་རོ། །བརྒྱད་ཀྱིས་སངས་རྒྱས་ཐམས་ཅད་ལ་

མངོན་པར་མཆོད་པར་འགྱུར་རོ། །དགུས་ནི་མྱ་ངན་ལས་འདས་པ་མངོན་པར་སྒྲུབ་པར་བྱེད་དོ། །བཅུས་ནི་འཇིག་རྟེན་གྱི་ཁམས་རྣམས་སུ་རྒྱུ་བར་འགྱུར་རོ། །འདི་དག་ནི་ཐབས་ལ་མཁས་པའི་བཟླས་པའི་ཆོ་ག་སྟེ། མཐའ་ཡས་པའི་འབྲས་བུ་ཐོབ་པའི་རྒྱུར་འགྱུར་བའོ། །ཐབས་

ལ་མི་མཁས་པ་རྣམས་ཀྱིས་ཀྱང་བརྩོན་འགྲུས་རབ་དང་འབྲིང་དང་ཐ་མས་ཅི་ལྟར་བསྙེན་པ་དེ་ལྟར་རབ་ཏུ་སྦྱར་ན་ནུབ་གཅིག་གིས་རིག་པ་འཛིན་པར་འགྱུར་ཏེ་སྔ་མ་བཞིན་ནོ། །རི་འམ་ཕུག་གམ་ཁང་པའི་ཕུག་ལ་སོགས་པ་དབེན་ཞིང་སྟོང་པར་མེ་ཏོག་དྲི་ཞིམ་པོ་སིལ་མ་བཀྲམ་པ།

དྲི་ཞིམ་པོའི་སྤོས་ཀྱིས་བདུགས་པའི་ས་ཕྱོགས་འགའ་ཞིག་ཏུ་ཉི་མ་ནུབ་པའི་དུས་ན་སྐྱིལ་མོ་ཀྲུང་བཅས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་པས་སྐྱིལ་མོ་ཀྲུང་མ་བཤིག་པར་གང་ཡང་རུང་བའི་རིག་པའི་མཆོག་ནམ་ཕྱེད་དམ། ཉི་མ་ཤར་གྱི་བར་དུ་

བཟླས་པ་བྱས་ན་ལུས་འབར་བར་གྱུར་ནས་གསེར་གྱི་མདོག་ཏུ་འགྱུར། ནམ་མཁའ་ལ་འགྲོ་བ་དང་། ཐམས་ཅད་དུ་འགྲོ་བའི་རིག་པ་འཛིན་པར་འགྱུར་རོ། །གལ་ཏེ་མ་གྲུབ་ན་བར་དུ་ནུབ་གཅིག་ངལ་བསོས་ལ་ནུབ་གསུམ་པ་ལ་ཡང་དེ་བཞིན་དུ་བྱའོ། །ཡང་ནུབ་གཅིག་

གིས་བར་དུ་ཆོད་པའི་ནུབ་ལྔ་པ་ལ་ནི། དམ་པའི་ཆོས་སྤོང་བ་ཡང་ངེས་པར་འགྲུབ་པར་འགྱུར་རོ། །བསྲུང་བའི་ཆོ་ག་བྱས་ནས་འབུམ་བཟླས་ཏེ་རྫས་གང་ལ་བསྒྲུབས་པ་དེ་འགྲུབ་པར་འགྱུར་རོ། །ལྕགས་ལས་བྱས་པའི་འཁོར་ལོ་འམ། རྡོ་རྗེ་དང་རལ་གྲི་ལ་སོགས་པ་

ལག་ཏུ་ཐོགས་ནས་ཇི་སྲིད་འབར་བར་གྱུར་གྱི་བར་དུ་བཟླས་པ་བྱས་ཏེ། དེ་ཉིད་ཀྱིས་རིག་པ་འཛིན་པར་འགྱུར་རོ། །གལ་ཏེ་འབར་བར་མ་གྱུར་ན་བ་ལང་གི་ལྕི་བའི་ནང་དུ་དེ་བཅུག་ལ་གང་ཡང་རུང་བའི་རིག་པའི་མཆོག་གིས་བསྲུང་བ་བྱས་ཏེ་གཞག་གོ། །དུར་ཁྲོད་དུ་འདུག་ནས་ཅི་

Vol. 87 · folio 199b

སྲིད་གནོད་སྦྱིན་དུ་གྱུར་གྱི་བར་དུ་བཟླས་པ་བྱས་ལ་མྱ་ངན་མེད་ཀྱི་ཤིང་གི་རྩ་བར་འདུག་སྟེ་ཇི་སྲིད་གནོད་སྦྱིན་མོ་འོང་བར་གྱུར་གྱི་བར་དུ་བཟླས་པར་བྱའོ། །འོངས་ནས་ཅི་ཞིག་བགྱི་ཞེས་ཟེར་ན། གང་འདོད་པ་སྨྲས་ན་ཐམས་ཅད་བྱེད་པར་འགྱུར་ཞིང་འཁྱུད་ནས་རང་གི་ཁྱིམ་དུ་འཇུག་པར་

འགྱུར་རོ། །པླྐཀྵའི་ཤིང་གི་རྩ་བར་མེ་ཏོག་སིལ་མ་བཀྲམ་པའི་དཀྱིལ་འཁོར་ལ་ལྷའི་བཞོན་པ་བྲིས་ལ། ཇི་སྲིད་འབར་བར་གྱུར་གྱི་བར་དུ་བཟླས་ན་རིག་པ་འཛིན་པར་འགྱུར་རོ། །རིའི་གསེབ་ཏུ་སེང་གེའམ། རྟ་བྲིས་ནས་དེ་ཉིད་དུ་འདུག་སྟེ། ཇི་སྲིད་འབར་བར་གྱུར་གྱི་བར་དུ་བཟླས་

པ་བྱའོ། །དེ་བཞིན་དུ་གླང་པོ་ཆེ་དང་། མ་ཧེ་དང་། ལུག་དང་། ར་དང་། ངང་པ་དང་། རྨ་བྱ་ལ་སོགས་པ་བྲིས་ནས་མེ་ཏོག་སིལ་མས་བརྒྱན་པའི་དཀྱིལ་འཁོར་བྱས་ནས་མཚན་མོ་རངས་པ་བཟླས་པར་བྱའོ། །གལ་ཏེ་མཚན་མོ་དེ་ལ་མ་གྲུབ་ན་ཡང་བསྒྲུབ་པར་བྱ་སྟེ། སངས་

རྒྱས་རྗེས་སུ་དྲན་བཞིན་དུ་ལྷ་ཆེན་པོའི་ཁང་པར་ཞུགས་ནས་ཅི་སྲིད་ལྷ་ཆེན་པོ་རང་གི་གཟུགས་ཀྱིས་འོང་བར་གྱུར་གྱི་བར་དུ་བཟླས་པ་བྱའོ། །དེ་ནས་དེ་ཉིད་དུ་ཉལ་ན་འོངས་ནས་གང་སྨྲས་པ་དེ་བྱེད་པར་འགྱུར་རོ། །སྲེད་མེད་ཀྱི་བུའི་གཟུགས་བརྙན་ལག་ཏུ་ཐོགས་ནས་ཇི་སྲིད་སྲེད་མེད་

ཀྱི་བུ་འོང་གི་བར་དུ་བཟླས་པ་བྱས་ན་འོངས་ནས་གང་སྨྲས་པ་དེ་བྱེད་པར་འགྱུར་རོ། །ལྷ་གང་གི་ཁང་པར་བཟླས་པའི་ལྷ་དེ་ཟླ་བ་ཕྱེད་ཀྱི་ནང་དུ་ངེས་པར་འོང་བར་འགྱུར་བའམ། ཡང་ན་བསྐམས་པར་འགྱུར་རོ། །ཡར་ངོའི་བརྒྱད་དམ་བཅུ་བཞི་ལ་བ་བླ་བླངས་ནས་ལྷ་ཆེན་པོའི་བྱང་

ཕྱོགས་སུ་ཀུ་ཤའི་ཆངས་བུ་ལ་ཉེ་བར་འདུག་ནས་ཅི་སྲིད་འབར་བར་གྱུར་གྱི་བར་དུ་བཟླས་པ་བྱས་ན་དེ་ནས་རིག་པ་འཛིན་པར་འགྱུར་བའམ། མི་སྣང་བར་འགྱུར་རོ། །རྣམ་ཐོས་ཀྱི་བུ་བྲིས་ནས་ཇི་སྲིད་མདུན་དུ་འོངས་ནས་མཆོག་སྩོལ་བར་གྱུར་གྱི་བར་དུ་བཟླས་པ་བྱའོ། །ཀླུའི་

གནས་མཚེ་འུར་ཇི་སྲིད་ཀླུ་རྣམས་གྱེན་དུ་འཕགས་ཀྱི་བར་དུ་བཟླས་པ་བྱའོ། །གལ་ཏེ་ལྡང་བར་མ་གྱུར་ན་ཕུབ་མའི་མེ་ལ་ལྕགས་ཀྱི་སྣོད་དམ་ཟངས་ཀྱི་སྣོད་ཏིལ་མར་གྱིས་བཀང་ནས། ཇི་སྲིད་ཁོལ་བར་གྱུར་གྱི་བར་དུ་བཟླས་པ་བྱས་ནས། དེར་ཀླུའི་ལྕུག་མ་ཚྭ་དང་རང་སྐྱུར་གྱིས་

Vol. 87 · folio 200a

བསྐུས་ནས་བསྲེགས་ན་ངེས་པར་ལྡང་བར་འགྱུར་བའམ། དྲི་མ་ཅན་དུ་འགྱུར་རོ། །འཕགས་པ་ཕྱག་ན་རྡོ་རྗེའི་སྐུ་གཟུགས་ལ་བལྟས་ནས་ཇི་སྲིད་སྨྲ་བ་དང་། འགུལ་བ་དང་། འབར་བར་གྱུར་གྱི་བར་དུ་བཟླས་པ་བྱས་ན་དེ་ནས་མཆོག་སྩོལ་བར་འགྱུར་རོ། །རས་

རིས་ཀྱི་མདུན་དུ་མེ་ཏོག་གིས་མངོན་པར་བརྒྱན་པའི་དཀྱིལ་འཁོར་བྱས་ནས་ཇི་སྲིད་དུ་འཕགས་པ་ཕྱག་ན་རྡོ་རྗེ་བྱོན་གྱི་བར་དུ་བཟླས་ན་བྱོན་ནས་མགོ་ལ་རེག་པར་འགྱུར་རོ། །རེག་པ་ཙམ་གྱིས་ལྕང་ལོ་ཅན་དུ་གནས་ནས་གནོད་སྦྱིན་གྱི་གཟུགས་སུ་འགྱུར་རོ། །འཕགས་པ་ཕྱག་ན་

རྡོ་རྗེའི་རྡོ་རྗེ་བླངས་ལ་ཇི་སྲིད་མི་སྣང་བར་གྱུར་གྱི་བར་དུ་བཟླས་པ་བྱའོ། །འབུམ་བཟླས་པས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གཟུགས་ཀྱི་ཞབས་ཀྱི་མཐེབ་མོ་ལ་བཟུང་ནས་ཇི་སྲིད་འབར་བ་དང་། འཕྲོ་བ་དང་། ཁྲོ་བ་སྟོན་གྱི་

བར་དུ་བཟླས་པ་བྱས་ན། དེ་ནས་བྱ་བ་ཐམས་ཅད་བྱེད་པར་འགྱུར་ཞིང་གསུང་བར་ཡང་འགྱུར་རོ། །འཕགས་པ་འཇམ་དཔལ་ལ་བལྟ་ཞིང་ཇི་སྲིད་འབར་བར་གྱུར་གྱི་བར་དུ་བཟླས་པ་བྱས་ན་མི་སྣང་བར་འགྱུར་བའམ། རིག་པ་འཛིན་པར་འགྱུར་རོ། །འཕགས་པ་ཀུན་དུ་

བཟང་པོ་ལ་བལྟ་ཞིང་ཇི་སྲིད་དགེ་བ་ལ་ངོམས་མི་ཤེས་པ་དང་། འབེབས་པ་དང་། མངོན་པར་འཕར་གྱི་བར་དུ་བཟླས་པ་བྱའོ། །རྒྱུད་འདིར་སྔགས་ཀྱི་སྤྱོད་པ་ལ་ཞུགས་པས་ཟླ་བ་གཟས་ཟིན་པའི་ཚེ་ཟངས་ཀྱི་སྣོད་དུ་མར་བཞག་ནས་དྲི་ཞིམ་པོའི་མེ་ཏོག་གིས་དཀྱིལ་འཁོར་

བྱས་ཏེ། བདུག་སྤོས་དྲི་ཞིམ་པོས་བདུགས་ལ་ཇི་སྲིད་འབར་བར་གྱུར་གྱི་བར་དུ་བཟླས་པ་བྱས་ནས་དེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ། །ཟླ་བ་དང་ཉི་མ་གཟས་བཟུང་བ་ན་ལྷ་ཆེན་པོའི་ཁང་པར་ཞུགས་ནས་ལྡོང་རོས་སམ། མིག་སྨན་ནམ། བ་བླ་བླངས་ནས་ཨ་

ཤྭ་ཏྠའི་འདབ་མའི་བར་དུ་བཅུག་ནས་ཇི་སྲིད་འབར་བར་གྱུར་གྱི་བར་དུ་བཟླས་ན་དེས་རིག་པ་འཛིན་པར་འགྱུར་པའམ། མི་སྣང་འགྱུར་རོ། །ལྷ་ཆེན་པོའི་སྟེང་དུ་ལག་པ་བཞག་ནས་ཇི་སྲིད་མི་སྣང་བར་གྱུར་གྱི་བར་དུ་བཟླས་པ་བྱའོ། །དུར་ཁྲོད་དུ་གནས་ནས་ཇི་སྲིད་

Vol. 87 · folio 200b

མི་སྣང་བར་གྱུར་གྱི་བར་དུ་བཟླས་པ་བྱའོ། །དུར་ཁྲོད་དུ་དཀྱིལ་འཁོར་བྱས་ནས་ཁམ་ཕོར་མ་བསྲེགས་པ་ཁ་སྦྱར་ཐལ་བས་བཀང་ནས་དུ་བ་བྱུང་གི་བར་དུ་བཟླས་པ་བྱས་ལ་དེ་ཆུ་གསུམ་བྱས་ནས་མི་སྣང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དགུག་པ་དང་། ལྷ་དང་ཀླུ་དགུག་པ་

ནི་ནུབ་གཅིག་གིས་འགྲུབ་པར་འགྱུར་རོ། །མདོར་བསྡུས་ན་རིག་པ་མཆོག་འདི་དག་གིས་ནི་འདོད་པ་ཕུན་སུམ་ཚོགས་པ་བྱེད་པ་ཡིན་ནོ། །ཡིད་ལ་གང་འདོད་པའི་ཆོ་གས་ཇི་ལྟར་བསྒྲུབས་པ་དེ་དེ་ལྟར་འགྲུབ་པར་འགྱུར་རོ་ཞེས་མཁས་པས་བརྟགས་ལ། འདི་ལ་བྱང་ཆུབ་

སེམས་དཔའི་ཐེག་པ་པས་སོམ་ཉི་མི་བྱའོ། །དེ་ནས་འདིའི་ཐུན་མོང་གི་རས་རིས་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་རིན་པོ་ཆེའི་པདྨ་ལ་བཞུགས་པའོ། །གཡས་སུ་ནི་འཕགས་པ་ཕྱག་ན་རྡོ་རྗེའོ། །ལྷ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རལ་པ་དང་བཅས་པ་གསེར་

གྱི་མདོག་ཅན་ཐམས་ཅད་རིག་པའི་མཆོག་ཅེས་བྱ་བའམ། དྲི་མ་མེད་པ་རྣམ་པར་གནོན་པའི་གཟི་བརྗིད་ཅེས་བྱ་བ་ཡང་རུང་འདི་ལྟ་བུའི་བཅོམ་ལྡན་འདས་མ་འོད་ཀྱི་ཕྲེང་བ་དང་བཅས་པ་བྲི་བར་བྱ་སྟེ། བྲག་ལ་གནས་པའི་པདྨའི་སྡོང་བུ་ལ་བཞུགས་པའོ། །ལྷ་མོའི་

འོག་ཏུ་ནི་དེ་བཞིན་དུ་བགེགས་ཐམས་ཅད་ཚར་གཅོད་པའི་གཡོག་མོ་མཐའ་ཡས་ཞེས་བྱ་བ་བྲིའོ། །ཕྱག་ན་རྡོ་རྗེའི་འོག་ཏུ་ནི་སྒྲུབ་པ་པོ་ཕྱག་འཚལ་བ་བྲི་བར་བྱའོ། །ཡང་ན་རས་རིས་ནི་ཇི་ལྟར་འདོད་པ་དེ་ལྟ་བུ་བྲི་བར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་

ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ཀྱི་སྐུ་ནི་མཐའ་ཡས་པ་ཡིན་པའི་ཕྱིར་རོ། །རྟོག་པ་དང་ལྡན་ཞིང་ཐབས་ལ་མཁས་པ་རྣམས་ཀྱིས་ནི་རས་རིས་ཀྱི་ཆོ་ག་མེད་པའམ། མཆོད་པ་མེད་པར་ཡང་འགྲུབ་བོ། །གསང་སྔགས་ཀྱི་སྒོར་སྤྱོད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་

རིག་པ་མཆོག་གི་རྒྱལ་པོ་བསྡུས་པའི་ལེའུ་རབ་འབྱམ་རྫོགས་སོ།། །།དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བསྟན་པ་དོན་ཡོད་པའི་དངོས་གྲུབ་རབ་ཏུ་འབྱུང་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་རྒྱ་མཚོ་

Vol. 87 · folio 201a

ནམ་མཁའི་སྤྱན་ཞེས་བྱ་བའི་རིག་པའི་རྒྱལ་མོ་རྩེ་མོ་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་རྗེས་སུ་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ནམ་མཁའི་སྤྱན་ཞེས་བྱ་བའི་རིག་པའི་རྒྱལ་མོ་

རྩེ་མོ་མཆོག་འདི་སྐུ་ཐམས་ཅད་ལས་གསུངས་སོ། །ན་མཿསྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱྃ། ཨོྃ་ག་ག་ན་ལོ་ཙ་ནེ། ག་ག་ན་ས་མ། སརྦ་ཐཱ་ཨོྃ་ག་ཏཱ་ཏི་ས་ར་སཾ་བྷ་བཛྲ་ལཱ་ན་མོ་ཨ་མོ་གྷཱ་ནཱཾ་སྭཱ་ཧཱ། ལག་ན་རྡོ་རྗེ་རིག་པའི་རྒྱལ་མོ་རྩེ་མོ་ཆེན་མོ་འདི་ནི་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་བྱུང་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་སྐྱེད་པའི་ཡུམ། མཐའ་ཡས་པ་ཐོགས་པ་མེད་པར་དོན་ཡོད་པར་གྲུབ་པ། སྔགས་ཀྱི་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་ལ་རབ་ཏུ་སྦྱོར་བར་གནས་པའོ། །འདི་

འཛིན་པར་བྱེད་པའི་རིགས་ཀྱི་བུ་ནི་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །བཟླས་པ་ཉིད་ཀྱི་ཡོན་ཏན་མཐའ་ཡས་པ་མཉམ་པ་མེད་པ་ཐོབ་པར་འགྱུར་རོ། །བསྒྲུབ་པ་བྱས་ན་དེ་བཞིན་གཤེགས་པ་ཐམས་

ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་ས་ལ་འཇུག་པ་ཐོབ་པར་འགྱུར་རོ། །རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་རྣམས་ཇི་ལྟར་འདོད་པ་བཞིན་མི་འཕྲོགས་པ་དོན་ཡོད་པ་འདིས་ཚེགས་ཆུང་དུས་ཐོབ་པར་འགྱུར་རོ། །དེ་ནས་

དེ་ནི་རིག་པ་འཛིན་པ་ཐོབ་པའི་རྒྱུར་གྱུར་པའི་རྟོག་པའི་ཆོ་ག་ཕྱོགས་ཙམ་ཞིག་འབྱུང་བར་འགྱུར་རོ། །སེམས་བསྐྱེད་པའི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཚེས་གཅིག་ནས་བརྩམས་ནས། དང་པོ་རེ་ཞིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་

ཉིད་དབུལ་བར་བྱའོ། །དབུལ་བའི་ཚིག་འདི་བརྗོད་པར་བྱ་སྟེ། བདག་ཆེ་གེ་མོ་ཞེས་བགྱི་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་བདག་དབུལ་བར་བགྱིའོ། །ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་དག་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་

Vol. 87 · folio 201b

སྡུག་བསྔལ་བ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཡོངས་སུ་གཟུང་དུ་གསོལ། ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་བརྗོད་དོ། །དེ་ནས་སྡིག་པ་བཤགས་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བསྐྱེད་པ་གང་གིས་བཤགས་པའི་སེམས་བསྐྱེད་

པ་དེས་དུས་ཐམས་ཅད་པའི་སྡིག་པ་ཐམས་ཅད་བདག་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་མཁྱེན་པ་དེ་བཞིན་དུ་བཤགས་པར་བགྱིའོ་ཞེས་བྱ་བའམ། ནུས་པ་ཇི་ལྟ་བ་བཞིན་དུ་བཤགས་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་རྒྱུར་

གྱུར་པ་སེམས་ཅན་ཐམས་ཅད་ཀྱི་ཁམས་རྣམ་པར་སྦྱོང་བར་བྱེད་པའི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་ལ་རྗེས་སུ་ཡི་རང་སྟེ། ཅི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་

པ་དེ་བཞིན་དུ་རྗེས་སུ་ཡི་རང་ཞེས་བྱ་བའམ། ནུས་པ་ཅི་ལྟ་བ་བཞིན་དུ་རྗེས་སུ་ཡི་རང་བར་བྱའོ། །དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པ་ན་བདག་གི་མེད་པ་ཡོངས་སུ་འཛིན་པ་མེད་པ་ཐང་དང་ཆུ་ལས་སྐྱེས་པའི་རིན་པོ་ཆེའི་རི་དང་། རྒྱ་མཚོའི་རིན་པོ་ཆེ་ལ་སོགས་པས་

མཆོད་པའི་ཐབས་ལ་གོམས་པར་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་དབུལ་ཞིང་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྒྱ་ཆེ་ཞིང་གྱ་ནོམ་པ་མཆོད་

པའི་སྤྲིན་རབ་འབྱམ་རྣམས་བདག་གི་སྨོན་ལམ་དང་། བསོད་ནམས་ཀྱི་སྟོབས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས་སོ་སོར་འབྱུང་བར་གྱུར་ཅིག་ཅེས་བརྗོད་ལ། དེ་ལྟ་བུའི་མཆོད་པ་ཆེན་པོ་མངོན་པར་སྒྲུབ་པར་

བྱེད་པའི་རིག་པའི་རྒྱལ་མོ་ཆེན་མོ་འདི་ཡང་ལན་བརྒྱད་ཀྱི་བར་དུ་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཐཱ་ཨུངྒ་ཏེ་སྥར་ཎ་ཧི་མཾ། ག་ག་ན་ཁཾ་ས་མནྟཱ་ཏ་སྭཱ་ཧཱ། དེ་ནས་གཞན་མ་ཡིན་པར་མཆོད་པ་རྣམས་དེ་བཞིན་དུ་ཡང་དག་པར་འབྱུང་བར་འགྱུར་རོ། །

Vol. 87 · folio 202a

དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡོན་ཏན་བསྔགས་པ་རྒྱ་མཚོ་སྒྲོགས་པའི་དབྱངས་རབ་འབྱམ་རྣམས་ཀྱིས་སེམས་ཅན་གྱི་ཁམས་ཐམས་ཅད་དང་། ཆོས་ཀྱི་དབྱིངས་སུ་གྲགས་པ་འཇུག་པར་གྱུར་ཅིག །དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་རྗེས་སུ་འཇུག་པར་གྱུར་ཅིག །མདོ་སྡེའི་ཚུལ་རབ་ཏུ་སྒྲོགས་པར་གྱུར་ཅིག་ཅེས་བསམས་ལ། བསྟོད་པ་དང་བསྔགས་པ་སྒྲུབ་པར་བྱེད་པ། ཆོས་ཐམས་ཅད་ཀྱི་སྤྲིན་གྱི་ཆར་འབེབས་པར་བྱེད་པའི་རིག་པ་ཆེན་མོའི་རྒྱལ་མོ་འདི་ཡང་

ལན་བརྒྱད་ཀྱི་བར་དུ་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཏྲ་སཾ་ཀུ་སུ་མི་ཏཱ། ཨ་བྷི་ཛྙཱ་ན་རཱ་ཤི་ནཱི་ན་མོ་སྟུ་ཏེ་སྭཱ་ཧཱ། དེ་ནས་དེ་བཞིན་དུ་གཞན་མ་ཡིན་པར་བསྟོད་པ་བརྗོད་པ་དང་། ཆོས་བརྗོད་པའི་དབྱངས་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་

ཇི་ལྟར་མཁྱེན་པ་བཞིན་དུ་ངེས་པར་གནས་པར་འགྱུར་རོ། །འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་བསམ་གཏན་ལ་ཆེད་དུ་བྱེད་པའི་དམིགས་པ་ཐམས་ཅད་ཀྱིས་ཏིང་ངེ་འཛིན་སྣ་ཚོགས་ཀྱི་མཚན་

མས་བརྟགས་པའི་སྤྱོད་ལམ་སྟོན་ཅིང་། རྣམ་པ་སྣ་ཚོགས་པའི་སྤྲུལ་པའི་སྤྲིན་འབྱུང་བ་ཆོས་ཀྱི་དབྱིངས་སུ་སྤྲོས་པས་སེམས་ཅན་ཐམས་ཅད་ལ་མངོན་དུ་ཕྱོགས་པས་གནས་པ་དང་། སྟོབས་བཅུའི་ཡེ་ཤེས་ཀྱི་ས་ལ་སེམས་ཅན་རྣམས་རབ་ཏུ་དགོད་པའི་བར་དུ་གྱུར་ཅིག་

ཅེས་ཚིག་ཏུ་བརྗོད་པའམ། བསམས་ལ་དེ་ལྟ་བུའི་སྤྲུལ་པ་ཆེན་པོ་མངོན་པར་སྒྲུབ་པར་བྱེད་པའི་རིག་པའི་རྒྱལ་མོ་ཆེན་མོ་འདི་ལན་བརྒྱད་ཀྱི་བར་དུ་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ན་མོ་སྟུ་ཏེ། མ་ཧཱ་བཛྲ་སརྦ་སཱ་དྷ་ཧི་ཏྃ་ཀ་ར། ཏིཥྠ་སརྦཱ་ཏྲ་སརྦེ་ཥཱཾ་དྷརྨཱ་ཎཱཾ་ཨ་

དྷིཥྠཱ་ཡ་སྭཱ་ཧཱ། དེ་ནས་ཅི་ལྟར་མངོན་པར་བསྒྲུབས་པ་དེ་དག་ཇི་ལྟར་བཞིན་དུ་གནས་པར་འགྱུར་རོ། །རིག་པ་འདི་ཀུན་ཡང་གོང་དུ་ཅི་ཙམ་འདོད་པའི་བཟླས་པ་བྱས་ན་གསང་སྔགས་ཀྱི་སྤྱོད་པ་ཡང་དག་པར་གྲུབ་པ་རྣམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟ་

Vol. 87 · folio 202b

བ་བཞིན་དུ་གཟིགས་པར་འགྱུར་རོ། །དེས་དེ་ལྟར་སེམས་ཅན་གྱི་དོན་དང་དགོས་པ་བདག་གིར་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་སེམས་ཅན་ཐམས་ཅད་ཀྱི་

དོན་བསྒྲུབས་པ་ལ་རྗེས་སུ་ཡི་རང་ཞིང་དམིགས་པ་ལ་གོམས་པར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བའམ། དམིགས་པ་ལ་གོམས་པར་བྱས་ཏེ། འདིར་ཡང་ནམ་མཁའི་སྤྱན་བཟླས་པ་བྱའོ། །ཡང་ན་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པ་

རྣམས་ཀྱི་བྱིན་གྱི་རླབས་ཀྱི་སྟོབས་དང་། བདག་གི་བསོད་ནམས་ཀྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་རྣམས་ཅི་ལྟར་རིགས་པ་བཞིན་དུ་དེ་བཞིན་གཤེགས་པས་བྱིན་གྱིས་རློབ་ཅིང་འབྱུང་བར་གྱུར་ཅིག་ཅེས་དང་པོར་ཡིད་ལ་བྱས་ལ་བཟླས་པ་བྱའོ། །ཡང་ན་དེ་བཞིན་

གཤེགས་པས་བསྔགས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབྱུང་བའི་དངོས་གྲུབ་ཐོབ་པར་གྱུར་ཅིག་ཅེས་བྱའོ། ཡང་ན་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་མིག་དང་ལྡན་པར་གྱུར་ཅིག་ཅེས་བྱའོ། །ཡང་ན་དགེ་བ་ལ་འབད་པར་གྱུར་ཅིག

ཅེས་བྱའོ། །ཡང་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱུ་འབྱུང་བར་གྱུར་ཅིག་ཅེས་བྱའོ། །ཡང་ན་སྟོབས་བཅུ་ཡོངས་སུ་རྫོགས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའམ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཡོངས་སུ་རྫོགས་པའམ།

མཚན་དང་དཔེ་བྱད་དང་ལྡན་པའི་སྐུ་ཡོངས་སུ་རྫོགས་པའམ། ཆོས་ཀྱི་འཁོར་ལོ་ཆེན་པོ་སྐོར་བའི་སྐུ་ཡོངས་སུ་རྫོགས་པ་སེམས་ཅན་ཐམས་ཅད་ཀྱིས་སོ་སོར་ཐོབ་པར་གྱུར་ཅིག་ཅེས་བྱ་བའམ། ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཡང་

དག་པར་འགྲོགས་ཤིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་ཡང་དག་པར་སྒྲུབ་པའམ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་

Vol. 87 · folio 203a

རྣམས་རིམ་གྱིས་གནོན་པའི་ཕྱིར་རམ། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའམ། གཟུངས་དང་། ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་ཐམས་ཅད་དུ་སོ་སོར་འཐོབ་པའམ། མཆོད་པ་ཆེན་པོའི་སྤྲིན་མངོན་

པར་བསྒྲུབ་པ་སྤྲུལ་བའམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲིན་ལས་ཆོས་ཀྱི་ཆར་གྱི་རྒྱུན་འབབ་པ་རབ་ཏུ་གནས་པར་བྱ་བའམ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་བཅད་པའམ། རིག་པ་འཛིན་པའི་དཔལ་ཐོབ་པར་བྱ་བའམ། རྡོ་རྗེ་འཛིན་པ་ཉིད་རབ་ཏུ་འཐོབ་པ་ཡང་

སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག་ཅེས་བརྗོད་དོ། །ཡང་ན་བསམ་པ་ཅི་ལྟ་བ་དང་མོས་པ་ཅི་ལྟ་བ་བཞིན་དུའམ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཕན་པ་དང་། བདེ་བ་འབྱུང་བའི་བསམ་པ་དང་། ལྷག་པའི་བསམ་པས་བཟླས་པ་བྱའོ། །ཡང་ན་བླ་ན་མེད་

པའི་དངོས་གྲུབ་ཐམས་ཅད་བདག་གི་སྨོན་ལམ་གྱི་སྟོབས་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱིས་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག་ཅེས་སམ། ཅི་ལྟར་རིགས་པར་སེམས་ཀྱིས་བསམས་ལ་བཟླས་པ་བྱའོ། །དེ་ལྟར་གོམས་པར་

བཟླས་པ་བྱས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །སྨོན་ལམ་དང་རྗེས་སུ་མཐུན་པ་དང་། བརྩོན་འགྲུས་དང་རྗེས་སུ་མཐུན་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་ཕྱོགས་ཤིང་འཇུག་ན་ངེས་པར་འགྲུབ་པར་འགྱུར་རོ། །འདི་དག་ནི་རྟག་ཏུ་བྱ་བའི་ཆོ་ག་ཡིན་ནོ། །ཡང་

ན་སོམ་ཉི་མེད་པའི་དད་པས་ཅི་ལྟར་ནུས་པའི་ཆོ་གས་བྱའོ། །དེ་ནས་འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པའི་ཆོས་ཀྱི་གླེགས་བམ་མམ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེ་བའི་ལུགས་རྒྱས་པར་བྱེད་པའི་མདོ་སྡེ་གདོན་པར་བྱ། མཆོད་པར་བྱ་བའམ། ཐ་ན་ཕྱག་

བྱས་ནས་སོ། །ཀུན་ནས་ངལ་བར་གྱུར་ནས་ཟས་ཟ་ན། སྔགས་འདིས་ཟས་ལ་ལན་བརྒྱད་མངོན་པར་བཟླས་པ་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོྃ་བ་ལིཾ་ད་དེ། ཏེ་ཛོ་མཱ་ལི་ནི་སྭཱ་ཧཱ། དེ་ནས་ཟས་ཀྱིས་དུབ་པ་བསལ་ལ་ཕྱི་དྲོའི་དུས་སུ་ཡང་སྔ་དྲོའི་ཆོ་ག་འདི་ཉིད་

Vol. 87 · folio 203b

ཀྱིས་བྱའོ། །སྐྱོ་བར་གྱུར་ན་སྔགས་བཟླས་པར་བྱ་སྟེ། ཅི་སྲིད་མི་སྐྱོ་བའི་བར་དུའོ། །དེ་ནས་སྨོན་ལམ་བཏབ་ནས་ལྡང་བར་བྱའོ། །ལངས་ནས་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་ཀློག་པ་ལ་སོགས་པ་གཞན་བྱའོ། །ཉལ་བའི་ཚེ་ཡང་ལུས་ཐམས་ཅད་བཏུད་པས་སངས་རྒྱས་དང་བྱང་ཆུབ་

སེམས་དཔའ་ཐམས་ཅད་ལ་བསམ་པ་ཐག་པས་ཕྱག་བྱས་ལ་ཕྱི་ནས་ཇི་ལྟར་འདོད་པར་གཉིད་ལོག་པར་བྱ་ཞིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་ལ་དངོས་གྲུབ་དང་མཆོག་སྩལ་དུ་གསོལ། གནོད་པ་

ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ། ཞེས་མཁས་པས་རྟག་ཏུ་བྱའོ། །ཉིན་རེ་ཉིན་རེ་འདི་ལྟ་བུའི་ལས་ཟླ་བ་གཅིག་གི་བར་དུ་བྱའོ། །དེ་ནས་ཟླ་བ་ཉ་ལ་ཉིན་ཞག་གཅིག་སྨྱུང་བར་འདུག་ནས་ཅི་འབྱོར་པས་མཆོད་པ་བྱས་ཏེ། མཆོད་རྟེན་ནམ། སྐུ་གཟུགས་སམ། རས་

རིས་ལ་དབེན་ཞིང་སྟོང་པའི་ས་ཕྱོགས་སུ་མེ་ཏོག་སིལ་མ་བཀྲམ་པའི་དཀྱིལ་འཁོར་བྱས་པ་ལ་དམ་པའི་ཆོས་ཀྱི་གླེགས་བམ་མདུན་དུ་བཞག་སྟེ། སྤོས་དྲི་ཞིམ་པོས་བདུགས་ནས་སྐྱིལ་མོ་ཀྲུང་བཅས་ཏེ། ལྕགས་ཀྱི་འཁོར་ལོའམ། རྡོ་རྗེའམ། རལ་གྲི་བླངས་ལ་ཀུ་ཤ་

བཀྲམ་པ་ལ་འདུག་ནས་ཇི་སྲིད་འབར་བར་གྱུར་གྱི་བར་དུ་བཟླས་པ་བྱ་སྟེ། །ནམ་ཕྱེད་དམ་ཉི་མ་ཤར་པའི་དུས་སུ་འབར་བར་འགྱུར་རོ། འབར་བ་ན་ལྟས་ཆེན་པོ་འབྱུང་བར་འགྱུར་ཏེ། ས་གཡོ་བ་དང་། གཞན་ཡང་སངས་རྒྱས་འབྱུང་བ་དང་འདྲ་བའི་ལྟས་ཆེན་པོ་འབྱུང་བར་

འགྱུར་རོ། །སྐད་ཅིག་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་འཆིང་བ་ཞེས་བྱ་བའི་འོད་ཟེར་རབ་ཏུ་འབྱུང་བར་འགྱུར་རོ། །དེ་ནས་རིག་པ་འཛིན་པ་ཐམས་ཅད་འཁོར་དང་བཅས་པ་དང་། རིག་པ་འཛིན་པའི་བུ་མོ་གྲོགས་དང་བཅས་

པ་དང་། རིག་པ་འཛིན་པའི་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པས་དེ་དབང་བསྐུར་བས་ཐམས་ཅད་དུ་ཐོགས་པ་མེད་པ་དང་། ལྷ་ཐམས་ཅད་ཀྱིས་མཆོད་པ་དང་། བསོད་ནམས་ཇི་ལྟར་ཉེ་བར་བསགས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་ཞིང་། སངས་རྒྱས་

Vol. 87 · folio 204a

དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ནུས་པ་ཡང་རབ་ཏུ་འཐོབ་བོ། །ལུས་དེ་ཉིད་མ་དོར་བར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རྗེས་སུ་འཇུག་པ་རབ་ཏུ་འཐོབ་བོ། །སྟོབས་ཅི་ལྟ་བ་དང་། སྣོད་ཇི་ལྟ་བ་

བཞིན་དུ་གོ་རིམས་ཀྱིས་བྱང་ཆུབ་སེམས་དཔའི་ས་རྣམས་གནོན་པར་འགྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་དེ་ཉིད་ཀྱིས་ཐོབ་པར་འགྱུར་རོ། །འདི་དག་ནི་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གསང་སྔགས་ཀྱི་སྒོར་སྤྱོད་པ་ལ་ཞུགས་པ་

གཙོར་བྱེད་པའི་ཐབས་ལ་མཁས་པའི་ཆོ་ག་ཡིན་ནོ། །རིའམ་འབབ་ཆུའི་འགྲམ་མམ། མཚོའི་གླིང་ངམ། ཤིང་གཅིག་གི་དྲུང་ངམ། ཀུན་དགའ་ར་བའམ། དགོན་པའམ། གཙུག་ལག་ཁང་གི་གནས་སམ། སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ། སྐུ་གཟུགས་

ཀྱི་མདུན་དུའམ། ཐ་ན་གཙུག་ལག་ཁང་ངམ། ཁང་པའམ། ཉེ་བར་སྤྱོད་པའི་སའང་རུང་། སྟོང་ཞིང་དབེན་པར་རས་རིས་ཀྱི་མདུན་དུ་བསྒྲུབ་པར་བྱའོ། །གལ་ཏེ་ནུས་པ་ཡོད་ན་རི་ལ་སོགས་པ་སྟོང་ཞིང་དབེན་པའི་གནས་རྣམས་སུ་འདུ་འཛི་རྣམ་པར་སྤངས་ནས། ཐ་ན་ཁྱིམ་

མམ། བྲང་ཁང་ངམ། ཉེ་བར་སྤྱད་ས་འམ། མཛོད་ཕུགས་སུ་ཡང་རུང་། ཅི་སྲིད་མ་བྱུང་གི་བར་དུ་བཟླས་པ་བྱའོ། །དེ་ནས་སྔ་མ་བཞིན་དུ་འཁོར་ལོའམ། རྡོ་རྗེ་ལ་སོགས་པ་ཅི་ལྟར་འདོད་པ་བཞིན་དུ་བསྒྲུབ་པར་བྱའོ། །འབུམ་བཟླས་པ་བྱས་ནས་ལྡོང་རོས་སམ།

མིག་སྨན་ལ་སོགས་པའི་རིག་འཛིན་ཐོབ་པར་བྱེད་པའི་རྫས་ཐམས་ཅད་བསྒྲུབ་པར་བྱའོ། །དབང་དུ་བྱ་བ་ལ་སོགས་པའི་ལས་ཐམས་ཅད་བཀླགས་པས་འགྲུབ་པ་འདི་རིའི་གསེབ་ཏུ་ཞུགས་ལ་འབུམ་ཕྲག་གསུམ་བཟླས་ན་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །མཐོང་

ནས་གཟུངས་ལ་སོགས་པ་རབ་ཏུ་ཐོབ་པར་འགྱུར་རོ། །དབེན་ཞིང་སྟོང་པའི་རི་ལ་སོགས་པར་སྐྱིལ་མོ་ཀྲུང་གིས་འདུག་ལ། སྐྱིལ་མོ་ཀྲུང་མ་བཤིག་པར་མཚན་ཐོག་ཐག་དེ་བཞིན་གཤེགས་པ་ལ་དམིགས་ནས་བཟླས་ན། ནམ་ཕྱེད་དམ་ཉི་མ་འཆར་བའི་དུས་སུ་ལུས་

Vol. 87 · folio 204b

རབ་ཏུ་འབར་བར་འགྱུར་རོ། །འབར་བར་གྱུར་ནས་ལུས་བརྗེས་ནས་རིག་པ་འཛིན་པར་འགྱུར་རོ། །ལྷའི་བཞོན་པ་བྲིས་ནས་དེའི་སྟེང་དུ་འདུག་སྟེ་མཚན་རངས་པ་བཟླས་ན་ལྷའི་བཞོན་པ་རིན་པོ་ཆེ་ལས་གྲུབ་པར་གྱུར་ནས་ནམ་མཁའ་ལ་གང་འདོད་པ་དེར་འགྲོ་བར་འགྱུར་རོ། །རིག་

པ་འདི་ནི་རང་བཞིན་གྱིས་གྲུབ་པ་ཡིན་པས་སྔོན་དུ་བསྙེན་པ་མ་བྱས་པས་ཀྱང་ཆོ་ག་བཞིན་དུ་བྱའོ། །ཅི་སྐད་གསུངས་པའི་རིག་པ་མཆོག་གི་ཆོ་གས་ཀྱང་བྱ་བའམ། ཐབས་དང་མི་ལྡན་པས་ནི་ཇི་ལྟར་འདོད་པའམ། མོས་པ་ཅི་ལྟ་བ་བཞིན་ལས་ཀྱིས་བསྒྲུབ་པར་བྱའོ། །རྟོག་

པ་འདི་ཆོ་གས་ཡིད་ལ་གང་འདོད་པ་ཅི་རིགས་པར་སྦྱར་བར་བྱའོ། །ཡང་ན་རས་རིས་བསྒྲུབ་པར་འདོད་ན་རས་རིས་དེ་བཞིན་གཤེགས་པའི་སྐུ་གཟུགས་པདྨའི་གདན་ལ་བཞུགས་པ་བྲི་བར་བྱའོ། །གཡས་སུ་འཕགས་པ་ཕྱག་ན་རྡོ་རྗེ་པདྨའི་གདན་ལ་བཞུགས་པ་ཐལ་མོ་

སྦྱར་བ་འོད་ཀྱིས་བསྐོར་བ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་དུ་ནམ་མཁའི་སྤྱན་གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རལ་པ་དང་བཅས་པ། ཐལ་མོ་སྦྱར་བ་བྱས་པ། པདྨའི་གདན་ལ་བཞུགས་པ་འོད་ཀྱི་ཕྲེང་བ་ཅན་བྲི་བར་བྱའོ། །དེའི་འོག་ཏུ་

ཁྲོས་པ་གནག་ཅིང་ལྗང་བ། རལ་པ་གཅིག་ཡོད་པ། འཇིགས་པ་ཆེན་མོ་ཞེས་བྱ་བ་གཞོན་ནུ་མ་ལག་པ་གཡས་ཀྱིས་རྡོ་རྗེ་འཛིན་ཅིང་འཕྱར་བ། རིན་པོ་ཆེའི་ཕྲེང་བ་ཅན་བྲག་ལ་བཞུགས་པ། འབར་བའི་ཕྲེང་བ་ཅན་ངུར་སྨྲིག་བགོས་པ། མིག་ཅུང་ཟད་དམར་བ། བགེགས་ཚར་གཅོད་

པ་བྲི་བར་བྱའོ། །འཕགས་པ་ཕྱག་ན་རྡོ་རྗེའི་འོག་ཏུ་ནི་སྒྲུབ་པ་པོ་ཕྱག་འཚལ་བ་བྲི་བར་བྱའོ། །རས་རིས་འདི་ལ་རྟོག་པ་འདིའི་ཆོ་ག་རྣམས་བྱ་བ་འམ་ཅི་ལྟར་འདོད་པས་བྱའོ། །རས་རིས་གཉིས་པ་ནི་ལྷ་མོ་འཇིགས་པར་བྱེད་པའི་གྲོགས་དང་བཅས་པ། རལ་པ་ཐུར་ལ་འཕྱང་བ། ལུས་

འོད་ཀྱི་ཕྲེང་བ་ཅན་ནོ། །དེ་ལྟ་བུ་ལ་ཡང་འདིར་སྔར་གྱི་ཆོ་ག་རྣམས་སྦྱར་བར་བྱའོ། །ཐབས་དང་ལྡན་ནམ་ཐབས་དང་མི་ལྡན་ཡང་རུང་། ནམ་མཁའི་སྤྱན་འདི་ནི་དོན་ཡོད་པ་ཡིན་ཏེ། བསོད་ནམས་དང་ལྡན་ནམ། བསོད་ནམས་དང་མི་ལྡན་ཡང་རུང་ཞེས་རྒྱ་ཆེར་སྦྱར་ཞིང་གང་གིས་

Vol. 87 · folio 205a

ཀྱང་ངེས་པར་འགྲུབ་པར་འགྱུར་ཏེ། འདོད་པའི་དོན་ཕུན་སུམ་ཚོགས་པར་བྱེད་པ་ཡིན་ནོ་ཞེས་མཁས་པས་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་ནམ་མཁའི་སྤྱན་ཞེས་བྱ་བའི་རྟོག་པ་རྫོགས་སོ།། །།དེ་ནས་ཡང་བཅོམ་ལྡན་འདས་སངས་རྒྱས་དང་བྱང་ཆུབ་

སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་མངོན་པར་སྤྲོ་བར་བྱེད་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྡུག་བསྔལ་བར་གྱུར་པའི་སེམས་ཅན་རྣམས་བསྐྱབ་པའི་ཕྱིར་སྔགས་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱརྱ་ཨཱ་གཱ་ཛེ་ཨ་ན་ནྷཱ་བི་ཤཱ་ཡ་ནཱི། ཨ་ར་ཛེ་བི་ར་ཛེ། ཧཱུྃ་

ཏྲཱ་ཀ་ར་སྭཱ་ཧཱ། སངས་རྒྱས་མ་ལུས་ཐམས་ཅད་ཀྱིས། །གསང་སྔགས་འདི་ནི་གསུངས་པ་ན། །ཤིན་ཏུ་རྒྱ་ཆེ་རྣམ་པར་རོལ། །ནམ་མཁའ་ལ་ནི་བྱུང་བར་གྱུར། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱི་མདུན་དུ་འདིའི་ལས་ཀྱི་ཆེ་བའི་བདག་ཉིད་གསུངས་པ་ཆོ་ག་

རབ་འབྱམ་མཐའ་ཡས་པའི་རྒྱལ་པོ་སྐད་ཅིག་དེ་ལ་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བར་བྱེད་པ་ཞེས་བྱ་བའོ། །ཆོ་ག་དེ་དག་ཐམས་ཅད་ཀྱང་འདི་ལ་སྦྱར་བར་བྱ་བའམ། ཡང་ན་ཅི་ལྟར་འདོད་པའི་ཆོ་གས་བྱའོ། །སྙིང་པོ་རྟོག་པའི་ཆོ་གས་ཉིས་འགྱུར་དུ་སྦྱར་པའམ་མཉམ་པས་ཀྱང་རུང་ངོ་། །

དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལུས་ཞེས་བྱ་བ་ཆགས་པ་མེད་པའི་སྒོའི་གཞི་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པའི་རྒྱལ་མོ་ཆེན་མོའི་རྩེ་མོ་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏྲཱི་ཏྲཱི་ཏྲཱི། ཨ་ཧ་ཧ་བྷི་སྨ་ཡེ། ནམཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨ་ས་དྲྀ་ཤེས་སཱ་

ཧཱ། ཕུན་སུམ་ཚོགས་པ་མཐའ་ཡས་བ་ཞེས་བྱ་བའི་རིག་པའི་རྒྱལ་མོ་ཆེན་མོའི་རྩེ་མོ་འདི་ནི་ཆོ་ག་དེ་དག་ཉིད་ཀྱིས་སྦྱར་བར་བྱའོ་ཞེས་བྱ་བར་རྒྱལ་བ་རྣམས་ཀྱིས་མཁྱེན་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་དང་མཉམ་པ་ཞེས་བྱ་བ་ཀུན་ནས་ནམ་མཁའ་དང་མཉམ་པའི་ཏིང་ངེ་འཛིན་

ལ་སྙོམས་པར་ཞུགས་ནས་རིག་པའི་རྒྱལ་མོའི་རྩེ་མོ་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ཧ་ཧ་ཧ། མ་ཧཱ་མུ་ནི་བྷི་སྨ་ཡེ། ཧ་ར་ཧ་ར། ཏྲ་ཡ་ཏྲ་ཡ། བི་ཤོ་དྷ་ཀེ་ནམཿསརྦ་ཏ་ཏཱ་ག་ཏེ་བྷྱཿསྭཱ་ཧཱ། དོན་ཡོད་པའི་དོན་ཡོད་པ་ཞེས་བྱ་བ་ངག་གི་དབང་ཕྱུག་མ་ཞེས་བྱ་བའི་རིག་པའི་རྒྱལ་མོའི་

Vol. 87 · folio 205b

རྩེ་མོ་ཡངས་ཤིང་རྒྱ་ཆེ་བའི་རྣམ་པར་རོལ་པའི་སྤྱོད་ཡུལ་ཡིན་ཏེ། འདིའི་ཆོ་ག་ཡང་དེ་དག་ཉིད་ཀྱིས་བྱ་བ་འམ། ཡིད་ལ་གང་འདོད་པས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཀུན་དུ་ཤིན་ཏུ་མཉམ་པར་རྫོགས་པར་གྲུབ་པ་ཞེས་བྱ་བའི་དངོས་གྲུབ་ཀྱི་རྒྱལ་པོའི་རྩེ་མོ་ལ་སྙོམས་པར་ཞུགས་པ་ཞེས་བྱ་

བའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྩེ་མོ་ཞེས་བྱ་བའི་རིག་པ་ཆེན་མོའི་རྒྱལ་མོ་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་མ་ལ་བ་ལེ་ཧ་ཧ། ཨ་ས་མ་ས་མནྟ། ག་ག་ན་ག་ག་ན། ས་མ་ས་མ། ཀུ་རུ་ཀུ་རུ། ན་མཿསརྦ་བུདྡྷ་བོ་དྷི་

ས་ཏྭེ་བྷྱཿསྭཱ་ཧཱ། སངས་རྒྱས་སྲས་དང་བཅས་རྣམས་ཀྱིས། །ལྷན་ཅིག་འདིར་ནི་གསུངས་པ་ན། །ཆོས་དབྱིངས་ངོ་མཚར་ཆེན་པོ་འདི། །ཐམས་ཅད་ཀུན་དུ་རྨད་དུ་གྱུར། །འདིའི་ཆོ་ག་ཡང་དེ་དག་ཡིན། །འཇིག་རྟེན་ཐམས་ཅད་ཀུན་དུ་ཡང་། །འདི་དང་འདྲ་བ་དེ་ཡོད་མིན། །རས་རིས་ཀྱི་ཁྱད་

པར་ནི་ནམ་མཁའི་སྤྱན་གྱི་གནས་སུ་ལྷ་མོ་ཀུ་མུ་དའི་མདོག་ཅན། རལ་པ་དང་བཅས་པ། རྒྱན་དང་བྲལ་བ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་བྲི་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་དེ་ལྟ་བུ་ཉིད་ཡིན་ནོ། །ལག་ན་རྡོ་རྗེ་ནི་གཏུམ་པའོ། །གཡོན་དུ་ནི་རལ་པ་གཅིག་ཡོད་

པ། གནག་པ། མིག་དམར་བ། བགེགས་མཐར་བྱེད་པ། ཁྲོས་པ། ངུར་སྨྲིག་བགོས་པ། གཞོན་ནུ་ལག་ན་རལ་གྲི་ཐོགས་པ་བྲི་བར་བྱ་སྟེ། འབར་བའི་ཕྲེང་བས་བསྐོར་བ་རིན་པོ་ཆེའི་བྲག་ལ་གནས་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །རིན་པོ་ཆེའི་བྲག་ལ་གནས་པའི་པདྨའི་སྡོང་བུ་ལ་

གནས་པ་བྲི་བར་བྱའོ། །རིག་པའི་རྒྱལ་མོའི་རྩེ་མོ་འདི་རས་རིས་ལ་རྟོག་པའི་ཆོ་ག་ཐམས་ཅད་སྦྱར་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པའི་རྒྱལ་མོའི་རྩེ་མོ་དོན་ཡོད་པ་ཞེས་བྱ་བ་འདི་གསུངས་སོ། །

ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཪྠཱ་སིདྡྷ་བིདྱ་ཨུཏྟ་མ་ཨཱ་གྲེ་སྭཱ་ཧཱ། །བྱང་ཆུབ་སེམས་དཔའ་ལོངས་སྤྱོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིག་པའི་རྒྱལ་མོའི་རྩེ་མོ་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ར་ཛེ་ས་མ་ཡ། སཱ་དྷ་ཡཱི་ཀུ་རུ་ཀུ་རུ།

Vol. 87 · folio 206a

སིདྡྷི། ཨ་མོ་གྷ། ཨ་པྲ་ཏི་ཧ་ཏ་སྟེ་སིདྡྷི། ས་ཏ་ཀེ་ཏ། ཨུ་ཐཱ་ཨ་ག་ག་ནཱཾ་སྭཱ་ཧཱ། གཏུམ་པོ་མཉམ་པ་མེད་པ་ཞེས་བྱ་བ་རིག་པའི་རྒྱལ་མོའི་རྩེ་མོ་ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ས་མ་ས་མ། ཨ་གྲེ་ཨ་གྲེ། དྷ་ར་དྷ་ར། དྷི་རི་དྷི་རི། ཏ་ཡི་ཏ་ཡི། ག་ག་ནཱཾ་སཱ་དྷ་ཡ། སརྦཾ་ན་

མོ་སྟུ་ཨ་པྲ་ཏི་ཧ་ཧ་ཨཱ་གྲཱ་ནཱཾ། ཛྭཱ་ལ་ཛྭཱ་ལ། ཧཱ་ས་ནེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་དམ་ཚིག་ཅེས་བྱ་བའི་ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པ་རིག་པའི་རྒྱལ་མོའི་རྩེ་མོ་ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཧྲྀ་ད་ཡཾ། ས་མ་ཡཾ་ས་མ་ཡཾ། ན་དྷི་བིརྱ་ཏེ་སྤྱ་ས་དྷོ། ཥ་མ་ཡཾ། ཏ་ཊི་དནྟ། ན་

མོ་ཨ་གྲ། གུ་ཎཱ་ཨ་ནནྟ། མ་ཡཾ་གུ་རུ་ཏེ། སཉྩ་སརྦཱ། མི་དྷཾ་མ་པི་ཏེ། སྟོབས་གསུམ་པ་ཞེས་བྱ་བ་རིག་པའི་རྒྱལ་མོ་རྩེ་མོ་ཐམས་ཅད་དུ་མི་མཉམ་པ་ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པ་ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་མོ་གྷ། ཨ་ཙི། པྲ་བི་ཤ་བ་ར་དེ། ཨ་མ་ལ།

ཨ་མ་ལ། ཛྭཱ་ལ་ན་ཙ་ལོདྡྷ་ཏེ། སྥ་ར་ཎ་སྭཱ་ཧཱ། འཇིགས་པ་མེད་པ་དོན་ཡོད་པའི་འོད་ཟེར་ཞེས་བྱ་བའི་རིག་པའི་རྒྱལ་མོའི་རྩེ་མོ་ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ས་མ། དྷ་ར་དྷ་ར། ས་མ་ས་མ། སཾ་ག་ཏ་སཾ་ག་ཏ། ཏཱི་ཊཱི་ཏཱི་ཊཱི། ཧ་ས་ཧ་ས། ཏཱི་ཏཱི་མ་ཧཱ་མ་ཧཱ། བི་ཤྭ་དྷཱ་གྲ་ཨ་

གྲ། ཧཱུྃ་སྤཱ་ར་སྥཱ་ར་སྥཱ་ར། བི་མ་ལེ་ཀུ་རུ། ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ། ཨ་སྠ་སིདྡྷི། ཡཾ་ཨ་དུཿ ཁ་ག་ར་སྭཱ་ཧཱ། མཉམ་པ་མེད་པའི་མཆོག་གི་སྟོབས་ཀྱི་རྩེ་མོ་ཞེས་བྱ་བ་རིག་པའི་རྒྱལ་མོའི་རྩེ་མོ་ཡིན་ནོ། །དེ་ནས་མཉམ་པ་མེད་པ་ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པ་ཐུན་མོང་མ་ཡིན་པའི་རས་རིས་

འབྱུང་བར་འགྱུར་ཏེ། བཅོམ་ལྡན་འདས་ནི་པདྨའི་གདན་ལ་བཞུགས་པ་འོད་ཟེར་རབ་ཏུ་འཕྲོ་བ་བྲི་བར་བྱའོ། །གཡས་སུ་འཕགས་པ་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བའོ། །བཅོམ་ལྡན་འདས་ཀྱི་གཡོན་དུ་ནི་གསེར་གྱི་མདོག་ཅན་རལ་པ་དང་བཅས་པའི་ཅོད་པན་འཛིན་པ། ང་རྒྱལ་

དང་བྲལ་བ་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བའི་ལྷ་མོའོ། །ལྷ་མོའི་འོག་ཏུ་དྲག་གཏུམ་ཞེས་བྱ་བའི་གཡོག་པོ་གཞོན་ནུ་རལ་པ་ཅན་གནག་ཅིང་སྔོ་བ། གོས་སྔོན་པོ་བགོས་པ། ཁྲོས་པ། མིག་དམར་བ། ལག་ན་རྡོ་རྗེ་ཐོགས་པ། འབར་བས་བསྐོར་བ། བགེགས་ཚར་གཅོད་པ་བྲི་བར་

Vol. 87 · folio 206b

བྱའོ། །རྡོ་རྗེ་འཛིན་གྱི་འོག་ཏུ་ནི་སྒྲུབ་པ་པོ་ཕྱག་འཚལ་བ་བྲི་བར་བྱའོ། །འདི་ལ་ཡང་ལས་དེ་དག་ཐམས་ཅད་སྦྱར་བར་བྱ་བའམ། དེ་བཞིན་གཤེགས་པའི་ཆོ་གས་སམ། རིག་པ་མཆོག་གི་ཆོ་གས་སྦྱར་བའམ། ཇི་ལྟར་མངོན་པར་འདོད་པས་སམ། རྟོག་པ་གཞན་གྱི་ཆོ་གས་ཀྱང་བསྒྲུབ་

པར་བྱ་སྟེ། ཐེ་ཚོམ་དང་བྲལ་བའི་དད་པས་བྱའོ། །ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པ་རིག་པའི་རྒྱལ་མོ་ཆེན་མོའི་རྩེ་མོ་འདིས་ཁ་ཅིག་ལ་ནི་མཚན་གཅིག་གིས་དངོས་གྲུབ་འབྱུང་བར་འགྱུར་རོ། །ཁ་ཅིག་ལ་ནི་ནུབ་གཉིས་ནའོ། །ཁ་ཅིག་ལ་ནི་ནུབ་གསུམ་ནའོ། །ཁ་ཅིག་ལ་ནི་ཟླ་བ་ཙམ་

གྱིས་ངེས་པར་དངོས་གྲུབ་འབྱུང་བར་འགྱུར་རོ། །འདིར་ཡང་སྔ་མ་བཞིན་དུ་ཕན་ཡོན་ཡོད་པར་ཤེས་པར་བྱའོ། །འདི་ལ་ནི་ཚུལ་ཁྲིམས་དང་ལྡན་ཡང་རུང་། ཚུལ་ཁྲིམས་དང་མི་ལྡན་པ་ཡང་རུང་། བསོད་ནམས་དང་ལྡན་ཡང་རུང་། བསོད་ནམས་དང་མི་ལྡན་ཡང་རུང་འགྲུབ་པར་འགྱུར་ཏེ།

གཞན་དུ་ན་དད་པ་མེད་པ་དང་། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ནི་མ་གཏོགས་སོ། །ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པ་རིག་པའི་རྒྱལ་མོ་རབ་འབྱམ་རིམ་པར་ཕྱེ་བའོ།། །།དེ་ནས་བཅོམ་ལྡན་འདས་འབར་བའི་རྩེ་མོ་ཀུན་དུ་མཐའ་ཡས་པ་ཞེས་བྱ་བའི་གད་མོ་སྤྱི་གཙུག་ནས་གྲགས་པས་མཐར་

ཐུག་པ་མེད་པའི་ཆོས་ཀྱི་དབྱིངས་མཐའ་ཡས་པའི་རྣམ་པར་རོལ་པའི་སྤྱོད་ཡུལ་ཅན། གཙུག་ཏོར་གྱི་ཡང་གཙུག་ཏོར་དཀྱིལ་འཁོར་གྱི་བདག་པོ་རིག་པ་བྱུང་བར་གྱུར་ཏོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་གྲཱ་ཨ་གྲཱ་བི་ཥ་ཡེ། ས་མ་ས་མ། བར་བར། དེང་ཡཾ་ཀུ་རུ། ཨརྠ་སིདྡྷི། ཛྭཱ་ལ་ན་མཿ།

ཨ་པྲ་ཏི་ཧ་ཏོ་ཥྞཱི་ཥཱཎཱཾ། ཨ་ཏི་ཨ་ཏི་སྭཱ་ཧཱ། སངས་རྒྱས་ཐམས་ཅད་ཀྱི་གཙུག་ཏོར་དང་གཞན་དག་ལས་ཀྱང་ཐོགས་པ་མེད་པར་གཙུག་ཏོར་གྱི་རྩེ་མོ་ཞེས་བྱ་བ་གསུངས་པ་ན་མཐའ་ཡས་ཤིང་ཡངས་པའི་ངོ་མཚར་བྱུང་བས་ཐམས་ཅད་གཡོས་པར་གྱུར་ཏོ། །དེ་ནས་ཤར་ཕྱོགས་ལགས་ནས་དེ་

བཞིན་གཤེགས་པ་མཐའ་ཡས་པ་དྲི་མ་མེད་པ་ཞེས་བྱ་བས་དེ་བཞིན་དུ་འོད་ཀྱི་སྣང་བར་བྱེད་པ་ཞེས་བྱ་བའི་རིག་སྔགས་འདི་གསུངས་ཤིང་ཐོས་པར་གྱུར་ཏོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་གྲ་བི་མ་ལེ་ན་མཿ། ཨ་གྲཱ་བི་མནྜ་ལེ་ན་མཿ། ཨ་གྲི་ཡ་ཨ་གྲ་སྭཱ་དེ་ནཱ་མཿ། སིདྡྷྱ་ཨ་གྲ་ཡེ་ཀེ་

Vol. 87 · folio 207a

ན་མཿ། ཨ་ཙ་ལ་མ་ཧཱ་བ་ལ་ཨ་གྲེ་ན་མཿ། ཛྭཱ་ལ་ཛྭཱ་ལ། དྷུ་ན་དྷུ་ན། དོ་ཥ་ཎ་ཇ་ག་ཏ། གྷ་ཏ་གྷ་ཏ། བི་ཥ་ཡཾ་ན་མཿསྠཱཾ་ཨ་པྲ་ཏི་ཧ་ཏེ་བྷྱཿསྭཱ་ཧཱ། གཙུག་ཏོར་དྲི་མ་མེད་པའི་གཙུག་གི་རྩེ་མོ་ཞེས་བྱ་བའོ། །སྟེང་གི་ཕྱོགས་ལོགས་ནས་དེ་བཞིན་གཤེགས་པ་བདུད་རྩིའི་

སྙིང་རྗེས་བརྒྱན་པ་ཞེས་བྱ་བས་ཀུན་དུ་བཞད་པའི་རྩེ་མོ་ཞེས་བྱ་བའི་བཞད་པའི་མཆོག་མཛད་ནས་རྩེ་མོ་འདི་གསུངས་ཤིང་ཐོས་པར་གྱུར་ཏོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ཧོ་མ་ཧཱ་བི་སྨ་ཡ་ཨ་གྲི། སད་ཨ་གྲཱ་ཎཱཾ། ཨ་ཧོ་ཀཱ་རུ་ཎཱ། ཨ་མྲྀ་ཏ། ཨ་གྲེ་བར་ཏི་ནི། སཱ་དྷ་ཡ་ཨ་མྲྀ་ཏ་དྷརྨཱ་ཎཱཾ།

ཏདྱ་ཐཱ། ཀཱ་རུ་ཎི་ཀཱ་རུ་ཎི། དྷི་རི་དྷི་རི། ཤཱི་ཁཱི་ཤཱི་ཁཱི། དྷ་རི་དྷ་རི། ཨ་གྲི་ཏ་ར་ཨ་གྲི་ཏ་ར། ན་མོ་ཨ་གྲེ་བྷྱཿ། ཏ་ཐཱ་ག་ཏེ་བྷྱཿ། བོ་དྷི་ས་ཏྭེ་བྷྱཿ། སྥ་ར་ཎ་ག་ག་ན་བ་རེ་སྭཱ་ཧཱ། སྙིང་རྗེ་བདུད་རྩི་རྩེ་མོའི་དམ་ཚིག་ཅེས་བྱ་བའི་གཙུག་ཏོར་རོ། །ཡང་གཙུག་ཏོར་གསུམ་པ་ཞེས་བྱ་བའི་རྡོ་རྗེ་

འཛིན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གསོལ་བ་འདེབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་རིག་པའི་རྩེ་མོའི་རྩེ་མོ་འདི་རབ་ཏུ་ཐོབ་བོ། །རབ་ཏུ་ཐོབ་ནས་གསུངས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏྲི་ཤཱི་ཁཱ། ཨ་གྲ་ན་མོ་

སྟུ་ཏེ། ས་མནྟ་ཤ་མནྟཱ། ཨ་གྲི་གུ་ཎ་ཨ་ཙ་ལ་ཨ་གྲ་དྷརྨ་ཏེ། བི་དྷུ་ན་ཧཱི་ཀླེ་ཤཱ་ནཱཾ། དུཿཁ་ཛྭཱ་ལཾ་ག་ཛ་ཏེ། སརྦ་དུཿཁཾ་ད་ད་ཧི་ཙཾ། ཤཱནྟ་དཾ་ཏྲི་ས་མ་ཡེ་ཀུ་རུ་སྭཱ་ཧཱ། རྩེ་མོའི་རྩེ་མོ་ཆོས་རྩེ་མོ། །སེམས་ཅན་ཀུན་གྱི་དོན་བྱེད་ནི། །ཀུན་ནས་ཡོན་ཏན་མཐའ་ཡས་པ། །སྲས་དང་བཅས་

པས་གསུངས་པར་གྱུར། །དེ་ནས་བླ་ན་མེད་པ་ཐོགས་པ་མེད་པ་དོན་ཡོད་པའི་ཆོས་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡི་སྟོབས་ཀྱི་སྟོབས་ཅན་རྣམས་ཀྱིས་ཐུན་མོང་གི་ཆོ་ག་ལ་འཇུག་པ་བཤད་པར་བྱའོ། །ཐབས་ལ་མཁས་པ་རྣམས་ཀྱིས་སྔ་མ་བཞིན་དུ་

སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རབ་ཏུ་བྱེད་པར་འདོད་པས་ཚེས་གཅིག་ནས་བརྩམས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཀྱི་དངོས་པོ་དབུལ་བར་བྱ་བ་དང་། སྔ་མ་བཞིན་དུ་སྡིག་པ་བཤགས་པར་བྱའོ། །ནུས་པ་ཅི་ལྟ་བ་བཞིན་དུ་དུས་གསུམ་

Vol. 87 · folio 207b

དུ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མཛད་པ་ལ་རྗེས་སུ་ཡི་རང་བས་རྗེས་སུ་ཡིད་རང་ངོ་། །དེ་བཞིན་དུ་བདག་གི་བསོད་ནམས་ཀྱིས་དེ་བཞིན་གཤེགས་པ་འཁོར་དང་བཅས་པས་

སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པར་མཛད་པ་འབྱུང་བར་འགྱུར་བ་འགྲུབ་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བར་བྱ་ཞིང་། བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད་ལ། དབེན་ཞིང་སྟོང་པའི་གནས་རྣམས་སུ་སྔགས་འདི་བཟླས་པ་བྱས་ལ་གོམས་པར་བྱའོ། །ཡིད་སྐྱོ་བར་གྱུར་ན་དམ་

པའི་ཆོས་བཀླག་པར་བྱའོ། །འདུ་འཛི་སྤངས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཤིང་ཕྱག་འཚལ་ནས་བཟླས་པ་ལ་གོམས་པས་བཟླས་པ་བྱ་བའམ། ནུས་པ་ཇི་ལྟ་བ་བཞིན་དུ་ཚེས་གཅིག་ནས་བརྩམས་ནས་ཟླ་བའི་བར་དུ་བཟླས་ལ་དེ་ནས་ཟླ་བ་ཉ་ལ་མེ་

ཏོག་དྲི་ཞིམ་པོ་བཀྲམ་པའི་དཀྱིལ་འཁོར་བྱས་ནས་མཚན་ཐོག་ཐག་བཟླས་པ་བྱས་ན། དེ་བཞིན་གཤེགས་པ་བྱོན་ནས་མགོ་ལ་ཕྱག་གིས་རེག་ནས་འདོད་པའི་དོན་གསུང་བར་འགྱུར་རོ། །རེག་པ་ཙམ་གྱིས་མངོན་པར་ཤེས་པ་ལྔ་འབྱུང་བར་འགྱུར་རོ། །སྔགས་ཀྱི་སྤྱོད་པ་ལ་འཇུག་པ་ཡང་

རབ་ཏུ་ཐོབ་པར་འགྱུར་རོ། །གལ་ཏེ་དེ་བཞིན་གཤེགས་པའི་གཟུགས་བརྙན་མཐོང་ན་སླར་ཡང་ཟླ་བ་གཅིག་ན་མངོན་པར་ཤེས་པ་ལྔ་འཐོབ་པར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུའི་ཆོ་གའམ། རིག་པ་མཆོག་གིའམ། རྟོག་པ་གཞན་གྱི་ཆོ་གའམ།

ཡིད་ལ་གང་འདོད་པའི་སྒྲུབ་པའི་ཆོ་གས་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་རླབས་ཀྱི་སྟོབས་དང་། ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པའི་ཆོས་ཉིད་ཀྱིས་བྱིན་གྱིས་བརླབས་ཀྱིས་འདིར་སེམས་ཅན་རྣམས་ལ་ཕན་པའི་རྒྱུར་གྱུར་ཅིག་ཅེས་བསམས་

ནས་བཟླས་ན། དེ་ནས་གཞན་མ་ཡིན་པར་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་ཡང་དག་པར་གནས་པར་འགྱུར་ཞིང་དེ་དག་ལ་ཕན་པ་ཡང་འབྱུང་བར་འགྱུར་རོ་ཞེས་དད་པར་ཡང་བྱའོ། །དོན་ཡོད་པ་འདིར་ཡང་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་

Vol. 87 · folio 208a

དངོས་གྲུབ་ངེས་པར་འབྱུང་བར་འགྱུར་རོ། །དེ་དག་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡང་དག་པར་མཁྱེན་པར་འགྱུར་རོ། །བསོད་ནམས་ཇི་ལྟ་བ་བཞིན་དུ་གང་གིས་རིག་པ་འཛིན་པར་འགྱུར་ཞིང་། ཡོན་ཏན་མཐའ་ཡས་པའི་བདུད་རྩི་དེ་ཁོ་ན་ཉིད་རབ་ཏུ་འཐོབ་ཅིང་ཡོངས་

སུ་སྤྱད་པ་ཐམས་ཅད་ལ་འཕྲོགས་པ་མེད་པའི་གྲོགས་དང་བཅས་པས་འགྲོ་བས་སམ། ཅི་ལྟར་མངོན་པར་འདོད་པའི་ཆོ་གས་བསྒྲུབ་པར་བྱའོ། །མདོར་ན་མཚན་གཅིག་གིས་ཀྱང་རིག་པ་འཛིན་པར་འགྱུར་ཏེ། སྐྱིལ་མོ་ཀྲུང་མ་བཤིག་པར་དེ་བཞིན་གཤེགས་པ་རྗེས་སུ་དྲན་པས་མེ་ཏོག་

དྲི་ཞིམ་པོ་བཀྲམ་པའི་དཀྱིལ་འཁོར་ལ་ཞུགས་པའི་དམ་པའི་ཆོས་ཀྱི་གླེགས་བམ་གྱི་མདུན་དུ་མཚན་ཐོག་ཐག་བཟླས་ན་ངེས་ངེས་པར་ཉི་མ་ཤར་བའི་ཚེ་རིག་པ་འཛིན་པར་འགྱུར་རོ། །ལས་གཞན་ཡང་འབྱུང་བར་འགྱུར་ཏེ། ལྷ་དགུག་པ་ནི་ཡུངས་ཀར་དང་མར་གྱིས་སོ། །ཀླུ་དགུག་པ་ནི་

མར་དང་སྦྲང་རྩི་བསྲེས་པ་དང་ཕོ་བ་རིས་ཀྱིས་སོ། །གནོད་སྦྱིན་དགུག་པ་ནི་སྦྲང་རྩི་ཅན་གྱི་མེ་ཏོག་མར་གྱིས་བསྒོས་པ་དང་ཏིལ་མར་གྱིས་བསྒོས་པའི་སྔགས་མ་རུད་ཀྱིས་སོ། །རིག་པ་འཛིན་པ་ལ་ནི་ཏིལ་མར་གྱིས་བསྒོས་པའི་ཡུངས་ཀར་གྱིས་སོ། །རྒྱལ་པོ་དགུག་པ་ལ་ནི་མར་གྱིས་གང་བའི་

སྦྱིན་སྲེག་གིས་ཏེ། མེ་ཏོག་དང་བཅས་པ་བསྲེག་པར་བྱའོ། །སྐྱེས་པ་དབང་དུ་བྱ་བ་ལ་ནི་མར་གྱི་དཀྱིལ་འཁོར་གྱིས་སོ། །བུད་མེད་དབང་དུ་བྱ་བ་ལ་ནི་པྲི་ཡང་ཀུའི་མེ་ཏོག་སྦྲང་རྩིས་བསྒོས་པ་བསྲེག་པར་བྱའོ། །ཐེ་ཚོམ་དང་བྲལ་བས་ཅི་ལྟར་འདོད་པར་ངེས་པར་བསྒྲུབ་པར་བྱ་སྟེ། ཐུན་མོང་

གི་སྦྱོར་བ་ཡིན་ནོ། །འདིའི་རས་རིས་ཀྱི་ཆོ་ག་ནི་བཅོམ་ལྡན་འདས་གསེར་གྱི་མདོག་ཅན་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྤྱི་གཙུག་ནས་བྱུང་བའི་འོད་ཟེར་གྱི་སྟེང་དུ་འོད་ཟེར་གྱི་ཕྲེང་བའི་དཀྱིལ་འཁོར་ཅན་བྲི་བར་བྱའོ། །གཡས་སུ་འཕགས་པ་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་ཐལ་མོ་

སྦྱར་བ་པདྨ་ལ་བཞུགས་པ་འོད་ཀྱི་ཕྲེང་བ་ཅན་ནོ། །བཅོམ་ལྡན་འདས་ཀྱི་གཡོན་དུ་ནི་ཀུ་མུ་དའི་མདོག་ཅན་སྒྲོས་དམར་བ། ལག་པ་དང་རྐང་པ་དམར་བ། རལ་པ་དང་བཅས་པ། རྒྱན་དང་བྲལ་བ། ཐལ་མོ་སྦྱར་བ་བྱས་པ། པདྨ་དམར་པོའི་གདན་ལ་བཞུགས་པའི་ལྷ་མོའོ། །དེའི་

Vol. 87 · folio 208b

འོག་ཏུ་གཏུམ་པོ་ཆེན་པོ་འདུལ་བ་ཞེས་བྱ་བ་གཞོན་ནུ་མ་ཁྲོས་པ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། གནག་ཅིང་ལྗང་བ། རལ་པ་གཅིག་ཡོད་པ། མིག་ཅུང་ཞིག་དམར་བ་བྲི་བར་བྱའོ། །འཕགས་པ་ཕྱག་ན་རྡོ་རྗེའི་འོག་ཏུ་ནི་སྒྲུབ་པ་པོ་ཕྱག་འཚལ་བ་བྲི་བར་བྱའོ། །འདིར་ཡང་ཆོ་ག་

ནི་དེ་ག་ཉིད་ཡིན་ནོ། །ཡིད་ལ་གང་འདོད་པས་ཀྱང་རུང་ངོ་། །རས་རིས་གཉིས་པ་ནི་ལྷ་མོ་པདྨ་ལ་གནས་པ་རལ་པ་ཐུར་དུ་བཤལ་བའོ། །མངག་གཞུག་པ་གཏུམ་ཆེན་ནི་གཞོན་ནུ་སྐྲ་འགྲེང་བར་བྲི་བར་བྱའོ། །གཙུག་ཏོར་རབ་འབྱམ་གྱི་རིམ་པར་ཕྱེ་བའོ།། །།བཅོམ་ལྡན་འདས་

ཀྱི་དབུའི་སྤྱི་གཙུག་ནས་ཀུན་ནས་རོལ་པ་ཡངས་ཤིང་རྒྱ་ཆེ་བའི་འོད་ཟེར་གྱིས་བརྒྱན་པའི་སྔགས་འདི་ལྟ་བུ་བྱུང་བར་གྱུར་ཏོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་ཤཱི་ཁཱ་ཨནྟ། ཨ་གྲ་ཨ་གྲ་སྭཱ་ཧཱ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་མ་ལ་ཨ་གྲ་མ་ཡེ་ན་མོསྟ་ཨ་གྲ་ཙཾ་ཨུ་བི་ཥ་ཡེ་ཤི་ཁི་ནཱི་སྭཱ་ཧཱ།

ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་མྲྀ་ཏེ་ཨཱ་དྷ་ར་བི་ཥ་ཡེ། ཨ་གྲ་དྷརྨ་ཏེ། ན་མ་སྟཱིཏྟི། སྟཱིཏྟི་མ་ཧཱ་བཱི་ར་སྭཱ་ཧཱ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏྲི་ས་མ་ཡ། བི་ཥ་ཡེ། ཏྲི་ཤཱ་ཁཱ་ཨ་གྲ་ཏཱ་བྷོ་གི་ནཱི། ཨ་ནུཏྟ་ར་ཨ་གྲ་ཨུཏྟ་རི་མ་ཧཱ་ཤི་ཁེ་སྭཱ་ཧཱ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་གྲ་

ཨུཏྟ་ར་ཨ་གྲི་བི་ཥ་ཡ་ན་མཿསྭཱ་ཧཱ། སྤྱི་གཙུག་འདི་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་དང་ཀུན་དུ་མཉམ་པ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ཞིང་དུ་གྱུར་པ། སེམས་ཅན་གྱི་ཁམས་རྣམས་རྣམ་པར་སྦྱོང་བར་བྱེད་པ་བསྒྲུབ་པར་བྱའོ། །སྔགས་ཆེན་པོའི་བླ་ན་མེད་པའི་

ཡོན་ཏན་ལ་ཡང་དད་པར་བྱས་ནས་བསྒྲུབས་ན་ལས་ཐམས་ཅད་དེ་བཞིན་དུ་བྱེད་པར་འགྱུར་རོ། །རས་རིས་ཀྱི་ཁྱད་པར་ནི་ལྷ་མོ་གསེར་གྱི་མདོག་ཅན་རྒྱན་དང་བྲལ་བ་རལ་པའི་ཅོད་པན་འཛིན་པ་བྲི་བར་བྱའོ། །འོག་ཏུ་སྤྱི་གཙུག་གི་འོད་ཟེར་ཞེས་བྱ་བའི་གཞོན་ནུ་མ་ལག་པ་གཡོན་པ་ན་

ཞགས་པ། གཡས་ཀྱིས་རྡོ་རྗེ་འཕྱར་བ། ཁྲོས་པ། རལ་པ་གཅིག་ཡོད་པ། གནག་ཅིང་ལྗང་བ། མིག་དམར་བ། དེ་བཞིན་དུ་རིན་པོ་ཆེའི་བྲག་ལ་གནས་པ་བགེགས་ཚར་གཅོད་པ་བྲི་བར་བྱའོ། །སྤྱི་གཙུག་རབ་འབྱམ་གྱི་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་དེའི་ཚེ་བྱང་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words