དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་རྒྱུད

Sanskrit title (Tibetan script, as in the text) ཏྲི་ས་མ་ཡ་བྱཱུ་ཧ་རཱ་ཛཱ་ནཱ་མ་ཏནྟྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 87 · folio 209a

ཆུབ་སེམས་དཔའ་འོད་ཟེར་གྱི་སྤྲུལ་པ་ཞེས་བྱ་བ་ཀུན་ནས་མ་ལུས་པའི་འོད་ཟེར་གྱི་མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་རབ་འབྱམ་ལ་བལྟ་ཞིང་སྔགས་འདི་སྨྲས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ཏེ་ཛེ་ས་མ་ས་མ། ཏེ་ཛེ་ནི། ཛྭཱ་ལ་ཡ་ཛྭཱ་ལ་ཡ་ཛྭཱ་ལ་ཡ། མ་ཧཱ་བེ་ག། ཨ་ས་གྲེ་

ཧེ། དྷ་མ་དྷ་མ། བི་དྷ་མ་བི་དྷ་མ། མུཾ་ཙཱ་ཧི་སརྦ་ཐཱ་ཕྲ་བཾ་སྭཱ་ཧཱ། རིག་པའི་རྒྱལ་མོའི་རྩེ་མོ་གཟི་བརྗིད་མཐའ་ཡས་པའི་སྤྱོད་ཡུལ་ཅན་ཞེས་བྱ་བ་ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱྃ། ཏཱི་ཧཱི་ཏཱི་ཧཱི། ཤི་རི་ཤི་རི། དྷ་མ་དྷ་མ། བི་མ་ལེ། དྷུ་ན་དྷུ་ན། ས་མ་ཏེ་ད་ཏུ་ཏ། ནཱ་མཱ་སྟཱཾ་ཙནྟྱ་ནཱཾ་

སྥ་ར་སྥ་ར་ཛྭཱ་ལ་ནཱ་ཨ་མ་ལེ་སྭཱ་ཧཱ། རིག་པ་མཆོག་དྲི་མ་མེད་པ་འབར་བ་ཞེས་བྱ་བ་ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ཧི་ཤ་ཡ། ཤྲཱི་ཏེ་ཛོ་མཱ་ལ། ཨ་གྲ་ས་མ་ཡ། ཨ་གྲི་ཎཱི་ལ་ཨུ་ལ་ཨ། བེ་ཤཱི་ནཱི་བེ་ཤཱི་ནཱི། ཏི་ར་ཏི་ར། ཨ་ས་ཧེ་ཨ་ས་ཧེ། ས་མ་ས་མ། བཱ་ར་ཏེ་སྭཱ་ཧཱ།

རིག་པ་མཆོག་གཟི་བརྗིད་རྩེ་མོ་རྨད་དུ་བྱུང་བ་ཞེས་བྱ་བ་ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏཱི་ཏཱི་ཏཱི་ཏཱི། ཤ་ནི་ཤ་ནི། ཏེ་ཛེ་ཏེ་ཛེ། ཏ་ར་ཏ་ར། ཨ་གྲེ་ཛྭ་ལ་ཡ་ནཱ་མཿསརྦ་དྷ། ཨ་མ་ལེ་ཤྭ་སྭཱ་ཧཱ། འཇིག་རྟེན་གསུམ་འབར་བར་བྱེད་པ་ཞེས་བྱ་བའོ། །ན་མཿསརྦ་བུདྡྷ་བོ་དྷི་

སཏྭཱ་ནཱཾ། ཨནྟེ་ས་མནྟ་ཏོ། དྷུ་ན་དྷུ་ན། ལོ་ཀཾ་ཨ་མ་ལ། ཛྭ་ལ་ས་མནྟཱ་ཤཾ་གི །དྷ་ར་དྷ་ར། ནཱ་མ་སྭཱ་ཧཱ། བསམ་གྱིས་མི་ཁྱབ་པའི་འབར་བ་ཀུན་དུ་མ་ཆགས་པ་ཞེས་བྱ་བའོ། །ད་ནི་བསམ་གྱིས་མི་ཁྱབ་པའི་རྒྱལ་པོའི་རྩེ་མོའི་སྒྲུབ་པའི་ཐབས་ཀྱི་ལས་འབྱུང་བར་འགྱུར་ཏེ། ཅི་སྲིད་དུ་ཉི་

མའི་དཀྱིལ་འཁོར་ལྟ་བུའི་འོད་ཟེར་འོངས་ནས་སྤྱི་བོར་བབས་ནས་ཡིད་ལ་གང་འདོད་པས་སམ། དེས་ངེས་པར་གསེར་གྱི་མདོག་ཅན་གསེར་གྱི་འོད་ཟེར་གྱི་དཀྱིལ་འཁོར་གྱིས་བརྒྱན་པའི་རིག་པ་འཛིན་པར་འགྱུར་རོ། །ཐམས་ཅད་དུ་ཐོགས་པ་མེད་པར་འགྲོ་བ་འདིས་ལས་ཐམས་ཅད་ལ་སྔ་

མ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུའི་ཆོ་གའམ། ཡིད་ལ་གང་འདོད་པས་སམ། རིག་པ་མཆོག་གི་ཆོ་གས་སམ། རྟོག་པ་གཞན་གྱི་ཆོ་གས་ཀྱང་བསྒྲུབ་པར་བྱའོ། །དོན་ཡོད་པ་མི་ཟད་པ་རྨད་དུ་བྱུང་བ་འདོད་པར་བྱ་བའི་དངོས་གྲུབ་བརྒྱད་ཡངས་ཤིང་མི་ཟད་པ་འཁྲུལ་པ་

Vol. 87 · folio 209b

མེད་པའོ། །གཟི་བརྗིད་རབ་འབྱམ་རིམ་པར་ཕྱེ་བའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ཐིག་ལེ་ཞེས་བྱ་བ་ཀུན་དུ་ནམ་མཁའི་སྤྱོད་ཡུལ་གྱི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔགས་འདི་སྨྲས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ག་ག་ནོ་པ་མེ། ན་མ་

སྟམྦྷ་ཡ་ཨ་གྲ་ནཱི་སྭཱ་ཧཱ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་མ་ལེ་ཨ་ནནྟ་མ་དྷེ་ཏྲ་ཧྲཱིཿ། སརྦ་སཏྭཾ་དུཿཁ་ཏྭཾ་ད་མ། ས་མནྡཱ་ནཱཾ། ཨ་ནཱ་ཡ། ཨ་ནནྟ། ཨ་ཙ་ལ་གུ་ཎཱ་སྭཱ་ཧཱ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨུ་ཏི་ཨུ་ད་ར། ཨ་གྲ་དྷརྨ་ཏྭཱཾ། བཛྲ་བི་སི་རཱ་ཎཱཾ་སུ་ཁི་ས་ད་ཨ་ས་ཨ་ས་ཡེ་ཡཾ་བྷ་བཾ་

ཧེ་ཧེ་མི་སི་དྷི་ཨ་གྲི་ག་མ་དེ་མ་ནི་མནྟ་པ་ད་ར་ཛ་ཨ་གྲི་བྷ་བནྟ། ས་མ་ས་མ། ཨ་ས་ཧ་ཨ་ས་ཧ། ཏྲཱ་ཡ་ཏྲཱ་ཡ། དྷུ་ན་དྷུ་ན། ཨ་ས་མནྟ། སརྦ་བི་ཥ་ཡེ། ཨ་ཧ་ན་ཨ་ཧ་ན། ཏྱཾ་ཤི་ནི་ཏཱཾ། ས་མ་ཡ་མོ་སྟ་གནྡུ་ནཱཾ་སྭཱ་ཧཱ། སྙིང་པོའི་དཀྱིལ་འཁོར་གསུམ་དང་ལྡན་པ་ཞེས་བྱ་བའི་རིག་པའི་

རྒྱལ་མོའི་རྩེ་མོ་ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ས་མེ་ཨ་ས་མེ། ཨ་ས་ཧེ་ཨ་ས་ཧེ། ཛྭཱ་ལ་ནི་བི་ཤོ་དྷ་ཡ། ཨ་གྲི་ཏྲི་ལོ་ཀཾ །ས་མནྟ་ཏོ། ན་མཿས་མནྟ། ཨདྷི་ཥྛཱ་ན་ཨ་གྲ་དྷརྨ་ཏེ་སྭཱ་ཏཱ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ཏི་དྷ་ར་ཨ་གྲ་དྷརྨ་ཏེ། ཧ་ཧ་ཧ་མ་ཧཱ་གུ་ཎོ་ཏ་

ར། ཨ་ནནྟ་ས་མནྟ་ཡེ་ཙ་ར་ཙ་ར། མ་ཧཱ་བ་ལེ་སྭཱ་ཧཱ། སྔགས་ཀྱི་སྤྱོད་པས་བསྒོས་པ་ཡི། །རྩེ་མོ་དམ་པ་མཆོག་འདི་ནི། །གསུངས་པ་གཙོ་བོ་ཐམས་ཅད་ཀྱིས། །མ་ལུས་པར་ནི་བྱིན་གྱིས་རློབ། །སྔར་གྱི་ཆོ་ག་རྣམས་ཀྱིས་འདི་ལ་སྦྱར་བར་བྱའོ། །ཡིད་ལ་གང་འདོད་པའི་ཚོགས་

སམ། རྟོག་པ་གཞན་གྱི་ཆོ་གས་ཀྱང་སྦྱར་བར་བྱའོ། །འདིར་ཁྱད་པར་ནི་རི་ལ་སོགས་པ་དབེན་ཞིང་སྟོང་པར་སློང་མོའི་ཁ་ཟས་དང་། དུས་གསུམ་དུ་ཁྲུས་དང་གཙང་སྦྲ་བྱེད་ཅིང་དབེན་པར་ལུས་ཡང་བས་བཟླས་པ་ལ་གོམས་པར་བྱ་སྟེ། ཅི་སྲིད་དུ་རྫུ་འཕྲུལ་གྱི་རྐང་པ་ཐོབ་པ་དང་།

མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་གྱི་བར་དུའོ། །རྒྱ་མཚོའི་ནང་དུ་ཞུགས་ནས་ཅི་སྲིད་མངོན་པར་ཤེས་པ་ལྔ་ཐོབ་ཀྱི་བར་དུ་བཟླས་པ་བྱའོ། །ཀུན་དུ་རབ་འབྱམ་གྱི་རིམ་པར་ཕྱེ་བའོ།། །།དེ་ནས་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་དཀྱིལ་འཁོར་ཆེན་པོའི་

Vol. 87 · folio 210a

བཀོད་པའི་བྱིན་གྱིས་བརླབས་ཞེས་བྱ་བ་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་རབ་འབྱམ་གྱི་སྤྱོད་ཡུལ་ལ་རྣམ་པར་ལྟ་ཞིང་དཀྱིལ་འཁོར་ཆེན་པོའི་བཀོད་པ་དང་ལྡན་པ་འདི་སྨྲས་སོ། །དེ་ལ་དམ་ཚིག་གསུམ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་འདི་ལྟར་འབྱུང་སྟེ། མ་ངེས་པའི་

སེམས་ཅན་གྱི་ཁམས་ཡོངས་སུ་སྐྱོབ་པའི་ཕྱག་རྒྱ་བཅིངས་ལ་ཤིན་ཏུ་རྒྱ་ཆེ་ཞིང་རྨད་དུ་བྱུང་བ་འདྲ་བ་མེད་པ། བླ་ན་མེད་པ་འཕགས་པའི་སྤྱོད་ཡུལ་དེའི་དཀྱིལ་འཁོར་གྱི་ཆོ་ག་ནི་འདི་ཡིན་ནོ། །དེ་ལ་རེ་ཞིག་དང་པོར་གཞན་དག་མོས་པ་བསྐྱེད་པར་བྱ་ཞིང་། བྱང་ཆུབ་སེམས་དཔའི་ལས་ཀྱི་ཕྱིར་

གསོལ་བ་གདབ་པའམ། བདག་ཉིད་ངེས་པར་སྦྱོར་བར་འདོད་པས་བར་ཆད་ཉེ་བར་ཞི་བར་བྱ་བའི་ཕྱིར་དང་པོར་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱ་ཞིང་སེང་ལྡེང་གི་ཕུར་བུས་བརྐོས་ལ་དཀྱིལ་འཁོར་གྱི་ཉེ་བར་མཁོ་བ་རྣམས་གསོག་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ས་མནྟ་བཛྲཱ་

ཎཱཾ་ཧཱུཾ་ཨ་ཀྲོ་དྷ་ཡཾ། ས་ཧེ་མ་ཧཱ་ཙ་ཎྜ་ལཱི་ཧཱུྃ་ཕཊ་ཕཊ་ཕཊ། སརྦ་ཏྲ་རཀྵ་ཎ་ཏྲཱ་ཏྲ་ཊ་ཏྲ་ཊ། མྲཱ་ཊཱ་མྲཱ་ཊཱ་ཕཊ། དེ་ནས་ཚེས་བཅྭ་ལྔའམ། བཅུ་གསུམ་ལ་དབེན་པའི་ས་ཕྱོགས་སུ་དཀྱིལ་འཁོར་བྲི་བར་བྱ་སྟེ། ཚོན་རྩི་ལྔ་ཡི་ཕྱེ་མས་སམ། དྲི་ཡིས་བསྒོས་པའི་པིར་གྱིས་ཀྱང་རུང་། ཚོན་གཞན་

ཡང་རུང་། ཐ་ན་ཐལ་བས་ཀྱང་བྲི་པར་བྱའོ། །གྲུ་བཞི་པ་སྒོ་བཞི་དང་ལྡན་པའི་ལྷ་རྫས་ཀྱི་དཀྱིལ་འཁོར་ཁྲུ་ལྔ་པ་ནས་ཇི་ཙམ་འདོད་པའི་བར་སྔགས་འདི་ཟློས་ཤིང་བྲི་བར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་མ་ལ་ཨ་མ་ལ། ཧ་ར་གྷ་ཨ་ནནྟ། ཤཱ་ཤཱ་ཏ་སརྦ་ཛཱི་ནཱ་ཨ་ཤི་མཱ་ཎཱི་ཥྼཱ་བ་ར་

ད་མ་མ་དཾ་དུ། ཨ་ཏི་ཨ་ཏ་རཾ་བ་ར་ཨ་གྷྱཾ་ས་མ་སརྦ་ཏཱ་ཨ་ནཾ་ཏཾ། ཏཏྟྲེ་མེ་བཛྲ་པ་དཱ་ཨ་ར་ར། ཨ་ས་མ་ས་མ། ས་མནྟ། ཨ་ནནྟ། དྷརྨ་ཏེ་ཁ་ཎ་ཁ་ཎ། མ་ཧཱ་བཱི་རཾ། ཨ་ཙ་ལེ་ས་མ་ས་མ། ཨ་ས་ཧ་མཱ་བ་ལེ། ཀ་ཎ་ཀ་ཎ། མ་ཧཱ་ར་ཨ་ར་གྲེ་ཀེ་ཧ་ཧ་ཧ་ཧ། བཛྲ་བཛྲ་ཨཾ་ཀ་མེ། དྷ་ར་དྷ་ར།

ཧཱུྃ་ཧཱུྃ་སཾ་ད་ལཾ། ས་མ་བཱ་ལ། ཨ་གྲ་བི་ཀྲ་མེ། ཀུ་རུ་ཀུ་རུ། ཏུ་རུ་སརྦ་ཐཱ། སརྦ་ཧི་ཛྭཱ་ལ་ཛྭཱ་ལ། ཨ་གྲེ་ཨ་གྲི་ནི་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རིག་པའི་རྒྱལ་མོའི་རྩེ་མོ་འདི་ནི་རྩ་བའི་རིག་པ་ཡིན་ནོ། །འདི་བཟུང་བ་ཙམ་མམ། བཟླས་པ་ཙམ་གྱིས་རྟོག་པ་ཐམས་ཅད་ཀྱི་དངོས་གྲུབ་འབྱུང་བར་འགྱུར

Vol. 87 · folio 210b

རོ། །རིག་སྔགས་དང་གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་འདི་དེ་བཞིན་གཤེགས་པའི་མདུན་དུ་སྟོང་བཟླས་ན་གསང་སྔགས་ཐམས་ཅད་བཟླས་པ་འབུམ་བྱས་པར་འགྱུར་རོ། །ལས་གཞན་ཐམས་ཅད་ཀྱང་དོན་ཡོད་པ་ཐོགས་པ་མེད་པ་འདིས་བྱེད་པར་འགྱུར་རོ། །སྔགས་འདི་བརྗོད་

ཅིང་དཀྱིལ་འཁོར་གྱི་ནུབ་ཀྱི་སྒོར་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་ལས་ཁྲུ་དོ་ཙམ་གྱི་ཕྱི་རོལ་བྱང་གི་སྒོ་གཉིས་པ་ཕྱིའི་དཀྱིལ་འཁོར་བྲི་བར་བྱའོ། །དེའི་ནང་གི་དཀྱིལ་འཁོར་ལ་ཕྱག་རྒྱ་འབྱུང་བར་འགྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱི་གོང་ཤར་ཕྱོགས་སུ་གྲུ་གསུམ་གྱི་གཟུགས་དང་།

གྲུ་བཞི་པའི་ཕྱག་རྒྱ་པདྨའི་སྟེང་ན་གནས་པ་བྲི་བར་བྱའོ། །ཟླ་བ་དང་ཉི་མ་ནི་དཀྱིལ་དུའོ། །དེ་ལ་སངས་རྒྱས་ཐམས་ཅད་ཀྱི་སྔགས་ནི་འདི་ཡིན་ཏེ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་སརྦ་ཐཱ་སརྦ་ཏྲ་ཎཱ་ཀེ་སྭཱ་ཧཱ། ཟླ་བ་དང་ཉི་མའི་སྔགས་སོ། །ན་མཿས་མནྟཱ་བཛྲཱ་ཎཱཾ། ས་མ་ས་མ་མ་ཧཱུྃ།

ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ས་ཧ་ཧཾ་མཾ། བཅོམ་ལྡན་འདས་ཀྱི་གཡས་སུ་བྱང་ཆུབ་སེམས་དཔའི་ཕྱག་རྒྱ་བྲི་བར་བྱ་སྟེ། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་ཕྱག་རྒྱ་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། །དེ་ནས་བྱང་ཆུབ་སེམས་དཔའི་སྔགས་ནི་འདི་ཡིན་ཏེ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། མ་ཧཱ་

ཀཱ་རུ་ཎ་ཨ་ཏྱེ་མཎྚ་ལེ་སྭཱ་ཧཱ། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་དང་སྔགས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། མ་ཧཱ་ས་མནྟ་ཨ་མྲྀ་ཏེ་ཛྭཱ་ལ་ཛྭཱ་ལ་སྭཱ་ཧཱ། དེའི་རྗེས་ཐོགས་སུ་འཕགས་པ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་རལ་གྲིའི་ཕྱག་རྒྱ་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། །དེའི་

རིག་པ་ནི་འདི་ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། བཛྲ་རཱ་ཛ་ཨ་མ་ལ་སྭཱ་ཧཱ། རལ་གྲིའི་ཕྱག་རྒྱ་དང་སྔགས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། མ་ཧཱ་བཛྲོ་དཱ་རེ་དཱ་རཱ་ཡ་ཏཱ་ཌཱ། དེ་ནས་དེའི་རྗེས་ཐོགས་ལ་དམ་ཚིག་རྡོ་རྗེའི་མདུང་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། །དེའི་རིག་པ་ནི་

འདི་ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། མ་ཧཱ་བི་རཱ་ཨ་ཙ་ལ། སྨ་ར་ཛྭཱ་ལ་ནཱ་ཧཱུཾ། མདུང་གི་ཕྱག་རྒྱ་དང་སྔགས་སོ། །ན་མཿས་མནྟ་བཛྲཱ་ཎཱཾ། དྷ་མ་དྷ་མ་བཛྲོདྦྷ་བེ་ཏྲཱཾ། བྱང་ཤར་འཚམས་སུ་རྡོ་རྗེའི་ཕྲེང་བ་དང་། རྡོ་རྗེའི་ཕྲེང་བ་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། །དེའི་རིག་པ་ནི་འདི་

Vol. 87 · folio 211a

ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། བཛྲ་མཱ་ལཱ་མཱ་ལཱ། ཨ་ཙེ་ལ། བནྡྷ་བནྡྷ། ན་མ་ཛྭ་སྟྭཾ་སྥཱ་ཊ། ན་མཿས་མནྟ་བཛྲཱ་ཎཱཾ། ཏྲི་གུ་ཎེ་བ་ར་བར་སྭཱ་ཧཱ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱའི་གཡོན་ཕྱོགས་སུ་དམ་པའི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དཀྱིལ་འཁོར་ཆུང་ངུ་ལ་

གནས་པའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ས་མནྟ་མཱ་དྷྱ་ཨ་མཱཾ་ལཾ་གུ་ཎ་ཨ་ཙ་ལ་བི་ཤོ་དྷ་ཀ་ན་མསྟུ་ཏེ། ཏཱ་རཱ་ཏཱ་རཱ། ཀུ་རུ་ཀུ་རུ། དྷ་མ་དྷ་མ། དྷུ་ན་དྷུ་ན། ག་ག་ག །ཧ་ཧ་ཧ། ཏྲ་ཡ་ཏྲ་ཡ། ཛྭཱ་ལ་ཛྭཱ་ལ་སྭཱ་ཧཱ། ན་མཿས་མནྟ་བཛྲཱ་ཎཱཾ། མ་ཧཱ་བ་ལེ་

ཛྭཱ་ལ་སྭཱ་ཧཱ། དེའི་རྗེས་ཐོགས་ལ་རྡོ་རྗེ་འཛིན་ཐམས་ཅད་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཆུང་ངུ་ལ་གནས་པ་མི་གཡོ་བ་ཞེས་བྱ་བའོ། །དེ་ལ་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་པཛྲཱ་ཎཱཾ། མ་ཧཱ་བཛྲ་ཨ་ནནྟ། བ་ལ་ས་མ་ཡེ། ཛྭཱ་ལ་ཛྭཱ་ལ་ཧཱུྃ་ཕཊ། རྡོ་རྗེའི་ཕྱག་རྒྱ་དང་སྔགས་སོ། །ན་མཿས་

མནྟ་བཛྲཱ་ཎཱཾ། མ་ཧཱ་བཛྲ་ཨ་ནནྟ་ཏེ་ཛ་སཱ་དྷ་ཡ་ཧཱུཾ། དེའི་རྗེས་ཐོགས་ལ་རྡོ་རྗེའི་རིགས་ཐམས་ཅད་ཅེས་བྱ་བའི་ལྕགས་ཀྱུའི་ཕྱག་རྒྱའི་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། །དེ་ལ་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། མ་ཧཱ་བཛྲ་ཨ་ནནྟ་ཏེ་ཛ་སཱ་དྷ་ཡ་ཧཱུཾ། ཀ་ལ་ཀ་ལ། ས་མནྟ་

ཨ་ནནྟ། བི་ཥ་ཡ་ཨདྦྷུ་ཏ། དྷརྨ་ཏེ་ཛྭ་ལ་ནཱ་མ་སྭ་སྠི་དྷ་ནེ་དྷ་ནེ། ཧ་ན་ཧ་ན། མ་ཧཱ་བི་ཀ་མེ་སྭཱ་ཧཱ། ལྕགས་ཀྱུའི་ཕྱག་རྒྱ་དང་སྔགས་སོ། །ན་མཿས་མནྟ་བཛྲཱཾ་ཎཱཾ། མ་ཧཱ་པེ་ག་ཨ་ར་ཏཱི་མེ། ཨན་ཡ་ཨ་ཏྱཾ་གྲྀ་ཧྞ་སྭཱ་ཧཱ། ལྷོ་ཤར་མཚམས་སུ་རྡོ་རྗེའི་རྡོ་རྗེ་ལྟ་བུའོ། །དེའི་སྔགས་ནི་འདི་ཡིན་ནོ། །

ན་མཿས་མནྟ་བཛྲཱ་ཎཱཾ། མ་ཧཱ་ཨ་ཙ་ལ་ཨ་ཙ་ལ། ཀུ་རུ་ཀུ་རུ། བནྡྷ་བནྡྷ། བི་དྷ་ཡ་བིདྷ་ཡ། ཏི་ལེ་ཀཾ་ཧཱུྃ་མ་ན་སྭཱ་ཧཱ། རྡོ་རྗེ་ལྟ་བུའི་ཕྱག་རྒྱ་དང་སྔགས་སོ། །ན་མཿས་མནྟ་བཛྲཱ་ཎཱཾ། བཛྲ་བ་ལ་ཡེ། ཨ་ནནྟི་ནེ། ཏ་ཏཱི་ཏ་ཏཱི་ཧཱ་ཕཊ། ལྷོ་ཕྱོགས་སུ་དབུས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་

ཕྱག་རྒྱ་གྲུ་བཞི་པ་པདྨ་ལ་གནས་པ། ལྷུང་བཟེད་དང་། ཆོས་གོས་ཀྱི་དབུས་ན་གནས་པའོ། །དེ་ལ་འདི་ནི་བཅོམ་ལྡན་འདས་ཀྱི་སྔགས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་མ་ལ་ཨ་མ་ལ། བི་མ་ལ་ཨ་ནནྟ་གོ་ཙ་རཱ་ཡ་ན་མོ་སྟུ་ཏེ། མ་ཧཱ་བཻ་རོ་ཙ་ནཱ་ཡ། ཧ་ར་ཧ་ར། དྷ་ར་དྷ་ར། ཨ་ནནྟ་

Vol. 87 · folio 211b

ཏོ། ཨ་ས་མ་ན་ཨ་ས་མ་ན། ཨ་ར་ར་མ་ཧཱ་བི་ཀྲཱནྟཱ། མ་ཧཱ་བི་ར་ཏུ་རུ་ཏུ་རུ་སྭཱ་ཧཱ། ཆོས་གོས་ཀྱི་ཕྱག་རྒྱ་དང་སྔགས་སོ། །ན་མཿས་མནྟ་བཛྲཱ་ཎཱཾ། བཻ་རོ་ཙ་ན་མཱ་ལཱ་སྭཱ་ཧཱ། ལྷུང་བཟེད་ཀྱི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། པི་ཐཱ་པི་ཐཱ། དྷཱ་ར་ཡ་དྷཱ་ར་ཡ། པ་ཏྲཱཾ་མ་ཧཱ་བ་ལེ་སྭཱ་ཧཱ།

ན་མཿས་མནྟ་བཛྲཱ་ཎཱཾ། དྷཱ་ར་ཡ་དྷཱ་ར་ཡ། བཾ་དྷ་བཾ་དྷ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་ལོངས་སྤྱོད་རྡོ་རྗེའི་བྲང་འགྲོའི་ཕྱག་རྒྱ་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཙ་ཕེ་ཎཱ་ཨ་གྲ་ས་ཕཊ། ན་མཿས་མནྟ་བཛྲཱ་ཎཱཾ། ཏྲི་ནནྟ་ལ་

བ་ཏྭཱ་མ་ཧཱ་བྷོ་ག །ཏི་ཊི་ཏི་ཊི། ཧཱུཾ་ཧཾ་སྭཱ་ཧཱ། དེའི་རྗེས་ཐོགས་ལ་རྡོ་རྗེ་གཏུམ་པོའི་གྲི་གུག་གི་ཕྱག་རྒྱ་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ན་མཿས་མནྟ་བཛྲཱ་ཎཱཾ། མ་ཧཱ་ཙཎྜ་ལ་བཛྲ་ཧཱུྃ། བི་ད་རཱ་ཡ་ཕཊ། རྡོ་རྗེ་གྲི་གུག་གི་ཕྱག་རྒྱ་དང་སྔགས་སོ། །

ན་མཿས་མནྟ་བཛྲཱ་ཎཱཾ། མ་ཧཱ་བཛྲཱ་ཀ་ཏཱ་རཱ་ཀཱ་ཎཱཾ་ར་ཎཱཾ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཨ་པྲ་ཏི་ཧ་ཏ་ཏ་མ་ཡ་ཏྲ་ཀ་ཀ་ར་ཕཊ། དེའི་རྗེས་ཐོགས་ལ་རྡོ་རྗེ་དགའ་བའི་སོ་ཤིང་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། དེ་ལ་སྔགས་ནི་འདི་ཡིན་ཏེ། ན་མཿས་མནྟ་བཛྲཱ་ཎཱཾ། ཏྲཱ་ཧི་ཏྲཱ་ཧི། མ་ཧཱ་བ་ལཱ།

ཏྭེ་ཨ་ཏཱ་ཨུ་སུ། ཏཱ་ར་སུ་ཏཱ་ར་སུ་ཏ་ན་མ་སིདྡྷི་ར་སྟུ་སྭཱ་ཧཱ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏི་ཏི་ཡཾ་ཨ་ཀོ་ནེ་ཧཱུྃ། བཅོམ་ལྡན་འདས་ཀྱི་གཡོན་དུ་སྟ་རེ་དང་། མཆོད་སྦྱིན་རྡོ་རྗེ་ཨུཏྤ་ལའི་སྟེང་དུ་རྡོ་རྗེའི་ཕྱག་རྒྱ་གདན་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། །དེའི་རིག་པ་ནི་འདི་ཡིན་ནོ། །ན་

མཿས་མནྟ་བཛྲཱ་ཎཱཾ། བཛྲ་ཨ་ཊ་ཧ་ས་ཧཱུྃ་ན་མཿསྭཱ་ཧཱ། ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། བར་ད་ཏེ་ཧ་ཧི་ཏྟྱ་མ་བི་ཀེ་སྭཱ་ཧཱ། དེའི་རྗེས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་སིལ་མའི་ཕྱག་རྒྱ་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། །དེའི་སྔགས་ནི་འདི་ཡིན་ནོ། ན་མཿས་

མནྟཿབཛྲཱ་ཎཱཾ། བཻ་རོ་ཙ་ན་མ་ཧཱ་རོ་ཙཱ། ཏཱ་རཱ་ཏཱ་རཱ། མ་ཧཱ་ཏཱ་ར། ཧོ་ཧོ། ད་མ་ད་མ། ཧཱུྃ་ཛྭཱ་ལ་ན་ཕཊ། ན་མཿས་མནྟ་བཛྲཱ་ཎཱཾ། ཨཱ་ར་ཨཱ་ར། ཏིཏྟི་ར་རཾ་ས་མ་ཡཾ་སྭཱ་ཧཱ། དེའི་རྗེས་ཐོགས་ལ་གཏུམ་པོ་རྡོ་རྗེའི་དར་དཔྱངས་གཉིས་དང་བཅས་པའི་ཕྱག་རྒྱ་གདན་དཀྱིལ་འཁོར་ཆུང་ངུ་

Vol. 87 · folio 212a

ལ་གནས་པའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ན་མཤྩ་ཎྜ་ཨནྟ་ཀ་ཧཱུྃ་བཛྲཱ་ན་ལ་ཧཱུྃ་ཕཊ། ཕྱག་རྒྱའོ། ན་མཿས་མནྟ་བཛྲཱ་ཎཱཾ། གྷ་ཊཱ་ན་ཧཾ་ཊ་ཀ་ཕཊ། ལྷོ་ནུབ་ཀྱི་མཚམས་སུ་རོལ་པ་རྡོ་རྗེའི་རྡོ་རྗེ་ཞགས་པའི་ཕྱག་རྒྱ་གདན་དཀྱིལ་འཁོར་ལ་གནས་པའོ། །དེའི་རིག་པ་ནི་འདི་ཡིན་ཏེ།

ན་མཿས་མནྟ་བཛྲཱ་ཎཱཾ། ཁེ་ལ་ཁེ་ལ། ལ་ལཱི་ཏྲཱཾ། ཀཱ་རཱ་པྲཱ་བེ་ཤ་ཡ། པྲཱ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཧཱུྃ་ཧཱུྃ་ཏཱ་ཊཱ་ཏཱ་ཊཱ། ཕྱག་རྒྱའིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲི་གུ་ཎ་མ་ཧཱ་བཛྲཱ་ས་མ་ཧཾ་བནྡྷ་ཧཱུཾ་ཕཊ། ནུབ་ཕྱོགས་ཀྱི་སྒོའི་ཕྱི་རོལ་གྱི་དཀྱིལ་འཁོར་ལ་གནས་པར་རྡོ་རྗེ་འཁྱིལ་བའི་

མཚན་མའོ། །སྒོའི་གཡས་སུ་རྡོ་རྗེ་རྒྱ་ཆེན་གྱི་འཁོར་ལོ་དང་བཅས་པའི་དཀྱིལ་འཁོར་ཆུང་ངུའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། མ་ཧོ་ད་ར་བཛྲཱ་ཎཱཾ། ཧོ་བཛྲ་ཛྭཱ་ལ་ཡ་མ་ལ་ཧཱུཾ་ཧཱུཾ་ཧཱུཾ། སུ་རུ་སུ་རུ། ཏྲི་བ་ལ་དཾ་ཀུ་རུ་ཀུ་རུ། ན་མཿསྭ་སྟྱ་སྟུ་སྭཱ་ཧཱ། འཁོར་

ལོའིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲཾ་ཏྲཾ་ག་ག་ཏྲ་ཀ་ར་ཧཱུྃ། དེའི་རྗེས་ཐོགས་སུ་རྡོ་རྗེ་དཔའ་བོ་རྡོ་རྗེ་དར་དཔྱངས་དང་བཅས་པའི་གདན་དཀྱིལ་འཁོར་ཆུང་ངུའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། མ་ཧཱ་ཀྲུཏྟཱ་ཨནྟ་ཀ་ཛྭཱ་ལ་ཧཱུྃ་ཕཊ་ཏྲི། བ་ལ་ཨ་ཤེ་ཥ་ས་མཾ་

སྭཱ་ཧཱ། རྡོ་རྗེ་དར་དཔྱངས་ཀྱིའོ། །ན་མཿས་མནྟ་བཛྲཱ་ཎཱི། ཏྲི་པ་ཏ་ཀེ་ཏྲི་པ་ཏ་ཀེ་ཧཱ་ཤ་ཧཱ་ཤ། བཛྲ་བ་ལ་ཨ་གྲེ་མཎྜ་ལཱ་ཡ། ཧ་ར་ཧ་ར། དྷ་ར་དྷ་ར། ཧཱུྃ་ཧཱུྃ། དྷ་ནི་དྷ་ནི། ས་མ་ཡེ་སྭཱ་ཧཱ། དེའི་རྗེས་ལ་རྡོ་རྗེ་རྣམ་པར་རྒྱལ་བའི་རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བའི་ཕྱག་རྒྱ་དཀྱིལ་

འཁོར་ཆུང་ངུ་ལ་གནས་པ་བྲི་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ན་མཿས་མནྟ་བཛྲཱ་ཎཱཾ། མ་ཧཱ་མ་ཧེ་ནྡྲ་གཎ་གཎ། བཱི་ར་བཱི་ར། ཧཱུྃ་ཛྭཱ་ལ་ནཱ་མ་སྭཱ་ཧཱ། ཕྱག་རྒྱའི་སྔགས་སོ། །ན་མཿས་མནྟ་བཛྲཱ་ཎཱཾ། བ་ར་བ་ལི་ནི་བ་ལི་ནི། ནི་ཐི་ནི་ཐི་སྭཱ་ཧཱ། དེའི་རྗེས་ལ་སྒོའི་གཡོན་

དུ་རྡོ་རྗེ་ཡན་ལག་གི་རྩེ་མོ་གསུམ་གྱི་ཕྱག་རྒྱ་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཚ་ཊཱ་ནཱ། མ་ཧཱ་ཤཱུ་ལ་ཨ་གྲ་པཱ་ཎི། ཧཱུཾ་དྷ་མ་དྷ་མ། ད་ར་ད་ར། མ་ཧཱ་བཛྲ་ཨཾ་གྷ་དྷ་ན་ཧཱུཾ་ཕཊ། རྩེ་གསུམ་གྱིའོ། །ན་མཿས་མནྟ་བཛྲཱ་

Vol. 87 · folio 212b

ཎཱཾ། ཨེ་ཧི་མ་ཧཱ་ཏྲི་ཤཱུ་ལ་ཕཊ། བྷིནྡ་མ་ཧཱ་ཙཎྚ་ཨ་སྭཱ་ད་ཀ །ཏི་ཊ་ཏི་ཊ། ཧཱུཾ་ཏྲ་ཕཊ། རྡོ་རྗེ་ཡན་ལག་གི་ཕྱག་རྒྱ་དང་སྔགས་སོ། །དེའི་རྗེས་ལ་སྟ་རེའི་ཕྱག་རྒྱ་དང་བཅས་པའི་གདན་དཀྱིལ་འཁོར་ཆུང་ངུའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། མ་ཧཱ་བེ་གཱ། ཨ་མཱ་མཱ་

ལ་ཨངྒ། ད་ཡ་ད་ཡ། ཧཱུྃ་ས་ཛཱ་ཡ་ཛཱ་ཡ་ན་མ་སྭཱ་ཧཱ། ཕྱག་རྒྱའི་སྔགས་སོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ནནྟ་བ་ལཱ་བི་ཀྲ་མེ། ཏཱི་རི་ཏཱི་རི། གྷོ་རཾ་སྥུ་ཊ་ཡ་ཧཱུཾ་ཕཊ། དེའི་རྗེས་ལ་རྡོ་རྗེ་ཞལ་གྱི་རྡོ་རྗེ་མཆེ་བའི་ཕྱག་རྒྱ་གདན་དཀྱིལ་འཁོར་ཆུང་ངུ་བཅས་པ་བྲི་བར་བྱའོ། །དེའི་སྔགས་ནི་

འདི་ཡིན་ཏེ། །ན་མཿས་མནྟ་བཛྲཱ་ཎཱཾ། མ་ཧཱ་ཙཎྜ། ཨ་ཙ་ལ་ཨ་ཙ་ལ་ཧཱུྃ། བིདྱཱ་ཨུཏྟ་མ། བིདྱཱ་ཨུཏྟ་མ། ཨུ་དར་ཨུ་དར། ཛྭཱ་ལ་ཛྭཱ་ལ། བྷཉྫ་བྷཉྫ། མཪྡ་མཪྡ། ཨཱ་བི་ཤ་ཨཱ་བི་ཤ། ཁཱ་ད་ཁཱ་ད་ཧཱུཾ་ཕཊ། ན་མཿས་མནྟ་བཛྲཱ་ཎཱཾ། ཧཱཾ་བཛྲཱ་ཨུཙྪ་ཊ་ནི། ཏི་ཤི་ཁི་ནི། ཏཱ་ཊཱ་ཏཱ་ཊཱ།

ཕཱི་ཊ་ཕཱི་ཊ་ཕཊ། ཕྱག་རྒྱའི་སྔགས་སོ། །བྱང་ཕྱོགས་ཀྱི་ཆར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་པ་གྲུབ་པའི་ཕྱག་རྒྱ་འོད་ཟེར་འགྱེད་པའི་རྣམ་པ་པདྨ་ལ་གནས་པ་དབུས་སུ་བྲི་བར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱི་སྔགས་ནི། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏིཥྛ་ཏིཥྛ།

ཨ་པྲ་ཏི་ཧ་ཏ་སྟུ་སིདྡྷི་ཛྭཱ་ལ་ཛྭཱ་ལ། ཏྲི་ཤི་ཁི་ས་མ་ས་མ། ཨ་ས་མེ་ཏ་མ་ཏ་མ། ཨ་ས་ཧེ་དྷ་མ་དྷ་མ། ན་མཿསཱ་ཨ་མ་ལེ་བྷྱ་སྟཱ་ར་སྭཱ་ཧཱ། འོད་ཀྱི་ཕྱག་རྒྱའི་སྔགས་སོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲ་ཡ་ཏྲ་ཡ། ཨ་མ་ལ་ཨ་ཧཱུ་ཏེ། སརྦ་ཐཱ་སརྦ་ཐཱ། སརྦ་མ་ཧཱ་ཏེ་ཛ་མཱ་ལེ། ཏྲི་ཤི་ཁཱི་

ནི། ཛྭཱ་ལ་ཛྭཱ་ལ། ཨ་ཨཱ་ཨ་ཨཱ། ས་མེ་དྷུ་ན་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་གཡས་སུ་རྡོ་རྗེ་ཤུགས་ཀྱི་དབང་ཕྱུག་གི་སྟ་རེ་གདན་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་ནམཿས་མནྟ་བཛྲཱ་ཎཱཾ། ཧཱུཾ་ག་ག་ནཱ་ག་ག་ནཱ། བཱ་ཕཱ་མ་ཧཱ་པེ་གཱ་ཀྲ་མ་ཀྲ་མ།

ཧུ་ལུ་ཧུ་ལུ། ཧཱུཾ་ཕཊ་སྭ་རེ། ན་མཿས་མནྟ་བཛྲཱ་ཎཱཾ། ས་མ་ས་མ། བེ་གཱ་ཏྲཱ་དྷི་མ་ཧཱ་བ་ལ་ཧཱུྃ། དེའི་རྗེས་ལ་རྡོ་རྗེ་ཤུགས་ཆེན་པོའི་རྡོ་རྗེ་མཆེ་བ་གདན་གྱི་དཀྱིལ་འཁོར་ཆུང་ངུ་ལ་གནས་པའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཧཱུཾ་ཧཱུཾ་ཧཱུཾ། ཀ་པཱ་ལ་མཱ་ལཱ།

Vol. 87 · folio 213a

ཧཱུྃ་ཛྭཱ་ལ་ནཱ་མཱ་ཡ་ཕཊ། རྡོ་རྗེ་མཆེ་བའི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏིཥྛ་ཧེ་ཏྲ་ཊ་ཏྲ་ཊ། མ་ཊ་མ་ཊ། ཛྭ་ལ་ན་ཤི་ཁ་རེ། གདན་དཀྱིལ་འཁོར་ཆུང་ངུ་དང་ལྡན་པའི་ཆུ་གྲིའི་ཕྱག་རྒྱ་བྲི་བར་བྱའོ། །དེའི་རིག་པ་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཀ་ཊཱ་ཀ་ཊཱ། མཱ་

རཱ་བཱ་ར་ཏ་ཀ་མཾ། ཏཱི་ཊ་ཏཱི་ཊ། ཨཱ་ལོ་ཀཾ་ཧཱུྃ་ཕཊ། ནུབ་བྱང་མཚམས་སུ་རྡོ་རྗེ་རོལ་པའི་དག་བྱེད་དང་བཅས་པའི་རྡོ་རྗེའི་གདན་དཀྱིལ་འཁོར་དང་བཅས་པའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཙ་ལ་ཨ་ཙ་ལ། ན་ཊཱ་ན་ཊཱ། ཨ་མ་བི་ལ་ཤ། སྤུ་ར་སྤུ་ར། ཧཱུྃ་

ཊཱ་ཏཱ་སྭཱ་ཧཱ། དག་བྱེད་ཀྱི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲི་ཏ་ཀ་བཛྲཱ་ཧཱུྃ་དྷ་ར་དྷ་ར། ས་མ་ཡཾ་ཧཱཾ། བཅོམ་ལྡན་འདས་ཀྱི་གཡོན་དུ་རྡོ་རྗེ་ཆེན་པོའི་རྡོ་རྗེ་གདན་དཀྱིལ་འཁོར་ཆུང་ངུ་ལ་གནས་པ་གཞག་པར་བྱའོ། །དེའི་སྔགས་ནི་འདི་ཡིན་ནོ། །ནམཿས་མནྟ་བཛྲཱ་ཎཱཾ། ཨ་

ས་ཧོ་ད་ཡ། མ་ཧཱ་མ་ཧཱ། བཛྲ་ཏ་ར་ཏ་ར། བྷིནྡ་བྷིནྡ། མཱཾ་ནཱ་མ་སྭཱ་ཧཱ། རྡོ་རྗེའི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་བྷྱ་དྷྱ། ཀ་ར་ཀ་ར། ཨ་པྲ་ཏི་ཧ་ཏ། མ་ཏཱ་མ་ཏཱ། ཨ་མོ་གྷ་ཏ་དྷ་ཀ་དྷ་ཀ །མཱཾ་མཱཾ་ཛཱ། དུས་མཐའི་འབར་བ་འདྲ་བའི་གདན་དཀྱིལ་འཁོར་ཆུང་ངུ་ལ་གནས་

པའི་གཏུན་ཤིང་གི་ཕྱག་རྒྱ་དགོད་པར་བྱའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཏཱི་ཨ་ཏཱི་སྭཱ་ཧཱ། སཾ་བ་ར་ཏཱ། ཨནྟ་ཀ་ཧཱུྃ་ཧཱུྃ། ཨཱ་ས་ཧཱ་ཛྭཱ་ལ་ཏཱ་ཊཱ། མཱ་རཱ་མཱ་རཱ། ཕཊ་ཕཊ། གཏུན་ཤིང་གི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏཱ་ཊཱ་ཏཱ་ཊཱ། ཀུ་ཊཱ་ཀུ་ཊཱ།

མ་ཧཱ་བ་རི་བི། གྲ་མ་ཨ་ས་དྲི་ཤ །ཏྲི་ཊཱ་ཏྲི་ཊཱ། དེ་ནས་དེ་དེའི་རྗེས་ལ་དྲི་མ་མེད་པའི་རྡོ་རྗེའི་རྡོ་རྗེ་མྱུ་གུའི་ཕྱག་རྒྱ་གདན་དཀྱིལ་འཁོར་ཆུང་ངུ་དང་བཅས་པའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ག་ག་ནཱཾ་ག་ག་ནཱཾ། ཀུ་རུ་ཀུ་རུ། ཏི་རི་ཏི་རི། ས་

མ་ས་མ། བ་ར་དྷ་ན་མ། རྡོ་རྗེ་དབྱུག་གུའི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏཱ་ཊཱ་ཏཱ་ཊཱ། ཧཱུྃ་ཀ་ན་ཀ་ན། རཾ་རཾ་བཱི་ཛཱ་ཡ། ཏི་ས་ཏི་ས། བ་ལ་བ་ལ། ཁ་ཎཱ་ཁ་ཎཱ། ཧཱུྃ་མཾ། དཀྱིལ་འཁོར་གྱི་དབུས་སུ་ནི་འབར་བས་ཀུན་ནས་བསྐོར་བའི་དཀྱིལ་དུ་བྲི་བར་བྱའོ། །དེའི་

Vol. 87 · folio 213b

སྔགས་ནི་འདི་ཡིན་ཏེ། གང་ཡང་སྟེང་ནས་རྡོ་རྗེའི་རིགས་རྣམས་ཀྱིས་མགྲིན་གཅིག་ཏུ་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ན་མཿསརྦ་བཛྲ་གུ་ལཱ་ཎཱཾ། ཨ་ས་མ་ས་མ། ཨ་དྷི་ཥྛཱ་ན། ཨ་ནནྟ། ས་མནྟ་ས་མནྟ། བ་ལཱ་མ་ཧཱ་བཛྲ་རཱ་ཛ། སརྦ་ཏྲ་ས་མཱ་བ་ཏྲཱ། བེ་གི་ན་

ཛྭཱ་ལ་ཛྭཱ་ལ། ཛྭཱ་ལཱ་པ་ཡ་ཨ་ནནྟ་བི་ཀྲ་མ་ཏྲ་ག་ཏྲ་ག་མཱཾ། ཨ་ས་ཧཱ་མ་ཧཱ་ས་མ་ཡོ་ཧཱུྃ་ཏ་ར་ཏ་ར། དྷ་ར་དྷ་ར། ཧཱུྃ་མ་ཧཱ་མ་ཧཱ། སུ་ཙཎྜ་སུ་ཙཎྜ། མཱ་ར་ཡ་མཱ་ར་ཡ། སྥོ་ཊ་ཡ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་དྷ་ར་ཨ་གྲ་ཧཱུྃ་ཧཱུྃ། བི་དྷཱ་ར་ཡ་བི་དྷཱ་ར་ཡ། ཧཱུྃ་ཙཎྚ་ར་ཨནྟ་ཀ་པཱ་ཏ་ཡ་སྭཱ་ཧཱ།

དམ་ཚིག་རྩེ་མོའི་རྡོ་རྗེའི་གཟི་བརྗིད་ཀྱི་དམ་ཚིག་ཅེས་བྱ་བའི་རྡོ་རྗེའོ། །ཨངྒའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲི་ལོ་ཙ་ན། ཨེ་ཧི་བ་ར་བ་ལ་ཨ་གྲ། ཨེ་ཧི་སརྦ་བུཾདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་དྷིཥྛཱ་ན། ཨ་ཧོ་ཤ་སཱ་ཀ་ཤ་སཱ་ཀ །མ་ཧཱ་བ་ར་བཛྲཱ་ཧྲཱི་མ་ཧཱ་མ་ཧཱ།

ས་མཱ་ས་མཱ། ཏྭ་ར་སྟུ་ར། ན་མོ་སྟུ་ཏེ་སྭཱ་ཧཱ། །རྡོ་རྗེའི་མཚན་མ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་བྱང་ཕྱོགས་ཀྱི་སྒོར་བྲིའོ། །རྡོ་རྗེ་ཀླུའི་སྦྲུལ་གྱི་ཕྱག་རྒྱ་དང་། འདུལ་བྱེད་ཀྱི་སོག་ལེ་ལྟ་བུའི་ཕྱག་རྒྱ་དག་ནི་འགྲམ་གཉིས་སུ་དགོད་པར་བྱའོ། །དེ་དག་གི་སྔགས་ནི་འདི་དག་

གོ། །ན་མཿས་མནྟ་བཛྲཱ་ཎཱཾ། ན་མོ་སྟུ་ཏེ་ག་ག་ན་ས་མ་ཨ་ཛ་བཪྟི་དྷ་ར་དྷ་ར་བ་ལ་ད། ཨཱ་ཏཱི་ཨཱ་ཏཱི། བེ་གྲ་པ་ཏི་གཾ །བཾ་བཾ་མ་ཧཱ་ན། གཾ་ཧཱུཾ་སཱུ་ར་ཨ་གྲ་ཕཊ། རྡོ་རྗེའི་ཀླུ་བྲང་འགྲོའི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཏི་བི་ཥྚ་ཨ་ཏི་བི་ཥྚ། ཏི་ལི་ཏི་ལི། བ་ལ་བ་ལ། བ་ར་བ་ར།

ཏ་ཊི་ཏ་ཊི། ཏཱ་ཊཱ་ཏཱ་ཊཱ། ད་ཧ་ད་ཧ། བྷིནྡ་བྷིནྡ། ཙཎྚ་ཙཎྚ། བནྡྷ་བནྡྷ་ཕཊ། འདུལ་བ་པོའི་འོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཙཎྚ་ཨ་གྲ་ཨ་ནནྟ་ཀ་ཧཱུྃ་ད་མ་ཡ་ཕཊ། སོག་ལེ་ལྟ་བུའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲ་གི་ནི་མཎྚི་ནི་ཨ་ས་ཧཱ་བ་ལཱ་ཨ་གེ་ཏཱཾ་ཏཱཾ། བྱང་ཤར་མཚམས་སུ་

རྡོ་རྗེ་རྣལ་འབྱོར་གྱི་དཀྱིལ་འཁོར་ཆུང་ངུ་ལ་གནས་པའི་པི་ཝང་གི་ཕྱག་རྒྱ་བྲི་བར་བྱའོ། །དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། མ་ཧཱ་ཡོ་གེ་ནྡྲ་བ་རུ་ཎི། ས་མ་ས་མ། ཛྭཱ་ལ་ཛྭཱ་ལ་སྭཱ་ཧཱ། པི་ཝང་གི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏི་ནི་ཏི་ནི། ཏ་ནུ་ཏ་ནུ།

Vol. 87 · folio 214a

སུ་གྷོ་ཥཱ་བེ་གེ །ཧ་རཾ་ཧ་རཾ། ཨེ་ཏི་ཧ་ན་ཧ་ན་སྭཱ་ཧཱ། ལྷོ་ཤར་མཚམས་སུ་རྡོ་རྗེ་མདངས་ཀྱི་ལྕུག་མ་གདན་དཀྱིལ་འཁོར་ཆུང་ངུ་ལ་གནས་པ་དགོད་པར་བྱའོ། །དའི་རིག་པ་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། མ་ཧཱ་ཙཎྜ་ཏ་ར་ལེ་ན་མ་ཤོ་བྷི་ནི་ཏེ་ཛེ་ནི་ཛྭཱ་ལ་ཛྭཱ་ལ།

སིདྡྷི་ཧ་ར་ཧ་ར། བཱི་རེ་སྭཱ་ཧཱ། རྡོ་རྗེ་ལྕུག་མའིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏཱི་ལི་ཏཱི་ལི། བི་ལི་བི་ལི། བེ་ཀེ་དྷ་རི་ཎི། བཛྲ་དྷ་ར་དྷ་ར། ཏཱཾ་ཏཱཾ། བོ་དྷི་དི་ནི་ཨཾ། ལྷོ་ནུབ་མཚམས་སུ་རྡོ་རྗེ་རྒྱལ་མཚན་གྱི་དྲིལ་བུའི་ཕྱག་རྒྱ་དཀྱིལ་འཁོར་ཆུང་ངུ་ལ་གནས་པ་དགོད་པར་བྱའོ། །

དེའི་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲི་རཱུ་ཙེ། ས་མ་ཡ་བ་ལི་བ་ར་བ་ར། བྷི་རེ་བྷི་རེ། ར་ཎ་ར་ཎ། ར་བེ་མེ། ཙི་ནི་སྭཱ་ཧཱ། དྲིལ་བུའི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ར་ཎ་ཛ་ར་ཎ་ཛ། ཏི་ར་ཎེ་ཏི་ར་ཎེ། རཾ་རཾ་དཱནྟ་སྭཱ་ཧཱ། ནུབ་བྱང་མཚམས་སུ་

སྟོབས་མཆོག་གི་ཤུགས་ཀྱི་ཕྲེང་བའི་ཕྱག་རྒྱ་གདན་དཀྱིལ་འཁོར་ཆུང་ངུ་དང་བཅས་པའོ། །དེའི་རིག་པ་ནི་འདི་ཡིན་ནོ། །ན་མཿསནྟ་བཛྲཱ་ཎཱཾ། ཏི་ཤི་ཡེ་ཏི་ཤི་ཡེ། བཛྲ་ཏི་ཤི་ཧེ་ཏི་ཤི་ཧེ། ཙི་རི་ཙི་རི། བི་རི་བི་རི། ཏྲི་པ་ཏ་ཀྲེ་སྭཱ་ཧཱ། ཕྲེང་བའི་ཕྱག་རྒྱའོ། །ན་མཿས་མནྟ་

བཛྲཱ་ཎཱཾ། ཏྲི་བ་ལི་ནཱི། བ་རཱ་མཱ་ལེ་མཱ་ལེ་ནི་བནྡྷ་ཡ། བ་རི་ཎཱི་སུ་ར་བྷི་ཎཱི། བ་ར་ཨ་གྲེ་ས་མ་ས་མ། བནྡྷེ་བནྡྷེ། ཡ་དྷེ་ནི་སྭཱ་ཧཱ། ལྷག་མ་བསྟན་པའི་སྣམ་བུ་གཅིག་ལ་ནི་སེམས་དཔའ་ཆེན་པོ་ཐམས་ཅད་དགོད་པར་བྱའོ། །ཕྱོགས་བཞིའི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་གྲྭ་

བཞིར་ནི་བུམ་པ་གང་བ་སྟེ། ནང་དྲི་ཞིམ་པོའི་ཆུས་བཀང་བ་བཞི་གཞག་པར་བྱའོ། །འདིར་ཡང་སྔར་གསུངས་པའི་རྡོ་རྗེ་རྒྱལ་མོ་ལས་རབ་འབྱམ་མཐའ་ཡས་པ་སྒྲུབ་པར་བྱེད་པ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། མ་

ཧཱ་ས་མནྟ་བཛྲཱ་ཎཱཾ། ཨ་ས་མ་ས་མ་ས་མནྟ། ཨ་ནནྟ་བི་ཀྲ་མཱ། མ་ཧཱ་བཛྲ་རཱ་ཛྙཱ། ཨ་གྲ་ཨ་གྲ་ཡོ་ཧེ་ས་མ་ཡ། མ་ཧཱ་བ་ལཱ་བེ་ག་ཏཱ། མ་ཧཱ་ཛྭ་ལ་ན་ཛྭཱ་ལ་ཛྭཱ་ལ། མཱ་མཱ་མཱ། སརྦ་ཐཱ་བཱ་རཱུ་བཱ་རཱུ། ས་མཱ་ས་མཱ། ཏྲ་ཏྲ་ཏྲ་ཏྲ། བ་ར་བ་ར། བིདྱཱ་ཨུཏྟ་མ་ཨ་གྲ་ཨ་གྲ། ཧཱུྃ་ཧཱུྃ།

Vol. 87 · folio 214b

ཛྭ་ལ་ཡ་སརྦ་མ་ཧཱ་མ་ཧཱ། སིདྡྷི་སིདྡྷི། ཨ་གྲ་ཨ་གྲ་དྷ་ན་ཧཱུྃ་ཧཱུྃ། མཾ་ཕཊ་ཕཊ། སརྦ་ཐཱ་ཨུདྡྷ་མེ་སྭཱ་ཧཱ། དེ་ནས་ནང་གི་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པའི་སྙིང་པོ་ལན་བདུན་གྱི་བར་དུ་བརྗོད་ལ་ཐལ་མོ་བརྡབ་པར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་ལ་བྱང་ཆུབ་སེམས་དཔའ་

རྣམས་ཀྱི་སྙིང་པོ་ལན་བདུན་གྱི་བར་དུ་བརྗོད་ལ་སྔ་མ་བཞིན་དུ་ཐལ་མོ་ཡང་བརྡབ་པར་བྱའོ། །དེ་ལ་སྙིང་པོ་ནི་འདི་ཡིན་ནོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཱ་པྟི། དྷརྨ་ཏཱ་བཱ་ལི་ནཱཾ། ཨཾ་ཨ། ས་མ་ས་མ། ས་མནྟ་ཏོ། ཨ་ནནྟ་ཏོ། བཱཔྟི། ཤཱ་ས་ནི་ཧ་ར་

ཧ་ར། སྨ་ར་སྨ་ར་ཎེ། བི་ག་ཏ་རཱ་ག། བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ཎེ། ཛྭཱ་ལ་ཛྭཱ་ལ་ན་སཱ་ག་རེ་སྭཱ་ཧཱ། འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། པ་ར་བ་ར། སརྦཾ་སརྦཾ།

ས་མ་ས་མ། ཀཱ་རུ་ཎཾ་ཀཱ་རུ་ཎཾ། ཏཱ་རཱ་ཏཱ་རཱ། སཱ་ར་སཱ་ར། ཨ་ཏཱི་ཨ་ཏཱི། ཨ་མཱི་ཏཱཾ། ཨ་མཱི་ཏཱཾ། ཨ་ཏཱི་ཨ་ཏཱི། བྷི་རཾ་བྷི་རཾ། ཨ་ཏཱི་ཨ་ཏཱི། ཤཱུ་རཾ་ཤཱུཾ་རཾ། ཧ་ཧ་ཧ་ཧ། མ་ཧཱ་ས་མ་ཡ། ན་མོ་སྟྭ་ཨ་མ་ལ། སིདྡྷི་ད་ཡ་ཀེ་བྷྱཿ། སརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ། སརྦ་ཨ་ནནྟ་མ་དྷྱེ་

བྷྱཿ། མ་ཧཱ་ཀཱ་རུ་ཎ། མཱ་ལཱི་ནཱི། ཏྲི་ས་མ་ཡེ་ཛྭ་ལ་སྭཱ་ཧཱ། །བྱང་ཆུབ་སེམས་དཔའི་སྙིང་པོ་སྟེ། །འདི་དང་འདྲ་བ་གཞན་མེད་དོ། །དེ་ནས་རྡོ་རྗེ་དཀྱིལ་འཁོར་གྱི་དབུས་སུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ལག་པར་མེ་ཏོག་བླངས་ནས་དེ་བཞིན་གཤེགས་པའི་

ལྕགས་ཀྱུ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་བརྗོད་པར་བྱའོ། །དེ་བརྗོད་པ་ཙམ་གྱིས་རྡོ་རྗེའི་རིགས་ཐམས་ཅད་ཉེ་བར་ལྷགས་ནས་དགའ་པ་ལ་སོགས་པའི་ལྟས་སམ། གསལ་བའམ། སྒྲ་ཐོས་པའམ། དྲི་ཞིམ་པོ་འམ། འོད་དམ། སེར་བུའི་བསིལ་བའམ། བཞོན་པའམ།

གཞན་ཡང་རུང་ལྟས་ཅུང་ཟད་ཞིག་འབྱུང་བར་འགྱུར་རོ། །དེ་ལ་ཀུན་ཏུ་ཐོགས་པ་མེད་པར་གྲུབ་པ་རིག་པའི་རྒྱལ་མོ་ཆེན་མོ་དེ་བཞིན་གཤེགས་པ་རྣམས་ཀྱི་ལྕགས་ཀྱུ་ཞེས་བྱ་བ་འདི་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པ་སྟོབས་ཀྱི་སྙིང་

Vol. 87 · folio 215a

པོའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ས་མནྟ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏཱ་བཛྲཱ་ཎཱཾ། ཨ་གྲ་ཨ་གྲ། ཨཱ་ཀཪྵ་ཎི་ཧཱུྃ། བེ་གཱི་བེ་གཱི་མ་ཧཱ་བེ་གཱི་ནཱི། སརྦཾ་བཛྲཱ་ཀུ་ལཱ་ནཱཾ། ཨཱ་ཀརྵ་ཡ་ཧཱུཾ། སརྦ་མུ་དྲཱ་ག་ཎཱ་ནཱཾ། ཏཱིཀྟེ་ཏཱིཀྟེ། ཏི་ཏི་ཏི་ཏི། ཏ་ཐ་ཏ་ཐ། ཨ་ཨ་ནཱ་པྲྀ་ཏེ། ཨ་པྲ་ཏི་

ཧ་ཏ། ཨ་མོ་གྷ་བི་ཀྲ་མེ། ས་མ་ས་མ། ཨ་མཱ་ལ་མ་ཧཱ་མེ། ཨ་ཏི་ཨ་ཏི། བྷེ་གྷ་པ་ཏཱ་གེ། ས་མ་ཡ་མཾ། དཾ་ཀ་རུ་ཤྲཱི་ཏྲཱི་ན་ཡ་ཏ་ཏྭཱ་ཨངྒི་ནི། ཨཱ་ན་ཡ་ཤཱི་གྷྲཾ་ཏ་ཐཱ་ག་ཏཱཾ་ཀུ་ཤི་སྭཱ་ཧཱ། དེ་ནས་ཅི་འབྱོར་པའི་མཆོད་པ་བྱས་ནས་སྔགས་འདི་ལན་བརྒྱད་བརྗོད་པར་བྱའོ། །ན་མཿསརྦ་ཏ་ཐཱ་

ག་ཏཱ་ནཱཾ། སརྦ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཱཾ་ག་ག་ན་ཁཾ་ས་མནྟཱ་ཏ་སྭཱ་ཧཱ། དེ་ནས་སྔགས་འདིས་གཏོར་མ་བྱིན་གྱིས་བརླབས་ལ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྦྱིན་པར་བྱའོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། བ་ལ་བ་ཏི་བ་ལིཾ་དེ་སྭཱ་ཧཱ། དེ་ནས་སྔ་མ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པས་སངས་རྒྱས་དང་བྱང་ཆུབ་

སེམས་དཔའ་རྣམས་ལ་ཕྱག་བྱས་ལ་གཙང་སྦྲ་བྱས་ནས་གཡས་སུ་མེ་ཏོག་ཐོགས་ཏེ། གདོང་གཡོགས་པ་གཞུག་པར་བྱའོ། །མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གཅིག་གཉིས་གསུམ་བཞིའམ་ལྔ་ཡང་གཞུག་པར་བྱ་ཞིང་སྡོམ་པ་འདི་ལྟར་གཟུང་བར་བྱའོ། །དེ་ལ་དམ་ཚིག་

དང་སྡོམ་པ་བླང་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བགྱི་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་འབུལ་གྱིས་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་བདག་ལ་རབ་ཏུ་གཟུང་དུ་གསོལ། །སངས་

རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་བྱིན་གྱིས་བརླབ་ཏུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པར་མཛད་པ་རྣམས་ཀྱིས་བདག་ཡོངས་སུ་བསྐྱབ་ཏུ་གསོལ། །ལས་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་བདག་

ལ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེ་ནས་ལན་རེ་རེ་རྣ་བར་འདི་བརྗོད་པར་བྱའོ། །ནམ་མཁའ་མཐའ་ཡས་དང་མཉམ་རྒྱལ་དབང་པོ། །སྲས་བཅས་མ་ལུས་ཀུན་གྱི་དམ་ཚིག་སྩོལ། །འཆི་བ་མེད་ཅིང་གསད་མེད་སེམས་ཅན་བསྐྱབ་པ་མེད། །ཤིན་

Vol. 87 · folio 215b

ཏུ་བརྟན་པས་འདི་ལྟར་བྱ་བ་ཉིད། །དེ་ནས་མེ་ཏོག་འཕང་བར་བྱའོ། །མེ་ཏོག་གང་ལ་བབ་པ་དེ་ནི་དེའི་རིགས་ཀྱི་ལྷ་ཡིན་ནོ། །དེ་ནས་གདོང་གཡོགས་བཀྲོལ་ལ་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་བསྟན་པར་བྱའོ། །སྤྱི་བོར་མཐེ་བོང་བཞག་ལ་གཙུག་ཏོར་གྱི་ཕྱག་རྒྱ་

བྱ་ཞིང་སྔགས་འདི་བརྗོད་དོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏྲི་ཤི་ཁཱ་ཨ་གྲི་ན་ན་མོ་སྟུ་ཏེ། ས་མནྟ། ཨ་ད་ས་མནྟཱ་ཨ་གྲི་ཀུ་ཎ་ཨ་ཙ་ལ་ཨ་གྲི་དྷི་ར་མེ། བཱི་དུ་ནཱ་ཧི་ཀླེ་ཤ་དུཿཁཛྭ་ལ་ན་ཛ་ག་ཏ། སརྦ་སུ་ཁཾ་ད་དྷ་ཧཱི་ཙ་ཤུ་ཏཱ་ཏྲེ་དྷཾ་ཏྲི་ས་མ་ཡེ་ཀུ་རུ་སྭཱ་ཧཱ། ཕྱག་རྒྱ་འདི་འཆང་པར་བྱེད་

པ་དེ་ལ་གཙུག་ཏོར་གྱི་མཚན་མ་འབྱུང་བར་འགྱུར་ཞིང་བར་དུ་ཉམས་པར་ཡང་མི་འགྱུར་ལ་ཡོན་ཏན་མཐའ་ཡས་པའི་སྒོར་འཇུག་པ་ཡང་རབ་ཏུ་ཐོབ་པར་འགྱུར་རོ། །ངེས་པར་རྒལ་ནས་སོ་སོར་སྤྱོད་པའི་དམ་ཚིག་འདི་རྣམ་པར་བསྟན་པར་བྱའོ། །ཡང་ཡང་འཆི་བར་མི་འགྱུར་

ཞིང་། །ངན་འགྲོར་མི་འགྲོ་འཆི་འཕོ་མེད། །ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཡི། །ཐེག་པ་འདི་ལ་དམ་ཚིག་བསྲུངས། །དམ་པའི་ཆོས་ཀྱང་སྤང་མི་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །མི་གུས་མི་བྱ་སྤང་མི་བྱ། །སྲོག་ཆགས་གསད་པར་མི་བྱ་ཞིང་། །བླ་

མ་ལ་ཡང་བརྙས་མི་བྱ། །སྔགས་དང་ཕྱག་རྒྱ་སྤང་མི་བྱ། །ཉམས་པར་མི་བྱ་བདག་གིས་མིན། །རྡོ་རྗེ་འདྲ་བ་འགོམ་མི་བྱ། །བཟའ་བར་མི་བྱ་སེར་སྣ་མིན། །འདི་སྤྱོད་པ་ཡི་རྒྱལ་པོ་ཡི། །གསང་སྔགས་སྒོ་ཡི་སྤྱད་པ་སྤྱོད། །བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་དང་། །ལྡན་

ལ་མངོན་སྤྱོད་མི་བྱའོ། །གནོད་བྱེད་ལ་ཡང་མི་བྱའོ། །སྡིག་པའི་ལས་ཀྱང་མི་བྱ་ཞིང་། །བྱིས་པའི་ཆོས་ཀྱང་མི་བྱའོ། །བླ་མ་ལ་ནི་ལྷ་བཞིན་བྱ། །མདོར་ན་བདག་དང་གཞན་དག་ལ། །གནོད་པར་འགྱུར་བ་དེ་མི་བྱ། །སྲིད་པའི་སྡུག་བསྔལ་རྒྱ་མཚོ་ལས། །འདིས་ནི་

ངེས་པར་འདའ་བར་བྱེད། །སྟོན་པའི་བསྟན་པ་བདུད་རྩི་ཉིད། །ཐུགས་རྗེ་ཆེན་པོའི་བསྟན་པ་ལས། །སླར་ཡང་ཉམས་པར་མི་འགྱུར་ཞིང་། །སྡུག་བསྔལ་མི་འགྱུར་ངན་འགྲོར་མིན། །མྱུར་དུ་ཞི་བར་འགྱུར་བ་མིན། །འདི་ལྟར་གསང་སྔགས་སྤྱོད་པ་ཡི། །དམ་ཚིག་འདི་ནི་

Vol. 87 · folio 216a

སངས་རྒྱས་རྣམས། །སྲས་དང་བཅས་པས་ཁྱོད་ལ་གསུངས། །གང་ཞིག་རྣམ་པ་འདི་ལྟ་བུས། །ལུས་དང་མཐུན་པའི་ཡོན་ཏན་འབྱུང་། །དད་མེད་ངན་འགྲོ་བ་མི་བྱ། །སངས་རྒྱས་སྲས་བཅས་ཡོངས་རྣམས་ཀྱིས། །སྨོན་ལམ་ལ་ཡང་སྤྱད་པར་བྱ། །ཀུན་རྫོབ་ཏུ་ནི་

མི་ལྡོག་པར། །རྒྱལ་བའི་བདག་ཉིད་སྐྱེས་པས་མཐོང་། །རིང་དུ་མི་བྱེད་ཆེས་དྲག་པས། །སེམས་ཅན་དོན་དུ་སྨོན་པར་བྱེད། །ཅེས་བརྗོད་ལ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཐལ་མོ་སྦྱར་བས་ཕྱག་འཚལ་བ་དེ་ནི་དམ་ཚིག་གི་ཐལ་མོ་ཞེས་བྱ་བ་སྟེ་རྩ་

བའི་ཕྱག་རྒྱ་ཡིན་ནོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། །སུ་སིདྡྷི་སཱ་དྷ་ནི་ཨ་གྲ་ཀཱ་རུ་ཎ། བཱ་རེ་དྷེ། ཏྲཱ་ཏི་ཏྲཱ་ཡི། ཨཱ་ཏཱི་བ་ལ་ན་མོ་སྟུ། བ་རཱ་དྷ་ཡི། གྷེ་བྷྱོ་མ་ཧཱ་ཀྲྀ་པེ་བྷྱཿསྭཱ་ཧཱ། འདི་ནི་རྩ་བའི་ཕྱག་རྒྱའི་སྔགས་ཡིན་ནོ། །ཕྱག་རྒྱ་གང་ཡང་རུང་བ་བཅིངས་ལ་བྱ་བ་འམ།

དེ་བཞིན་དུ་གང་ཡང་རུང་བའི་སྔགས་དང་ཕྱག་རྒྱ་ལ་བསླབ་པར་བྱའོ། །སེར་སྣ་དང་བྲལ་བས་འདིར་གང་ལས་དངོས་གྲུབ་འབྱུང་བའི་དམ་ཚིག་ལ་གོམས་པར་བྱས་ནས་མདངས་དང་ལྡན་པས་འདིར་དངོས་གྲུབ་ཀྱི་དམ་ཚིག་ལ་ཞུགས་ན་མྱུར་དུ་དེ་བཞིན་གཤེགས་པས་བསྔགས་

པའི་དངོས་གྲུབ་འབྱུང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག་ཅེས་བསམས་ནས་ཕྱག་རྒྱ་བཅིངས་ནས་སྔགས་བཟླས་ན་དངོས་གྲུབ་བརྒྱད་འབྱུང་བར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ནས་ཕྱག་

བྱས་ལ་བཟླས་པ་བྱའི། འདིར་གཉིས་ལ་བསླབ་པར་མི་བྱ་སྟེ། དེ་བཞིན་གཤེགས་པ་གཅིག་ལ་ཕྱག་མི་བྱ་བ་དང་། སེམས་ཅན་གཅིག་གི་དོན་བསྒྲུབ་པར་མི་བྱའོ། །གཞན་དུ་ན་མ་ལུས་པ་ལ་སྤྲོས་པའི་སེམས་བསྐྱེད་པའི་ཆེ་བ་ལ་གོམས་པར་བྱའོ། །ཐམས་ཅད་དུ་

གཉིས་པོ་འདི་དག་སྤང་བར་བྱ་སྟེ། འགྱོད་པ་དང་ཞུམ་པའི་སེམས་སོ། །གཞན་ཡང་གཉིས་པོ་འདི་དག་ནི་བྱ་བ་སྟེ། སྡིག་པ་ཐམས་ཅད་བཤགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བ་རྒྱུན་མི་བཅད་པའོ། །འདིར་གཉིས་པོ་འདི་སྤང་བར་

Vol. 87 · folio 216b

བྱ་སྟེ། བསླབ་པ་ལ་མི་སྦྱོར་བ་དང་སྒྲུབ་པ་མི་བྱེད་པའོ། །འགྲུབ་པར་མི་འགྱུར་བ་ནི་གཉིས་ཏེ། དད་པ་མེད་པ་དང་། བྱང་ཆུབ་ཏུ་སེམས་མ་བསྐྱེད་པའོ། །བསྲུང་བར་བྱ་བའི་དམ་ཚིག་ནི་གཉིས་ཏེ། དུས་མ་ཡིན་པར་བྱ་བ་བྱེད་པ་དང་། བརྟག་པ་མེད་པའོ། །སྔགས་ཀྱི་སྤྱོད་པ་

ལ་རྗེས་སུ་ཞུགས་པའི་ཆོས་ནི་གཉིས་ཏེ། སངས་རྒྱས་རྗེས་སུ་དྲན་པ་བསྐྱེད་པ་དང་། ཐམས་ཅད་དུ་དངོས་གྲུབ་ཕུན་སུམ་ཚོགས་པ་ལ་གཞོལ་བའོ། །དེ་ནས་འདི་ལྟར་རྡོ་རྗེ་འཛིན་ཐམས་ཅད་ཀྱི་སྙིང་པོ་རྣམས་དང་། དཀྱིལ་འཁོར་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་། སྔགས་རྣམས་

ཀྱི་རྟོག་པ་འབྱུང་བར་འགྱུར་རོ། །མར་དང་བཅས་པའི་གུ་གུལ་གྱི་བདུག་སྤོས་ཀྱིས་ནི་རིམས་དང་། གདོན་དང་། འབྱུང་པོ་དང་། ཤ་ཟ་རྣམས་ལ་མི་ན་བ་དང་། ན་བས་ཀྱང་རུང་རས་རིས་དང་། རི་མོ་དང་། སྐུ་གཟུགས་དང་། ཤིང་དང་། ལོ་མ་དང་། རལ་གྲི་དང་། མེ་

ལོང་ལ་སོགས་པ་ལ་འབེབས་པར་བྱེད་དོ། །གང་ཡང་རུང་བའི་བསྲུང་བའི་དཀྱིལ་འཁོར་གྱིས་ནི་བཅིང་བ་དང་། བཙིར་བ་དང་། བརྡབ་པ་དང་། བསྣུན་པ་དང་། གསད་པ་དང་། གཅད་པ་དང་། དབབ་པ་དང་། རྣམ་པར་སྦྱང་བ་དང་། བསྒྲུབ་པ་དང་། དགུག་པ་དང་། དབང་

དུ་བྱ་བ་ལ་སོགས་པའི་ལས་ཐམས་ཅད་བསྒྲུབ་པར་བྱ་བ་ནི་བཀླགས་པས་འགྲུབ་པ་འདི་ཉིད་ཀྱིས་བྱེད་པར་འགྱུར་རོ། །མཆོག་སྒྲུབ་པ་ལ་སོགས་པ་ལས་ཐམས་ཅད་ནི་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་རིམ་པར་ཕྱེ་བ་རབ་འབྱམ་གྱི་ཆོ་གའམ། རིག་པ་མཆོག་ལ་

སོགས་པའི་ཆོ་གས་སྦྱར་བར་བྱ་བ་དེ་དག་ཀྱང་ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པ་འདིས་ཀྱང་བྱའོ། །འདི་དག་གི་ཐུན་མོང་གི་རས་རིས་འབྱུང་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ནི་བྲག་གི་ཕུག་ན་པདྨའི་གདན་ལ་བཞུགས་པ། གསེར་གྱི་མདོག་ཅན་འོད་ཀྱི་ཕྲེང་

བས་བསྐོར་བར་བྲི་བར་བྱའོ། །གཡས་སུ་རྡོ་རྗེ་འཛིན་གང་ཡང་རུང་བ་ཞིག་རང་གི་མཚན་མས་ཕྱག་བྲེལ་བ་འོད་ཀྱིས་བསྐོར་བའི་པདྨའི་གདན་ལ་བཞུགས་པ་བྲི་བར་བྱའོ། །གསང་བ་པའི་བདག་པོ་རྡོ་རྗེ་འཛིན་ནི་བཅོམ་ལྡན་འདས་ཀྱི་གཡོན་དུ་པདྨའི་གདན་ལ་བཞུགས་པ་བྲི་

Vol. 87 · folio 217a

བར་བྱའོ། །བགེགས་རྣམས་གསོད་པའི་གཡོག་པོ་མཐའ་ཡས་གང་ཡང་རུང་བ་གནག་ཅིང་ལྡང་བ། གཞོན་ནུ་རལ་པ་ཅན། མིག་ཅུང་ཞིག་དམར་བ། ཁྲོས་པ། རིན་པོ་ཆེའི་བྲག་ལ་བཞུགས་པ་བྲི་བར་བྱའོ། །འོག་ཏུ་ནི་སྒྲུབ་པ་པོའོ། །འདིར་ཡང་རྡོ་རྗེ་

འཛིན་གང་ཡང་རུང་བའི་སྙིང་པོ་དང་བསྒྲུབ་པར་བྱའོ། །དེ་བཞིན་དུ་སྔར་བསྟན་པའི་ཆོ་གའམ། དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་སམ། དེ་བཞིན་གཤེགས་པའི་སྙིང་པོའི་ཆོ་ག་བཞིན་དུ་རྡོ་རྗེ་འཛིན་ལ་ཡང་དེ་བཞིན་གཤེགས་པའི་ཆོ་གས་བསྒྲུབ་པར་བྱའོ། །གྲུབ་པར་གྱུར་ན་

རྡོ་རྗེ་འཛིན་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོའི་སྔགས་བླ་ན་མེད་པའི་ནོར་བུའི་རྒྱ་མཚོ་ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པར་བྱེད་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རྟོག་པ་ཐམས་ཅད་ཀྱི་ཆོ་གས་སམ། ཡིད་ལ་གང་འདོད་པའི་ཆོ་གས་སྦྱར་རོ། །དེ་

བཞིན་གཤེགས་པའི་ལྕགས་ཀྱུ་དཔེ་མེད་པ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་མཛོད་ལས་ཡང་དག་པར་བྱུང་བ་སྙིང་པོའི་མཐུས་ཀྱང་དེ་བཞིན་དུ་བསྒྲུབ་པར་བྱའོ། །འདིར་ནི་བར་ཆད་མི་འབྱུང་ཞིང་། །རྨོངས་པར་མི་འགྱུར་ཆགས་མི་འགྱུར། །འདིར་ནི་སངས་རྒྱས་ཀུན་གྱི་ནོར། །

རྟག་ཏུ་བྱིན་གྱིས་བརླབས་ནས་གནས། །ཐུན་མོང་གི་ཕྱག་རྒྱ་སྒྲུབ་པ་འབྱུང་བར་འགྱུར་རོ། །འདི་ལ་ཕྱག་རྒྱ་གང་ཡང་རུང་བ་རྩིག་ངོས་སམ། རས་སམ། སྤང་ལེབ་བམ། ལོ་མའམ། གཙང་མའི་ས་ཕྱོགས་སུ་ཚོན་རྩིའམ། དྲིས་བསྒོས་པའི་པིར་རམ། ཐ་ན་ཐལ་བས་

ཀྱང་རུང་བྲིས་ལ་དྲི་དང་མེ་ཏོག་གིས་མཆོད་པ་བྱས་ཏེ། བདག་གི་དོན་འདི་མཛད་དུ་གསོལ། །བདག་ལ་མཆོག་འདི་སྩལ་དུ་གསོལ། །བདག་གི་འདི་ནི་བསྒྲུབ་ཏུ་གསོལ། །བདག་གི་དགོས་པ་འདི་དག་གཞན་དུ་མ་གྱུར་པ་དེ་བཞིན་དུ་གྱུར་ཅིག་ཅེས་ཡང་དག་པར་བསམས་ནས་

ཕྱག་རྒྱའི་སྔགས་བཟླས་པ་བྱས་ན་དགོས་པ་འགྲུབ་པར་འགྱུར་བའམ། ལྷ་ལ་སོགས་པའམ་མི་ལ་སོགས་པ་ངས་འོང་བར་བྱས་སོ་ཞེས་བྱ་བ་ལ་སོགས་པ་དེ་དང་དེ་སྨྲ་བར་འགྱུར་རོ། །དེ་ལྟ་བུའི་དགོས་པ་ཡང་སྨྲ་བར་བྱེད། སྟོན་ཅིག་ཅེའམ། རྒྱོབ་ཅིག་ཅེའམ། ཆོད་ཅིག །སོད་

Vol. 87 · folio 217b

ཅིག །རྒྱས་ཐོབ་ཅིག །ཚིར་ཅིག །ཕུག་ཅིག །སྨོད་ཅིག་ཅེས་སམ། སྡིག་པ་ཅན། གདུག་པ་ཅན། གནོད་པ་བྱེད་པའི་ལྷ་དང་། ཀླུ་ལ་སོགས་པ་གཞོམ་པའམ། གང་ཡང་རུང་བ་བསམས་ལ་རང་གི་ཁྲག་གིས་བྲིས་ཏེ། ཁྲོས་པས་འདུག་ལ་བཟླས་པ་བྱས་ན་གང་གི་

དོན་དུ་བྱས་པའི་ལྷའམ། ཀླུའམ། རིག་པ་འཛིན་པའང་རུང་སྟེ། ངེས་པར་འཆི་བར་འགྱུར་རོ། །གང་གི་ཚེ་མཆོག་བསྒྲུབ་པར་འདོད་ན་དེས་ལྕགས་ལས་ཕྱག་མཚན་བྱས་ལ་བཟླས་པ་བྱས་ནས་ལག་པར་བཟུང་སྟེ། གང་ཡང་རུང་བས་དབེན་པར་ཅི་སྲིད་འབར་བར་གྱུར་གྱི་བར་དུ་

བསྒྲུབས་ན་དེ་ཟླ་བ་གཅིག་གི་ནང་ངམ། ཟླ་བ་གསུམ་གྱི་ནང་དུ་རིག་པ་འཛིན་པར་འགྱུར་རོ། །གང་གི་ཆོ་ཟས་ཟ་བ་ན་ཡང་དེ་ལག་པ་ནས་མ་བོར་བར་བཟའོ། །སློང་དུ་འགྲོ་ན་ཡང་དེ་བཞིན་དུ་ལག་ཏུ་ཐོགས་ལ་སློང་དུ་འགྲོ་བར་བྱའོ། །ཉལ་བའི་ཚེ་ཡང་བསྲུང་བ་བྱས་ནས་

སྔས་སུ་གཞག་པར་བྱའོ། །མི་སྣང་བ་ལ་སོགས་པ་ལས་ཐམས་ཅད་ཀྱང་ཕྱག་རྒྱ་འདིས་བསྒྲུབ་པར་བྱའོ། །བྱང་ཆུབ་སེམས་དཔས་ཕྱག་རྒྱ་འདིས་སྙིགས་མ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་རྣམ་པར་སྦྱང་བའི་བར་དུ་ཡང་བྱའོ། །ཐུགས་ཀྱི་བདག་ཉིད་སྡིག་པ་རྣམ་པར་

འཇིག་པར་བྱེད་པའོ། །སངས་རྒྱས་ཀུན་གྱི་ཕྱག་རྒྱ་འདི། །ཀུན་དུ་མཆོག་རྣམས་སྲས་བཅས་པས། །དཔག་མེད་ཅེས་བྱའི་སེམས་ཅན་ཁམས། །རྣམ་པར་སྦྱང་ཕྱིར་བྱིན་གྱིས་བརླབས། །ཕྱག་རྒྱ་སྤྱོད་པའི་རྒྱལ་ས་རུ། །གཙོ་བོ་གང་ཞིག་ཞུགས་གྱུར་པ། །འབད་པ་

ཆུང་ངུས་སེམས་ཅན་དོན། །དེ་ཡིས་མ་བསམས་པར་ཡང་བྱེད། །དམ་ཚིག་གསུམ་གྱི་ཕྱག་རྒྱ་ཆེན་པོའི་རྒྱལ་མོ་འདི་དག་ན་ས་ཡ་གྲངས་མེད་པ་བཅུའི་ནང་ན་རྩེ་མོར་གྱུར་པ་དོན་སྣ་ཚོགས་སྒྲུབ་པ་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཧཱུཾ་ཏྲི་ས་མ་ཡཾ་ཀུ་རུ་ཀུ་རུ། ཏཾ་ཏཾ། ས་མ་ས་

མ། ཨ་མ་ལེ། ཏ་ར་ཏ་ར། ཨ་གྲེ་ཎ་སྭཱ་ཧཱ། རྩེ་མོ་ཞེས་བྱ་བ་ཕྱག་རྒྱའི་རྒྱལ་མོ་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏི་བ་ལེ་ཨ་མ་ལེ། ཨ་ས་མནྟ་ས་ཏི་ནི་བཛྲེ་བཛྲེ། ཏི་མི་ཏི་མི། སིདྡྷི་སིདྡྷི། ཀུ་རུ་ཀུ་རུ། ས་མ་ས་མ། ལ་བ་ཏེ་ལ་བ་ཏེ། ཨ་ཡཏྟི་ནི། ཛྭཱ་ལ་ན་མ་

Vol. 87 · folio 218a

སརྦ་ཨུཏྟཱ་མ་ནཾ་སྭཱ་ཧཱ། སྟོབས་མི་མཉམ་པ་ཞེས་བྱ་བ་ཕྱག་རྒྱའི་རྒྱལ་མོ་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཧཱུྃ་སཱ་དྷ་ཡ་ས་མ་ཡཾ་བཛྲ་ས་མ་ཡཾ། བཛྲ་ས་མ་ཡེ། ཏི་ཊི་ཏི་ཊི། སརྦཾ་ཏྲི་ཤི་ཁ། རཀྵ་རཀྵ་མཱཾ་བ་རེ་བྷྱཿ། ས་ཀ་ལ་ཏི་སྭ་ཏི་ཀི། ཛྭཱ་ལ་ཛྭཱ་ལ། ཏི་པ་ཏ་ཡི། བི་རེ་ཛེ་

སྭཱ་ཧཱ། ཁ་དོག་མེད་པ་ཞེས་བྱ་བའི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲཱཾ་གི་ནི་ཏྲཱཾ་གི་ནི། ཨ་ཏཱཾ་ས་ཡི་ནི་ཨ་ཏཱཾ་ས་ཡི་ནི། ཏཱི་བ་རཱི་ཎཱི་ཏཱི་བ་རཱི་ཎཱི། ཏྲི་བ་ར་ཏྲི་བ་ར། ཨ་མ་ལེ་ཧཱུྃ་སིདྡྷྱནྟུ་སརྦ་ཨུཏྟ་ར་ཏྭ་ཏྲེ་དྷྱཾ་དྷྱཾ་བི་ཀྲེ་སྭཱ་ཧཱ། གསུམ་ལྡན་ཞེས་བྱ་བའི་ཕྱག་རྒྱའོ། །ན་མཿས་མནྟ་

བཛྲཱ་ཎཱཾ། ཨ་ཏི་བ་ར་བཛྲ་ས་མནྟི་ནི་ཧཱུཾ་ཏྲི་པྲྀ་ཏི། ཀུ་རུ་ཀུ་རུ། ཏ་ར་ཏ་ར། ཏཱ་རེ་ཏཱ་རེ། ཨ་ས་མ་མ་ཧཱ་བ་ལི་ས་མ་ཡེ། དྷུ་ན་དྷུ་ན། ཧ་ར་ཧ་ར། ཨ་མྲྀ་ཏེ་སྭཱ་ཧཱ། ཡན་ལག་གི་སྟོབས་ཞེས་བྱ་བའི་ཕྱག་རྒྱའི་རྒྱལ་མོ་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲཱཾ་ཏྲཱཾ་ཏྲྰྱཾ་ཏྲྰྱཾ། གི་ནི་ཙྪིནྡྷ་

མ་ཧཱ་ཨཱ་ཏྨེ་ཏ་ར་ཏ་ར་ཤོ་དྷ་ནི། སརྦ་པ་རི་ཏྲཱཾ། ཀུ་རུ་ཀུ་རུ། ཨ་ས་ཧ་བ་ལ། ཨ་པྲ་ཏི་ཧ་ཏ་བེ་ག། ཏྲཱཾ་ཏྲཱཾ་ཧཱུྃ་ཧཱུྃ། གི་ནི་ཏྲཱཾ་ཏྲཱཾ། ཡན་ལག་མཐའ་ཡས་པ་ཞེས་བྱ་བ་རལ་གྲིའི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་མ་ལེ་ཨ་མ་ལེ། ས་མ་ཡེ་ས་མ་ཡེ། ཨ་གྲེ་ཨ་གྲེ།

མོ་ཙ་ནི་མོ་ཙ་ནི། ཨ་ས་ཧེ་ཨ་ས་ཧེ། ཏེ་ཛེ་ནི་བཛྲཱི། ཨ་ཏི་ཨ་ཏི། ཨ་གྲཱ་མཱ་ཏཱི། ཨ་གྲཱ་མཱ་ཏཱི། མུ་ཡ་མུ་ཡ། ཏྲི་ས་མ་ཡེ་ཏྲི་ས་མ་ཡེ། ཧཱུྃ་ཛྭཱ་ལ། ཨ་ནཱཾ་སྭཱ་ཧཱ། ན་མཿས་མནྟ་བཛྲཱ་ཎཱཾ། ཏ་ར་མ་ཏི་ཏ་ར་མ་ཏི། ས་རེ་ས་རེ། དྷི་ནི་དྷི་ནི། དྷི་རི་དྷི་རི། ཏི་རི་མེ་ཏི་རི་མེ། ཧཱུཾ་བི་

ཤོ་དྷ་ཡ་བི་ཤོ་དྷ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། ཏྲི་བ་ལི་ནི་ཏ་ར་ཨངྒ་ནི་ཨ་ནོ་པ་མེ་སྭཱ་ཧཱ། ཁ་དོག་གི་སྟོབས་ཞེས་བྱ་བའི་ཕྱག་རྒྱ་ཡིན་ནོ། །ན་མཿསེ་མནྟ་བཛྲཱ་ཎཱཾ། ཨ་ཧེ་ཨ་ཧེ། ཨ་ཏཱི་ཨ་ཏཱི། ཏ་ར་མཱ་ཏ་ར་མཱ། ཏཱ་ཡ་ཏཱ་ཡ། ས་མ་ཡེ་ཏྲ་ཏ་རི། ཨ་མ་ལེ། ན་མོ་སྟུ་ཏེ་ཨ་

ས་ཏྲི་ཤེ་བྷྱཿསྭཱ་ཧཱ། ཤིན་ཏུ་ངོ་མཚར་དུ་གྱུར་པ་ཞེས་བྱ་བའི་ཕྱག་རྒྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཧཱུྃ་བ་ར་བ་ར། བ་ར་དེ་བ་ར་དེ། ཏྲི་ཏ་ཡི་ཏྲི་ཏ་ཡི། སརྦ་སརྦ། ཏ་བི་ན་ཡཾ་ཀ་རོ་ཏི། མ་ཧཱ་བ་ལེ་བྷྱཿསྭཱ་ཧཱ། ལོག་འདྲེན་གྱི་མཆོག་ཅེས་བྱ་བའི་ཕྱག་རྒྱའི་རྒྱལ་མོའི་རྩེ་མོའོ།

Vol. 87 · folio 218b

བཅུ་པོ་འདི་དག་ནི་ཕྱག་རྒྱའི་རྒྱལ་མོའི་རྩེ་མོ་མཉམ་པ་མེད་པ་སྟེ། ཐམས་ཅད་དུ་ཐོགས་པ་མེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་རྣམས་སྐྱེད་པར་མཛད་པ་ཞེས་བྱའོ། །ཕྱག་རྒྱའི་སྔགས་ཀྱི་

སྒྲུབ་པ་པོས་འདི་ལ་དད་པས་སྤྱད་པར་བྱའོ། །ཕྱག་རྒྱའི་རྒྱལ་མོ་བརྩོན་འགྲུས་ཆེན་མོ་མཉམ་པ་མེད་པ། ཐམས་ཅད་དུ་དྲི་མ་མེད་པ་བྱིན་གྱིས་བརླབས་པ་མེད་པ། འདོད་པ་ཐམས་ཅད་ལ་དེར་གཏད་པ། དེ་ངེས་པར་བསྒྲུབ་པར་བྱ་སྟེ། དོན་ཡོད་པར་རབ་ཏུ་གྲུབ་པར་འགྱུར་

རོ། །དམ་ཚིག་གསུམ་ལས་དེ་བཞིན་གཤེགས་པའི་གསང་བའི་དཀྱིལ་འཁོར་ཆེན་པོ་ཐོགས་པ་མེད་པ་དོན་ཡོད་པ་གྲུབ་པ་ལས་གསང་སྔགས་ཀྱི་སྒོར་སྤྱོད་པའི་དངོས་གྲུབ་ཀྱི་རྒྱལ་པོའི་རྟོག་པའི་རིམ་པར་ཕྱེ་བའི་རབ་འབྱམ་རྫོགས་སོ།། །།ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ས་མ་

ཡེ། ཏྲི་ས་མ་ཡེ། ས་མ་ཡེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་སྟོབས་ཀྱི་ཤུགས་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སངས་རྒྱས་ཐམས་ཅད་དང་ལྷན་ཅིག་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་དེ་

བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བ་དང་། རྣམ་པར་ཐར་བ་རྨད་དུ་བྱུང་བ། རྒྱས་པ་སྔ་ན་མེད་པ། གཞན་གྱི་བྱིན་གྱི་རླབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ཐམས་ཅད་ཀྱིས་དམ་ཚིག་གི་སྤྱོད་ཡུལ་བྱིན་གྱིས་བརླབ་པ་བྱས་

ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དུས་གསུམ་མཉམ་པ་ཉིད་ཅེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་བཱི་ར་ཧཱུྃ་ཁཾ། སྲས་བཅས་སངས་རྒྱས་ཐམས་ཅད་ཀྱི། །མཐའ་དང་དབུས་མེད་ཆོས་རྣམས་ལས། །

མཚུངས་པ་མེད་པའི་གཏེར་ཀུན་གྱི། །སྙིང་པོ་འདི་ནི་སྟོབས་པོ་ཆེ། །འདི་ཡིས་རྒྱལ་བའི་སྲས་རྣམས་ཀྱིས། །སངས་རྒྱས་མཛད་པ་བྱེད་པར་གསུངས། །མ་བསམས་པ་ར་ཡང་སེམས་ཅན་དོན། །མཁས་པས་འདི་ཡིས་སྦྱོར་བར་འགྱུར། །འགྲོ་བ་དྲུག་འགྲེལ་བདག་

Vol. 87 · folio 219a

ཉིད་ཡི་གེ་ལྔ། །ཐུགས་རྗེའི་བདག་ཉིད་ཀུན་གྱི་ཡབ་གཅིག་པུ། །འཇིག་རྟེན་གསུམ་པོ་སྐྱོབ་པའི་སྒོར་ཞུགས་ནས། །ཞིང་རྣམས་རྒྱ་མཚོ་སྦྱོང་ཞིང་རྣམ་པར་གནས། །ཐུགས་རྗེའི་བདག་ཉིད་དད་པས་ཟིན་པའི་ཡུལ། །སེམས་ཅན་དོན་མཆོག་ཉེ་བར་

སྒྲུབ་པར་བྱེད། །གཅིག་ཏུ་སྡུག་བསྔལ་མཐར་ཐུག་འགྲོ་བ་རྣམས། །བྱང་ཆུབ་སེམས་དཔའ་གཙོ་མཆོག་དེ་སྦྱོང་བྱེད། །དེ་ཕྱིར་གཙོ་མཆོག་དྲི་མེད་འདི་སྒྲུབ་པ། །རྨད་བྱུང་ཆེ་མཆོག་ཆོས་ཅན་སྙིང་པོ་འདིའོ། །མཐའ་ཡས་བདེ་བར་གཤེགས་ལ་མངོན་དད་པས། །

བརྩོན་འགྲུས་རྡོ་རྗེ་བླ་མེད་བསྒྲུབ་པར་བྱ། །འདིའི་སྒྲུབ་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅི་ལྟ་བ་དང་། རིག་པ་མཆོག་རབ་འབྱམ་ལ་སོགས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་འདིར་རས་རིས་ཀྱི་ཁྱད་པར་འབྱུང་བར་འགྱུར་རོ། །རས་རིས་ནི་བཅོམ་ལྡན་འདས་

རིན་པོ་ཆེའི་བྲག་ཕུག་ན་པདྨ་ལ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་བཞུགས་པ་འོད་ཀྱིས་བསྐོར་བ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་སུ་བྱང་ཆུབ་སེམས་དཔའ་ནམ་མཁའ་དྲི་མ་མེད་པ་ཞེས་བྱ་བ་པྲི་ཡང་ཀུ་ལྟར་ལྗང་གུ་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བས་

པདྨ་ལ་གནས་པ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་དུ་འཕགས་པ་རྡོ་རྗེ་འཛིན་ཨུཏྤ་ལ་སྔོན་པོའི་འདབ་མའི་མདོག་ཅན་ནམ། གསེར་གྱི་མདོག་ཅན་འོད་ཀྱི་ཕྲེང་བས་བསྐོར་བ། ལག་ན་རྡོ་རྗེ་ཐོགས་པ་རིན་པོ་ཆེའི་པདྨ་ལ་བཞུགས་པའོ། །དེའི་འོག་ཏུ་མི་གཡོ་བ་མིག་

གཅིག་པ་ཞེས་བྱ་བ་བགེགས་ཚར་གཅོད་པ། རིན་པོ་ཆེའི་བྲག་ལ་བཞུགས་པ་མིག་དམར་པོ་གཅིག་ཡོད་པ། ཀུན་ནས་འབར་བས་བསྐོར་བག་ནག་ཅིང་ལྗང་བ། ཁྲོས་ཤིང་འཁྲུགས་པ། གཞོན་ནུ་རལ་པ་གཅིག་ཡོད་པ། ལག་པ་ན་རལ་གྲི་དང་། ཞགས་པ་ཐོགས་

པ་བྲི་བར་བྱའོ། །སྒྲུབ་པ་པོ་ནི་ཐལ་མོ་སྦྱར་བའོ། །རས་རིས་གཉིས་པ་ནི་བཅོམ་ལྡན་འདས་དེ་བཞིན་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། མི་གཡོ་བ་མིག་གཅིག་པ་བྲི་བར་བྱའོ། །དེ་བཞིན་དུ་ཆོ་ག་ཐམས་ཅད་ཀྱིས་སྦྱར་བར་བྱ་ཞིང་། རི་ལ་སོགས་པ་དབེན་པར་འདུ་

Vol. 87 · folio 219b

འཛི་སྤངས་ནས་རས་རིས་མེད་པར་ཡང་བསྒྲུབ་པའམ། ཐ་ན་གཙུག་ལག་ཁང་གི་བྲང་ཁང་ལ་སོགས་པ་དང་། ཀུན་དགའ་ར་བ་ལ་སོགས་པའི་གནས་སུ་སེམས་ཅན་གྱི་ཁམས་རྣམ་པར་དག་པའི་ཕྱིར་དངོས་གྲུབ་ལ་ཉེ་བར་དམིགས་པ་ཉིད་ཀྱིས་འབུམ་ཕྲག་གསུམ་བཟླས་ན། དེ་

བཞིན་གཤེགས་པ་བྱོན་ནས་མགོ་ལ་རེག་སྟེ་ལེགས་སོ་ཞེས་བྱ་བ་བྱིན་ཞིང་ཀུན་ནས་རེག་པར་གྱུར་པས་མངོན་པར་ཤེས་པ་རྣམས་འབྱུང་བར་འགྱུར་ཞིང་གཟུངས་རྣམས་ཀྱང་སོ་སོར་ཐོབ་པར་འགྱུར་རོ། །འབུམ་ཕྲག་གསུམ་བཟླས་ན་རྫས་གང་དང་གང་བསྒྲུབས་པ་དེ་དང་དེས་

རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ། །འཕགས་པ་བྱམས་པའི་སྤྱན་སྔར་འབུམ་ཕྲག་གསུམ་བཟླས་ན་འཕགས་པ་བྱམས་པ་མཐོང་བར་འགྱུར་རོ། །འཕགས་པ་ཕྱག་ན་རྡོ་རྗེ་ལ་རྣམ་པར་བལྟ་ཞིང་གནས་པས་འབུམ་ཕྲག་གསུམ་བཟླས་ན་ལག་པ་ནས་བཟུང་ནས་ལྕང་

ལོ་ཅན་དུ་འཇུག་པར་འགྱུར་རོ། །དེ་བཞིན་དུ་འཕགས་པ་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་གང་དག་གི་མདུན་དུ་བཟླས་པ་བྱས་པ་དེ་ངེས་པར་མཐོང་བ་སྩོལ་བར་འགྱུར་རོ། །ཁྱད་པར་དུ་འགྲོ་བ་ལ་ཡང་འཇོག་པར་འགྱུར་རོ། །སྐྱིལ་མོ་ཀྲུང་གིས་

འདུག་ནས་མཚན་རངས་པར་དེ་བཞིན་གཤེགས་པ་ལ་དམིགས་ནས་བཟླས་ན་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་རོ། །རི་ལ་སློང་མོ་སྤྱོད་ཅིང་འབུམ་ཕྲག་གསུམ་བཟླས་ན་རྫུ་འཕྲུལ་གྱི་རྐང་པ་འཐོབ་ཅིང་ཅི་སྲིད་འདོད་པར་གནས་པར་འགྱུར་རོ། །སྙིང་པོ་འདི་ནི་རང་བཞིན་

གྱིས་གྲུབ་པ། ཆགས་པ་མེད་པ་དོན་ཡོད་པར་གྲུབ་པའོ། །མྱུར་དུ་འགྲུབ་པ་སྒྲིབ་པ་མེད་པར་འགྲུབ་པ་ཞེས་བྱའོ། །གང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་ཆོ་ག་གང་ཡིན་པ་དེ་རྟོག་པ་འདིའི་ཡིན་ནོ། །མདོར་ན་གང་འདོད་པ་དེ་སྒྲུབ་པར་བྱེད་པ་ནི་དུས་གསུམ་མཉམ་པ་ཉིད་

ཀྱི་དམ་ཚིག་ཅེས་བྱ་བ་ཡི་གེ་ལྔ་པོ་ཡིན་ནོ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་དམ་ཚིག་ཅེས་བྱ་བ་གང་མཆོག་ཏུ་མཚུངས་པ་མེད་པ་ཕ་རོལ་གྱི་ཡང་ཕ་རོལ་ཏུ་གྱུར་པ་དཔའ་བོ་དྲི་མ་མེད་པ་ཐམས་ཅད་དང་གཅིག་ཏུ་ཉེ་བར་འདུག་ནས་སངས་རྒྱས་དང་བྱང་

Vol. 87 · folio 220a

ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་སྐྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཉེ་བར་བསྡུས་པ་འདི་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། མ་ཧཱ་མ་ཧཱ། ཨ་ར་ཡ་ཨ་ར་ཡ། ཤོ་དྷ་ཡ་

ཤོ་དྷ་ཡ། ཨ་མཱ་ལཱ་ཨ་མཱ་ལཱ། ཏྲ་ཧ་ཏྲ་ཧ། མ་ཧཱ་ཀཱ་རུ་ཎཾ། ས་མ་ཡ་ཏྲ་ཀ་ར་ཏྲ་ཀ་ར། ཏྲ་ཡ་ཏྲ་ཡ་སྭཱ་ཧཱ། ཡང་བཅོམ་ལྡན་འདས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱ་བ་ལ་སྒྲིབ་པ་མེད་པ། སྔོན་གྱི་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པར་བྱས་པ་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱིས་ལྷན་ཅིག་ཏུ་གསུངས་སོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། བ་ར་བ་ར། སརྦཾ་སརྦཾ། ས་མ་ས་མ། ཀུ་རུ་ཎཱཾ་ཀུ་རུ་ཎཱཾ། ཏཱ་རཱ་ཏཱ་རཱ། སཱ་རཱ་སཱ་རཱ། ཨཱ་ཏཱི་ཨཱ་ཏཱི། ཨ་མཱི་ཏཱཾ་ཨ་མཱི་ཏཱཾ། ཨ་ཏི་ཨ་ཏི། བཱི་རཾ་བཱི་རཾ། ཨ་ཏཱི་ཨ་ཏཱི། ཤུ་རཾ་ཤུ་རཾ། ཧ་ཧ་ཧ་ཧ། མ་ཧཱ་ས་མ་ཡ།

ན་མཿཏྲ་ཨ་མ་ལ་སིདྡྷི་དཱ་ཡ་ཀེ་བྷྱཿ། སརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿ། སརྦ་ཨ་ནནྟ་མེ་དྷྱེ་བྷྱཿ། མ་ཧཱ་ཀཱ་རུ་ཎཱཾ། ཨ་མ་ལི་ཎཱཾ། ཨ་ས་ཧེ་ཛཱ་ལ་སྭཱ་ཧཱ། འདི་གསུམ་བསམ་གྱིས་མི་ཁྱབ་སྟེ། །སངས་རྒྱས་རྣམས་ཀྱིས་གྲོལ་བ་དང་། །མཆོག་ཏུ་རྣམ་དག་སེམས་ཅན་རྣམས། །བྱེད་པའང་

བསམ་གྱིས་མི་ཁྱབ་པ། །དཔའ་བོ་ཀུན་གྱིས་འདིར་ཐམས་ཅད། །འདི་ཡི་སྟོབས་ཀྱིས་དོན་ཐམས་ཅད། །བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས། །གསང་བ་བདག་ཉིད་ཆེན་པོ་འདི། །དཔག་མེད་ཅེས་བྱའི་ཐུགས་རྗེའི་བདག །ཀུན་གྱི་སྤྱོད་ཡུལ་འདི་ཡིན་ཏེ། །དེ་ཕྱིར་འདི་དང་

འདྲ་བ་མེད། །བློ་ལྡན་དད་པས་སྙིང་པོ་འདི། །འགྲོ་ཀུན་འདུལ་བར་འདོད་པ་ཡིས། །ཡང་དག་ཉིད་དུ་བསྒྲུབ་པར་བྱ། །འདི་ནི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་བསྡུས་པའི་རྒྱལ་པོའི་ཕྱོགས་གཅིག་གི་བླ་ན་མེད་པའི་སྙིང་པོ་རིམ་པར་ཕྱེ་བ་རམ་འབྱམ་གྱི་

ཕྱོགས་གཅིག་ཡིན་ནོ། །འཕགས་པ་ཀུན་དུ་བཟང་པོས་ཀྱང་རང་གི་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སུ་མ་ཏཱི་སུ་མ་ཏཱི། ས་མ་ཡ་ས་མ་ཡ། ས་མ་ས་མ། ཨ་ཏཱི་ཨ་ཏཱི། རོ་ཙ་ནཱ་རོ་ཙ་ནཱ། མ་ཧཱ་བ་ལེ་བེ་གེ་དྱེ་ཧི་མ་ཧཱ་ས་མནྟ་བྷ་དྲ། ཨ་ཙི་ཏ་བ་ལ་བེ་ག་ན་མཿསྟུ་ཏེ་སྭཱ་ཧཱ། དེ་

Vol. 87 · folio 220b

བཞིན་གཤེགས་པའི་སྙིང་པོའི་ཆོ་གས་ཉིས་འགྱུར་དུ་སྦྱར་བར་བྱའོ། །རིག་པ་མཆོག་རབ་འབྱམ་ལ་སོགས་པའི་ཆོ་གས་ཀྱང་སྦྱར་བར་བྱའོ། །རས་རིས་ནི་སངས་རྒྱས་བཅོམ་ལྡན་འདས་འཕགས་པ་ཀུན་དུ་བཟང་པོ་དང་། འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཕྱག་ན་རྡོ་རྗེ་རྣམས་སྔ་མ་

བཞིན་དུ་ཅི་རིགས་པར་བྲི་བར་བྱའོ། །ཕྱག་ན་རྡོ་རྗེའི་འོག་ཏུ་ནི་འཕགས་པ་རྡོ་རྗེའི་སྟོབས་ཞེས་བྱ་བ་གཞོན་ནུ་རིན་པོ་ཆེའི་བྲག་ལ་འདུག་པ། གནག་ཅིང་ལྗང་པ། མིག་དམར་བ། ངུར་སྨྲིག་གྱོན་པ། ལག་ན་རལ་གྲི་ཐོགས་པ། ཁྲོས་པ། ཐུར་དུ་ལྟ་བ། བགེགས་རྣམས་འཇོམས་

པ་བྲི་བར་བྱའོ། །འོག་ཏུ་ནི་སྒྲུབ་པ་པོའོ། །རས་རིས་གཉིས་པ་ནི་འཕགས་པ་ཀུན་དུ་བཟང་པོ་དང་། གཡོས་པོ་དེ་བཞིན་དུ་གནས་པ་བྲི་བར་བྱའོ། །འདིར་ཡང་ལས་ཐམས་ཅད་སྔ་མ་བཞིན་དུ་བསྒྲུབ་པར་བྱ་སྟེ། ཅི་ལྟར་མོས་པ་བཞིན་དུ་འཕགས་པ་ཀུན་དུ་བཟང་པའི་སྨོན་ལམ་གྱིས་འགྱུར་

རོ། །འཕགས་པ་བློ་གྲོས་ཆེན་པོས་རང་གི་སྙིང་པེ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ཏྲཱ་ཨ་ཏྲཱ། སརྦ་སརྦ། ས་མ་ས་མ། ས་པཾ། ཨ་ཙ་ལཱི་ནཱི། ཨ་ཙ་ལཱི་ནཱི། ཨ་མ་ལཱི་ནཱི། ཨ་མ་ལཱི་ནཱི། མ་ཧཱ་ཨ་གྲ་ཡེ་སྭཱ་ཧཱ། མཆོག་ལ་ལྟ་བ་ཞེས་བྱ་བས་སྙིང་པོ་སྨྲས་པ། ན་མཿསརྦ་

བུདྦྷ་བོ་དྷི་སཏྭཱ་ནཱཾ། ཨ་ནནྟ་མ་ཧཱ་བ་ཁེ་ནཱ་སྟི་ཨ་གྲ་སཏྭ་ན་མོ་སྟུ་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་གྲཱ་ཏེ་ན་མཱ་སརྦ་ཛི། ཨཾ་བེ་ཏད་ཨེ་ཏཾ། ཨ་ཏྲ་ཨ་ཏྲ། བ་ར་བ་ར། བི་རི་ཡ་བི་རི་ཡ་སྭཱ་ཧཱ། དྲི་མ་མེད་པའི་ཤུགས་ཀྱི་འོད་ཀྱིས་རང་གི་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏ་ར་ཏ་ར། བ་ར་བ་ར།

བི་རི་བི་རི། དྷ་མ་དྷ་མ། ཨ་ས་མ་ཛྭཱ་ལ་སྭཱ་ཧཱ། རྡོ་རྗེ་དཔའ་བོས་རང་གི་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་གྲ་ཏ་སྟ་ར་མ་ན་ཧཱ་མ་ཏི་ཧཱུྃ་ཧཱུྃ། ཨེ་ཧྱེ་ཧི། ཨ་ཏི་ཨ་ཏི། ཨ་མ་ལཱ། བ་ར་བ་ར། བི་རི་བི་རི། བཛྲ་བཛྲ། བ་ལ་ཨྃ་གི། ཏི་བི་ཏི་བི། ཧཱུྃ་ཛྭཱ་ལཱ་ནཱ་མ་སྭཱ་ཧཱ།

རྡོ་རྗེ་དཔའ་བོས་སྨས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ག་ག་ནཱ་ག་ག་ནཱ། ག་ག་ནཱ་དྷ་ནོངྒ་ཏེ་དྷི་དྷ་ནཱཾ་མེ། ཏི་སི་ཏི་སི། ཧ་ས་ཧ་ས། བཛྲ་བ་ལཱ་ཨུ་ད་ཡ་སྭཱ་ཧཱ། ནམ་མཁའ་ཤར་བས་རང་གི་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ཏི་ཨ་ཏི། གརྦྷ་གརྦྷ། ཏུ་རཱུ་ཏུ་རཱུ། བཛྲ་

Vol. 87 · folio 221a

བཛྲ། ཀུ་རུ་ཀུ་རུ། ཧཱུྃ་སྭཱ་ཧཱ། དེ་བཞིན་གཤེགས་པའི་ཐུགས་ཀྱི་སྙིང་པོའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏྲཱ་ཊ་ཏྲཱ་ཊ། ཏཱ་ཊཱ་ཏཱ་ཊཱ། ཧ་ར་ཧ་ར། མ་ཧཱ་བཛྲ་གརྦྷ་ཧཱུྃ་ཧཱུྃ། ཏཱ་ཊི་ཏཱ་ཊི། བནྡྷ་བནྡྷ། བཛྲ་བཛྲ། གུ་ཎཱ་གུ་ཎཱ། ས་རཱི་ཧཱུྃ་ཛྭ་ལ་ན་མཿསྟེ་སྭཱ་ཧཱ། རྡོ་རྗེ་སྙིང་པོའིའོ། །

ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཀཱ་རུ་ཎཱཾ། ས་མ་ཡཾ། ཀུ་རུ་ཀུ་རུ། ཨ་ནནྟ་མ་ཧཱ་བ་ལཱ་བཛྲ་ཧེ་ཧེ་ཤཱི་གྷྲཾ་ཤཱི་གྷྲཾ། ཨཱ་བི་ཤ་ཨཱ་བི་ཤ། ཏཀྟྭི་ཏི་བི་ཏི་བི། བཛྲ་མཱ་ལ་སྭཱ་ཧཱ། རྡོ་རྗེ་མཐའ་ཡས་ཀྱིའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་མ་ལ་ཤཱི། ས་མནྟ་ས་མ་ཡ། ཧི་རི་ཧི་རི། ཧཱུྃ་ཧཱུྃ། བཛྲ་

བཛྲ། ཏིཥྛ་ཏིཥྛ། ཛ་ར་ཛ་ར། བཛྲ་ཡ་ས་ནི་ནཱ་མ་སྭཱ་ཧཱ། རྡོ་རྗེ་དཔལ་གྱི་སྙིང་པོའི་འོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨ་ལས་ངེས་པར་བྱུང་བ་ཞེས་བྱ་བས་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱ་ཡ་ཧཱི་ཤཱི་གྷྲཾ་སུ་ག་ཏ། ཛ་བེ་གྲ་ཏ་པྲ་ཎ་མི་ཏཾ་ཏེ་བ་ར། ས་ཏྲ་

མེ་ཀྲ་མཱ་ཀཱ་རོ་ཧཱི། སརྦ་པ་ར་ད་མ་མ་ཧཱ་བ་ལ། ཨ་ཙཎྜ་ཀ་སཏྭཱ་བི་ཤུདྡྷི། ཀ་ར་ཀ་ར་ཀ་ཏྲ་ཏྲེ་དཾ་ཏྲི་ཏ་ཡཾ། བི་ར་ཡཾ་བི་ར་ཡཾ། བིར་ཡཾ། ཨ་ར་ར་ཀྲི་མཱ་བ་ཡ་སྭཱ་ཧཱ། པདྨ་ལས་ངེས་པར་བྱུང་བ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། བ་ར་ད་བཛྲ་ཨུ་

ད་ཡ་ཧཱུྃ་ཧཱུྃ། ཧེ་ཧེ་སཱ་དྷ་ཡ་སྭཱ་ཧཱ། རྡོ་རྗེ་དཔའ་བོའིའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་རུ་ཎཱཾ་ཨ་རུ་ཎཱཾ། ས་མ་ཏེ་ས་མ་ཏེ། བ་ར་དེ་བ་ར་དེ། སཱ་རཱ་ཐེ་སཱ་རཱ་ཐེ། ན་མོ་ཨ་ཙིནྟྱ་བི་ཥ་ཡེ་བྷྱཿསྭཱ་ཧཱ། བདེ་བར་གཤེགས་པ་ལས་བྱུང་བའི་སྙིང་པོའོ། །འཕགས་པ་བྱམས་པས་

རང་གི་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏཱིཏྟཱི་ཡ་ཏཱི་ཏྟཱི་ཡ། བྷི་དྷི་ཡ་བྷི་དྷི་ཡ། མ་ཧཱ་ཡོ་གཱི་ཤྭ་ར། དརྴ་ཡ་དཪྴ་ཡ། ས་མ་ཡཾ་ཛྭཱ་ལ་ཡ་སརྦ་ཨ་མོ་གྷ་སིདྡྷི་སྭཱ་ཧཱ། མྱ་ངན་མེད་བཟང་པོས་རང་གི་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སཱ་མ་ཏེ་སཱ་མ་ཏེ། སུ་རཱ་ཏེ་སུ་རཱ་ཏེ།

ཤོ་བྷི་ནི་ཤོ་བྷི་ནི། བྷ་དྲེ་བྷ་དྲེ། བྷ་ར་བྷ་ར། བི་ར་བི་ར། ཙ་ལ་སྭཱ་ཧཱ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ཏྲཱི་ཀ་ས་མ་ཧཱ་ན་ནྟི་མནྟི། ཀ་ར་ཀ་ར། བཱི་ར་བཱི་ར། ཏ་ར་ཏ་ར། ཏཱི་ཡཱ་ཏཱི་ཡཱ། མཉྫུ་ཤྲི་ཡཱ། ཀ་རི་ཀ་རི། ཀ་ར་ཀ་ར། ཏ་ར་ཏ་ར། ཧ་ར་ཧ་ར། བཛྲ་མ་ཡ། ཧཱུྃ་ཧཱུྃ། ཛ་ལ་ཀུ་མཱ་ར་ཀ་སྭཱ་ཧཱ།

Vol. 87 · folio 221b

འཕགས་པ་འཇམ་དཔལ་གྱི་སྙིང་པོའོ། །འཕགས་པ་པདྨ་རྡོ་རྗེས་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱརྱ་གཱི་ཏེ་ན་མོ་སྟུ་ཏེ། ཀཱ་རུ་ཎ་མཎྜ་ལཱ་མ་ལ་ཛྭཱ་ལཱ་མེ་དྷོ་མ་ནི་ས་ཧ་ཏེ་ཙ་གུ་ཎ་རཱ་ཛཱ་ཨ་གྲ་བྷཱུ་ཥ་ཎ་ཏཱ་ཏྲ། ཨེ་དཾ་ཏི་དྭ་ཡ་ཏྲི་དྭ་ཡ་ཏྲི། སུ་མ་ཏི་སུ་མ་ཏི། ཏེ་ར་ཏཱི་ཏེ་ར་ཏཱི། གུ་ཎ་

གུ་ཎ། ཛྭཱ་ལ་ཡ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་སྭཱ་ཧཱ། འཕགས་པ་རྡོ་རྗེ་རང་བཞིན་གྱིས་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། བཛྲ་མཱ་ཡཱ་ཏྲི་ཤི་ཁཱ་བ་ར་ཧཱུྃ། བར་བོ་ག་གུ་ཎཱཾ་མ་ལ་བནྡྷ་པེ་ཀི་ནི་སྭཱ་ཧཱ། འཕགས་པ་རྡོ་རྗེ་རྩེ་མོས་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ཧ་ཧ་

ཧ་ཧ། ས་མ་ས་མ། ཏྲི་ཤཱི་ཁ་ར་ཏྲི་ཤཱི་ཁ་ར། ཏྲྱམྦ་ཏྲྱམྦ། ཨ་ས་དྲྀ་ཤྱ་སྭཱ་ཧཱ། རྡོ་རྗེ་ཡན་ལག་བྱིན་གྱིས་རང་གི་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏྲཱ་ག་ཏྲཱ་ག། ཧཱུྃ་ཧཱུྃ། ཙཾ་ཙཾ་ཏུ་ཏེ་སུ་ཁ་ཡ་ཧཱི་སྭཱ་ཧཱ། རྡོ་རྗེ་མི་གཡོ་བས་རང་གི་སྙིང་པོ་སྨྲས་བ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་

ནཱཾ། སརྦ་ཏྲ་གྷུ་ཎཱཾ། ཀུ་རུ་ཀུ་རུ། ས་མ་ཏཱ། ཧཱ་རཱ་ཧཱ་རཱ། ཧཱུྃ་ཧཱུྃ། བཛྲ་ཨ་ཙ་ལ་སྭཱ་ཧཱ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཧ་ན་ཧ་ན། ཏ་ན་ཏ་ན། མ་ཧཱ་བཛྲ་བ་ལོ་ད་ཡ། ཏ་ཏ་ཏ་ཏ། ན་མ་ན་མ། ཨ་ཏ་ཨ་ཏ། ས་ཏ་ས་ཏ། གུ་ཎཱ་གུ་ཎཱ། ཏ་ན་ཏ་ན། མ་ན་མ་ན། ཛྭཱ་ལ་ཡ་ཛྭཱ་ལ་ཡ།

བེ་ག་ཨ་ཙ་ལ་ཨ་ཙ་ལ། ཧཱུྃ་ཧཱུྃ། ཨ་ཏི་ཛྭཱ་ལ་ཡ་ན་མ་སྭཱ་ཧཱ། གསང་བའི་བདག་པོ་རྡོ་རྗེ་འཆང་གི་རྡོ་རྗེ་སོས་རང་གི་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། རཀྟཱ་རཀྟཱ། སཀྟཱ་སཀྟཱ། མནྟཱ་མནྟཱ། བྷ་དྲཱ་བྷ་དྲཱ། མོ་ཊཱ་མོ་ཊཱ། ཏ་ཊ་ཏ་ཊ། ཧཱུྃ་ཧཱུྃ་བཛྲ་ཨ་ཏི་བ་ལ། ཛ་ཧ་ལེ་ཛ་ཧ་

ལེ། ཏིཏྟི་ཏིཏྟི། ཏི་ཙི་ཏི་ཙི། ཤ་ཏ་ཤ་ཏ། ཙ་ཙ་ཨཱཛྙཱ་ཀ་ར་སྭཱ་ཧཱ། དྲི་མ་མེད་པའི་མདངས་ཀྱིས་རང་གི་སྙིང་པོ་སྨྲས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱརྱ་ཨ་མ་ལེ། ས་ད་ཡ་སརྦཾ། ཏི་ཙི་ཏི་ཙི། མ་ཏི་མ་ཏི། གཱ་ནྟེ་སྭཱ་ཧཱ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏ་ར་ཏི་ཏ་ར་ཏི། བ་ར་ཏི་བ་

ར་ཏི། མ་ཧཱ་བ་ར་ཏི། མ་ཧཱ་བ་ར་ཏི། ས་མནྟེ་ཛྭཱ་ལཱ་ཡ། བཛྲ་ཏཱ་ཧ་རི་ཧཱུཾ་ག་ར་ས་མ་ཡ་སྭཱ་ཧཱ། དམ་ཚིག་གཟི་བརྗིད་ཅེས་བྱ་བའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏྲི་ཤི་ཁཱི། བ་ར་དེ་བ་ར་དེ། ཤ་ར་ཤ་ར། ཤཱ་རེ་ཤཱ་རེ། བ་ར་བ་ར། ཏེ་ཛེ་ཧཱུྃ་ཧཱུྃ། ཁ་ནཱི། སིདྡྷི་སྭཱ་ཧཱ། རྡོ་རྗེ་ཤུགས་ཀྱིའོ། །

Vol. 87 · folio 222a

ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཊྚ་ཨཊྚ་ཙཎྜེ་ཙཎྜེ། བྷཱི་ཥ་ཎཱི་བྷཱི་ཥ་ཎཱི། ཏ་ཊ་ཏ་ཊ། བཛྲ་བེ་གེ་ནཱི་ཀནྟྲི་ཤོ་བྷི་ནཱི་ཏྲཱཾ་ཏྲཱཾ། ཨཱ་ཀརྵ་ཡ་སིདྡྷི། ཏྲཱཾ་བི་ནི་བཛྲེ་བཻ་རོ་ཙོ། ཨ་ན་ཐ་ཨ་ན་ཐ། བ་ལ་བ་ལ་ཧཱུྃ་ཧཱུྃ། ཡ་མ་ལི་ནི། ཨ་སྟ་ཀ་རོ་ཧི་སརྦ་ཐཱ་སཱ་དྷ་ནི་སྭཱ་ཧཱ། འཕགས་པ་རྡོ་རྗེ་

ལྕགས་ཀྱུའིའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏིཀྟྭེ་ཏིཀྟྭེ། མུཀྟྭེ་མུཀྟྭེ། དེ་ཧི་བ་ར་རཾ། ཏོ་ཥ་ཡེ། ཏོ་ཥ་ཡེ། ཧ་ས་ཀ་རེ་ཏཾ་རེ་ཏཾ། ཏི་ལི་ཏི་ལི། ཏི་ནི་ཏི་ནི། མུ་ནི་མུ་ནི། མ་ཧཱ་ཀཱ་རུ་ཎཱཾ་མཾ་ཏྲ་ཡི་གེ་སྭཱ་ཧཱ། རྡོ་རྗེ་མའིའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཏི་ཊྱ་ཏི་ཊྱ། ཏོ་ཏྲ་ཏོ་ཏྲ། མེ་ལ་མཱ་

ལ། ཧཱ་ཧཱ་ལེ་ཁེ་མ་མ་ཙོ་རེ་ཧཱུཾ་ཧཱུཾ། བཛྲ་ཨངྒེ་ཀེ་ཀྵི་ཏ་ཀྵི་ཏ། ཀེ་ཀ་རེ་སྭཱ་ཧཱ། རྡོ་རྗེ་གདན་གྱིའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་པཱི་ནཱི་ཨ་པཱི་ནཱི། ཨཱརྱ་མཱ་ལ་ནི། བེ་གེ་ཛྭཱ་ལཱ་ཡ་སྭཱ་ཧཱ། རྡོ་རྗེ་ནག་པོའིའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། མ་ག་ཏ་སྟྲི་ཧི་ར་ཡ་སྱ་ཏ་སྱ་ཏ་གེ་ན་མོ་བུདྡྷ་མ་ཧཱ་

ཡོ་ག་བ་ལ་ཨ་གྲ་ཡ་བཛྲ་བཱི་ར་ཡ་ཏ་ཡི་ནི་ཏྲེ་དཱཾ། ཨ་མ་བི་ཏི་ཨ་མ་བི་ཏི། བ་ལ་བ་ཏི་བ་ལ་བ་ཏི། ཤོ་དྷ་ནེ་སྭཱ་ཧཱ། རྡོ་རྗེ་དཔའ་བོའིའོ། །རྟོག་པ་འདི་དག་ཐམས་ཅད་དུ་སྔ་མ་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་དུ་རས་རིས་ཀྱང་ཇི་ལྟར་རིགས་པར་བྲི་བར་བྱའོ། །འདི་དག་ནི་བསྒྲིབས་པ་མེད་པར་རབ་ཏུ་གྲུབ་

པ། དོན་ཡོད་པར་གྲུབ་པ། རང་བཞིན་གྱིས་གྲུབ་པ། བཀླགས་པས་གྲུབ་པ། ཐོགས་པ་མེད་པར་རབ་ཏུ་གྲུབ་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །འདོད་པའི་དོན་ཕུན་སུམ་ཚོགས་པར་བྱེད་པའོ། །སེམས་ཅན་ཐམས་

ཅད་ཀྱི་དོན་བྱེད་པའོ། །མཐོང་བའི་ཆོས་ལ་བདུད་རྩིའི་སྤྱོད་ཡུལ་དུ་འགྱུར་ཞིང་ཡོན་ཏན་གྱི་འབྱུང་གནས་རབ་ཏུ་ཐོབ་པར་འདོད་པས་འབད་པ་ཐམས་ཅད་ཀྱིས་བསྒྲུབ་པར་བྱའོ། །འདིས་མི་འགྲུབ་པ་གང་ཡང་མེད་དོ། །སྒྲུབ་པ་འདིས་བསྒྲུབས་པ་ལ་ཉམས་པ་མེད་དོ། །བར་ཆད་

མི་འབྱུང་ངོ་། །ལོག་འདྲེན་མི་འབྱུང་ངོ་། །གནོད་པ་མི་འབྱུང་ངོ་། །ནད་མི་འབྱུང་ངོ་། །ཅི་ལྟར་འདོད་པས་ཅི་ལྟར་མོས་པ་བཞིན་དུ་དད་པར་བྱས་ནས་དེ་བཞིན་གཤེགས་པ་རྗེས་སུ་བྲན་བཞིན་དུ་ལས་རྣམས་བསྒྲུབ་པར་བྱའོ། །རྟོག་པ་འདིར་ཐེ་ཚོམ་མེད་པར་བྱ་སྟེ། དམ་

Vol. 87 · folio 222b

ཚིག་འདིས་འགྲུབ་པར་འགྱུར་རོ། །སྙིང་པོ་རབ་འབྱམ་གྱི་རིམ་པར་ཕྱེ་བའོ།། །།དེ་ནས་འདིར་གཏུམ་པོ་མཐར་བྱེད་ལ་སོགས་པ་ཕོ་ཉར་བྱེད་པ་ས་ཡ་བསམ་གྱིས་མི་ཁྱབ་པའི་གཙོ་བོ་བཅུའི་སྙིང་པོ་བཅུ་འབྱུང་བར་འགྱུར་རོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཏི་བི་ཥ་ཡ།

གྲྀ་ཧྞ་ཡ་ཙཎྜ། ཨུཏྟ་ཙྩ་ཀ་མ་ཧཱ་གོ་རཱ་ཀ་རཱ། ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱ་ར་ལ། ཛྭཱ་ལ་ཛྭཱ་ལ། ཧྃ་ཧྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་སྭཱ་ཧཱ། ན་མཿས་མནྟ་བཛྲཱ་ཎཱཾ། ཧཱུྃ་མ་ཧཱ་བ་ལ་ཨ་གྲ་ཨ་ཙ་ལ། གྲྀ་ཧྞ་གྲྀ་ཧྞ། བནྡྷ་བནྡྷ། པཱ་ཏཱ་ཡ་པཱ་ཏཱ་ཡ། ཨཱ་བི་ཤ་ཨཱ་བི་ཤ། ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་བ་ར་

བི་ཤྭ་མཱཾ་ཧཱུྃ་ཧཱུྃ། ཏ་བཱི་ཏ་བཱི་ར་ཨ་ཙ་ལ་སྭཱ་ཧཱ། ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཙི་ཏ་ཨུདྡ་ར་གུ་ཎ་བརྞཱ་བ་ར་བ་ར། ཀ་ར་ཀ་ར། བྷ་ར་བྷ་ར། ཨ་ཏཱི་བ་ལཱ། ཁ་ཎ་ཁ་ཎ། ཁུནྟ་ཁུནྟ། ཏ་ནི་ཏ་ནི། མ་ཧཱ་ཛྭཱ་ལཱ་མནྡ་ཡ་ས་ཀ་སྭཱ་ཧཱ། ཤིན་ཏུ་སྟོབས་ཀྱི་རྡོ་རྗེའིའོ། །ན་མཿས་མནྟ་བཛྲཱ་

ཎཱཾ། ཏྲི་པ་ལི་ཨ་ཙ་ལཱི། ཨ་མ་ལཱི། ཀ་མ་ལཱི། མ་ཧཱ་མ་ཧཱ། ས་ད་བ་ལ། ས་མ་ཏི། ག་བ་རཱ། ཏི་ཛཱ་ཏྲེ་དཾ། ཏཾ་བ་ཏཾ་བ། ཏྲ་ཊ་ཏྲ་ཊ། ཏ་ཊ་ཏ་ཊ། ཨ་ཏི་བཛྲ་བི་ཥ་ཎ་ཧཱུྃ། སྥོ་ཊ་ཡ། སཱ་དྷ་ཨཱ་ཛྙཱ་ཀ་ར་སྭཱ་ཧཱ། མཆོད་ཆེན་མཆོག་གིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏིཥྛ་ཏིཥྛ།

མ་ཧཱ་དུ་ཏ་ཨ་མོ་གྷ། ཨ་པྲ་ཏི་ཧ་ཏ། ཨ་ཙ་ལཱ་ཀུ་རུ་ཀཱ་མཾ། མ་ཧཱ་ཏེ་ཛ་ཨ་གྲ་བ་ནཱ་ཏོ་ཨ་སྨི་བྷ་བ་ཨུཏྟ་མ། ཏ་ཏེ་དཾ། ཏ་ཏ་ཏ་ཏ། མ་ཏ་མ་ཏ། ཨ་ཏི་ཨ་ཏི། བཛྲ་ས་ད་ཡ་ས་ད་ཡ། སརྦཾ། བ་ར་བ་ར། ན་མ་སྭཱ་ཧཱ། ཤིན་ཏུ་རྡོ་རྗེའིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཏཱི་ཨ་ཏཱི་

ཨ་ཏཱི། ཏེ་ཛོ་ཨ་ཏཱི། བཛྲ་ཀ་ར་ཀ་ར། བཛྲ་མ་ཏ་མ་ཏ། ཏཱི་བཱ་རཱ་ཏཱི་བཱ་རཱ་ཏཱི། མ་ཧཱ་མ་ལཱ། ཨ་གྲ་ཨ་ཙ་ལི་ཏ་ས་ལ་ལི་ཏ་ག་ཏི་མཾ་ཀུ་རུ་ཀུ་རུ་སརྦཾ། ས་མ་ཡ་མ་ས་ཡ། བ་ལ་ཨ་གྲ། ཏ་ཊ་ཏ་ཊ། ར་ཊ་ར་ཊ། བི་ར་ཛ་ན་མ་སྟེ་སཱུ་སྭཱ་ཧཱ། ན་མཿས་མནྟ་བཛྲཱ་ཎཱཾ། ཨེ་ཧི་མ་

ཧཱ་ཙཎྜ་ཨ་ཙ་ལ་བཛྲ། ཨ་ཏི་བི་ཥ་མ་བཛྲ། ཨ་ཏི་སྠི་ར་བཛྲ། ཨ་ཏི་སུ་ར་བཛྲ། ཨ་ཙ་ལི་བི་ཏ་བཛྲ། མཱ་ལཱ་ཨ་ས་ཧ་ཨ་ས་ཧ། མ་ཧཱ་ཀྲོ་དྷ་ན་མ་ཧཱུྃ་ཧཱུྃ། ཧཱ་ཧཱ། ཧོ་ཧོ། ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ། མ་ཧཱཾ་ཕཊ་ཕཊ། བཛྲ་ཨངྒི་ཧཱུྃ་ཧཱུྃ་ཛྭཱ་ལ་སྭཱ་ཧཱ། གཏུམ་པོ་ཆེན་པོ་མི་

Vol. 87 · folio 223a

གཡོ་བ་ཁྲོ་བོ་མེ་དཔུང་གིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཡཱ་ཧཱི་མ་ཧཱ་ཙ་ཎྜ་ལ། ཀ་ར་ཀ་ར། བ་ར་བ་ར། ཏྲ་ཡ་ཏྲ་ཡ། ཏྲྃ་མ་ཧཱ་བ་ལ་བཛྲ་ས་མ་ཡ་བཛྲ་ས་མ་ཡཾ། བྷཾ་དྷ་ར་དྷ་ར། མ་ཧཱ་བཛྲ་ཧ་ས་ཧ་ས། ཨ་ཏི་ཨ་ཏི། རོ་ཥ་ཎ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རྡོ་རྗེ་དམ་

ཚིག་གིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ར་ཏི་ཨ་ར་ཏི། ཧ་ས་ཏཱི་ཧ་ས་ཏྲི། ཙ་རཱ་ཏཱི་ཙ་རཱ་ཏཱི། ཀ་རཱ་ཏཱི་ཀ་རཱ་ཏཱི། ཏཱི་ཡ་ཏཱི་ཡ། ཏཱི་སི་ཡ་ཏཱི་སི་ཡ། ཏཱི་རཱ་ཡ་ཏཱི་རཱ་ཡ། ཏིཏྟཱི་ཡ་ཏིཏྟཱི་ཡ། ཨེ་ཧི་སུ་སིདྡྷི་མ་ཧཱ་བཛྲ། ཨུངྒ་ཏ། ཏིཥྛ་ས་མ་ཡ་ས་མ་ཡ། ཨཱ་སཱ་དྲཱི་སྭཱ་ཧཱ། རྡོ་རྗེ་ཆེན་

པོ་མཐོང་བ་ཞེས་བྱ་བའི་ཕོ་ཉའོ། །སྨོན་ལམ་དྲི་མེད་རྒྱལ་སྲིད་ཀྱིས། །དཔའ་བོ་ཆེན་པོ་བྱིན་བརླབས་ནས། །སེམས་ཅན་ཁམས་རྣམས་རྣམ་སྦྱོང་བའི། །དཔའ་བོ་འདི་དག་དང་འདྲ་མེད། །དམ་པའི་ཆོས་དང་སྲས་བཅས་པའི། །སངས་རྒྱས་ཀུན་གྱི་ཅི་བགྱི་ལགས། །བཀའ་

བཞིན་བྱེད་པས་གནས་པའི་ཕ། །འདི་དག་རྟག་ཏུ་དམ་པ་མཆོག །འཇིག་རྟེན་གསུམ་པོ་གང་ན་ཡང་། །འདི་དག་དང་འདྲ་ཡོད་མ་ཡིན། །དུས་གསུམ་བདག་པོའི་སྟོབས་རྣམས་ཀྱིས། །མཐར་བྱེད་འདི་དག་སྟོབས་ཅན་བྱས། །སྔར་བསྟན་པའི་ཆོ་ག་ཐམས་ཅད་ཀྱིས་བསྒྲུབ་

པའམ། ཡིད་ལ་གང་འདོད་པས་སམ། རྟོག་པ་གཞན་གྱི་ཆོ་གས་ཀྱང་བསྒྲུབ་པར་བྱ་སྟེ། དོན་གང་གི་ཆེད་དུ་བྱས་ནས་བཟླས་པ་བྱས་པ་དེ་ཡང་དག་པར་སྒྲུབ་པར་བྱེད་དོ། །རིག་འཛིན་སྒྲུབ་པར་བྱེད་པའི་རྫས་རྣམས་ལ་དེ་བཞིན་བསྒྲུབས་ན། མ་བསམས་པར་ཡང་འདི་དག་

ཐམས་ཅད་འབད་པ་ཆུང་ངུས་འགྲུབ་པར་འགྱུར་རོ། །ལྷ་རྣམས་ཀྱང་བཅིངས་ནས་འགུགས་པར་བྱེད་དོ། །ཀླུ་ལ་སོགས་པ་ཡང་འགུགས་པར་བྱེད་དོ། །མདོར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་འགུགས་པར་བྱེད། རྟེན་པར་བྱེད་པའི་སའི་ཁམས་ཀྱང་

གཡོ་བར་བྱེད་དོ། །སེམས་ཅན་གྱི་ཁམས་རྣམས་མཐའ་ཡས་ཤིང་རྒྱ་ཆེན་པོའི་ངོ་མཚར་རྣམས་ཀྱང་ཡང་དག་པར་སྟོན་པར་བྱེད་དོ། །སྐྱེད་པར་བྱེད་དོ། །ཁྲོ་བོའི་འཁོར་ལོ་ཐམས་ཅད་ཀྱི་གདུག་པ་གདུལ་དཀའ་བ་རྣམས་འདུལ་བར་བྱེད། གསོད་པར་ཡང་བྱེད་དོ། །ཀུན་ནས་

Vol. 87 · folio 223b

ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་རྣམས་རྣམ་པར་སྦྱོང་བར་ཡང་བྱེད་དོ། །དེ་ནས་གསང་བའི་དཀྱིལ་འཁོར་འདིར་ཁྲོས་པ་མཆོག་ལ་སོགས་པ་ཁྲག་ཁྲིག་བསམ་གྱིས་མི་ཁྱབ་པ་ཕྲག་བཅུའི་ཕོ་ཉ་མོའི་གཙོ་མོ་རྣམས་འབྱུང་བར་འགྱུར་རོ། །ཧེ་ཧི་མ་རོ་ཥ་ད་རི་ནི་ཌདྷ་རི་ཎཱཾ།

ཏཱ་རི་ཎཱི་ཏཱ་རི་ཎཱི། ས་ཏི་ས་ཏི། སུ་མེ་ཏྲེ། ཨ་ནནྟི་ན་མྃ་མྃ། ས་ད་ཡ་ས་ད་ཡཾ། ཨ་ཛི་ཏེ་ཏོ་ཥ་ཡ། ཏོ་ཥ་ཡ། སུ་ག་ཏཾ། ཏཱ་ཡཱི་ཏཱ་ཡཱི། བཱི་རེ་བཱི་རེ། བཱི་ར་པ་ཏཱ་ཀེ། ཨེ་ཧི་ས་མ་ཨངྒེ་སཱ་མ་ས་ནཱི་ཧཱུྃ་ཧཱུྃ་ཧཱུྃ། ཛྭཱ་ལ་ནཱ་མཱ་ཡཱ། ཨ་གྲེ་ཏྲཾ་བི་ནཱི་སྭཱ་ཧཱ། ཁྲོས་པ་ཆེན་པོའི་འོ།།

ན་མཿས་མནྟ་བཛྲཱ་ཎཱཾ། ཏྲ་ཏཱ་རི་མ་ཏཱ་རི། བཛྲཱ་པ་ཏཱ་ཀེ། བོ་དྷ་ཡ་ཏོ་ཥཱ་ཎཱཾ། བཛྲ་དྷ་ར་ཨ་གྲེ་ཏཏྟེ་ཏཏྟེ། མཏྟེ་མཏྟེ། མ་ཧཱ་པྲ་ཙཎྜ། བེ་གེ་ཎཱི་སྭཱ་ཧཱ། རབ་གཏུམ་ཆེན་མོ་ཞེས་བྱ་བའི་ཕོ་ཉ་མོའི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ས་མ་ཏཾ། ས་མ་ཏཾ། ཏི་མི་ཏཾ། མ་ཏི་

ཏཾ་མ་ཏི་ཏཾ། མ་ནི་ཏཾ་མ་ནི་ཏཾ། ཁེ་ལ་ཁེ་ལ་སངྡེ་སངྡེ། མངྡེ་མངྡེ། རཏྟེ་རཏྟེ། བིདྡེ་བིདྡེ། གུདྡེ་གུདྡེ། ཨ་གྲེ་བ་ར་དྷེ། མོ་སིདྡྷེ་མོ་སིདྡྷེ། ན་མོ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏེ་བྷྱཿསྭཱ་ཧཱ། མཐའ་ཡས་རྡོ་རྗེ་ཞེས་པའི་ཕོ་ཉ་མོའི་འོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཁེ་ལ་ནི་ཏི་ཡ། ཨེ་

བྷ་ཨ་བྷ་རོ་ཙ་ནེ་ཤཱ་ས་ཏེ་ཏོ་ཥ་ཏེ་ཏི་ཤི་ར་ཀཱ་ར་ཏེ། ཏི་རི་སྭཱ་ཧི་སིདྡྷ་ཡ་ཧི་ཨ་ཛ་ལེ་ཨ་ཛ་ལེ་ཡཱ་སཾ། མ་ལི་ཨེ་ཏ་ཏྲེ། ཨེ་དཾ་མ་ལ་ཏི་མ་ལ་བ་ཏི། ཀུ་སུ་མི་ཏི་ཀུ་སུ་མི་ཏི། ཏཱི་ཏཱི། ཏིཏྟ་ཡ། ཏིཏྟ་ཡ། ཏིཥྛ་ཏིཥྛ། མཱ་ལི་ཀི་སྭཱ་ཧཱ། ཕྲེང་བ་མ་ཞེས་བྱ་བའི་ཕོ་ཉ་མོའིའོ། །ན་མཿས་མནྟ་བཛྲཱ་ཎཱཾ།

ཨ་ཙ་ལཱ་ཙཎྜེ། ཨ་གྲ་བནྡྷ་ནི། ཨ་མ་ལ་ཨ་ཙ་ལ་ཨ་གྲེ། ས་ཏྱཾ་གི་ནི་ཏྱཾ་གི་ནི། སཾ་ཀ་རི་སཾ་ཀ་རི། དྷཏྟེ་དྷཏྟེ། ཨཏྟེ་ཨཏྟེ། ར་ཏི་ར་ཏི། རཏྟེ་རཏྟེ། ཏ་ར་ཏ་ར། ཏཏྟེ་ཏཏྟེ། ས་མཱ་ས་མཱ། སཏྟེ་སཏྟེ། ས་ཧེ་ས་ཧེ། སུ་ཁ་སུ་ཁ། ཨ་ས་ཧ་བ་ར་ཨུངྒ་ཏི། དུ་རི་བི་དུ་རི་

བི་དུ་རི། སཱ་དྷ་ཡ་སཱ་དྷ་ཡ། སིདྡྷི་ཛྭཱ་ལཱ་ཡ། ན་མ་སྭཱ་ཧཱ། རྡོ་རྗེ་ཐམས་ཅད་པ་ཞེས་བྱ་བའི་ཕོ་ཉ་མོའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཏཱི་ས་ཡེ་ན་བྷོ་ཏི་ནཾ་ས་མ་ཏེ། ཏྲྰྱཾ་གི་ནཱི་ཀ་རུ་དེ་བཱི་ཨ་གྲེ་ཏེ་ཨ་གྲེ་ཏེ། མཱ་ཧི་ཏཾ་ཙི་ཡེ། ཏོ་ཥ་ཡ་ཧི་ནཱ་ཡ་ཀཱ་ན། ཏྲ་ཏྲ་ཨེ་དཾ། ཏ་ར་ཏི་ཏ་ར་ཏི། བ་ར་ཏི་བ་

Vol. 87 · folio 224a

ར་ཏི། མ་ཧཱ་ཏཱི་མ་ཧཱ་ཏཱི། ཧ་ར་ཏི་ཧ་ར་ཏི། མ་ཧཱི་བི་ཥ་ཎེ་ཛྭཱ་ལ་ན་མ་སྭཱ་ཧཱ། ན་མཿས་མནྟ་བཛྲཱ་ཎཱཾ། སརྦ་ཏྲཱ་བ་ར་ཛི་ཏི། ཨེ་ཧི་མ་ཧཱ་མ་ཧེ་ཨེ་ཧི། ཨ་མ་ལ་མ་ལེ། ཨེ་ཧི་ཏྲི་གུ་ཏེ་ཧི་ས་ཧ་ཏེ། ཨ་ཧ་ཏེ་ཧཱ་རཱ་ཏེ། ཏ་ར་ཏེ་ཏྲཱི་སྠ། ཏྲཱིསྠ། སརྦ་ཐཱ་ན་མོ་སྟུ་མ་ཧཱ་ཀྲི་བེ་བྷྱཿསྭཱ་ཧཱ། ཤིན་

ཏུ་རྡོ་རྗེ་དང་། རྡོ་རྗེ་མི་ཕམ་པའི་འོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཤོ་ཀ་ཏི། ཨ་མ་ལེ་བ་ལ་བ་ཏི། ཨ་བ་ལེ་ས་མ་ས་མ། ས་མ་ཡེ་ཨ་ཏི་བ་ལ་བི་ཤ་ཡཱ། ཏ་ན་ཏ་ན། བ་ར་ཏཾ། ཀི་རི། ཀུ་རུ་ཀུ་རུ། ས་མི་ཏཱཾ་ས་མི་ཏཱཾ། སུ་སཾ་སྟི་ཏེ། ཛྭཱ་ལ་ཡ་སྭཱ་ཀེ་སྭཱ་ཧཱ། ཡང་དག་པར་རབ་ཏུ་

གནས་པ་ཞེས་བྱ་བའི་ཕོ་ཉ་མོའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཏཱི་ཨུཏྶེད་སྟྱཾ། ཀུ་ཤི་ཨ་ནཱ་ཡ་ཨ་ནཱ་ཡ། ཨ་ས་མ་བ་ཏཱ་ཀེ་ཧ་རི་ཎཱཾ། ཤཱི་གྷྲཾ། ཨ་མི་ཏཱ་མ་ཧཱ་བ་ལ་བེ་གེ། ཏཱ་ཡི་ཏཱ་ཡི། དྷ་ཡི་དྷ་ཡི། ཏཱི་སཱི་ཏཱི་སཱི། ས་མི་ཡེ་ས་མི་ཡེ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། བཱི་ར་པ་ཏཱ་ཀེ་ཨཱ་ཀརྵ་ཡ་སྭཱ་ཧཱ།

མཉམ་པ་མེད་པའི་གདན་གྱི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཏཱི་ཨ་ཏཱི། ཙཎྜ་ཤཱི་གྷྲཾ། མ་ཀྲི་ཥ་བནྡྷ་ཡ། ཏ་ཌི་ཏ་ཌི། སཱ་དྷ་ཡ། སཱ་དྷ་ཡ། ཏཱ་ལཱི་ཏཱི། ཏཱ་ལཱི་ཏཱི། ལེ་ཏེ་ལེ་ཏེ་ལེ། ཏོ་ཥ་ཡ། ཏྲི་བ་ལ་ཨངྒི། ཛྭཱ་ལ་ཛྭཱ་ལཱ་ཡ། ཨ་ཙ་ལེ་སྭཱ་ཧཱ། སྟོབས་གསུམ་གྱི་ཡན་

ལག་ཅེས་བྱ་བའི་ཕོ་ཉ་མོའི་འོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲཱི་རཱུ་ཙི་ཏྲཱི་རཱ་ཙི། ད་ཡེ་ད་ཡེ། ཏྲི་དྷ་ཡེ་ཏྲི་དྷ་ཡེ། སརྦ་ཏི་སརྦ་ཏི། སརྦ་ཏ་སརྦ་ཏ། གུ་ཎི་གུ་ཎི། ཏྲི་ས་མ་ཡེ་ཏྲི་ས་མ་ཡེ། ཏྲི་ཁེ་ཏྲི་ཁེ། མཱཾ་གེ་མཱཾ་གེ། ཁ་དྟཱི་ཤི་ཁེ་ཁ་དྟཱི་ཤི་ཁེ། ས་མནྟཱ་ཏཱི་ས་མནྟཱ་ཏཱི། ཨེ་ཧྱེ་ཧི་

བ་ལ་བ་ཏི། ཏཱི་ཏྟཱི་རེ་ཏཱིཏྟཱི་རེ། ཏྲཱི་ཤེ་ཁེ་ཏྲཱི་ཤེ་ཁེ། བཛྲ་མཎྜ་ཎེ་ཨ་ཙེ་ལི་ཀི། ན་མོ་སྟཱ་ཨ་མོ་གྷཱ་ནཱཾ་མ་ཧཱ་ས་མ་ཡ། སིདྡྷེ་ཛྭཱ་ལཱ་ཡཱ་པྲ་ཏི་ཧ་ཏ་ཨ་གྲཱ་ས་ནེ་སྭཱ་ཧཱ། རྡོ་རྗེ་ཡན་ལག་ཅེས་བྱ་བའི་ཕོ་ཉ་མོའི་འོ། །མཐའ་ཡས་རྟོག་པ་འདི་དག་ཀུན། །སངས་རྒྱས་སྤྱོད་ཡུལ་མཉམ་ཉིད་ལས། །

བསྒྲིབས་མེད་དཔའ་བོས་ཐམས་ཅད་དུ། །མ་ལུས་པ་རྣམས་བྱིན་གྱིས་བརླབས། །དམ་པའི་ཆོས་ཀྱི་སྲས་བཅས་པ། །དུས་གསུམ་སངས་རྒྱས་ཕོ་ཉ་མོ། །གཡོ་བ་མེད་པའི་སྨོན་ལམ་རྣམས། །བསྒྲུབ་པར་བྱ་བའི་དོན་དུ་གནས། །བརྩེ་ཆེན་རྣམས་ཀྱི་སྦྱིན་པ་འདི། །བདག་

Vol. 87 · folio 224b

ཉིད་ཆེ་བའི་ཡོན་ཏན་འདི། །བསྟན་པའི་སྙིང་པོར་གྱུར་པ་འདི། །མཁས་པས་གསང་བའང་འདི་ལས་མེད། །སྔོན་གྱི་མཐའ་འདི་གཤེགས་པ་ཡི། །དེ་བཞིན་གཤེགས་པའང་འདིས་ཐོབ་སྟེ། །བར་མཚམས་མེད་པའི་ལྗོན་པའི་ཤིང་། །འདི་ཡིས་རྒྱས་པར་བྱས་

པ་ཡིས། །བདེ་གཤེགས་རྣམས་ཀྱིས་སངས་རྒྱས་གཟུགས། །མི་ཁོམ་བརྒྱད་པོ་རྣམ་སྦྱོང་བ། །སེམས་ཅན་རྣམས་ལ་ཕན་དོན་དུ། །གཅིག་ཉིད་མང་པོ་བྱེད་ཚུལ་ཕྱིར། །ཕོ་ཉ་མ་འདི་དག་བསྒྲུབ་བྱ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སངས་རྒྱས་མ་ལུས་ཀུན་

དམིགས་ན། །བྱ་བའི་བདག་ཉིད་ཅན་གྱིས་འགྲུབ། །ཕོ་ཉ་མོ་རབ་འབྱམ་གྱི་རིམ་པར་ཕྱེ་བའོ།། །།དེ་ནས་དཀྱིལ་འཁོར་བཀའ་ཉན་བསམ་གྱིས་མི་ཁྱབ་པ་འབྱུང་བར་འགྱུར་ཏེ། ན་མཤྩ་ཎྜ་ཨནྟ་ཀཱ་ནཱཾ། ས་མ་ས་མ་མཱ་ཧཱི་ཏ། ཨ་ཙ་ལ་མ་ཧཱ་བ་རཱ་ཙེཊྚ་ཀ་གཱ་ཏ་ཡ་བཱི་ར་སྤ་ཊ་

ཡ། སུ་ར་མཱ་ར་ཡ་མཱ་ར་ཡ། ར་ཎ་ཧཱུྃ་ཧཱུྃ། མཱ་ཊཱ་མཱ་ཊཱ། ཕཊ་ཕཊ། མི་གཡོ་བ་ཤུགས་ཀྱིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཀ་ཎ་ཀ་ཎ། ཁ་ཎ་ཁ་ཎ། མ་ན་མ་ན། ཤུ་ར་ཏཱི་ཤུ་ར་ཏཱི། ར་མཱ་ཎཱ། ཀྲྀཥྞ་ཀ་རཱ་ལ། མ་ཧཱ་བ་ར་གརྦྷ། ཙཎྜ་སུ་བྷཱི་ཥ་ཎ་ཁ་ཧི་སུ་རོ་ཥཱ། ཀ་ཏཱ་ཀ་ཏཱ།

མཱ་ཏཱ་མཱ་ཏཱ། ར་ཏཱ་ར་ཏཱ། སྭཱ་རཱ་ན་ཏྲ་ས་ཀ་ར་ཧཱུྃ་ཧཱུྃ་ཀ་ར་ཧཱུྃ་ཀ་ར་ཧཱུྃ་ཀ་ར། མཾ་ཏེ་མཾ་ཏེ་ཧཱུྃ་ཕཊ། སྟོབས་ཆེན་ཤུགས་ཀྱིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲཱི་ཤི་ར་ཏྲཱི་ཛ་ཏ། ཏྲི་ཤི་ཁ། ཏྲཱི་ནཱ་ཡ་ན་ཨུཏྨ་ཊ་ཏཱ། ཨུངྒི་ཧཱ་ཁཱ་ཧི་ཨ་ཙ་ལ། ཁ་ར་ཁ་ར། ཁཾ་ཁ་ར་ཁཾ་ཁ་ར། ཙཎྜ་མ་ཧཱ་མ་ཧཱ། བྷཱི་

ཥ་ཎ། ས་ར་མ་ཧཱ། བ་ར་ད་ཡ་ཀ་ཧེ་ཧེ་ཙེཊྚ། ཤྲི་ཎོ་ཧི་མ་མཱ་ཨ་ན་ལ་བི་ཥི་ཏྲཾ་སྭཱ་ཧཱ། བཀའ་ཉན་མེ་དཔུང་གིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་གྲ་པ་ལ་ཨ་ཙ་ལ། ཨེ་ཧི་ཨེ་ཧི། ཏི་ཏི་ས་མཱ་ས་མཱ། རཾ་ག་རཾ་ག། ཏ་ཊ་ཏ་ཊ། ཏ་མཱ་ཏ་མཱ། ཏི་སི་ཡ་ཏི་སི་ཡ། སི་མི་ཡ་སི་མི་ཡ།

ཁེ་ལ་ནཱ་ཁེ་ལ་ནཱ། ཨ་ཙ་ལེ་སྭཱ་ཧཱ། ཁ་དོག་ཅན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཏི་ཨ་ཏི། ཏྲཱི་བྷྲཱ་ཧ་ར་ཏྲཱི་བྷྲཱ་ཧ་ར། ཨ་ཏི་ཨ་ཏི། ཤཱུ་ར་བ་ཤཱུ་ར་བ། ཨ་ཏི་ཨ་ཏི། བི་ར་ཀུ་རུ་ཀུ་རུ། ཤཱནྟ་ཏི་ཤཱནྟ་ཏི། བི་ཥ་མ་ཨ་ཙ་ལ་བཱ་རཱ་ཙ་ཊཱ་མ་ཧཱ་ཏེ་ཛ་ཀ་རོ་ཧི་མེ་ཨ་ཐཱ་ར་སྭཱ་ཧཱ། གདུག་པ་

Vol. 87 · folio 225a

མི་གཡོ་བའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨོཾ་ཛ་ན་གི་རི་སྱཱ་མ། ཨེ་ཧི་མ་ཧཱ་ས་མ་ཡ་ཙེ་ཏ་ག་ཏི་ག་ཏི། ར་ཏི་ར་ཏི། ཨ་ས་ཧཱ་ཨ་ས་ཧཱ། ཨ་ཙ་ལ་ཨ་ཙ་ལ། ཧཱུྃ་ཀ་ར། ཨ་ཐ་ར་ས་མ་ཨུ་ནན་ཏ་སྭཱ་ཧཱ། དམ་ཚིག་ཅན་ཞེས་བྱ་བའི་བཀའ་ཉན་ནོ། །ན་མཿས་མནྟ་བཛྲཱ་

ཎཱཾ། སུབྷྲ་ཊ་སུ་བྷྲ་ཊ། ཏ་ར་ཏ་ར། བ་ར་བ་ར། ཛ་ཡ་ཛ་ཡ། ཨ་ཛི་ཏ་ཀ་ར་ཀ་ར། མ་ཧི་ཏ་ས་མཱ་ས་མཱ། གུ་ཎི་ཏ། དུ་ན་དུ་ན། དུ་ར་དུ་ར། ཨ་ཙ་ལ། ཏ་ཊ་ཏ་ཊ། ཏི་ཊཱ་ཏི་ཊཱ། ཙ་ཊཱ་ཙ་ཊཱ། ཧཱུཾ། ཀུ་རུ་ཀུ་རུ། སརྦཾ་ཏྲི་ས་མ་ཡ་སྭཱ་ཧཱ། མི་ཕམ་པའི་སྟོབས་ཞེས་པའི་བཀའ་ཉན་

ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། གརྦྷི་ཏཱ་གརྦྷི་ཏཱ། ཏྲི་ལོ་ཙ་ན་ཏྲི་ལོ་ཙ་ན། མ་ཧཱ་མ་ཏཱི་པྲ་ཙཎྜ་ཤཱུ་ར་མ་ཧཱ་ཏེ་ཛ་མ་ཧཱ་བ་ལ་ཨཱདྨོ་ཏྲ་ཡ་ཏྲ་ཡ། ཨ་མི་ཏ། ས་མ་ས་མ། མི་ཧཱི་ཏཱ། ཀུ་རུ་ཀུ་རུ། སརྦཾ་ཏི་ཛ་ཏི་ཛ། ས་མ་ཏཾ་ས་མ་ཏཾ། ཧེ་ཧེ་ཀ་རཾ་ཀ་རཾ། ཧོ་ཧོ། ཏ་ར་ཏ་ར། མ་མ་ས་རཾ་ས་རཾ། ཨ་ས་

མ་པ་ལ། ཨུཏྟ་ག་ཏ། མ་ཧཱ་ཏྲོ་ཤོ་ཎཱཾ། ཛྭཱ་ལ་ཨཱ། སཱ་དྷ་ཡ་ཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། ཨ་ནནྟ་མ་དྷྱ་དྷ་རྨེ་བྷྱཿསྭཱ་ཧཱ། སྟོབས་མཉམ་པ་མེད་པས་མཐོང་བ་ཞེས་བྱ་བའི་བཀའ་ཉན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲཱ་སརྦ་ཏྲ་ག་སུ་ཙེ་ཏ་མ་ཧཱ་བ་ལ། བི་ཤོ་ན། ཨ་ཏི་ཨ་ཏི། ཨུ་

གྲ་ཨ་ཏི་ཨ་ཏི། ཨ་གྲ་ས་མ་ས་མ་ས་མ་ཡ། དྷ་ར་དྷ་ར། ཀ་ར་ཀ་ར། བ་ར་ད། ཀུ་རུ་ཀུ་རུ། ཕེཾ་ག་ལ་ན་ཡ་ན་ཡ། ཏམྦྷི་ཨ། དྷུ་ན་དྷུ་ན། ཏ་ར་ཨངྒ་ཡཱ་ཧཱུྃ། མཏྟཾ་མཏྟཾ། གཱ་མི་ན་སྭཱ་ཧཱ། མ་ཏང་ག་མྱོས་འགྲོ་ཞེས་བྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏ་ཏ་ཏ་ཏ། ས་ཏ་ས་ཏ།

སུ་ར་བྷི་ན་སུ་ར་བྷི་ན། ན་ཊ་ན་ཊ། ཏངྒི་ཡ་ཏངྒི་ཡ། མ་ཧཱ་བ་ལཱ། ཛ་ཛ་ཨ་གྲ། མ་ཧཱ་ཛེ་ཏ་ན་ལ་ཧཱུྃ། བི་ན་ཛ་པ་ཡ། ས་ར་ས་ར། དྷ་ར་དྷ་ར། ཏ་ར་ཏ་ར། ཧ་ར་ཧ་ར། ཏི་ཨུ་ཏི་ཨུ། ས་ར་དྷ་ཡ་ན་མ་ཨ་ནནྟ་བཛྲ་ཨ་ཙ་ལ་སྭཱ་ཧཱ། མཐའ་ཡས་རྡོ་རྗེ་མི་གཡོ་བ་ཞེས་བྱའོ། །ན་མཿ

ས་མནྟ་བཛྲཱ་ཎཱཾ། ཨ་ཏི་ཤ་ཡ་ཨ་གྲ་མ་ཧཱ་གྷཱུ་ཪྞཱཾ། པཎྜི་ཏ་པྲ་བ་ར་ཙེ་ཏ་ས་དྷ་ས་མ་ཧཱ་ཨ་ཙ་ལཱ་ཨ་ཏི་ཨ་ས་ཀྵ་ཏྲི་ཡཏྟྭཱ་ཛ་ཀ་ཛི་ན་ཏེ་ས་མ་བྷ་བནྟི། སུ་དྷ་ར། ཙེ་ཏ་ཀ་ཡ་ན་མ་སྭཱ་ཧཱ། མཐར་བྱེད་ཅེས་བྱ་བའི་བཀའ་ཉན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཏི་ཀུ་ནཱཾ་སྨ་ཧྷ་མཱྃ་ཨཱུ་ཏི་མོ་ལི། ཀེ་ས་

Vol. 87 · folio 225b

མ་ཡ། ཙེ་ཏི་བ་ར་ཨུངྒ་ཏི། མ་ལཱི་ཌ་ཏེ་ཨ་ཙ་ལི། ཏ་མ་ལེ་དེ་ཧི་བ་རཾ་བ་རི་ཏྲི་བ་ལེ་ཀ་ན་ཏི། ས་མ་ནཱ་ཡ་ཎཽ་ཛྭ་ལེ། མཐའ་ཡས་པའི་འོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ནནྟ་ཏྲི་ས་མ་ཡ། ཨ་གྲོ་ཏ་ར་ཏེ་ཨ་ཙ་ལ་ཙེ་ཏཱི། ཨ་མ་ལཱ། ཏེ་ཛེ་ཏེ་ཛེ། ཧ་ས་ཧ་ས། ཏི་ཤི་ཏི་ཤི། ཧེ་

ཧེ། ཨ་ན་ཡཱ་བཛྲ་མ་ཧཱ་བ་ལ་བེ་ག། ཏྲཾ་བི་ནི་ཏྲཾ་རཱུ་ཙེ་ནི། ཏྲི་རཱུ་ཙེ་ནི། གྷོ་རེ་གྷོ་རེ། གྷཱ་ཏ་ཡ་གྷཱ་ཏ་ཡ། ཏྲ་ཀི་ཏྲ་ཀི། བཛྲ་བཛྲ། བ་ར་ཨངྒ་ག། ཀ་ར་ཀ་ར། ཨ་གྲ་གུ་ཎེ། ས་མ་ཡ་ས་མ་ཡ། ཏྲ་ཡི་ཎཱཾ་ཏྲ་ཡི་ཎཱཾ། ས་མི་རྞཾ་ས་མི་རྞཾ། ཏྲ་ཏ་ཏྲི་མེ་ཏྲཱཾ་མེ་ཏྲཱཾ་མ་ཏྲཱི། ཨ་ས་ཧཱ་

ཡི་གེ། ཧཱུྃ་ཧཱུྃ་ཧཱུྃ། སརྦ་ཏྲ་བི་ཀྲཱནྟ་བ་ལ་ནི་སྥུ་ཊ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ན་མཿསརྦ་ཏྲ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནེ་བྷྱཿ། མ་ཧཱ་བ་ལེ་བྷྱཿསྭཱ་ཧཱ། རྡོ་རྗེ་ཡན་ལག་ཅེས་བྱ་བའི་བཀའ་ཉན་མོའིའོ། །ན་མས་མནྟ་བཛྲཱ་ཎཱཾ། ཏྲི་པ་ཏཱཾ་ཧཱུྃ་བཛྲ་མ་ཧཱ་ཨ་མྲྀ་ཏ་ཏེ་ཛོ་ཧཱུྃ། ཨ་ཙ་ལ་ནི་ཧཱུྃ། ཏི་ཊི་མ་ཧཱ་ཨཱཏྨེ།

ཏྲི་བ་ཏྲི་བ། ཏྲིངྒི་ཏྲིདྒི། ཨ་ཙི་ཏེ་ས་མ་ར་ཏི། ཤཱ་ས་ནི་མོ་དྷེ་མོ་དྷེ། བ་ར་དེ་བ་ར་དེ། ཨ་མ་ལི་ནི། ཀཱ་རུ་ཎེ་སརྦ་མ་ཧཱ་བ་དཱ་ཏི་བུ་སྲི་ཎུ་སྲི་ཎུ། དྷ་ར་དྷ་ར། དྷ་ནི་གུ་ཎི་གུ་ཎི། ན་མཿསརྦ་ཏྲ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནེ་བྷྱོ་མ་ཧཱ་བེ་བྷྱོ་སྭཱ་ཧཱ། ད་ར་དཔྱངས་པ་ཞེས་བྱ་བའི་བཀའ་ཉན་མའོ། །ན་མཿ

ས་མནྟ་བཛྲཱ་ཎཱཾ། ཨ་གྲ་དྷེ་བི་ཤཱ་ཡ། སརྦ་ཨ་མོ་གྷ་སཱ་དྷ་ནི་སིདྡྷི་ནི་ཛྭཱ་ལ་ཡ། ཨ་པ་མཱ་ལ་བཱི་རེ། ཨ་ཙ་ལེ་སུ་དྷ་ར་དྻཱི་ཀེ། ཏིཏྟ་ཀེ་ཧནྟ་རི་ཀེ། སནྡྷ་ནི་ཨ་ས་མཾ་གུ་ནེ་ཏདྟི་ཀེ། སཱ་དྷུ་སཱ་དྷུ། མ་ཧཱ་བ་ལ་བེ་གེ། ཨ་ཏི་ཨ་ཏི། ས་མ་ས་མ། ཏེ་ཛེ་ན་མ་སརྦ་ཏྲ་སིདྡྷི་བྷྱཿསྭཱ་ཧཱ། གྲུབ་

པ་མོ་ཞེས་བྱ་བའི་བཀའ་ཉན་མོའི་འོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཙེ་ལ་ཙེ་ཏི་ཀེ་ཧཱུྃ་ཨ་ན་ཡ་ཏཾ། ཡདྨེ་ཧྲི་དྷི་མི་ཎཱི་ཤི་ཏཾ། དྷ་བ་དྷ་བ། ཨ་ས་ལ་ཡི་གེ་ཙཎྜེ་སརྦ་ཏྭཾ། སརྦ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནི་ཧཱུྃ་མ་ཧཱ་ཏཱི་བྲེ་སྭཱ་ཧཱ། ན་མཿས་མནྟ་བཛྲཱ་ཎཱཾ། ཨ་མནྟ་བཛྲཱ་ཎཱཾ། ཨ་ནནྟ་ཀེ་ཨ་ཙ་ལ་ཀ་ནི་རོ་ཥ་ཎེ་ཧཱུྃ་ཧཱུྃ་བནྡྷ་ཨ་ན་ཡ།

ཤཱ་ས་ཡ། ཤཱ་ས་ནེ། མ་ཧཱ་ཨ་གྲེ་ཙེ་ཊ། ཀ་ཊཱ་ཀ་ཊཱ། མ་ཏཱ་མ་ཏཱ། བྷཉྫ་བྷཉྫ། ཨ་མ་ལི་ཀེ་སྤོ་ཊཱ་ཡ་སྭཱ་ཧཱ། ཤུགས་ཤིན་ཏུ་མཐའ་ཡས་པ་ཞེས་བྱ་བའི་བཀའ་ཉན་མོའི་འོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ལོ་ཀི་ཏྲི་ཤི། སཏྭ་ཧི་ཏསྠ་པཱི་ཏཱ་སི་ས་སཱ་དྷ་ཨ་ཙ་ལ་ཨ་མ་ལཱ། ཤ་གུ་ཎཱྃ།

Vol. 87 · folio 226a

ཨ་གྲ་བཱི་རི་བཛྲ་མ་ཧཱ་མ་ཧཱ་མ་ཡི་སརྦི་ཡེ་སརྦི་ཡེ། སནྟི་ཡེ་སནྟི་ཡེ། ཏནྟི་ཡེ་ཏནྟི་ཡེ། དུཏྟི་ཡེ་དུཏྟི་ཡེ། ཡོཏྟི་ཏི་ཡེ་ཡོཏྟི་ཏི་ཡེ། ཛ་ཏི་ཨ་ས་མནྟི་ཡེ་སྭཱ་ཧཱ། དེ་དང་པོ་ན་མ་ཞེས་བྱ་བའི་བཀའ་ཉན་མོའི་འོ། །ན་མཿསརྦ་བུདྡྷ་བོདྷི་སཏྭཱ་ནཱཾ། ཨཱརྱ་ཨདྒི་ནི། མ་ཏཱ་བཛྲ་

ཨ་ལཱི་ཨ་མ་ལཱི་ནཱི། ཀཱ་རུ་ཎ་ས་མ་ཡོ་ག་ག་ཎེ། ཨ་ས་མེ། བ་ར་དེ་བི་ར་ཛེས་གུ་ཎེ། ཨཱཛྙཱ་ག་རི། མ་ཧཱ་མ་དྷ་མཏྟི་ཀེ་ཛྭཱ་ལ་ཛྭཱ་ལ་ཡ། ཏི་དྷི་ཏི་དྷི། ཙེ་ཏི་ཙེ་ཏི་ཀེ། ཀུ་རུ་ཀུ་རུ། སརྦཾ་མ་ཧཱ་མ་ཧཱ། མ་ད་ཡ་ནྟི་ཀེ་སྭཱ་ཧཱ། མྱོས་འགྲོ་མ་ཞེས་བྱ་བའི་བཀའ་ཉན་མོའོ། །ན་མཿ

ས་མནྟ་བཛྲཱ་ཎཱཾ། ཨརཱ་མི་ཏི་ཨ་རཱ་མི་ཏི། ཤོ་བཱ་ཏི་ཤོ་བཱ་ཏི། ཀྵ་བྷ་ཏི་ཀྵ་བྷ་ཏི། ཙེ་ཏི་མ་ཧཱ་ཤྲི། ཨརྩ་ཏི་ཨརྩ་ཏི། ནྲི་ཏ་ཡ་ཏི་ནྲི་ཏ་ཡ་ཏི། ཁེ་ལ་ཏི་ཁེ་ལ་ཏི། གུ་ཡྱ་གུ་ཡྱ། གྲི་ཏ་ཏ་རཱི། མ་ཏ་རི་མ་ཏ་རི། ས་ཏ་རི་ས་ཏ་རི། མཎྜ་རི་མཎྜ་རི། ས་མ་ཏི་ཨ་ཙ་ལི་ནི། བཛྲ་

ཨ་མ་ལི་ནི། ཤཱནྟི་ཨ་ས་ཧ་མ་ཧཱ་བཱ་རཱ་ས་མ་ཡ། ཨ་མ་ཧཱ་བ་ཙྪིནྡ་ནི་ཨ་བ་རཾ་དཱ་ད་ཏུ། ན་མཿསརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿསྭཱ་ཧཱ། འཕགས་པ་བསམ་གྱིས་མི་ཁྱབ་པའི་དཔའ་བོ་ཞེས་བྱ་བའི་བཀའ་ཉན་མའིའོ། །ན་མཿས་མནྟ་བཛྲཱ་ཎཱྃ། ཨ་ཏི་བ་ལ། ཨ་ཙ་ལེ་སཱ་དྷ་ཡ་ཏཱི་ཏི་རེ་སྭ་མ་

ཡཾ་སྭཱ་ཧཱ། དཀར་མོ་ཆོས་ཅན་ཞེས་བྱ་བ་སྟེ། འདི་ནི་བཀའ་ཉན་རྣམས་ཀྱི་མཆོག་གོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲི་དྷ་ནི་ཏྲི་དྷ་ནི། ཏྲི་ཛཱ་ཊོ་ཏྲིཛཱ་ཊོ། ཏ་མཱ་ཡེ་ཏ་མཱ་ཡེ། ཏྃ་སུ་ནི་ཏཾ་སུ་ནི། མཱ་ཏཱི་མཱ་ཏཱི། ས་མ་ཡཾ་ཏྲི་ཧཱུྃ་ཛྭཱ་ལ་ནེ་སྭཱ་ཧཱ། རལ་པ་གསུམ་པ་ཞེས་བྱ་བའི་བཀའ་ཉན་མོའིའོ།།

ན་མཿས་མནྟ་བཛྲཱ་ཎཱཾ། ཨ་ཙ་ལ་ཀཱ་ཎ་ནཊྚ་ནཊྚ། མོཊྚ་མོཊྚ། ཤཊྚ་ཤཊྚ། ཏཱཊྚ་ཏཱཊྚ། ཏིཥྛ་ཏིཥྛ། ཨཱ་བི་ཤ་ཨཱ་བི་ཤ། ཨ་མ་ཧཱ་མནྟ་བ་ལི་ཀཱ་དུ་ཎཱ་དུ་ཎཱ། ཏི་ཎི་ཏི་ཎི། ཁཱ་ད་ཁཱ་ད། བྷ་གི་ཨ་ནཾ། མཱ་ར་མཱ་ར། ན་སྠ་རཀྵ་རཀྵ། སརྦཱཾ་ཀུ་རུ་ཀུ་རུ། ཀི་རི་ཀི་རི། མ་ཧཱ་བི་ཥ་མ་

བཛྲ་སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཏྲི་བ་ལི་ཏཱ་རཱྃ་གཱ་ན་ར་ཏཱ་ཀ་ཧྃ་ཧྃ་ཧྃ། ཨ་ཙ་ལ་ཙེ་ཊ་ཕཊ་ཡ་ཧཱུྃ། ཨ་ས་མཱནྟ་ཀ། ཏྲ་ཊ་མ་ཏ་བ་ལ་ཤྭ་ཏ་ཡ་ས་མ་ན་ཡ་ཏཾ། མཾ་ཧཱཾ་ཏུ་ཛི་ན་མོ་སྟུ་ཨ་པྲ་ཏི་ཧ་ཏཱ་བ་ལེ་བྷྱྷཿ། ཛྭཱ་ལཱ་ཏྲ་ཊཱ་ཨ་ས་ཧཱ་ན་མཿསྭཱ་ཧཱ། མི་གཡོ་བ་ལོང་བ་པ་ཞེས་བྱ་བའི་བཀའ་མཉན་གདུག་པ་

Vol. 87 · folio 226b

ཐམས་ཅད་གསོད་པ་སྟེ། སྒྲུབ་པ་པོས་ངེས་པར་དྲན་པར་བྱ་བ་ནི་བགེགས་ཐམས་ཅད་གཞོམ་པར་བྱ་བའི་སྙིང་པོ་དོན་ཡོད་པ་འདི་ཡིན་ནོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏ་ཊ་ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་མྱྃ། ག་ཏྲ་མ་ཡེ་ཏྲ་མ་ཡེ། ཧཱུྃ་ཏྲ་མཱ་ཡཱ་ཏྲ་མཱ་ཡཱ། ཧཱུྃ་ཕཊ་ཧཱཾ་མཱཾ། སརྦ་བིགྷྣཾ་སྛ་

བྱིནྟུ་ལོ་ག་སྟུ་ཥ་ཏི་པིཎྜེ་ནནྟུ་ཤ་ཏེ། ལྷག་མའི་ཆང་བུ་ལ་ལན་ཅིག་བཟླས་ནས་བྱིན་ན་དངོས་གྲུབ་བརྒྱད་རབ་ཏུ་འཐོབ་བོ། །རྟག་ཏུ་རྗེས་སུ་འབྲང་བས་ཕན་པས་ཉེ་བར་བསྡུས་པ་སྒྲུབ་པར་བྱེད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ལུས་བྱིན་གྱིས་རློབ་པར་

ཡང་འགྱུར་རོ། །བཀའ་ཉན་མོ་རྣམས་རྫོགས་སོ།། །།དེ་ནས་ཕོ་ཉ་མོ་དང་། བཀའ་ཉན་ཕོ་མོ་དེ་དག་གི་ཐུན་མོང་གི་སྒྲུབ་པའི་ཕྱོགས་ཙམ་མདོར་བསྟན་པའི་རྟོག་པ་འབྱུང་བར་འགྱུར་རོ། །འདི་དག་ནི་བཀླགས་པས་འགྲུབ་པའོ། །ལས་ཐམས་ཅད་དོན་ཡོད་པར་

བྱེད་པ། ངོ་བོ་ཉིད་ཀྱིས་བསྲུང་བ་ལ་སོགས་པ་གྲུབ་པའོ། །གང་ཡང་བྱང་ཆུབ་སེམས་དཔའི་རིག་སྔགས་ཀྱི་སྤྱོད་པ་ལ་ལྷག་པར་མོས་པ་རྣམས་ལ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་ཐོགས་པ་མེད་པར་དོན་ཡོད་པར་གྲུབ་པ་ཡིན་ཏེ། འཁོར་གྱི་ནང་དུ་ཉེ་བར་འོངས་ནས་འདུག་པར་ཡང་

བྱེད་དོ། །མཐོང་བར་ཡང་སྟོན་པར་བྱེད་དོ། །དེ་ལ་དགུག་པ་ལ་སོགས་པ་རྣམས་ལ་དམ་ཚིག་གསུམ་ཞེས་བྱ་བའི་ལྕགས་ཀྱུ་ཡིན་ནོ། །ན་མཿས་མནྟ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཎཱཾ། ཨ་པྲ་ཏི་ཧ་ཏ་ཨཾ་ཀུ་ཤི་ཨཱ་ན་ཡ་ཧཱུྃ། ཨ་མོ་གྷ་མ་ཧཱ་བ་ལ་ཨཾ་ཀུ་ཤི་ཨཱ་ན་ཡ་ཧཱུྃ། མ་ཧཱ་ཏྲི་

ས་མ་ཡཾ། ཨཾ་ཀུ་ཤི་ཨཱ་ན་ཡ་ཧཱུྃ། ཡཾ་ས་ཧཱུྃ། ས་མཱཾ་ཀི་ནི་ཧཱུྃ་ཧཱུྃ། ཏ་ཊ་ཏ་ཊ། བཛྲེ་བཛྲེ་ཏ། བཛྲེ་ཀ་ཊ་ཀ་ཊ། བཛྲེ་ཏ་ཊི་ཏ་ཊི། ཏཾ་ཀུ་རུ་ཀུ་རུ། ས་མ་ཡཾ་བཛྲ་མ་ཧཱ་བ་རཱ། བི་ཀྲ་མེ་ཨཱ་ན་ཡ་ཤཱིཤི་གྷྲཾ། སྟཾ་བྷ་ཡ་ས་ཏ་ན་བ་དྷ་ཡ་སྭཱ་རེ། ཏྲི་བ་ལི་ནི་མོ་ཙི་ནི་མོ་ཙ་ཡ། བནྡྷ་ན་ད་ཨ་ནནྟ་མ་

ཏི་ནི་ཨ་ས་མ་ཨདྒེ་ཏྲི་ས་མཱ་ཡེ། མ་ཧཱ་བཱ་ལཾ། ཨདྐུ་ཤི་ཨ་ས་ཧ་ས་མ་ཨཾ་ནཱུཾ་ཧཱུྃ། ཧ་ར་ཧ་ར། ས་མེ་ཏྲཱ་ཧི་ཏྲཱ་ཧི། མ་ཧཱ་བ་ལ་ཨདྐུ་ཀུ་ཤི་ཧཱུྃ། ཨ་ཀརྵ་ས་ས། ས་མནཱི་ནི་སྭཱ་ཧཱ། དམ་ཚིག་གསུམ་གྱི་ལྕགས་ཀྱུ་ཞེས་བྱ་བའོ། །འདིས་ས་བཅུ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་

Vol. 87 · folio 227a

དཔའ་རྣམས་ཀྱང་འགུགས་པར་བྱེད་ན། ཕོ་ཉ་ཕོ་མོའི་རིགས་དང་། བཀའ་ཉན་ཕོ་མོའི་རིགས་རྣམས་འགུགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མི་འགུགས་པ་གང་ཡང་མེད་དོ། །སྟོབས་ཆེན་པོའི་ལྕགས་ཀྱུ་འདིས་སྔར་གྱི་དཀྱིལ་འཁོར་གྱི་སྙིང་པོ་དེ་དག་ཐམས་

ཅད་ཀྱི་སྙིང་པོར་གྱུར་པ་འདི་ཡིན་ནོ། །ནམཿས་མནྟ་བཛྲ་ཎྃ། སིདྡྷི་ད་སིདྡྷི་ད། སརྦ་ཐ་ཨེ་དུ་མེ། ཨ་མ་ལི་ན་ཤོ་དྷི་ཀ། སིདྡྷི་ཀ། སརྦ་ཐཱ་སརྦ་ཧི། སཾ་གྷ་ཏ་ཨ་མ་ལཱི་ནོ། ཁཱི་ལཱི་ཀཱ། ཨ་ནནྟི་ཀ་ཏ་ཏྲི་དྷ་ཨ་ནནྟ་བེ་བེ། ཤ་ར་ཎེ་ཏྲི་ས་ཧཱ་ཎེ། ས་ཧཱ་ནེ་ས་ཧཱ་ནེ། ཏྲ་ས་ཏྲ་ས། ཏྲི་

ས་ཧཱ་ཎེ་ཏྲི་ས་ཧཱ་ཎེ། མཎྜི་ནི་མཎྜི་ནི། ཧ་ས་ཧ་ས། ཨ་ས་མ་བ་ལ། ཨཱཏྨེ་ཏྲི་ས་མ་ཡ་ཏེ་ཛེ། ཤོ་དྷ་ཡ་ཤོ་དྷ་ཡ། རཱ་ཛ་ཡ་ཧཱུྃ། ཏྲི་ས་མ་ཡ་ཨགྣི་སྭཱ་ཧཱ། འདི་བཟླས་པས་ཕོ་ཉ་དང་། ཕོ་ཉ་མོ་དང་། བཀའ་ཉན་མོ་ཐམས་ཅད་ལེགས་པར་བཟླས་པར་འགྱུར་རོ། །བསྒྲུབ་པ་བྱས་

ན་ལེགས་པར་སྒྲུབ་པར་འགྱུར་རོ། །རྟོག་པའི་ཆོ་ག་འདི་དག་གིས་དེ་བཞིན་གཤེགས་པའི་མཛོད་ཀྱི་སྙིང་པོ་རབ་འབྱམ་གྱི་དངོས་གྲུབ་སྒྲུབ་པར་འགྱུར་རོ། །དངོས་གྲུབ་མཆོག་ལ་སོགས་པའི་དངོས་གྲུབ་བརྒྱད་རབ་ཏུ་ཐོབ་པར་འདོད་པ་དང་། མི་ལུས་ཐོབ་པ་དོན་ཡོད་པར་བྱ་བར་འདོད་

པ་དང་། བདེ་བའི་མཐར་ཕྱིན་པར་འགྲོ་བར་འདོད་པས་དད་པས་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་ཟིན་པའི་སེམས་ཅན་གྱི་དོན་ལ་མངོན་པར་མོས་པས་བརྩོན་འགྲུས་དང་ལྡན་པའི་སྐྱེས་བུ་དམ་པས་དོན་ཡོད་པར་གྲུབ་པ་འདིས་འབད་པར་བསྒྲུབ་པར་བྱའོ། །དེ་ནས་འདི་དག་གི་ཐུན་མོང་

གི་རས་རིས་འབྱུང་བར་འགྱུར་རོ། །ངུར་སྨྲིག་གི་གོས་ལ་ཕོ་ཉ་རིན་པོ་ཆེའི་བྲག་ལ་གནས་པ་སྔོ་བསངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བས་ཕྱག་འཚལ་བའི་ལུས་ཅུང་ཞིག་འདུད་པ་བྲི་བར་བྱའོ། །ཕོ་ཉའི་མིང་གི་ཁྱད་པར་གྱིས་རས་རིས་ཀྱང་དེ་དང་

འདྲ་སྟེ། དེ་བཞིན་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འོད་ཀྱི་ཕྲེང་བ་ཅན། ལག་པ་གཡས་པ་ན་རྡོ་རྗེ་ཐོགས་པ། གཡོན་ན་རིན་པོ་ཆེ་ཐོགས་པ། ཅུང་ཞིག་ལུས་འདུད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཀའ་སྒྲུབ་པར་བྱེད་པ་མདོག་སྔོ་བསངས་བྲི་བར་བྱའོ། །

Vol. 87 · folio 227b

དེ་བཞིན་དུ་ངུར་སྨྲིག་གི་གོས་ལ་བཀའ་ཉན་ཁྲོས་པ་ནག་ལྗང་གཞོན་ནུའི་གཟུགས་ཅན་ལག་ན་རྡོ་རྗེའམ། རལ་གྲིའམ། ཞགས་པའམ། མདུང་དང་། གྲི་གུག་ཐོགས་པ་བྲི་བར་བྱ་ཞིང་། མིག་དམར་བ་ཁྲོས་པ་འབར་བས་བསྐོར་བ། བྲག་གི་སྟེང་ན་གནས་པ། གོས་

སེར་པོའམ། དམར་པོའམ། སྔོན་པོ་གྱོན་པ་བྲི་བར་བྱའོ། །བཀའ་ཉན་མོ་རྣམས་ཀྱང་དེ་བཞིན་དུ་ཁྲོས་པ་གཞོན་ནུའི་ལུས་ཅན་རྒྱན་དང་བྲལ་བ། ནག་ལྗང་ཤིང་གྱོན་པ། མེ་ཏོག་གི་ཕྲེང་བ་ལག་ན་ཐོགས་པའམ། སྐ་རགས་སམ། དར་དཔྱངས་སམ། སྡོང་བུ་འམ།

ཀུ་ཤའམ། རལ་གྲིའམ། ཞིབ་མའམ། ཕྱག་ཤིང་ངམ། མཇུག་སྒྲོ་ལག་ན་ཐོགས་པར་བྱའོ། མངག་གཞུག་པ་རྣམས་གང་འདོད་པ་གཅིག་བྲིས་ལ། རང་འདོད་པའི་སྔགས་གཅིག་བཟུང་ནས་རས་རིས་དེ་ལ་བསྒྲུབ་པར་བྱ་སྟེ། རྡོ་རྗེ་དང་། འཁོར་ལོ་དང་། ཁ་ཊྭཱྃ་

ག་དང་། ལྕགས་ཀྱུ་དང་། མདུང་ལ་སོགས་པ་དང་། ལྡོང་རོས་ལ་སོགས་པའི་རྫས་ཐམས་ཅད་ལ་སྔར་བསྟན་པའི་ཆོ་གའམ། ཡིད་ལ་གང་འདོད་པའི་ཆོ་ག་བསྒྲུབ་པར་བྱ་སྟེ། མི་སྣང་བའི་དངོས་གྲུབ་ལ་སོགས་པའམ། ནོར་བསྒྲུབ་པའམ། དབང་དུ་བྱ་བ་ལ་སོགས་

པ་གང་ཡང་རུང་བ་བསྒྲུབ་པར་བྱའོ། །རབ་ཏུ་སྟོང་ཞིང་དབེན་པར་རས་རིས་མེད་པར་ཡང་ཐམས་ཅད་བསྒྲུབ་པར་བྱ་སྟེ། ཐ་ན་གཙུག་ལག་ཁང་ངམ། བྲང་ཁང་གི་ཕུགས་ལ་སོགས་པའི་གནས་རྣམས་སུ་བསྒྲུབ་པར་བྱའོ། །གང་དག་རིམས་ཀྱིས་ཟིན་པ་དེ་ལ་དབབ་པར་འདོད་ན་

མེ་ལོང་དང་རལ་གྲི་ལ་སོགས་པ་དང་། རི་མོ་དང་། ལུགས་མ་ལ་སོགས་པ་རྣམས་ལ་གཞོན་ནུའམ། གཞོན་ནུ་མ་མེ་ཏོག་བཀྲམ་པའི་དཀྱིལ་འཁོར་གྱི་དབུས་སུ་བཞག་ན་ནུབ་མོ་འབེབས་པར་ཡང་བྱེད། སྨྲ་བར་ཡང་བྱེད་དོ། །ལྷ་དང་ཀླུ་ལ་སོགས་པ་འགུགས་པར་ཡང་བྱེད་དོ། །

འཆིང་བར་བྱེད། ལྟུང་བར་བྱེད། གསོད་པར་བྱེད། གཏུམ་པོས་འཚེ་བར་བྱེད་དོ། །དེ་ནས་བགྱི་བ་ཅི་མཆིས་པ་བདག་གིས་བགྱི་ཞེས་སྒྲུབ་པར་བྱེད་དོ། །དེའི་ཕྱིར་བཀའ་ཉན་ཕོ་མོ་དེ་དག་བསྒྲུབ་པར་བྱ་སྟེ། ཚེས་གཅིག་ནས་བརྩམས་ནས་སྔ་དྲོའི་ཐུན་ལ་རས་རིས་ཀྱི་མདུན་

Vol. 87 · folio 228a

དུ་མེ་ཏོག་གིས་མངོན་པར་བརྒྱན་པའི་དཀྱིལ་འཁོར་བྱས་ནས་ལན་བརྒྱའི་བར་དུ་རྗེས་སུ་བརྗོད་པར་བྱའོ། །ཟས་ཟོས་པའི་རྗེས་ལ་ཡང་ལན་བརྒྱ་མངོན་པར་བརྗོད་པར་བྱའོ། །ཕྱི་དྲོའི་དུས་སུ་ཡང་ལན་བརྒྱ་བརྗོད་ལ་དེ་ཉིད་དུ་སངས་རྒྱས་དང་བྱང་ཆུབ་སེམས་

དཔའ་རྣམས་ལ་ཕྱག་བྱས་ནས་གཉིད་ལོག་པར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཟླ་བ་ཉའི་བར་དུ་ཟླ་བ་གཅིག་ཏུ་ཆོ་ག་བཞིན་དུ་བྱའོ། །ཟླ་བ་ཉ་ལ་ཅི་ལྟར་འབྱོར་པ་བཞིན་དུ་མཆོད་པ་བྱས་ལ། ནིམ་པའི་ཤིང་ལས་མེ་སྦར་ལ། ཨར་ཀའི་ཡམ་ཤིང་དང་བཅས་པའི་ཡུངས་ཀར་

རེ་རེ་བསྲེགས་ན་སྲོད་ནས་བཟུང་ནས་ནམ་ཕྱེད་དམ་ཉི་མ་ཤར་ཀར་ངེས་པར་འོང་བར་འགྱུར་རོ། །གལ་ཏེ་འོང་བར་མ་གྱུར་ན་འཆི་བར་འགྱུར་རོ། །འོངས་ནས་བདག་ལ་བཀའ་སྩོལ་ཅིག་ཅེས་ཟེར་ན་དེ་དང་དེ་བརྗོད་པར་བྱའོ། །བདག་ནི་ཅི་ཡང་བགྱིད་དོ་ཞེས་ཟེར་ན་དེ་ནས་བཟུང་སྟེ་རྗེས་སུ་

འབྲེལ་བར་འགྱུར་རོ། །ཅི་བཀའ་སྩལ་པ་བྱེད་པར་འགྱུར་རོ། །ལྷའི་འཇིག་རྟེན་རྣམས་ཀྱང་འབྲི་ཞིང་སྨྲ་བར་བྱེད་དོ། །སྟེང་གི་མཚམས་སུ་ཡང་ཁྲིད་པར་བྱེད་དོ། །བྱ་བ་ཐམས་ཅད་ཀྱང་བྱེད་དོ། །ཇི་སྲིད་སྨྲ་བར་འདོད་པ་དེ་སྲིད་དུ་འདྲི་བར་བྱེད་དོ། །འདིས་གང་སྨྲས་པ་དེ་དེ་བཞིན་

དུ་འགྱུར་གྱི་གཞན་དུ་མི་འགྱུར་རོ། །རིའི་གསེབ་ཏུ་འབུམ་བཟླས་ནས་རལ་གྲི་བླངས་ཏེ་མཚན་རངས་པ་སྦྱིན་སྲེག་བྱེད་ཅིང་འདི་ཉིད་ཀྱིས་གང་འདོད་པའི་ཆོ་ག་དེས་བསྒྲུབས་ན་རིག་པ་འཛིན་པར་འགྱུར་རོ། །དུར་ཁྲོད་དུ་འདུག་ནས་མེ་ཏོག་གིས་མངོན་པར་བརྒྱན་པའི་དཀྱིལ་འཁོར་

ལ་འཁོར་ལོ་བཞག་ནས་ཇི་སྲིད་ཉི་མ་ཤར་གྱི་བར་དུ་བཟླས་ན་ཐོགས་ན་ཡང་མཚན་བདུན་གྱི་ནང་དུ་མི་སྣང་བར་འགྱུར་རོ། །དཀྱིལ་འཁོར་དེ་ཉིད་ལ་བ་བླ་བླངས་ལ་ཅི་སྲིད་དུ་བ་འབྱུང་གི་བར་དུ་བཟླས་ན་ཞག་བདུན་གྱི་ནང་དུ་ངེས་པར་འགྲུབ་པར་འགྱུར་རོ། །ཐལ་བས་ཚུད་གསུམ་བྱས་ན་མི་སྣང་བར་

འགྱུར་རོ། །དམ་ཚིག་གསུམ་བཀོད་པའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཕོ་ཉ་དང་། ཕོ་ཉ་མོ་དང་། བཀའ་ཉན་ཕོ་མོའི་རིམ་པར་ཕྱེ་བའི་ཕྱོགས་གཅིག་བསྟན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དོན་ཡོད་པར་གྲུབ་པ་ཡུལ་མཐའ་ཡས་པ་མཉམ་པ་ཉིད་དུ་དོན་ཡོད་

Vol. 87 · folio 228b

པར་གྲུབ་པས་མ་ལུས་པ་དུས་གསུམ་མཉམ་པ་ཉིད་ཐོབ་པའི་སྒོ། བདེ་བ་ནམ་མཁའ་ཐམས་ཅད་ཀྱི་རྒྱལ་པོ་མི་མཉམ་པ་དང་མཉམ་པ་རྨད་དུ་བྱུང་བ་འཇིག་རྟེན་གྱི་སྒོ་གཅིག་པུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཤེགས་པ། ལྷག་མ་མེད་པའི་མཐུ་འགྲུབ་པ་

ལ་སོགས་པ། དངོས་གྲུབ་ཐམས་ཅད་ཡང་དག་པར་ལེགས་པར་ཐོབ་པ། བྱིན་གྱི་རླབས་ཀྱི་རྒྱལ་པོ་ལ་སོགས་པ་ཞེས་བྱ་བ་ཐམས་ཅད་དུ་མཐའ་དང་དབུས་མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིག་པ་ཐམས་ཅད་ཀྱི་སྙིང་པོ་

མཆོག་བླ་ན་མེད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སྟབས་གཅིག་ཏུ་གསུངས་པ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱ་སཾ་མ་ཨདྦྷུ་ཏ་ཨ་ནནྟ་སིདྡྷི། ཏྲ་ཨ་ཤེ་ཥ་དྷརྨ་ཏཱཾ།

ཨ་ས་མནྟོ་ག་ག་ནཱ་ཏཱ་མུ་ཁཾ་ས་མུ་པེ་ཏཱི་ཡེ་ཥུ་ས་ཏྭ། ཏཾ་ས་མནྟ་ཏཱ་སུ་ཁཾ་སིདྡྷི་དྷ་ན་གུ་ཎ་ཛ་ས་མ་ཨ་གྷི་ནི། ས་གྲིད་པྱ་ཧོ་གུ་ཎ་ས་མ་བ་ཏཱི། ཤ་སཱ་ཏ་ཏ་ཏྲེ་དཾ། ཏྲྱཏྟྭ། སིདྡྷི་ནེ་ས་རཱ་ཡ། སུ་སཱ་མཱ་པ་ཏི། ཏེ་ཨ་མ་ལི་ནི་སཱ་དྷ་ཡ། ཀ་རུ་ཎ་མ་ཡེ་སརྦ་ཏཱ་ཤཱ་ས་ནི་སཱ་དྷ་ཡ། ཏྲ་ཡ་ས་མནྟུ།

སཱ་དྷ་ཡ་སཱ་དྷ་ཡ། ཏྲི་ཏཱ་ཡེ་ཏྲི་ཏཱ་ཡེ། ས་མ་ཡེ་ས་མ་ཡེ། སརྦ་ཐཱ་སུ་མ་བཱ་ཏེ། སིདྷ་ཡ་སིདྡྷེ། ཨ་མ་ལེ། ཤ་ཡི་ཡེ། སཱ་སྭཱི་ཀེ་སྭཱ་ཧཱ། གསང་སྔགས་འདི་ནི་གསུངས་པ་ན། །རྣམ་པར་དག་པའི་ཞིང་ཀུན་དུ། །སྐད་ཅིག་དེ་ལ་སངས་རྒྱས་ཀུན། །རྨད་བྱུང་གད་མོ་

ཆེན་པོ་མཛད། །རིག་པ་ཐམས་ཅད་ཀྱི་སྙིང་པོ་འདི་ནི་རིག་པའི་རྒྱལ་པོ་མཆོག་གི་རྟོག་པ་མཐའ་ཡས་ཤིང་ཆགས་པ་མེད་པ་སྒྲུབ་པའི་མཆོག་དྲི་མ་མེད་པ་དངོས་གྲུབ་མཐའ་ཡས་པ་མཚུངས་པ་མེད་པའོ། །འདི་བཟླས་པ་བྱས་པས་དམ་ཚིག་གསུམ་བཀོད་པའི་རྟོག་པའི་རྒྱལ་པོ་འདི་

ལེགས་པར་བཟླས་པ་བྱས་པར་འགྱུར་རོ། །བསྒྲུབས་ན་འགྲུབ་པར་འགྱུར་རོ། །ཆགས་པ་མེད་པས་རིག་སྔགས་ཀྱི་སྤྱད་པ་སྤྱོད་པའི་དངོས་གྲུབ་ཀྱི་རྒྱལ་པོའི་དངོས་གྲུབ་ཐོབ་པར་འདོད་པས་འདི་བཟླས་པར་བྱའོ། །ཐ་ན་གཟུང་བར་ཡང་བྱ་སྟེ། འདི་ལ་ཐམས་ཅད་རབ་ཏུ་གནས་

Vol. 87 · folio 229a

པ་ཡིན་ནོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན་བསྟན་པ་དོན་ཡོད་པའི་མཐུ་དང་ལྡན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དེ་བཞིན་གཤེགས་པ་ལ་རྗེས་སུ་དྲན་བཞིན་དུ་སྔགས་པས་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་གཅིག་

ཏུ་རྗེས་སུ་འགྲོ་བར་མཛད་ནས་རིག་པའི་རྒྱལ་པོ་མཆོག་འདི་གསུངས་སོ། །ན་མ་སྟྲཻ་ཡང་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨོྃ་ག་ག་ན་ལོ་ཙ་ནེ། ག་ག་ན་ས་མ་སརྦ་ཐཱ་ཨུདྒ་ཏཱ་ཏཱི། སཱ་ར་སཾ་བྷ་པེ་ཛྭཱ་ལ་ནཱ་མ་ཨདྷི་ནཱི་སྭཱ་ཧཱ། ལག་ན་རྡོ་རྗེ་རང་གི་རིག་པའི་རྒྱལ་པོ་མཆོག་འདི་ནི་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །འདི་བརྩམས་པ་ཙམ་གྱིས་འདིའི་ཡོན་ཏན་མཐའ་མེད་པ་མཉམ་པ་མེད་པར་འགྱུར་རོ། །བཟུང་ན་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་ཐོབ་པར་འགྱུར་རོ། །བཟླས་པ་བྱས་ན་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་རྒྱུད་དུ་སྐྱེ་བར་འགྱུར་རོ། །བསྒྲུབ་པ་བྱས་ན་འདིས་སྒྲུབ་པ་པོ་དད་པའི་ནོར་ཅན་དུ་འགྱུར་རོ། །དེ་ནས་རེ་ཞིག་དང་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་དབུལ་བར་བྱ་སྟེ། བདག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

ཐམས་ཅད་ལ་བདག་ཉིད་དབུལ་བར་བགྱི་ཡིས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་དུས་ཐམས་ཅད་དུ་སྡུག་བསྔལ་བར་གྱུར་པ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བརྗོད་པར་བྱའོ། །དེ་ནས་ཐུགས་བསྐྱེད་པ་གང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡིག་

པ་རྣམས་བཤགས་པར་མཛད་པའི་སེམས་བསྐྱེད་པ་དེས་བདག་གི་སྡིག་པ་ཐམས་ཅད་དུས་ཐམས་ཅད་དུ་བཤགས་པར་བགྱི་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་མཁྱེན་པ་དེ་བཞིན་དུའམ། ནུས་པ་ཇི་ལྟ་བ་བཞིན་དུ་བཤགས་པར་བགྱིའོ། །སངས་རྒྱས་དང་བྱང་

ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་ལ་སོགས་པ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་ངོ་། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁམས་སུ་གཏོགས་པའི་མཆོད་པའི་སྤྲིན་རྣམས་བསྒོམས་ལ་བསྔོ་བར་བྱ་སྟེ། ན་མ་སྟྭཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་

Vol. 87 · folio 229b

ག་ཏཱ་ནཱཾ། སརྦ་ཐཱ་ཨུདྒ་ཏེ་སྥ་ར་ཎ་ཧི་མངྒ་ག་ན་ཁཾ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མཆོད་པའི་མཆོག་རྒྱ་ཆེན་པོ་སྣ་ཚོགས་པའི་སྤྲིན་གྱི་རབ་འབྱམ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། བདག་གི་སྨོན་ལམ་གྱི་

སྟོབས་ཀྱིས་འབྱུང་བར་གྱུར་ཅིག་ཅེས་བསམས་ལ་སྔགས་འདི་བཟླ་བར་བྱའོ། །དེ་ནས་གཞན་མ་ཡིན་པར་ཡང་དག་པར་གནས་པར་འགྱུར་ཞིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གཟིགས་པར་འགྱུར་རོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་

ཏྲ་སཾ་ཀུ་སུ་མི་ཏཱི་རཱ་ཤཱི་ནི་ན་མོ་སྟུ་ཏེ་སྭཱ་ཧཱ། འདིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་པ་རྒྱ་མཚོ་རབ་འབྱམ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་བདག་གི་

སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་གྱུར་ཅིག་ཅེས་བསམས་ལ། དེ་བཞིན་གཤེགས་པ་རྣམས་ལ་དམིགས་ནས་སྔགས་བཟླས་པར་བྱའོ། །དེ་ནས་གཞན་མ་ཡིན་པར་བསྟོད་པའི་དབྱངས་རྣམས་རབ་ཏུ་གནས་པར་འགྱུར་རོ། །དེ་ནས་སྨོན་ལམ་བཏབ་པ་བྱས་ནས་སངས་

རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་ཀྱིས་རྫོགས་པའི་བྱང་ཆུབ་གྲུབ་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མངོན་དུ་ཕྱོགས་པས་ཕྱག་འཚལ་ཏེ། ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་སྔགས་

བཟླས་པར་བྱའོ། །དེ་ནས་རྒྱ་ཆེ་བའི་ཚུལ་ལ་འཇུག་པའི་མདོ་སྡེ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་སེམས་ལ་བྱས་ལ་སངས་རྒྱས་ཀྱི་སྙིང་པོ་བརྗོད་ཅིང་། ལྷ་ལ་སོགས་པ་ཀུན་ཉོན་ཅིག་ཅེས་བྱ་བའི་དམ་ཚིག་བརྗོད་ཅིང་བསམས་ལ་བསྒོམ་པར་བྱའོ། །སྔ་དྲོའི་ཐུན་ལ་དེ་ལྟར་བྱས་ནས་

ཟས་ཟ་བ་ན་སྟོབས་ཆེན་པོ་དང་། སྨན་གྱི་རྒྱལ་པོ་ཆེན་པོར་བྱིན་གྱིས་རློབ་པའི་སྔགས་འདི་བཟླས་པ་བྱ་སྟེ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་བྷུ་ཛ་ལི་ཏེ་སྭཱ་ཧཱ། དེ་ནས་ངལ་སོས་ལ་ཕྱི་ནས་གླེགས་བམ་བཀླག་པ་ལ་སོགས་པ་བྱས་ཏེ། སྔ་མ་བཞིན་དུ་ཕྱི་དྲོའི་ཐུན་ལ་ཡང་ལས་

Vol. 87 · folio 230a

རྣམས་བྱས་ནས་བཟླས་པ་བྱའོ། །སྲོད་ཀྱི་དུས་སུ་སྨོན་ལམ་བཏབ་ལ་ཡན་ལག་ཐམས་ཅད་བཏུད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་རྩྭ་བཏིང་བ་ལ་དང་པོར་ཉལ་ལ་གཉིད་ལོག་པར་བྱའོ། །ཚེས་གཅིག་ནས་བརྩམས་ནས་ཉིན་རེ་ཞིང་ཟླ་

བ་གཅིག་གི་བར་དུ་ལས་འདི་ལྟར་བྱ་ཞིང་ཉའི་ནུབ་མོ་དྲིའི་དཀྱིལ་འཁོར་གྱི་སྟེང་དུ་དམ་པའི་ཆོས་ཀྱི་གླེགས་བམ་བཞག་པའམ། སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ། བཞུགས་གནས་ཀྱི་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་མདུན་དུའམ། གཞན་ཡང་དབེན་པར་སྐྱིལ་མོ་ཀྲུང་བཅས་

ནས་སྐྱིལ་མོ་ཀྲུང་མ་བཤིག་པར་དེ་བཞིན་གཤེགས་པ་ལ་དམིགས་ནས་བཟླས་པ་བྱ་སྟེ། ཅི་སྲིད་འོད་ཟེར་བྱུང་ནས་ལུས་ལ་ཕོག་གི་བར་དུ་བྱས་ནས་དེ་ནས་ལུས་འབར་བར་འགྱུར་རོ། །དེའི་རྗེས་ལ་ལུས་འདི་ཡོངས་སུ་གྱུར་ནས་རིག་འཛིན་གྱི་རིགས་རྣམས་ཉེ་བར་ལྷགས་ཏེ། དེ་ལ་དབང་

བསྐུར་བས་བསོད་ནམས་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་རིག་འཛིན་གྱི་རིགས་སུ་གྱུར་ནས་སྐལ་བ་ཇི་ལྟ་བ་བཞིན་དུ་རང་གི་གནས་ཐོབ་པར་འགྱུར་རོ། །དེར་ཡང་ཤེས་རབ་དང་ཐབས་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་སྦྱོར་བ་ཡང་ཐོབ་པར་འགྱུར་རོ། །རྣམ་པར་རོལ་པ་སྣ་ཚོགས་

པས་རྗེས་སུ་འཇུག་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ལ་མཆོད་པར་ཡང་འགྱུར་རོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ཐབས་ལ་མཁས་པས་འདོད་པ་ལ་ཡོངས་སུ་སྤྱད་ཀྱང་ཉམས་པར་མི་འགྱུར་རོ། །ལུས་དེ་ཉིད་ཀྱིས་ས་ནོན་པར་

འགྱུར་ཞིང་བསོད་ནམས་ཇི་ལྟ་བ་བཞིན་དུ་དེ་བཞིན་དུ་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ཉེ་བར་འགྲོ་བ་དང་། རྗེས་སུ་སྤྱོད་པ་ཡང་མཐར་གྱིས་སོགས་ཤིང་སོ་སོར་ཐོབ་པར་འགྱུར་རོ། །གལ་ཏེ་རིག་པ་འཛིན་པ་ཐོབ་པར་མ་གྱུར་ན་ཡང་དེ་བཞིན་གཤེགས་པའི་སྐུ་མཐོང་བའམ། འོད་

ཀྱིས་སྣང་བར་བྱ་བའམ། གསུང་ཐོས་པར་འགྱུར་ཞིང་དེའི་བསམ་པ་རྣམ་པར་དག་པ་ཡང་སྐྱེ་བར་འགྱུར་རོ། །གཟུངས་ཀྱང་རབ་ཏུ་ཐོབ་པར་འགྱུར་རོ། །གཞན་དག་གིས་ཀྱང་བསྒྲུབ་པར་བྱ་སྟེ། རི་དང་། ཆུ་ཀླུང་དང་། མཚེའུ་དང་། ཆུ་གླིང་དང་། ཁང་ཕུགས་དང་། གཙུག་

Vol. 87 · folio 230b

ལག་ཁང་གི་གནས་འདི་ལྟ་བུ་དབེན་པ་རྣམས་སུ་སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ། སྐུ་གཟུགས་སམ། རས་རིས་ལ་ཐ་ན། གཙུག་ལག་ཁང་དབེན་པར་འདུ་འཛི་སྤངས་ལ་དམ་པའི་ཆོས་ལ་བླ་མར་བྱེད་པས་འཁོར་ལོ་དང་། རྡོ་རྗེ་དང་། རལ་གྲི་ལ་སོགས་པའི་ཁྱད་པར་

རང་གིས་བླངས་ལ་མཚན་རངས་པ་གཅིག་སྐྱིལ་ཀྲུང་མ་བཤིག་པའམ། ཙོག་ཙོག་པོར་རྩྭ་བཏིང་བ་ལ་ཉེ་བར་འདུག་ལ་ཇི་སྲིད་འབར་བར་གྱུར་གྱི་བར་དུ་བཟླས་པར་བྱའོ། །དེ་བཞིན་དུ་ལྡོང་རོས་ལ་སོགས་པའི་རྫས་རྣམས་དྲིའི་དཀྱིལ་འཁོར་རམ། ལོ་མའི་སྣོད་དུ་བཞག་ནས་བསྒྲུབ་

པར་བྱའོ། །འདི་ནི་སྦྱོར་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་རྣམས་ཀྱི་རབ་ཏུ་མི་དམིགས་པའི་སྒྲུབ་པའི་ཐབས་སོ། །དབེན་པར་མཆོད་རྟེན་ལ་སོགས་པའི་མདུན་དུ་དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་ལ་གོམས་པར་བྱས་ནས་ཅི་སྲིད་མཚན་མ་བྱུང་གི་བར་དུ་བཟླས་

པ་བྱའོ། །ཟླ་བ་ཉ་བ་ལ་མཚན་རངས་པ་སྐྱིལ་མོ་ཀྲུང་བཅས་ནས་བཟླས་པ་བྱའོ། །གཉིད་སྤངས་ནས་ཉིན་ཞག་གཅིག་ཏུ་དེ་བཞིན་དུ་འཁོར་ལོ་ལ་སོགས་པའི་རྫས་རྣམས་ཡོངས་སུ་བཟུང་ནས་བསྒྲུབས་ན་ཕྱིར་ལྡོག་པ་མེད་པའི་རིག་པ་འཛིན་པར་འགྱུར་རོ། །འདི་གཟི་བརྗིད་གང་དང་ཡང་

མཉམ་པ་མེད་པར་འགྱུར་རོ། །བསོད་ནམས་དང་མི་ལྡན་པས་ཀྱང་ཚེ་འདི་ཉིད་ལ་ངེས་པར་འགྲུབ་པར་འགྱུར་རོ། །རས་རིས་མེད་ཀྱང་རུང་། མཆོད་པ་མེད་ཀྱང་རུང་། ངེས་པར་འགྲུབ་པར་འགྱུར་རོ། །དེ་ནས་རས་རིས་བསྒྲུབ་པར་འདོད་ན་རས་རིས་ལ་དེ་བཞིན་གཤེགས་པའི་གཟུགས་ནི་

པདྨ་ལ་བཞུགས་པའོ། །གཡས་སུ་ནི་འཕགས་པ་རྡོ་རྗེ་འཛིན་པའོ། །གཡོན་དུ་ནི་ནམ་མཁའི་སྤྱན་ཏེ། འོད་ཟེར་སྣ་ཚོགས་ཉེ་བར་འཕྲོ་བ་ཐལ་མོ་སྦྱར་ནས་འདུག་པའོ། །དེ་དག་ལ་རྡོ་རྗེ་འཛིན་ནི་ཨུཏྤལ་སྔོན་པོའི་མདོག་ཅན་ནོ། །ནམ་མཁའི་སྤྱན་ནི་སྔོ་བསངས་སོ། །སྒྲུབ་པ་པོ་

ནི་འོག་ཏུ་ལྷ་མོ་ལ་མངོན་དུ་ཕྱོགས་པར་བྱ་སྟེ། རས་རིས་འདི་ལ་ཡང་ཆོ་ག་སྔ་མ་ཉིད་ཀྱིས་ཟླ་བ་ཉའི་བར་དུ་ཟླ་བ་གཅིག་གིས་བསྒྲུབ་པར་བྱའོ། །ཨ་པ་ར་ཙི་ཏ་སྔོན་པོའི་སྦྱིན་སྲེག་གིས་རྒྱལ་པོ་དགུག་པར་བྱ་སྟེ། རྟོག་པ་ཐམས་ཅད་ཀྱི་ཚོགས་སྦྱར་ན་ཐམས་ཅད་དུ་འགྲུབ་པར་འགྱུར་རོ། །

Vol. 87 · folio 231a

རས་རིས་གཉིས་པ་ནི་ལྷ་མོ་གཅིག་པུ་གནས་པ་གསེར་གྱི་མདོག་ཅན་ཟར་མའི་མེ་ཏོག་ལྟ་བུའི་འོད་འབར་བ་པདྨ་ལ་རབ་ཏུ་གནས་པ་དང་། རལ་པ་དང་བཅས་པའི་སྒྲུབ་པ་པོ་བྲི་བར་བྱའོ། །དེ་དག་ལ་ཡང་ཆོ་ག་སྔ་མ་ཉིད་ཀྱིས་བྱའོ། །ཇི་ལྟར་འདོད་པའི་རལ་གྲི་དང་།

ལྡོང་རོས་ལ་སོགས་པ་ལ་བསྒྲུབ་པར་བྱའོ། །ཐམས་ཅད་དུ་ཡིད་མི་བདེ་བ་དང་བྲལ་བས་དམ་པའི་ཆོས་ཀྱི་གླེགས་བམ་བཀླག་པར་བྱ་ཞིང་དམིགས་པ་དང་བཅས་པས་སྐྱིལ་མོ་ཀྲུང་མ་བཤིག་པར་ཟླ་བ་ཉ་ལ་བཟླས་པ་བྱས་ན་མཚན་གཅིག་གིས་ཀྱང་འགྲུབ་པར་འགྱུར་རོ། །དབེན་པ་ལ་

མངོན་པར་དགའ་བས་དམ་པའི་ཆོས་ཀྱི་གླེགས་བམ་ཀློག་པ་ཉིད་དང་། འདུ་འཛི་མི་བྱེད་པ་ཉིད་དོན་ཡོད་པར་ལས་རྣམས་ངེས་པར་འགྱུར་རོ། །འཕགས་པ་ཀུན་དུ་བཟང་པོས་དེ་བཞིན་གཤེགས་པ་རྗེས་སུ་དྲན་ཞིང་གསང་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ།

ཨོཾ་ཨ་སྟ་བ་ར་བྷོ་གི་སྭཱ་ཧཱ། འདི་བཀླགས་པས་འཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་ཕྱིར་མི་ལྡོག་པར་བྱིན་གྱིས་རློབ་པའི་ཡོན་ཏན་ལ་འཇུག་པ་རབ་ཏུ་འཐོབ་བོ། །དེ་བཞིན་གཤེགས་པར་བྱིན་གྱིས་བརླབས་པར་གཏོགས་པ་འདིས་ཡང་ཆོ་ག་ནི་ནམ་མཁའི་སྤྱན་གྱི་ཆོ་ག་ཉིད་ཀྱིས་

ངེས་པར་འགྲུབ་པར་འགྱུར་རོ། །རས་རིས་ཀྱི་ཁྱད་པར་ནི་བཅོམ་ལྡན་འདས་ཀྱི་གཡས་སུ་འཕགས་པ་ཀུན་ཏུ་བཟང་པོའོ། །གཡོན་དུ་རྟ་མཆོག་གི་ཤུགས་ཅན་མ་ཞེས་བྱ་བ་པྲི་ཡང་ཀུ་ལྟར་ལྗང་བ་ཐལ་མོ་སྦྱར་བ་བྱས་པ་དང་། འཕགས་པ་རྡོ་རྗེ་འཛིན་ཐལ་མོ་སྦྱར་བའོ། །འཕགས་

པ་ཀུན་ཏུ་བཟང་པོའི་འོག་ཏུ་ནི་སྒྲུབ་པ་པོ་བྲི་བར་བྱ་སྟེ། ལྷ་མོ་ལ་མངོན་དུ་ཕྱོགས་པའོ། །རས་རིས་གཉིས་པ་ནི་འཕགས་པ་ཀུན་དུ་བཟང་པོ་རིན་པོ་ཆེའི་པདྨ་ལ་བཞུགས་པ། འོད་ཟེར་སྣ་ཚོགས་སུ་སྤྲོ་བ། རལ་པ་ཐུར་དུ་འཁྱིལ་པ། རལ་གྲི་འཛིན་པ། གསེར་གྱི་མདོག་

ཅན་དང་། སྒྲུབ་པ་པོའོ། །རས་རིས་འདིའི་ཆོ་ག་ཡང་དེ་དག་ཉིད་ཡིན་ཏེ། རིག་པ་འཛིན་པ་ལས་མི་ལྡོག་ཅིང་མཉམ་པ་མེད་པར་འགྱུར་རོ། །ཀུན་ཏུ་བཟང་པོའི་སྤྱོད་པ་དང་། རིག་པའི་རྒྱལ་པོའི་སྟོབས་མཉམ་པ་མེད་པས་ལུས་དེ་ཉིད་ཀྱིས་མཐར་གྱིས་དགེ་བའི་རྩ་བ་ཉེ་བར་

Vol. 87 · folio 231b

བསགས་པ་ཉིད་ཀྱིས་འཕགས་པ་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་ཞིང་། ཡང་ཉམས་པར་ཡང་མི་འགྱུར་རོ། །སྔགས་གཞན་ཡང་། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ས་མནྟ་གཱ་མ་ནཱ་ན། ཨུ་ཛྭ་ལཱ་ཡ་སྭཱ་ཧཱ། འདིས་ནི་འཕགས་པ་ཀུན་ཏུ་བཟང་པོ་མངོན་དུ་ཕྱོགས་

པར་འགྱུར་རོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཐོང་བ་ཡང་འགྲུབ་པར་བྱེད་དོ། །རྣམ་པར་སྦྱོང་བར་བྱེད་དོ། །ངེས་པར་རྫོགས་པར་བྱེད་དོ། །རིམ་གྱིས་འདི་ཉིད་ཀྱིས་རིག་པ་འཛིན་པར་ཡང་འགྱུར་རོ། །འདིའི་ཆོ་ག་ཡང་སྔ་མ་རྣམས་ཉིད་ཡིན་ནོ། །གཞན་ཡང་མཆོད་པ་

སྤྲུལ་པའི་རིག་པ་ནི། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཐཱ་ཨུདྒ་ཏེ། སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བྱ་སྟེ། མཆོད་པ་རྣམ་པར་བསམས་ལ། དེ་མ་ཐག་ཏུ་སྐྱོ་བར་མ་གྱུར་གྱི་བར་དུ་བརྗོད་ན་ངེས་པར་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་རོ། །རིག་པའི་རྒྱལ་པོའི་རྩེ་མོ་

དོན་ཡོད་པ་འདི་རྟོག་པའི་ཆོ་ག་ཐམས་ཅད་དང་སྦྱར་བར་བྱའོ། །དེ་བཞིན་དུ་འདི་བསྒྲུབས་ན་དགེ་བའི་རྒྱུན་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་སྣང་བ་རྒྱ་ཆེན་པོ་ཐོབ་པར་འགྲོ་བར་འདོད་པ་དང་། སྨོན་ལམ་ཆེན་པོའི་རྒྱ་མཚོ་མངོན་པར་བསྒྲུབ་པར་

འདོད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ལ་དམིགས་ནས་སྐྱིལ་མོ་ཀྲུང་མ་བཤིག་པར་མཚན་གཅིག་གིས་དོན་ཡོད་པར་འགྲུབ་པར་འགྱུར་རོ། །འཕགས་པ་འཇམ་དཔལ་གྱིས་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་ནས་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་

ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཧོ་ཧེ་རཾ་ཧེ་རཾ། སུ་ག་ཏཱ་སུ་ག་ཏཱ། བཛྲ་ཤི་ཁ་ར། ན་མོ་སྟུ་ཏེ་ཀུ་མཱ་ར། སྨ་ར་སྨ་ར་སྭཱ་ཧཱ། འདིའི་ཆོ་གཡང་དེ་དག་ཉིད་ཡིན་ནོ། །རས་རིས་མེད་ཀྱང་རུང་། ལྷ་མེད་ཀྱང་རུང་འགྲུབ་པར་འགྱུར་རོ། །རས་རིས་ཀྱི་ཁྱད་པར་ནི་འཕགས་པ་འཇམ་དཔལ་ཅུང་

ཟད་གཞོན་ནུ་ལས་འདས་པ་རྒྱན་ཐམས་ཅད་ཀྱིས་འབར་བའོ། །བཅོམ་ལྡན་འདས་ཀྱི་གཡས་སུ་རྡོ་རྗེ་འཛིན་པདྨ་ལ་པུས་མོའི་ལྷ་ང་བཙུགས་པ་བྲི་བར་བྱའོ། །སྒྲུབ་པ་པོ་ནི་ཐལ་མོ་སྦྱར་བའོ། །རས་རིས་གཉིས་པ་ནི་གཅིག་པུ་པདྨ་ལ་གནས་པ་སྒྲུབ་པ་པོ་མདུན་དུ་གནས་པ་ལ་གཟིགས་

Vol. 87 · folio 232a

པ་ལྟ་བུར་བྲིས་ན་གང་འདོད་པ་དེ་སྒྲུབ་པར་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་སཽ་མྱ་ར། བཛྲ་ཛྭ་ལ་སམྦྷ་རཱ་ཛཱ་ཡ། ན་མཿསྭཱ་ཧཱ། རས་རིས་ནི་འཕགས་པ་ཀུན་ཏུ་བཟང་

པོ་ལྷའི་གཞལ་ཡས་ཁང་ན་བཞུགས་པའོ། །རྡོ་རྗེ་གཞོན་ནུ་ནི་གནག་ཅིང་ལྗང་བ་པདྨ་ལ་བཞུགས་པ་བྲི་བར་བྱ་སྟེ། དེ་བཞིན་གཤེགས་པའི་འོད་ཀྱིས་བསྐོར་བའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཀུན་ཏུ་བཟང་པོའི་གནས་སུ་རྡོ་རྗེ་འཛིན་ཏེ། གཞོན་ནུའི་སྟེང་

དུ་བྲི་བར་བྱ་སྟེ། འདི་ནི་རས་རིས་ཀྱི་ཁྱད་པར་རོ། །འཕགས་པ་རྡོ་རྗེ་འཛིན་གྱིས་རྡོ་རྗེའི་རིགས་ཐམས་ཅད་ལ་རྣམ་པར་གཟིགས་ནས་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་བཛྲ་དྷྭ་རཱ་ཎཱཾ། ཨོཾ་ཙཎྜ་ལཱ་ཙཎྜ་ལཱ། ཙ་ལ་ཙ་ལ། བཛྲ་བཛྲ། ཤཱནྟ་ནཱ་ཤཱནྟ་ནཱ། ཕ་ལ་

ན་ཕ་ལ་ན། ཏ་ར་ཏ་ར། མཱ་ར་མཱ་ར་བཛྲ་ད་ལ། སྥོ་ཊ་ལཱ། སྥོ་ཊ་ལཱ། ལི་ཤེ་ཁ་རས་མནྟ། བཛྲ་ཎཱི་ཛྭཱ་ལ་ནེ་ཛྭཱ་ལ་ནེ། སམ་སྠ་ཨ་གྲེ། ཨ་གྲ་ཤ་ས་ཀ་ནཱཾ། ར་ཎཱ་ར་ཎ། ཧཱུྃ་ཕཊ་བཛྲ་ཨུཏྟ་མེ་སྭཱ་ཧཱ། འདི་ནི་བཀླགས་པ་ཙམ་གྱིས་ལྷ་དང་། ལྷ་མ་ཡིན་དང་། གནོད་

སྦྱིན་ལ་སོགས་པས་འཚེ་བར་མི་འགྱུར་ཞིང་། ལོག་འདྲེན་ལ་སོགས་པ་ཡང་ཉེ་བར་འོང་བར་མི་འགྱུར་རོ། །འདིའི་ཆོ་ག་ཡང་དེ་དག་ཉིད་ཡིན་ནོ། །རྡོ་རྗེའི་རིགས་ཐམས་ཅད་ཀྱི་ཆོ་གས་ཀྱང་དོན་ཡོད་པའི་ལས་རྣམས་ཀྱིས་རིག་པ་འཛིན་པར་འགྱུར་རོ། །རྡོ་རྗེའི་རིགས་ཀྱི་གནས་དེར་

ཡང་དེ་བཞིན་གཤེགས་པའི་གཟི་བརྗིད་དང་ལྡན་པས་འདུག་ནས་གཉིད་སྤངས་ཏེ་མཚན་རངས་པ་བཟླས་པ་བྱས་ན་དེའི་རྗེས་ལ་གྲུབ་པའི་མཚན་མ་འབྱུང་བར་འགྱུར་རོ། །དེ་ནས་ལྡོང་རོས་ལ་སོགས་པའམ། རྡོ་རྗེ་དང་རལ་གྲི་ལ་སོགས་པ་གང་འདོད་པ་གཟུང་ལ་བསྒྲུབ་པར་བྱའོ། །ཟླ་

བ་ཉའི་ཐུན་དང་པོ་ལ་ངེས་པར་འགྲུབ་པར་འགྱུར་རོ། །རིག་པ་འཛིན་པ་ལས་ཀྱང་ཉམས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཡང་འཇུག་པར་འགྱུར་ཞིང་ཉམས་པར་ཡང་མི་འགྱུར་རོ། །འདི་ཡིད་ལ་གང་འདོད་པའི་ཆོ་གས་བསྒྲུབ་པ་བྱས་ན་ངེས་པར་མྱུར་དུ་འགྲུབ་པར་

Vol. 87 · folio 232b

འགྱུར་རོ། །རས་རིས་ཀྱི་ལས་མེད་ཀྱང་རུང་། ཁྲུས་མེད་ཀྱང་རུང་། མཆོད་པ་མེད་ཀྱང་རུང་སྟེ། བཟླས་པ་ཙམ་གྱིས་དེ་བཞིན་གཤེགས་པའི་སྐུ་མཐོང་བ་ལ་སོགས་པའི་ངོ་མཚར་འབྱུང་བར་འགྱུར་རོ། །རིག་པ་འཛིན་པའི་རིམ་པར་ཕྱེ་བ་འདི་ནི་དོན་ཡོད་པར་གྲུབ་པར་བྱ་བའི་

ཕྱིར་དང་། བསྟན་པའི་མཐུ་ཡང་དག་པར་བསྟན་པའི་ཕྱིར་གསུངས་པ་ཡིན་ནོ། །སེམས་ཅན་རྣམས་དད་པ་དང་སྤྲོ་བ་མཐའ་ཡས་པ་བསྐྱེད་པའི་ཕྱིར་མཚན་གཅིག་ཙམ་ཞིག་ཀྱང་བརྟག་པར་བྱའོ། །གང་དག་གསང་སྔགས་འདི་དག་ཀློག་པ་དེ་དག་ནི་སངས་རྒྱས་ཐམས་ཅད་ཀྱིས་

བྱིན་གྱིས་བརླབས་པའོ། །རྡོ་རྗེ་འཛིན་གྱིས་ཡང་དག་པར་བསྲུངས་པའོ། །ནམ་མཁའི་སྤྱན་གྱི་ཆོ་གས་འདི་དག་ཐམས་ཅད་བསྒྲུབ་པར་བྱའོ། །གལ་ཏེ་ནུས་པ་ཡོད་ན་བརྩོན་འགྲུས་དང་ལྡན་པས་མཚན་རངས་པར་སྐྱིལ་མོ་ཀྲུང་བཅས་པས་ཡིད་ལ་གང་འདོད་པའི་ཆོ་ག་དང་། འདིས་

བསྒྲུབ་པར་བྱའོ། །སྔགས་འདིས་བསྲུང་བར་བྱའོ། །གང་ཡང་མང་དུ་ནི་གཙུག་ཏོར་དང་། རྨ་བྱ་ཆེན་མོ་དང་། རྡོ་རྗེ་མཆོག་ལ་སོགས་པ་རྣམས་ཀྱིས་སོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲཱ་པྲ་ཏི་ཧ་ཏ་བཱ་པྟི་དྷརྨ་ཏཱ་བ་ལི་ནཱཾ། ཨཾ་ཨ། ས་མ་ས་མ་ས་མནྟ་ཏོ། ཨ་ནནྟ་

ཏོ་བཱ་པྟི། ཤཱ་ས་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎ་བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བ་ལཱ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ཎི་ཛྭཱ་ལ་ཛྭཱ་ལ་ན་སཱ་ག་རེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའོ། །རིག་པ་འཛིན་པའི་རིམ་པར་ཕྱེ་བའོ།། །།དེ་ནས་

རིམ་པར་ཕྱེ་བ་རབ་འབྱམ་ཐམས་ཅད་ཀྱི་ཐུན་མོང་གི་རྟོག་པའི་ཆོ་ག་ཞིབ་མོ་ཐམས་ཅད་བསྟན་པར་བྱའོ། །འདིར་བྱང་ཆུབ་སེམས་དཔའ་སྤྱོད་པའི་རྒྱལ་པོ་གསང་སྔགས་ཀྱི་སྒོར་སྤྱོད་པའི་ཆོ་ག་ནི་རྣམ་པ་གཉིས་ཏེ། ཐབས་དང་བཅས་པ་དང་། ཐབས་དང་བཅས་པ་མ་ཡིན་པའོ། །སྔོན་དུ་

བྱ་བའི་བསྙེན་པ་ནི་རྣམ་པ་གཉིས་ཏེ། སྔོན་གྱི་དུས་སུ་གོམས་པ་དང་། རྒྱུན་མ་ཆད་པར་ཟླ་བ་ལ་སོགས་པར་འབུམ་བཟླས་པས་ལྷ་མཐོང་བའམ། ངག་ཐོས་པ་འམ། འོད་ཟེར་ལུས་ལ་ཕོག་པའམ། དེ་བཞིན་གཤེགས་པའི་སྐུ་མཐོང་བའོ། །གནས་ནི་རྣམ་པ་གཉིས་ཏེ། རང་

Vol. 87 · folio 233a

བཞིན་གྱིས་དབེན་པའི་རི་ལ་སོགས་པ་དང་། རང་བཞིན་གྱིས་སྟོང་པའི་འདུ་འཛི་དང་བྲལ་བའི་གཙུག་ལག་ཁང་གི་བྲང་ཁང་ལ་སོགས་པའོ། །སྔོན་དུ་འགྲོ་བ་ནི་རྣམ་པ་གཉིས་ཏེ། དུས་གསུམ་དུ་སྡིག་པ་བཤགས་པ་དང་། བསོད་ནམས་དང་ཡེ་ཤེས་ལ་རྗེས་སུ་

ཡི་རང་བའོ། །གོམས་པར་བྱ་བ་ནི་རྣམ་པ་གཉིས་ཏེ། ལེགས་པ་ལ་སྦྱོར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྗེས་སུ་དྲན་པ་ལ་སོགས་པའི་སྒོམ་པ་གོམས་པའོ། །གཙང་སྦྲ་ནི་གཉིས་ཏེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་སེམས་ཅན་དད་པ་ཅན་ལ་

ཕན་པ་ཡང་དག་པར་སྟོན་པ་དང་། འཁོར་བའི་ཆོས་རྣམས་ལ་མངོན་པར་མི་དགའ་བས་སྡིག་པ་ཀུན་དུ་མི་སྤྱོད་པའི་གཙང་སྦྲའོ། །མྱུར་དུ་འགྲུབ་པར་བྱེད་པའི་ཆོས་ནི་གཉིས་ཏེ། སེམས་ཅན་གྱི་ཁམས་མ་ལུས་པ་འཁོར་བ་ལས་རྣམ་པར་གྲོལ་བར་བསྒྲུབ་པ་དང་། བྱང་ཆུབ་ཀྱི་

སེམས་བསྐྱེད་པ་ལ་སོགས་པ་ནི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་ཡང་དག་པར་བསམས་ནས་བཟླས་པ་བྱ་བའམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་པས་བཟླས་པ་བྱ་བའོ། །གཉིས་ལ་ནི་དངོས་གྲུབ་རིང་བར་འགྱུར་ཏེ། མ་དད་པ་དང་།

བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ལའོ། །སྟོབས་རྣམ་པ་གཉིས་ཀྱིས་སེམས་ཅན་གྱི་ཁམས་དམན་པ་དང་། བར་མ་དང་། མཆོག་རྣམས་ཀྱི་དོན་འབྱུང་བར་འགྱུར་ཏེ། རང་གི་སྨོན་ལམ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

རྣམས་ཀྱི་བྱིན་གྱིས་བརླབས་ཀྱི་སྟོབས་སོ། །བསྒྲུབ་པར་བྱ་བ་ནི་གཉིས་ཏེ། བདག་གི་དོན་དང་། གཞན་གྱི་དོན་ནོ། །དངོས་གྲུབ་ནི་གཉིས་ཏེ། རིག་འཛིན་ཐོབ་པར་བྱ་བ་ལ་སོགས་པ་དང་། སྤྱོད་པ་ལ་རྗེས་སུ་ཞུགས་པའོ། །འདིར་སྦྱོར་བ་ནི་རྣམ་པ་གཉིས་ཏེ། ཚད་

མེད་པའི་སེམས་བསྐྱེད་པའི་སྦྱོར་བ་དང་། སྒྱིད་ལུག་པ་མེད་པའི་སྦྱོར་བའོ། །བྱ་བ་ནི་གཉིས་ཏེ། ཐབས་དང་ཤེས་རབ་ཀྱི་སྒོར་འཇུག་པའོ། །མི་བྱ་བ་ནི་གཉིས་ཏེ། སོམ་ཉི་དང་། སེམས་ཅན་ལ་ཉེ་བར་འཚེ་བའི་ལས་སོ། །ལུས་འདིའི་ཡོན་ཏན་ནི་གཉིས་ཏེ། དོན་ཡོད་

Vol. 87 · folio 233b

པར་མྱུར་དུ་འགྲུབ་པ་དང་། བགེགས་མེད་པའོ། །འདིར་སྤང་བར་བྱ་བ་ནི་གཉིས་ཏེ། གསང་སྔགས་ལ་སོགས་པ་སྤོང་བ་དང་། མི་གུས་པའོ། །གོམས་པར་བྱ་བ་ནི་གཉིས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་དྲན་པའི་སྦྱོར་བ་དང་། སེམས་

ཅན་གྱི་དོན་བྱ་བའོ། །འདིར་རྨད་དུ་བྱུང་བ་ནི་གཉིས་ཏེ། ཇི་ལྟ་ཇི་ལྟར་སྔགས་རྣམས་བསྒྲུབ་པར་བྱས་པ་དེ་ལྟ་དེ་ལྟར་རྗེས་སུ་མཐུན་པར་འགྱུར་བ་དང་། ཆོ་ག་གང་དང་གང་གིས་གང་ལ་སྦྱར་བ་དེ་བསྒྲུབས་ན་འགྲུབ་པར་འགྱུར་བའོ། །མ་མཐོང་བའི་ཆོས་ཀྱི་ཡོན་ཏན་ནི་གཉིས་ཏེ།

གང་དུ་སྐྱེས་པར་བྱང་ཆུབ་སེམས་དཔའ་དང་འགྲོགས་ཤིང་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྒྱ་ཆེ་བ་ལ་འཇུག་པར་འགྱུར་བའོ། །བཟླས་པ་བྱས་ན་གཉིས་ལས་མི་གཡོ་བར་འགྱུར་ཏེ། ཆོས་ཉིད་ལས་བྱུང་བ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ལས་མི་ཉམས་

པའོ། །རས་རིས་ནི་གཉིས་ཏེ། དེ་བཞིན་གཤེགས་པ་དང་བཅས་པ་དང་། རིག་པ་གཅིག་པུ་ཉིད་དོ། །འདིར་སྤྱད་པར་མི་བྱ་བའི་དམ་ཚིག་ནི་གཉིས་ཏེ། མྱོས་པར་འགྱུར་བའི་བཏུང་བ་དང་། ཁྲི་ལ་ཉལ་བའོ། འདིར་མི་བྱ་བ་ནི་གཉིས་ཏེ། གསང་སྔགས་ལ་སེར་སྣ་

མི་བྱ་བ་དང་། དོན་ཆུང་ངུའི་ལས་མི་བྱ་བའོ། །འདིར་འབྱུང་བར་མི་འགྱུར་བ་ནི་གཉིས་ཏེ། སྐྱོན་དུ་འགྱུར་བའི་ལས་ཐམས་ཅད་དང་། དོན་མེད་པ་ལ་འདོད་པའོ། །འདིར་ངེས་པ་ནི་གཉིས་ཏེ། རྨད་དུ་བྱུང་བའི་ཆོས་འབྱུང་བ་དང་། དེ་བཞིན་གཤེགས་པའི་རིགས་སུ་འཇུག་

པའོ། །འདིར་བྱིན་གྱི་རླབས་འབྱུང་བ་ནི་གཉིས་ཏེ། ཐམས་ཅད་དུ་ལྷག་མ་ལུས་པར་མི་བྱེད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འགྲོགས་པར་འདོད་པའོ། །དེ་དག་ལ་སོགས་པ་སྔགས་ཀྱི་སྤྱོད་པ་ལ་ཞུགས་པ་རྣམས་ལ་ཐབས་མང་དུ་འབྱུང་

བར་འགྱུར་རོ། །དེ་ནས་སྒྲུབ་པ་པོ་རྣམས་ཀྱི་ཐུན་མོང་གི་སྔོན་དུ་བསྙེན་པའི་ཆོ་ག་བཤད་པར་བྱའོ། །དང་པོ་རེ་ཞིག་སྔགས་གང་ཡང་རུང་བ་བླངས་ནས་བདེན་པའི་བྱིན་གྱི་རླབས་ཀྱིས་གང་ལ་ལྷག་པར་མོས་པ་ཉེ་བར་བཟུང་ལ་སྔ་དྲོའི་ཐུན་ལ་སྐུ་གཟུགས་ཀྱི་མདུན་དུ་འམ། རས་རིས་ཀྱི་མདུན་

Vol. 87 · folio 234a

དུའམ། །དམ་པའི་ཆོས་ཀྱི་གླེགས་བམ་གྱི་མདུན་དུ་མཚན་མ་བཞག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །བདག་མིང་འདི་ཞེས་བགྱི་བ། སངས་རྒྱས་དང་བྱང་

ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་འབུལ་གྱིས། ཐམས་ཅད་དུབ་དག་རབ་ཏུ་གཟུང་དུ་གསོལ། །ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །

དེ་ནས་སྡིག་པ་བྱས་པ་བཤགས་པར་བྱ་སྟེ། འདིར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་སྐྱེས་པའི་སྡིག་པ་མ་ལུས་པ་ཐམས་ཅད་བཤགས་པར་བགྱི་སྟེ། ཐུགས་བསྐྱེད་པ་གང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཤགས་པ་དེས་བདག་གིས་

ཀྱང་བཤགས་པར་བགྱི་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་མཁྱེན་པ་བཞིན་དུའོ་ཞེས་བྱ་བ་འམ། ཡང་ན་ནུས་པ་ཅི་ལྟ་བའི་བཤགས་པས་བཤགས་པར་བྱའོ། །དེ་ནས་འདི་སྐད་ཀྱང་བརྗོད་པར་བྱའོ། །དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

ཐམས་ཅད་ལ་ཡང་དག་པར་བྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་མཉམ་པ་ཉིད་ལ་རྗེས་སུ་ཡི་རང་སྟེ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་སྟེ། ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྐྱོབ་པ་ཉིད་དང་། ལུས་དང་ངག་དང་

ཡིད་ཀྱིས་ལེགས་པར་སྤྱོད་པ་དུས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་མཁྱེན་པ་དེ་བཞིན་དུ་རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ཡི་རང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་

མཁྱེན་པས་རྗེས་སུ་ཡི་རང་བར་མཛད་པ་དེ་བཞིན་དུ་རྗེས་སུ་ཡི་རང་ངོ་ཞེས་བརྗོད་པར་བྱ་ཞིང་། ནུས་པ་ཅི་ལྟ་བ་བཞིན་དུ་རྗེས་སུ་ཡི་རང་བར་བྱའོ། །དེ་ནས་མཆོད་པའི་ཉེ་བར་མཁོ་བའི་དངོས་པོ་ཇི་སྙེད་ཡོད་པ་འདི་ལྟ་སྟེ། ཐབ་ལས་སྐྱེས་པ་དང་། ཆུ་ལས་སྐྱེས་པའི་རིན་པོ་ཆེའི་རི་ལ་

Vol. 87 · folio 234b

སོགས་པ་དང་། རྒྱ་མཚོའི་རིན་པོ་ཆེ་ལ་སོགས་པ་ཉམས་དགའ་བ། བདག་པོ་མེད་ཅིང་ཡོངས་སུ་བཟུང་བ་མེད་པ་མ་ལུས་པ་དེ་དག་དང་། སེམས་ཅན་གྱི་ཁམས་ན་ཡོད་པ་དེ་དག་དུས་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བྱའོ། །

ཡོངས་སུ་བསྔོས་ནས་བདག་གི་བསོད་ནམས་ཀྱི་སྟོབས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས། མཆོད་པའི་སྤྲིན་རབ་འབྱམ་མཆོག་ཏུ་རྒྱ་ཆེ་བ། ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་

རབ་ཏུ་འབྱུང་བར་གྱུར་ཅིག་ཅེས་བརྗོད་ལ། དེ་ལྟ་བུའི་མཆོད་པའི་སྤྲིན་འབྱུང་བར་བྱེད་པའི་རིག་པའི་རྒྱལ་མོ་འདི་ཡང་བརྗོད་པར་བྱ་སྟེ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཏ་ཐཱ་ག་ཏེ་ཨདྷི་ཥྛི་ཏེ། ག་ག་ན་ཁཾ་བྷོ་སྥ་ར་ས་མནྟེ་ན་སྭཱ་ཧཱ། ཞེས་ལན་བརྒྱད་ཀྱི་བར་དུ་བརྗོད་པར་བྱའོ། །

ལྷག་མ་ཡང་ཅི་ཙམ་འདོད་པ་བརྗོད་པར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མཆོད་པ་ཅི་ལྟ་བ་བཞིན་དུ་ཡང་དག་པར་གནས་པར་འགྱུར་ཞིང་བྱིན་གྱིས་རློབ་ལ་མཁྱེན་པར་ཡང་འགྱུར་རོ། །དེ་ནས་བདག་གི་བསོད་ནམས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་

བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་བསྔགས་པའི་རྒྱ་མཚོ་གླུ་དབྱངས་མཆོག་རྒྱ་ཆེ་བ་རབ་འབྱམ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་འབྱུང་བར་གྱུར་ཅིག་ཅེས་བརྗོད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་བསྔགས་པ་དང་།

ཆོས་སྒྲོགས་པའི་དབྱངས་འབྱུང་བར་བྱེད་པའི་རིག་པའི་རྒྱལ་མོ་ལན་བརྒྱད་ཀྱི་བར་དུ་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཏྲ་སྃ་ཀུ་སུ་མི་ཏ་ཨ་བྷི་ཛྙཱ་ཏ་རཱ་ཤི་ནི། ན་མོ་སྟུ་ཏེ་སྭཱ་ཧཱ། དེ་ལྟར་དོན་ཡོད་པ་འདི་ལ་མངོན་པར་དད་པར་བྱས་ནས་བསྒྲུབས་ན་དེ་བཞིན་དུ་འདིར་

འབྱུང་བར་འགྱུར་རོ། །དེ་ནས་བླ་ན་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་དག་ཐམས་ཅད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །དེ་ནས་ཚད་མེད་པའི་སེམས་བསྐྱེད་པ་གང་ཡང་རུང་བའི་ལྷག་པའི་བསམ་པས་སེམས་བསྐྱེད་ལ་སྔགས་བཟླས་ཤིང་། དེ་སྔ་

Vol. 87 · folio 235a

རེ་ཞིག་བདག་གི་སེམས་བསྐྱེད་པ་དང་བོས་བདག་གི་སྨོན་ལམ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་སྟོབས་ཀྱིས་འདིར་སེམས་ཅན་གྱི་ཁམས་ཐམས་ཅད་སེམས་བསྐྱེད་པ་གྲུབ་པར་གྱུར་ཅིག །དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱང་འབྱུང་བར་གྱུར་

ཅིག་ཅེས་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གྲུབ་པར་གྱུར་ཅིག །འབྱུང་བར་གྱུར་ཅིག་ཅེས་བརྗོད་དོ། །ཡང་ན་བླ་ན་མེད་པའི་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་སེམས་ཅན་ཐམས་ཅད་ལ་འབྱུང་བར་གྱུར་ཅིག་ཅེས་བྱ་བའམ། ཡང་ན་དངོས་གྲུབ་གང་སངས་

རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་པ་དེ་བདག་གི་བསོད་ནམས་དང་། ཡེ་ཤེས་ཀྱི་སྟོབས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དངོས་གྲུབ་འབྱུང་བར་གྱུར་ཅིག་ཅེས་བསམས་ལ། སྔགས་ཀྱི་རྒྱལ་པོ་ལན་བརྒྱད་ཀྱི་

བར་དུ་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ན་མོ་སྟུ་ཏེ་མ་ཧཱ་བཛྲ་སརྦ་སྟཱ་ཧི་ཏཾ་ཀ་ར་ཏིཥྛ་སརྦ་ཏྲ་སརྦ་ཥ་ཊ་དྷ་རྨཱ་ཎཱ་མ་དྷིཥྛཱ་ཡ་སྭཱ་ཧཱ། དེའི་རྗེས་ལ་འདིར་སེམས་ཅན་གྱི་ཁམས་རྣམས་ལ་ཇི་ལྟར་བསམས་པ་བཞིན་དུ་སེམས་ཅན་རྣམས་ལ་ཕན་པའི་རྣམ་པ་ཐམས་ཅད་འབྱུང་བར་

འགྱུར་རོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཤིང་ཕྱག་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་ལ་དམིགས་ནས་ཇི་སྲིད་སྐྱོ་བར་

མ་གྱུར་གྱི་བར་དུ་བཟླ་བར་བྱའོ། །དེ་ནས་གླེགས་བམ་བཀླགས་ལ་ཟས་ལ་སྤྱད་ཅིང་ཟས་ཀྱིས་དུབ་ན་བསྟིས་ནས་སྔ་དྲོའི་ཆོ་ག་དེ་ཉིད་ཀྱིས་ཕྱི་དྲོའི་ཡང་བྱའོ། །ཉལ་བ་ན་དང་པོ་ཡན་ལག་ཐམས་ཅད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ནས་ཁྲི་མ་ཡིན་

པ་ལ་ཉལ་བར་བྱའོ། །ཆོ་ག་འདི་ཉིད་ཀྱིས་ནུས་པ་ཅི་ལྟ་བ་དང་། སྟོབས་ཅི་ལྟ་བ་བཞིན་ཉིན་རེ་ཞིང་ཡར་ངོའི་ཉའི་བར་ཟླ་བ་གཅིག་གི་བར་དུ་བྱའོ། །དེ་ནས་ཐབས་དང་མི་ལྡན་པའི་ཆོ་ག་ཡང་ཇི་སྐད་གསུངས་པ་བཞིན་ནུས་པ་ཅི་ལྟ་བ་བཞིན་བསྒྲུབ་པར་བྱའི། བདག་གིས་ནུས་པ་མ་ཡིན་ནོ་

Vol. 87 · folio 235b

ཞེས་སྒྱིད་ལུག་པར་མི་བྱ་སྟེ། ལས་ཅི་ལྟ་བ་འབྲས་བུ་ཡང་དེ་ལྟ་བུའོ་ཞེས་བྱ་བས་དངོས་གྲུབ་ཀྱི་འབྲས་བུ་འགྲུབ་པར་འགྱུར་རོ་ཞེས་བསམས་ལ་རི་ལ་སོགས་པའི་གནས་རབ་ཏུ་དབེན་པའམ། གཙུག་ལག་ཁང་ལ་སོགས་པའི་ཁང་པ་སྟོང་པའམ། བླ་གབ་མེད་པར་འདུ་འཛི་རྣམ་

པར་སྤངས་ལ་སེམས་ཅན་ལ་གནོད་པ་མེད་པས་ཆོ་ག་འདི་བཞིན་དུ་བྱའོ། །ཁྲུས་ལ་སོགས་པ་མེད་ཀྱང་རུང་། རས་རིས་མེད་ཀྱང་རུང་། ཚུལ་ཁྲིམས་འཆལ་བ་ཡིན་ཡང་རུང་། དམན་པ་ཡིན་ཡང་རུང་། བསོད་ནམས་དང་མི་ལྡན་ཡང་རུང་སྟེ། གང་ཡང་མང་དུ་སྒྲུབ་པ་ལ་

གོམས་པར་བྱའོ། །མུན་པ་ཆེན་པོ་ནས་སྣང་བར་འཇུག་པར་འདོད་པ་དང་། འཁོར་བར་ལྟུང་བ་རྣམས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་བསྐྱོན་པར་འདོད་པ་དང་། གང་ཡང་མང་དུ་འབད་པས་ལོག་པར་ལྟུང་བ་རྣམས་རབ་ཏུ་གཟུང་ཞིང་སྣང་བར་བྱེད་པ་རབ་ཏུ་ཐོབ་པར་འདོད་པས་ཆོ་ག་

བཞིན་ཉིན་རེ་ཞིང་ཟླ་བ་གཅིག་གི་བར་དུ་བྱས་ལ། མཐར་ཡར་ངོའི་བཅྭ་ལྔ་ལ་ཇི་ལྟར་མངོན་པར་འབྱོར་བའི་མཆོད་པ་བྱས་ནས་མཆོད་རྟེན་དང་། སྐུ་གཟུགས་དང་། རས་རིས་དང་། དམ་པའི་ཆོས་ཀྱི་གླེགས་བམ་མམ། གང་ཡང་རུང་བའི་མདུན་དུ་མེ་ཏོག་སིལ་མས་བཀྲམ་པའི་

དཀྱིལ་འཁོར་བྱས་ལ། ལོ་མ་བཏིང་བ་ལ་འདུག་སྟེ། བསྲུང་བའི་ཆོ་ག་ལ་སོགས་པ་སྔ་མ་བཞིན་བསམས་ལ། ལན་གསུམ་གྱི་བར་དུ་སྔགས་བརྗོད་པར་བྱའོ། །དེ་ནས་ལྕགས་ཀྱི་འཁོར་ལོ་འམ། རྡོ་རྗེའམ། རལ་གྲིའམ། མདུང་ངམ། ལྕགས་ཀྱུའམ། ཆུ་

གྲི་ཟླ་ཕྱེད་ཀྱི་བར་དུ་བ་ལང་གི་ལྕི་བའི་ནང་དུ་བཅུག་ནས་བཏོན་ལ། ལག་ཏུ་བཟུང་ནས་སྲོད་དང་པོ་ནས་བརྩམས་ནས་མཚན་རངས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས་བསྒྲུབ་པར་བྱའོ། །ཡང་ན་རྡོ་རྗེ་ལས་བྱས་པ་རའི་འོ་མའི་ནང་དུ་བཅུག་པས་སོ། །

ཡང་ན་དངུལ་དང་། ཟངས་དང་། གསེར་ལས་བྱས་པ་ཟླ་བ་ཕྱེད་དུ་ཆུའི་ནང་དུ་བཅུག་པའམ། མིག་སྨན་བའི་འོ་མའི་བུམ་པར་བཅུག་པའམ། བསྲེགས་པའམ། ལྡོང་རོས་དང་། བ་བླ་དང་། གི་ཝང་ངམ། རང་བཞིན་གྱིས་གནས་པ་ལོ་མའམ། གོས་ཀྱི་

Vol. 87 · folio 236a

བར་དུ་ལག་ཏུ་བཟུང་ལ་བསྒྲུབ་པར་བྱའོ། །ཡང་ན་ནོར་བུའམ། ཡང་ན་ཕྲེང་བ་འམ། ཡང་ན་ལྷུང་བཟེད་བཀྲུས་པའམ། གོས་སམ། གནས་སམ། གདུགས་སམ། རི་མོ་ལག་ཏུ་བཟུང་བས་སམ། ཏ་ལའི་ལོ་མ་ལས་བྱས་པའི་རལ་གྲི་ལ་སོགས་

པ་རིག་པ་འཛིན་པ་འགྲུབ་པའི་རྫས་རྣམས་དང་མཚན་རངས་པར་བསྒྲུབས་ན་ནམ་ཕྱེད་དམ་ཉི་མ་ཤར་བའི་ཚེ་འབར་བར་གྱུར་ནས་གལ་ཏེ་གྲུབ་ན་ངོ་མཚར་ཆེན་པོ་གློ་བུར་དུ་འབྱུང་བར་འགྱུར་ཏེ། ནམ་མཁའ་ལ་མེ་ཏོག་གི་ཆར་འབབ་པ་དང་། སངས་རྒྱས་ཀྱི་ཞིང་རབ་ཏུ་གཡོ་བ་དང་།

སྣང་བ་ཆེན་པོ་གློ་བུར་དུ་འབྱུང་བ་དང་། གཞན་ཡང་ངོ་མཚར་ཆེན་པོ་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་ཞིང་། རིག་པ་འཛིན་པའི་རིགས་ཐམས་ཅད་ཉེ་བར་འདུས་ནས་དེ་ལ་བསོད་ནམས་ཅི་ལྟ་བ་བཞིན་དུ་སྔགས་ཀྱི་མཐུ་ཁྱད་པར་ཅན་གྱིས་དབང་སྐུར་བར་བྱེད། ཡོངས་སུ་འཛིན་པར་བྱེད་

དོ། །ད་ནས་རིག་པ་འཛིན་པའི་རྒྱལ་པོ་རིག་འཛིན་གྱི་སྡེ་དཔོན་ཚོགས་ན་སྤྱོད་པར་འགྱུར་རོ། །འདི་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་འཇུག་པར་འགྱུར་ཞིང་བྱང་ཆུབ་སེམས་དཔའི་རིག་འཛིན་གྱི་སྡེ་བའི་རྒྱལ་པོ་ཉིད་སྡུག་བསྔལ་མེད་པར་འཐོབ་པར་འགྱུར་ཞིང་། དེ་ཉིད་དུ་ས་ལ་བཞུགས་

ནས་རྡོ་རྗེ་འཛིན་གྱི་གཙོ་བོ་ཆེན་པོ་ཞེས་བྱ་བའི་འཁོར་ལོས་སྒྱུར་བ་རབ་འབྱམ་མཐའ་ཡས་པའི་འཕགས་པའི་ཆོས་ཀྱི་སྤྱོད་ཡུལ་འཕྲོགས་པ་མེད་པར་སོང་བ། རྣམ་པར་རོལ་པ་མཐའ་ཡས་བས་མཛེས་པ། དེ་བཞིན་གཤེགས་པའི་རིག་པ་འཛིན་པར་བྱུང་ནས་ཡང་ཉམས་པར་མི་འགྱུར་བ་

ཐོབ་པས་སྲེག་པའི་བསྐལ་པའི་དུས་སུ་ཡང་འཇིག་རྟེན་གྱི་ཁམས་གཞན་དུ་འགྲོ་བར་འགྱུར་ཞིང་བླ་ན་མེད་པའི་བདེ་བའི་བདུད་རྩི་ལས་ཀྱང་མི་ཉམས་ལ། འདོད་པའི་ཡོན་ཏན་ལྔ་ལོངས་སྤྱོད་པ་ལས་མི་ཉམས་ཤིང་བུད་མེད་མང་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་ཡང་འགྱུར་རོ། །ཤེས་རབ་

དང་ཐབས་སོ་སོ་འཐོབ་ཅིང་སྟོབས་ཆེན་པོ་དང་ལྡན་པར་འགྱུར་ཞིང་སེམས་ཅན་ལ་གནོད་པར་ཡང་མི་བྱེད་དོ། །འཇིག་རྟེན་གྱི་རིག་འཛིན་གྱི་རྒྱལ་པོ་རྣམས་ཀྱང་དེའི་བདེ་བའི་བདུད་རྩིའི་ལོངས་སྤྱོད་མང་པོ་ལ་ལྟོས་ན་ཟད་པ་དང་། དམན་པ་ལྟ་བུ་ཡིན་པས་འཇིག་རྟེན་པའི་རིག་འཛིན་དེ་དག་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words