ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 24 · folio 299b

སེམས་ཅན་དངོས་པོའི་འདུ་ཤེས་ཅན་ལ་སྤྱོད་པ་ཐམས་ཅད་དངོས་པོ་མྱེད་པ་ལ་རབ་ཏུ་དགོད་པར་བྱའོ་སྙམ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར། བླ་ན་

མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཇུག་སྟེ། མཐར་ཀྱིས་སྤྱོད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་ནན་ཏན་དུ་བྱ་བ་གང་ལ་བསླབས་ཤིང་། སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་ལྟ་བུའི་མཐར་ཀྱིས་སྤྱོད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་ནན་ཏན་དུ་རྩོམ་མོ། །དེ་ཐོག་མར་སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་

ཏུ་ཕྱིནད་པ་དྲུག་ལ་སྤྱོད་དོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཕ་རོལ་ཀྱང་སྦྱིན་པ་ལ་རབ་ཏུ་གཞོག་གོ །སྦྱིན་པའི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་

གཏོང་བ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་སྦྱིན་པ་དེས་སྐྱིད་པ་ཆེན་པོའི་ཚོགས་ཐོབ་པར་འགྱུར་ཏེ། སྐྱོན་དང་། སེར་སྣ་མྱེད་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱ་བ་དང་། སྦྱིན་པ་ཡོངས་སུ་

གཏོང་བར་བྱེད་དེ། ཟས་འདོད་པ་ལ་ནི་ཟས། སྐོམ་འདོད་པ་ལ་ནི་སྐོམ། བཞོན་པ་འདོད་པ་ལ་ནི་བཞོན་པ། གོས་འདོད་པ་ལ་ནི་གོས། སྤོས་འདོད་པ་ལ་ནི་སྤོས། ཕྲེང་བ་འདོད་པ་ལ་ནི་ཕྲེང་བ། བྱུག་པ་འདོད་པ་ལ་ནི་བྱུག་

Vol. 24 · folio 300a

པ། མལ་ཅ་འདོད་པ་ལ་ནི་མལ་ཅ། གནས་འདོད་པ་ལ་ནི་གནས། མར་མྱེ་འདོད་པ་ལ་ནི་མར་མེ། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་

འདོད་པ་རྣམས་ལ་ནི། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་ཡོངས་སུ་གཏོང་བ་ནས། མྱིའི་ཡོ་བྱད་གང་ཅི་ཡང་རུང་བ་དག་ཀྱང་། དེ་དག་ལ་གཏོང་བའི་བར་དུ་སྟེ། དེ་

སྦྱིན་པ་དེ་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་དོ། །ལྷའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །མྱིའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་ཚུལ་ཁྲིམས་དེ་ཉིད་ཀྱིས། ཏིང་ངེ་འཛིན་གྱི་ཕུང་པོ་རབ་ཏུ་ཐོབ་

པར་བྱེད་དོ། །དེ་སྦྱིན་པ་དང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དེ་ཉིད་ཀྱིས། ཤེས་རབ་ཀྱི་ཕུང་པོ་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དེ་ཉིད་ཀྱིས། རྣམ་པར་གྲོལ་བའི་ཕུང་པོ་རབ་

ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དེ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རབ་ཏུ་ཐོབ་པར་བྱེད་དོ། །དེ་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་

འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དེ་ཉིད་ཀྱིས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་

སྐྱོན་མྱེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་

Vol. 24 · folio 300b

འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།

སྦྱིན་པས་མཐར་ཀྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་

བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་། མཐུན་པས་དགའ་བར་སྤྱོད་དོ། །དེ་ཚུལ་ཁྲིམས་དེས་ལྷའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །མྱིའི་ཆེ་བ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །དེ་ནོར་མྱེད་པའི་

སེམས་ཅན་རྣམས་ལ་ནོར་བྱིན་ཞིང་། ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་

འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་

ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས། བྱང་ཆུབ་སེམས་

Vol. 24 · folio 301a

དཔའི་སྐྱོན་མྱེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །

རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱིས་མཐར་ཀྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མྱེད་དོ། །རབ་འབྱོར་

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་

ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་། མཐུན་པས་དགའ་བར་སྤྱོད་དོ། །དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་སྦྱིན་པས་

ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། ཤེས་རབ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་

ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས།

Vol. 24 · folio 301b

ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ། །

བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བཟོད་པས་མཐར་ཀྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །གཞན་བརྩོན་འགྲུས་རྩོམ་

པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་། མཐུན་པས་དགའ་བར་སྤྱོད་དོ། །དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་

ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་

Vol. 24 · folio 302a

ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་།

ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་

སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས།

སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་། འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱིས་མཐར་ཀྱིས་སྤྱོད་པ་ཡོད་པ་ཡིན་ཏེ།

དེ་ཐམས་ཅད་ཀྱང་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བདག་ཀྱང་ཚད་

མྱེད་པ་དང་། བསམ་གཏན་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །གཞན་ཡང་ཚད་མྱེད་པ་དང་། བསམ་གཏན་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ལ་རབ་ཏུ་འགོད་དོ། །ཚད་མྱེད་པ་

དང་། བསམ་གཏན་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ལེགས་པ་རྗོད་དོ། །གཞན་ཚད་མྱེད་པ་དང་། བསམ་གཏན་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་པ་དེ་དག་གི་ལེགས་

Vol. 24 · folio 302b

པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ཚད་མྱེད་པ་དང་། བསམ་གཏན་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དག་ལ་གནས་ཤིང་། སེམས་ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་

དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་།

ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་

རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་

སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་

ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱིས་མཐར་ཀྱིས་སྤྱོད་པ་ཡོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་དམྱིགས་

སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་

Vol. 24 · folio 303a

ཅན་རྣམས་སྦྱིན་པས་ཡོངས་སུ་ཚིམ་པར་བྱེད་དོ། །ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བ་ལ་རབ་ཏུ་འགོད་དོ། །རྣམ་པར་གྲོལ་བའི་

ཡེ་ཤེས་མཐོང་བ་ལ་རབ་ཏུ་འགོད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདག་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒྲུབ་བོ། །བརྩོན་འགྲུས་རྩོམ་མོ། །བསམ་གཏན་ལ་མཉམ་པར་གཞོག་གོ། །

ཤེས་རབ་སྒོམ་མོ། །གཞན་ཡང་སྦྱིན་པ་ལ་རབ་ཏུ་གཞོག་གོ །ཚུལ་ཁྲིམས་ལ་རབ་ཏུ་གཞོག་གོ །བཟོད་པ་ལ་རབ་ཏུ་གཞོག་གོ །བརྩོན་འགྲུས་ལ་རབ་ཏུ་གཞོག་གོ །ཏིང་ངེ་འཛིན་ལ་རབ་ཏུ་གཞོག་གོ །ཤེས་རབ་ལ་རབ་ཏུ་གཞོག་གོ། སྦྱིན་

པའི་ལེགས་པ་རྗོད་དོ། །ཚུལ་ཁྲིམས་ཀྱི་ལེགས་པ་རྗོད་དོ། །བཟོད་པའི་ལེགས་པ་རྗོད་དོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །བསམ་གཏན་གྱི་ལེགས་པ་རྗོད་དོ། ཤེས་རབ་ཀྱི་ལེགས་པ་རྗོད་དོ། །གང་གཞན་སྦྱིན་པ་ཡོངས་སུ་

གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་མཉམ་པར་གཞོག་པ་དང་། ཤེས་རབ་སྒོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་སྦྱིན་པའི་ཕ་

རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་ཐབས་མཁས་པས།

ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས། སེམས་ཅན་རྣམས་ཡོངས་སུ་

Vol. 24 · folio 303b

སྨིན་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས། ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ནས། སེམས་ཅན་རྣམས་ཐེག་པ་གསུམ་ལ་སོ་སོར་འགོད་ཅིང་

འཁོར་བ་ལས་ཡོངས་སུ་གྲོལ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱིས་མཐར་ཀྱིས་སྤྱོད་པ་རྩོམ་སྟེ། དེ་ཐམས་ཅད་ཀྱང་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་

ངོ་བོ་ཉིད་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་བརྒྱད་པ།། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །མཐར་ཀྱིས་སྤྱད་པ་དང་།

མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པ་ལ་སློབ་སྟེ། དེ་སེམས་དང་པོ་བསྐྱེད་པ་ཉིད་ཀྱི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་རྟོགས་པར་བྱེད་དེ། དེ་

སངས་རྒྱས་རྗེས་སུ་དྲན་པ་སྒོམ་མོ། །ཆོས་རྗེས་སུ་དྲན་པ་སྒོམ་མོ། །དགེ་འདུན་རྗེས་སུ་དྲན་པ་སྒོམ་མོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་སྒོམ་མོ། །གཏོང་བ་རྗེས་སུ་དྲན་པ་སྒོམ་མོ། །ལྷ་རྗེས་སུ་དྲན་པ་སྒོམ་མོ། །རབ་འབྱོར་ཇི་ལྟར་

ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སངས་རྒྱས་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་གཟུགས་སུ་ཡིད་ལ་མྱི་བྱེད། ཚོར་བར་ཡིད་ལ་མྱི་བྱེད། འདུ་ཤེས་སུ་ཡིད་ལ་མྱི་བྱེད། འདུ་བྱེད་དུ་ཡིད་ལ་མྱི་བྱེད། རྣམ་པར་ཤེས་པར་ཡིད་ལ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། །དེ་ནི་འདི་ལྟར་གཟུགས་ལ་ངོ་བོ་ཉིད་མྱེད་དེ།

Vol. 24 · folio 304a

གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི། དངོས་པོ་མེད་པའོ། །ཚོར་བ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི། དངོས་པོ་མེད་པའོ། །འདུ་ཤེས་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི། དངོས་པོ་མྱེད་

པའོ། །འདུ་བྱེད་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི། དངོས་པོ་མྱེད་པའོ། །རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་

ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི། སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་ན། དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡིད་ལ་མྱི་བྱེད། སྐུ་གསེར་གྱི་ཁ་དོག་གིས་ཡིད་ལ་མྱི་བྱེད། འོད་འདོམ་གང་བས་ཡིད་ལ་མྱི་བྱེད། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡིད་ལ་

མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །སྐུ་གསེར་གྱི་ཁ་དོག་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་

དངོས་པོ་མྱེད་པའོ། །འོད་འདམ་གང་བ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་

ནི་དངོས་པོ་མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་

Vol. 24 · folio 304b

ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚུལ་ཁྲིམས་ཀྱི་ཕུང་པོར་ཡིད་ལ་མྱི་བྱེད། ཏིང་ངེ་འཛིན་ཀྱི་ཕུང་པོར་ཡིད་ལ་མྱི་བྱེད། ཤེས་རབ་ཀྱི་ཕུང་པོར་ཡིད་ལ་མྱི་བྱེད། རྣམ་པར་གྲོལ་བའི་ཕུང་

པོར་ཡིད་ལ་མྱི་བྱེད། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པར་ཡིད་ལ་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་ངོ་བོ་ཉིད་མྱེད་དོ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །ཏིང་ངེ་འཛིན་གྱི་ཕུང་པོ་

ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མེད་པའོ། །ཤེས་རབ་ཀྱི་ཕུང་པོ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །རྣམ་པར་གྲོལ་བའི་ཕུང་པོ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་

ནི་དངོས་པོ་མྱེད་པའོ། །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་

མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་དེ་བཞིན་གཤེགས་པའི་སྟོབས་བཅུས་ཡིད་ལ་མྱི་བྱེད། མྱི་འཇིགས་པ་བཞིས་ཡིད་ལ་མྱི་བྱེད། སོ་སོ་ཡང་དག་པར་རིག་པ་བཞིས་ཡིད་ལ་མྱི་བྱེད། བྱམས་པ་ཆེན་པོས་ཡིད་ལ་མྱི་བྱེད། སྙིང་རྗེ་ཆེན་པོས་ཡིད་ལ་མྱི་བྱེད།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་ཡིད་ལ་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །མྱི་འཇིགས་པ་བཞི་

Vol. 24 · folio 305a

ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །བྱམས་པ་ཆེན་པོ་ལ་ངོ་བོ་ཉིད་

མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །སྙིང་རྗེ་ཆེན་པོ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་

པ་དེ་དག་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི། སངས་རྒྱས་རྗེས་སུ་དྲན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་སྒོམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟེན་ཅིང་འབྲེལ་པར་འབྱུང་བར་ཡིད་ལ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རྟེན་ཅིང་

འབྲེལ་བར་འབྱུང་བ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི། སངས་རྒྱས་

རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དེ་

ལྟར་ན་མཐར་ཀྱིས་སྤྱད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ། དེ་མཐར་ཀྱིས་སྤྱད་པ་ལ་སློབ་ཅིང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་

Vol. 24 · folio 305b

པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་

ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ཡོངས་སུ་

རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་

ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་

ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་

དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །

Vol. 24 · folio 306a

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་

ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་

པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་

རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་

དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་

གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་

Vol. 24 · folio 306b

གྱིས། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་

ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་

ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་

འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་

རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་

པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་

མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ཡོངས་སུ་

Vol. 24 · folio 307a

རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་

རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྟེ། དེ་ལ་དངོས་པོ་ཡོད་པར་

འདུ་ཤེས་པའམ། དངོས་པོ་མྱེད་པར་འདུ་ཤེས་པ་ཡང་མྱེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པའམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་རྗེས་སུ་དྲན་པ་སྒོམ་པ་

ཡིན་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་

ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རྟོགས་པར་བྱས་ནས། ཆོས་རྗེས་སུ་དྲན་པ་སྒོམ་ན། དགེ་བའི་ཆོས་ཡིད་ལ་མྱི་བྱེད། མྱི་དགེ་བའི་ཆོས་ཡིད་ལ་མྱི་བྱེད། འཇིག་རྟེན་པའི་ཆོས་ཡིད་ལ་མྱི་བྱེད། འཇིག་རྟེན་ལས་འདས་པའི་ཆོས་

ཡིད་ལ་མྱི་བྱེད། ཟང་ཟིང་དང་བཅས་པའི་ཆོས་ཡིད་ལ་མྱི་བྱེད། ཟང་ཟིང་མྱེད་པའི་ཆོས་ཡིད་ལ་མྱི་བྱེད། འཕགས་པའི་ཆོས་ཡིད་ལ་མྱི་བྱེད། འཕགས་པ་མ་ཡིན་པའི་ཆོས་ཡིད་ལ་མྱི་བྱེད། ཟག་པ་དང་བཅས་པའི་ཆོས་ཡིད་ལ་མྱི་བྱེད་

Vol. 24 · folio 307b

ཟག་པ་མྱེད་པའི་ཆོས་ཡིད་ལ་མྱི་བྱེད། འདོད་པའི་ཁམས་སུ་གཏོགས་པའི་ཆོས་ཡིད་ལ་མྱི་བྱེད། གཟུགས་ཀྱི་ཁམས་སུ་གཏོགས་པའི་ཆོས་ཡིད་ལ་མྱི་བྱེད། གཟུགས་མྱེད་པའི་ཁམས་སུ་གཏོགས་པའི་ཆོས་ཡིད་ལ་མི་བྱེད། འདུས་

བྱས་ཀྱི་ཆོས་ཡིད་ལ་མྱི་བྱེད། འདུས་མ་བྱས་ཀྱི་ཆོས་ཡིད་ལ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་

ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི། ཆོས་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་ཀྱིས་སྤྱད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཐར་ཀྱིས་སྤྱད་པ་ལ་སློབ་ཅིང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་

Vol. 24 · folio 308a

མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་

ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་

རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་

པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས།

མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་

པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་

Vol. 24 · folio 308b

ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་

པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་

རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་

དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་

བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་

ཉིད་ཀྱི་ཚུལ་གྱིས། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་

སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་

Vol. 24 · folio 309a

པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས།

མཚན་མ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་

རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་

ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་

རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་

ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པར་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་

Vol. 24 · folio 309b

རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པའམ། དངོས་པོ་མྱེད་པར་འདུ་ཤེས་པ་ཡང་མྱེད་ན། དྲན་པའི་ལས་རྡུལ་ཙམ་ཡང་

ཡོད་པའམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དགེ་འདུན་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རྟོགས་པར་བྱས་ནས།

དགེ་འདུན་རྗེས་སུ་དྲན་པ་སྒོམ་སྟེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པའི་སྐྱེས་བུ་ཟུང་བཞི་དང་།

སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་

པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི། དགེ་འདུན་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དགེ་འདུན་རྗེས་སུ་དྲན་པ་སྒོམ་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐར་ཀྱིས་སྤྱད་པ་ཡོད་པ་ཡིན། མཐར་ཀྱིས་བསླབ་པ་ཡོད་པ་ཡིན། མཐར་

Vol. 24 · folio 310a

ཀྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཐར་ཀྱིས་སྤྱོད་པ་ལ་སློབ་ཅིང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་

པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་

ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས།

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་

ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་

པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་

པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་

Vol. 24 · folio 310b

བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་

པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་

ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་

སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་

ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་

གྱིས། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་

Vol. 24 · folio 311a

སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པ་

རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་

པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་

གྱིས། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་

ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་

Vol. 24 · folio 311b

པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་

བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས།

ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་

སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པའམ། དངོས་པོ་མྱེད་པར་འདུ་ཤེས་པ་ཡང་མྱེད་ན། དྲན་པའི་ལས་རྡུལ་ཙམ་

ཡང་ཡོད་པའམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རྟོགས་པར་བྱས་ནས།

ཚུལ་ཁྲིམས་རྗེས་སུ་དྲན་པ་སྒོམ་ཞིང་། མ་རལ་བ། མ་ཞིག་པ། མ་འདྲེས་པ། སྐྱོན་མྱེད་པ། མ་ཉམས་པ། མཐུ་དང་ལྡན་པ། མཁས་པས་བསྔགས་པ། ཤིན་ཏུ་རྫོགས་པ། ཏིང་ངེ་འཛིན་ཡོངས་སུ་སྒྲུབ་པའི་ཚུལ་ཁྲིམས་ལ་གནས་པ་

Vol. 24 · folio 312a

ཡིན་ཏེ། དེ་ཚུལ་ཁྲིམས་དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མེད་

པ། དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མྱེད་ཅིང་ཡིད་ལ་བྱ་བ་མྱེད་པ་ནི་ཚུལ་ཁྲིམས་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་

ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐར་ཀྱིས་སྤྱད་པ་ཡོད་པ་ཡིན། མཐར་ཀྱིས་བསླབ་པ་ཡོད་

པ་ཡིན། མཐར་ཀྱིས་སློབ་པའི་ལམ་ཡོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཐར་ཀྱིས་སྤྱད་པ་ལ་སློབ་ཅིང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་པའི་

ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་

ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས།

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་

Vol. 24 · folio 312b

ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་

དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཡོངས་

སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་

པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་

ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་

དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་

Vol. 24 · folio 313a

ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་

གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་

སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་

པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་

ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས།

ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་

པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་

Vol. 24 · folio 313b

ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་

སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་

ཚུལ་གྱིས། མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་

པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་

པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་

Vol. 24 · folio 314a

པ་འམ། དངོས་པོ་མྱེད་པར་འདུ་ཤེས་པ་ཡང་མྱེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏོང་

བ་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་

ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རྟོགས་པར་བྱས་ནས། གཏོང་བ་རྗེས་སུ་དྲན་པ་སྒོམ་ཞིང་། གང་ཟང་ཟིང་གཏོང་བ་དང་། ཆོས་གཏོང་བ་ཡིད་ལ་མྱི་བྱེད་དེ། དེ་ཡན་ལག་དང་། ཉིང་ལག་ཀྱང་ཡོངས་སུ་གཏོང་ན།

དངོས་པོ་གཞན་ལྟ་ཅི་ཞིག་སྨོས། དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་ཡང་། འདི་ལྟར་བདག་ནི་སྦྱིན་པ་ཡོངས་སུ་གཏོང་བའོ། །དངོས་པོ་འདི་གཏང་བའོ། །འདི་ལ་གཏང་བར་བྱའོ། །སྙམ་དུ་མི་སེམས་སོ། །

དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དངོས་པོ་དེ་དག་ལ་ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མྱེད་ཅིང་

ཡིད་ལ་བྱ་བ་མྱེད་པ་ནི། གཏོང་བ་རྗེས་སུ་དྲན་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཏོང་བ་རྗེས་སུ་དྲན་པ་

བསྒོམ་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐར་ཀྱིས་སྤྱད་པ་ཡོད་པ་ཡིན། མཐར་ཀྱིས་བསླབ་པ་ཡོད་པ་ཡིན། མཐར་ཀྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་

Vol. 24 · folio 314b

སེམས་དཔའ་ཆེན་པོ། དེ་མཐར་ཀྱིས་སྤྱད་པ་ལ་སློབ་ཅིང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་

ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་

ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་

སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་

པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་

བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་

Vol. 24 · folio 315a

ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་

ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་

བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་

གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས།

ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ཡོངས་

སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །

Vol. 24 · folio 315b

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་

པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་གྱིས་གནས་པའི་

སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ཏིང་ངེ་

འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ཡོངས་སུ་

རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་

Vol. 24 · folio 316a

ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་

ཚུལ་གྱིས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་

ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པ་འམ། དངོས་པོ་མྱེད་པར་འདུ་ཤེས་པ་ཡང་མྱེད་ན། དྲན་

པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་རྗེས་སུ་དྲན་པ་སྒོམ་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་

རྟོགས་པར་བྱས་ནས། ལྷ་རྗེས་སུ་དྲན་པ་སྒོམ་སྟེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེས་པ་དང་། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པ་དང་། མཚེ་མའི་ལྷར་སྐྱེས་པ་དང་། དགའ་ལྡན་གྱི་ལྷར་སྐྱེས་པ་དང་། འཕྲུལ་དགའི་ལྷར་སྐྱེས་པ་དང་།

Vol. 24 · folio 316b

གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས་པའི་ལྷ་དག་དང་། གཟུགས་ན་སྤྱོད་པ་དང་། གཟུགས་མྱེད་པ་ན་སྤྱོད་པའི་ཕྱིར་མྱི་འོང་བ་དེ་དག་དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ཡིད་ལ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་དག་ལ་

ངོ་བོ་ཉིད་མྱེད་དེ། གང་ལ་ངོ་བོ་ཉིད་མྱེད་པ་དེ་དག་ནི། དངོས་པོ་མྱེད་པའོ། །དངོས་པོ་མྱེད་པས་ནི་དངོས་པོ་མྱེད་པ་དྲན་པར་མྱི་ནུས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དྲན་པ་མྱེད་ཅིང་། ཡིད་ལ་བྱ་བ་མྱེད་པ་ནི། ལྷ་རྗེས་སུ་དྲན་པའོ། །

རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ལྷ་རྗེས་སུ་དྲན་པ་སྒོམ་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོའི་མཐར་ཀྱིས་སྤྱད་པ་ཡོད་པ་ཡིན། མཐར་ཀྱིས་བསླབ་པ་ཡོད་པ་ཡིན། མཐར་ཀྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཐར་ཀྱིས་སྤྱད་པ་ལ་སློབ་ཅིང་།

མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལད་ཏུ་ཕྱིནད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་

ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

Vol. 24 · folio 317a

ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས།

ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཡོངས་

སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་

དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་

པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་

གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་

Vol. 24 · folio 317b

མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་

ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་

རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་

འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས།

བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་

པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་

Vol. 24 · folio 318a

པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་

མ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་

རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་

བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་

བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་

ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས།

Vol. 24 · folio 318b

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་ཡོད་པར་འདུ་ཤེས་པ་འམ། དངོས་པོ་མྱེད་

པར་འདུ་ཤེས་པ་ཡང་མྱེད་ན། དྲན་པའི་ལས་རྡུལ་ཙམ་ཡང་ཡོད་པ་འམ། དྲན་པ་དང་བྲལ་བར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །སེམས་དང་པོ་བསྐྱེད་པ་ནས་

ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐར་ཀྱིས་སྤྱད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐརད་ཀྱིས་འཇུག་པའི་ལམ་ཡོངས་སུ་རྫོགས་པར་བྱ་བར་འདོད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

དང་ལྡན་པའི་ཡིད་ལ་བྱ་བས། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་

བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་

པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་

གྱིས། ནང་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ལ་བསླབ་པར་བྱའོ། །

Vol. 24 · folio 319a

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས།

དོན་དམ་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ལ་

བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་

གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་

སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་

པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་

Vol. 24 · folio 319b

ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། །དབང་

པོ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོབས་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བསླབ་པར་བྱའོ། །དངོས་

པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་

གཏན་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་

བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་

བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་

Vol. 24 · folio 320a

ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་

གཤེགས་པའི་སྟོབས་བཅུ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་བཞི་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་ལ་

བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ལ་བསླབ་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་

གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་

རྣམ་པ་ཤེས་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།

ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ་སློབ་པའི་མཐར་ཀྱིས་སྤྱད་པ་ཡོད་པ་ཡིན། མཐར་ཀྱིས་བསླབ་པ་ཡོད་པ་ཡིན། མཐར་ཀྱིས་འཇུག་པའི་ལམ་ཡོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ། དེ་མཐར་ཀྱིས་སྤྱད་པ་དང་། མཐར་ཀྱིས་བསླབ་པ་དང་། མཐར་ཀྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་

Vol. 24 · folio 320b

དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་

པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་

གྱིས། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་

ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་

བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །

Vol. 24 · folio 321a

དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །

དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་

པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་

ངོ་བོ་ཉིད་ཀྱི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་

ཀྱི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་

གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དབང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས།

སྟོབས་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་ལམ་

Vol. 24 · folio 321b

ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བསམ་གཏན་

རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་

འཇུག་པ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཐར་ཀྱིས་གནས་པའི་

སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མཚན་མ་མྱེད་པའི་

ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་

ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་དོ། །

དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་

Vol. 24 · folio 322a

པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་

མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་

པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་

བོ་ཉིད་ཀྱི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ནི་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་དངོས་པོ་མྱེད་པ་ཡང་མྱེད་

ན། གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིག་གམ། རྣ་བ་འམ། སྣ་འམ། ལྕེ་འམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲ་འམ། དྲི་འམ། རོ་འམ། རེག་

གམ། ཆོས་སམ། མྱིག་གི་རྣམ་པར་ཤེས་པ་འམ། རྣ་བའི་རྣམ་པར་ཤེས་པ་འམ། སྣའི་རྣམ་པར་ཤེས་པ་འམ། ལྕེའི་རྣམ་པར་ཤེས་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་འམ།

མྱིག་གི་འདུས་ཏེ་རེག་པ་འམ། རྣ་བའི་འདུས་ཏེ་རེག་པ་འམ། སྣའི་འདུས་ཏེ་རེག་པ་འམ། ལྕེའི་འདུས་ཏེ་རེག་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་འམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

Vol. 24 · folio 322b

ཚོར་བ་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ཡིད་

ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། སའི་ཁམས་སམ། ཆུའི་ཁམས་སམ། མྱེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་པའི་ཁམས་སམ། མ་རིག་པ་འམ། འདུ་བྱེད་

དམ། རྣམ་པར་ཤེས་པའམ། མྱིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པ་འམ། ཚོར་བ་འམ། སྲེད་པ་འམ། ལེན་པ་འམ། སྲིད་པ་འམ། སྐྱེ་བ་འམ། རྒ་ཤི་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་འམ། ཚུལ་

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་

ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་

དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་

ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་

Vol. 24 · folio 323a

སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ།

གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དམ། མཚན་མ་མྱེད་པ་འམ། སྨོན་པ་མྱེད་པ་

འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་

པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་འམ། ཐམས་ཅད་ཤེས་པ་ཉིད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་པར་འགྱུར་བ་འམ། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོད་པར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་

དེ་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། འོ་ན་ནི་གཟུགས་ཀྱང་མ་མཆིས། ཚོར་བ་ཡང་མ་མཆིས། འདུ་ཤེས་ཀྱང་མ་མཆིས། འདུ་བྱེད་ཀྱང་མ་མཆིས། རྣམ་པར་ཤེས་པ་ཡང་མ་མཆིས། ཁམས་

རྣམས་ཀྱང་མ་མཆིས། སྐྱེ་མཆེད་རྣམས་ཀྱང་མ་མཆིས། རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་མ་མཆིས། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་ཀྱང་མ་མཆིས། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་མ་མཆིས། སྟོང་པ་ཉིད་

Vol. 24 · folio 323b

ཐམས་ཅད་ཀྱང་མ་མཆིས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་མ་མཆིས། ཡང་དག་པར་སྤོང་བ་རྣམས་ཀྱང་མ་མཆིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་མ་མཆིས། དབང་པོ་རྣམས་ཀྱང་མ་མཆིས། སྟོབས་རྣམས་ཀྱང་མ་མཆིས།

བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་མ་མཆིས། ལམ་ཡང་མ་མཆིས། འཕགས་པའི་བདེན་པ་རྣམས་ཀྱང་མ་མཆིས། བསམ་གཏན་རྣམས་ཀྱང་མ་མཆིས། ཚད་མྱེད་པ་རྣམས་ཀྱང་མ་མཆིས། གཟུགས་མྱེད་པའི་སྙོམས་པར་

འཇུག་པ་རྣམས་ཀྱང་མ་མཆིས། རྣམ་པར་ཐར་པ་རྣམས་ཀྱང་མ་མཆིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མ་མཆིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་

ཡང་མ་མཆིས། མངོན་པར་ཤེས་པ་རྣམས་ཀྱང་མ་མཆིས། ཏིང་ངེ་འཛིན་རྣམས་ཀྱང་མ་མཆིས། གཟུངས་ཀྱི་སྒོ་རྣམས་ཀྱང་མ་མཆིས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་མ་མཆིས། མྱི་འཇིགས་པ་རྣམས་ཀྱང་མ་

མཆིས། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་མ་མཆིས། བྱམས་པ་ཆེན་པོ་ཡང་མ་མཆིས། སྙིང་རྗེ་ཆེན་པོ་ཡང་མ་མཆིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མ་མཆིས། ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་

ཀྱང་མ་མཆིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱང་མ་མཆིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱང་མ་མཆིས། སངས་རྒྱས་ཀྱང་མ་མཆིས། ཆོས་ཀྱང་མ་མཆིས། དགེ་འདུན་ཡང་མ་མཆིས། ལམ་ཡང་

མ་མཆིས། འབྲས་བུ་ཡང་མ་མཆིས། ཉོན་མོངས་པ་ཡང་མ་མཆིས། རྣམ་པར་བྱང་བ་ཡང་མ་མཆིས། འཐོབ་པ་ཡང་མ་མཆིས། མངོན་པར་རྟོགས་པ་ཡང་མ་མཆིས། ཆོས་ཐམས་ཅད་ཀྱང་མ་མཆིས་པ་ལགས་སམ། བཅོམ་

Vol. 24 · folio 324a

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ་ཡོད་པ་འམ། མྱེད་པ་ཞིག་དམྱིགས་སུ་ཡོད་སྙམ་མམ། རབ་འབྱོར་ཀྱིས་གསོལ་པ།

བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་མཆིས་པ་འམ། མ་མཆིས་པ་མྱི་དམྱིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་ཅིའི་ཕྱིར། ཁྱོད་དེ་

ལྟར་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ཡིན་ན། གཟུགས་ཀྱང་མྱེད། ཚོར་བ་ཡང་མྱེད། འདུ་ཤེས་ཀྱང་མྱེད། འདུ་བྱེད་ཀྱང་མྱེད། རྣམ་པར་ཤེས་པ་ཡང་མྱེད། མྱིག་ཀྱང་མྱེད། རྣ་བ་ཡང་མྱེད། སྣ་ཡང་

མྱེད། ལྕེ་ཡང་མྱེད། ལུས་ཀྱང་མྱེད། ཡིད་ཀྱང་མྱེད། གཟུགས་ཀྱང་མྱེད། སྒྲ་ཡང་མེད། དྲི་ཡང་མྱེད། རོ་ཡང་མྱེད། རེག་ཀྱང་མྱེད། ཆོས་ཀྱང་མྱེད། མྱིག་གི་རྣམ་པར་ཤེས་པ་ཡང་མྱེད། རྣ་བའི་རྣམ་པར་ཤེས་པ་ཡང་

མྱེད། སྣའི་རྣམ་པར་ཤེས་པ་ཡང་མྱེད། ལྕེའི་རྣམ་པར་ཤེས་པ་ཡང་མྱེད། ལུས་ཀྱི་རྣམ་པར་ཤེས་པ་ཡང་མྱེད། ཡིད་ཀྱི་རྣམ་པར་ཤེས་པ་ཡང་མྱེད། མྱིག་གི་འདུས་ཏེ་རེག་པ་ཡང་མྱེད། རྣ་བའི་འདུས་ཏེ་རེག་པ་ཡང་

མྱེད། སྣའི་འདུས་ཏེ་རེག་པ་ཡང་མྱེད། ལྕེའི་འདུས་ཏེ་རེག་པ་ཡང་མེད། ལུས་ཀྱི་འདུས་ཏེ་རེག་པ་ཡང་མྱེད། ཡིད་ཀྱི་འདུས་ཏེ་རེག་པ་ཡང་མྱེད། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། རྣ་བའི་འདུས་ཏེ་

རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱེད། ཡིད་ཀྱི་འདུས་ཏེ་རེག་པའི་

Vol. 24 · folio 324b

རྐྱེན་གྱིས་ཚོར་བ་ཡང་མྱེད། སའི་ཁམས་ཀྱང་མྱེད། ཆུའི་ཁམས་ཀྱང་མྱེད། མྱེའི་ཁམས་ཀྱང་མྱེད། རླུང་གི་ཁམས་ཀྱང་མྱེད། ནམ་མཁའི་ཁམས་ཀྱང་མྱེད། རྣམ་པར་ཤེས་པའི་ཁམས་ཀྱང་མྱེད། མ་རིག་པ་ཡང་མྱེད། འདུ་བྱེད་ཀྱང་

མྱེད། རྣམ་པར་ཤེས་པ་ཡང་མྱེད། མྱིང་དང་གཟུགས་ཀྱང་མྱེད། སྐྱེ་མཆེད་དྲུག་ཀྱང་མྱེད། རེག་པ་ཡང་མྱེད། ཚོར་བ་ཡང་མྱེད། སྲེད་པ་ཡང་མྱེད། ལེན་པ་ཡང་མྱེད། སྲིད་པ་ཡང་མྱེད། སྐྱེ་བ་ཡང་མྱེད། རྒ་ཤི་ཡང་མྱེད། སྦྱིན་པའི་ཕ་

རོལ་ཏུ་ཕྱིན་པ་ཡང་མྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་

པ་ཡང་མྱེད། ནང་སྟོང་པ་ཉིད་ཀྱང་མྱེད། ཕྱི་སྟོང་པ་ཉིད་ཀྱང་མྱེད། ཕྱི་ནང་སྟོང་པ་ཉིད་ཀྱང་མྱེད། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མྱེད། ཆེན་པོ་སྟོང་པ་ཉིད་ཀྱང་མྱེད། དོན་དམ་པ་སྟོང་པ་ཉིད་ཀྱང་མྱེད། འདུས་བྱས་སྟོང་པ་ཉིད་ཀྱང་མྱེད། འདུས་མ་

བྱས་སྟོང་པ་ཉིད་ཀྱང་མྱེད། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་མྱེད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་མྱེད། དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་མྱེད། རང་བཞིན་སྟོང་པ་ཉིད་ཀྱང་མྱེད། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་མྱེད། རང་གི་མཚན་ཉིད་

སྟོང་པ་ཉིད་ཀྱང་མྱེད། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་མྱེད། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་མྱེད། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མྱེད། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མྱེད། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་མྱེད། ཡང་དག་པར་སྤོང་བ་

རྣམས་ཀྱང་མྱེད། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་མྱེད། དབང་པོ་རྣམས་ཀྱང་མྱེད། སྟོབས་རྣམས་ཀྱང་མྱེད། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་མྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་མྱེད། འཕགས་པའི་བདེན་པ་རྣམས་ཀྱང་མྱེད།

Vol. 24 · folio 325a

བསམ་གཏན་རྣམས་ཀྱང་མྱེད། ཚད་མྱེད་པ་རྣམས་ཀྱང་མྱེད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མྱེད། རྣམ་པར་ཐར་པ་རྣམས་ཀྱང་མྱེད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་

ཀྱང་མྱེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་མྱེད། མངོན་པར་ཤེས་པ་རྣམས་ཀྱང་མྱེད། ཏིང་ངེ་འཛིན་རྣམས་ཀྱང་མྱེད། གཟུངས་ཀྱི་སྒོ་རྣམས་ཀྱང་མྱེད། དེ་བཞིན་གཤེགས་པའི་

སྟོབས་རྣམས་ཀྱང་མྱེད། མྱི་འཇིགས་པ་རྣམས་ཀྱང་མྱེད། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་མྱེད། བྱམས་པ་ཆེན་པོ་ཡང་མྱེད། སྙིང་རྗེ་ཆེན་པོ་ཡང་མྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མྱེད། ཐམས་ཅད་ཤེས་པ་ཉིད་

ཀྱི་ཡེ་ཤེས་ཀྱང་མྱེད། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱང་མྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱང་མྱེད། སངས་རྒྱས་ཀྱང་མྱེད། ཆོས་ཀྱང་མྱེད། དགེ་འདུན་ཡང་མྱེད། ལམ་ཡང་མྱེད། འབྲས་བུ་ཡང་

མྱེད། ཉོན་མོངས་པ་ཡང་མྱེད། རྣམ་པར་བྱང་བ་ཡང་མྱེད། འཐོབ་པ་ཡང་མྱེད། མངོན་པར་རྟོགས་པ་ཡང་མྱེད། ཆོས་ཐམས་ཅད་ཀྱང་མྱེད་དོ་ཞེས་བྱ་བར་སེམས་པར་གྱུར། རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་

བདག་ནི་ཆོས་འདི་དག་ལ་ནེམ་ནུར་ཡང་མ་མཆིས། ཐེ་ཙོམ་ཡང་མ་མཆིས་ཏེ། འོན་ཀྱང་བཅོམ་ལྡན་འདས་མ་བྱུང་བའི་དུས་ན། དགེ་སློང་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། བྱང་ཆུབ་སེམས་དཔའི་ཐེག་པ་པ་

དག་འདི་སྐད་དུ་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ཡིན་ན། ཆོས་ཐམས་ཅད་ངོ་བོ་ཉིད་དངོས་པོ་མྱེད་པ་ལ་སུ་ཞིག་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་ཞེས་མཆི་ཞིང་། དེ་དག་ཀུན་ནས་ཉོན་མོངས་པ་དང་།

Vol. 24 · folio 325b

རྣམ་པར་བྱང་བ་མ་འཚལ་བས། ཚུལ་ཁྲིམས་ལོག་པར་འགྱུར། ལྟ་བ་ལོག་པར་འགྱུར། སྤྱོད་པ་ལོག་པར་འགྱུར། འཚོ་བ་ལོག་པར་འགྱུར་ཏེ། ཚུལ་ཁྲིམས་ལོག་པར་གྱུར་པ་དང་། ལྟ་བ་ལོག་པར་གྱུར་པ་དང་། སྤྱོད་པ་ལོག་

པར་གྱུར་པ་དང་། འཚོ་བ་ལོག་པར་གྱུར་པ་དེ་དག་སེམས་ཅན་དམྱལ་བ་འམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་གསུམ་ལས་གཅིག་ཏུ་མཆི་བར་འགྱུར་ཏེ། བཅོམ་ལྡན་འདས་བདག་གིས་མ་བྱུང་བའི་

འཇིགས་པ་དེ་མཐོང་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་དེ་ཞུས་པ་ལགས་ཀྱི། བཅོམ་ལྡན་འདས་བདག་ནི་ཆོས་འདི་ལ་ནེམ་ནུར་རམ། ཐེ་ཙོམ་མ་མཆིས་སོ། །བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལེགས་སོ་ལེགས་སོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུའོ།། །།

ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དགུ་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོརད་ཀྱིས། བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་

དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། དོན་ཅི་ཞིག་མཐོང་ཞིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་ལགས། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ལྟར་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ཡིན་པ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་

Vol. 24 · folio 326a

སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དམྱིགས་པ་ནི་རྒྱ་ཆུང་བ་སྟེ། དམྱིགས་པའི་འདུ་ཤེས་ཅན་ལ་ཐོབ་པ་མྱེད་དོ། །མངོན་པར་རྟོགས་པ་མྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱེད་དོ། །གསོལ་

པ། བཅོམ་ལྡན་འདས་དམྱིགས་པ་མ་མཆིས་པ་ལ་འཐོབ་པ་འམ། མངོན་པར་རྟོགས་པ་འམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆིས་སམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཀྱི་

དབྱིངས་ལ་རྣམ་པར་འཁྲུག་པ་མྱེད་པའི་ཕྱིར། མྱི་དམྱིགས་པ་ཉིད་ཐོབ་པའོ། །མྱི་དམྱིགས་པ་ཉིད་མངོན་པར་རྟོགས་པའོ། །མྱི་དམྱིགས་པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གང་མྱི་དམྱིགས་པ་ལ་

འཐོབ་པ་འམ། མངོན་པར་རྟོགས་པ་འམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དེ་ནི། ཆོས་ཀྱི་དབྱིངས་ལ་རྣམ་པར་དཀྲུག་པར་འདོད་དུ་ཟད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དམྱིགས་

པ་མ་མཆིས་པ་ལ་ཡང་འཐོབ་པ་མ་མཆིས། མངོན་པར་རྟོགས་པ་མ་མཆིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་མཆིས་ལ། མྱི་དམྱིགས་པ་ཉིད་ཐོབ་པ། མྱི་དམྱིགས་པ་ཉིད་མངོན་པར་རྟོགས་པ། མྱི་དམྱིགས་

པ་ཉིད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་དང་པོ་ཡང་ག་ལ་མཆིས། ས་གཉིས་པ་ཡང་ག་ལ་མཆིས། ས་གསུམ་པ་ཡང་ག་ལ་

མཆིས། ས་བཞི་པ་ཡང་ག་ལ་མཆིས། ས་ལྔ་པ་ཡང་ག་ལ་མཆིས། ས་དྲུག་པ་ཡང་ག་ལ་མཆིས། ས་བདུན་པ་ཡང་ག་ལ་མཆིས། ས་བརྒྱད་པ་ཡང་ག་ལ་མཆིས། ས་དགུ་པ་ཡང་ག་ལ་མཆིས། ས་བཅུ་པ་ཡང་ག་ལ་

Vol. 24 · folio 326b

མཆིས། མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་ཚུལ་

ཁྲིམས་ཀྱང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་བཟོད་པ་ཡང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་བརྩོན་འགྲུས་ཀྱང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་བསམ་གཏན་ཡང་ག་ལ་མཆིས། རྣམ་

པར་སྨིན་པ་ལས་བྱུང་བའི་ཤེས་རབ་ཀྱང་ག་ལ་མཆིས། རྣམ་པར་སྨིན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་ག་ལ་མཆིས་ཏེ། རྣམ་པར་སྨིན་པ་ལས་བྱུང་བའི་ཆོས་དེ་དག་ལ་གནས་ཤིང་། སེམས་ཅན་རྣམས་

ཡོངས་སུ་སྨིན་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཞལ་ཟས་དང་། བཏུང་བ་དང་། ན་བཟའ་དང་། གཟིམས་ཆ་དང་། ཕོ་བྲང་དང་། ཡོ་

བྱད་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མར་མྱེ་དང་། ལྷ་དང་མྱིའི་ཕུན་སུམ་ཚོགས་པ་གཞན་གང་ཡང་རུང་བ་

དག་གིས་རིམ་གྲོ་བགྱིད་ཅིང་། དེ་ལ་དེ་དག་རྒྱུན་མྱི་འཆད་པར་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སྐུ་གདུང་དང་། ཉན་ཐོས་དག་ལ་རྣམ་པར་སྨིན་པར་གྱུར་ཀྱང་བས་པར་མྱི་འགྱུར་ན། བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་དབྱིངས་རྣམ་པར་འཁྲུག་པར་བགྱིད་པར་མྱི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཕྱིར། མྱི་དམྱིགས་པ་དེ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་

Vol. 24 · folio 327a

སེམས་དཔའ་ཆེན་པོ། ཆོས་ཀྱི་དབྱིངས་རྣམ་པར་འཁྲུག་པར་མྱི་བྱེད་དེ། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་དང་པོའོ། །དེ་ཉིད་ཀྱི་ཕྱིར་ས་གཉིས་པའོ། །དེ་ཉིད་ཀྱི་ཕྱིར་ས་

གསུམ་པའོ། །དེ་ཉིད་ཀྱི་ཕྱིར་ས་བཞི་པའོ། །དེ་ཉིད་ཀྱི་ཕྱིར་ས་ལྔ་པའོ། །དེ་ཉིད་ཀྱི་ཕྱིར་ས་དྲུག་པའོ། །དེ་ཉིད་ཀྱི་ཕྱིར་ས་བདུན་པའོ། །དེ་ཉིད་ཀྱི་ཕྱིར་ས་བརྒྱད་པའོ། །དེ་ཉིད་ཀྱི་ཕྱིར་ས་དགུ་པའོ། །དེ་ཉིད་ཀྱི་ཕྱིར་ས་

བཅུ་པའོ། །དེ་ཉིད་ཀྱི་ཕྱིར་མྱི་སྐྱེ་བའི་ཆོས་ལ་བཟོད་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་

པ་ལས་བྱུང་བའི་ཚུལ་ཁྲིམས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་བཟོད་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་བརྩོན་འགྲུས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་བསམ་གཏན་

ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་ཤེས་རབ་བོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པ་ལས་བྱུང་བའི་དགེ་བའི་རྩ་བ་

རྣམས་ཏེ། དགེ་བའི་རྩ་བ་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་

ལ་ཡང་ཞལ་ཟས་དང་། བཏུང་བ་དང་། ན་བཟའ་དང་། གཟིམས་ཆ་དང་། ཕོ་བྲང་དང་། ཡོ་བྱད་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་།

Vol. 24 · folio 327b

རྒྱལ་མཚན་དང་། བ་དན་དང་། མར་མེ་དང་། ལྷ་དང་མྱིའི་ཕུན་སུམ་ཚོགས་པ་གཞན་གང་ཡང་རུང་བ་དག་གིས། རིམ་གྲོ་བྱེད་ཅིང་དེ་ལ་དེ་དག་རྒྱུན་མྱི་འཆད་པར་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སྐུ་གདུང་དང་། ཉན་ཐོས་དག་ལ་

རྣམ་པར་སྨིན་པར་གྱུར་ཀྱང་ཟད་པར་མྱི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་མྱི་དམྱིགས་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། མངོན་པར་ཤེས་པ་རྣམས་

ལ་བྱེ་བྲག་ནི་ཅི་ཞིག་མཆིས། ཐ་དད་དུ་བགྱི་བ་ནི་ཅི་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མྱི་དམྱིགས་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་།

ཤེས་རབ་དང་། མངོན་པར་ཤེས་པ་རྣམས་ལ་ཐ་དད་དུ་བྱ་བ་གང་ཡང་མྱེད་དོ། །རབ་འབྱོར་གོས་པ་མྱེད་པའི་སྦྱིན་པ་དང་། གོས་པ་མྱེད་པའི་ཚུལ་ཁྲིམས་དང་། གོས་པ་མྱེད་པའི་བཟོད་པ་དང་། གོས་པ་མྱེད་པའི་བརྩོན་འགྲུས་དང་། གོས་པ་

མྱེད་པའི་བསམ་གཏན་དང་། གོས་པ་མྱེད་པའི་ཤེས་རབ་དང་། གོས་པ་མྱེད་པའི་མངོན་པར་ཤེས་པ་དག་ལ་ནི། ཐ་དད་དུ་བྱ་བར་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས། གོས་པ་མ་མཆིས་པའི་སྦྱིན་པ་དང་། གོས་པ་མ་མཆིས་པའི་ཚུལ་

ཁྲིམས་དང་། གོས་པ་མ་མཆིས་པའི་བཟོད་པ་དང་། གོས་པ་མ་མཆིས་པའི་བརྩོན་འགྲུས་དང་། གོས་པ་མ་མཆིས་པའི་བསམ་གཏན་དང་། གོས་པ་མ་མཆིས་པའི་ཤེས་རབ་དང་། གོས་པ་མ་མཆིས་པའི་མངོན་པར་ཤེས་པ་རྣམས། ཇི་

ལྟར་ཐ་དད་དུ་བགྱི་བར་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་མྱི་དམྱིགས། གཏང་བ་མྱི་དམྱིགས། གཏོང་

Vol. 24 · folio 328a

བ་པོ་མྱི་དམྱིགས། ལེན་པ་མྱི་དམྱིགས་པར་སྦྱིན་པ་གཏོང་ངོ་། །ཚུལ་ཁྲིམས་མྱི་དམྱིགས་པར་ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་མྱི་དམྱིགས་པར་བཟོད་པ་སྒྲུབ་བོ། །བརྩོན་འགྲུས་མྱི་དམྱིགས་པར་བརྩོན་འགྲུས་རྩོམ་མོ། །

ཏིང་ངེ་འཛིན་མྱི་དམྱིགས་པར་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །ཤེས་རབ་མྱི་དམྱིགས་པར་ཤེས་རབ་སྒོམ་མོ། །མངོན་པར་ཤེས་པ་མྱི་དམྱིགས་པར་མངོན་པར་ཤེས་པ་རྣམས་ལ་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་མྱི་དམྱིགས་

པར་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་དོ། །ཡང་དག་པར་སྤོང་བ་རྣམས་མྱི་དམྱིགས་པར་ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་དམྱིགས་པར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་དོ། །དབང་པོ་རྣམས་མྱི་

དམྱིགས་པར་དབང་པོ་རྣམས་ལ་སྤྱོད་དོ། །སྟོབས་རྣམས་མྱི་དམྱིགས་པར་སྟོབས་རྣམས་ལ་སྤྱོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་དམྱིགས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་དོ། །ལམ་མྱི་དམྱིགས་པར་ལམ་ལ་སྤྱོད་དོ། །འཕགས་

པའི་བདེན་པ་རྣམས་མྱི་དམྱིགས་པར་འཕགས་པའི་བདེན་པ་རྣམས་ལ་སྤྱོད་དོ། །བསམ་གཏན་རྣམས་མྱི་དམྱིགས་པར་བསམ་གཏན་རྣམས་ལ་སྤྱོད་དོ། །ཚད་མྱེད་པ་རྣམས་མྱི་དམྱིགས་པར་ཚད་མྱེད་པ་རྣམས་ལ་སྤྱོད་དོ། །གཟུགས་

མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱི་དམྱིགས་པར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་དོ། །རྣམ་པར་ཐར་པ་རྣམས་མྱི་དམྱིགས་པར་རྣམ་པར་ཐར་པ་རྣམས་ལ་སྤྱོད་དོ། །མཐར་ཀྱིས་གནས་པའི་སྙོམས་

པར་འཇུག་པ་རྣམས་མྱི་དམྱིགས་པར། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་དོ། །སྟོང་པ་ཉིད་མྱི་དམྱིགས་པར་སྟོང་པ་ཉིད་ལ་སྤྱོད་དོ། །མཚན་མ་མྱེད་པ་མྱི་དམྱིགས་པར་མཚན་མ་མྱེད་པ་ལ་སྤྱོད་དོ། །སྨོན་

Vol. 24 · folio 328b

པ་མྱེད་པ་མྱི་དམྱིགས་པར་སྨོན་པ་མྱེད་པ་ལ་སྤྱོད་དོ། །མངོན་པར་ཤེས་པ་རྣམས་མྱི་དམྱིགས་པར་མངོན་པར་ཤེས་པ་རྣམས་ལ་སྤྱོད་དོ། །ཏིང་ངེ་འཛིན་རྣམས་མྱི་དམྱིགས་པར་ཏིང་ངེ་འཛིན་རྣམས་ལ་སྤྱོད་དོ། །གཟུངས་ཀྱི་སྒོ་རྣམས་

མྱི་དམྱིགས་པར་གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མྱི་དམྱིགས་པར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་དོ། །མྱི་འཇིགས་པ་རྣམས་མྱི་དམྱིགས་པར་མྱི་འཇིགས་པ་རྣམས་ལ་སྤྱོད་དོ། །སོ་

སོ་ཡང་དག་པར་རིག་པ་རྣམས་མྱི་དམྱིགས་པར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་དོ། །བྱམས་པ་ཆེན་པོ་མྱི་དམྱིགས་པར་བྱམས་པ་ཆེན་པོ་ལ་སྤྱོད་དོ། །སྙིང་རྗེ་ཆེན་པོ་མྱི་དམྱིགས་པར་སྙིང་རྗེ་ཆེན་པོ་ལ་སྤྱོད་དོ། །སངས་རྒྱས་

ཀྱི་ཆོས་མ་འདྲེས་པ་རྣམས་མྱི་དམྱིགས་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་དོ། །སེམས་ཅན་རྣམས་མྱི་དམྱིགས་པར་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་མྱི་དམྱིགས་པར་སངས་རྒྱས་ཀྱི་ཞིང་ཡོངས་

སུ་དག་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་རྣམས་མྱི་དམྱིགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱི་དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། དེ་ལ་བདུད་སྡིག་ཏོ་ཅན་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཚུགས་པར་དཀའ་བ་ཡིན་ནོ། །དེ་སྐད་ཅེས་བཀའ་

སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོརད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སེམས་

Vol. 24 · folio 329a

བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། བསམ་གཏན་བཞི་ཡོངས་སུ་འཛིན་པ་ལགས། ཚད་མྱེད་པ་བཞི་ཡོངས་སུ་འཛིན་པ་ལགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་

ཡོངས་སུ་འཛིན་པ་ལགས། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་འཛིན་པ་ལགས། ཡང་དག་པར་སྤོང་བ་བཞི་ཡོངས་སུ་འཛིན་པ་ལགས། རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་འཛིན་པ་ལགས། དབང་པོ་ལྔ་ཡོངས་སུ་འཛིན་པ་

ལགས། སྟོབས་ལྔ་ཡོངས་སུ་འཛིན་པ་ལགས། བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་འཛིན་པ་ལགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་འཛིན་པ་ལགས། རྣམ་པར་ཐར་པའི་སྒོ་གསུམ་ཡོངས་སུ་འཛིན་པ་

ལགས། འཕགས་པའི་བདེན་པ་བཞི་ཡོངས་སུ་འཛིན་པ་ལགས། རྣམ་པར་ཐར་པ་བརྒྱད་ཡོངས་སུ་འཛིན་པ་ལགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་འཛིན་པ་ལགས། མངོན་པར་ཤེས་པ་ལྔ་

ཡོངས་སུ་འཛིན་པ་ལགས། ནང་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཕྱི་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཆེན་པོ་སྟོང་

པ་ཉིད་ཡོངས་སུ་འཛིན་པ་ལགས། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། མཐའ་ལས་འདས་པ་སྟོང་པ་

ཉིད་ཡོངས་སུ་འཛིན་པ་ལགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། རང་བཞིན་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་

Vol. 24 · folio 329b

ཡོངས་སུ་འཛིན་པ་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་

འཛིན་པ་ལགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་འཛིན་པ་ལགས། ཏིང་ངེ་འཛིན་རྣམས་ཡོངས་སུ་འཛིན་པ་ལགས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་འཛིན་པ་ལགས། དེ་བཞིན་གཤེགས་པའི་སྟོབས་བཅུ་

ཡོངས་སུ་འཛིན་པ་ལགས། མྱི་འཇིགས་པ་བཞི་ཡོངས་སུ་འཛིན་པ་ལགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་འཛིན་པ་ལགས། བྱམས་པ་ཆེན་པོ་ཡོངས་སུ་འཛིན་པ་ལགས། སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་པ་ལགས།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་འཛིན་པ་ལགས། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་འཛིན་པ་ལགས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྦྱིན་པ་གང་གཏོང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཚུལ་ཁྲིམས་ལ་གང་སྲུང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་

ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བཟོད་པ་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བརྩོན་འགྲུས་ལ་གང་རྩོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་

ལས་གཞན་དུ་མ་ཡིན་ནོ། །ཏིང་ངེ་འཛིན་ལ་གང་སྙོམས་པར་འཇུག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཤེས་རབ་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་

Vol. 24 · folio 330a

པ་ལས་གཞན་དུ་མ་ཡིན་ནོ། །བསམ་གཏན་རྣམས་ལ་གང་སྙོམས་པར་འཇུག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཚད་མྱེད་པ་རྣམས་ལ་གང་སྙོམས་པར་འཇུག་

པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གང་སྙོམས་པར་འཇུག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་

ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་

དུ་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །དབང་པོ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་

དུ་མ་ཡིན་ནོ། །སྟོབས་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་

མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་

སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ལས་གཞན་དུ་མ་ཡིན་ནོ། །རྣམ་པར་ཐར་པ་རྣམས་ལ་གང་སྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words