ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ
Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 15 · folio 118a
པ་བདག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་རྣམ་པར་ཐར་པའི་སྒོ་
སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་བདག་མྱེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་
མཁས་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ། ཐབས་མི་མཁས་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མི་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་མངོན་པར་ཤེས་པ་རྣམས་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་
Vol. 15 · folio 118b
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་མངོན་པར་ཤེས་པ་རྣམས་མྱི་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་མངོན་པར་ཤེས་པ་རྣམས་བདེ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ། ཐབས་མྱི་མཁས་པས་མངོན་པར་ཤེས་པ་རྣམས་སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་
པས་མངོན་པར་ཤེས་པ་རྣམས་བདག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་མངོན་པར་ཤེས་པ་རྣམས་
བདག་མྱེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་མངོན་པར་ཤེས་པ་རྣམས་ཞི་ཞེས་བགྱི་བར་སྤྱོད་ན་མཚན་
མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་མངོན་པར་ཤེས་པ་རྣམས་མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་
འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་མངོན་པར་ཤེས་པ་རྣམས་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་
Vol. 15 · folio 119a
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་མངོན་པར་ཤེས་པ་རྣམས་མྱི་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་ཏིང་ངེ་འཛིན་རྣམས་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་ཏིང་ངེ་འཛིན་རྣམས་མི་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པའི་ཚེ། ཐབས་མྱི་མཁས་པས་ཏིང་ངེ་འཛིན་རྣམས་བདེ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་
ཏིང་ངེ་འཛིན་རྣམས་སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་ཏིང་ངེ་འཛིན་རྣམས་བདག་
ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་ཏིང་ངེ་འཛིན་རྣམས་བདག་མྱེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །
བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་ཏིང་ངེ་འཛིན་རྣམས་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་
Vol. 15 · folio 119b
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་ཏིང་ངེ་འཛིན་རྣམས་མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་ཏིང་ངེ་འཛིན་རྣམས་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་
མྱི་མཁས་པས་ཏིང་ངེ་འཛིན་རྣམས་མྱི་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་གཟུངས་ཀྱི་སྒོ་
རྣམས་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་གཟུངས་ཀྱི་སྒོ་རྣམས་མི་རྟག་ཅེས་བགྱི་བར་སྤྱོད་
ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་གཟུངས་ཀྱི་སྒོ་རྣམས་བདེ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་
ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་གཟུངས་ཀྱི་སྒོ་རྣམས་སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་གཟུངས་ཀྱི་སྒོ་རྣམས་བདག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
Vol. 15 · folio 120a
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་གཟུངས་ཀྱི་སྒོ་རྣམས་བདག་མྱེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་གཟུངས་ཀྱི་སྒོ་རྣམས་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ། ཐབས་མྱི་མཁས་པས་གཟུངས་ཀྱི་སྒོ་རྣམས་མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་
གཟུངས་ཀྱི་སྒོ་རྣམས་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་གཟུངས་ཀྱི་སྒོ་རྣམས་མི་དབེན་ཞེས་
བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་
སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་མི་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་བདེ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་
Vol. 15 · folio 120b
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་བདག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་
མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་དེ་བཞིན་གཤེགས་
པའི་སྟོབས་བཅུ་མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་དབེན་
ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་མྱི་དབེན་ཞེས་བགྱི་བར་སྤྱོད་
ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་མྱི་འཇིགས་པ་རྣམས་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་
Vol. 15 · folio 121a
ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་མྱི་འཇིགས་པ་རྣམས་མི་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་
ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་མྱི་འཇིགས་པ་རྣམས། བདེ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་མྱི་འཇིགས་པ་རྣམས་སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་མྱི་འཇིགས་པ་རྣམས་བདག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་མྱི་འཇིགས་པ་རྣམས་བདག་མྱེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པའི་ཚེ། ཐབས་མི་མཁས་པས་མྱི་འཇིགས་པ་རྣམས་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་མྱི་
འཇིགས་པ་རྣམས་མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་མི་འཇིགས་པ་རྣམས་དབེན་ཞེས་བགྱི་
Vol. 15 · folio 121b
བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་མི་འཇིགས་པ་རྣམས་མྱི་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་
དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་སོ་སོ་ཡང་དག་པར་རིག་པ་རྣམས་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་སོ་སོ་ཡང་དག་པར་རིག་པ་རྣམས་མྱི་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་སོ་སོ་ཡང་དག་པར་རིག་པ་རྣམས་བདེ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་སོ་སོ་ཡང་དག་པར་རིག་པ་རྣམས་སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་སོ་སོ་ཡང་དག་པར་རིག་པ་རྣམས་བདག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་སོ་སོ་ཡང་དག་པར་རིག་པ་རྣམས་བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
Vol. 15 · folio 122a
ཚེ། ཐབས་མི་མཁས་པས་སོ་སོ་ཡང་དག་པར་རིག་པ་རྣམས་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། ཐབས་མི་མཁས་པས་སོ་སོ་ཡང་དག་པར་རིག་པ་རྣམས་མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
ཐབས་མྱི་མཁས་པས་སོ་སོ་ཡང་དག་པར་རིག་པ་རྣམས་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚ། ཐབས་མྱི་མཁས་པས་སོ་
སོ་ཡང་དག་པར་རིག་པ་རྣམས་མྱི་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་སྙིང་རྗེ་ཆེན་པོ་རྟག་ཅེས་
བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་སྙིང་རྗེ་ཆེན་པོ་མྱི་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །
བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་སྙིང་རྗེ་ཆེན་པོ་བདེ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་སྙིང་རྗེ་ཆེན་པོ་སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
Vol. 15 · folio 122b
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་སྙིང་རྗེ་ཆེན་པོ་བདག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ། ཐབས་མི་མཁས་པས་སྙིང་རྗེ་ཆེན་པོ་བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་སྙིང་
རྗེ་ཆེན་པོ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་སྙིང་རྗེ་ཆེན་པོ་མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །
བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་སྙིང་རྗེ་ཆེན་པོ་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་སྙིང་རྗེ་ཆེན་པོ་མི་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། ཐབས་མི་མཁས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
Vol. 15 · folio 123a
ཐབས་མི་མཁས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བདེ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། ཐབས་མི་མཁས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། ཐབས་མི་མཁས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བདག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པའི་ཚེ། ཐབས་མི་མཁས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
ཐབས་མི་མཁས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་
མཁས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་
མི་མཁས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་
Vol. 15 · folio 123b
པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། །བཅོམ་ལྡན་
འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ཞེས་བགྱི་བར་སྤྱོད་ན། དམྱིགས་པ་ལ་སྤྱོད་པ་སྟེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་གང་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
སྒོམ་མོ་ཞེས་བགྱི་བར་སྤྱོད་ན་ཡང་མཚན་མ་ཉིད་ལ་སྤྱོད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མྱི་མཁས་པས་རིག་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་
སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མི་མཁས་པ་ཇི་ལྟར་རིག་པར་བྱ་བ་ཡིན། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་ཀྱིས་རློབ་ན། དེ་གཟུགས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་ཀྱིས་རློབ་པས། གཟུགས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་
དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་
Vol. 15 · folio 124a
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཚོར་བ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་
སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུ་ཤེས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་འདུ་ཤེས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། འདུ་ཤེས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་
དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུ་བྱེད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་འདུ་བྱེད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། འདུ་བྱེད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ།
དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རྣམ་པར་ཤེས་པ་
Vol. 15 · folio 124b
མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་
ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་མྱིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས་
མིག་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་
མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣ་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རྣ་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རྣ་བ་མངོན་པར་འདུ་བྱ་བ་
ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་
དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྣ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སྣ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སྣ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ།
དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །
Vol. 15 · folio 125a
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྕེ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ལྕེ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ལྕེ་
མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་
པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ལུས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་
རློབ་པས། ལུས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་
བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཡིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་
གྱིས་རློབ་པས། ཡིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ།
སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་གཟུགས་ལ་མོས་
Vol. 15 · folio 125b
ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། གཟུགས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་
སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྒྲ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སྒྲ་ལ་མོས་ཤིང་
འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སྒྲ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ།
སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་དྲི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་
རློབ་པས། དྲི་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་
པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རོ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རོ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་
པས། རོ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་
Vol. 15 · folio 126a
ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རེག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རེག་ལ་མོས་ཤིང་འདུ་ཤེས་ཏེ་
བྱིན་གྱིས་རློབ་པས། རེག་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ།
སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཆོས་ལ་མོས་ཤིང་
འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཆོས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་
ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་
ཤེས་ཏེ་བྱིན་གྱིས་རློབ་ན། དེ་མྱིག་གི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། མྱིག་གི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་
སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་
Vol. 15 · folio 126b
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣ་བའི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རྣ་བའི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རྣ་བའི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་
སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་པར་བརྗོད་དོ། །
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྣའི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སྣའི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས།
སྣའི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ།
སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྕེའི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ལྕེའི་
རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ལྕེའི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་
བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཀྱི་རྣམ་པར་ཤེས་པ་ལ་མོས་
Vol. 15 · folio 127a
ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ལུས་ཀྱི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ལུས་ཀྱི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་།
འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡིད་ཀྱི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཡིད་ཀྱི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཡིད་ཀྱི་རྣམ་པར་ཤེས་པ་
མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་
ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་མྱིག་གི་འདུས་ཏེ་རེག་པ་ལ་མོས་
ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། མྱིག་གི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་
ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣ་བའི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་
Vol. 15 · folio 127b
བྱིན་གྱིས་རློབ་ན། དེ་རྣ་བའི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རྣ་བའི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
སྣའི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སྣའི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སྣའི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་།
མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྕེའི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ལྕེའི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ལྕེའི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་ལ་སྤྱོད་
དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་
བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཀྱི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ལུས་ཀྱི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་
Vol. 15 · folio 128a
ཏེ་བྱིན་གྱིས་རློབ་པས། ལུས་ཀྱི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་
བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། །སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡིད་ཀྱི་འདུས་ཏེ་རེག་པ་
ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཡིད་ཀྱི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཡིད་ཀྱི་འདུས་ཏེ་རེག་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་།
སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། མིག་གི་འདུས་ཏེ་རེག་པའི་རྐྱེན་
ཀྱིས་ཚོར་བ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་
ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རྣ་བའི་འདུས་ཏེ་
Vol. 15 · folio 128b
རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་
བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ།
དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མོས་ཤིང་འདུ་
ཤེས་ཏེ་བྱིན་གྱིས་རློབ་པས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་།
འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མོས་
Vol. 15 · folio 129a
ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་
བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་
པས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་
ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སའི་ཁམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་
སའི་ཁམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སའི་ཁམས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་།
འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆུའི་ཁམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་
Vol. 15 · folio 129b
གྱིས་རློབ་ན། དེ་ཆུའི་ཁམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཆུའི་ཁམས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་
སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱེའི་ཁམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་མྱེའི་ཁམས་ལ་མོས་ཤིང་འདུ་ཤེས་ཏེ་
བྱིན་གྱིས་རློབ་པས། མྱེའི་ཁམས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་
འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རླུང་གི་ཁམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རླུང་གི་
ཁམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རླུང་གི་ཁམས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་།
འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་མཁའི་ཁམས་ལ་མོས་ཤིང་འདུ་ཤེས་ཏེ་
བྱིན་གྱིས་རློབ་ན། དེ་ནམ་མཁའི་ཁམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ནམ་མཁའི་ཁམས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་
Vol. 15 · folio 130a
བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པའི་ཚེ། རྣམ་པར་ཤེས་པའི་ཁམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རྣམ་པར་ཤེས་པའི་ཁམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རྣམ་པར་ཤེས་པའི་ཁམས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་།
རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མ་རིག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་མ་རིག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། མ་རིག་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་
སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུ་བྱེད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་འདུ་བྱེད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། འདུ་བྱེད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་
སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །
Vol. 15 · folio 130b
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རྣམ་པར་
ཤེས་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་
བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིང་དང་གཟུགས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་མྱིང་དང་
གཟུགས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། མྱིང་དང་གཟུགས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་
པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྐྱེ་མཆེད་དྲུག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན།
དེ་སྐྱེ་མཆེད་དྲུག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སྐྱེ་མཆེད་དྲུག་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་
པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རེག་པ་ལ་མོས་
Vol. 15 · folio 131a
ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རེག་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་
པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཚོར་བ་
ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཚོར་བ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་
སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྲེད་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སྲེད་པ་ལ་མོས་
ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སྲེད་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ།
སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལེན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ལེན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་
གྱིས་རློབ་པས། ལེན་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་
Vol. 15 · folio 131b
ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྲིད་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སྲིད་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སྲིད་པ་
མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་
བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྐྱེ་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སྐྱེ་བ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སྐྱེ་བ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ།
དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྒ་ཤི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རྒ་ཤི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རྒ་ཤི་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་།
ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
Vol. 15 · folio 132a
མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ།
སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་
བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་
ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་
འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་
Vol. 15 · folio 132b
དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་
འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་
གྱིས་རློབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་
འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ནང་སྟོང་པ་ཉིད་
ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ནང་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་
Vol. 15 · folio 133a
ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱི་སྟོང་པ་ཉིད་ལ་མོས་ཤིང་
འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཕྱི་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཕྱི་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་།
ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱི་སྟོང་པ་ཉིད་ལ་མོས་
ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཕྱི་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཕྱི་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
སྟོང་པ་ཉིད་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སྟོང་པ་ཉིད་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སྟོང་པ་ཉིད་སྟོང་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་།
མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་
Vol. 15 · folio 133b
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆེན་པོ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཆེན་པོ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཆེན་པོ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་།
ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དོན་དམ་པ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་དོན་དམ་པ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། དོན་དམ་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་
སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུས་བྱས་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་འདུས་བྱས་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། འདུས་བྱས་སྟོང་པ་ཉིད་
མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་
མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུས་མ་བྱས་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་འདུས་མ་བྱས་སྟོང་པ་ཉིད་ལ་མོས་ཤིང་འདུ་
Vol. 15 · folio 134a
ཤེས་ཏེ་བྱིན་གྱིས་རློབ་པས། འདུས་མ་བྱས་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་
མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐའ་ལས་འདས་
པ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་མཐའ་ལས་འདས་པ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། མཐའ་ལས་འདས་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་
དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས།
ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ།
སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དོར་བ་མེད་པ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་དོར་བ་མྱེད་
Vol. 15 · folio 134b
པ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། དོར་བ་མྱེད་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་།
འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་
བྱིན་གྱིས་རློབ་ན། དེ་རང་བཞིན་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རང་བཞིན་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
ཆོས་ཐམས་ཅད་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཆོས་ཐམས་ཅད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་
དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་གི་མཚན་ཉིད་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རང་གི་མཚན་ཉིད་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རང་གི་མཚན་ཉིད་སྟོང་པ་ཉིད་མངོན་
Vol. 15 · folio 135a
བར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་
ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱི་དམྱིགས་པ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་མྱི་དམྱིགས་པ་སྟོང་པ་ཉིད་ལ་མོས་ཤིང་
འདུ་ཤེས་ཏེ་བྱིན་གྱིས་རློབ་པས། མྱི་དམྱིགས་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་
ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོ་མེད་པ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་
གྱིས་རློབ་ན། དེ་དངོས་པོ་མེད་པ་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། དངོས་པོ་མེད་པ་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ། ངོ་བོ་ཉིད་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ངོ་བོ་ཉིད་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་།
Vol. 15 · folio 135b
མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། དངོས་པོ་མྱེད་པའི་
ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་
ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་བཞི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་དྲན་པ་ཉེ་བར་གཞག་
པ་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། དྲན་པ་ཉེ་བར་གཞག་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་
བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པར་
སྤོང་བ་བཞི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཡང་དག་པར་སྤོང་བ་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཡང་དག་པར་སྤོང་བ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་
Vol. 15 · folio 136a
མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་མོས་ཞིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རྫུ་འཕྲུལ་གྱི་རྐང་པ་
མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་
ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དབང་པོ་ལྔ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་དབང་པོ་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་
རློབ་པས། དབང་པོ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་
བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོབས་ལྔ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སྟོབས་རྣམས་ལ་མོས་ཤིང་འདུ་ཤེས་
ཏེ་བྱིན་གྱིས་རློབ་པས། སྟོབས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ།
Vol. 15 · folio 136b
སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་བྱང་ཆུབ་
ཀྱི་ཡན་ལག་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། བྱང་ཆུབ་ཀྱི་ཡན་ལག་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་།
ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་པའི་ལམ་
ཡན་ལག་བརྒྱད་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། འཕགས་པའི་ལམ་ཡན་ལག་བརྒྱད་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་།
རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་པའི་བདེན་པ་བཞི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་འཕགས་པའི་བདེན་པ་རྣམས་ལ། །མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས།
འཕགས་པའི་བདེན་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་
Vol. 15 · folio 137a
ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་བཞི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་བསམ་གཏན་
རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། བསམ་གཏན་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་
ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚད་མྱེད་པ་བཞི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་
རློབ་ན། དེ་ཚད་མེད་པ་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཚད་མེད་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་
བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མྱེད་པའི་སྙོམས་པར་
འཇུག་པ་བཞི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་།
ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །།
Vol. 15 · folio 137b
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཅིག་པ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པ་བརྒྱད་ལ་མོས་ཤིང་འདུ་
ཤེས་ཏེ་བྱིན་གྱིས་རློབ་ན། དེ་རྣམ་པར་ཐར་པ་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རྣམ་པར་ཐར་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་
བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐར་ཀྱིས་གནས་
པའི་སྙོམས་པར་འཇུག་པ་དགུ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ།
དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་
མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
Vol. 15 · folio 138a
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་དྲུག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་མངོན་པར་ཤེས་པ་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། མངོན་པར་ཤེས་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་།
འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མྱི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤའི་མིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཤའི་མིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཤའི་མིག་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་
དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྷའི་མིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ལྷའི་མིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ལྷའི་མིག་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་།
འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
Vol. 15 · folio 138b
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་མིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཤེས་རབ་ཀྱི་མིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཤེས་རབ་ཀྱི་མིག་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་
དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཀྱི་མིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཆོས་ཀྱི་མིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཆོས་ཀྱི་མིག་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་།
རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་མིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སངས་རྒྱས་ཀྱི་མིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སངས་རྒྱས་ཀྱི་མིག་མངོན་པར་འདུ་བྱ་བ་ལ་
སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་
བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཏིང་ངེ་འཛིན་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་ཏིང་ངེ་འཛིན་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། ཏིང་ངེ་འཛིན་
Vol. 15 · folio 139a
མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་
ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་གཟུངས་ཀྱི་སྒོ་
རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། གཟུངས་ཀྱི་སྒོ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་།
འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པའི་སྟོབས་བཅུ་
ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། དེ་བཞིན་གཤེགས་པའི་སྟོབས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་།
མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མི་འཇིགས་པ་བཞི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་མི་འཇིགས་པ་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། མི་འཇིགས་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་
Vol. 15 · folio 139b
བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སོ་སོ་ཡང་དག་པར་རིག་པ་བཞི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སོ་སོ་ཡང་དག་པར་རིག་པ་རྣམས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སོ་སོ་ཡང་དག་པར་རིག་པ་
མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་
བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྙིང་རྗེ་ཆེན་པོ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སྙིང་རྗེ་ཆེན་པོ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སྙིང་རྗེ་ཆེན་པོ་མངོན་པར་འདུ་བྱ་
བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་
Vol. 15 · folio 140a
པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ཡང་མངོན་དུ་བྱ་བའི་སྐལ་བ་མེད་ན། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མི་མཁས་པར་ཤེས་པར་བྱའོ། །
སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་ན། ཐབས་མཁས་པར་ཤེས་པར་བྱའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནམ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མི་སྤྱོད་དེ། གཟུགས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། གཟུགས་རྟག་ཅེས་བྱ་བར་མི་སྤྱོད། གཟུགས་མི་རྟག་ཅེས་བྱ་བར་མི་སྤྱོད། གཟུགས་བདེ་ཞེས་བྱ་བར་མི་སྤྱོད།
གཟུགས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། གཟུགས་བདག་ཅེས་བྱ་བར་མི་སྤྱོད། གཟུགས་བདག་མེད་ཅེས་བྱ་བར་མི་སྤྱོད། གཟུགས་ཞི་ཞེས་བྱ་བར་མི་སྤྱོད། གཟུགས་མ་ཞི་ཞེས་བྱ་བར་མི་སྤྱོད། གཟུགས་སྟོང་ཞེས་བྱ་བར་མི་སྤྱོད། གཟུགས་མི་སྟོང་
ཞེས་བྱ་བར་མི་སྤྱོད། གཟུགས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། གཟུགས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། གཟུགས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། གཟུགས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། གཟུགས་དབེན་ཞེས་བྱ་བར་མི་སྤྱོད། གཟུགས་མི་
དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཚོར་བ་ལ་མི་སྤྱོད་དེ། ཚོར་བའི་མཚན་མ་ལ་མི་སྤྱོད་ཅིང་། ཚོར་བ་རྟག་ཅེས་བྱ་བར་མི་སྤྱོད། ཚོར་བ་མི་རྟག་ཅེས་བྱ་བར་མི་སྤྱོད། ཚོར་བ་བདེ་ཞེས་བྱ་བར་མི་སྤྱོད། ཚོར་བ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད།
Vol. 15 · folio 140b
ཚོར་བ་བདག་ཅེས་བྱ་བར་མི་སྤྱོད། ཚོར་བ་བདག་མེད་ཅེས་བྱ་བར་མི་སྤྱོད། ཚོར་བ་ཞི་ཞེས་བྱ་བར་མི་སྤྱོད། ཚོར་བ་མ་ཞི་ཞེས་བྱ་བར་མི་སྤྱོད། ཚོར་བ་སྟོང་ཞེས་བྱ་བར་མི་སྤྱོད། ཚོར་བ་མི་སྟོང་ཞེས་བྱ་བར་མི་སྤྱོད། ཚོར་བ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད།
ཚོར་བ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཚོར་བ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཚོར་བ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཚོར་བ་དབེན་ཞེས་བྱ་བར་མི་སྤྱོད། ཚོར་བ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །འདུ་ཤེས་ལ་མི་སྤྱོད་དེ། འདུ་ཤེས་ཀྱི་མཚན་མ་
ལ་མི་སྤྱོད་ཅིང་། འདུ་ཤེས་རྟག་ཅེས་བྱ་བར་མི་སྤྱོད། འདུ་ཤེས་མི་རྟག་ཅེས་བྱ་བར་མི་སྤྱོད། འདུ་ཤེས་བདེ་ཞེས་བྱ་བར་མི་སྤྱོད། འདུ་ཤེས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། འདུ་ཤེས་བདག་ཅེས་བྱ་བར་མི་སྤྱོད། འདུ་ཤེས་བདག་མེད་ཅེས་བྱ་བར་མི་
སྤྱོད། འདུ་ཤེས་ཞི་ཞེས་བྱ་བར་མི་སྤྱོད། འདུ་ཤེས་མ་ཞི་ཞེས་བྱ་བར་མི་སྤྱོད། འདུ་ཤེས་སྟོང་ཞེས་བྱ་བར་མི་སྤྱོད། འདུ་ཤེས་མི་སྟོང་ཞེས་བྱ་བར་མི་སྤྱོད། །འདུ་ཤེས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། འདུ་ཤེས་མཚན་མ་མེད་ཅེས་བྱ་བར་
མི་སྤྱོད། འདུ་ཤེས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། འདུ་ཤེས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། འདུ་ཤེས་དབེན་ཞེས་བྱ་བར་མི་སྤྱོད། འདུ་ཤེས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །འདུ་བྱེད་ལ་མི་སྤྱོད་དེ། འདུ་བྱེད་ཀྱི་མཚན་མ་ལ་མི་སྤྱོད་
ཅིང་། འདུ་བྱེད་རྟག་ཅེས་བྱ་བར་མི་སྤྱོད། འདུ་བྱེད་མི་རྟག་ཅེས་བྱ་བར་མི་སྤྱོད། འདུ་བྱེད་བདེ་ཞེས་བྱ་བར་མི་སྤྱོད། འདུ་བྱེད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། འདུ་བྱེད་བདག་ཅེས་བྱ་བར་མི་སྤྱོད། འདུ་བྱེད་བདག་མེད་ཅེས་བྱ་བར་མི་སྤྱོད། འདུ་བྱེད་
ཞི་ཞེས་བྱ་བར་མི་སྤྱོད། འདུ་བྱེད་མ་ཞི་ཞེས་བྱ་བར་མི་སྤྱོད། འདུ་བྱེད་སྟོང་ཞེས་བྱ་བར་མི་སྤྱོད། འདུ་བྱེད་མི་སྟོང་ཞེས་བྱ་བར་མི་སྤྱོད། འདུ་བྱེད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། འདུ་བྱེད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། འདུ་བྱེད་སྨོན་
Vol. 15 · folio 141a
པ་ཡོད་ཅེས་བྱ་བར་མི་སྤྱོད། འདུ་བྱེད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། །འདུ་བྱེད་དབེན་ཞེས་བྱ་བར་མི་སྤྱོད། འདུ་བྱེད་མྱི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །རྣམ་པར་ཤེས་པ་ལ་མི་སྤྱོད་དེ། རྣམ་པར་ཤེས་པའི་མཚན་མ་ལ་མི་སྤྱོད་
ཅིང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་བདེ་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་བདག་ཅེས་བྱ་བར་མི་སྤྱོད། རྣམ་པར་
ཤེས་པ་བདག་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་
བྱ་བར་མི་སྤྱོད། རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་དབེན་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་མི་དབེན་ཞེས་
བྱ་བར་མི་སྤྱོད་པ་དང་། མིག་ལ་མི་སྤྱོད་དེ། མིག་གི་མཚན་མ་ལ་མི་སྤྱོད་ཅིང་། མིག་རྟག་ཅེས་བྱ་བར་མི་སྤྱོད། མིག་མི་རྟག་ཅེས་བྱ་བར་མི་སྤྱོད། མིག་བདེ་ཞེས་བྱ་བར་མི་སྤྱོད། མིག་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། མིག་བདག་ཅེས་བྱ་བར་མི་སྤྱོད།
མིག་བདག་མེད་ཅེས་བྱ་བར་མི་སྤྱོད། མིག་ཞི་ཞེས་བྱ་བར་མི་སྤྱོད། མིག་མ་ཞི་ཞེས་བྱ་བར་མི་སྤྱོད། མིག་སྟོང་ཞེས་བྱ་བར་མི་སྤྱོད། མིག་མི་སྟོང་ཞེས་བྱ་བར་མི་སྤྱོད། མིག་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། མིག་མཚན་མ་མེད་ཅེས་བྱ་བར་
མི་སྤྱོད། མིག་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། མིག་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། མིག་དབེན་ཞེས་བྱ་བར་མི་སྤྱོད། མིག་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། རྣ་བ་ལ་མི་སྤྱོད་དེ། རྣ་བའི་མཚན་མ་ལ་མི་སྤྱོད་ཅིང་། རྣ་བ་རྟག་ཅེས་བྱ་བར་མི་སྤྱོད།
Vol. 15 · folio 141b
རྣ་བ་མི་རྟག་ཅེས་བྱ་བར་མི་སྤྱོད། རྣ་བ་བདེ་ཞེས་བྱ་བར་མི་སྤྱོད། རྣ་བ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རྣ་བ་བདག་ཅེས་བྱ་བར་མི་སྤྱོད། རྣ་བ་བདག་མེད་ཅེས་བྱ་བར་མི་སྤྱོད། རྣ་བ་ཞི་ཞེས་བྱ་བར་མི་སྤྱོད། རྣ་བ་མ་ཞི་ཞེས་བྱ་བར་མི་སྤྱོད། རྣ་བ་སྟོང་ཞེས་བྱ་བར་
མི་སྤྱོད། རྣ་བ་མི་སྟོང་ཞེས་བྱ་བར་མི་སྤྱོད། རྣ་བ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རྣ་བ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རྣ་བ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རྣ་བ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རྣ་བ་དབེན་ཞེས་བྱ་བར་མི་སྤྱོད། རྣ་བ་མི་
དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སྣ་ལ་མི་སྤྱོད་དེ། སྣའི་མཚན་མ་ལ་མི་སྤྱོད་ཅིང་། སྣ་རྟག་ཅེས་བྱ་བར་མི་སྤྱོད། སྣ་མི་རྟག་ཅེས་བྱ་བར་མི་སྤྱོད། སྣ་བདེ་ཞེས་བྱ་བར་མི་སྤྱོད། སྣ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སྣ་བདག་ཅེས་བྱ་བར་མི་སྤྱོད། སྣ་བདག་
མེད་ཅེས་བྱ་བར་མི་སྤྱོད། སྣ་ཞི་ཞེས་བྱ་བར་མི་སྤྱོད། སྣ་མ་ཞི་ཞེས་བྱ་བར་མི་སྤྱོད། སྣ་སྟོང་ཞེས་བྱ་བར་མི་སྤྱོད། སྣ་མི་སྟོང་ཞེས་བྱ་བར་མི་སྤྱོད། སྣ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སྣ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སྣ་སྨོན་པ་ཡོད་ཅེས་བྱ་བར་མི་
སྤྱོད། སྣ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སྣ་དབེན་ཞེས་བྱ་བར་མི་སྤྱོད། སྣ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ལྕེ་ལ་མི་སྤྱོད་དེ། ལྕེའི་མཚན་མ་ལ་མི་སྤྱོད་ཅིང་། ལྕེ་རྟག་ཅེས་བྱ་བར་མི་སྤྱོད། ལྕེ་མི་རྟག་ཅེས་བྱ་བར་མི་སྤྱོད། ལྕེ་བདེ་ཞེས་བྱ་བར་མི་སྤྱོད།
ལྕེ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ལྕེ་བདག་ཅེས་བྱ་བར་མི་སྤྱོད། ལྕེ་བདག་མེད་ཅེས་བྱ་བར་མི་སྤྱོད། ལྕེ་ཞི་ཞེས་བྱ་བར་མི་སྤྱོད། ལྕེ་མ་ཞི་ཞེས་བྱ་བར་མི་སྤྱོད། ལྕེ་སྟོང་ཞེས་བྱ་བར་མི་སྤྱོད། ལྕེ་མི་སྟོང་ཞེས་བྱ་བར་མི་སྤྱོད། ལྕེ་མཚན་མ་ཡོད་ཅེས་བྱ་
བར་མི་སྤྱོད། ལྕེ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ལྕེ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ལྕེ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ལྕེ་དབེན་ཞེས་བྱ་བར་མི་སྤྱོད། ལྕེ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ལུས་ལ་མི་སྤྱོད་དེ། ལུས་ཀྱི་མཚན་མ་ལ་མི་སྤྱོད་
Vol. 15 · folio 142a
ཅིང་། ལུས་རྟག་ཅེས་བྱ་བར་མི་སྤྱོད། ལུས་མི་རྟག་ཅེས་བྱ་བར་མི་སྤྱོད། ལུས་བདེ་ཞེས་བྱ་བར་མི་སྤྱོད། ལུས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ལུས་བདག་ཅེས་བྱ་བར་མི་སྤྱོད། ལུས་བདག་མེད་ཅེས་བྱ་བར་མི་སྤྱོད།
ལུས་ཞི་ཞེས་བྱ་བར་མི་སྤྱོད། ལུས་མ་ཞི་ཞེས་བྱ་བར་མི་སྤྱོད། ལུས་སྟོང་ཞེས་བྱ་བར་མི་སྤྱོད། ལུས་མི་སྟོང་ཞེས་བྱ་བར་མི་སྤྱོད། ལུས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ལུས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ལུས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད།
ལུས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ལུས་དབེན་ཞེས་བྱ་བར་མི་སྤྱོད། ལུས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཡིད་ལ་མི་སྤྱོད་དེ། ཡིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ཡིད་རྟག་ཅེས་བྱ་བར་མི་སྤྱོད། ཡིད་མི་རྟག་ཅེས་བྱ་བར་མི་སྤྱོད། ཡིད་བདེ་
ཞེས་བྱ་བར་མི་སྤྱོད། ཡིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཡིད་བདག་ཅེས་བྱ་བར་མི་སྤྱོད། ཡིད་བདག་མེད་ཅེས་བྱ་བར་མི་སྤྱོད། ཡིད་ཞི་ཞེས་བྱ་བར་མི་སྤྱོད། ཡིད་མ་ཞི་ཞེས་བྱ་བར་མི་སྤྱོད། ཡིད་སྟོང་ཞེས་བྱ་བར་མི་སྤྱོད། ཡིད་མི་སྟོང་ཞེས་བྱ་
བར་མི་སྤྱོད། ཡིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཡིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཡིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཡིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཡིད་དབེན་ཞེས་བྱ་བར་མི་སྤྱོད། ཡིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་།
གཟུགས་ལ་མི་སྤྱོད་དེ། གཟུགས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། གཟུགས་རྟག་ཅེས་བྱ་བར་མི་སྤྱོད། གཟུགས་མི་རྟག་ཅེས་བྱ་བར་མི་སྤྱོད། གཟུགས་བདེ་ཞེས་བྱ་བར་མི་སྤྱོད། གཟུགས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། གཟུགས་
བདག་ཅེས་བྱ་བར་མི་སྤྱོད། གཟུགས་བདག་མེད་ཅེས་བྱ་བར་མི་སྤྱོད། གཟུགས་ཞི་ཞེས་བྱ་བར་མི་སྤྱོད། གཟུགས་མ་ཞི་ཞེས་བྱ་བར་མི་སྤྱོད། གཟུགས་སྟོང་ཞེས་བྱ་བར་མི་སྤྱོད། གཟུགས་མི་སྟོང་ཞེས་བྱ་བར་མི་སྤྱོད། གཟུགས་མཚན་མ་ཡོད་
Vol. 15 · folio 142b
ཅེས་བྱ་བར་མི་སྤྱོད། གཟུགས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། གཟུགས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། གཟུགས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། གཟུགས་དབེན་ཞེས་བྱ་བར་མི་སྤྱོད། གཟུགས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སྒྲ་ལ་
མི་སྤྱོད་དེ། སྒྲའི་མཚན་མ་ལ་མི་སྤྱོད་ཅིང་། སྒྲ་རྟག་ཅེས་བྱ་བར་མི་སྤྱོད། སྒྲ་མི་རྟག་ཅེས་བྱ་བར་མི་སྤྱོད། སྒྲ་བདེ་ཞེས་བྱ་བར་མི་སྤྱོད། སྒྲ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སྒྲ་བདག་ཅེས་བྱ་བར་མི་སྤྱོད། སྒྲ་བདག་མེད་ཅེས་བྱ་བར་མི་སྤྱོད། སྒྲ་ཞི་
ཞེས་བྱ་བར་མི་སྤྱོད། སྒྲ་མ་ཞི་ཞེས་བྱ་བར་མི་སྤྱོད། སྒྲ་སྟོང་ཞེས་བྱ་བར་མི་སྤྱོད། སྒྲ་མི་སྟོང་ཞེས་བྱ་བར་མི་སྤྱོད། སྒྲ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སྒྲ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སྒྲ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། སྒྲ་སྨོན་པ་མེད་
ཅེས་བྱ་བར་མི་སྤྱོད། སྒྲ་དབེན་ཞེས་བྱ་བར་མི་སྤྱོད། སྒྲ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །དྲི་ལ་མི་སྤྱོད་དོ། དྲིའི་མཚན་མ་ལ་མི་སྤྱོད་ཅིང་། དྲི་རྟག་ཅེས་བྱ་བར་མི་སྤྱོད། དྲི་མི་རྟག་ཅེས་བྱ་བར་མི་སྤྱོད། དྲི་བདེ་ཞེས་བྱ་བར་མི་སྤྱོད། དྲི་སྡུག་
བསྔལ་ཞེས་བྱ་བར་མི་སྤྱོད། དྲི་བདག་ཅེས་བྱ་བར་མི་སྤྱོད། དྲི་བདག་མེད་ཅེས་བྱ་བར་མི་སྤྱོད། དྲི་ཞི་ཞེས་བྱ་བར་མི་སྤྱོད། དྲི་མ་ཞི་ཞེས་བྱ་བར་མི་སྤྱོད། དྲི་སྟོང་ཞེས་བྱ་བར་མི་སྤྱོད། དྲི་མི་སྟོང་ཞེས་བྱ་བར་མི་སྤྱོད། དྲི་མཚན་མ་ཡོད་ཅེས་བྱ་བར་མི་
སྤྱོད། དྲི་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། དྲི་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། དྲི་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། དྲི་དབེན་ཞེས་བྱ་བར་མི་སྤྱོད། དྲི་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །རོ་ལ་མི་སྤྱོད་དེ། རོའི་མཚན་མ་ལ་མི་སྤྱོད་ཅིང་།
རོ་རྟག་ཅེས་བྱ་བར་མི་སྤྱོད། རོ་མི་རྟག་ཅེས་བྱ་བར་མི་སྤྱོད། རོ་བདེ་ཞེས་བྱ་བར་མི་སྤྱོད། རོ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རོ་བདག་ཅེས་བྱ་བར་མི་སྤྱོད། རོ་བདག་མེད་ཅེས་བྱ་བར་མི་སྤྱོད། རོ་ཞི་ཞེས་བྱ་བར་མི་སྤྱོད། རོ་མ་ཞི་ཞེས་བྱ་བར་མི་སྤྱོད།
Vol. 15 · folio 143a
རོ་སྟོང་ཞེས་བྱ་བར་མི་སྤྱོད། རོ་མི་སྟོང་ཞེས་བྱ་བར་མི་སྤྱོད། རོ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རོ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རོ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རོ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རོ་དབེན་ཞེས་བྱ་
བར་མི་སྤྱོད། རོ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །རེག་ལ་མི་སྤྱོད་དེ། རེག་གི་མཚན་མ་ལ་མི་སྤྱོད་ཅིང་། རེག་རྟག་ཅེས་བྱ་བར་མི་སྤྱོད། རེག་མི་རྟག་ཅེས་བྱ་བར་མི་སྤྱོད། རེག་བདེ་ཞེས་བྱ་བར་མི་སྤྱོད། རེག་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རེག་
བདག་ཅེས་བྱ་བར་མི་སྤྱོད། རེག་བདག་མེད་ཅེས་བྱ་བར་མི་སྤྱོད། རེག་ཞི་ཞེས་བྱ་བར་མི་སྤྱོད། རེག་མ་ཞི་ཞེས་བྱ་བར་མི་སྤྱོད། རེག་སྟོང་ཞེས་བྱ་བར་མི་སྤྱོད། རེག་མི་སྟོང་ཞེས་བྱ་བར་མི་སྤྱོད། རེག་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རེག་མཚན་མ་མྱེད་
ཅེས་བྱ་བར་མི་སྤྱོད། རེག་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རེག་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རེག་དབེན་ཞེས་བྱ་བར་མི་སྤྱོད། རེག་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཆོས་ལ་མི་སྤྱོད་དེ། ཆོས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ཆོས་རྟག་ཅེས་
བྱ་བར་མི་སྤྱོད། ཆོས་མི་རྟག་ཅེས་བྱ་བར་མི་སྤྱོད། ཆོས་བདེ་ཞེས་བྱ་བར་མི་སྤྱོད། ཆོས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཆོས་བདག་ཅེས་བྱ་བར་མི་སྤྱོད། ཆོས་བདག་མེད་ཅེས་བྱ་བར་མི་སྤྱོད། ཆོས་ཞི་ཞེས་བྱ་བར་མི་སྤྱོད། ཆོས་
མ་ཞི་ཞེས་བྱ་བར་མི་སྤྱོད། ཆོས་སྟོང་ཞེས་བྱ་བར་མི་སྤྱོད། ཆོས་མི་སྟོང་ཞེས་བྱ་བར་མི་སྤྱོད། ཆོས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཆོས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཆོས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཆོས་སྨོན་པ་མེད་
ཅེས་བྱ་བར་མི་སྤྱོད། ཆོས་དབེན་ཞེས་བྱ་བར་མི་སྤྱོད། ཆོས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །མིག་གི་ཁམས་ལ་མི་སྤྱོད་དེ། མིག་གི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། མིག་གི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། མིག་གི་ཁམས་
Vol. 15 · folio 143b
མི་རྟག་ཅེས་བྱ་བར་མི་སྤྱོད། མིག་གི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། མིག་གི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། མིག་གི་ཁམས་བདག་ཅེས་བྱ་བར་མི་སྤྱོད། མིག་གི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། མིག་གི་ཁམས་ཞི་ཞེས་བྱ་བར་
མི་སྤྱོད། མིག་གི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། མིག་གི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། མིག་གི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། མིག་གི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། མིག་གི་ཁམས་མཚན་མ་མེད་ཅེས་བྱ་བར་མི་
སྤྱོད། མིག་གི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། མིག་གི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། མིག་གི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། མིག་གི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། གཟུགས་ཀྱི་ཁམས་ལ་མི་སྤྱོད་དེ།
གཟུགས་ཀྱི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། གཟུགས་ཀྱི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད།
གཟུགས་ཀྱི་ཁམས་བདག་ཅེས་བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། གཟུགས་
ཀྱི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་སྨོན་པ་མེད་ཅེས་
བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། གཟུགས་ཀྱི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །མིག་གི་རྣམ་པར་ཤེས་པའི་ཁམས་ལ་མི་སྤྱོད་དེ། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། མིག་གི་རྣམ་པར་ཤེས་
Vol. 15 · folio 144a
པའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་
སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་མ་ཞི་ཞེས་བྱ་བར་མི་
སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་
མཚན་མ་མེད་ཅེས་བྱ་བར་མི་སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། མིག་གི་རྣམ་པར་ཤེས་པའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། མིག་གི་
རྣམ་པར་ཤེས་པའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །རྣ་བའི་ཁམས་ལ་མི་སྤྱོད་དེ། རྣ་བའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། རྣ་བའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། རྣ་བའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། རྣ་བའི་ཁམས་བདེ་ཞེས་བྱ་
བར་མི་སྤྱོད། རྣ་བའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རྣ་བའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། རྣ་བའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། རྣ་བའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། རྣ་བའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། རྣ་བའི་ཁམས་
སྟོང་ཞེས་བྱ་བར་མི་སྤྱོད། རྣ་བའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། རྣ་བའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རྣ་བའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རྣ་བའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རྣ་བའི་ཁམས་སྨོན་པ་
Vol. 15 · folio 144b
མེད་ཅེས་བྱ་བར་མི་སྤྱོད། རྣ་བའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། རྣ་བའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སྒྲའི་ཁམས་ལ་མི་སྤྱོད་དེ། སྒྲའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། སྒྲའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། སྒྲའི་
ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། སྒྲའི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། སྒྲའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སྒྲའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། སྒྲའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། སྒྲའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད།
སྒྲའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། སྒྲའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། སྒྲའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། སྒྲའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སྒྲའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སྒྲའི་ཁམས་སྨོན་པ་ཡོད་
ཅེས་བྱ་བར་མི་སྤྱོད། སྒྲའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སྒྲའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། སྒྲའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །རྣ་བའི་རྣམ་པར་ཤེས་པའི་ཁམས་ལ་མི་སྤྱོད་དེ། རྣ་བའི་རྣམ་པར་ཤེས་པའི་
ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། རྣ་བའི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་ཤེས་པའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་ཤེས་པའི་
ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་ཞེས་པའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་ཤེས་པའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་
ཤེས་པའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་ཤེས་པའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རྣ་བའི་
Vol. 15 · folio 145a
རྣམ་པར་ཤེས་པའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། །རྣ་བའི་རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་ཤེས་པའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་ཤེས་པའི་
ཁམས་དབེན་ཞེས་བྱ་བར་མི་སྤྱོད། རྣ་བའི་རྣམ་པར་ཤེས་པའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སྣའི་ཁམས་ལ་མི་སྤྱོད་དེ། སྣའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། སྣའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། སྣའི་ཁམས་མི་རྟག་ཅེས་
བྱ་བར་མི་སྤྱོད། སྣའི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། སྣའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སྣའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། སྣའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། སྣའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། སྣའི་
ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། སྣའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། སྣའི་ཁམས་མྱི་སྟོང་ཞེས་བྱ་བར་མི་སྤྱོད། སྣའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སྣའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སྣའི་ཁམས་སྨོན་པ་ཡོད་
ཅེས་བྱ་བར་མི་སྤྱོད། སྣའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སྣའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། སྣའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །དྲིའི་ཁམས་ལ་མི་སྤྱོད་དེ། དྲིའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། དྲིའི་ཁམས་རྟག་ཅེས་བྱ་
བར་མི་སྤྱོད། དྲིའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། དྲིའི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། དྲིའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། དྲིའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། དྲིའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། དྲིའི་ཁམས་ཞི་ཞེས་བྱ་བར་མི་
སྤྱོད། དྲིའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། དྲིའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། དྲིའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། དྲིའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། དྲིའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། དྲིའི་ཁམས་སྨོན་པ་ཡོད་
Vol. 15 · folio 145b
ཅེས་བྱ་བར་མི་སྤྱོད། དྲིའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། དྲིའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། དྲིའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སྣའི་རྣམ་པར་ཤེས་པའི་ཁམས་ལ་མི་སྤྱོད་དེ། སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་
མཚན་མ་ལ་མི་སྤྱོད་ཅིང་། སྣའི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་
ཞེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་མ་ཞི་ཞེས་
བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་མཚན་མ་མེད་
ཅེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། སྣའི་རྣམ་པར་ཤེས་པའི་ཁམས་མི་དབེན་
ཞེས་བྱ་བར་མི་སྤྱོད་པ་དང་། །ལྕེའི་ཁམས་ལ་མི་སྤྱོད་དེ། ལྕེའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ལྕེའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། ལྕེའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། ལྕེའི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། ལྕེའི་ཁམས་སྡུག་བསྔལ་
ཞེས་བྱ་བར་མི་སྤྱོད། ལྕེའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། ལྕེའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། ལྕེའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། ལྕེའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། ལྕེའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། ལྕེའི་ཁམས་མི་སྟོང་
Vol. 15 · folio 146a
ཞེས་བྱ་བར་མི་སྤྱོད། ལྕེའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ལྕེའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ལྕེའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ལྕེའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ལྕེའི་ཁམས་
དབེན་ཞེས་བྱ་བར་མི་སྤྱོད། ལྕེའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །རོའི་ཁམས་ལ་མི་སྤྱོད་དེ། རོའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། རོའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། རོའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། རོའི་ཁམས་བདེ་ཞེས་
བྱ་བར་མི་སྤྱོད། རོའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རོའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། རོའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། རོའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། རོའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། རོའི་ཁམས་སྟོང་ཞེས་བྱ་བར་
མི་སྤྱོད། རོའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། རོའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རོའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རོའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རོའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རོའི་ཁམས་
དབེན་ཞེས་བྱ་བར་མི་སྤྱོད། རོའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ལྕེའི་རྣམ་པར་ཤེས་པའི་ཁམས་ལ་མི་སྤྱོད་དེ། ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ལྕེའི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། ལྕེའི་
རྣམ་པར་ཤེས་པའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། ལྕེའི་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། ལྕེའི་རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ལྕེའི་རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བར་མི་སྤྱོད།
ལྕེའི་རྣམ་པར་ཤེས་པའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། ལྕེའི་རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། ལྕེའི་རྣམ་པར་ཤེས་པའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། ལྕེའི་རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། ལྕེའི་རྣམ་
Vol. 15 · folio 146b
པར་ཤེས་པའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། ལྕེའི་རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ལྕེའི་རྣམ་པར་ཤེས་པའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ལྕེའི་རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ལྕེའི་
རྣམ་པར་ཤེས་པའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ལྕེའི་རྣམ་པར་ཤེས་པའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། ལྕེའི་རྣམ་པར་ཤེས་པའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ལུས་ཀྱི་ཁམས་ལ་མི་སྤྱོད་དེ། ལུས་ཀྱི་ཁམས་ཀྱི་མཚན་མ་ལ་
མི་སྤྱོད་ཅིང་། ལུས་ཀྱི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་བདག་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་
ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་མཚན་མ་ཡོད་ཅེས་
བྱ་བར་མི་སྤྱོད། ལུས་ཀྱི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་ཁམས་མི་དབེན་ཞེས་བྱ་བར་
མི་སྤྱོད་པ་དང་། རེག་གི་ཁམས་ལ་མི་སྤྱོད་དེ། རེག་གི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། རེག་གི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། རེག་གི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། རེག་གི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། རེག་གི་ཁམས་སྡུག་བསྔལ་
ཞེས་བྱ་བར་མི་སྤྱོད། རེག་གི་ཁམས་བདག་ཅེས་བྱ་བར་མི་སྤྱོད། རེག་གི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། རེག་གི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། རེག་གི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། རེག་གི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། རེག་གི་ཁམས་མི་
Vol. 15 · folio 147a
སྟོང་ཞེས་བྱ་བར་མི་སྤྱོད། རེག་གི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རེག་གི་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། །རེག་གི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། །རེག་གི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད།
རེག་གི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། རེག་གི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ལ་མི་སྤྱོད་དེ། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་
བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བར་
མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བར་མི་
སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སྨོན་
པ་ཡོད་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཡིད་ཀྱི་ཁམས་ལ་མི་སྤྱོད་དེ།
ཡིད་ཀྱི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ཡིད་ཀྱི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་བདག་ཅེས་
Vol. 15 · folio 147b
བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་
མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། ཡིད་ཀྱི་ཁམས་མི་
དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཆོས་ཀྱི་ཁམས་ལ་མི་སྤྱོད་དེ། ཆོས་ཀྱི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ཆོས་ཀྱི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། ཆོས་ཀྱི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། ཆོས་ཀྱི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། ཆོས་ཀྱི་
ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཆོས་ཀྱི་ཁམས་བདག་ཅེས་བྱ་བར་མི་སྤྱོད། ཆོས་ཀྱི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། ཆོས་ཀྱི་ཁམས་ཞི་ཞེས་བྱ་བར་མི་སྤྱོད་དོ། །ཆོས་ཀྱི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། ཆོས་ཀྱི་ཁམས་སྟོང་ཞེས་བྱ་
བར་མི་སྤྱོད། ཆོས་ཀྱི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། ཆོས་ཀྱི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཆོས་ཀྱི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཆོས་ཀྱི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཆོས་ཀྱི་ཁམས་སྨོན་པ་མེད་ཅེས་
བྱ་བར་མི་སྤྱོད། ཆོས་ཀྱི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། ཆོས་ཀྱི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་མི་སྤྱོད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ཡིད་ཀྱི་
རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཡིད་
Vol. 15 · folio 148a
ཀྱི་རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་
མ་ཞི་ཞེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་
པའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད།
ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སའི་ཁམས་ལ་མི་སྤྱོད་དེ། སའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། སའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། སའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། སའི་ཁམས་བདེ་ཞེས་བྱ་
བར་མི་སྤྱོད། སའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། སའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། སའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། སའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། སའི་ཁམས་སྟོང་ཞེས་བྱ་བར་
མི་སྤྱོད། སའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། སའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། སའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སའི་ཁམས་
དབེན་ཞེས་བྱ་བར་མི་སྤྱོད། སའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཆུའི་ཁམས་ལ་མི་སྤྱོད་དེ། ཆུའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ཆུའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། ཆུའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། ཆུའི་ཁམས་བདེ་ཞེས་བྱ་བར་མི་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words