ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ
Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 24 · folio 89a
བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་དམྱིགས་པ་དེ་ལྟར་
དགོངས་པ་མཛད་དོ། །འཕགས་པའི་བདེན་པ་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་འཕགས་པའི་བདེན་པ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །བསམ་གཏན་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་བསམ་
གཏན་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཚད་མྱེད་པ་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཚད་མྱེད་པ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྤྱོད་པ་ལ་དགོངས་པ་མཛད་
དེ། ཅི་ནས་ཀྱང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །རྣམ་པར་ཐར་པ་བརྒྱད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་རྣམ་པར་ཐར་པ་བརྒྱད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དེ། མཐར་
ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་
པ་དང་། སྨོན་པ་མྱེད་པ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །མངོན་པར་ཤེས་པ་རྣམས་སྤྱོད་པ་ལ་དགོངས་
པ་མཛད་དེ། ཅི་ནས་ཀྱང་མངོན་པར་ཤེས་པ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཏིང་ངེ་འཛིན་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཏིང་ངེ་འཛིན་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །གཟུངས་ཀྱི་སྒོ་
Vol. 24 · folio 89b
རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་གཟུངས་ཀྱི་སྒོ་རྣམས་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་མྱི་དམྱིགས་པ་
དེ་ལྟར་དགོངས་པ་མཛད་དོ། །མྱི་འཇིགས་པ་བཞི་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་མྱི་འཇིགས་པ་བཞི་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སོ་སོ་ཡང་
དག་པར་རིག་པ་བཞི་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །བྱམས་པ་ཆེན་པོ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་བྱམས་པ་ཆེན་པོ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །སྙིང་རྗེ་ཆེན་པོ་སྤྱོད་པ་ལ་དགོངས་པ་མཛད་དེ།
ཅི་ནས་ཀྱང་སྙིང་རྗེ་ཆེན་པོ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མྱི་དམྱིགས་པ་དེ་ལྟར་དགོངས་པ་
མཛད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྤྱོད་པ་ལ་དགོངས་པ་མཛད་དེ།
ཅི་ནས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཕྱིར་མྱི་འོང་བའི་འབྲས་བུ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །
དགྲ་བཅོམ་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དགྲ་བཅོམ་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །རང་བྱང་ཆུབ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་རང་བྱང་ཆུབ་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་
Vol. 24 · folio 90a
དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ།
ཅི་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས་པ་དེ་ལྟར་དགོངས་པ་མཛད་དོ། །དེ་ལྟར་མྱི་དམྱིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དགོངས་པ་མཛད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་
བརྒྱ་པ། །བམ་པོ་བདུན་པ། །རབ་འབྱོར་གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གཟུགས་སུ་དགོངས་པ་མྱི་མཛད་དོ། །ཚོར་བར་དགོངས་པ་མྱི་མཛད་དོ། །
འདུ་ཤེས་སུ་དགོངས་པ་མྱི་མཛད་དོ། །འདུ་བྱེད་དུ་དགོངས་པ་མྱི་མཛད་དོ། །རྣམ་པར་ཤེས་པར་དགོངས་པ་མྱི་མཛད་དོ། །མྱིག་ཏུ་དགོངས་པ་མྱི་མཛད་དོ། །རྣ་བར་དགོངས་པ་མྱི་མཛད་དོ། །སྣར་དགོངས་པ་མྱི་མཛད་དོ། །ལྕེར་དགོངས་པ་མྱི་མཛད་དོ། །
ལུས་སུ་དགོངས་པ་མྱི་མཛད་དོ། །ཡིད་དུ་དགོངས་པ་མྱི་མཛད་དོ། །གཟུགས་སུ་དགོངས་པ་མྱི་མཛད་དོ། །སྒྲར་དགོངས་པ་མྱི་མཛད་དོ། །དྲིར་དགོངས་པ་མྱི་མཛད་དོ། །རོར་དགོངས་པ་མི་མཛད་དོ། །རེག་ཏུ་དགོངས་པ་མྱི་མཛད་དོ། །ཆོས་སུ་དགོངས་པ་
མི་མཛད་དོ། །མྱིག་གི་རྣམ་པར་ཤེས་པར་དགོངས་པ་མི་མཛད་དོ། །རྣ་བའི་རྣམ་པར་ཤེས་པར་དགོངས་པ་མྱི་མཛད་དོ། །སྣའི་རྣམ་པར་ཤེས་པར་དགོངས་པ་མྱི་མཛད་དོ། །ལྕེའི་རྣམ་པར་ཤེས་པར་དགོངས་པ་མྱི་མཛད་དོ། །ལུས་ཀྱི་རྣམ་པར་ཤེས་
པར་དགོངས་པ་མྱི་མཛད་དོ། །ཡིད་ཀྱི་རྣམ་པར་ཤེས་པར་དགོངས་པ་མྱི་མཛད་དོ། །མྱིག་གི་འདུས་ཏེ་རེག་པར་དགོངས་པ་མྱི་མཛད་དོ། །རྣ་བའི་འདུས་ཏེ་རེག་པར་དགོངས་པ་མྱི་མཛད་དོ། །སྣའི་འདུས་ཏེ་རེག་པར་དགོངས་པ་མྱི་མཛད་དོ། །ལྕེའི་འདུས་ཏེ་རེག་
Vol. 24 · folio 90b
པར་དགོངས་པ་མྱི་མཛད་དོ། །ལུས་ཀྱི་འདུས་ཏེ་རེག་པར་དགོངས་པ་མྱི་མཛད་དོ། །ཡིད་ཀྱི་འདུས་ཏེ་རེག་པར་དགོངས་པ་མྱི་མཛད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དགོངས་པ་མྱི་མཛད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དགོངས་པ་མི་
མཛད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དགོངས་པ་མྱི་མཛད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དགོངས་པ་མྱི་མཛད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དགོངས་པ་མྱི་མཛད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་
དགོངས་པ་མྱི་མཛད་དོ། །སའི་ཁམས་སུ་དགོངས་པ་མྱི་མཛད་དོ། །ཆུའི་ཁམས་སུ་དགོངས་པ་མྱི་མཛད་དོ། །མྱེའི་ཁམས་སུ་དགོངས་པ་མྱི་མཛད་དོ། །རླུང་གི་ཁམས་སུ་དགོངས་པ་མྱི་མཛད་དོ། །ནམ་མཁའི་ཁམས་སུ་དགོངས་པ་མྱི་མཛད་དོ། །རྣམ་པར་ཤེས་
པའི་ཁམས་སུ་དགོངས་པ་མྱི་མཛད་དོ། །མ་རིག་པར་དགོངས་པ་མྱི་མཛད་དོ། །འདུ་བྱེད་དུ་དགོངས་པ་མྱི་མཛད་དོ། །རྣམ་པར་ཤེས་པར་དགོངས་པ་མྱི་མཛད་དོ། །མྱིང་དང་གཟུགས་སུ་དགོངས་པ་མྱི་མཛད་དོ། །སྐྱེ་མཆེད་དྲུག་ཏུ་དགོངས་པ་མྱི་མཛད་དོ། །རེག་པར་
དགོངས་པ་མྱི་མཛད་དོ། །ཚོར་བར་དགོངས་པ་མྱི་མཛད་དོ། །སྲེད་པར་དགོངས་པ་མྱི་མཛད་དོ། །ལེན་པར་དགོངས་པ་མྱི་མཛད་དོ། །སྲིད་པར་དགོངས་པ་མྱི་མཛད་དོ། །སྐྱེ་བར་དགོངས་པ་མྱི་མཛད་དོ། །རྒ་ཤིར་དགོངས་པ་མྱི་མཛད་དོ། །སྦྱིན་པའི་ཕ་རོལད་ཏུ་
ཕྱིན་པར་དགོངས་པ་མྱི་མཛད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པར་དགོངས་པ་མྱི་མཛད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པར་དགོངས་པ་མྱི་མཛད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་དགོངས་པ་མི་མཛད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་དགོངས་པ་མྱི་
མཛད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པར་དགོངས་པ་མྱི་མཛད་དོ། །ནང་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །ཕྱི་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །ཕྱི་ནང་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །སྟོང་པ་ཉིད་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །ཆེན་
Vol. 24 · folio 91a
པོ་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །དོན་དམ་པ་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །འདུས་བྱས་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །འདུས་མ་བྱས་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །མཐའ་ལས་འདས་པ་སྟོང་
པ་ཉིད་དུ་དགོངས་པ་མྱི་མཛད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་དུ་དགོངས་པ་མི་མཛད་དོ། །རང་བཞིན་སྟོང་པ་ཉིད་དུ་དགོངས་པ་མི་མཛད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །རང་
གི་མཚན་ཉིད་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་དུ་དགོངས་པ་མི་མཛད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །ངོ་བོ་ཉིད་སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་
དུ་དགོངས་པ་མྱི་མཛད་དོ། །དྲན་པ་ཉེ་བར་གཞག་པར་དགོངས་པ་མྱི་མཛད་དོ། །ཡང་དག་པར་སྤོང་བར་དགོངས་པ་མྱི་མཛད་དོ། །རྫུ་འཕྲུལ་གྱི་རྐང་པར་དགོངས་པ་མྱི་མཛད་དོ། །དབང་པོར་དགོངས་པ་མྱི་མཛད་དོ། །སྟོབས་སུ་དགོངས་པ་མྱི་མཛད་དོ། །
བྱང་ཆུབ་ཀྱི་ཡན་ལག་ཏུ་དགོངས་པ་མྱི་མཛད་དོ། །ལམ་དུ་དགོངས་པ་མི་མཛད་དོ། །འཕགས་པའི་བདེན་པར་དགོངས་པ་མྱི་མཛད་དོ། །བསམ་གཏན་དུ་དགོངས་པ་མྱི་མཛད་དོ། །ཚད་མྱེད་པར་དགོངས་པ་མྱི་མཛད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་
པར་དགོངས་པ་མི་མཛད་དོ། །རྣམ་པར་ཐར་པར་དགོངས་པ་མྱི་མཛད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པར་དགོངས་པ་མྱི་མཛད་དོ། །སྟོང་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །མཚན་མ་མྱེད་པར་དགོངས་པ་མྱི་མཛད་དོ། །སྨོན་པ་མྱེད་པར་དགོངས་
པ་མྱི་མཛད་དོ། །མངོན་པར་ཤེས་པར་དགོངས་པ་མྱི་མཛད་དོ། །ཏིང་ངེ་འཛིན་ཏུ་དགོངས་པ་མྱི་མཛད་དོ། །གཟུངས་ཀྱི་སྒོར་དགོངས་པ་མི་མཛད་དོ། །དེ་བཞིན་གཤེགས་པའི་སྟོབས་སུ་དགོངས་པ་མྱི་མཛད་དོ། །མྱི་འཇིགས་པར་དགོངས་པ་མྱི་མཛད་དོ། །སོ་སོ་ཡང་
Vol. 24 · folio 91b
དག་པར་རིག་པར་དགོངས་པ་མྱི་མཛད་དོ། །བྱམས་པ་ཆེན་པོར་དགོངས་པ་མྱི་མཛད་དོ། །སྙིང་རྗེ་ཆེན་པོར་དགོངས་པ་མྱི་མཛད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པར་དགོངས་པ་མྱི་མཛད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུར་དགོངས་པ་མྱི་མཛད་དོ། །ལན་ཅིག་ཕྱིར་
འོང་བའི་འབྲས་བུར་དགོངས་པ་མྱི་མཛད་དོ། །ཕྱིར་མྱི་འོང་བའི་འབྲས་བུར་དགོངས་པ་མྱི་མཛད་དོ། །དགྲ་བཅོམ་པ་ཉིད་དུ་དགོངས་པ་མི་མཛད་དོ། །རང་བྱང་ཆུབ་ཏུ་དགོངས་པ་མྱི་མཛད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དུ་དགོངས་པ་མྱི་མཛད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གནས་མང་པོར་ཡང་བསླབ་པར་བགྱི་ལ་གང་ལ་ཡང་བསླབ་པར་མྱི་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་
དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གནས་མང་པོར་ཡང་བསླབ་པར་བྱ་སྟེ། གང་ལ་ཡང་བསླབ་པར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།
བསླབ་པར་བྱ་བའི་ཆོས་དེ་དག་མྱི་དམྱིགས་སོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་འདི་དག་མདོ་དང་རྒྱས་པར་བསྟན་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཏུ་མངོན་པར་འཚང་རྒྱ་བར་འཚལ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་མདོ་དང་རྒྱས་པར་ཀུན་ཆུབ་པར་བགྱིའོ། །ཀུན་ཆུབ་པར་བགྱིས་ནས། ཚིག་གིས་ཤིན་ཏུ་གོམས་པར་བགྱིའོ། །ཚིག་གིས་ཤིན་ཏུ་གོམས་པར་བགྱིས་ནས། ཡིད་ཀྱིས་
རྟོགས་པར་བགྱིའོ། །དེ་འདི་ཅི་ནས་ཀྱང་སེམས་དང་སེམས་ལས་བྱུང་བའི་ཆོས་མྱི་རྒྱུ་བ་དེ་ལྟར་རྟོགས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མདོ་དང་རྒྱས་པར་བསྟན་པ་
Vol. 24 · folio 92a
འདི་དག་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་
ཀྱི་མདོ་དང་རྒྱས་པ་འཚལ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཚོར་བའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་
རྒྱས་པ་ཤེས་པར་འགྱུར་རོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རྣམ་པར་ཤེས་པའི་དེ་
བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །མྱིག་གི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རྣ་བའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་
པར་འགྱུར་རོ། །སྣའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ལྕེའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ལུས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་
དང་རྒྱས་པ་ཤེས་པར་འགྱུར་རོ། །ཡིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སྒྲའི་དེ་བཞིན་ཉིད་ཤེས་
ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དྲིའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རོའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རེག་གི་དེ་
Vol. 24 · folio 92b
བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཆོས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་
ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་
ཤེས་པར་འགྱུར་རོ། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །
ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པའི་དེ་
བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་
ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་
པར་འགྱུར་རོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་
Vol. 24 · folio 93a
ཤེས་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་
ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་
ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སའི་ཁམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །
མྱེའི་ཁམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ཤེས་ན།
ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །མ་རིག་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་
འགྱུར་རོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཤེས་
ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རེག་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་
Vol. 24 · folio 93b
འགྱུར་རོ། །ཚོར་བའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སྲེད་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ལེན་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་
དང་རྒྱས་པ་ཤེས་པར་འགྱུར་རོ། །སྲིད་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སྐྱེ་བའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རྒ་ཤིའི་དེ་བཞིན་ཉིད་ཤེས་ན།
ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་
མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་
པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་
རོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན།
ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་
Vol. 24 · folio 94a
ཤེས་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་
ཤེས་པར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །
ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་
ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་
ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན།
ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་
ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་
Vol. 24 · folio 94b
དང་རྒྱས་པ་ཤེས་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །
སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་
བརྒྱད་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་
ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན།
ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་
ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །མངོན་པར་ཤེས་པ་རྣམས་
ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་
Vol. 24 · folio 95a
ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན།
ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །བྱམས་པ་ཆེན་པོའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་
མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་
པར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །
ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ཤེས་
ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་
ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་
Vol. 24 · folio 95b
འགྱུར་བ་མྱི་དམྱིགས་པ་འདི་ནི་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་
ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི་ཚོར་བའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུ་
ཤེས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི་འདུ་ཤེས་ཀྱི་དེ་བཞིན་ཉིད་དོ། དེ་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུ་བྱེད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་
པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི་འདུ་བྱེད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་མྱིག་གི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་
Vol. 24 · folio 96a
དམྱིགས་པ་འདི་ནི་མྱིག་གི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣ་བའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི་རྣ་བའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་སྣའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི།
སྣའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ལྕེའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་
ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི་ལྕེའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ལུས་ཀྱི་
དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི་ལུས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཡིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་
Vol. 24 · folio 96b
གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི་ཡིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་སྒྲའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། སྒྲའི་
དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དྲིའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མི་
དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི་དྲིའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རོའི་དེ་བཞིན་ཉིད་ཇི་ལྟ་བུ་
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི་རོའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རེག་གི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་
Vol. 24 · folio 97a
འགྱུར་བ་མྱི་དམྱིགས་པ་འདི་ནི། རེག་གི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི་ཆོས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་
པ་འདི་ནི་མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་
ནི། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
Vol. 24 · folio 97b
པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་
འདི་ནི། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་
བྱའོ། །གསོལ་པ། བཅོམ་ལྡན་འདས་མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་
དམྱིགས་པ་འདི་ནི། མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་
Vol. 24 · folio 98a
པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་
གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་
གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་
Vol. 24 · folio 98b
གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་
དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་
ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་
བ་མྱི་དམྱིགས་པ་འདི་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་
ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ།
Vol. 24 · folio 99a
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་
པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་
དམྱིགས་པ་འདི་ནི། སའི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཆུའི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་
ལྡན་འདས་མྱེའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། མྱེའི་ཁམས་ཀྱི་དེ་
བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས།
Vol. 24 · folio 99b
འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ནམ་མཁའི་ཁམས་
ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས།
འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་
མ་རིག་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། མ་རིག་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུ་བྱེད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་
པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། འདུ་བྱེད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་
Vol. 24 · folio 100a
འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་
གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་རེག་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རེག་པའི་དེ་བཞིན་ཉིད་
དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས།
གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཚོར་བའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སྲེད་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་
Vol. 24 · folio 100b
བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། སྲིད་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ།
བཅོམ་ལྡན་འདས་ལེན་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་མ་སྐྱེས་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ལེན་པའི་དེ་བཞིན་ཉིད་དེ།
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སྲིད་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས།
གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། སྲིད་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སྐྱེ་བའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། སྐྱེ་བའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་
པ། བཅོམ་ལྡན་འདས་རྒ་ཤིའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རྒ་ཤིའི་དེ་བཞིན་ཉིད་དེ།
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས།
Vol. 24 · folio 101a
འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་
འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཚུལ་ཁྲིམས་ཀྱི་
ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་
གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་
ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་
Vol. 24 · folio 101b
ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་
ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཕྱི་
སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམིགས་པ་འདི་ནི། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་
མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་
བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་
Vol. 24 · folio 102a
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་
མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་
འདས་དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། དོན་དམ་པ་
སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་
དམྱིགས་པ་འདི་ནི། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་
Vol. 24 · folio 102b
ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས།
གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དོར་བ་མྱེད་པ་སྟོང་པ་
ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། །འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་
ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་
དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་
ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཆོས་ཐམས་ཅད་སྟོང་པ་ཉིད་
Vol. 24 · folio 103a
ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་
པ་འདི་ནི། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་
བ་མྱི་དམྱིགས་པ་འདི་ནི། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་
Vol. 24 · folio 103b
ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས།
གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་ཀྱི་དེ་
བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས།
འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དབང་
པོ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། དབང་པོ་རྣམས་ཀྱི་དེ་བཞིན་ཉིད་དེ།
Vol. 24 · folio 104a
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་
དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། སྟོབས་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་
ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། བྱང་ཆུབ་ཀྱི་ཡན་ལག་
རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་
པ་འདི་ནི། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
Vol. 24 · folio 104b
སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི།
ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་ཐར་པ་བརྒྱད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་
དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རྣམ་པར་ཐར་པ་བརྒྱད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། མཐར་
Vol. 24 · folio 105a
ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་
མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མི་དམྱིགས་པ་འདི་ནི། རྣམ་
པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་
ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་དེ།
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམིགས།
འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ཀྱི་
དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་
Vol. 24 · folio 105b
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས།
འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་
མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་
ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་
དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམིགས་པ་འདི་ནི། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་
འདས་བྱམས་པ་ཆེན་པོའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། བྱམས་པ་ཆེན་པོའི་དེ་
བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས།
Vol. 24 · folio 106a
འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །
གསོལ་པ། བཅོམ་ལྡན་འདས་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་
འདི་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
Vol. 24 · folio 106b
བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་
དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་
གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་
ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མྱི་དམྱིགས། འཇིག་པ་མྱི་དམྱིགས། གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་པ་འདི་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །ཡང་དག་པའི་མཐའ་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཡང་དག་པའི་མཐའ་གང་ལགས། བཅོམ་ལྡན་འདས་
Vol. 24 · folio 107a
ཀྱིས་བཀའ་སྩལ་པ། མཐའ་མྱེད་པ་ནི་ཡང་དག་པའི་མཐའ་སྟེ། མཐའ་འདི་དག་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཆོས་ཀྱི་དབྱིངས་
ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བརྒྱད་པ། །
གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱིངས་མྱེད་པ་ནི། ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་དེ་ལ་ཆད་པ་དང་། ཡོངས་སུ་ཆད་པ་མྱི་དམྱིགས་སོ། །ཆོས་ཀྱི་དབྱིངས་དེ་
ལྟར་ཤེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཅི་ནས་ཀྱང་ཆོས་ཐམས་ཅད་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པར་ཤེས་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ལྡན་པ་ཡང་མ་ལགས། མྱི་ལྡན་པ་ཡང་མ་ལགས་པའི་ཆོས་དེ་དག་ཀྱང་གང་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །འདུ་ཤེས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །འདུ་བྱེད་ལྡན་པ་
པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །མྱིག་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རྣ་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སྣ་ལྡན་པ་
Vol. 24 · folio 107b
ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ལྕེ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ལུས་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །ཡིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །གཟུགས་ལྡན་པ་ཡང་མ་ཡིན། མྱི་
ལྡན་པ་ཡང་མ་ཡིན་ནོ། །སྒྲ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །དྲི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རོ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རེག་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཆོས་
ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །མྱིག་གི་རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སྣའི་རྣམ་པར་ཤེས་པ་ལྡན་པ་ཡང་མ་
ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན།
མྱི་ལྡན་པ་ཡང་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་
ཡང་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །
མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྡན་པ་ཡང་མ་
Vol. 24 · folio 108a
ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །
ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སའི་ཁམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཆུའི་ཁམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །མྱེའི་ཁམས་ལྡན་པ་ཡང་
མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རླུང་གི་ཁམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ནམ་མཁའི་ཁམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་
ཡིན་ནོ། །མ་རིག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །འདུ་བྱེད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །མྱིང་དང་གཟུགས་ལྡན་པ་ཡང་མ་ཡིན།
མྱི་ལྡན་པ་ཡང་མ་ཡིན་ནོ། །སྐྱེ་མཆེད་དྲུག་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རེག་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཚོར་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སྲེད་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་
ཡང་མ་ཡིན་ནོ། །ལེན་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སྲིད་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སྐྱེ་བ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རྒ་ཤི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །
སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །
Vol. 24 · folio 108b
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་
ནོ། །ནང་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ལྡན་པ་ཡང་
མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་
ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་
མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རང་གི་
མཚན་ཉིད་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་
ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་
Vol. 24 · folio 109a
ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །དབང་པོ་རྣམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སྟོབས་རྣམས་ལྡན་པ་ཡང་
མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་ལྡན་པ་
ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །བསམ་གཏན་རྣམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཚད་མྱེད་པ་རྣམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལྡན་པ་ཡང་མ་
ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་
མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ།
གཟུངས་ཀྱི་སྒོ་རྣམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །མྱི་འཇིགས་པ་བཞི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སོ་སོ་
ཡང་དག་པར་རིག་པ་བཞི་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །བྱམས་པ་ཆེན་པོ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་
Vol. 24 · folio 109b
མ་འདྲེས་པ་བཅྭོ་བརྒྱད་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །
ཕྱིར་མི་འོང་བའི་འབྲས་བུ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །དགྲ་བཅོམ་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རང་བྱང་ཆུབ་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་
ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །འདུས་བྱས་ཀྱི་ཁམས་ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །འདུས་མ་བྱས་ཀྱི་ཁམས་
ལྡན་པ་ཡང་མ་ཡིན། མྱི་ལྡན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ལྡན་པ་འམ་མྱི་ལྡན་པར་འགྱུར་བ་དེ་ལྟ་བུའི་ངོ་བོ་ཉིད་མྱེད་དེ། གང་ངོ་བོ་ཉིད་མྱེད་པ་དེ་ནི། དངོས་པོ་མྱེད་པའོ། །དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པ་དང་ལྡན་པ་ཡང་
མ་ཡིན་མྱི་ལྡན་པ་ཡང་མ་ཡིན་ཏེ། དེ་ལྟར་ཆོས་ཐམས་ཅད་ཤེས་པར་བྱའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མདོར་བསྡུས་པ་སྟེ། མདོར་བསྡུས་པའི་ཕ་རོལད་ཏུ་ཕྱིན་པ་འདི་ལ་ལས་དང་པོ་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་བཅུ་པོ་དག་ལ་གནས་ཏེ། མདོར་བསྡུས་པ་ལ་བསླབ་པར་བྱའོ། །མདོར་བསྡུས་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི།
ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་རྣོན་པོས་རྟོགས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ནི་
Vol. 24 · folio 110a
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་ཞན་པས་ཀྱང་རྟོགས་པར་འགྱུར་བའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་འབྲིང་པོས་ཀྱང་རྟོགས་པར་འགྱུར་རོ། །འདི་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་མཉམ་པར་བཞག་པས་ཀྱང་རྟོགས་པར་འགྱུར་བ་སྟེ། འདི་ནི་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཀྱང་རྟོགས་པར་མྱི་འགྱུར་བ་མྱེད་དོ། །འདི་ནི་ལེ་ལོ་ཅན་
གྱིས་རྟོགས་པར་འགྱུར་བ་མ་ཡིན། བརྩོན་འགྲུས་ཞན་པས་རྟོགས་པར་འགྱུར་བ་མ་ཡིན། དྲན་པ་ཉམས་པས་རྟོགས་པར་འགྱུར་བ་མ་ཡིན། སེམས་འཁྲུགས་པས་རྟོགས་པར་འགྱུར་བ་མ་ཡིན་གྱི། འདི་ནི་བརྩོན་འགྲུས་བརྩམས་
པ། ལེ་ལོ་མྱེད་པ། དྲན་པ་ཉེ་བར་གནས་པས་རྟོགས་པར་འགྱུར་བའོ། །ཕྱིར་མྱི་ལྡོག་པའི་ས་ལ་སློབ་པར་འདོད་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་རྟོགས་པར་འགྱུར་བ་སྟེ། གལ་ཏེ་ཇི་སྐད་དུ་བསྟན་པའི་ཤེས་
རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སློབ་ཅིང་། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།
ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདུད་ཀྱི་ལས་ཅི་བྱུང་ཡང་རུང་སྟེ། དེ་དག་ཐམས་
ཅད་འབྱུང་བ་ཉིད་ཀྱི་ཚེ། རབ་ཏུ་སྤངས་བར་འགྱུར་རོ། །དེ་བས་ན་ཐབས་མཁས་པ་ཡོངས་སུ་གཟུང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་
Vol. 24 · folio 110b
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དེའི་ཚེ། འཇིག་རྟེན་གྱི་ཁམས་གྲངས་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་
ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་དགོངས་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལས་བྱུང་བ་ནི།
འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཆོས་གང་འདས་པ་དང་མ་
བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བརྙེས་པར་གྱུར་པ་དང་། བརྙེས་པ་དང་། བརྙེས་པར་འགྱུར་བའི་ཆོས་དེ་དག་བདག་གིས་ཀྱང་ཐོབ་པར་བྱའོ་སྙམ་དུ་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་ལྟར་བརྩོན་པར་བྱའོ། །དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་དེ་
བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་དང་མ་བྲལ་བར་བྱ་སྟེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་དེ་ལྟར་སྤྱོད་ན། ཆུང་ངུ་ན་
སེ་གོལ་གཏོགས་པ་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་གྱི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་
Vol. 24 · folio 111a
སྦྱིན་པས་ཡོངས་སུ་ཚིམ་པར་བྱས་པ་དང་། ཚུལ་ཁྲིམས་ལ་རབ་ཏུ་བཀོད་པ་དང་། ཏིང་ངེ་འཛིན་ལ་རབ་ཏུ་བཀོད་པ་དང་། ཤེས་རབ་ལ་རབ་ཏུ་བཀོད་པ་དང་། རྣམ་པར་གྲོལ་བ་ལ་རབ་ཏུ་བཀོད་པ་དང་། རྣམ་པར་གྲོལ་བའི་ཡེ་
ཤེས་མཐོང་བ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་།
རང་བྱང་ཆུབ་ལ་རབ་ཏུ་བཀོད་པས་ནི་མ་ཡིན་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སེ་གོལ་གཏོགས་པ་ཙམ་དུ་སྒོམ་པ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་།
ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ནི་འདི་ལས་བྱུང་བ་སྟེ། ཕྱོགས་བཅུའི་
འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་ཆོས་སྟོན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་གང་འདས་པ་དང་མ་བྱོན་པ་དང་། ད་ལྟར་
བྱུང་བ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བྱུང་ངོ་། རབ་འབྱོར་གཞན་ཡང་གང་སྐད་འགའ་འམ། ཉིན་འགའ་འམ། ཉི་མ་བརྒྱ་འམ། ལོ་འགའ་འམ། ལོ་བརྒྱ་འམ། བསྐལ་པ་འགའ་འམ། བསྐལ་པ་བརྒྱ་ནས་བསྐལ་པ་
གྲངས་མྱེད་པ་བརྒྱའི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམྱིགས་པའི་ཡིད་ལ་བྱ་བས་སྒོམ་པ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་གྱི། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་
Vol. 24 · folio 111b
ཅན་གང་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་སྦྱིན་པ་ལ་རབ་ཏུ་བཀོད་པ་དང་། ཚུལ་ཁྲིམས་ལ་རབ་ཏུ་བཀོད་པ་དང་། ཏིང་ངེ་འཛིན་ལ་རབ་ཏུ་བཀོད་པ་དང་། ཤེས་རབ་ལ་རབ་ཏུ་བཀོད་པ་དང་། རྣམ་པར་གྲོལ་བ་ལ་རབ་ཏུ་བཀོད་པ་དང་། རྣམ་པར་གྲོལ་བའི་ཡེ་
ཤེས་མཐོང་བ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་།
རང་བྱང་ཆུབ་ལ་རབ་ཏུ་བཀོད་པས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བསྟན་པ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བསྟན་པ་དང་། བསྒོམ་པ་ལས་བྱུང་བའི་བསོད་
ནམས་བྱ་བའི་དངོས་པོ་བསྟན་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་བསྟན་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསྟན་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་བསྟན་པ་དང་། དགྲ་བཅོམ་པ་ཉིད་བསྟན་པ་དང་། རང་བྱང་ཆུབ་བསྟན་པའི་སངས་རྒྱས་
བཅོམ་ལྡན་འདས་དེ་དག་ཀྱང་འདི་ལས་བྱུང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་
ཐབས་མཁས་པ་འདི་དང་ལྡན་པ་དེ་ནི། དེ་བཞིན་གཤེགས་པས་དགོངས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བསྙེན་བཀུར་བར་རིག་པར་བྱའོ། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་དགེ་བའི་རྩ་བ་བསྐྱེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕ་རོལ་ཏུ་ཕྱིན་པ་
Vol. 24 · folio 112a
དྲུག་ལ་སྤྱད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྟོང་པ་ཉིད་བཅུ་བཞི་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་
བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡང་དག་པར་སྤོང་བ་བཞི་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསྒོམས་པར་རིག་
པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དབང་པོ་རྣམས་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྟོབས་རྣམས་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་འཕགས་པའི་བདེན་པ་རྣམས་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསམ་གཏན་རྣམས་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ནི་ཚད་མྱེད་པ་རྣམས་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ནི་རྣམ་པར་ཐར་པ་རྣམས་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་
Vol. 24 · folio 112b
དཔའ་ཆེན་པོ་དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མངོན་པར་ཤེས་པ་རྣམས་ལ་བསྒོམས་པར་རིག་པར་བྱའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཏིང་ངེ་འཛིན་རྣམས་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུངས་ཀྱི་སྒོ་རྣམས་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱི་འཇིགས་པ་བཞི་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་དེ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མངོན་པར་ཤེས་པ་དྲུག་དང་ལྡན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཞོན་ནུར་གྱུར་
པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསམ་པ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་མཐོང་བ་དང་མྱི་འབྲལ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་དགེ་བའི་རྩ་བ་དང་མི་འབྲལ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་ཀྱི་ཞིང་དང་མྱི་འབྲལ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྤོབས་པ་མྱི་
ཆོད་པ་དང་ལྡན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུངས་རབ་ཏུ་ཐོབ་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་ཡོངས་སུ་རྫོགས་པར་རིག་པར་བྱའོ། །བྱང་ཆུབ་
Vol. 24 · folio 113a
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུང་བསྟན་པ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆེད་དུ་བསམས་ཤིང་སྲིད་པ་འདོད་པར་རིག་པར་བྱའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པར་རྟོགས་པར་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུང་བསྟན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡི་གེ་
མྱེད་པ་རྟོགས་པར་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བརྗོད་པ་ལ་མཁས་
པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བརྗོད་པ་མྱེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཅིག་གི་ལྷག་པའི་ཚིག་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་གཉིས་ཀྱི་ལྷག་པའི་ཚིག་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མང་པོའི་ལྷག་པའི་ཚིག་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བུད་མེད་
ཀྱི་ལྷག་པའི་ཚིག་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྐྱེས་པའི་ལྷག་པའི་ཚིག་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མ་ནིང་གི་ལྷག་པའི་ཚིག་ལ་མཁས་པར་རིག་པར་བྱའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
Vol. 24 · folio 113b
ཆེན་པོ་དེ་ནི་ཚོར་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུ་ཤེས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུ་བྱེད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པར་ཤེས་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱིག་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣ་བ་ལ་མཁས་པར་རིག་པར་
བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྣ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྕེ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུས་ལ་མཁས་པར་
རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྒྲ་ལ་
མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དྲི་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རོ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་
རེག་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆོས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱིག་གི་རྣམ་པར་ཤེས་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣ་བའི་རྣམ་པར་ཤེས་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྣའི་རྣམ་པར་ཤེས་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྕེའི་རྣམ་
Vol. 24 · folio 114a
པར་ཤེས་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུས་ཀྱི་རྣམ་པར་ཤེས་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་མཁས་
པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱིག་གི་འདུས་ཏེ་རེག་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣ་བའི་འདུས་ཏེ་རེག་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་སྣའི་འདུས་ཏེ་རེག་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྕེའི་འདུས་ཏེ་རེག་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུས་ཀྱི་འདུས་ཏེ་རེག་
པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མཁས་པར་རིག་པར་བྱའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སའི་ཁམས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
Vol. 24 · folio 114b
ཆེན་པོ་དེ་ནི་ཆུའི་ཁམས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱེའི་ཁམས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རླུང་གི་ཁམས་ལ་མཁས་པར་རིག་པར་བྱའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ནམ་མཁའི་ཁམས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པར་ཤེས་པའི་ཁམས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ནི་མ་རིག་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུ་བྱེད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པར་ཤེས་པ་ལ་མཁས་པར་རིག་པར་བྱའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱིང་དང་གཟུགས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྐྱེ་མཆེད་དྲུག་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་
ནི་རེག་པ་ལ་མཁས་པར་རིག་པར་བྱའོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཚོར་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྲེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་ལེན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྲིད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྐྱེ་བ་ལ་མཁས་པར་རིག་པར་བྱའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྒ་ཤི་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ནི་
Vol. 24 · folio 115a
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཁས་པར་
རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་དེ་ནི་ནང་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱི་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱི་ནང་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆེན་པོ་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དོན་དམ་པ་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུས་བྱས་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མཐའ་ལས་
འདས་པ་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དོར་བ་མྱེད་པ་སྟོང་པ་ཉིད་ལ་མཁས་པར་རིག་
པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རང་བཞིན་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་
Vol. 24 · folio 115b
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱི་དམྱིགས་པ་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེ་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དངོས་པོ་མྱེད་པའི་ངོ་བོ་
ཉིད་སྟོང་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དྲན་པ་ཉེ་བར་གཞག་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡང་དག་པར་སྤོང་བ་ལ་མཁས་པར་རིག་པར་
བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྫུ་འཕྲུལ་གྱི་རྐང་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དབང་པོ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དེ་ནི་སྟོབས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་ཀྱི་ཡན་ལག་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མཁས་
པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འཕགས་པའི་བདེན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསམ་གཏན་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཚད་མྱེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
Vol. 24 · folio 116a
ཆེན་པོ་དེ་ནི་རྣམ་པར་ཐར་པ་བརྒྱད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མངོན་པར་ཤེས་པ་ལ་མཁས་པར་རིག་པར་བྱའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཏིང་ངེ་འཛིན་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུངས་ཀྱི་སྒོ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་
གཤེགས་པའི་སྟོབས་བཅུ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱི་འཇིགས་པ་བཞི་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ལ་
མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱམས་པ་ཆེན་པོ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྙིང་རྗེ་ཆེན་པོ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མྱི་འོང་བའི་འབྲས་བུ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དགྲ་བཅོམ་པ་
Vol. 24 · folio 116b
ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རང་བྱང་ཆུབ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མཁས་པར་རིག་པར་བྱའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱ་ངན་ལས་འདས་པའི་བར་དུ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་
འདུས་མ་བྱས་ཀྱི་མཚན་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དངོས་པོ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དངོས་པོ་མྱེད་པ་ལ་མཁས་པར་རིག་པར་བྱའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བདག་གི་དངོས་པོ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཞན་གྱི་དངོས་པོ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་
འདུ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འབྲལ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུ་བ་དང་འབྲལ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྡན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱི་ལྡན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྡན་པ་དང་མྱི་ལྡན་པ་
Vol. 24 · folio 117a
ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་
ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མ་ནོར་བ་དེ་བཞིན་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ལ་མཁས་པར་རིག་པར་
བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆོས་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆོས་ཀྱི་དབྱིངས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་
ཆོས་ཀྱི་གནས་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆོས་སྐྱོན་མྱེད་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡང་དག་པའི་མཐའ་ལ་མཁས་པར་རིག་
པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྒྱུ་དང་རྐྱེན་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་རྐྱེན་མྱེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུས་བྱས་ཀྱི་ཁམས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུས་མ་བྱས་ཀྱི་ཁམས་ལ་
མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཁམས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཁམས་མྱེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་
Vol. 24 · folio 117b
སེམས་དཔའ་ཆེན་པོ་དེ་ནི་གཟུགས་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཚོར་བ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུ་ཤེས་ཡིད་
ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུ་བྱེད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་
པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱིག་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣ་བ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་སྣ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྕེ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུས་ཡིད་ལ་མྱི་
བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་
བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྒྲ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དྲི་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེ་ནི་རོ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རེག་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆོས་ཡིད་ལ་མྱི་བྱ་བ་ལ་
Vol. 24 · folio 118a
མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱིག་གི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣ་
བའི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྣའི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དེ་ནི་ལྕེའི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུས་ཀྱི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱིག་གི་འདུས་ཏེ་རེག་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དེ་ནི་རྣ་བའི་འདུས་ཏེ་རེག་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྣའི་འདུས་ཏེ་རེག་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྕེའི་
འདུས་ཏེ་རེག་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡིད་ཀྱི་
འདུས་ཏེ་རེག་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
Vol. 24 · folio 118b
པོ་དེ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་
བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སའི་ཁམས་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆུའི་ཁམས་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱེའི་ཁམས་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་རླུང་གི་ཁམས་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ནམ་མཁའི་ཁམས་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ནི་རྣམ་པར་ཤེས་པའི་ཁམས་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མ་རིག་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེ་ནི་འདུ་བྱེད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱིང་དང་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words