ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 24 · folio 119a

གཟུགས་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྐྱེ་མཆེད་དྲུག་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་

རེག་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཚོར་བ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྲེད་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་

རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལེན་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྲིད་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་ནི་སྐྱེ་བ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྒ་ཤི་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་

Vol. 24 · folio 119b

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ནང་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱི་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ནི་ཕྱི་ནང་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་དེ་ནི་ཆེན་པོ་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དོན་དམ་པ་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

དེ་ནི་འདུས་བྱས་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རང་བཞིན་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་

Vol. 24 · folio 120a

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མི་དམྱིགས་པ་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་

པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བྱ་བ་ལ་

མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དྲན་པ་ཉེ་བར་གཞག་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡང་དག་པར་སྤོང་བ་ཡིད་ལ་མྱི་བྱ་བ་ལ་མཁས་

པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྫུ་འཕྲུལ་གྱི་རྐང་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དབང་པོ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྟོབས་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་ཀྱི་ཡན་ལག་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འཕགས་པའི་བདེན་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསམ་གཏན་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཚད་མྱེད་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་

Vol. 24 · folio 120b

དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པར་ཐར་པ་བརྒྱད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

མ་མྱེད་པ་དང་། སྨོན་པ་མྱེད་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མངོན་པར་ཤེས་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

དེ་ནི་ཏིང་ངེ་འཛིན་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུངས་ཀྱི་སྒོ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་

གཤེགས་པའི་སྟོབས་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱི་འཇིགས་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སོ་སོ་

ཡང་དག་པར་རིག་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱམས་པ་ཆེན་པོ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྙིང་རྗེ་

ཆེན་པོ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྒྱུན་ཏུ་

Vol. 24 · folio 121a

ཞུགས་པའི་འབྲས་བུ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མྱི་འོང་བའི་འབྲས་བུ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དགྲ་བཅོམ་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ནི་རང་བྱང་ཆུབ་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མྱི་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ནི་ཚོར་བ་ཚོར་བས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུ་ཤེས་འདུ་ཤེས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དེ་ནི་འདུ་བྱེད་འདུ་བྱེད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ནི་མྱིག་མྱིག་གིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣ་བ་རྣ་བས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྣ་སྣས་

Vol. 24 · folio 121b

སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྕེ་ལྕེས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུས་ལུས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་

མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཡིད་ཡིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་

པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྒྲ་སྒྲས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དྲི་དྲིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རོ་རོས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རེག་རེག་གིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ནི་ཆོས་ཆོས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱིག་གི་རྣམ་པར་ཤེས་པ་མྱིག་གི་རྣམ་པར་ཤེས་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣ་བའི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྣའི་རྣམ་པར་ཤེས་པ་སྣའི་རྣམ་པར་ཤེས་པས་སྟོང་ངོ་

ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྕེའི་རྣམ་པར་ཤེས་པ་ལྕེའི་རྣམ་པར་ཤེས་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་

Vol. 24 · folio 122a

ནི་ལུས་ཀྱི་རྣམ་པར་ཤེས་པ་ལུས་ཀྱི་རྣམ་པར་ཤེས་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་ངོ་ཞེས་བྱ་

བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མྱིག་གི་འདུས་ཏེ་རེག་པ་མྱིག་གི་འདུས་ཏེ་རེག་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི།

རྣ་བའི་འདུས་ཏེ་རེག་པ་རྣ་བའི་འདུས་ཏེ་རེག་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྣའི་འདུས་ཏེ་རེག་པ་སྣའི་འདུས་ཏེ་རེག་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལྕེའི་འདུས་ཏེ་རེག་པ་ལྕེའི་འདུས་ཏེ་རེག་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པ་ལུས་ཀྱི་འདུས་ཏེ་

རེག་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རྣ་བའི་འདུས་ཏེ་རེག་

པའི་རྐྱེན་ཀྱིས་ཚོར་བ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

Vol. 24 · folio 122b

ཚོར་བས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི།

ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སའི་ཁམས་སའི་ཁམས་ཀྱིས་སྟོང་ངོ་ཞེས་བྱ་བ་

ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཆུའི་ཁམས་ཆུའི་ཁམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མྱེའི་ཁམས་

མེའི་ཁམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རླུང་གི་ཁམས་རླུང་གི་ཁམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་ནི། ནམ་མཁའི་ཁམས་ནམ་མཁའི་ཁམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རྣམ་པར་ཤེས་པའི་ཁམས་རྣམ་པར་ཤེས་པའི་ཁམས་

ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མ་རིག་པ་མ་རིག་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འདུ་བྱེད་འདུ་

Vol. 24 · folio 123a

བྱེད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མྱིང་དང་གཟུགས་མྱིང་དང་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྐྱེ་མཆེད་དྲུག་སྐྱེ་མཆེད་དྲུག་གིས་སྟོང་ངོ་ཞེས་བྱ་བ་ལ་

མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རེག་པ་རེག་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཚོར་བ་ཚོར་བས་སྟོང་ངོ་ཞེས་བྱ་བ་ལ་མཁས་

པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྲེད་པ་སྲེད་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལེན་པ་ལེན་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་

པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྲིད་པ་སྲིད་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྐྱེ་བ་སྐྱེ་བས་སྟོང་ངོ་ཞེས་བྱ་བ་ལ་མཁས་

པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རྒ་ཤི་རྒ་ཤིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པའི་ཕ་

རོལ་ཏུ་ཕྱིན་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་

Vol. 24 · folio 123b

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྩོན་འགྲུས་ཀྱི་ཕ་

རོལ་ཏུ་ཕྱིན་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་

མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཕྱི་སྟོང་པ་ཉིད་ཕྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཕྱི་ནང་སྟོང་པ་ཉིད་ཕྱི་ནང་སྟོང་

པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ནི། ཆེན་པོ་སྟོང་པ་ཉིད་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དོན་དམ་པ་སྟོང་པ་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་

རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འདུས་བྱས་སྟོང་པ་ཉིད་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འདུས་མ་བྱས་སྟོང་པ་ཉིད་

Vol. 24 · folio 124a

འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་

པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

དེ་ནི། དོར་བ་མྱེད་པ་སྟོང་པ་ཉིད་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རང་བཞིན་སྟོང་པ་ཉིད་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་

པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རང་གི་མཚན་

ཉིད་སྟོང་པ་ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་

རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དངོས་པོ་མེད་པ་སྟོང་པ་ཉིད་དངོས་པོ་མེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ངོ་བོ་

ཉིད་སྟོང་པ་ཉིད་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་

Vol. 24 · folio 124b

ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི།

ཡང་དག་པར་སྤོང་བ་རྣམས་ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་

པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དབང་པོ་རྣམས་དབང་པོ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྟོབས་རྣམས་སྟོབས་རྣམས་

ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འཕགས་པའི་བདེན་པ་རྣམས་འཕགས་

པའི་བདེན་པ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བསམ་གཏན་རྣམས་བསམ་གཏན་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་ནི། ཚད་མྱེད་པ་རྣམས་ཚད་མྱེད་པ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གཟུགས་མྱེད་པའི་

Vol. 24 · folio 125a

སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རྣམ་པར་ཐར་པ་བརྒྱད་རྣམ་པར་ཐར་པ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་

ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དེ་ནི། མངོན་པར་ཤེས་པ་རྣམས་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཏིང་ངེ་འཛིན་རྣམས་ཏིང་ངེ་འཛིན་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་

བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དེ་བཞིན་གཤེགས་

པའི་སྟོབས་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མྱི་འཇིགས་པ་བཞི་མྱི་འཇིགས་པ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དེ་ནི། སོ་སོ་ཡང་དག་པར་རིག་པ་བཞི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱམས་པ་ཆེན་པོ་བྱམས་པ་ཆེན་པོས་སྟོང་ངོ་ཞེས་བྱ་བ་ལ་མཁས་

Vol. 24 · folio 125b

པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྙིང་རྗེ་ཆེན་པོ་སྙིང་རྗེ་ཆེན་པོས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་རྒྱུན་ཏུ་ཞུགས་པའི་འབྲས་བུས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལན་ཅིག་ཕྱིར་འོང་བའི་འབྲས་བུས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཕྱིར་མྱི་འོང་བའི་འབྲས་བུ་

ཕྱིར་མྱི་འོང་བའི་འབྲས་བུས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དགྲ་བཅོམ་པ་ཉིད་དགྲ་བཅོམ་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ནི། རང་བྱང་ཆུབ་རང་བྱང་ཆུབ་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བྱང་ཆུབ་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རབ་ཏུ་སྦྱངས་པའི་ལམ་ལ་མཁས་

པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རབ་ཏུ་མ་སྦྱངས་པའི་ལམ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྐྱེ་བ་དང་འགག་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་

Vol. 24 · folio 126a

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། གནས་པ་ལས་གཞན་དུ་འགྱུར་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འདོད་ཆགས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་ནི། ཞེ་སྡང་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། གཏི་མུག་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འདོད་ཆགས་མྱེད་པ་ལ་

མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཞེ་སྡང་མྱེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། གཏི་མུག་མྱེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལྟ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལྟ་བ་མྱེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལོག་པར་ལྟ་བ་

ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལོག་པར་ལྟ་བ་མྱེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བདག་ཏུ་ལྟ་བ་ལ་མཁས་པར་རིག་པར་བྱའོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སེམས་ཅན་དུ་ལྟ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྲོག་ཏུ་ལྟ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི།

གསོ་བར་ལྟ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྐྱེས་བུར་ལྟ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། གང་ཟག་ཏུ་ལྟ་བ་ལ་མཁས་པར་རིག་པར་བྱའོ།

Vol. 24 · folio 126b

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེད་ཅན་དུ་ལྟ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེད་བདག་ཏུ་ལྟ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དེ་ནི། བྱེད་པ་པོར་ལྟ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱེད་དུ་འཇུག་པ་པོར་ལྟ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སློང་བ་པར་

ལྟ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཀུན་ནས་སློང་བ་པོར་ལྟ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་པ་པོར་ལྟ་བ་ལ་མཁས་པར་རིག་

པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མཐོང་བ་པོར་ལྟ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལྟ་བ་ཐམས་ཅད་ཀྱི་བར་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་ནི། མྱིང་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མྱིང་དང་གཟུགས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དམྱིགས་པ་ལ་

མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བདག་པོ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རྣམ་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་ནི། མཚན་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྡུག་བསྔལ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཀུན་འབྱུང་བ་

Vol. 24 · folio 127a

ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འགོག་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལམ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སེམས་ཅན་དམྱལ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སེམས་ཅན་དམྱལ་བའི་ལམ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དེ་ནི། བྱོལ་སོང་གི་སྐྱེ་གནས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི།

གཤིན་རྗེའི་འཇིག་རྟེན་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། གཤིན་རྗེའི་འཇིག་རྟེན་གྱི་ལམ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མྱི་ལ་མཁས་

པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མྱིའི་ལམ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མྱི་མ་ཡིན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་ནི། མྱི་མ་ཡིན་པའི་ལམ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལྷ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི།

ལྷའི་ལམ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་

Vol. 24 · folio 127b

ལམ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་

བུའི་ལམ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཕྱིར་མི་འོང་བའི་འབྲས་བུ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཕྱིར་མྱི་འོང་བའི་འབྲས་བུའི་ལམ་ལ་

མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དགྲ་བཅོམ་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དགྲ་བཅོམ་པ་ཉིད་ཀྱི་ལམ་ལ་མཁས་པར་རིག་པར་

བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རང་བྱང་ཆུབ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རང་བྱང་ཆུབ་ཀྱི་ལམ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ལམ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་མཁས་པར་རེག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དེ་ནི། དབང་པོ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དབང་པོ་ཡོངས་སུ་རྫོགས་པར་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་མྱུར་བ་ལ་མཁས་པར་

Vol. 24 · folio 128a

རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་རྣོན་པོ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་མགྱོགས་པ་ལ་མཁས་

པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ངེས་པར་འབྱེད་པའི་ཤེས་རབ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཡངས་པའི་ཤེས་རབ་ལ་མཁས་པར་

རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མྱི་མཉམ་པ་དང་མཉམ་པའི་ཤེས་རབ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འདས་པའི་དུས་ལ་མཁས་པར་རིག་པར་

བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མ་འོངས་པའི་དུས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ད་ལྟར་བྱུང་བའི་དུས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་ནི། ཐབས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སེམས་ཅན་གྱི་བསམ་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི།

བསམ་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ལྷག་པའི་བསམ་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དོན་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཡི་གེ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཐེག་པ་གསུམ་རྣམ་པར་དགོད་པ་ལ་མཁས་པར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་

Vol. 24 · folio 128b

སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེ་ལ་ལེགས་པ་འདི་དག་ཡོད་པར་རིག་པར་བྱའོ།། །།

ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བསྒྲུབ་

པར་བགྱི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཞི་བ་དང་། གཟུགས་རག་ལས་པ་དང་། གཟུགས་གསོག་དང་། གཟུགས་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་

པར་བྱའོ། །ཚོར་བ་ཞི་བ་དང་། ཚོར་བ་རག་ལས་པ་དང་། ཚོར་བ་གསོག་དང་། ཚོར་བ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །འདུ་ཤེས་ཞི་བ་དང་། འདུ་ཤེས་རག་ལས་པ་དང་། འདུ་ཤེས་གསོག་དང་། འདུ་ཤེས་

སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །འདུ་བྱེད་ཞི་བ་དང་། འདུ་བྱེད་རག་ལས་པ་དང་། འདུ་བྱེད་གསོག་དང་། འདུ་བྱེད་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རྣམ་པར་ཤེས་པ་ཞི་བ་

དང་། རྣམ་པར་ཤེས་པ་རག་ལས་པ་དང་། རྣམ་པར་ཤེས་པ་གསོག་དང་། རྣམ་པར་ཤེས་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །མྱིག་ཞི་བ་དང་། མྱིག་རག་ལས་པ་དང་། མྱིག་གསོག་དང་། མྱིག་སྙིང་པོ་མྱེད་པས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རྣ་བ་ཞི་བ་དང་། རྣ་བ་རག་ལས་པ་དང་། རྣ་བ་གསོག་དང་། རྣ་བ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྣ་ཞི་བ་དང་། སྣ་རག་ལས་པ་དང་། སྣ་གསོག་དང་། སྣ་སྙིང་པོ་མྱེད་པས་

Vol. 24 · folio 129a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ལྕེ་ཞི་བ་དང་། ལྕེ་རག་ལས་པ་དང་། ལྕེ་གསོག་དང་། ལྕེ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ལུས་ཞི་བ་དང་། ལུས་རག་ལས་པ་དང་། ལུས་

གསོག་དང་། ལུས་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཡིད་ཞི་བ་དང་། ཡིད་རག་ལས་པ་དང་། ཡིད་གསོག་དང་། ཡིད་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གཟུགས་ཞི་བ་དང་། གཟུགས་རག་

ལས་པ་དང་། གཟུགས་གསོག་དང་། གཟུགས་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྒྲ་ཞི་བ་དང་། སྒྲ་རག་ལས་པ་དང་། སྒྲ་གསོག་དང་། སྒྲ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །དྲི་ཞི་བ་དང་། དྲི་

རག་ལས་པ་དང་། དྲི་གསོག་དང་། དྲི་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རོ་ཞི་བ་དང་། རོ་རག་ལས་པ་དང་། རོ་གསོག་དང་། རོ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རེག་ཞི་བ་དང་།

རེག་རག་ལས་པ་དང་། རེག་གསོག་དང་། རེག་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཆོས་ཞི་བ་དང་། ཆོས་རག་ལས་པ་དང་། ཆོས་གསོག་དང་། ཆོས་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །མྱིག་

གི་རྣམ་པར་ཤེས་པ་ཞི་བ་དང་། མྱིག་གི་རྣམ་པར་ཤེས་པ་རག་ལས་པ་དང་། མྱིག་གི་རྣམ་པར་ཤེས་པ་གསོག་དང་། མྱིག་གི་རྣམ་པར་ཤེས་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་ཞི་བ་དང་། རྣ་བའི་

རྣམ་པར་ཤེས་པ་རག་ལས་པ་དང་། རྣ་བའི་རྣམ་པར་ཤེས་པ་གསོག་དང་། རྣ་བའི་རྣམ་པར་ཤེས་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྣའི་རྣམ་པར་ཤེས་པ་ཞི་བ་དང་། སྣའི་རྣམ་པར་ཤེས་པ་རག་ལས་པ་དང་། སྣའི་རྣམ་

Vol. 24 · folio 129b

པར་ཤེས་པ་གསོག་དང་། སྣའི་རྣམ་པར་ཤེས་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་ཞི་བ་དང་། ལྕེའི་རྣམ་པར་ཤེས་པ་རག་ལས་པ་དང་། ལྕེའི་རྣམ་པར་ཤེས་པ་གསོག་དང་།

ལྕེའི་རྣམ་པར་ཤེས་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་ཞི་བ་དང་། ལུས་ཀྱི་རྣམ་པར་ཤེས་པ་རག་ལས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་གསོག་དང་། ལུས་ཀྱི་རྣམ་པར་ཤེས་

པ་སྙིང་པོ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཞི་བ་དང་། ཡིད་ཀྱི་རྣམ་པར་ཤེས་པ་རག་ལས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གསོག་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྙིང་པོ་མྱེད་པས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །མྱིག་གི་འདུས་ཏེ་རེག་པ་ཞི་བ་དང་། མྱིག་གི་འདུས་ཏེ་རེག་པ་རག་ལས་པ་དང་། མྱིག་གི་འདུས་ཏེ་རེག་པ་གསོག་དང་། མྱིག་གི་འདུས་ཏེ་རེག་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་

པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་ཞི་བ་དང་། རྣ་བའི་འདུས་ཏེ་རེག་པ་རག་ལས་པ་དང་། རྣ་བའི་འདུས་ཏེ་རེག་པ་གསོག་དང་། རྣ་བའི་འདུས་ཏེ་རེག་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྣའི་འདུས་ཏེ་རེག་

པ་ཞི་བ་དང་། སྣའི་འདུས་ཏེ་རེག་པ་རག་ལས་པ་དང་། སྣའི་འདུས་ཏེ་རེག་པ་གསོག་དང་། སྣའི་འདུས་ཏེ་རེག་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་ཞི་བ་དང་། ལྕེའི་འདུས་ཏེ་རེག་པ་

རག་ལས་པ་དང་། ལྕེའི་འདུས་ཏེ་རེག་པ་གསོག་དང་། ལྕེའི་འདུས་ཏེ་རེག་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་ཞི་བ་དང་། ལུས་ཀྱི་འདུས་ཏེ་རེག་པ་རག་ལས་པ་དང་། ལུས་ཀྱི་འདུས་ཏེ་

Vol. 24 · folio 130a

རེག་པ་གསོག་དང་། ལུས་ཀྱི་འདུས་ཏེ་རེག་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཞི་བ་དང་། ཡིད་ཀྱི་འདུས་ཏེ་རེག་པ་རག་ལས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་

གསོག་དང་། ཡིད་ཀྱི་འདུས་ཏེ་རེག་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་བ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རག་ལས་པ་དང་། མྱིག་གི་འདུས་ཏེ་རེག་

པའི་རྐྱེན་ཀྱིས་ཚོར་བ་གསོག་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རག་ལས་

པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གསོག་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་བ་དང་། སྣའི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བ་རག་ལས་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གསོག་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་བ་དང་།

ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རག་ལས་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གསོག་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་

པའི་རྐྱེན་ཀྱིས་ཚོར་བ་ཞི་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རག་ལས་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གསོག་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

Vol. 24 · folio 130b

ལ་སྤྱད་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རག་ལས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གསོག་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྙིང་པོ་མྱེད་པས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སའི་ཁམས་ཞི་བ་དང་། སའི་ཁམས་རག་ལས་པ་དང་། སའི་ཁམས་གསོག་དང་། སའི་ཁམས་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཆུའི་ཁམས་ཞི་བ་དང་། ཆུའི་ཁམས་རག་

ལས་པ་དང་། ཆུའི་ཁམས་གསོག་དང་། ཆུའི་ཁམས་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །མྱེའི་ཁམས་ཞི་བ་དང་། མྱེའི་ཁམས་རག་ལས་པ་དང་། མྱེའི་ཁམས་གསོག་དང་། མྱེའི་ཁམས་སྙིང་པོ་མྱེད་པས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རླུང་གི་ཁམས་ཞི་བ་དང་། རླུང་གི་ཁམས་རག་ལས་པ་དང་། རླུང་གི་ཁམས་གསོག་དང་། རླུང་གི་ཁམས་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ནམ་མཁའི་ཁམས་ཞི་བ་དང་།

ནམ་མཁའི་ཁམས་རག་ལས་པ་དང་། ནམ་མཁའི་ཁམས་གསོག་དང་། ནམ་མཁའི་ཁམས་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རྣམ་པར་ཤེས་པའི་ཁམས་ཞི་བ་དང་། རྣམ་པར་ཤེས་པའི་ཁམས་རག་ལས་པ་དང་།

རྣམ་པར་ཤེས་པའི་ཁམས་གསོག་དང་། རྣམ་པར་ཤེས་པའི་ཁམས་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །མ་རིག་པ་ཞི་བ་དང་། མ་རིག་པ་རག་ལས་པ་དང་། མ་རིག་པ་གསོག་དང་། མ་རིག་པ་སྙིང་པོ་མྱེད་པས་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །འདུ་བྱེད་ཞི་བ་དང་། འདུ་བྱེད་རག་ལས་པ་དང་། འདུ་བྱེད་གསོག་དང་། འདུ་བྱེད་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རྣམ་པར་ཤེས་པ་ཞི་བ་དང་། རྣམ་པར་ཤེས་

Vol. 24 · folio 131a

པ་རག་ལས་པ་དང་། རྣམ་པར་ཤེས་པ་གསོག་དང་། རྣམ་པར་ཤེས་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །མྱིང་དང་གཟུགས་ཞི་བ་དང་། མྱིང་དང་གཟུགས་རག་ལས་པ་དང་། མྱིང་དང་གཟུགས་

གསོག་དང་། མྱིང་དང་གཟུགས་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྐྱེ་མཆེད་དྲུག་ཞི་བ་དང་། སྐྱེ་མཆེད་དྲུག་རག་ལས་པ་དང་། སྐྱེ་མཆེད་དྲུག་གསོག་དང་། སྐྱེ་མཆེད་དྲུག་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱད་པར་བྱའོ། །རེག་པ་ཞི་བ་དང་། རེག་པ་རག་ལས་པ་དང་། རེག་པ་གསོག་དང་། རེག་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཚོར་བ་ཞི་བ་དང་། ཚོར་བ་རག་ལས་པ་དང་། ཚོར་བ་གསོག་དང་། ཚོར་བ་སྙིང་

པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྲེད་པ་ཞི་བ་དང་། སྲེད་པ་རག་ལས་པ་དང་། སྲེད་པ་གསོག་དང་། སྲེད་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ལེན་པ་ཞི་བ་དང་། ལེན་པ་རག་ལས་

པ་དང་། ཕེན་པ་གསོག་དང་། ལེན་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྲིད་པ་ཞི་བ་དང་། སྲིད་པ་རག་ལས་པ་དང་། སྲིད་པ་གསོག་དང་། སྲིད་པ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་

བྱའོ། །སྐྱེ་བ་ཞི་བ་དང་། སྐྱེ་བ་རག་ལས་པ་དང་། སྐྱེ་བ་གསོག་དང་། སྐྱེ་བ་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རྒ་ཤི་ཞི་བ་དང་། རྒ་ཤི་རག་ལས་པ་དང་། རྒ་ཤི་གསོག་དང་། རྒ་ཤི་སྙིང་པོ་མྱེད་པས་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གང་ཡང་འདི་སྐད་དུ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་ཞེས་ཟེར་བ་ནི། ནམ་མཁའ་སྟོང་པ་ཉིད་མངོན་པར་བསྒྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །

Vol. 24 · folio 131b

གང་ཡང་འདི་སྐད་དུ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་ཞེས་ཟེར་བ་ནི། ནམ་མཁའ་སྟོང་པ་ཉིད་དུ་བསྒོམ་པ་རྣམ་པར་བསྒོམས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོ་ཇི་སྲིད་ཅིག་ཏུ་སྤྱད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ།

སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བ་ཡིན་ཏེ། དེ་ལྟར་མངོན་པར་བསྒྲུབ་པར་བྱའོ། །བསྒོམ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སེམས་ཀྱི་རྒྱུན་མ་ཆད་པ་དང་། མ་བྲལ་བར་སྤྱད་

པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་ལ་བྱ་བ་གཞན་གྱི་གོ་སྐབས་མྱི་འབྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མྱི་དོར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱད་པར་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་སྟེ། ཅི་ནས་ཀྱང་སེམས་དང་སེམས་ལས་བྱུང་བའི་ཆོས་མྱི་རྒྱུ་བ་དེ་ལྟར་སྤྱད་པར་བྱའོ། །དེ་ལྟར་མངོན་

པར་བསྒྲུབ་པར་བྱའོ། །དེ་ལྟར་བསྒོམ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

བསྒོམས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་ཅི་ལགས། མ་བསྒོམས་པས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་

Vol. 24 · folio 132a

མ་ཡིན་ནོ། །གསོལ་པ། འོ་ན་ཅི་ལགས། བསྒོམས་ཀྱང་བསྒོམས་ལ། མ་བསྒོམས་ཀྱང་མ་བསྒོམས་པས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་ཅི་ལགས། བསྒོམས་

པ་ཡང་མ་ལགས་མ་བསྒོམས་པ་ཡང་མ་ལགས་པས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་ཐོབ་པར་བགྱི། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དེ་བཞིན་ཉིད་ཇི་ལྟ་བ་བཞིན་ནོ། །གསོལ་པ། དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་པའི་མཐའ་ཇི་ལྟ་བ་བཞིན་ནོ། །གསོལ་པ། ཡང་དག་པའི་མཐའ་ཇི་ལྟ་བུ་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་ནོ། །གསོལ་པ། ཆོས་ཀྱི་དབྱིངས་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གི་ཁམས་དང་། སེམས་ཅན་གྱི་ཁམས་དང་། སྲོག་གི་ཁམས་

དང་། གང་ཟག་གི་ཁམས་ཇི་ལྟ་བ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་བདག་གི་ཁམས་དང་། སེམས་ཅན་གྱི་ཁམས་དང་། སྲོག་གི་ཁམས་དང་། གང་ཟག་གི་ཁམས་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་

འབྱོར་དེ་ཇི་སྙམ་དུ་སེམས། བདག་གམ་སེམས་ཅན་ནམ། སྲོག་གམ། གང་ཟག་དམྱིགས་སུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བདག་གམ། སེམས་ཅན་ནམ།

སྲོག་གམ། གང་ཟག་མྱི་དམྱིགས་ན། ཇི་ལྟར་བདག་གི་ཁམས་དང་། སེམས་ཅན་གྱི་ཁམས་དང་། སྲོག་གི་ཁམས་དང་། གང་ཟག་གི་ཁམས་སུ་གདགས་པར་བྱ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མ་བཏགས་པ་དང་། ཆོས་ཐམས་ཅད་

Vol. 24 · folio 132b

ཏུ་མ་བཏགས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་

གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

ཕྱིན་པ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ནང་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ཕྱི་སྟོང་པ་ཉིད་གདགས་སུ་མ་མཆིས་

པ་ལགས་སམ། ཅི་ལགས། ཕྱི་ནང་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། སྟོང་པ་ཉིད་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ཆེན་པོ་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ།

ཅི་ལགས། དོན་དམ་པ་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། འདུས་བྱས་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། འདུས་མ་བྱས་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། མཐའ་ལས་

འདས་པ་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། དོར་བ་མྱེད་པ་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས།

རང་བཞིན་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། མྱི་དམྱིགས་

Vol. 24 · folio 133a

པ་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ངོ་བོ་ཉིད་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས།

དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། དྲན་པ་ཉེ་བར་གཞག་པ་རྣམས་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ཡང་དག་པར་སྤོང་བ་རྣམས་གདགས་སུ་མ་མཆིས་པ་ལགས་སམ།

ཅི་ལགས། རྫུ་འཕྲུལ་གྱི་རྐང་པ་རྣམས་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། དབང་པོ་རྣམས་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། སྟོབས་རྣམས་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། བྱང་ཆུབ་ཀྱི་

ཡན་ལག་རྣམས་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། འཕགས་པའི་བདེན་པ་རྣམས་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས།

བསམ་གཏན་རྣམས་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ཚད་མྱེད་པ་རྣམས་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས།

རྣམ་པར་ཐར་པ་བརྒྱད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་

པ་མྱེད་པ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། མངོན་པར་ཤེས་པ་རྣམས་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ཏིང་ངེ་འཛིན་རྣམས་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། གཟུངས་ཀྱི་སྒོ་རྣམས་

Vol. 24 · folio 133b

གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། དེ་བཞིན་གཤེགས་པའི་སྟོབས་བཅུ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། མི་འཇིགས་པ་བཞི་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། སོ་སོ་ཡང་དག་པར་

རིག་པ་བཞི་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། བྱམས་པ་ཆེན་པོ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། སྙིང་རྗེ་ཆེན་པོ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་

བཅྭོ་བརྒྱད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། རྒྱུན་ཏུ་ཞུགས་པའི་འབྲས་བུ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ཕྱིར་མྱི་འོང་

བའི་འབྲས་བུ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། དགྲ་བཅོམ་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། རང་བྱང་ཆུབ་གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། ལམ་གྱི་རྣམ་པ་ཤེས་པ་ཉིད་

གདགས་སུ་མ་མཆིས་པ་ལགས་སམ། ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གདགས་སུ་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདགས་སུ་མྱེད་པའོ། །བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་གདགས་སུ་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདགས་སུ་མྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གདགས་སུ་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདགས་སུ་མྱེད་པའོ། །སྦྱིན་པའི་ཕ་

རོལ་ཏུ་ཕྱིན་པ་ནི་གདགས་སུ་མྱེད་པའོ། །ནང་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །ཕྱི་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །ཆེན་པོ་སྟོང་པ་

Vol. 24 · folio 134a

ཉིད་ནི་གདགས་སུ་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་

གདགས་སུ་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །རང་

གི་མཚན་ཉིད་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་གདགས་སུ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་

པ་ཉིད་ནི་གདགས་སུ་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་གདགས་སུ་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ནི་གདགས་སུ་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་གདགས་སུ་མྱེད་པའོ། །དབང་པོ་རྣམས་ནི་གདགས་སུ་

མྱེད་པའོ། །སྟོབས་རྣམས་ནི་གདགས་སུ་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་གདགས་སུ་མྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་གདགས་སུ་མྱེད་པའོ། །འཕགས་པའི་བདེན་པ་རྣམས་ནི་གདགས་སུ་མྱེད་པའོ། །

བསམ་གཏན་རྣམས་ནི་གདགས་སུ་མྱེད་པའོ། །ཚད་མྱེད་པ་རྣམས་ནི་གདགས་སུ་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་གདགས་སུ་མྱེད་པའོ། །རྣམ་པར་ཐར་པ་བརྒྱད་ནི་གདགས་སུ་མྱེད་པའོ། །མཐར་ཀྱིས་གནས་

པའི་སྙོམས་པར་འཇུག་པ་དགུ་ནི་གདགས་སུ་མྱེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ནི་གདགས་སུ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ནི་གདགས་སུ་མྱེད་པའོ། །ཏིང་ངེ་འཛིན་རྣམས་ནི་གདགས་སུ་མྱེད་པའོ། །

Vol. 24 · folio 134b

གཟུངས་ཀྱི་སྒོ་རྣམས་ནི་གདགས་སུ་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གདགས་སུ་མྱེད་པའོ། །མི་འཇིགས་པ་བཞི་ནི་གདགས་སུ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་གདགས་སུ་མྱེད་པའོ། །བྱམས་པ་ཆེན་པོ་ནི་གདགས་སུ་མྱེད་པའོ། །སྙིང་རྗེ་

ཆེན་པོ་ནི་གདགས་སུ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་གདགས་སུ་མྱེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་གདགས་སུ་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་གདགས་སུ་མྱེད་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་

ནི་གདགས་སུ་མྱེད་པའོ། །དགྲ་བཅོམ་པ་ཉིད་ནི་གདགས་སུ་མྱེད་པའོ། །རང་བྱང་ཆུབ་ནི་གདགས་སུ་མྱེད་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་གདགས་སུ་མེད་པའོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་གདགས་སུ་མྱེད་པའོ། །

འདུས་བྱས་སམ། འདུས་མ་བྱས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱང་རུང་སྟེ། ཆོས་ཐམས་ཅད་ནི་གདགས་སུ་མྱེད་པའོ། །གསོལ་པ། བཅོམ་

ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་གདགས་སུ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཅིའི་སླད་དུ་སེམས་ཅན་དམྱལ་བ་མཆིས་པར་འགྱུར། བྱོལ་སོང་གི་སྐྱེ་གནས་མཆིས་པར་འགྱུར། གཤིན་རྗེའི་འཇིག་རྟེན་མཆིས་པར་འགྱུར། ལྷ་མཆིས་

པར་འགྱུར། མྱི་མཆིས་པར་འགྱུར། རྒྱུན་ཏུ་ཞུགས་པ་མཆིས་པར་འགྱུར། ལན་ཅིག་ཕྱིར་འོང་བ་མཆིས་པར་འགྱུར། ཕྱིར་མི་འོང་བ་མཆིས་པར་འགྱུར། དགྲ་བཅོམ་པ་མཆིས་པར་འགྱུར། རང་སངས་རྒྱས་མཆིས་པར་འགྱུར། བྱང་ཆུབ་སེམས་དཔའ་མཆིས་

པར་འགྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་མཆིས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་དུ་གདགས་པ་དམྱིགས་སུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །

Vol. 24 · folio 135a

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་དམྱིགས་སུ་མྱེད་ན། སེམས་ཅན་དམྱལ་བར་ཡང་ཇི་ལྟར་གདགས་པར་བྱ། བྱོལ་སོང་གི་སྐྱེ་གནས་སུ་ཡང་ཇི་ལྟར་གདགས་པར་བྱ།

གཤིན་རྗེའི་འཇིག་རྟེན་དུ་ཡང་ཇི་ལྟར་གདགས་པར་བྱ། ལྷར་ཡང་ཇི་ལྟར་གདགས་པར་བྱ། མྱིར་ཡང་ཇི་ལྟར་གདགས་པར་བྱ། རྒྱུན་ཏུ་ཞུགས་པར་ཡང་ཇི་ལྟར་གདགས་པར་བྱ། ལན་ཅིག་ཕྱིར་འོང་བར་ཡང་ཇི་ལྟར་གདགས་པར་བྱ།

ཕྱིར་མྱི་འོང་བར་ཡང་ཇི་ལྟར་གདགས་པར་བྱ། དགྲ་བཅོམ་པར་ཡང་ཇི་ལྟར་གདགས་པར་བྱ། རང་སངས་རྒྱས་སུ་ཡང་ཇི་ལྟར་གདགས་པར་བྱ། བྱང་ཆུབ་སེམས་དཔར་ཡང་ཇི་ལྟར་གདགས་པར་བྱ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཡང་ཇི་ལྟར་

གདགས་པར་བྱ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གདགས་སུ་མྱེད་པའི་ཆོས་ཐམས་ཅད་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་ལ་བསླབ་པ་དང་། ཚོར་བ་ལ་བསླབ་པ་དང་། འདུ་ཤེས་ལ་བསླབ་པ་དང་། འདུ་བྱེད་ལ་བསླབ་པ་དང་། རྣམ་པར་ཤེས་པ་ལ་བསླབ་པ་དང་། མྱིག་ལ་བསླབ་པ་དང་། རྣ་བ་ལ་བསླབ་པ་

དང་། སྣ་ལ་བསླབ་པ་དང་། ལྕེ་ལ་བསླབ་པ་དང་། ལུས་ལ་བསླབ་པ་དང་། ཡིད་ལ་བསླབ་པ་དང་། གཟུགས་ལ་བསླབ་པ་དང་། སྒྲ་ལ་བསླབ་པ་དང་། དྲི་ལ་བསླབ་པ་དང་། རོ་ལ་བསླབ་པ་དང་། རེག་ལ་བསླབ་པ་དང་། ཆོས་ལ་བསླབ་པ་དང་། མྱིག་

གི་རྣམ་པར་ཤེས་པ་ལ་བསླབ་པ་དང་། རྣ་བའི་རྣམ་པར་ཤེས་པ་ལ་བསླབ་པ་དང་། སྣའི་རྣམ་པར་ཤེས་པ་ལ་བསླབ་པ་དང་། ལྕེའི་རྣམ་པར་ཤེས་པ་ལ་བསླབ་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་ལ་བསླབ་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་བསླབ་

Vol. 24 · folio 135b

པ་དང་། མྱིག་གི་འདུས་ཏེ་རེག་པ་ལ་བསླབ་པ་དང་། རྣ་བའི་འདུས་ཏེ་རེག་པ་ལ་བསླབ་པ་དང་། སྣའི་འདུས་ཏེ་རེག་པ་ལ་བསླབ་པ་དང་། ལྕེའི་འདུས་ཏེ་རེག་པ་ལ་བསླབ་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལ་བསླབ་པ་དང་། ཡིད་ཀྱི་འདུས་

ཏེ་རེག་པ་ལ་བསླབ་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསླབ་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསླབ་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསླབ་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བ་ལ་བསླབ་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསླབ་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བསླབ་པ་དང་། སའི་ཁམས་ལ་བསླབ་པ་དང་། ཆུའི་ཁམས་ལ་བསླབ་པ་དང་། མྱེའི་ཁམས་ལ་བསླབ་པ་དང་།

རླུང་གི་ཁམས་ལ་བསླབ་པ་དང་། ནམ་མཁའི་ཁམས་ལ་བསླབ་པ་དང་། རྣམ་པར་ཤེས་པའི་ཁམས་ལ་བསླབ་པ་དང་། མ་རིག་པ་ལ་བསླབ་པ་དང་། འདུ་བྱེད་ལ་བསླབ་པ་དང་། རྣམ་པར་ཤེས་པ་ལ་བསླབ་པ་དང་། མྱིང་དང་གཟུགས་ལ་

བསླབ་པ་དང་། སྐྱེ་མཆེད་དྲུག་ལ་བསླབ་པ་དང་། རེག་པ་ལ་བསླབ་པ་དང་། ཚོར་བ་ལ་བསླབ་པ་དང་། སྲེད་པ་ལ་བསླབ་པ་དང་། ལེན་པ་ལ་བསླབ་པ་དང་། སྲིད་པ་ལ་བསླབ་པ་དང་། སྐྱེ་བ་ལ་བསླབ་པ་དང་། རྒ་ཤི་ལ་བསླབ་པ་དང་། སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང་།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང་། ནང་སྟོང་པ་ཉིད་ལ་བསླབ་པ་དང་། ཕྱི་སྟོང་པ་ཉིད་ལ་བསླབ་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་བསླབ་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་བསླབ་པ་དང་། ཆེན་པོ་སྟོང་པ་ཉིད་ལ་བསླབ་པ་དང་།

Vol. 24 · folio 136a

དོན་དམ་པ་སྟོང་པ་ཉིད་ལ་བསླབ་པ་དང་། འདུས་བྱས་སྟོང་པ་ཉིད་ལ་བསླབ་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་བསླབ་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་བསླབ་པ་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་བསླབ་

པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་བསླབ་པ་དང་། རང་བཞིན་སྟོང་པ་ཉིད་ལ་བསླབ་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་བསླབ་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསླབ་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་བསླབ་པ་དང་། དངོས་

པོ་མྱེད་པ་སྟོང་པ་ཉིད་ལ་བསླབ་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་བསླབ་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་བསླབ་པ་དང་། རྫུ་འཕྲུལ་

གྱི་རྐང་པ་རྣམས་ལ་བསླབ་པ་དང་། དབང་པོ་རྣམས་ལ་བསླབ་པ་དང་། སྟོབས་རྣམས་ལ་བསླབ་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བསླབ་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསླབ་པ་དང་། འཕགས་པའི་བདེན་པ་རྣམས་ལ་

བསླབ་པ་དང་། བསམ་གཏན་རྣམས་ལ་བསླབ་པ་དང་། ཚད་མེད་པ་རྣམས་ལ་བསླབ་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་བསླབ་པ་དང་། རྣམ་པར་ཐར་པ་བརྒྱད་ལ་བསླབ་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་

པ་དགུ་ལ་བསླབ་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་བསླབ་པ་དང་། མངོན་པར་ཤེས་པ་རྣམས་ལ་བསླབ་པ་དང་། ཏིང་ངེ་འཛིན་རྣམས་ལ་བསླབ་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་བསླབ་པ་དང་།

དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བསླབ་པ་དང་། མྱི་འཇིགས་པ་བཞི་ལ་བསླབ་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་བསླབ་པ་དང་། བྱམས་པ་ཆེན་པོ་ལ་བསླབ་པ་དང་། སྙིང་རྗེ་ཆེན་པོ་ལ་བསླབ་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་

Vol. 24 · folio 136b

བཅྭོ་བརྒྱད་ལ་བསླབ་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བསླབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བསླབ་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་བསླབ་པ་དང་། དགྲ་བཅོམ་པ་ཉིད་ལ་བསླབ་པ་དང་། རང་བྱང་ཆུབ་ལ་བསླབ་པ་དང་།

ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་བསླབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསླབ་པར་མྱི་བགྱི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ། །ཚོར་བ་ལ་དབྲི་བ་དང་བསྣན་

པ་མྱེད་པར་བསླབ་པར་བྱའོ། །འདུ་ཤེས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །འདུ་བྱེད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །མྱིག་ལ་དབྲི་

བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རྣ་བ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྣ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ལྕེ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ལུས་ལ་དབྲི་བ་

དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཡིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །གཟུགས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྒྲ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །དྲི་ལ་དབྲི་བ་དང་

བསྣན་པ་མྱེད་པར་བསླབ་པར་བྱའོ། །རོ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རེག་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཆོས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །མྱིག་གི་རྣམ་པར་ཤེས་པ་ལ་དབྲི་བ་

དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྣའི་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་

Vol. 24 · folio 137a

མྱེད་པར་བསླབ་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །མྱིག་གི་འདུས་ཏེ་རེག་པ་ལ་དབྲི་བ་

དང་བསྣན་པ་མེད་པར་བསླབ་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྣའི་འདུས་ཏེ་རེག་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་ལ་དབྲི་བ་དང་བསྣན་པ་མྱེད་

པར་བསླབ་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དབྲི་བ་དང་བསྣན་

པ་མྱེད་པར་བསླབ་པར་བྱའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་

ལ་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །

སའི་ཁམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཆུའི་ཁམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །མྱེའི་ཁམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རླུང་གི་ཁམས་ལ་དབྲི་བ་དང་བསྣན་པ་མྱེད་པར་

བསླབ་པར་བྱའོ། །ནམ་མཁའི་ཁམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རྣམ་པར་ཤེས་པའི་ཁམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །མ་རིག་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །འདུ་བྱེད་ལ་

Vol. 24 · folio 137b

དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །མྱིང་དང་གཟུགས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྐྱེ་མཆེད་དྲུག་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །

རེག་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཚོར་བ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྲིད་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ལེན་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྲིད་པ་ལ་དབྲི་བ་

དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྐྱེ་བ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རྒ་ཤི་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཚུལ་

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ནང་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཕྱི་སྟོང་པ་ཉིད་

ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཆེན་པོ་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་

པར་བྱའོ། །དོན་དམ་པ་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །འདུས་བྱས་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །མཐའ་

Vol. 24 · folio 138a

ལས་འདས་པ་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་

བསླབ་པར་བྱའོ། །རང་བཞིན་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །

མྱི་དམྱིགས་པ་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །དངོས་པོ་མྱེད་པའི་

ངོ་བོ་ཉིད་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཡང་དག་པར་སྤོང་བ་རྣམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་

རྣམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །དབང་པོ་རྣམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྟོབས་རྣམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་དབྲི་བ་དང་བསྣན་པ་མྱེད་

པར་བསླབ་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །འཕགས་པའི་བདེན་པ་རྣམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །བསམ་གཏན་རྣམས་ལ་དབྲི་བ་དང་བསྣན་པ་མྱེད་པར་

བསླབ་པར་བྱའོ། །ཚད་མྱེད་པ་རྣམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རྣམ་པར་ཐར་པ་བརྒྱད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་

Vol. 24 · folio 138b

པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །མཚན་མ་མྱེད་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །

སྨོན་པ་མྱེད་པ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །མངོན་པར་ཤེས་པ་རྣམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཏིང་ངེ་འཛིན་རྣམས་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་ལ་དབྲི་བ་

དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །མྱི་འཇིགས་པ་བཞི་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་དབྲི་བ་དང་

བསྣན་པ་མྱེད་པར་བསླབ་པར་བྱའོ། །བྱམས་པ་ཆེན་པོ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སྙིང་རྗེ་ཆེན་པོ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་དབྲི་བ་དང་བསྣན་པ་མྱེད་

པར་བསླབ་པར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་དབྲི་བ་དང་བསྣན་པ་མྱེད་པར་

བསླབ་པར་བྱའོ། །དགྲ་བཅོམ་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རང་བྱང་ཆུབ་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ལ་དབྲི་བ་དང་བསྣན་པ་མྱེད་པར་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་གཟུགས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཚོར་བ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི།

Vol. 24 · folio 139a

ཇི་ལྟར་འདུ་ཤེས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་འདུ་བྱེད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི།

ཇི་ལྟར་མྱིག་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རྣ་བ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། །ཇི་ལྟར་སྣ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ལྕེ་ལ་དབྲི་བ་དང་བསྣན་པ་

མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ལུས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཡིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་གཟུགས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི།

ཇི་ལྟར་སྒྲ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་དྲི་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རོ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རེག་ལ་དབྲི་བ་དང་བསྣན་པ་མ་མཆིས་

པར་བསླབ་པར་བགྱི། ཇི་ལྟར་ཆོས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་མྱིག་གི་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རྣ་བའི་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་

པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སྣའི་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ལྕེའི་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ལུས་ཀྱི་རྣམ་

པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་མྱིག་གི་འདུས་ཏེ་རེག་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི།

Vol. 24 · folio 139b

ཇི་ལྟར་རྣ་བའི་འདུས་ཏེ་རེག་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སྣའི་འདུས་ཏེ་རེག་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ལྕེའི་འདུས་ཏེ་རེག་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་

པར་བསླབ་པར་བགྱི། ཇི་ལྟར་ལུས་ཀྱི་འདུས་ཏེ་རེག་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཡིད་ཀྱི་འདུས་ཏེ་རེག་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དབྲི་བ་དང་བསྣན་པ་

མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི།

ཇི་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སའི་ཁམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཆུའི་ཁམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་

པར་བགྱི། ཇི་ལྟར་མྱེའི་ཁམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རླུང་གི་ཁམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ནམ་མཁའི་ཁམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི།

ཇི་ལྟར་རྣམ་པར་ཤེས་པའི་ཁམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་མ་རིག་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་འདུ་བྱེད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་

Vol. 24 · folio 140a

རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་མྱིང་དང་གཟུགས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སྐྱེ་མཆེད་དྲུག་ལ་དབྲི་བ་དང་བསྣན་པ་མ་མཆིས་

པར་བསླབ་པར་བགྱི། ཇི་ལྟར་རེག་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཚོར་བ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སྲེད་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི།

ཇི་ལྟར་ལེན་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སྲིད་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སྐྱེ་བ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རྒ་ཤི་ལ་དབྲི་བ་དང་

བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དབྲི་བ་དང་

བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ནང་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཕྱི་སྟོང་པ་ཉིད་

ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཕྱི་ནང་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཆེན་པོ་སྟོང་

Vol. 24 · folio 140b

པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་དོན་དམ་པ་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་འདུས་བྱས་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི།

ཇི་ལྟར་འདུས་མ་བྱས་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་དབྲི་

བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་དོར་བ་མྱེད་པ་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རང་བཞིན་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཆོས་

ཐམས་ཅད་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་མྱི་དམྱིགས་པ་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་

པར་བགྱི། ཇི་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ངོ་བོ་ཉིད་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དབྲི་བ་དང་བསྣན་པ་

མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཡང་དག་པར་སྤོང་བ་རྣམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་

དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་དབང་པོ་རྣམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སྟོབས་རྣམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་དབྲི་

Vol. 24 · folio 141a

བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་འཕགས་པའི་བདེན་པ་རྣམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་

པར་བགྱི། ཇི་ལྟར་བསམ་གཏན་རྣམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཚད་མྱེད་པ་རྣམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་དབྲི་

བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རྣམ་པར་ཐར་པ་བརྒྱད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་

པར་བགྱི། ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་མངོན་པར་ཤེས་པ་རྣམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་

བགྱི། ཇི་ལྟར་ཏིང་ངེ་འཛིན་རྣམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་གཟུངས་ཀྱི་སྒོ་རྣམས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དབྲི་བ་དང་བསྣན་པ་མ་

མཆིས་པར་བསླབ་པར་བགྱི། ཇི་ལྟར་མྱི་འཇིགས་པ་བཞི་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་བྱམས་པ་ཆེན་པོ་ལ་དབྲི་བ་དང་

བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སྙིང་རྗེ་ཆེན་པོ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རྒྱུན་ཏུ་

Vol. 24 · folio 141b

ཞུགས་པའི་འབྲས་བུ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཕྱིར་མྱི་འོང་བའི་འབྲས་བུ་ལ་དབྲི་བ་དང་བསྣན་པ་མ་

མཆིས་པར་བསླབ་པར་བགྱི། ཇི་ལྟར་དགྲ་བཅོམ་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རང་བྱང་ཆུབ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་དབྲི་བ་དང་

བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་མྱེད་པ་དང་འགག་པ་མྱེད་པ་ལ་བསླབ་པར་བྱའོ། །གསོལ་

པ། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་ལ་ཇི་ལྟར་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་བྱེད་རྣམས་མངོན་པར་འདུ་བྱ་བ་མྱེད་པ་བསྒོམ་པ་འམ་རྣམ་པར་བསྒོམ་པ་ལ་བསླབ་པར་བྱའོ། །

གསོལ་པ། བཅོམ་ལྡན་འདས་ཇི་ལྟར་མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མཐོང་བས། མངོན་པར་འདུ་བྱ་བ་མྱེད་པ་ལ་བསླབ་པར་བྱའོ། །

གསོལ་པ། བཅོམ་ལྡན་འདས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་གཟུགས་ཀྱིས་སྟོང་པར་བལྟའོ། །ཚོར་བ་ཚོར་བས་སྟོང་པར་བལྟའོ། །འདུ་ཤེས་འདུ་ཤེས་ཀྱིས་

སྟོང་པར་བལྟའོ། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་པར་བལྟའོ། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་པར་བལྟའོ། །མྱིག་མྱིག་གིས་སྟོང་པར་བལྟའོ། །རྣ་བ་རྣ་བས་སྟོང་པར་བལྟའོ། །སྣ་སྣས་སྟོང་པར་བལྟའོ། །ལྕེ་ལྕེས་སྟོང་པར་བལྟའོ།

Vol. 24 · folio 142a

ལུས་ལུས་ཀྱིས་སྟོང་པར་བལྟའོ། །ཡིད་ཡིད་ཀྱིས་སྟོང་པར་བལྟའོ། །གཟུགས་གཟུགས་ཀྱིས་སྟོང་པར་བལྟའོ། །སྒྲ་སྒྲས་སྟོང་པར་བལྟའོ། །དྲི་དྲིས་སྟོང་པར་བལྟའོ། །རོ་རོས་སྟོང་པར་བལྟའོ། །རེག་རེག་གིས་སྟོང་

པར་བལྟའོ། །ཆོས་ཆོས་ཀྱིས་སྟོང་པར་བལྟའོ། །མྱིག་གི་རྣམ་པར་ཤེས་པ་མྱིག་གི་རྣམ་པར་ཤེས་པས་སྟོང་པར་བལྟའོ། །རྣ་བའི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པས་སྟོང་པར་བལྟའོ། །སྣའི་རྣམ་པར་ཤེས་པ་སྣའི་རྣམ་པར་ཤེས་པས་

སྟོང་པར་བལྟའོ། །ལྕེའི་རྣམ་པར་ཤེས་པ་ལྕེའི་རྣམ་པར་ཤེས་པས་སྟོང་པར་བལྟའོ། །ལུས་ཀྱི་རྣམ་པར་ཤེས་པ་ལུས་ཀྱི་རྣམ་པར་ཤེས་པས་སྟོང་པར་བལྟའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་པར་བལྟའོ། །མྱིག་གི་

འདུས་ཏེ་རེག་པ་མྱིག་གི་འདུས་ཏེ་རེག་པས་སྟོང་པར་བལྟའོ། །རྣ་བའི་འདུས་ཏེ་རེག་པ་རྣ་བའི་འདུས་ཏེ་རེག་པས་སྟོང་པར་བལྟའོ། །སྣའི་འདུས་ཏེ་རེག་པ་སྣའི་འདུས་ཏེ་རེག་པས་སྟོང་པར་བལྟའོ། །ལྕེའི་འདུས་ཏེ་རེག་པ་ལྕེའི་འདུས་ཏེ་རེག་པས་སྟོང་

པར་བལྟའོ། །ལུས་ཀྱི་འདུས་ཏེ་རེག་པ་ལུས་ཀྱི་འདུས་ཏེ་རེག་པས་སྟོང་པར་བལྟའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་པར་བལྟའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་

པར་བལྟའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པར་བལྟའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པར་བལྟའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པར་བལྟའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པར་བལྟའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་

Vol. 24 · folio 142b

པའི་རྐྱེན་ཀྱིས་ཚོར་བས་སྟོང་པར་བལྟའོ། །སའི་ཁམས་སའི་ཁམས་ཀྱིས་སྟོང་པར་བལྟའོ། །ཆུའི་ཁམས་ཆུའི་ཁམས་ཀྱིས་སྟོང་པར་བལྟའོ། །མྱེའི་ཁམས་མྱེའི་ཁམས་ཀྱིས་སྟོང་པར་བལྟའོ། །རླུང་གི་ཁམས་རླུང་གི་ཁམས་ཀྱིས་

སྟོང་པར་བལྟའོ། །ནམ་མཁའི་ཁམས་ནམ་མཁའི་ཁམས་ཀྱིས་སྟོང་པར་བལྟའོ། །རྣམ་པར་ཤེས་པའི་ཁམས་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་པར་བལྟའོ། །མ་རིག་པ་མ་རིག་པས་སྟོང་པར་བལྟའོ། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་པར་

བལྟའོ། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་པར་བལྟའོ། །མྱིང་དང་གཟུགས་མྱིང་དང་གཟུགས་ཀྱིས་སྟོང་པར་བལྟའོ། །སྐྱེ་མཆེད་དྲུག་སྐྱེ་མཆེད་དྲུག་གིས་སྟོང་པར་བལྟའོ། །རེག་པ་རེག་པས་སྟོང་པར་བལྟའོ། །ཚོར་བ་ཚོར་

བས་སྟོང་པར་བལྟའོ། །སྲེད་པ་སྲེད་པས་སྟོང་པར་བལྟའོ། །ལེན་པ་ལེན་པས་སྟོང་པར་བལྟའོ། །སྲིད་པ་སྲིད་པས་སྟོང་པར་བལྟའོ། །སྐྱེ་བ་སྐྱེ་བས་སྟོང་པར་བལྟའོ། །རྒ་ཤི་རྒ་ཤིས་སྟོང་པར་བལྟའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་པར་བལྟའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་པར་བལྟའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་པར་བལྟའོ། །བརྩོན་འགྲུས་ཀྱི་

ཕ་རོལ་ཏུ་ཕྱིན་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་པར་བལྟའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སྟོང་པར་བལྟའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་པར་བལྟའོ། །

ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །ཕྱི་སྟོང་པ་ཉིད་ཕྱི་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །ཕྱི་ནང་སྟོང་པ་ཉིད་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །

Vol. 24 · folio 143a

ཆེན་པོ་སྟོང་པ་ཉིད་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །དོན་དམ་པ་སྟོང་པ་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །འདུས་བྱས་སྟོང་པ་ཉིད་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །འདུས་མ་བྱས་

སྟོང་པ་ཉིད་འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །མཐའ་ལས་འདས་པ་སྟོང་པ་ཉིད་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་པར་

བལྟའོ། །དོར་བ་མྱེད་པ་སྟོང་པ་ཉིད་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །རང་བཞིན་སྟོང་པ་ཉིད་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །

རང་གི་མཚན་ཉིད་སྟོང་པ་ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །

ངོ་བོ་ཉིད་སྟོང་པ་ཉིད་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པར་བལྟའོ། །དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་

པར་བལྟའོ། །ཡང་དག་པར་སྤོང་བ་རྣམས་ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་པར་བལྟའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་པར་བལྟའོ། །དབང་པོ་རྣམས་དབང་པོ་རྣམས་ཀྱིས་སྟོང་པར་བལྟའོ། །སྟོབས་

རྣམས་སྟོབས་རྣམས་ཀྱིས་སྟོང་པར་བལྟའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་པར་བལྟའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ཀྱིས་སྟོང་པར་

Vol. 24 · folio 143b

བལྟའོ། །འཕགས་པའི་བདེན་པ་རྣམས་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་པར་བལྟའོ། །བསམ་གཏན་རྣམས་བསམ་གཏན་རྣམས་ཀྱིས་སྟོང་པར་བལྟའོ། །ཚད་མྱེད་པ་རྣམས་ཚད་མྱེད་པ་རྣམས་ཀྱིས་སྟོང་པར་བལྟའོ། །གཟུགས་མྱེད་པའི་

སྙོམས་པར་འཇུག་པ་རྣམས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་པར་བལྟའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་ཐར་པ་བརྒྱད་ཀྱིས་སྟོང་པར་བལྟའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཐར་ཀྱིས་གནས་པའི་

སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་པར་བལྟའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་སྟོང་པར་བལྟའོ། །མངོན་པར་ཤེས་པ་

རྣམས་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་པར་བལྟའོ། །ཏིང་ངེ་འཛིན་རྣམས་ཏིང་ངེ་འཛིན་རྣམས་ཀྱིས་སྟོང་པར་བལྟའོ། །གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་པར་བལྟའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དེ་བཞིན་གཤེགས་

པའི་སྟོབས་རྣམས་ཀྱིས་སྟོང་པར་བལྟའོ། །མྱི་འཇིགས་པ་བཞི་མྱི་འཇིགས་པ་རྣམས་ཀྱིས་སྟོང་པར་བལྟའོ། །སོ་སོ་ཡང་དག་པར་རིག་པ་བཞི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་པར་བལྟའོ། །བྱམས་པ་ཆེན་པོ་བྱམས་པ་ཆེན་པོས་སྟོང་པར་བལྟའོ། །

སྙིང་རྗེ་ཆེན་པོ་སྙིང་རྗེ་ཆེན་པོས་སྟོང་པར་བལྟའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་པར་བལྟའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་རྒྱུན་ཏུ་ཞུགས་པའི་འབྲས་བུས་སྟོང་པར་བལྟའོ། །ལན་ཅིག་

ཕྱིར་འོང་བའི་འབྲས་བུ་ལན་ཅིག་ཕྱིར་འོང་བའི་འབྲས་བུས་སྟོང་པར་བལྟའོ། །ཕྱིར་མྱི་འོང་བའི་འབྲས་བུ་ཕྱིར་མྱི་འོང་བའི་འབྲས་བུས་སྟོང་པར་བལྟའོ། །དགྲ་བཅོམ་པ་ཉིད་དགྲ་བཅོམ་པ་ཉིད་ཀྱིས་སྟོང་པར་བལྟའོ། །རང་བྱང་ཆུབ་རང་བྱང་ཆུབ་ཀྱིས་སྟོང་

Vol. 24 · folio 144a

པར་བལྟའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་པར་བལྟའོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བྱང་ཆུབ་ཀྱིས་སྟོང་པར་བལྟའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་། ཚོར་བ་ནི་ཚོར་བས་སྟོང་། འདུ་ཤེས་ནི་འདུ་ཤེས་ཀྱིས་

སྟོང་། འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་། མྱིག་ནི་མྱིག་གིས་སྟོང་། རྣ་བ་ནི་རྣ་བས་སྟོང་། སྣ་ནི་སྣས་སྟོང་། ལྕེ་ནི་ལྕེས་སྟོང་། ལུས་ནི་ལུས་ཀྱིས་སྟོང་། ཡིད་ནི་ཡིད་ཀྱིས་སྟོང་། གཟུགས་ནི་གཟུགས་ཀྱིས་

སྟོང་། སྒྲ་ནི་སྒྲས་སྟོང་། དྲི་ནི་དྲིས་སྟོང་། རོ་ནི་རོས་སྟོང་། རེག་ནི་རེག་གིས་སྟོང་། ཆོས་ནི་ཆོས་ཀྱིས་སྟོང་། མྱིག་གི་རྣམ་པར་ཤེས་པ་ནི་མྱིག་གི་རྣམ་པར་ཤེས་པས་སྟོང་། རྣ་བའི་རྣམ་པར་ཤེས་པ་ནི་རྣ་བའི་རྣམ་པར་ཤེས་པས་སྟོང་། སྣའི་རྣམ་པར་

ཤེས་པ་ནི་སྣའི་རྣམ་པར་ཤེས་པས་སྟོང་། ལྕེའི་རྣམ་པར་ཤེས་པ་ནི་ལྕེའི་རྣམ་པར་ཤེས་པས་སྟོང་། ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པས་སྟོང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་། མྱིག་གི་འདུས་ཏེ་རེག་

པ་ནི་མྱིག་གི་འདུས་ཏེ་རེག་པས་སྟོང་། རྣ་བའི་འདུས་ཏེ་རེག་པ་ནི་རྣ་བའི་འདུས་ཏེ་རེག་པས་སྟོང་། སྣའི་འདུས་ཏེ་རེག་པ་ནི་སྣའི་འདུས་ཏེ་རེག་པས་སྟོང་། ལྕེའི་འདུས་ཏེ་རེག་པ་ནི་ལྕེའི་འདུས་ཏེ་རེག་པས་སྟོང་། ལུས་ཀྱི་འདུས་ཏེ་རེག་པ་ནི་ལུས་ཀྱི་འདུས་

ཏེ་རེག་པས་སྟོང་། ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

Vol. 24 · folio 144b

ཚོར་བས་སྟོང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་

ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་། སའི་ཁམས་ནི་སའི་ཁམས་ཀྱིས་སྟོང་། ཆུའི་ཁམས་ནི་ཆུའི་ཁམས་ཀྱིས་སྟོང་། མྱེའི་ཁམས་ནི་མྱེའི་

ཁམས་ཀྱིས་སྟོང་། རླུང་གི་ཁམས་ནི་རླུང་གི་ཁམས་ཀྱིས་སྟོང་། ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱིས་སྟོང་། རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་། མ་རིག་པ་ནི་མ་རིག་པས་སྟོང་། འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་།

རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་། མྱིང་དང་གཟུགས་ནི་མྱིང་དང་གཟུགས་ཀྱིས་སྟོང་། སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གིས་སྟོང་། རེག་པ་ནི་རེག་པས་སྟོང་། ཚོར་བ་ནི་ཚོར་བས་སྟོང་། སྲེད་པ་ནི་སྲེད་པས་སྟོང་། ལེན་པ་ནི་ལེན་པས་སྟོང་། སྲིད་

པ་ནི་སྲིད་པས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་། རྒ་ཤི་ནི་རྒ་ཤིས་སྟོང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་

བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སྟོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་། ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་། ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་ཀྱིས་སྟོང་། ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་། སྟོང་པ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་།

Vol. 24 · folio 145a

ཆེན་པོ་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་། དོན་དམ་པ་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་། འདུས་བྱས་སྟོང་པ་ཉིད་ནི་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་། འདུས་མ་བྱས་སྟོང་པ་ཉིད་ནི་འདུས་མ་

བྱས་སྟོང་པ་ཉིད་ཀྱིས་སྟོང་། མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་། དོར་བ་མྱེད་པ་སྟོང་པ་ཉིད་ནི་དོར་བ་མྱེད་པ་སྟོང་པ་ཉིད་

ཀྱིས་སྟོང་། རང་བཞིན་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་། ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་། རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་། མྱི་དམྱིགས་པ་སྟོང་པ་ཉིད་

ནི་མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་སྟོང་། དངོས་པོ་མྱེད་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་། ངོ་བོ་ཉིད་སྟོང་པ་ཉིད་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་

པ་ཉིད་ཀྱིས་སྟོང་། དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་། ཡང་དག་པར་སྤོང་བ་རྣམས་ནི་ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་། དབང་པོ་

རྣམས་ནི་དབང་པོ་རྣམས་ཀྱིས་སྟོང་། སྟོབས་རྣམས་ནི་སྟོབས་རྣམས་ཀྱིས་སྟོང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་།

འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་། བསམ་གཏན་རྣམས་ནི་བསམ་གཏན་རྣམས་ཀྱིས་སྟོང་། ཚད་མྱེད་པ་རྣམས་ནི་ཚད་མྱེད་པ་རྣམས་ཀྱིས་སྟོང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་གཟུགས་

Vol. 24 · folio 145b

མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་། རྣམ་པར་ཐར་པ་བརྒྱད་ནི་རྣམ་པར་ཐར་པ་རྣམས་ཀྱིས་སྟོང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་། རྣམ་པར་ཐར་པའི་

སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་སྟོང་། མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་། ཏིང་ངེ་འཛིན་རྣམས་ནི་ཏིང་

ངེ་འཛིན་རྣམས་ཀྱིས་སྟོང་། གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང་། མྱི་འཇིགས་པ་བཞི་ནི་མྱི་འཇིགས་པ་རྣམས་ཀྱིས་སྟོང་། སོ་སོ་ཡང་

དག་པར་རིག་པ་བཞི་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་། བྱམས་པ་ཆེན་པོ་ནི་བྱམས་པ་ཆེན་པོས་སྟོང་། སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་ཆེན་པོས་སྟོང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་

ཀྱིས་སྟོང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུས་སྟོང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུས་སྟོང་། ཕྱིར་མི་འོང་བའི་འབྲས་བུ་ནི་ཕྱིར་མྱི་འོང་བའི་འབྲས་བུས་སྟོང་། དགྲ་བཅོམ་པ་ཉིད་ན་

དགྲ་བཅོམ་པ་ཉིད་ཀྱིས་སྟོང་། རང་བྱང་ཆུབ་ནི་རང་བྱང་ཆུབ་ཀྱིས་སྟོང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བྱང་ཆུབ་ཀྱིས་སྟོང་ན། བཅོམ་ལྡན་འདས་དེ་ཇི་ལྟར་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྤྱོད་པ་མྱེད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །

Vol. 24 · folio 146a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། སྤྱོད་པ་མ་མཆིས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལགས། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱི་དམྱིགས། བྱང་ཆུབ་སེམས་དཔའ་ཡང་མྱི་དམྱིགས། སྤྱོད་པ་ཡང་མྱི་དམྱིགས། གང་སྤྱོད་པ་དང་། གང་གིས་སྤྱོད་པ་དང་། གང་ལ་སྤྱོད་པ་དེ་ཡང་མྱི་དམྱིགས་

ཏེ། རབ་འབྱོར་གང་ལ་སྤྲོས་པ་དེ་དག་ཐམས་ཅད་མྱི་དམྱིགས་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་མྱེད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སྤྱོད་པ་མ་མཆིས་པ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལགས་ན། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་ལས་དང་པོ་པའི་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་དང་པོ་བསྐྱེད་པ་ཉིད་ནས་བརྩམས་ཏེ་ཆོས་ཐམས་ཅད་དམྱིགས་སུ་མྱེད་པ་ལ་བསླབ་པར་བྱའོ། །དེས་སྦྱིན་པ་གཏོང་བའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས་སྦྱིན་པ་གཏང་བར་བྱའོ། །ཚུལ་ཁྲིམས་

སྲུང་བའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། ཚུལ་ཁྲིམས་བསྲུང་བར་བྱའོ། །བཟོད་པ་སྒྲུབ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས་བཟོད་པ་བསྒྲུབ་པར་བྱའོ། །བརྩོན་འགྲུས་རྩོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་བརྩམ་པར་བྱའོ། །

ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་བྱའོ། །ཤེས་རབ་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། ཤེས་རབ་བསྒོམ་པར་བྱའོ། །ནང་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་

Vol. 24 · folio 146b

པའི་ཚུལ་གྱིས། ནང་སྟོང་པ་ཉིད་བསྒོམ་པར་བྱའོ། །ཕྱི་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། ཕྱི་སྟོང་པ་ཉིད་བསྒོམ་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་བསྒོམ་པར་བྱའོ། །

སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །ཆེན་པོ་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་བསྒོམ་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་སྒོམ་པའི་ཚེ།

མྱི་དམྱིགས་པའི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདུས་བྱས་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་བསྒོམ་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས།

འདུས་མ་བྱས་སྟོང་པ་ཉིད་བསྒོམ་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་

གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། དོར་བ་མེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །རང་བཞིན་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས།

རང་བཞིན་སྟོང་པ་ཉིད་བསྒོམ་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། རང་

གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས།

Vol. 24 · folio 147a

དངོས་པོ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་

པའི་ཚུལ་གྱིས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པའི་ཚེ། མི་དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་བྱའོ། །ཡང་དག་པར་སྤོང་བ་བཞི་སྒོམ་པའི་ཚེ།

མྱི་དམྱིགས་པའི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་བསྒོམ་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པར་བྱའོ། །དབང་པོ་རྣམས་སྒོམ་པའི་ཚེ།

མྱི་དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་བསྒོམ་པར་བྱའོ། །སྟོབས་རྣམས་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། སྟོབས་རྣམས་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས།

བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ། །འཕགས་པའི་བདེན་པ་རྣམས་སྒོམ་པའི་

ཚེ། མྱི་དམྱིགས་པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་བསྒོམ་པར་བྱའོ། །བསམ་གཏན་རྣམས་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་བསྒོམ་པར་བྱའོ། །ཚད་མེད་པ་རྣམས་སྒོམ་པའི་ཚེ། མྱི་

དམྱིགས་པའི་ཚུལ་གྱིས། ཚད་མེད་པ་རྣམས་བསྒོམ་པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བྱའོ། །རྣམ་པར་

Vol. 24 · folio 147b

ཐར་པ་བརྒྱད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པ་རྣམས་བསྒོམ་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་

རྣམས་བསྒོམ་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་རྣམས་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་

བསྒོམ་པར་བྱའོ། །མངོན་པར་ཤེས་པ་རྣམས་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་བསྒོམ་པར་བྱའོ། །ཏིང་ངེ་འཛིན་རྣམས་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་བསྒོམ་པར་

བྱའོ། །གཟུངས་ཀྱི་སྒོ་རྣམས་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་

བསྒོམ་པར་བྱའོ། །མྱི་འཇིགས་པ་བཞི་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་རྣམས་བསྒོམ་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་

བསྒོམ་པར་བྱའོ། །བྱམས་པ་ཆེན་པོ་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་བསྒོམ་པར་བྱའོ། །སྙིང་རྗེ་ཆེན་པོ་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །སངས་རྒྱས་ཀྱི་ཆོས་

མ་འདྲེས་པ་བཅྭོ་བརྒྱད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པར་བྱའོ། །ཐམས་ཅད་ཤེས་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་བསྒོམ་པར་བྱའོ། །

Vol. 24 · folio 148a

ལམ་གྱི་རྣམ་པ་ཤེས་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་བསྒོམ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་པའི་ཚེ། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་བསྒོམ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། དམྱིགས་པར་འགྱུར། ཇི་ཙམ་གྱིས་ན་མྱི་དམྱིགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་དུ་གཉིས་པ་དེ་ཙམ་དུ་དམྱིགས་པ་སྟེ།

གཉིས་སུ་མེད་པ་ནི་མྱི་དམྱིགས་པའོ། །གསོལ་པ། བཅོམ་ལྡན་འདས་གཉིས་ཤེས་བྱ་བ་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་དུ་མྱིག་དང་། གཟུགས་དང་། ཇི་ཙམ་དུ་རྣ་བ་དང་། སྒྲ་དང་། ཇི་ཙམ་དུ་སྣ་དང་དྲི་

དང་། ཇི་ཙམ་དུ་ལྕེ་དང་རོ་དང་། ཇི་ཙམ་དུ་ལུས་དང་རེག་དང་། ཇི་ཙམ་དུ་ཡིད་དང་ཆོས་དང་། ཇི་ཙམ་དུ་གཟུགས་དང་། གཟུགས་ཅན་དང་། ཇི་ཙམ་དུ་ཚོར་བ་དང་། ཚོར་བ་པོ་དང་། ཇི་ཙམ་དུ་འདུ་ཤེས་དང་། འདུ་ཤེས་ཅན་དང་། ཇི་ཙམ་དུ་འདུ་

བྱེད་དང་། འདུ་བྱེད་པ་དང་། ཇི་ཙམ་དུ་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པར་བྱེད་པ་དང་། ཇི་ཙམ་དུ་མྱིག་གི་རྣམ་པར་ཤེས་པ་དང་། མྱིག་གི་རྣམ་པར་ཤེས་པ་ཅན་དང་། ཇི་ཙམ་དུ་རྣ་བའི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་ཅན་དང་། ཇི་

ཙམ་དུ་སྣའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་ཅན་དང་། ཇི་ཙམ་དུ་ལྕེའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་ཅན་དང་། ཇི་ཙམ་དུ་ལུས་ཀྱི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཅན་དང་། ཇི་ཙམ་དུ་ཡིད་ཀྱི་རྣམ་པར་ཤེས་པ་དང་།

ཡིད་ཀྱི་རྣམ་པར་ཤེས་པ་ཅན་དང་། ཇི་ཙམ་དུ་མྱིག་གི་འདུས་ཏེ་རེག་པ་དང་། མྱིག་གི་འདུས་ཏེ་རེག་པ་ཅན་དང་། ཇི་ཙམ་དུ་རྣ་བའི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་ཅན་དང་། ཇི་ཙམ་དུ་སྣའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་ཅན་དང་། ཇི་ཙམ་

Vol. 24 · folio 148b

དུ་ལྕེའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་ཅན་དང་། ཇི་ཙམ་དུ་ལུས་ཀྱི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ཅན་དང་། ཇི་ཙམ་དུ་ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཅན་དང་། ཇི་ཙམ་དུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་དང་། ཇི་ཙམ་དུ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་དང་། ཇི་ཙམ་དུ་སྣའི་འདུས་ཏེ་རེག་

པའི་རྐྱེན་ཀྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་དང་། ཇི་ཙམ་དུ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་དང་། ཇི་ཙམ་དུ་ལུས་ཀྱི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་དང་། ཇི་ཙམ་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་དང་།

ཇི་ཙམ་དུ་སའི་ཁམས་དང་། སའི་ཁམས་ཡོངས་སུ་ཤེས་པར་བྱེད་པ་དང་། ཇི་ཙམ་དུ་ཆུའི་ཁམས་དང་། ཆུའི་ཁམས་ཡོངས་སུ་ཤེས་པར་བྱེད་པ་དང་། ཇི་ཙམ་དུ་མྱེའི་ཁམས་དང་། མྱེའི་ཁམས་ཡོངས་སུ་ཤེས་པར་བྱེད་པ་དང་། ཇི་ཙམ་དུ་རླུང་གི་ཁམས་

དང་། རླུང་གི་ཁམས་ཡོངས་སུ་ཤེས་པར་བྱེད་པ་དང་། ཇི་ཙམ་དུ་ནམ་མཁའི་ཁམས་དང་། ནམ་མཁའི་ཁམས་ཡོངས་སུ་ཤེས་པར་བྱེད་པ་དང་། ཇི་ཙམ་དུ་རྣམ་པར་ཤེས་པའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཡོངས་སུ་ཤེས་པར་བྱེད་པ་དང་།

ཇི་ཙམ་དུ་མ་རིག་པ་དང་། མ་རིག་པ་སྐྱེད་པ་དང་། ཇི་ཙམ་དུ་འདུ་བྱེད་དང་། འདུ་བྱེད་པ་དང་། ཇི་ཙམ་དུ་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་ཅན་དང་། ཇི་ཙམ་དུ་མྱིང་དང་གཟུགས་དང་། མྱིང་དང་གཟུགས་ཅན་དང་། ཇི་ཙམ་དུ་སྐྱེ་མཆེད་དྲུག་དང་།

Vol. 24 · folio 149a

སྐྱེ་མཆེད་དྲུག་ཅན་དང་། ཇི་ཙམ་དུ་རེག་པ་དང་། རེག་པར་བྱེད་པ་དང་། ཇི་ཙམ་དུ་ཚོར་བ་དང་། ཚོར་བ་པོ་དང་། ཇི་ཙམ་དུ་སྲེད་པ་དང་། སྲེད་པ་ཅན་དང་། ཇི་ཙམ་དུ་ལེན་པ་དང་། ལེན་པར་བྱེད་པ་དང་། ཇི་ཙམ་དུ་སྲིད་པ་དང་། སྲིད་པ་

ཅན་དང་། ཇི་ཙམ་དུ་སྐྱེ་བ་དང་། སྐྱེ་བའི་ཆོས་ཅན་དང་། ཇི་ཙམ་དུ་རྒ་ཤི་དང་། རྒ་ཤིའི་ཆོས་ཅན་དང་། ཇི་ཙམ་དུ་སྦྱིན་པ་དང་། སྦྱིན་པ་གཏོང་བ་དང་། ཇི་ཙམ་དུ་ཚུལ་ཁྲིམས་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཇི་ཙམ་དུ་བཟོད་པ་དང་། བཟོད་པ་ཅན་

དང་། ཇི་ཙམ་དུ་བརྩོན་འགྲུས་དང་། བརྩོན་འགྲུས་ཅན་དང་། ཇི་ཙམ་དུ་བསམ་གཏན་དང་། བསམ་གཏན་པ་དང་། ཇི་ཙམ་དུ་ཤེས་རབ་དང་། ཤེས་རབ་དང་ལྡན་པ་དང་། ཇི་ཙམ་དུ་ནང་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་

ཕྱི་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་ཕྱི་ནང་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་སྟོང་པ་ཉིད་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་ཆེན་པོ་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་

ཉིད་སྒོམ་པ་དང་། ཇི་ཙམ་དུ་དོན་དམ་པ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་འདུས་བྱས་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་འདུས་མ་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་

ཉིད་སྒོམ་པ་དང་། ཇི་ཙམ་དུ་མཐའ་ལས་འདས་པ་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་དོར་བ་མྱེད་

པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་རང་བཞིན་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་རང་གི་མཚན་

Vol. 24 · folio 149b

ཉིད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་མྱི་དམྱིགས་པ་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་

དུ་ངོ་བོ་ཉིད་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་དང་། ཇི་ཙམ་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་

སྒོམ་པ་དང་། ཇི་ཙམ་དུ་ཡང་དག་པར་སྤོང་བ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་སྒོམ་པ་དང་། ཇི་ཙམ་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་པ་དང་། ཇི་ཙམ་དུ་དབང་པོ་རྣམས་དང་། དབང་པོ་རྣམས་སྒོམ་

པ་དང་། ཇི་ཙམ་དུ་སྟོབས་རྣམས་དང་། སྟོབས་རྣམས་སྒོམ་པ་དང་། ཇི་ཙམ་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པ་དང་། ཇི་ཙམ་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་ལམ་ཡན་

ལག་བརྒྱད་པ་སྒོམ་པ་དང་། ཇི་ཙམ་དུ་འཕགས་པའི་བདེན་པ་རྣམས་དང་། འཕགས་པའི་བདེན་པ་རྣམས་སྒོམ་པ་དང་། ཇི་ཙམ་དུ་བསམ་གཏན་རྣམས་དང་། བསམ་གཏན་རྣམས་སྒོམ་པ་དང་། ཇི་ཙམ་དུ་ཚད་མྱེད་པ་རྣམས་དང་། ཚད་མྱེད་པ་

རྣམས་སྒོམ་པ་དང་། ཇི་ཙམ་དུ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པ་དང་། ཇི་ཙམ་དུ་རྣམ་པར་ཐར་པ་བརྒྱད་དང་། རྣམ་པར་ཐར་པ་བརྒྱད་སྒོམ་པ་དང་། ཇི་ཙམ་དུ་མཐར་ཀྱིས་གནས་པའི་

སྙོམས་པར་འཇུག་པ་དགུ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་པ་དང་། ཇི་ཙམ་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words