ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 24 · folio 150a

སྨོན་པ་མྱེད་པ་སྒོམ་པ་དང་། ཇི་ཙམ་དུ་མངོན་པར་ཤེས་པ་རྣམས་དང་། མངོན་པར་ཤེས་པ་རྣམས་སྒོམ་པ་དང་། ཇི་ཙམ་དུ་ཏིང་ངེ་འཛིན་རྣམས་དང་། ཏིང་ངེ་འཛིན་རྣམས་སྒོམ་པ་དང་། ཇི་ཙམ་དུ་གཟུངས་ཀྱི་སྒོ་རྣམས་དང་།

གཟུངས་ཀྱི་སྒོ་རྣམས་སྒོམ་པ་དང་། ཇི་ཙམ་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་པ་དང་། ཇི་ཙམ་དུ་མི་འཇིགས་པ་བཞི་དང་། མྱི་འཇིགས་པ་བཞི་སྒོམ་པ་དང་། ཇི་ཙམ་དུ་སོ་སོ་ཡང་དག་པར་རིག་པ་

བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་པ་དང་། ཇི་ཙམ་དུ་བྱམས་པ་ཆེན་པོ་དང་། བྱམས་པ་ཆེན་པོ་སྒོམ་པ་དང་། ཇི་ཙམ་དུ་སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་སྒོམ་པ་དང་། ཇི་ཙམ་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒོམ་པ་དང་། ཇི་ཙམ་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། རྒྱུན་ཏུ་ཞུགས་པ་དང་། ཇི་ཙམ་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་དང་། ཇི་ཙམ་དུ་ཕྱིར་མྱི་འོང་བའི་འབྲས་བུ་དང་།

ཕྱིར་མི་འོང་བ་དང་། ཇི་ཙམ་དུ་དགྲ་བཅོམ་པ་ཉིད་དང་། དགྲ་བཅོམ་པ་དང་། ཇི་ཙམ་དུ་རང་བྱང་ཆུབ་དང་། རང་སངས་རྒྱས་དང་། ཇི་ཙམ་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། བྱང་ཆུབ་སེམས་དཔའ་དང་། ཇི་ཙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་དང་། སངས་རྒྱས་ཏེ། རབ་འབྱོར་འདི་དག་ནི་གཉིས་སོ། །གསོལ་པ། བཅོམ་ལྡན་འདས་གཉིས་སུ་མ་མཆིས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱིག་དང་གཟུགས་མྱེད་པ་དང་། རྣ་བ་དང་སྒྲ་མྱེད་པ་དང་།

སྣ་དང་དྲི་མྱེད་པ་དང་། ལྕེ་དང་རོ་མྱེད་པ་དང་། ལུས་དང་རེག་མྱེད་པ་དང་། ཡིད་དང་ཆོས་མྱེད་པ་དང་། གཟུགས་དང་གཟུགས་ཅན་མྱེད་པ་དང་། ཚོར་བ་དང་ཚོར་བ་པོ་མྱེད་པ་དང་། འདུ་ཤེས་དང་། འདུ་ཤེས་ཅན་མྱེད་པ་དང་། འདུ་བྱེད་དང་འདུ་བྱེད་པ་མྱེད་

Vol. 24 · folio 150b

པ་དང་། རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པར་བྱེད་པ་མྱེད་པ་དང་། མྱིག་གི་རྣམ་པར་ཤེས་པ་དང་། མྱིག་གི་རྣམ་པར་ཤེས་པ་ཅན་མྱེད་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་ཅན་མྱེད་པ་དང་། སྣའི་རྣམ་པར་ཤེས་པ་དང་།

སྣའི་རྣམ་པར་ཤེས་པ་ཅན་མྱེད་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་ཅན་མྱེད་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་ཅན་མྱེད་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་

ཅན་མྱེད་པ་དང་། མྱིག་གི་འདུས་ཏེ་རེག་པ་དང་། མྱིག་གི་འདུས་ཏེ་རེག་པ་ཅན་མྱེད་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་ཅན་མྱེད་པ་དང་། སྣའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་ཅན་མྱེད་པ་དང་། ལྕེའི་འདུས་ཏེ་

རེག་པ་དང་། ལྕེའི་འདུས་ཏེ་རེག་པ་ཅན་མྱེད་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་ཅན་མྱེད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཅན་མྱེད་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་།

མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་མྱེད་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་མྱེད་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་།

སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་མྱེད་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་མྱེད་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་།

ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་མྱེད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉམས་སུ་མྱོང་བར་བྱེད་པ་མྱེད་པ་དང་། སའི་ཁམས་དང་། སའི་ཁམས་ཡོངས་སུ་

Vol. 24 · folio 151a

ཤེས་པར་བྱེད་པ་མྱེད་པ་དང་། ཆུའི་ཁམས་དང་། ཆུའི་ཁམས་ཡོངས་སུ་ཤེས་པར་བྱེད་པ་མྱེད་པ་དང་། མེའི་ཁམས་དང་། མེའི་ཁམས་ཡོངས་སུ་ཤེས་པར་བྱེད་པ་མྱེད་པ་དང་། རླུང་གི་ཁམས་དང་། རླུང་གི་ཁམས་ཡོངས་སུ་ཤེས་པར་

བྱེད་པ་མྱེད་པ་དང་། ནམ་མཁའི་ཁམས་དང་། ནམ་མཁའི་ཁམས་ཡོངས་སུ་ཤེས་པར་བྱེད་པ་མྱེད་པ་དང་། རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་བྱེད་པ་མྱེད་པ་དང་། མ་རིག་པ་དང་། མ་རིག་པ་སྐྱེད་པ་མྱེད་པ་དང་། འདུ་བྱེད་དང་།

འདུ་བྱེད་པ་མྱེད་པ་དང་། རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་ཅན་མྱེད་པ་དང་། མྱིང་དང་གཟུགས་དང་། མྱིང་དང་གཟུགས་ཅན་མྱེད་པ་དང་། སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་ཅན་མྱེད་པ་དང་། རེག་པ་དང་། རེག་པར་བྱེད་པ་མྱེད་པ་དང་། ཚོར་བ་དང་།

ཚོར་བ་པོ་མྱེད་པ་དང་། སྲེད་པ་དང་། སྲེད་པ་ཅན་མྱེད་པ་དང་། ལེན་པ་དང་། ལེན་པར་བྱེད་པ་མེད་པ་དང་། སྲིད་པ་དང་། སྲིད་པ་ཅན་མྱེད་པ་དང་། སྐྱེ་བ་དང་། སྐྱེ་བའི་ཆོས་ཅན་མྱེད་པ་དང་། རྒ་ཤི་དང་། རྒ་ཤིའི་ཆོས་ཅན་མྱེད་པ་དང་། སྦྱིན་པ་དང་། སྦྱིན་པ་གཏོང་

བ་མྱེད་པ་དང་། ཚུལ་ཁྲིམས་དང་། ཚུལ་ཁྲིམས་དང་ལྡན་པ་མྱེད་པ་དང་། བཟོད་པ་དང་། བཟོད་པ་ཅན་མྱེད་པ་དང་། བརྩོན་འགྲུས་དང་། བརྩོན་འགྲུས་ཅན་མེད་པ་དང་། བསམ་གཏན་དང་། བསམ་གཏན་པ་མྱེད་པ་དང་། ཤེས་རབ་དང་། ཤེས་རབ་དང་ལྡན་པ་མྱེད་པ་དང་། ནང་སྟོང་པ་ཉིད་

དང་། ནང་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། ཕྱི་ནང་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། ཆེན་པོ་སྟོང་པ་ཉིད་

དང་། ཆེན་པོ་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། དོན་དམ་པ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། འདུས་མ་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་

Vol. 24 · folio 151b

ཉིད་སྒོམ་པ་མྱེད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། དོར་བ་མྱེད་པ་

སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། རང་བཞིན་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་

པ་མྱེད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། དངོས་པོ་

མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་མྱེད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པ་མེད་པ་དང་། ཡང་དག་པར་སྤོང་བ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་སྒོམ་པ་མྱེད་

པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་པ་མྱེད་པ་དང་། དབང་པོ་རྣམས་དང་། དབང་པོ་རྣམས་སྒོམ་པ་མྱེད་པ་དང་། སྟོབས་རྣམས་དང་། སྟོབས་རྣམས་སྒོམ་པ་མྱེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། བྱང་ཆུབ་

ཀྱི་ཡན་ལག་རྣམས་སྒོམ་པ་མྱེད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་མྱེད་པ་དང་། འཕགས་པའི་བདེན་པ་རྣམས་དང་། འཕགས་པའི་བདེན་པ་རྣམས་སྒོམ་པ་མེད་པ་དང་། བསམ་གཏན་

རྣམས་དང་། བསམ་གཏན་རྣམས་སྒོམ་པ་མྱེད་པ་དང་། ཚད་མྱེད་པ་རྣམས་དང་། ཚད་མྱེད་པ་རྣམས་སྒོམ་པ་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པ་མྱེད་པ་དང་། རྣམ་

Vol. 24 · folio 152a

པར་ཐར་པ་བརྒྱད་དང་། རྣམ་པར་ཐར་པ་བརྒྱད་སྒོམ་པ་མྱེད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་པ་མྱེད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་

མཚན་མ་མྱེད་པ་དང་། །སྨོན་པ་མྱེད་པ་དང་། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། མངོན་པར་ཤེས་པ་རྣམས་སྒོམ་པ་མེད་པ་དང་། ཏིང་ངེ་འཛིན་རྣམས་དང་། ཏིང་ངེ་

འཛིན་རྣམས་སྒོམ་པ་མྱེད་པ་དང་། གཟུངས་ཀྱི་སྒོ་རྣམས་དང་། གཟུངས་ཀྱི་སྒོ་རྣམས་སྒོམ་པ་མྱེད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་པ་མྱེད་པ་དང་། མྱི་འཇིགས་པ་བཞི་དང་། མྱི་འཇིགས་པ་བཞི་སྒོམ་

པ་མྱེད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་པ་མྱེད་པ་དང་། བྱམས་པ་ཆེན་པོ་དང་། བྱམས་པ་ཆེན་པོ་སྒོམ་པ་མྱེད་པ་དང་། སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་སྒོམ་པ་མྱེད་པ་དང་། སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་བཅྭོ་བརྒྱད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒོམ་པ་མྱེད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། རྒྱུན་ཏུ་ཞུགས་པ་མྱེད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་མྱེད་པ་དང་། ཕྱིར་མི་འོང་བའི་

འབྲས་བུ་དང་། ཕྱིར་མྱི་འོང་བ་མྱེད་པ་དང་། དགྲ་བཅོམ་པ་ཉིད་དང་། དགྲ་བཅོམ་པ་མྱེད་པ་དང་། རང་བྱང་ཆུབ་དང་། རང་སངས་རྒྱས་མྱེད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། བྱང་ཆུབ་སེམས་དཔའ་མྱེད་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་དང་། སངས་རྒྱས་མྱེད་པ་སྟེ། རབ་འབྱོར་འདི་དག་ནི་གཉིས་སུ་མྱེད་པའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། དམྱིགས་སུ་མཆིས་པ་མྱི་དམྱིགས་སམ། མ་ལགས་ཏེ། དམྱིགས་སུ་མ་མཆིས་པ་མྱི་དམྱིགས། བཅོམ་ལྡན་འདས་ཀྱིས་

Vol. 24 · folio 152b

བཀའ་སྩལ་པ། རབ་འབྱོར་དམྱིགས་སུ་ཡོད་པ་མྱི་དམྱིགས་པ་ཡང་མ་ཡིན། དམྱིགས་སུ་མྱེད་པ་མྱི་དམྱིགས་པ་ཡང་མ་ཡིན་གྱིས། རབ་འབྱོར་དམྱིགས་པ་དང་མྱི་དམྱིགས་པ་མཉམ་པ་ཉིད་ནི་མྱི་དམྱིགས་པ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོས། དམྱིགས་པ་དང་མྱི་དམྱིགས་པ་མཉམ་པ་ཉིད་ལ་བསླབ་པར་བྱའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མྱི་དམྱིགས་པ་དང་ལྡན་པར་འགྱུར་རོ། །

གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དམྱིགས་པ་ལ་ཡང་མྱི་ཆགས། མྱི་དམྱིགས་པ་ལ་ཡང་མྱི་ཆགས་པ་ལགས་ན། འོ་ན་

ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ས་ནས་ས་ཡོངས་སུ་རྫོགས་པར་བགྱི། ས་ནས་ས་ཡོངས་སུ་རྫོགས་ནས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་ཐོབ་པར་བགྱི།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། དམྱིགས་པ་ལ་གནས་ཤིང་། ས་ནས་ས་ཡོངས་སུ་རྫོགས་པར་མྱི་བྱེད་དེ། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དམྱིགས་པ་ལ་གནས་ཏེ། ས་ནས་ས་ཡོངས་སུ་རྫོགས་པར་བྱ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་དམྱིགས་སུ་

མྱེད། བྱང་ཆུབ་ཀྱང་དམྱིགས་སུ་མྱེད་དེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ཡང་དམྱིགས་སུ་མྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ། །གསོལ་

Vol. 24 · folio 153a

པ། བཅོམ་ལྡན་འདས་གལ་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མ་མཆིས་ཏེ། གང་བྱང་ཆུབ་ཏུ་སྤྱོད་པ་དེ་ཡང་དམྱིགས་སུ་མ་མཆིས་པ་ལགས་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། འདི་ནི་གཟུགས་སོ། །འདི་ནི་ཚོར་པའོ། །འདི་ནི་འདུ་ཤེས་སོ། །འདི་ནི་འདུ་བྱེད་དོ། །འདི་ནི་རྣམ་པར་ཤེས་པའོ། །འདི་ནི་མྱིག་གོ། །འདི་ནི་རྣ་བའོ། །འདི་ནི་སྣའོ། །འདི་ནི་ལྕེའོ། །འདི་ནི་ལུས་སོ། །

འདི་ནི་ཡིད་དོ། །འདི་ནི་གཟུགས་སོ། །འདི་ནི་སྒྲའོ། །འདི་ནི་དྲིའོ། །འདི་ནི་རོའོ། །འདི་ནི་རེག་གོ། །འདི་ནི་ཆོས་སོ། །འདི་ནི་མྱིག་གི་རྣམ་པར་ཤེས་པའོ། །འདི་ནི་རྣ་བའི་རྣམ་པར་ཤེས་པའོ། །འདི་ནི་སྣའི་རྣམ་པར་ཤེས་པའོ། །འདི་ནི་ལྕེའི་རྣམ་པར་

ཤེས་པའོ། །འདི་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །འདི་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །འདི་ནི་མྱིག་གི་འདུས་ཏེ་རེག་པའོ། །འདི་ནི་རྣ་བའི་འདུས་ཏེ་རེག་པའོ། །འདི་ནི་སྣའི་འདུས་ཏེ་རེག་པའོ། །འདི་ནི་ལྕེའི་འདུས་ཏེ་རེག་པའོ། །འདི་ནི་ལུས་ཀྱི་འདུས་

ཏེ་རག་པའོ། །འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའོ། །འདི་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

ཚོར་བའོ། །འདི་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་སའི་ཁམས་སོ། །འདི་ནི་ཆུའི་ཁམས་སོ། །འདི་ནི་མྱེའི་ཁམས་སོ། །འདི་ནི་རླུང་གི་ཁམས་སོ། །འདི་ནི་ནམ་མཁའི་ཁམས་

སོ། །འདི་ནི་རྣམ་པར་ཤེས་པའི་ཁམས་སོ། །འདི་ནི་མ་རིག་པའོ། །འདི་ནི་འདུ་བྱེད་དོ། །འདི་ནི་རྣམ་པར་ཤེས་པའོ། །འདི་ནི་མྱིང་དང་གཟུགས་སོ། །འདི་ནི་སྐྱེ་མཆེད་དྲུག་གོ། །འདི་ནི་རེག་པའོ། །འདི་ནི་ཚོར་བའོ། །འདི་ནི་སྲེད་པའོ། །འདི་ནི་ལེན་པའོ། །འདི་

Vol. 24 · folio 153b

ནི་སྲིད་པའོ། །འདི་ནི་སྐྱེ་བའོ། །འདི་ནི་རྒ་ཤིའོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་

ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ནང་སྟོང་པ་ཉིད་དོ། །འདི་ནི་ཕྱི་སྟོང་པ་ཉིད་དོ། །འདི་ནི་ཕྱི་ནང་སྟོང་པ་ཉིད་དོ། །འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །འདི་ནི་ཆེན་པོ་སྟོང་པ་ཉིད་དོ། །འདི་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདི་ནི་འདུས་བྱས་

སྟོང་པ་ཉིད་དོ། །འདི་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་རང་བཞིན་སྟོང་པ་ཉིད་དོ། །འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །

འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །འདི་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་དག་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །

འདི་དག་ནི་ཡང་དག་པར་སྤོང་བ་རྣམས་སོ། །འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །འདི་དག་ནི་དབང་པོ་རྣམས་སོ། །འདི་དག་ནི་སྟོབས་རྣམས་སོ། །འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འདི་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །

འདི་དག་ནི་འཕགས་པའི་བདེན་པ་རྣམས་སོ། །འདི་དག་ནི་བསམ་གཏན་རྣམས་སོ། །འདི་དག་ནི་ཚད་མྱེད་པ་རྣམས་སོ། །འདི་དག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །འདི་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །འདི་དག་ནི་མཐར་ཀྱིས་གནས་

པའི་སྙོམས་པར་འཇུག་པ་དགུའོ། །འདི་དག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །འདི་དག་ནི་མངོན་པར་ཤེས་པ་རྣམས་སོ། །འདི་དག་ནི་ཏིང་ངེ་འཛིན་རྣམས་སོ། །འདི་དག་ནི་གཟུངས་ཀྱི་སྒོ་རྣམས་སོ། །

Vol. 24 · folio 154a

འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །འདི་དག་ནི་མི་འཇིགས་པ་བཞིའོ། །འདི་དག་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ། །འདི་ནི་བྱམས་པ་ཆེན་པོའོ། །འདི་ནི་སྙིང་རྗེ་ཆེན་པོའོ། །འདི་དག་ནི་སངས་རྒྱས་ཀྱི་

ཆོས་མ་འདྲེས་པ་བཅྭོ་བརྒྱད་དོ། །འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདི་ནི་ཕྱིར་མྱི་འོང་བའི་འབྲས་བུའོ། །འདི་ནི་དགྲ་བཅོམ་པ་ཉིད་དོ། །འདི་ནི་རང་བྱང་ཆུབ་བོ། །འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །

འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བགྱི་བར། ཆོས་ཐམས་ཅད་རབ་ཏུ་རྟོགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་པའི་ཚེ། ཇི་ལྟར་བྱས་པས་གཟུགས་དམྱིགས་པར་འགྱུར་བ་དང་། ཚོར་བ་དམྱིགས་པར་འགྱུར་བ་དང་། འདུ་ཤེས་དམིགས་པར་འགྱུར་བ་དང་། འདུ་བྱེད་དམྱིགས་པར་འགྱུར་བ་དང་། རྣམ་པར་ཤེས་པ་དམྱིགས་པར་འགྱུར་བ་དང་།

མྱིག་དམྱིགས་པར་འགྱུར་བ་དང་། རྣ་བ་དམྱིགས་པར་འགྱུར་བ་དང་། སྣ་དམྱིགས་པར་འགྱུར་བ་དང་། ལྕེ་དམྱིགས་པར་འགྱུར་བ་དང་། ལུས་དམྱིགས་པར་འགྱུར་བ་དང་། ཡིད་དམྱིགས་པར་འགྱུར་བ་དང་། གཟུགས་དམྱིགས་པར་འགྱུར་བ་

དང་། སྒྲ་དམྱིགས་པར་འགྱུར་བ་དང་། དྲི་དམྱིགས་པར་འགྱུར་བ་དང་། རོ་དམྱིགས་པར་འགྱུར་བ་དང་། རེག་དམྱིགས་པར་འགྱུར་བ་དང་། ཆོས་དམྱིགས་པར་འགྱུར་བ་དང་། མྱིག་གི་རྣམ་པར་ཤེས་པ་དམྱིགས་པར་འགྱུར་བ་དང་། རྣ་བའི་རྣམ་

པར་ཤེས་པ་དམྱིགས་པར་འགྱུར་བ་དང་། སྣའི་རྣམ་པར་ཤེས་པ་དམྱིགས་པར་འགྱུར་བ་དང་། ལྕེའི་རྣམ་པར་ཤེས་པ་དམྱིགས་པར་འགྱུར་བ་དང་། ལུས་ཀྱི་རྣམ་པར་ཤེས་པ་དམྱིགས་པར་འགྱུར་བ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དམྱིགས་

Vol. 24 · folio 154b

པར་འགྱུར་བ་དང་། མྱིག་གི་འདུས་ཏེ་རེག་པ་དམྱིགས་པར་འགྱུར་བ་དང་། རྣ་བའི་འདུས་ཏེ་རེག་པ་དམྱིགས་པར་འགྱུར་བ་དང་། སྣའི་འདུས་ཏེ་རེག་པ་དམྱིགས་པར་འགྱུར་བ་དང་། ལྕེའི་འདུས་ཏེ་རེག་པ་དམིགས་པར་འགྱུར་བ་དང་། ལུས་ཀྱི་

འདུས་ཏེ་རེག་པ་དམྱིགས་པར་འགྱུར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དམྱིགས་པར་འགྱུར་བ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་པར་འགྱུར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་པར་འགྱུར་བ་དང་།

སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་པར་འགྱུར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་པར་འགྱུར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དམྱིགས་པར་འགྱུར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བ་དམྱིགས་པར་འགྱུར་བ་དང་། སའི་ཁམས་དམྱིགས་པར་འགྱུར་བ་དང་། ཆུའི་ཁམས་དམྱིགས་པར་འགྱུར་བ་དང་། མྱེའི་ཁམས་དམྱིགས་པར་འགྱུར་བ་དང་། རླུང་གི་ཁམས་དམྱིགས་པར་འགྱུར་བ་དང་། ནམ་མཁའི་

ཁམས་དམྱིགས་པར་འགྱུར་བ་དང་། རྣམ་པར་ཤེས་པའི་ཁམས་དམྱིགས་པར་འགྱུར་བ་དང་། མ་རིག་པ་དམྱིགས་པར་འགྱུར་བ་དང་། འདུ་བྱེད་དམྱིགས་པར་འགྱུར་བ་དང་། རྣམ་པར་ཤེས་པ་དམྱིགས་པར་འགྱུར་བ་དང་། མྱིང་དང་གཟུགས་

དམྱིགས་པར་འགྱུར་བ་དང་། སྐྱེ་མཆེད་དྲུག་དམྱིགས་པར་འགྱུར་བ་དང་། རེག་པ་དམྱིགས་པར་འགྱུར་བ་དང་། ཚོར་བ་དམྱིགས་པར་འགྱུར་བ་དང་། སྲེད་པ་དམྱིགས་པར་འགྱུར་བ་དང་། ལེན་པ་དམྱིགས་པར་འགྱུར་བ་དང་། སྲིད་པ་

དམྱིགས་པར་འགྱུར་བ་དང་། སྐྱེ་བ་དམྱིགས་པར་འགྱུར་བ་དང་། རྒ་ཤི་དམྱིགས་པར་འགྱུར་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམྱིགས་པར་འགྱུར་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་པར་འགྱུར་བ་དང་། བཟོད་པའི་ཕ་

Vol. 24 · folio 155a

རོལ་ཏུ་ཕྱིན་པ་དམྱིགས་པར་འགྱུར་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་པར་འགྱུར་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་པར་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་པར་

འགྱུར་བ་དང་། ནང་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། ཕྱི་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། ཕྱི་ནང་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། སྟོང་པ་ཉིད་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། ཆེན་པོ་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་།

དོན་དམ་པ་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། འདུས་བྱས་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། འདུས་མ་བྱས་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། ཐོག་མ་

དང་ཐ་མ་མྱེད་པ་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། དོར་བ་མྱེད་པ་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། རང་བཞིན་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། རང་གི་མཚན་

ཉིད་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། མྱི་དམྱིགས་པ་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་པར་འགྱུར་བ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་

པ་ཉིད་དམྱིགས་པར་འགྱུར་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་དམྱིགས་པར་འགྱུར་བ་དང་། ཡང་དག་པར་སྤོང་བ་རྣམས་དམྱིགས་པར་འགྱུར་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དམྱིགས་པར་འགྱུར་བ་དང་། དབང་པོ་རྣམས་དམྱིགས་

པར་འགྱུར་བ་དང་། སྟོབས་རྣམས་དམྱིགས་པར་འགྱུར་བ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དམྱིགས་པར་འགྱུར་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དམྱིགས་པར་འགྱུར་བ་དང་། འཕགས་པའི་བདེན་པ་རྣམས་དམྱིགས་པར་

Vol. 24 · folio 155b

འགྱུར་བ་དང་། བསམ་གཏན་རྣམས་དམྱིགས་པར་འགྱུར་བ་དང་། ཚད་མྱེད་པ་རྣམས་དམྱིགས་པར་འགྱུར་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དམྱིགས་པར་འགྱུར་བ་དང་། རྣམ་པར་ཐར་པ་བརྒྱད་དམྱིགས་པར་འགྱུར་བ་

དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དམྱིགས་པར་འགྱུར་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་དམྱིགས་པར་འགྱུར་བ་དང་། མངོན་པར་ཤེས་པ་རྣམས་དམྱིགས་པར་འགྱུར་

བ་དང་། ཏིང་ངེ་འཛིན་རྣམས་དམྱིགས་པར་འགྱུར་བ་དང་། གཟུངས་ཀྱི་སྒོ་རྣམས་དམྱིགས་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དམྱིགས་པར་འགྱུར་བ་དང་། མྱི་འཇིགས་པ་བཞི་དམྱིགས་པར་འགྱུར་བ་དང་། སོ་སོ་ཡང་དག་

པར་རིག་པ་བཞི་དམྱིགས་པར་འགྱུར་བ་དང་། བྱམས་པ་ཆེན་པོ་དམྱིགས་པར་འགྱུར་བ་དང་། སྙིང་རྗེ་ཆེན་པོ་དམྱིགས་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དམྱིགས་པར་འགྱུར་བ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་

དམྱིགས་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དམྱིགས་པར་འགྱུར་བ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དམྱིགས་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་དམྱིགས་པར་འགྱུར་བ་དང་། རང་བྱང་ཆུབ་དམྱིགས་པར་འགྱུར་བ་དང་།

ལམ་གྱི་རྣམ་པ་ཤེས་པ་ཉིད་དམྱིགས་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དམྱིགས་པར་འགྱུར་བ་དེ་ལྟར་ཆོས་རྣམས་རྟོགས་པར་མྱི་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཀྱང་མྱི་དམྱིགས། ཚོར་བ་ཡང་མྱི་དམྱིགས། འདུ་ཤེས་ཀྱང་མྱི་དམྱིགས། འདུ་བྱེད་ཀྱང་མྱི་དམྱིགས། རྣམ་པར་ཤེས་པ་ཡང་མྱི་དམྱིགས། མྱིག་ཀྱང་མྱི་དམྱིགས། རྣ་བ་ཡང་མི་

Vol. 24 · folio 156a

དམྱིགས། སྣ་ཡང་མྱི་དམྱིགས། ལྕེ་ཡང་མྱི་དམྱིགས། ལུས་ཀྱང་མྱི་དམྱིགས། ཡིད་ཀྱང་མྱི་དམྱིགས། གཟུགས་ཀྱང་མྱི་དམྱིགས། སྒྲ་ཡང་མྱི་དམྱིགས། དྲི་ཡང་མྱི་དམྱིགས། རོ་ཡང་མྱི་དམྱིགས། རེག་ཀྱང་མྱི་དམྱིགས།

ཆོས་ཀྱང་མྱི་དམྱིགས། མྱིག་གི་རྣམ་པར་ཤེས་པ་ཡང་མྱི་དམྱིགས། རྣ་བའི་རྣམ་པར་ཤེས་པ་ཡང་མྱི་དམྱིགས། སྣའི་རྣམ་པར་ཤེས་པ་ཡང་མྱི་དམྱིགས། ལྕེའི་རྣམ་པར་ཤེས་པ་ཡང་མྱི་དམྱིགས། ལུས་ཀྱི་རྣམ་པར་ཤེས་པ་ཡང་མྱི་དམྱིགས།

ཡིད་ཀྱི་རྣམ་པར་ཤེས་པ་ཡང་མྱི་དམྱིགས། མྱིག་གི་འདུས་ཏེ་རེག་པ་ཡང་མྱི་དམྱིགས། རྣ་བའི་འདུས་ཏེ་རེག་པ་ཡང་མྱི་དམྱིགས། སྣའི་འདུས་ཏེ་རེག་པ་ཡང་མྱི་དམྱིགས། ལྕེའི་འདུས་ཏེ་རེག་པ་ཡང་མྱི་དམྱིགས། ལུས་ཀྱི་འདུས་ཏེ་རེག་པ་ཡང་མྱི་

དམྱིགས། ཡིད་ཀྱི་འདུས་ཏེ་རེག་པ་ཡང་མྱི་དམྱིགས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱི་དམྱིགས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱི་དམྱིགས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱི་དམྱིགས། ལྕེའི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱི་དམྱིགས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱི་དམྱིགས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་མྱི་དམྱིགས། སའི་ཁམས་ཀྱང་མྱི་དམྱིགས། ཆུའི་ཁམས་ཀྱང་མྱི་དམྱིགས།

མྱེའི་ཁམས་ཀྱང་མི་དམྱིགས། རླུང་གི་ཁམས་ཀྱང་མྱི་དམྱིགས། ནམ་མཁའི་ཁམས་ཀྱང་མྱི་དམྱིགས། རྣམ་པར་ཤེས་པའི་ཁམས་ཀྱང་མྱི་དམྱིགས། མ་རིག་པ་ཡང་མྱི་དམྱིགས། འདུ་བྱེད་ཀྱང་མྱི་དམྱིགས། རྣམ་པར་ཤེས་པ་ཡང་མྱི་དམྱིགས།

མྱིང་དང་གཟུགས་ཀྱང་མྱི་དམྱིགས། སྐྱེ་མཆེད་དྲུག་ཀྱང་མྱི་དམྱིགས། རེག་པ་ཡང་མྱི་དམྱིགས། ཚོར་བ་ཡང་མྱི་དམྱིགས། སྲེད་པ་ཡང་མྱི་དམྱིགས། ལེན་པ་ཡང་མྱི་དམྱིགས། སྲིད་པ་ཡང་མྱི་དམྱིགས། སྐྱེ་བ་ཡང་མྱི་དམྱིགས། རྒ་ཤི་

Vol. 24 · folio 156b

ཡང་མྱི་དམྱིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མྱི་དམྱིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱི་དམྱིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མྱི་དམྱིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱི་དམྱིགས། བསམ་གཏན་གྱི་ཕ་རོལ་ཏུ་

ཕྱིན་པ་ཡང་མྱི་དམྱིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱི་དམྱིགས། ནང་སྟོང་པ་ཉིད་ཀྱང་མྱི་དམྱིགས། ཕྱི་སྟོང་པ་ཉིད་ཀྱང་མྱི་དམྱིགས། ཕྱི་ནང་སྟོང་པ་ཉིད་ཀྱང་མྱི་དམྱིགས། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས། ཆེན་པོ་སྟོང་པ་ཉིད་ཀྱང་

མྱི་དམྱིགས། དོན་དམ་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས། འདུས་བྱས་སྟོང་པ་ཉིད་ཀྱང་མྱི་དམྱིགས། འདུས་མ་བྱས་སྟོང་པ་ཉིད་ཀྱང་མྱི་དམྱིགས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས།

དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས། རང་བཞིན་སྟོང་པ་ཉིད་ཀྱང་མྱི་དམྱིགས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་མྱི་དམྱིགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས། དངོས་པོ་མྱེད་པ་

སྟོང་པ་ཉིད་ཀྱང་མྱི་དམྱིགས། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་མྱི་དམྱིགས། ཡང་དག་པར་སྤོང་བ་རྣམས་ཀྱང་མྱི་དམྱིགས། རྫུ་འཕྲུལ་གྱི་རྐང་པ་རྣམས་

ཀྱང་མྱི་དམྱིགས། དབང་པོ་རྣམས་ཀྱང་མྱི་དམྱིགས། སྟོབས་རྣམས་ཀྱང་མྱི་དམྱིགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་མྱི་དམྱིགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་མྱི་དམྱིགས། འཕགས་པའི་བདེན་པ་རྣམས་ཀྱང་མྱི་དམྱིགས།

བསམ་གཏན་རྣམས་ཀྱང་མྱི་དམྱིགས། ཚད་མྱེད་པ་རྣམས་ཀྱང་མྱི་དམྱིགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མྱི་དམྱིགས། རྣམ་པར་ཐར་པ་བརྒྱད་ཀྱང་མྱི་དམྱིགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་མྱི་

Vol. 24 · folio 157a

དམྱིགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་མྱི་དམྱིགས། མངོན་པར་ཤེས་པ་རྣམས་ཀྱང་མྱི་དམྱིགས། ཏིང་ངེ་འཛིན་རྣམས་ཀྱང་མྱི་དམྱིགས། གཟུངས་ཀྱི་སྒོ་རྣམས་ཀྱང་མྱི་

དམྱིགས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་མྱི་དམྱིགས། མྱི་འཇིགས་པ་བཞི་ཡང་མྱི་དམྱིགས། སོ་སོ་ཡང་དག་པར་རིག་པ་བཞི་ཡང་མི་དམྱིགས། བྱམས་པ་ཆེན་པོ་ཡང་མྱི་དམྱིགས། སྙིང་རྗེ་ཆེན་པོ་ཡང་མྱི་དམྱིགས། སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་མྱི་དམྱིགས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་མྱི་དམྱིགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་མྱི་དམྱིགས། ཕྱིར་མི་འོང་བའི་འབྲས་བུ་ཡང་མྱི་དམྱིགས། དགྲ་བཅོམ་པ་ཉིད་ཀྱང་མྱི་དམྱིགས། རང་བྱང་

ཆུབ་ཀྱང་མྱི་དམྱིགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་མྱི་དམྱིགས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱི་དམྱིགས་ན། འོ་ན་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཡོངས་སུ་རྫོགས་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ཡོངས་སུ་རྫོགས་པར་བགྱིས་ཤིང་། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་འགྱུར། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་ཆུད་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་འགྱུར། སངས་རྒྱས་ཀྱི་ཞིང་

ཡོངས་སུ་དག་པར་བགྱིས་ནས། སེམས་ཅན་ཡོངས་སུ་སྨྱིན་པར་བགྱིད་པར་འགྱུར། སེམས་ཅན་ཡོངས་སུ་སྨྱིན་པར་བགྱིས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བགྱིད་པར་འགྱུར། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་

Vol. 24 · folio 157b

ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། ཆོས་ཀྱི་འཁོར་ལོ་བསྐོར་ནས། སངས་རྒྱས་ཀྱི་ཕྲིན་ལས་སྒྲུབ་པར་འགྱུར། སངས་རྒྱས་ཀྱི་ཕྲིན་ལས་བསྒྲུབས་ཤིང་། སེམས་ཅན་རྣམས་འཁོར་བ་ནས་ཡོངས་སུ་འགྲོལ་བར་འགྱུར།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གཟུགས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཚོར་བའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །འདུ་

ཤེས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །འདུ་བྱེད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རྣམ་པར་ཤེས་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །མྱིག་གི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་མྱི་སྤྱོད་དོ། །རྣ་བའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྣའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ལྕེའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ལུས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་

སྤྱོད་དོ། །ཡིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །གཟུགས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྒྲའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དྲིའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་

དོ། །རོའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །རེག་གི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཆོས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །མིག་གི་རྣམ་པར་ཤེས་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

མྱི་སྤྱོད་དོ། །རྣ་བའི་རྣམ་པར་ཤེས་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྣའི་རྣམ་པར་ཤེས་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ལྕེའི་རྣམ་པར་ཤེས་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ལུས་ཀྱི་

Vol. 24 · folio 158a

རྣམ་པར་ཤེས་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །མྱིག་གི་འདུས་ཏེ་རེག་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་

དོ། །རྣ་བའི་འདུས་ཏེ་རེག་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྣའི་འདུས་ཏེ་རེག་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ལྕེའི་འདུས་ཏེ་རེག་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ལུས་ཀྱི་འདུས་

ཏེ་རེག་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རྣ་བའི་

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དོན་ཏུ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སའི་ཁམས་ཀྱི་

དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཆུའི་ཁམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །མྱེའི་ཁམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རླུང་གི་ཁམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་མྱི་སྤྱོད་དོ། །ནམ་མཁའི་ཁམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །མ་རིག་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །འདུ་བྱེད་

Vol. 24 · folio 158b

ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རྣམ་པར་ཤེས་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །མྱིང་དང་གཟུགས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྐྱེ་མཆེད་དྲུག་གི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་མི་སྤྱོད་དོ། །རེག་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཚོར་བའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྲེད་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ལེན་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་

སྤྱོད་དོ། །སྲིད་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྐྱེ་བའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རྒ་ཤིའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་མྱི་སྤྱོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ནང་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་མྱི་སྤྱོད་དོ། །ཕྱི་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ།

ཆེན་པོ་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །འདུས་མ་བྱས་

Vol. 24 · folio 159a

སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དོན་ཏུ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དབང་པོ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་མྱི་སྤྱོད་དོ། །སྟོབས་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་

སྤྱོད་དོ། །འཕགས་པའི་བདེན་པ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བསམ་གཏན་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཚད་མྱེད་པ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །

Vol. 24 · folio 159b

གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རྣམ་པར་ཐར་པ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དོན་ཏུ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །མངོན་པར་ཤེས་པ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །

ཏིང་ངེ་འཛིན་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་

དོ། །མྱི་འཇིགས་པ་བཞིའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སོ་སོ་ཡང་དག་པར་རིག་པ་བཞིའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བྱམས་པ་ཆེན་པོའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །

སྙིང་རྗེ་ཆེན་པོའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་

དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཕྱིར་མྱི་འོང་བའི་འབྲས་བུའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དགྲ་བཅོམ་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རང་

བྱང་ཆུབ་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །གསོལ་

Vol. 24 · folio 160a

པ། བཅོམ་ལྡན་འདས་གང་གི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་མ་བྱས་པ་སྟེ། ཆོས་ཐམས་ཅད་ནི་མངོན་པར་འདུས་མ་བྱས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་བྱས་པ་སྟེ། མངོན་པར་

འདུས་མ་བྱས་པའོ། །བྱང་ཆུབ་ཀྱང་མ་བྱས་པ་སྟེ། མངོན་པར་འདུས་མ་བྱས་པའོ། །བྱང་ཆུབ་སེམས་དཔའ་ཡང་མ་བྱས་པ་སྟེ། མངོན་པར་འདུས་མ་བྱས་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་བྱས་པ་དང་། མངོན་

པར་འདུས་མ་བྱས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་མ་བགྱིས་པ་སྟེ། མངོན་པར་འདུས་མ་བགྱིས་པ་ལགས་ན། འོ་ན་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་དང་།

རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་དང་། ཐེག་པ་གསུམ་པོ་འདི་དག་རྣམ་པར་དགོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མ་བྱས་མངོན་པར་འདུས་མ་བྱས་པའི་ཆོས་རྣམས་ལ་ནི་རྣམ་པར་དགོད་པ་གང་ཡང་དམྱིགས་

སུ་མྱེད་དེ། མངོན་པར་འདུས་བྱས་པ་དང་། མངོན་པར་བསམས་པའི་ཆོས་རྣམས་ལ་ནི་རྣམ་པར་དགོད་པར་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱིས་པ་ཐོས་པ་དང་མྱི་ལྡན་པའི་སོ་སོའི་སྐྱེ་བོ་རྣམས་ཕུང་པོ་ལྔ་ལ་མངོན་པར་ཞེན་ཅིང་།

གཟུགས་ལ་མངོན་པར་ཞེན། ཚོར་བ་ལ་མངོན་པར་ཞེན། འདུ་ཤེས་ལ་མངོན་པར་ཞེན། འདུ་བྱེད་ལ་མངོན་པར་ཞེན། རྣམ་པར་ཤེས་པ་ལ་མངོན་པར་ཞེན། མྱིག་ལ་མངོན་པར་ཞེན། རྣ་བ་ལ་མངོན་པར་ཞེན། སྣ་ལ་མངོན་པར་ཞེན། ལྕེ་ལ་མངོན་

Vol. 24 · folio 160b

པར་ཞེན། ལུས་ལ་མངོན་པར་ཞེན། ཡིད་ལ་མངོན་པར་ཞེན། གཟུགས་ལ་མངོན་པར་ཞེན། སྒྲ་ལ་མངོན་པར་ཞེན། དྲི་ལ་མངོན་པར་ཞེན། རོ་ལ་མངོན་པར་ཞེན། རེག་ལ་མངོན་པར་ཞེན། ཆོས་ལ་མངོན་པར་ཞེན། མྱིག་གི་རྣམ་པར་ཤེས་པ་ལ་

མངོན་པར་ཞེན། རྣ་བའི་རྣམ་པར་ཤེས་པ་ལ་མངོན་པར་ཞེན། སྣའི་རྣམ་པར་ཤེས་པ་ལ་མངོན་པར་ཞེན། ལྕེའི་རྣམ་པར་ཤེས་པ་ལ་མངོན་པར་ཞེན། ལུས་ཀྱི་རྣམ་པར་ཤེས་པ་ལ་མངོན་པར་ཞེན། ཡིད་ཀྱི་རྣམ་པར་ཤེས་པ་ལ་མངོན་པར་

ཞེན། མྱིག་གི་འདུས་ཏེ་རེག་པ་ལ་མངོན་པར་ཞེན། རྣ་བའི་འདུས་ཏེ་རེག་པ་ལ་མངོན་པར་ཞེན། སྣའི་འདུས་ཏེ་རེག་པ་ལ་མངོན་པར་ཞེན། ལྕེའི་འདུས་ཏེ་རེག་པ་ལ་མངོན་པར་ཞེན། ལུས་ཀྱི་འདུས་ཏེ་རེག་པ་ལ་མངོན་པར་ཞེན། ཡིད་ཀྱི་འདུས་ཏེ་

རེག་པ་ལ་མངོན་པར་ཞེན། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མངོན་པར་ཞེན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མངོན་པར་ཞེན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མངོན་པར་ཞེན། ལྕེའི་འདུས་ཏེ་རེག་པ་

ལས་བྱུང་བའི་ཚོར་བ་ལ་མངོན་པར་ཞེན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མངོན་པར་ཞེན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མངོན་པར་ཞེན། སའི་ཁམས་ལ་མངོན་པར་ཞེན། ཆུའི་ཁམས་ལ་མངོན་པར་ཞེན། མྱེའི་

ཁམས་ལ་མངོན་པར་ཞེན། རླུང་གི་ཁམས་ལ་མངོན་པར་ཞེན། ནམ་མཁའི་ཁམས་ལ་མངོན་པར་ཞེན། རྣམ་པར་ཤེས་པའི་ཁམས་ལ་མངོན་པར་ཞེན། མ་རིག་པ་ལ་མངོན་པར་ཞེན། འདུ་བྱེད་ལ་མངོན་པར་ཞེན། རྣམ་པར་ཤེས་པ་ལ་མངོན་པར་

ཞེན། མྱིང་དང་གཟུགས་ལ་མངོན་པར་ཞེན། སྐྱེ་མཆེད་དྲུག་ལ་མངོན་པར་ཞེན། རེག་པ་ལ་མངོན་པར་ཞེན། ཚོར་བ་ལ་མངོན་པར་ཞེན། སྲེད་པ་ལ་མངོན་པར་ཞེན། ལེན་པ་ལ་མངོན་པར་ཞེན། སྲིད་པ་ལ་མངོན་པར་ཞེན། སྐྱེ་བ་ལ་མངོན་པར་ཞེན།

Vol. 24 · folio 161a

རྒ་ཤི་ལ་མངོན་པར་ཞེན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་

པར་ཞེན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཞེན། ནང་སྟོང་པ་ཉིད་ལ་མངོན་པར་ཞེན། ཕྱི་སྟོང་པ་ཉིད་ལ་མངོན་པར་ཞེན། ཕྱི་ནང་སྟོང་པ་ཉིད་ལ་མངོན་པར་ཞེན། སྟོང་པ་ཉིད་

སྟོང་པ་ཉིད་ལ་མངོན་པར་ཞེན། ཆེན་པོ་སྟོང་པ་ཉིད་ལ་མངོན་པར་ཞེན། དོན་དམ་པ་སྟོང་པ་ཉིད་ལ་མངོན་པར་ཞེན། འདུས་བྱས་སྟོང་པ་ཉིད་མངོན་པར་ཞེན། འདུས་མ་བྱས་སྟོང་པ་ཉིད་ལ་མངོན་པར་ཞེན། མཐའ་ལས་འདས་པ་སྟོང་པ་ཉིད་

ལ་མངོན་པར་ཞེན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་ཞེན། དོར་བ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་ཞེན། རང་བཞིན་སྟོང་པ་ཉིད་ལ་མངོན་པར་ཞེན། ཆོས་ཐམས་ཅད་སྟོང་པ་ཉིད་ལ་མངོན་པར་ཞེན། རང་གི་མཚན་ཉིད་

སྟོང་པ་ཉིད་ལ་མངོན་པར་ཞེན། མི་དམྱིགས་པ་སྟོང་པ་ཉིད་ལ་མངོན་པར་ཞེན། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་ཞེན། ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་པར་ཞེན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་པར་ཞེན། དྲན་པ་ཉེ་

བར་གཞག་པ་རྣམས་ལ་མངོན་པར་ཞེན། ཡང་དག་པར་སྤོང་བ་རྣམས་ལ་མངོན་པར་ཞེན། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མངོན་པར་ཞེན། དབང་པོ་རྣམས་ལ་མངོན་པར་ཞེན། སྟོབས་རྣམས་ལ་མངོན་པར་ཞེན། བྱང་ཆུབ་ཀྱི་ཡན་ལག་

རྣམས་ལ་མངོན་པར་ཞེན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མངོན་པར་ཞེན། འཕགས་པའི་བདེན་པ་རྣམས་ལ་མངོན་པར་ཞེན། བསམ་གཏན་རྣམས་ལ་མངོན་པར་ཞེན། ཚད་མྱེད་པ་རྣམས་ལ་མངོན་པར་ཞེན། གཟུགས་

Vol. 24 · folio 161b

མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་ཞེན། རྣམ་པར་ཐར་པ་བརྒྱད་ལ་མངོན་པར་ཞེན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མངོན་པར་ཞེན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་།

སྨོན་པ་མྱེད་པ་ལ་མངོན་པར་ཞེན། མངོན་པར་ཤེས་པ་རྣམས་ལ་མངོན་པར་ཞེན། ཏིང་ངེ་འཛིན་རྣམས་ལ་མངོན་པར་ཞེན། གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་ཞེན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མངོན་པར་ཞེན། མྱི་འཇིགས་

པ་བཞི་ལ་མངོན་པར་ཞེན། སོ་སོ་ཡང་དག་པར་རིག་པ་བཞི་ལ་མངོན་པར་ཞེན། བྱམས་པ་ཆེན་པོ་ལ་མངོན་པར་ཞེན། སྙིང་རྗེ་ཆེན་པོ་ལ་མངོན་པར་ཞེན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མངོན་པར་ཞེན། རྒྱུན་ཏུ་ཞུགས་

པའི་འབྲས་བུ་ལ་མངོན་པར་ཞེན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མངོན་པར་ཞེན། ཕྱིར་མྱི་འོང་བའི་འབྲས་བུ་ལ་མངོན་པར་ཞེན། དགྲ་བཅོམ་པ་ཉིད་ལ་མངོན་པར་ཞེན། རང་བྱང་ཆུབ་ལ་མངོན་པར་ཞེན། ལམ་གྱི་རྣམ་པ་ཤེས་པ་

ཉིད་ལ་མངོན་པར་ཞེན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཞེན་ནས། གཟུགས་ཀྱིས་རློམ་སེམས་སུ་བྱེད་ཅིང་། གཟུགས་སུ་དམྱིགས་སོ། །ཚོར་བས་རློམ་སེམས་སུ་བྱེད་ཅིང་། ཚོར་བར་དམྱིགས་སོ། །འདུ་ཤེས་ཀྱིས་རློམ་

སེམས་སུ་བྱེད་ཅིང་། འདུ་ཤེས་སུ་དམྱིགས་སོ། །འདུ་བྱེད་ཀྱིས་རློམ་སེམས་སུ་བྱེད་ཅིང་། འདུ་བྱེད་དུ་དམྱིགས་སོ། །རྣམ་པར་ཤེས་པས་རློམ་སེམས་སུ་བྱེད་ཅིང་། རྣམ་པར་ཤེས་པར་དམྱིགས་སོ། །མྱིག་གིས་རློམ་སེམས་སུ་བྱེད་ཅིང་།

མྱིག་ཏུ་དམྱིགས་སོ། །རྣ་བས་རློམ་སེམས་སུ་བྱེད་ཅིང་། རྣ་བར་དམྱིགས་སོ། །སྣས་རློམ་སེམས་སུ་བྱེད་ཅིང་། སྣར་དམྱིགས་སོ། །ལྕེས་རློམ་སེམས་སུ་བྱེད་ཅིང་། ལྕེར་དམྱིགས་སོ། །ལུས་ཀྱིས་རློམ་སེམས་སུ་བྱེད་ཅིང་། ལུས་སུ་

Vol. 24 · folio 162a

དམྱིགས་སོ། །ཡིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། ཡིད་དུ་དམྱིགས་སོ། །གཟུགས་ཀྱིས་རློམ་སེམས་སུ་བྱེད་ཅིང་། གཟུགས་སུ་དམྱིགས་སོ། །སྒྲས་རློམ་སེམས་སུ་བྱེད་ཅིང་། སྒྲར་དམྱིགས་སོ། །དྲིས་རློམ་སེམས་སུ་

བྱེད་ཅིང་། དྲིར་དམྱིགས་སོ། །རོས་རློམ་སེམས་སུ་བྱེད་ཅིང་། རོར་དམྱིགས་སོ། །རེག་གིས་རློམ་སེམས་སུ་བྱེད་ཅིང་། རེག་ཏུ་དམྱིགས་སོ། །ཆོས་ཀྱིས་རློམ་སེམས་སུ་བྱེད་ཅིང་། ཆོས་སུ་དམྱིགས་སོ། །མྱིག་གི་རྣམ་པར་ཤེས་པས་རློམ་

སེམས་སུ་བྱེད་ཅིང་། མྱིག་གི་རྣམ་པར་ཤེས་པར་དམྱིགས་སོ། །རྣ་བའི་རྣམ་པར་ཤེས་པས་རློམ་སེམས་སུ་བྱེད་ཅིང་། རྣ་བའི་རྣམ་པར་ཤེས་པར་དམྱིགས་སོ། །སྣའི་རྣམ་པར་ཤེས་པས་རློམ་སེམས་སུ་བྱེད་ཅིང་། སྣའི་རྣམ་པར་ཤེས་

པར་དམྱིགས་སོ། །ལྕེའི་རྣམ་པར་ཤེས་པས་རློམ་སེམས་སུ་བྱེད་ཅིང་། ལྕེའི་རྣམ་པར་ཤེས་པར་དམྱིགས་སོ། །ལུས་ཀྱི་རྣམ་པར་ཤེས་པས་རློམ་སེམས་སུ་བྱེད་ཅིང་། ལུས་ཀྱི་རྣམ་པར་ཤེས་པར་དམྱིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པས་

རློམ་སེམས་སུ་བྱེད་ཅིང་། ཡིད་ཀྱི་རྣམ་པར་ཤེས་པར་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པས་རློམ་སེམས་སུ་བྱེད་ཅིང་། མྱིག་གི་འདུས་ཏེ་རེག་པར་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པས་རློམ་སེམས་སུ་བྱེད་ཅིང་། རྣ་བའི་འདུས་ཏེ་རེག་

པར་དམྱིགས་སོ། །སྣའི་འདུས་ཏེ་རེག་པས་རློམ་སེམས་སུ་བྱེད་ཅིང་། སྣའི་འདུས་ཏེ་རེག་པར་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པས་རློམ་སེམས་སུ་བྱེད་ཅིང་། ལྕེའི་འདུས་ཏེ་རེག་པར་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པས་རློམ་སེམས་སུ་

བྱེད་ཅིང་། ལུས་ཀྱི་འདུས་ཏེ་རེག་པར་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པས་རློམ་སེམས་སུ་བྱེད་ཅིང་། ཡིད་ཀྱི་འདུས་ཏེ་རེག་པར་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་རློམ་སེམས་སུ་བྱེད་ཅིང་། མྱིག་གི་འདུས་ཏེ་རེག་པའི་

Vol. 24 · folio 162b

རྐྱེན་ཀྱིས་ཚོར་བར་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་རློམ་སེམས་སུ་བྱེད་ཅིང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དམྱིགས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་རློམ་སེམས་སུ་བྱེད་ཅིང་། སྣའི་འདུས་ཏེ་

རེག་པའི་རྐྱེན་ཀྱིས་ཚོར་བར་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་རློམ་སེམས་སུ་བྱེད་ཅིང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་རློམ་སེམས་སུ་བྱེད་ཅིང་། ལུས་

ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་རློམ་སེམས་སུ་བྱེད་ཅིང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་དམྱིགས་སོ། །སའི་ཁམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། སའི་

ཁམས་སུ་དམྱིགས་སོ། །ཆུའི་ཁམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། ཆུའི་ཁམས་སུ་དམྱིགས་སོ། །མྱེའི་ཁམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། མྱེའི་ཁམས་སུ་དམྱིགས་སོ། །རླུང་གི་ཁམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། རླུང་གི་ཁམས་

སུ་དམྱིགས་སོ། །ནམ་མཁའི་ཁམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། ནམ་མཁའི་ཁམས་སུ་དམྱིགས་སོ། །རྣམ་པར་ཤེས་པའི་ཁམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། རྣམ་པར་ཤེས་པའི་ཁམས་སུ་དམྱིགས་སོ། །མ་རིག་པས་རློམ་སེམས་

སུ་བྱེད་ཅིང་། མ་རིག་པར་དམྱིགས་སོ། །འདུ་བྱེད་ཀྱིས་རློམ་སེམས་སུ་བྱེད་ཅིང་། འདུ་བྱེད་དུ་དམྱིགས་སོ། །རྣམ་པར་ཤེས་པས་རློམ་སེམས་སུ་བྱེད་ཅིང་། རྣམ་པར་ཤེས་པར་དམྱིགས་སོ། །མྱིང་དང་གཟུགས་ཀྱིས་རློམ་སེམས་སུ་བྱེད་ཅིང་།

མྱིང་དང་གཟུགས་སུ་དམྱིགས་སོ། །སྐྱེ་མཆེད་དྲུག་གིས་རློམ་སེམས་སུ་བྱེད་ཅིང་། སྐྱེ་མཆེད་དྲུག་ཏུ་དམྱིགས་སོ། །རེག་པས་རློམ་སེམས་སུ་བྱེད་ཅིང་། རེག་པར་དམྱིགས་སོ། །ཚོར་བས་རློམ་སེམས་སུ་བྱེད་ཅིང་། ཚོར་བར་དམྱིགས་སོ། །

Vol. 24 · folio 163a

སྲེད་པས་རློམ་སེམས་སུ་བྱེད་ཅིང་། སྲེད་པར་དམྱིགས་སོ། །ལེན་པས་རློམ་སེམས་སུ་བྱེད་ཅིང་། ལེན་པར་དམྱིགས་སོ། །སྲིད་པས་རློམ་སེམས་སུ་བྱེད་ཅིང་། སྲིད་པར་དམྱིགས་སོ། །སྐྱེ་བས་རློམ་སེམས་སུ་བྱེད་

ཅིང་། སྐྱེ་བར་དམྱིགས་སོ། །རྒ་ཤིས་རློམ་སེམས་སུ་བྱེད་ཅིང་། རྒ་ཤིར་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་

སུ་བྱེད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པར་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། བརྩོན་འགྲུས་

ཀྱི་ཕ་རོལ་ཏུ་ཕྱིན་པར་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་བྱེད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པར་དམྱིགས་སོ། །ནང་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། ནང་སྟོང་པ་ཉིད་དུ་དམྱིགས་སོ། །ཕྱི་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། ཕྱི་སྟོང་པ་ཉིད་དུ་དམྱིགས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་།

ཕྱི་ནང་སྟོང་པ་ཉིད་དུ་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། སྟོང་པ་ཉིད་སྟོང་པ་ཉིད་དུ་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། ཆེན་པོ་སྟོང་པ་ཉིད་དུ་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་

ཀྱིས་རློམ་སེམས་སུ་བྱེད་ཅིང་། དོན་དམ་པ་སྟོང་པ་ཉིད་དུ་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། འདུས་བྱས་སྟོང་པ་ཉིད་དུ་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། འདུས་མ་

Vol. 24 · folio 163b

བྱས་སྟོང་པ་ཉིད་དུ་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། མཐའ་ལས་འདས་པ་སྟོང་པ་ཉིད་དུ་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། ཐོག་མ་དང་ཐ་མ་

མྱེད་པ་སྟོང་པ་ཉིད་དུ་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། དོར་བ་མྱེད་པ་སྟོང་པ་ཉིད་དུ་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། རང་བཞིན་སྟོང་པ་ཉིད་དུ་དམྱིགས་སོ། །

ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། རང་གི་མཚན་ཉིད་སྟོང་པ་ཉིད་དུ་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་

ཀྱིས་རློམ་སེམས་སུ་བྱེད་ཅིང་། མྱི་དམྱིགས་པ་སྟོང་པ་ཉིད་དུ་དམྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། དངོས་པོ་མྱེད་པ་སྟོང་པ་ཉིད་དུ་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། ངོ་བོ་ཉིད་

སྟོང་པ་ཉིད་དུ་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། དྲན་པ་ཉེ་བར་གཞག་པ་རྣམས་

སུ་དམྱིགས་སོ། །ཡང་དག་པར་སྤོང་བ་རྣམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། ཡང་དག་པར་སྤོང་བ་རྣམས་སུ་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་དམྱིགས་སོ། །དབང་པོ་རྣམས་

ཀྱིས་རློམ་སེམས་སུ་བྱེད་ཅིང་། དབང་པོ་རྣམས་སུ་དམྱིགས་སོ། །སྟོབས་རྣམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། སྟོབས་རྣམས་སུ་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་

Vol. 24 · folio 164a

དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པས་རློམ་སེམས་སུ་བྱེད་ཅིང་། འཕགས་པའི་ལམ་ཡན་ལག་བརྒྱད་པར་དམྱིགས་སོ། །འཕགས་པའི་བདེན་པ་རྣམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། འཕགས་པའི་བདེན་

པ་རྣམས་སུ་དམྱིགས་སོ། །བསམ་གཏན་རྣམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། བསམ་གཏན་རྣམས་སུ་དམྱིགས་སོ། །ཚད་མེད་པ་རྣམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། ཚད་མྱེད་པ་རྣམས་སུ་དམྱིགས་སོ། །གཟུགས་མེད་པའི་སྙོམས་

པར་འཇུག་པ་རྣམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སུ་དམྱིགས་སོ། །རྣམ་པར་ཐར་པ་བརྒྱད་ཀྱིས་རློམ་སེམས་སུ་བྱེད་ཅིང་། རྣམ་པར་ཐར་པ་བརྒྱད་དུ་དམྱིགས་སོ། མཐར་ཀྱིས་གནས་པའི་

སྙོམས་པར་འཇུག་པ་དགུས་རློམ་སེམས་སུ་བྱེད་ཅིང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུར་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་རློམ་སེམས་སུ་བྱེད་ཅིང་།

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པར་དམྱིགས་སོ། །མངོན་པར་ཤེས་པ་རྣམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། མངོན་པར་ཤེས་པ་རྣམས་སུ་དམྱིགས་སོ། །ཏིང་ངེ་འཛིན་རྣམས་ཀྱིས་རློམ་སེམས་སུ་བྱེད་

ཅིང་། ཏིང་ངེ་འཛིན་རྣམས་སུ་དམྱིགས་སོ། །གཟུངས་ཀྱི་སྒོ་རྣམས་ཀྱིས་རློམ་སེམས་སུ་བྱེད་ཅིང་། གཟུངས་ཀྱི་སྒོ་རྣམས་སུ་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུས་རློམ་སེམས་སུ་བྱེད་ཅིང་། དེ་བཞིན་གཤེགས་པའི་སྟོབས་བཅུར་

དམྱིགས་སོ། །མྱི་འཇིགས་པ་བཞིས་རློམ་སེམས་སུ་བྱེད་ཅིང་། མྱི་འཇིགས་པ་བཞིར་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་བཞིས་རློམ་སེམས་སུ་བྱེད་ཅིང་། སོ་སོ་ཡང་དག་པར་རིག་པ་བཞིར་དམྱིགས་སོ། །བྱམས་པ་ཆེན་པོས་རློམ་

Vol. 24 · folio 164b

སེམས་སུ་བྱེད་ཅིང་། བྱམས་པ་ཆེན་པོར་དམྱིགས་སོ། །སྙིང་རྗེ་ཆེན་པོས་རློམ་སེམས་སུ་བྱེད་ཅིང་། སྙིང་རྗེ་ཆེན་པོར་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་རློམ་སེམས་སུ་བྱེད་ཅིང་། སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་བཅྭོ་བརྒྱད་དུ་དམྱིགས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུས་རློམ་སེམས་སུ་བྱེད་ཅིང་། རྒྱུན་ཏུ་ཞུགས་པའི་འབྲས་བུར་དམྱིགས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུས་རློམ་སེམས་སུ་བྱེད་ཅིང་། ལན་ཅིག་ཕྱིར་འོང་བའི་

འབྲས་བུར་དམྱིགས་སོ། །ཕྱིར་མྱི་འོང་བའི་འབྲས་བུས་རློམ་སེམས་སུ་བྱེད་ཅིང་། ཕྱིར་མྱི་འོང་བའི་འབྲས་བུར་དམྱིགས་སོ། །དགྲ་བཅོམ་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། དགྲ་བཅོམ་པ་ཉིད་དུ་དམྱིགས་སོ། །རང་བྱང་ཆུབ་ཀྱིས་

རློམ་སེམས་སུ་བྱེད་ཅིང་། རང་བྱང་ཆུབ་ཏུ་དམྱིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་རློམ་སེམས་སུ་བྱེད་ཅིང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་དམྱིགས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་རློམ་སེམས་སུ་བྱེད་

ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དམྱིགས་ཏེ། དེ་འདི་སྙམ་དུ་བདག་གིས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །བདག་གིས་སེམས་ཅན་རྣམས་འཁོར་བ་ནས་དགྲོལ་བར་བྱའོ། །སྙམ་དུ་སེམས་ཤིང་དེ་

དེ་ལྟར་ཡང་དག་པ་མ་ཡིན་པར་རྣམ་པར་རྟོག་གོ །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མྱིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་།

གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་དང་། མྱིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་

Vol. 24 · folio 165a

པ་དང་། མྱིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་

དང་། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མྱིང་དང་གཟུགས་དང་། སྐྱེ་མཆེད་

དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་

པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་

སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་

ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་

Vol. 24 · folio 165b

རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མྱེད་པ་རྣམས་དང་།

གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་།

ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་

བརྒྱད་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ནི། སངས་རྒྱས་རྣམས་ཀྱི་སྤྱན་ལྔས་ཀྱང་མ་དམྱིགས་ན། སྐྱེས་བུ་གླེན་པ་ལོང་བ་མྱིག་མྱེད་པ་དེ་དག་ནི། སེམས་ཅན་རྣམས་འཁོར་བ་ནས་དགྲོལ་བར་འདོད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ།

བམ་པོ་བཅུ་གཅིག་པ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་ལྔས་ཀྱང་སེམས་ཅན་གང་འཁོར་བ་ལས་ཡོངས་སུ་དགྲོལ་བར་བགྱི་བ་དེ་ལྟ་བུ་

མ་གཟིགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཡང་དག་པར་ངེས་པ་དང་མ་ངེས་པ་དང་། ལོག་པར་ངེས་པའི་ཕུང་

Vol. 24 · folio 166a

པོ་གསུམ་དུ་ལུང་བསྟན་པར་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ངས་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཡང་དག་པར་ངེས་པ་དང་། མ་

ངེས་པ་དང་། ལོག་པར་ངེས་པའི་སེམས་ཅན་གང་ཡང་མ་དམྱིགས་ཏེ། རབ་འབྱོར་འོན་ཀྱང་སེམས་ཅན་དངོས་པོ་མྱེད་པ་ལ་དངོས་པོར་འདུ་ཤེས་པ་དེ་དག་ཡང་དག་པ་མ་ཡིན་པར་འཛིན་པ་ལས་གདོན་པ་ནི་འཇིག་རྟེན་གྱི་ཐ་སྙད་དུའི་དོན་དམ་པར་མ་ཡིན་

ནོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་དོན་དམ་པ་ལ་བཞུགས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་ཕྱིན་

ཅི་ལོག་ལ་བཞུགས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དོན་དམ་པ་ལ་བཞུགས་

ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མ་ལགས་ལ། ཕྱིན་ཅི་ལོག་ལ་བཞུགས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡང་མ་ལགས་ན།

བཅོམ་ལྡན་འདས་འོ་ན་དེ་བཞིན་གཤེགས་པས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་པ་འམ། གཅིག་ཏུ་མྱི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་པ་མ་ཡིན་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

Vol. 24 · folio 166b

ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ཡང་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་གང་ལ་ཡང་གནས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་ནོ། །རབ་འབྱོར་

འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་སྤྲུལ་པ་ནི་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་གང་ལ་ཡང་གནས་པ་མ་ཡིན་ཏེ། འོན་ཀྱང་དེ་བཞིན་གཤེགས་པ་སྤྲུལ་པ་དེ་ནི་འགྲོ་ཞིང་འོང་བ་དང་། གནས་ཤིང་འདུག་པ་ཡང་ཡོད་དོ། །

དེས་གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིནད་པ་ལ་སྤྱད། ནང་སྟོང་པ་ཉིད་ལ་སྤྱད། ཕྱི་སྟོང་པ་ཉིད་ལ་སྤྱད། ཕྱི་ནང་སྟོང་པ་ཉིད་ལ་སྤྱད། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱད། ཆེན་པོ་སྟོང་པ་ཉིད་ལ་སྤྱད། དོན་དམ་པ་སྟོང་པ་ཉིད་ལ་སྤྱད། འདུས་བྱས་སྟོང་པ་ཉིད་ལ་སྤྱད།

འདུས་མ་བྱས་སྟོང་པ་ཉིད་ལ་སྤྱད། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱད། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱད། རང་བཞིན་སྟོང་པ་ཉིད་ལ་སྤྱད། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱད། རང་གི་མཚན་

ཉིད་སྟོང་པ་ཉིད་ལ་སྤྱད། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱད། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱད། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད། དྲན་པ་ཉེ་བར་གཞག་པ་བཞི་ལ་བསྒོམས། ཡང་དག་པར་སྤོང་བ་

བཞི་ལ་བསྒོམས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བསྒོམས། དབང་པོ་ལྔ་ལ་བསྒོམས། སྟོབས་ལྔ་ལ་བསྒོམས། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསྒོམས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསྒོམས། འཕགས་པའི་བདེན་པ་བཞི་ལ་

Vol. 24 · folio 167a

བསྒོམས། བསམ་གཏན་བཞི་ལ་ཉེ་བར་བསྒྲུབས་ཏེ་གནས། ཚད་མྱེད་པ་བཞི་ལ་ཉེ་བར་བསྒྲུབས་ཏེ་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་ཉེ་བར་བསྒྲུབས་ཏེ་གནས། རྣམ་པར་ཐར་པ་བརྒྱད་ལ་

ཉེ་བར་བསྒྲུབས་ཏེ་གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཉེ་བར་བསྒྲུབས་ཏེ་གནས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས། སྨོན་པ་མྱེད་

པའི་ཏིང་ངེ་འཛིན་ལ་ཉེ་བར་བསྒྲུབས་ཏེ་གནས། མངོན་པར་ཤེས་པ་རྣམས་ལ་ཉེ་བར་བསྒྲུབས་ཏེ་གནས། ཏིང་ངེ་འཛིན་རྣམས་ལ་ཉེ་བར་བསྒྲུབས་ཏེ་གནས། གཟུངས་ཀྱི་སྒོ་རྣམས་ལ་ཉེ་བར་བསྒྲུབས། དེ་བཞིན་གཤེགས་པའི་སྟོབས་བཅུ་

བསྒོམས། མྱི་འཇིགས་པ་བཞི་བསྒོམས། སོ་སོ་ཡང་དག་པར་རིག་པ་བཞི་བསྒོམས། བྱམས་པ་ཆེན་པོ་བསྒོམས། སྙིང་རྗེ་ཆེན་པོ་བསྒོམས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བསྒོམས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་

ཚད་མྱེད་དཔག་ཏུ་མེད་པ་མངོན་པར་སྤྲུལ་ཏེ། ཕུང་པོ་གསུམ་དུ་ལུང་བསྟན་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྤྲུལ་པ་དེས་སེམས་ཅན་གང་ཡང་ཕུང་པོར་བྱས་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་མཁྱེན་ཅིང་ཐུགས་སུ་ཆུད་དེ། སྤྲུལ་པ་ལྟ་བུར་མཁྱེན་ནས། སེམས་ཅན་གང་ཡང་དམྱིགས་པ་མྱེད་དོ། །བཏུལ་བ་མྱེད་དོ། །རབ་

Vol. 24 · folio 167b

འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟ་སྟེ། དེ་བཞིན་གཤེགས་པ་སྤྲུལ་པ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་

ན། དེ་བཞིན་གཤེགས་པ་དང་སྤྲུལ་པ་ལ་ཁྱད་པར་དང་བྱེ་བྲག་ཅི་ཞིག་མཆིས། ཅི་ལས་དགོངས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པ་དང་། སྤྲུལ་པ་ལ་ཁྱད་པར་དང་། བྱེ་བྲག་གང་ཡང་མྱི་དམྱིགས་

ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དང་སྤྲུལ་པ་ལ་ནི་ཁྱད་པར་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་ཕྲིན་ལས་གང་མཛད་པའི་ལས་དེ་ནི་སྤྲུལ་པ་ཡང་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། དེ་བཞིན་

གཤེགས་པ་མྱི་བཞུགས་ན། སྤྲུལ་པ་ལས་བགྱིད་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱི་བཞུགས་ན། ཇི་ལྟར་སྤྲུལ་པ་ལས་བགྱིད་པར་འགྱུར།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞི་བའི་བློ་གྲོས་ཀྱིས། བྱང་ཆུབ་སེམས་དཔའ་མ་གཟིགས་ནས། དེ་བཞིན་གཤེགས་པའི་སྐུ་

སྤྲུལ་ཏེ། ཡོངས་སུ་མྱ་ངན་ལས་འདས་སོ། །སྤྲུལ་པ་དེས་དེའི་ཕྱི་ན་བསྐལ་པ་གཅིག་ཏུ་སངས་རྒྱས་ཀྱི་བྱ་བ་བྱས་ཏེ། དེའི་རྗེས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་བསྟན་ནས། ཡོངས་སུ་མྱ་ངན་ལས་འདས་པར་གྲགས་ཀྱང་།

སྤྲུལ་པ་ལ་སྐྱེ་བའམ། ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡང་མྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཡིད་ཆེས་པར་བྱས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

Vol. 24 · folio 168a

སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་སྤྲུལ་པ་དང་། དེ་བཞིན་གཤེགས་པ་ལ་ཁྱད་པར་མ་མཆིས་ན། ཡོན་ཡོངས་སུ་དག་པར་ཡང་ཇི་ལྟར་འགྱུར། བཅོམ་ལྡན་འདས་སེམས་ཅན་བསོད་

ནམས་འཚལ་བ་དང་། མྱ་ངན་ལས་འདའ་བ་དོན་དུ་གཉེར་བ་འདི་དག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡོན་ཕུལ་ན། དེ་ནི་སེམས་ཅན་དེ་དག་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་

སུ་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་གྱི་བར་དུ་ནམ་ཡང་བས་པར་མྱི་འགྱུར་ན། བཅོམ་ལྡན་འདས་ཅི་ལགས། དེ་བཞིན་དུ་སེམས་ཅན་གང་དག་གིས་དེ་བཞིན་གཤེགས་པ་སྤྲུལ་པ་ལ་ཡོན་ཕུལ་ན་ཡང་སེམས་ཅན་དེ་དག་ཕུང་པོ་མ་ལུས་པའི་མྱ་ངན་

ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་གྱི་བར་དུ་ནམ་ཡང་བས་པར་མྱི་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཉིད་གང་གིས་དེ་བཞིན་གཤེགས་པ་ལ་ལྷ་དང་བཅས་པའི་

འཇིག་རྟེན་གྱི་ཡོན་གྱི་གནས་སུ་གྱུར་པའི་ཆོས་ཉིད་དེ་ཉིད་ཀྱིས་སྤྲུལ་པ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡོན་གྱི་གནས་སོ། །རབ་འབྱོར་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ལྟ་ཞོག་སྟེ། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ཡོན་ཕུལ་བ་

ལྟ་ཡང་ཞོག་གི །རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་བྱམས་པ་དང་ལྡན་པར་དེ་བཞིན་གཤེགས་པ་ཡིད་ལ་བྱས་ན། དེ་ཐམས་ཅད་དགེ་བའི་རྩ་བ་དེའི་མཐར་མ་ཕྱིན་པར་སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་རོ། །རབ་

འབྱོར་བྱམས་པ་དང་ལྡན་པར་ཡིད་ལ་བྱེད་པ་ལྟ་ཞོག་གི། རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་ཡིད་ལ་བྱས་ཤིང་། ནམ་མཁའ་ལ་མེ་ཏོག་གཏོར་ན། དེ་ཐམས་ཅད་ཀྱང་དགེ་བའི་རྩ་བ་དེའི་མཐར་མ་

Vol. 24 · folio 168b

ཕྱིན་པར་སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་རོ། །རབ་འབྱོར་བྱམས་པ་དང་ལྡན་པར་ཡིད་ལ་བྱེད་པ་ལྟ་ཞོག་སྟེ། ནམ་མཁའ་ལ་མེ་ཏོག་འཐོར་བ་ལྟ་ཡང་ཞོག་གི །རབ་འབྱོར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས་རྒྱས་ལ་

ཕྱག་འཚལ་ལོ་ཞེས་རྗོད་ན་དེ་དག་ཐམས་ཅད་ཀྱང་རིམ་གྱིས་སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་དོན་ཆེ་བ་ནི་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་སྟེ། དེ་ལྟ་བུའི་ལེགས་པ་ཆེན་པོ་དང་། དེ་ལྟ་བུའི་ཡོན་ཏན་ཆེན་པོ་ཡོད་དོ། །

རབ་འབྱོར་རྣམ་གྲངས་དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་བརྩན་པར་བྱས་ན། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་བྱེ་བྲག་གང་ཡང་མྱེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས་ཆོས་རྣམས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཆོས་རྣམས་ཀྱི་ཆོས་ཉིད་དེ་ཡང་རྣམ་པར་འཁྲུག་པར་མི་བྱ་སྟེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་

ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་

བྱའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མི་བྱའོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་

Vol. 24 · folio 169a

ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་ནང་སྟོང་པ་ཉིད་དོ། །འདི་ནི་ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་ཕྱི་སྟོང་པ་ཉིད་དོ། །འདི་ནི་ཕྱི་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་

རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་ཕྱི་ནང་སྟོང་པ་ཉིད་དོ། །འདི་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་

པར་མྱི་བྱའོ། །འདི་ནི་ཆེན་པོ་སྟོང་པ་ཉིད་དོ། །འདི་ནི་ཆེན་པོ་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདི་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །

འདི་ནི་འདུས་བྱས་སྟོང་པ་ཉིད་དོ། །འདི་ནི་འདུས་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །འདི་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །

འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་

དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་རང་བཞིན་སྟོང་པ་ཉིད་དོ། །འདི་ནི་རང་བཞིན་སྟོང་པ་ཉིད་ཀྱི་ཆོས་

ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདི་ནི་རང་གི་མཚན་

Vol. 24 · folio 169b

ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་

དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །

འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་

ཡང་དག་པར་སྤོང་བ་རྣམས་སོ། །འདི་ནི་ཡང་དག་པར་སྤོང་བ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །འདི་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །

འདི་དག་ནི་དབང་པོ་རྣམས་སོ། །འདི་ནི་དབང་པོ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་སྟོབས་རྣམས་སོ། །འདི་ནི་སྟོབས་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་

སོ། །འདི་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །

འདི་དག་ནི་འཕགས་པའི་བདེན་པ་རྣམས་སོ། །འདི་ནི་འཕགས་པའི་བདེན་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་བསམ་གཏན་རྣམས་སོ། །འདི་ནི་བསམ་གཏན་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ།

Vol. 24 · folio 170a

འདི་དག་ནི་ཚད་མྱེད་པ་རྣམས་སོ། །འདི་ནི་ཚད་མྱེད་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །འདི་ནི་གཟུགས་མེད་པའི་སྙོམས་པར་འཇུག་

པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །འདི་ནི་རྣམ་པར་ཐར་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །

འདི་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་

དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་མངོན་པར་ཤེས་པ་རྣམས་སོ། །འདི་ནི་མངོན་པར་ཤེས་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་ཏིང་ངེ་འཛིན་

རྣམས་སོ། །འདི་ནི་ཏིང་ངེ་འཛིན་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་གཟུངས་ཀྱི་སྒོ་རྣམས་སོ། །འདི་ནི་གཟུངས་ཀྱི་སྒོ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་

བཅུའོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་མི་འཇིགས་པ་བཞིའོ། །འདི་ནི་མྱི་འཇིགས་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་སོ་སོ་ཡང་དག་པར་རིག་

པ་བཞིའོ། །འདི་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་བྱམས་པ་ཆེན་པོའོ། །འདི་ནི་བྱམས་པ་ཆེན་པོའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་སྙིང་རྗེ་ཆེན་པོའོ། །འདི་ནི་སྙིང་རྗེ་

Vol. 24 · folio 170b

ཆེན་པོའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དོ། །འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །

འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་ཕྱིར་མྱི་འོང་བའི་འབྲས་

བུའོ། །འདི་ནི་ཕྱིར་མྱི་འོང་བའི་འབྲས་བུའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་དགྲ་བཅོམ་པ་ཉིད་དོ། །འདི་ནི་དགྲ་བཅོམ་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་རང་བྱང་ཆུབ་བོ། །འདི་ནི་རང་བྱང་

ཆུབ་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདི་ནི་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུག་པར་མྱི་བྱའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་དཀྲུག་པར་མྱི་བགྱི་བ་ལགས་ན། དེ་ལ་དེ་བཞིན་གཤེགས་པས་འདི་ནི་གཟུགས་སོ། །

འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། །འདི་ནི་འདུ་བྱེད་དོ། །འདི་ནི་རྣམ་པར་ཤེས་པའོ། །འདི་ནི་མྱིག་གོ །འདི་ནི་རྣ་བའོ། །འདི་ནི་སྣའོ། །འདི་ནི་ལྕེའོ། །འདི་ནི་ལུས་སོ། །འདི་ནི་ཡིད་དོ། །འདི་ནི་གཟུགས་སོ། །འདི་ནི་སྒྲའོ། །འདི་

ནི་དྲིའོ། །འདི་ནི་རོའོ། །འདི་ནི་རེག་གོ །འདི་ནི་ཆོས་སོ། །འདི་ནི་མྱིག་གི་རྣམ་པར་ཤེས་པའོ། །འདི་ནི་རྣ་བའི་རྣམ་པར་ཤེས་པའོ། །འདི་ནི་སྣའི་རྣམ་པར་ཤེས་པའོ། །འདི་ནི་ལྕེའི་རྣམ་པར་ཤེས་པའོ། །འདི་ནི་ལུས་ཀྱི་རྣམ་པར་ཤེས་པའོ། །

Vol. 24 · folio 171a

འདི་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །འདི་ནི་མྱིག་གི་འདུས་ཏེ་རེག་པའོ། །འདི་ནི་རྣ་བའི་འདུས་ཏེ་རེག་པའོ། །འདི་ནི་སྣའི་འདུས་ཏེ་རེག་པའོ། །འདི་ནི་ལྕེའི་འདུས་ཏེ་རེག་པའོ། །འདི་ནི་ལུས་ཀྱི་འདུས་ཏེ་རེག་པའོ། །

འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའོ། །འདི་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བའོ། །འདི་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །འདི་ནི་སའི་ཁམས་སོ། །འདི་ནི་ཆུའི་ཁམས་སོ། །འདི་ནི་མེའི་ཁམས་སོ། །འདི་ནི་རླུང་གི་ཁམས་སོ། །

འདི་ནི་ནམ་མཁའི་ཁམས་སོ། །འདི་ནི་རྣམ་པར་ཤེས་པའི་ཁམས་སོ། །འདི་ནི་མ་རིག་པའོ། །འདི་ནི་འདུ་བྱེད་དོ། །འདི་ནི་རྣམ་པར་ཤེས་པའོ། །འདི་ནི་མྱིང་དང་གཟུགས་སོ། །འདི་ནི་སྐྱེ་མཆེད་དྲུག་གོ །འདི་ནི་རེག་པའོ། །འདི་ནི་ཚོར་བའོ། །

འདི་ནི་སྲེད་པའོ། །འདི་ནི་ལེན་པའོ། །འདི་ནི་སྲིད་པའོ། །འདི་ནི་སྐྱེ་བའོ། །འདི་ནི་རྒ་ཤིའོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་

ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ནང་སྟོང་པ་ཉིད་དོ། །འདི་ནི་ཕྱི་སྟོང་པ་ཉིད་དོ། །འདི་ནི་ཕྱི་ནང་སྟོང་པ་ཉིད་དོ། །འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །འདི་ནི་

ཆེན་པོ་སྟོང་པ་ཉིད་དོ། །འདི་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདི་ནི་འདུས་བྱས་སྟོང་པ་ཉིད་དོ། །འདི་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་དོར་བ་མྱེད་པ་

Vol. 24 · folio 171b

སྟོང་པ་ཉིད་དོ། །འདི་ནི་རང་བཞིན་སྟོང་པ་ཉིད་དོ། །འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །

འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་དག་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །འདི་དག་ནི་ཡང་དག་པར་སྤོང་བ་རྣམས་སོ། །འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །འདི་དག་ནི་དབང་པོ་རྣམས་སོ། །འདི་དག་ནི་སྟོབས་

རྣམས་སོ། །འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འདི་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་དག་ནི་འཕགས་པའི་བདེན་པ་རྣམས་སོ། །འདི་དག་ནི་བསམ་གཏན་རྣམས་སོ། །འདི་དག་ནི་ཚད་མྱེད་པ་རྣམས་སོ། །འདི་དག་ནི་

གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །འདི་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །འདི་དག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །འདི་དག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །

འདི་དག་ནི་མངོན་པར་ཤེས་པ་རྣམས་སོ། །འདི་དག་ནི་ཏིང་ངེ་འཛིན་རྣམས་སོ། །འདི་དག་ནི་གཟུངས་ཀྱི་སྒོ་རྣམས་སོ། །འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །འདི་དག་ནི་མྱི་འཇིགས་པ་བཞིའོ། །འདི་དག་ནི་སོ་སོ་ཡང་དག་པར་རིག་པ་

བཞིའོ། །འདི་ནི་བྱམས་པ་ཆེན་པོའོ། །འདི་ནི་སྙིང་རྗེ་ཆེན་པོའོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དོ། །འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདི་ནི་ཕྱིར་མྱི་འོང་བའི་འབྲས་

བུའོ། །འདི་ནི་དགྲ་བཅོམ་པ་ཉིད་དོ། །འདི་ནི་རང་བྱང་ཆུབ་བོ། །འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་རྣམ་པར་དཀྲུག་པ་མཛད་ན། དེའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ཆོས་

Vol. 24 · folio 172a

ཉིད་རྣམ་པར་དཀྲུགས་པར་མ་གྱུར་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། ངས་ཇི་ལྟར་ན་གཞན་རྣམས་ཁོང་དུ་ཆུད་པར་འགྱུར་ཞེས་མྱིང་དང་མཚན་མས་ཆོས་རྣམས་ཀྱི་ཆོས་ཉིད་

བསྟན་ཏེ། ཆོས་རྣམས་བརྗོད་ཀྱི། ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་དཀྲུགས་པ་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་གཞན་རྣམས་ཁོང་དུ་ཆུད་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་མྱིང་དང་མཚན་མས་ཆོས་རྣམས་ཀྱི་ཆོས་

ཉིད་བསྟན་ཏེ། ཆོས་རྣམས་བརྗོད་པ་མཛད་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་མྱིང་མ་མཆིས་ཤིང་མཚན་མ་མ་མཆིས་པ་ལ་ཇི་ལྟར་མྱིང་དང་མཚན་མས་བརྗོད་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བརྗོད་པ་ནི་མྱིང་ཡང་མ་

ཡིན། མཚན་མ་ཡང་མ་ཡིན། མངོན་པར་ཆགས་པ་ཡང་མ་ཡིན་ཏེ། རབ་འབྱོར་གཞན་དུ་ན་སྡུག་བསྔལ་ཉིད་བརྗོད་པར་ཟད་དེ། མྱིང་དང་མཚན་མ་ལ་མངོན་པར་ཆགས་པ་མྱེད་དོ། །རབ་འབྱོར་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་

པའི་ཉན་ཐོས་ནི་མྱིང་དང་མཚན་མ་ལ་མངོན་པར་ཆགས་པར་མྱི་འགྱུར་ཏེ། རབ་འབྱོར་གལ་ཏེ་མྱིང་ལ་མངོན་པར་ཆགས་པར་འགྱུར་རམ། མཚན་མ་ལ་མངོན་པར་ཆགས་པར་འགྱུར་ན་ནི། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ལ་མངོན་པར་ཆགས་པར་འགྱུར་

རོ། །མཚན་མ་མྱེད་པ་འང་མཚན་མ་མེད་པ་ལ་མངོན་པར་ཆགས་པར་འགྱུར་རོ། །སྨོན་པ་མྱེད་པའང་སྨོན་པ་མྱེད་པ་ལ་མངོན་པར་ཆགས་པར་འགྱུར་རོ། །དེ་བཞིན་ཉིད་ཀྱང་དེ་བཞིན་ཉིད་ལ་མངོན་པར་ཆགས་པར་འགྱུར་རོ། །ཡང་དག་པའི་མཐའ་

ཡང་ཡང་དག་པའི་མཐའ་ལ་མངོན་པར་ཆགས་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཀྱང་ཆོས་ཀྱི་དབྱིངས་ལ་མངོན་པར་ཆགས་པར་འགྱུར་རོ། །འདུས་མ་བྱས་ཀྱང་འདུས་མ་བྱས་ལ་མངོན་པར་ཆགས་པར་འགྱུར་ཏེ། ཆོས་འདི་དག་ཐམས་ཅད་ཀྱང་མྱིང་ཙམ་དུ་

Vol. 24 · folio 172b

ཟད་པས་ན། དེ་དག་ནི་མིང་ཙམ་ལ་གནས་པ་མེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་དང་མཚན་མ་ཙམ་ལ་གནས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལ་མངོན་པར་ཆགས་པར་མྱི་བྱའོ། །

གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་འདུས་བྱས་འདི་དག་ཐམས་ཅད་མྱིང་དང་མཚན་མ་ཙམ་དུ་བས་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གང་གི་དོན་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། བྱང་ཆུབ་ཏུ་སེམས་

བསྐྱེད་ནས་འདུ་བྱེད་རྣམ་པ་དུ་མ་ཉམས་སུ་མྱོང་བར་བགྱིད་པ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལགས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་། སྦྱིན་པ་སྣ་ཚོགས་ཡོངས་སུ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་

སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་

པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་

སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་།

དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་གྱི་

Vol. 24 · folio 173a

རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་། སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་བཞི་

ལ་སྤྱོད་པ་དང་། བསམ་གཏན་བཞི་ལ་སྤྱོད་པ་དང་། ཚད་མྱེད་པ་བཞི་ལ་སྤྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་

སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་

གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་དང་། མྱི་འཇིགས་པ་བཞི་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་པ་དང་། བྱམས་པ་ཆེན་པོ་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་

སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་དེ་སྐད་དུ་གལ་ཏེ། འདུས་བྱས་ཐམས་ཅད་མྱིང་དང་མཚན་མ་ཙམ་དུ་ཟད་ན། འོ་ན་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། བྱང་ཆུབ་སེམས་དཔའི་

སྤྱད་པ་སྤྱོད་ཅེས་ཟེར་བ་ནི། རབ་འབྱོར་དེ་ལྟར་འདུས་བྱས་ཐམས་ཅད་མྱིང་དང་མཚན་མ་ཙམ་དུ་ཟད་དེ། མྱིང་ཡང་མྱིང་གིས་སྟོང་། མཚན་མ་ཡང་མཚན་མས་སྟོང་བས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་སེམས་དཔའི་

སྤྱད་པ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ་

Vol. 24 · folio 173b

མྱིང་དང་མཚན་མ་དེ་ལ་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་གནས་པ་ལས་གཞན་དུ་འགྱུར་བ་མྱི་དམྱིགས་སོ། །གསོལ་བ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་གསུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་

འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་སྨྲའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཐམས་ཅད་ཤེས་པ་ཉིད་དུ་གསུངས་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་མདོར་གསུངས་པ་དང་།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དེ་བཞིན་གཤེགས་པས་གསུངས་ན། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་དེ་གསུམ་ལ་ཁྱད་ནི་ཅི་ཞིག་མཆིས། བྱེ་བྲག་ནི་ཅི་ཞིག་མཆིས། རྣམ་པ་ནི་ཅི་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བགྱི། ཅིའི་སླད་དུ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བགྱི། ཅིའི་སླད་དུ་དེ་བཞིན་གཤེགས་པ་རྣམས་ལ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕྱི་

དང་ནང་གི་ཆོས་ཇི་སྙེད་པ་ཙམ་ནི། ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཏེ། ལམ་ཐམས་ཅད་དུ་ནི་མ་ཡིན་ནོ། །རབ་འབྱོར་གང་ཡང་འདི་སྐད་དུ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ལམ་གྱི་

Vol. 24 · folio 174a

རྣམ་པ་ཤེས་པ་ཉིད་ཅེས་བྱ་ཞེས་ཟེར་བ་ནི། རབ་འབྱོར་ལམ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྒྲུབ་པར་བྱ། ལམ་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་པར་བྱ་སྟེ། ཉན་

ཐོས་དང་རང་སངས་རྒྱས་ཀྱི་ལམ་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའི་ལམ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ཡིན་ལ། ལམ་དེ་དག་གིས་ཀྱང་ལམ་གྱི་བྱ་བ་བྱ་དགོས་ཏེ། ཡང་དག་པའི་མཐའ་མངོན་ཏུ་མྱི་བྱེད་པའི་ཕྱིར་

རོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པར་བགྱི་འཚལ་ན། འོ་ན་ནི་དེས་ཡང་དག་པའི་མཐའ་ཡང་མངོན་ཏུ་བགྱི་བར་འགྱུར་རོ། །བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས་ལ། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡང་དག་པའི་མཐའ་མངོན་ཏུ་མྱི་བྱའོ། །གསོལ་

པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ལ་གནས་ཏེ། ཡང་དག་པའི་མཐའ་མངོན་དུ་བགྱི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་

ན་ལམ་མ་ལགས་པ་གནས་ཏེ་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། འོ་ན་ལམ་ཡང་ལགས་ལ། ལམ་མ་ལགས་པ་ལ་ཡང་གནས་ཏེ་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་

པ། འོ་ན་ལམ་ཡང་མ་ལགས་ལ། ལམ་མ་ལགས་པ་ཡང་མ་ལགས་པ་ལ་གནས་ཏེ་འམ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་

Vol. 24 · folio 174b

ཡང་དག་པའི་མཐའ་མངོན་ཏུ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཁྱོད་ལམ་ལ་གནས་པས། ཉེ་བར་ལེན་པ་མྱེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལམ། གསོལ་པ། བཅོམ་ལྡན་འདས་དེ་ནི་

མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་ལམ་མ་ཡིན་པ་ལ་གནས་ཏེ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་ལམ་ཡང་ཡིན་ལ་ལམ་མ་ཡིན་པ་ལའང་

གནས་ཏེ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་ལམ་ཡང་མ་ཡིན་ལ། ལམ་མ་ཡིན་པ་ཡང་མ་ཡིན་པ་ལ་གནས་ཏེ་ལེན་པ་མྱེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་

ལམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་བདག་གི་སེམས་ནི་གང་ལ་ཡང་གནས་པས་ཉེ་བར་ལེན་པ་མ་མཆིས་པར་ཟག་པ་ལས་རྣམ་པར་གྲོལ་བ་མ་མཆིས་ཏེ། བཅོམ་ལྡན་འདས་བདག་གི་སེམས་ནི་

གང་ལ་ཡང་མི་གནས་པས་རྣམ་པར་གྲོལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཅི་ལ་ཡང་མི་གནས་པར་ཡང་དག་པའི་མཐའ་མངོན་ཏུ་བྱའོ། །རབ་འབྱོར་གང་

ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་རྣམ་པ་གཅིག་གིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། འདི་ལྟར་ཞི་བའི་རྣམ་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རབ་འབྱོར་

འདི་ལྟར་ཡང་རྣམ་པ་གང་དང་། ཚུལ་གང་དང་། མཚན་མ་གང་གིས། ཆོས་རྣམས་བརྗོད་པར་བྱ་བའི་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པས། དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་

Vol. 24 · folio 175a

ཉིད་ཅེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་བ་ཐམས་ཅད་མཁྱེན་པ་ཉིད་འདི་གསུམ་ལས། ཉོན་

མོངས་པ་སྤངས་པའི་རྣམ་པ་འདིས་ནི་ལྷག་མ་མ་ལུས་པར་སྤངས་སོ། །འདིས་ནི་ལྷག་མ་མ་ལུས་པར་སྤངས་སོ་ཞེས་བགྱི་བའི་བྱེ་བྲག་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཉོན་མོངས་པ་སྤངས་པ་ལ་ནི་བྱེ་བྲག་

མྱེད་དེ། དེ་བཞིན་གཤེགས་པ་ལ་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པ་མངའ་འོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས་

ཅི་ལགས། ཉན་ཐོས་དང་རང་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་འདུས་མ་བགྱིས་མ་ཐོབ་པར་ཉོན་མོངས་པ་སྤང་བ་བགྱིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། འདུས་མ་

བགྱིས་ལ་བྱེ་བྲག་དམྱིགས་སུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དམྱིགས་སུ་མ་མཆིས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས། དེ་སྐད་དུ་འདི་ལ་ནི་བག་

ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་མངའ་འོ། །འདི་ལ་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་མེད་དོ་ཞེས་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བག་ཆགས་ཀྱི་མཚམས་སྦྱོར་བ་ནི་ཉོན་མོངས་པ་ཡང་མ་ཡིན་མོད་ཀྱི། ཉན་

ཐོས་དང་། རང་སངས་རྒྱས་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ལུས་ཀྱི་རྣམ་པ་དང་། ངག་གི་རྣམ་པ་ཡོད་དེ། དེ་དག་གི་བག་ཆགས་ཀྱི་མཚམས་སྦྱོར་བ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཀུན་དང་། ཐུན་མོང་ཡང་གནོད་པར་འགྱུར་བ་ནི་མ་ཡིན་ཏེ།

Vol. 24 · folio 175b

དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མྱི་མངའ་ཞིང་མྱི་དམྱིགས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ལམ་ཡང་མ་མཆིས་ལ་མྱ་ངན་ལས་འདས་པ་ཡང་མ་མཆིས་ན། འོ་ན་ཅིའི་སླད་དུ་འདི་སྐད་དུ་འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །

འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བཤད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱུན་ཏུ་

ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་བ་དེ་

དག་ཐམས་ཅད་ཀྱང་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། འདུས་མ་བགྱིས་ཏེ། འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་

སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བགྱི་བ་རབ་ཏུ་འབྱེད་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་འདུས་མ་བྱས་ནི་རབ་ཏུ་འབྱེད་པ་མྱེད་མོད་ཀྱི་འོན་ཀྱང་ཚིག་ཚད་མར་བྱས་ཤིང་བརྗོད་དེ། དོན་དམ་པར་ནི་རབ་ཏུ་དབྱེ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ཚིག་གི་ལམ་གྱི་གདགས་པ་མྱེད་དེ། འོན་ཀྱང་གང་དང་གང་གིས་མཐའ་མ་ཆོད་པ་དེ་དང་

Vol. 24 · folio 176a

དེ་དག་ལ་ཕྱི་མའི་མཐའ་གདགས་པ་ཡིན་ཏེ། རབ་འབྱོར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་སྔོན་གྱི་མཐའ་ཡང་མི་དམྱིགས་ན། ཕྱི་མའི་མཐའ་དམྱིགས་པར་འགྱུར་བ་ལྟ་ག་ལ་ཡོད་དེ་གནས་མྱེད་དོ། །རབ་

འབྱོར་སེམས་ཅན་དེ་དག་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མྱི་ཤེས་པས། དེ་དག་ལ་འདི་སྐད་དུ། འདི་ནི་སྔོན་གྱི་མཐའ་ཞེས་བྱ་བའོ། །འདི་ནི་ཕྱི་མའི་མཐའ་ཞེས་བྱ་བའོ་ཞེས་བསྟན་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་

ཅད་ལ་སྔོན་གྱི་མཐའ་འམ་ཕྱི་མའི་མཐའ་དམྱིགས་སུ་མྱེད་དོ། །རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱས་ཏེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་

ལ་སྤྱད་ན་ནང་ངམ། ཕྱིའི་ཆོས་སམ། འདུས་བྱས་སམ། འདུས་མ་བྱས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། སངས་རྒྱས་ཀྱི་ཆོས་གང་ལ་ཡང་མངོན་པར་ཆགས་པར་མྱི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་

པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་པ་ཐོབ་པ་ཡིན་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་འདིས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར།

Vol. 24 · folio 176b

ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པར་འགྱུར་བས། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཆོས་ཐམས་ཅད་ཀྱི་མཆོག་གི་ཚུལ་བྱེད་དེ། ཆོས་དེ་དག་ཀུན་ལ་ཡང་འཁོར་བ་

མ་དམྱིགས་པས། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་དེ་བཞིན་ཉིད་ཀྱང་ཆུད་ཡང་དག་པའི་མཐའ་ཡང་ཆུད། ཆོས་ཀྱི་དབྱིངས་ཀྱང་ཆུད་དེ། དེའི་ཕྱིར་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་གིས་ཀྱང་ལྡན་པ་འམ། མྱི་ལྡན་པ་འམ། བསྟན་དུ་ཡོད་པ་འམ། བསྟན་དུ་མྱེད་པ་འམ། ཐོགས་པ་དང་བཅས་པ་འམ། ཐོགས་པ་

མྱེད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུགས་མྱེད་པ། བསྟན་དུ་མྱེད་པ་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་

ཐམས་ཅད་ཀྱི་སྤོབས་པ་ཐམས་ཅད་དང་། སྣང་བ་ཐམས་ཅད་སྐྱེད་པ་སྟེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། གང་ཟག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ནས། མུ་སྟེགས་

ཅན་གཞན་དང་སྡིག་པའི་གྲོགས་པོ་རྣམས་ཀྱིས་མི་ཆོད་མྱི་འཕྲོགས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཅད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རང་གི་མཚན་ཉིད་སྟོང་པ་

ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དེ་དག་ཐམས་ཅད་དམིགས་སུ་མྱེད་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་དོན་ལ་སྤྱད་པར་བྱའོ། །

Vol. 24 · folio 177a

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་དོན་ལ་སྤྱོད་པས། མྱི་རྟག་པའི་དོན་ལ་སྤྱད་པར་བྱའོ། །སྡུག་བསྔལ་གྱི་དོན་ལ་སྤྱད་པར་བྱའོ། །

བདག་མེད་པའི་དོན་ལ་སྤྱད་པར་བྱའོ། །སྡུག་བསྔལ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །ཀུན་འབྱུང་བ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །འགོག་པ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །ལམ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །ཟད་པ་

ཤེས་པའི་དོན་ལ་སྤྱད་པར་བྱའོ། །མྱི་སྐྱེ་བ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །ཆོས་ཤེས་པའི་དོན་ལ་སྤྱད་པར་བྱའོ། །རྗེས་སུ་འགྲོ་བ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །ཀུན་རྫོབ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །ཡོངས་སུ་རྟོག་

པ་ཤེས་པའི་དོན་ལ་སྤྱད་པར་བྱའོ། །སྒྲ་ཇི་བཞིན་ཤེས་པའི་དོན་ལ་སྤྱད་པར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་སྤྱད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་

གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དོན་དང་དོན་མ་ལགས་པ་མྱི་དམྱིགས་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་དོན་ལ་སྤྱད་པར་བགྱི། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ལ་སྤྱོད་པས་འདི་ལྟར་སྤྱད་པར་བྱ་སྟེ། འདོད་ཆགས་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་

པར་མྱི་བྱའོ། །ཞེ་སྡང་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །གཏི་མུག་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བདག་གི་དོན་ཅེ་འམ། དོན་མ་ཡིན་

Vol. 24 · folio 177b

ཞེས་སྤྱད་པར་མྱི་བྱའོ། །ལོག་པར་ལྟ་བ་བདག་གི་དོན་ཅེ་འམ་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །བདག་ཏུ་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སེམས་ཅན་དུ་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་

པར་མྱི་བྱའོ། །སྲོག་ཏུ་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །གསོ་བར་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སྐྱེས་བུར་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །

གང་ཟག་ཏུ་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཤེད་ཅན་དུ་ལྟ་བ་བདག་གི་དོན། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཤེད་བདག་དུ་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །བྱེད་

པ་པོར་ལྟ་བ་བདག་གི་དོན་ཅེའམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །བྱེད་དུ་འཇུག་པ་པོར་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཚོར་བ་པོར་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཚོར་དུ་འཇུག་པ་

པོར་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །སློང་བ་པོར་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཀུན་ནས་སློང་བ་པོར་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཤེས་པ་པོར་

ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །མཐོང་བ་པོར་ལྟ་བ་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱ་བ་ནས་ལྟ་བའི་རྣམ་པ་ཐམས་ཅད་བདག་གི་དོན་ཅེ་འམ། དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན།

འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དེ་བཞིན་ཉིད་ནི་གང་ལ་ཡང་དོན་དུ་མི་བྱེད། དོན་མ་ཡིན་པར་མྱི་བྱེད་དོ། །ལྟ་བའི་རྣམ་པ་དག་གི་དེ་བཞིན་ཉིད་ནི་གང་ལ་ཡང་དོན་ཏུ་མྱི་བྱེད། དོན་མ་ཡིན་པར་མྱི་བྱེད་དོ། །གཟུགས་བདག་གི་དོན་ཅེས་སྤྱད་པར་མྱི་

Vol. 24 · folio 178a

བྱའོ། །གཟུགས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཚོར་བ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཚོར་བ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །འདུ་ཤེས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །འདུ་ཤེས་

བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །འདུ་བྱེད་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །འདུ་བྱེད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །རྣམ་པར་ཤེས་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རྣམ་པར་ཤེས་པ་བདག་གི་དོན་མ་ཡིན་ཞེས་སྤྱད་

པར་མྱི་བྱའོ། །མྱིག་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །མྱིག་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །རྣ་བ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རྣ་བ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སྣ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །

སྣ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ལྕེ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ལྕེ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ལུས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ལུས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཡིད་

བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཡིད་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །གཟུགས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །གཟུགས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སྒྲ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སྒྲ་བདག་

གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །དྲི་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །དྲི་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །རོ་བདག་གི་དོན་ཅེས་སྤྱད་པར་མི་བྱའོ། །རོ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །རེག་བདག་གི་དོན་ཅེས་སྤྱད་

པར་མྱི་བྱའོ། །རེག་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཆོས་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཆོས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །མྱིག་གི་རྣམ་པར་ཤེས་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །མྱིག་

Vol. 24 · folio 178b

གི་རྣམ་པར་ཤེས་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །རྣ་བའི་རྣམ་པར་ཤེས་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རྣ་བའི་རྣམ་པར་ཤེས་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །སྣའི་རྣམ་པར་ཤེས་པ་བདག་གི་དོན་

ཅེས་སྤྱད་པར་མྱི་བྱའོ། །སྣའི་རྣམ་པར་ཤེས་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ། །ལྕེའི་རྣམ་པར་ཤེས་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ལྕེའི་རྣམ་པར་ཤེས་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ལུས་ཀྱི་རྣམ་

པར་ཤེས་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །

མྱིག་གི་འདུས་ཏེ་རེག་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །མྱིག་གི་འདུས་ཏེ་རེག་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །རྣ་བའི་འདུས་ཏེ་རེག་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །རྣ་བའི་འདུས་ཏེ་རེག་པ་བདག་གི་དོན་མ་ཡིན་ཞེས་

སྤྱད་པར་མྱི་བྱའོ། །སྣའི་འདུས་ཏེ་རེག་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །སྣའི་འདུས་ཏེ་རེག་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ལྕེའི་འདུས་ཏེ་རེག་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ལྕེའི་འདུས་ཏེ་རེག་པ་བདག་གི་

དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །

ཡིད་ཀྱི་འདུས་ཏེ་རེག་པ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་གི་དོན་ཅེས་སྤྱད་པར་མྱི་བྱའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མྱི་བྱའོ། །

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words