ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 15 · folio 148b

སྤྱོད། ཆུའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཆུའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། ཆུའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། ཆུའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། ཆུའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། ཆུའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། ཆུའི་ཁམས་

མི་སྟོང་ཞེས་བྱ་བར་མི་སྤྱོད། ཆུའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཆུའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཆུའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཆུའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཆུའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད།

ཆུའི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། མེའི་ཁམས་ལ་མི་སྤྱོད་དེ། མེའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། མེའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། མེའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། མེའི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། མེའི་ཁམས་སྡུག་

བསྔལ་ཞེས་བྱ་བར་མི་སྤྱོད། མེའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། མེའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། མེའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། མེའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། མེའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། མེའི་ཁམས་མི་སྟོང་

ཞེས་བྱ་བར་མི་སྤྱོད། མེའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། མེའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། མེའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། མེའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། མེའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། མེའི་

ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། རླུང་གི་ཁམས་ལ་མི་སྤྱོད་དེ། རླུང་གི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། རླུང་གི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། རླུང་གི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། རླུང་གི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། རླུང་གི་ཁམས་

སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རླུང་གི་ཁམས་བདག་ཅེས་བྱ་བར་མི་སྤྱོད། རླུང་གི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། རླུང་གི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། རླུང་གི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། རླུང་གི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད།

Vol. 15 · folio 149a

རླུང་གི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། རླུང་གི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རླུང་གི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རླུང་གི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རླུང་གི་ཁམས་སྨོན་པ་མེད་ཅེས་བྱ་བར་

མི་སྤྱོད། རླུང་གི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། རླུང་གི་ཁམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ནམ་མཁའི་ཁམས་ལ་མི་སྤྱོད་དེ། ནམ་མཁའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ནམ་མཁའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། ནམ་

མཁའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། ནམ་མཁའི་ཁམས་བདེ་ཞེས་བྱ་བར་མི་སྤྱོད། ནམ་མཁའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ནམ་མཁའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། ནམ་མཁའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད།

ནམ་མཁའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད། ནམ་མཁའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། ནམ་མཁའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། ནམ་མཁའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། ནམ་མཁའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ནམ་

མཁའི་ཁམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ནམ་མཁའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ནམ་མཁའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ནམ་མཁའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། ནམ་མཁའི་ཁམས་མི་དབེན་ཞེས་བྱ་བར་མི་

སྤྱོད་པ་དང་། རྣམ་པར་ཤེས་པའི་ཁམས་ལ་མི་སྤྱོད་དེ། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་མི་རྟག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་བདེ་

ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་བདག་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བར་མི་སྤྱོད།

Vol. 15 · folio 149b

རྣམ་པར་ཤེས་པའི་ཁམས་མ་ཞི་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་མི་སྟོང་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་

མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་དབེན་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པའི་ཁམས་མི་དབེན་ཞེས་

བྱ་བར་མི་སྤྱོད་པ་དང་། །མ་རིག་པ་ལ་མི་སྤྱོད་དེ། མ་རིག་པའི་མཚན་མ་ལ་མི་སྤྱོད་ཅིང་། མ་རིག་པ་རྟག་ཅེས་བྱ་བར་མི་སྤྱོད། མ་རིག་པ་མི་རྟག་ཅེས་བྱ་བར་མི་སྤྱོད། མ་རིག་པ་བདེ་ཞེས་བྱ་བར་མི་སྤྱོད། མ་རིག་པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། མ་རིག་པ་

བདག་ཅེས་བྱ་བར་མི་སྤྱོད། མ་རིག་པ་བདག་མེད་ཅེས་བྱ་བར་མི་སྤྱོད། མ་རིག་པ་ཞི་ཞེས་བྱ་བར་མི་སྤྱོད། མ་རིག་པ་མ་ཞི་ཞེས་བྱ་བར་མི་སྤྱོད། མ་རིག་པ་སྟོང་ཞེས་བྱ་བར་མི་སྤྱོད། མ་རིག་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། མ་རིག་པ་མཚན་མ་ཡོད་ཅེས་བྱ་བར་

མི་སྤྱོད། མ་རིག་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། མ་རིག་པ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། མ་རིག་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། མ་རིག་པ་དབེན་ཞེས་བྱ་བར་མི་སྤྱོད། མ་རིག་པ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །འདུ་བྱེད་ལ་མི་སྤྱོད་དེ།

འདུ་བྱེད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། འདུ་བྱེད་རྟག་ཅེས་བྱ་བར་མི་སྤྱོད། འདུ་བྱེད་མི་རྟག་ཅེས་བྱ་བར་མི་སྤྱོད། འདུ་བྱེད་བདེ་ཞེས་བྱ་བར་མི་སྤྱོད། འདུ་བྱེད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། འདུ་བྱེད་བདག་ཅེས་བྱ་བར་མི་སྤྱོད། འདུ་བྱེད་བདག་མེད་ཅེས་བྱ་བར་མི་སྤྱོད།

འདུ་བྱེད་ཞི་ཞེས་བྱ་བར་མི་སྤྱོད། འདུ་བྱེད་མ་ཞི་ཞེས་བྱ་བར་མི་སྤྱོད། འདུ་བྱེད་སྟོང་ཞེས་བྱ་བར་མི་སྤྱོད། འདུ་བྱེད་མི་སྟོང་ཞེས་བྱ་བར་མི་སྤྱོད། འདུ་བྱེད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། འདུ་བྱེད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། འདུ་བྱེད་སྨོན་པ་ཡོད་ཅེས་

Vol. 15 · folio 150a

བྱ་བར་མི་སྤྱོད། འདུ་བྱེད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། འདུ་བྱེད་དབེན་ཞེས་བྱ་བར་མི་སྤྱོད། འདུ་བྱེད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་དེ། རྣམ་པར་ཤེས་པའི་མཚན་མ་ལ་མི་སྤྱོད་ཅིང་། རྣམ་པར་

ཤེས་པ་རྟག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་བདེ་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་བདག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་བདག་མེད་ཅེས་བྱ་

བར་མི་སྤྱོད། རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རྣམ་པར་

ཤེས་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་དབེན་ཞེས་བྱ་བར་མི་སྤྱོད། རྣམ་པར་ཤེས་པ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། མིང་

དང་གཟུགས་ལ་མི་སྤྱོད་དོ། མིང་དང་གཟུགས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། མིང་དང་གཟུགས་རྟག་ཅེས་བྱ་བར་མི་སྤྱོད། མིང་དང་གཟུགས་མི་རྟག་ཅེས་བྱ་བར་མི་སྤྱོད། མིང་དང་གཟུགས་བདེ་ཞེས་བྱ་བར་མི་སྤྱོད། མིང་དང་གཟུགས་སྡུག་བསྔལ་ཞེས་

བྱ་བར་མི་སྤྱོད། མིང་དང་གཟུགས་བདག་ཅེས་བྱ་བར་མི་སྤྱོད། མིང་དང་གཟུགས་བདག་མེད་ཅེས་བྱ་བར་མི་སྤྱོད། མིང་དང་གཟུགས་ཞི་ཞེས་བྱ་བར་མི་སྤྱོད། མིང་དང་གཟུགས་མ་ཞི་ཞེས་བྱ་བར་མི་སྤྱོད། མིང་དང་གཟུགས་སྟོང་ཞེས་བྱ་བར་མི་སྤྱོད། མིང་དང་

གཟུགས་མི་སྟོང་ཞེས་བྱ་བར་མི་སྤྱོད། མིང་དང་གཟུགས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། མིང་དང་གཟུགས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། མིང་དང་གཟུགས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། མིང་དང་གཟུགས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། མིང་དང་

Vol. 15 · folio 150b

གཟུགས་དབེན་ཞེས་བྱ་བར་མི་སྤྱོད། མིང་དང་གཟུགས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སྐྱེ་མཆེད་དྲུག་ལ་མི་སྤྱོད་དེ། སྐྱེ་མཆེད་དྲུག་གི་མཚན་མ་ལ་མི་སྤྱོད་ཅིང་། སྐྱེ་མཆེད་དྲུག་རྟག་ཅེས་བྱ་བར་མི་སྤྱོད། སྐྱེ་མཆེད་དྲུག་མི་རྟག་ཅེས་བྱ་བར་མི་སྤྱོད།

སྐྱེ་མཆེད་དྲུག་བདེ་ཞེས་བྱ་བར་མི་སྤྱོད། སྐྱེ་མཆེད་དྲུག་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སྐྱེ་མཆེད་དྲུག་བདག་ཅེས་བྱ་བར་མི་སྤྱོད། སྐྱེ་མཆེད་དྲུག་བདག་མེད་ཅེས་བྱ་བར་མི་སྤྱོད། སྐྱེ་མཆེད་དྲུག་ཞི་ཞེས་བྱ་བར་མི་སྤྱོད། སྐྱེ་མཆེད་དྲུག་མ་ཞི་ཞེས་བྱ་བར་

མི་སྤྱོད། སྐྱེ་མཆེད་དྲུག་སྟོང་ཞེས་བྱ་བར་མི་སྤྱོད། སྐྱེ་མཆེད་དྲུག་མི་སྟོང་ཞེས་བྱ་བར་མི་སྤྱོད། སྐྱེ་མཆེད་དྲུག་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སྐྱེ་མཆེད་དྲུག་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སྐྱེ་མཆེད་དྲུག་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། སྐྱེ་མཆེད་

དྲུག་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སྐྱེ་མཆེད་དྲུག་དབེན་ཞེས་བྱ་བར་མི་སྤྱོད། སྐྱེ་མཆེད་དྲུག་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །རེག་པ་ལ་མི་སྤྱོད་དེ། རེག་པའི་མཚན་མ་ལ་མི་སྤྱོད་ཅིང་། རེག་པ་རྟག་ཅེས་བྱ་བར་མི་སྤྱོད། རེག་པ་མི་རྟག་ཅེས་

བྱ་བར་མི་སྤྱོད། རེག་པ་བདེ་ཞེས་བྱ་བར་མི་སྤྱོད། རེག་པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རེག་པ་བདག་ཅེས་བྱ་བར་མི་སྤྱོད། རེག་པ་བདག་མེད་ཅེས་བྱ་བར་མི་སྤྱོད། རེག་པ་ཞི་ཞེས་བྱ་བར་མི་སྤྱོད། རེག་པ་མ་ཞི་ཞེས་བྱ་བར་མི་སྤྱོད། རེག་པ་སྟོང་ཞེས་བྱ་

བར་མི་སྤྱོད། རེག་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། རེག་པ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རེག་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རེག་པ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རེག་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རེག་པ་དབེན་ཞེས་བྱ་བར་མི་སྤྱོད།

རེག་པ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཚོར་བ་ལ་མི་སྤྱོད་དེ། ཚོར་བའི་མཚན་མ་ལ་མི་སྤྱོད་ཅིང་། ཚོར་བ་རྟག་ཅེས་བྱ་བར་མི་སྤྱོད། ཚོར་བ་མི་རྟག་ཅེས་བྱ་བར་མི་སྤྱོད། ཚོར་བ་བདེ་ཞེས་བྱ་བར་མི་སྤྱོད། ཚོར་བ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད།

Vol. 15 · folio 151a

ཚོར་བ་བདག་ཅེས་བྱ་བར་མི་སྤྱོད། ཚོར་བ་བདག་མེད་ཅེས་བྱ་བར་མི་སྤྱོད། ཚོར་བ་ཞི་ཞེས་བྱ་བར་མི་སྤྱོད། ཚོར་བ་མ་ཞི་ཞེས་བྱ་བར་མི་སྤྱོད། ཚོར་བ་སྟོང་ཞེས་བྱ་བར་མི་སྤྱོད། ཚོར་བ་མི་སྟོང་ཞེས་བྱ་བར་མི་སྤྱོད། ཚོར་བ་མཚན་མ་

ཡོད་ཅེས་བྱ་བར་མི་སྤྱོད། ཚོར་བ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཚོར་བ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཚོར་བ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཚོར་བ་དབེན་ཞེས་བྱ་བར་མི་སྤྱོད། ཚོར་བ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། སྲེད་པ་ལ་མི་སྤྱོད་དེ།

སྲེད་པའི་མཚན་མ་ལ་མི་སྤྱོད་ཅིང་། སྲེད་པ་རྟག་ཅེས་བྱ་བར་མི་སྤྱོད། སྲེད་པ་མི་རྟག་ཅེས་བྱ་བར་མི་སྤྱོད། སྲེད་པ་བདེ་ཞེས་བྱ་བར་མི་སྤྱོད། སྲེད་པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སྲེད་པ་བདག་ཅེས་བྱ་བར་མི་སྤྱོད། སྲེད་པ་བདག་མེད་ཅེས་བྱ་བར་མི་

སྤྱོད། སྲེད་པ་ཞི་ཞེས་བྱ་བར་མི་སྤྱོད། སྲེད་པ་མ་ཞི་ཞེས་བྱ་བར་མི་སྤྱོད། སྲེད་པ་སྟོང་ཞེས་བྱ་བར་མི་སྤྱོད། སྲེད་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། སྲེད་པ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སྲེད་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སྲེད་པ་སྨོན་པ་ཡོད་ཅེས་

བྱ་བར་མི་སྤྱོད། སྲེད་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སྲེད་པ་དབེན་ཞེས་བྱ་བར་མི་སྤྱོད། སྲེད་པ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ལེན་པ་ལ་མི་སྤྱོད་དེ། ལེན་པའི་མཚན་མ་ལ་མི་སྤྱོད་ཅིང་། ལེན་པ་རྟག་ཅེས་བྱ་བར་མི་སྤྱོད། ལེན་པ་མི་

རྟག་ཅེས་བྱ་བར་མི་སྤྱོད། ལེན་པ་བདེ་ཞེས་བྱ་བར་མི་སྤྱོད། ལེན་པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ལེན་པ་བདག་ཅེས་བྱ་བར་མི་སྤྱོད། ལེན་པ་བདག་མེད་ཅེས་བྱ་བར་མི་སྤྱོད། ལེན་པ་ཞི་ཞེས་བྱ་བར་མི་སྤྱོད། ལེན་པ་མ་ཞི་ཞེས་བྱ་བར་མི་སྤྱོད།

ལེན་པ་སྟོང་ཞེས་བྱ་བར་མི་སྤྱོད། ལེན་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། ལེན་པ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ལེན་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ལེན་པ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ལེན་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད།

Vol. 15 · folio 151b

ལེན་པ་དབེན་ཞེས་བྱ་བར་མི་སྤྱོད། ལེན་པ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། སྲིད་པ་ལ་མི་སྤྱོད་དེ། སྲིད་པའི་མཚན་མ་ལ་མི་སྤྱོད་ཅིང་། སྲིད་པ་རྟག་ཅེས་བྱ་བར་མི་སྤྱོད། སྲིད་པ་མི་རྟག་ཅེས་བྱ་བར་མི་སྤྱོད། སྲིད་པ་བདེ་ཞེས་བྱ་བར་མི་སྤྱོད། སྲིད་

པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སྲིད་པ་བདག་ཅེས་བྱ་བར་མི་སྤྱོད། སྲིད་པ་བདག་མེད་ཅེས་བྱ་བར་མི་སྤྱོད། སྲིད་པ་ཞི་ཞེས་བྱ་བར་མི་སྤྱོད། སྲིད་པ་མ་ཞི་ཞེས་བྱ་བར་མི་སྤྱོད། སྲིད་པ་སྟོང་ཞེས་བྱ་བར་མི་སྤྱོད། སྲིད་པ་མི་སྟོང་ཞེས་བྱ་བར་མི་སྤྱོད།

སྲིད་པ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སྲིད་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སྲིད་པ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། སྲིད་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སྲིད་པ་དབེན་ཞེས་བྱ་བར་མི་སྤྱོད། སྲིད་པ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་།

སྐྱེ་བ་ལ་མི་སྤྱོད་དེ། སྐྱེ་བའི་མཚན་མ་ལ་མི་སྤྱོད་ཅིང་། སྐྱེ་བ་རྟག་ཅེས་བྱ་བར་མི་སྤྱོད། སྐྱེ་བ་མི་རྟག་ཅེས་བྱ་བར་མི་སྤྱོད། སྐྱེ་བ་བདེ་ཞེས་བྱ་བར་མི་སྤྱོད། སྐྱེ་བ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སྐྱེ་བ་བདག་ཅེས་བྱ་བར་མི་སྤྱོད། སྐྱེ་བ་བདག་མེད་ཅེས་བྱ་བར་

མི་སྤྱོད། སྐྱེ་བ་ཞི་ཞེས་བྱ་བར་མི་སྤྱོད། སྐྱེ་བ་མ་ཞི་ཞེས་བྱ་བར་མི་སྤྱོད། སྐྱེ་བ་སྟོང་ཞེས་བྱ་བར་མི་སྤྱོད། སྐྱེ་བ་མི་སྟོང་ཞེས་བྱ་བར་མི་སྤྱོད། སྐྱེ་བ་མཚན་མ་ཡོད་ཅེས་བྱ་བར་མྱི་སྤྱོད། སྐྱེ་བ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སྐྱེ་བ་སྨོན་པ་ཡོད་ཅེས་བྱ་བར་

མི་སྤྱོད། སྐྱེ་བ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སྐྱེ་བ་དབེན་ཞེས་བྱ་བར་མི་སྤྱོད། སྐྱེ་བ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །རྒ་ཤི་ལ་མི་སྤྱོད་དེ། རྒ་ཤིའི་མཚན་མ་ལ་མི་སྤྱོད་ཅིང་། རྒ་ཤི་རྟག་ཅེས་བྱ་བར་མི་སྤྱོད། རྒ་ཤི་མི་རྟག་ཅེས་བྱ་བར་མི་སྤྱོད།

རྒ་ཤི་བདེ་ཞེས་བྱ་བར་མི་སྤྱོད། རྒ་ཤི་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རྒ་ཤི་བདག་ཅེས་བྱ་བར་མི་སྤྱོད། རྒ་ཤི་བདག་མེད་ཅེས་བྱ་བར་མི་སྤྱོད། རྒ་ཤི་ཞི་ཞེས་བྱ་བར་མི་སྤྱོད། རྒ་ཤི་མ་ཞི་ཞེས་བྱ་བར་མི་སྤྱོད། རྒ་ཤི་སྟོང་ཞེས་བྱ་བར་མི་སྤྱོད། རྒ་ཤི་མི་སྟོང་

Vol. 15 · folio 152a

ཞེས་བྱ་བར་མི་སྤྱོད། རྒ་ཤི་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རྒ་ཤི་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རྒ་ཤི་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རྒ་ཤི་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རྒ་ཤི་དབེན་ཞེས་བྱ་བར་མི་སྤྱོད།

རྒ་ཤི་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་ལ་མི་སྤྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་རྟག་ཅེས་བྱ་བར་

མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདག་མེད་ཅེས་བྱ་བར་མི་སྤྱོད། སྦྱིན་

པའི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཞི་ཞེས་བྱ་བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་

ཅེས་བྱ་བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དབེན་ཞེས་བྱ་

བར་མི་སྤྱོད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་ལ་མི་སྤྱོད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བར་མི་སྤྱོད།

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་ཅེས་བྱ་བར་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བར་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བར་མི་སྤྱོད།

Vol. 15 · folio 152b

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་ཅེས་བྱ་བར་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བར་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཞི་ཞེས་བྱ་བར་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་མི་སྤྱོད། ཚུལ་ཁྲིམས་

ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད།

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ཞེས་བྱ་བར་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དེ། བཟོད་

པའི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་ལ་མི་སྤྱོད་ཅིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་རྟག་ཅེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་

སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདག་མེད་ཅེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཞི་ཞེས་བྱ་བར་

མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མེད་ཅེས་བྱ་

བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དབེན་ཞེས་བྱ་བར་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དབེན་ཞེས་

Vol. 15 · folio 153a

བྱ་བར་མི་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་ལ་མི་སྤྱོད་ཅིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བར་མི་སྤྱོད། བརྩོན་འགྲུས་

ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་ཅེས་བྱ་བར་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བར་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བར་མི་སྤྱོད། བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་ཅེས་བྱ་བར་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བར་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཞི་ཞེས་བྱ་བར་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་མི་སྤྱོད། བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་

བྱ་བར་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ཞེས་བྱ་བར་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་

ལ་མི་སྤྱོད་དེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་ལ་མི་སྤྱོད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་ཅེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་

བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་ཅེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་

Vol. 15 · folio 153b

པ་ཞི་ཞེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཞི་ཞེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཚན་

མ་ཡོད་ཅེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། བསམ་གཏན་གྱི་

ཕ་རོལ་ཏུ་ཕྱིན་པ་དབེན་ཞེས་བྱ་བར་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་ལ་མི་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

རྟག་ཅེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་ཅེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་

ཅེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་ཅེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཞི་ཞེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་

བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མེད་ཅེས་བྱ་བར་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ཞེས་བྱ་བར་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་།། །།

Vol. 15 · folio 154a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཉིས་པ། །ནང་སྟོང་པ་ཉིད་ལ་མི་སྤྱོད་དེ། ནང་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ནང་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད།

ནང་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་ཞི་

ཞེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད།

ནང་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། ནང་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཕྱི་སྟོང་པ་ཉིད་ལ་མི་སྤྱོད་དེ། ཕྱི་སྟོང་པ་ཉིད་ཀྱི་མཚན་མ་ལ་

མི་སྤྱོད་ཅིང་། ཕྱི་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་བདག་མེད་

ཅེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་

མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། ཕྱི་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཕྱི་ནང་སྟོང་པ་ཉིད་ལ་མི་སྤྱོད་དེ།

Vol. 15 · folio 154b

ཕྱི་ནང་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ཕྱི་ནང་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་

བདག་ཅེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་

སྤྱོད། ཕྱི་ནང་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་དབེན་ཞེས་བྱ་

བར་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སྟོང་པ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་དེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། སྟོང་པ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་

སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བར་

མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་

མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་མི་དབེན་ཞེས་བྱ་

Vol. 15 · folio 155a

བར་མི་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་མི་སྤྱོད་དེ། ཆེན་པོ་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ཆེན་པོ་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། ཆེན་པོ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། ཆེན་པོ་སྟོང་པ་ཉིད་བདེ་ཞེས་བྱ་བར་

མི་སྤྱོད། ཆེན་པོ་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཆེན་པོ་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། ཆེན་པོ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། ཆེན་པོ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། ཆེན་པོ་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད།

ཆེན་པོ་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། ཆེན་པོ་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། ཆེན་པོ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཆེན་པོ་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཆེན་པོ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད།

ཆེན་པོ་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཆེན་པོ་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། ཆེན་པོ་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །དོན་དམ་པ་སྟོང་པ་ཉིད་ལ་མི་སྤྱོད་དེ། དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་།

དོན་དམ་པ་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་བདག་ཅེས་བྱ་

བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་མི་སྟོང་

ཞེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་

Vol. 15 · folio 155b

སྤྱོད། དོན་དམ་པ་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །འདུས་བྱས་སྟོང་པ་ཉིད་ལ་མི་སྤྱོད་དེ། འདུས་བྱས་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། འདུས་བྱས་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད།

འདུས་བྱས་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། འདུས་བྱས་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། འདུས་བྱས་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། འདུས་བྱས་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། འདུས་བྱས་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་

མི་སྤྱོད། འདུས་བྱས་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། འདུས་བྱས་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། འདུས་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། འདུས་བྱས་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། འདུས་བྱས་སྟོང་པ་ཉིད་མཚན་མ་ཡོད་ཅེས་

བྱ་བར་མི་སྤྱོད། འདུས་བྱས་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། འདུས་བྱས་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། འདུས་བྱས་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། འདུས་བྱས་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། འདུས་

བྱས་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །འདུས་མ་བྱས་སྟོང་པ་ཉིད་ལ་མི་སྤྱོད་དེ། འདུས་མ་བྱས་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། འདུས་མ་བྱས་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་མི་རྟག་ཅེས་བྱ་

བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། འདུས་མ་

བྱས་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་

Vol. 15 · folio 156a

མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་

དབེན་ཞེས་བྱ་བར་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མི་སྤྱོད་དེ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། མཐའ་ལས་འདས་པ་སྟོང་པ་ཉིད་རྟག་ཅེས་

བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་བདག་ཅེས་

བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་

ཞེས་བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། མཐའ་ལས་འདས་

པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་

པ་དང་། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་མི་སྤྱོད་དེ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་

Vol. 15 · folio 156b

མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་

བདག་མེད་ཅེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་

སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་

སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །དོར་བ་མེད་པ་སྟོང་པ་ཉིད་ལ་མི་

སྤྱོད་དེ། དོར་བ་མེད་པ་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། དོར་བ་མེད་པ་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་

ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། དོར་

བ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་སྨོན་པ་

Vol. 15 · folio 157a

ཡོད་ཅེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །རང་བཞིན་སྟོང་པ་ཉིད་

ལ་མི་སྤྱོད་དེ། རང་བཞིན་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། རང་བཞིན་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་སྡུག་

བསྔལ་ཞེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་

ཉིད་སྟོང་ཞེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད།

རང་བཞིན་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། རང་བཞིན་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་མི་སྤྱོད་དེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་

མ་ལ་མི་སྤྱོད་ཅིང་། ཆོས་ཐམས་ཅད་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཆོས་ཐམས་

ཅད་སྟོང་པ་ཉིད་བདག་ཅེས་མྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་

Vol. 15 · folio 157b

ཞེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་སྨོན་པ་ཡོད་

ཅེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་མི་

སྤྱོད་དེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། རང་གི་མཚན་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད།

རང་གི་མཚན་ཉིད་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། རང་གི་མཚན་

ཉིད་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་མཚན་

མ་མེད་ཅེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་མི་དབེན་ཞེས་བྱ་

བར་མི་སྤྱོད་པ་དང་། མི་དམིགས་པ་སྟོང་པ་ཉིད་ལ་མི་སྤྱོད་དེ། མི་དམིགས་པ་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། མི་དམིགས་པ་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་

Vol. 15 · folio 158a

ཉིད་བདེ་ཞེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་ཞི་ཞེས་

བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་

པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་

སྤྱོད་པ་དང་། །དངོས་པོ་མེད་པ་སྟོང་པ་ཉིད་ལ་མི་སྤྱོད་དེ། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། དངོས་པོ་མེད་པ་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་བདེ་ཞེས་

བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་

སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་མཚན་མ་མེད་ཅེས་

བྱ་བར་མི་སྟོང་། དངོས་པོ་མེད་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་

Vol. 15 · folio 158b

དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་དེ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ངོ་བོ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་

ཉིད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་

ཉིད་སྟོང་ཞེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད།

ངོ་བོ་ཉིད་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་དེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་

མཚན་མ་ལ་མི་སྤྱོད་ཅིང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདེ་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་

སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་

ཉིད་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་སྟོང་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། དངོས་

Vol. 15 · folio 159a

པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་

ངོ་བོ་ཉིད་སྟོང་པ་ཉིད་དབེན་ཞེས་བྱ་བར་མི་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མི་སྤྱོད་དེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། དྲན་པ་ཉེ་བར་གཞག་

པ་རྣམས་རྟག་ཅེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་བདེ་ཞེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་བདག་

ཅེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་སྟོང་ཞེས་བྱ་བར་མི་སྤྱོད།

དྲན་པ་ཉེ་བར་གཞག་པ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བར་

མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། དྲན་པ་ཉེ་བར་གཞག་པ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཡང་དག་པར་སྤོང་བ་རྣམས་ལ་མི་སྤྱོད་དེ། ཡང་དག་

པར་སྤོང་བ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ཡང་དག་པར་སྤོང་བ་རྣམས་རྟག་ཅེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་བདེ་ཞེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་སྡུག་བསྔལ་ཞེས་བྱ་

Vol. 15 · folio 159b

བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་བདག་ཅེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། ཡང་དག་པར་

སྤོང་བ་རྣམས་སྟོང་ཞེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་

རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མི་

སྤྱོད་དེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། རྫུ་འཕྲུལ་གྱི་རྐང་པ་རྣམས་རྟག་ཅེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་བདེ་ཞེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་

རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་བདག་ཅེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད།

རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོང་ཞེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་

པ་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །དབང་པོ་རྣམས་ལ་

Vol. 15 · folio 160a

མི་སྤྱོད་དེ། དབང་པོ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། དབང་པོ་རྣམས་རྟག་ཅེས་བྱ་བར་མི་སྤྱོད། དབང་པོ་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། དབང་པོ་རྣམས་བདེ་ཞེས་བྱ་བར་མི་སྤྱོད། དབང་པོ་རྣམས་སྡུག་བསྔལ་ཞེས་བྱ་

བར་མི་སྤྱོད། དབང་པོ་རྣམས་བདག་ཅེས་བྱ་བར་མི་སྤྱོད། དབང་པོ་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། དབང་པོ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། དབང་པོ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། དབང་པོ་རྣམས་སྟོང་ཞེས་བྱ་བར་མི་སྤྱོད། དབང་པོ་རྣམས་མི་སྟོང་ཞེས་བྱ་བར་མི་

སྤྱོད། དབང་པོ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། དབང་པོ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། དབང་པོ་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། དབང་པོ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། དབང་པོ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། དབང་པོ་རྣམས་མི་

དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སྟོབས་རྣམས་ལ་མི་སྤྱོད་དེ། སྟོབས་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། སྟོབས་རྣམས་རྟག་ཅེས་བྱ་བར་མི་སྤྱོད། སྟོབས་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། སྟོབས་རྣམས་བདེ་ཞེས་བྱ་བར་མི་སྤྱོད། སྟོབས་རྣམས་སྡུག་བསྔལ་

ཞེས་བྱ་བར་མི་སྤྱོད། སྟོབས་རྣམས་བདག་ཅེས་བྱ་བར་མི་སྤྱོད། སྟོབས་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། སྟོབས་རྣམས་ཞི་ཞེས་བྱ་བར་མི་སྤྱོད། སྟོབས་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། སྟོབས་རྣམས་སྟོང་ཞེས་བྱ་བར་མི་སྤྱོད། སྟོབས་རྣམས་མི་སྟོང་

ཞེས་བྱ་བར་མི་སྤྱོད། སྟོབས་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སྟོབས་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སྟོབས་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། སྟོབས་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སྟོབས་རྣམས་དབེན་ཞེས་བྱ་བར་མི་སྤྱོད། སྟོབས་རྣམས་

མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མི་སྤྱོད་དེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། བྱང་ཆུབ་ཀྱི་ཡན་ལག་རྣམས་རྟག་ཅེས་བྱ་བར་མི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། བྱང་ཆུབ་ཀྱི་

Vol. 15 · folio 160b

ཡན་ལག་རྣམས་བདེ་ཞེས་བྱ་བར་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་བདག་ཅེས་བྱ་བར་མི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་བདག་མེད་ཅེས་བྱ་བར་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་ཞི་ཞེས་བྱ་བར་

མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཞི་ཞེས་བྱ་བར་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་ཞེས་བྱ་བར་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་སྟོང་ཞེས་བྱ་བར་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་མཚན་མ་ཡོད་ཅེས་བྱ་བར་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་

ལག་རྣམས་མཚན་མ་མྱེད་ཅེས་བྱ་བར་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་སྨོན་པ་ཡོད་ཅེས་བྱ་བར་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་སྨོན་པ་མེད་ཅེས་བྱ་བར་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་དབེན་ཞེས་བྱ་བར་མྱི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་

མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མི་སྤྱོད་དོ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་མ་ལ་མྱི་སྤྱོད་ཅིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྟག་ཅེས་བྱ་བར་མྱི་སྤྱོད། འཕགས་པའི་ལམ་ཡན་ལག་

བརྒྱད་པ་མྱི་རྟག་ཅེས་བྱ་བར་མི་སྤྱོད། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བདེ་ཞེས་བྱ་བར་མྱི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་བདག་ཅེས་བྱ་བར་མྱི་སྤྱོད། འཕགས་པའི་

ལམ་ཡན་ལག་བརྒྱད་པ་བདག་མེད་ཅེས་བྱ་བར་མྱི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞི་ཞེས་བྱ་བར་མི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཞི་ཞེས་བྱ་བར་མྱི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་ཞེས་བྱ་བར་མི་སྤྱོད།

འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་སྟོང་ཞེས་བྱ་བར་མི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་

Vol. 15 · folio 161a

པ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་དབེན་ཞེས་བྱ་བར་མི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་

དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །འཕགས་པའི་བདེན་པ་རྣམས་ལ་མི་སྤྱོད་དེ། འཕགས་པའི་བདེན་པ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། འཕགས་པའི་བདེན་པ་རྣམས་རྟག་ཅེས་བྱ་བར་མི་སྤྱོད། འཕགས་པའི་བདེན་པ་རྣམས་མི་རྟག་ཅེས་བྱ་

བར་མི་སྤྱོད། འཕགས་པའི་བདེན་པ་རྣམས་བདེ་ཞེས་བྱ་བར་མི་སྤྱོད། འཕགས་པའི་བདེན་པ་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། འཕགས་པའི་བདེན་པ་རྣམས་བདག་ཅེས་བྱ་བར་མི་སྤྱོད། འཕགས་པའི་བདེན་པ་རྣམས་བདག་མེད་ཅེས་བྱ་བར་

མི་སྤྱོད། འཕགས་པའི་བདེན་པ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། འཕགས་པའི་བདེན་པ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། འཕགས་པའི་བདེན་པ་རྣམས་སྟོང་ཞེས་བྱ་བར་མི་སྤྱོད། འཕགས་པའི་བདེན་པ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། འཕགས་

པའི་བདེན་པ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། འཕགས་པའི་བདེན་པ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། འཕགས་པའི་བདེན་པ་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། འཕགས་པའི་བདེན་པ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། འཕགས་

པའི་བདེན་པ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། འཕགས་པའི་བདེན་པ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །བསམ་གཏན་རྣམས་ལ་མི་སྤྱོད་དེ། བསམ་གཏན་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། བསམ་གཏན་རྣམས་རྟག་ཅེས་བྱ་བར་མི་སྤྱོད། བསམ་

གཏན་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། བསམ་གཏན་རྣམས་བདེ་ཞེས་བྱ་བར་མི་སྤྱོད། བསམ་གཏན་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། བསམ་གཏན་རྣམས་བདག་ཅེས་བྱ་བར་མི་སྤྱོད། བསམ་གཏན་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། བསམ་

Vol. 15 · folio 161b

གཏན་རྣམས་ཞི་ཞེས་བྱ་བར་མི་སྤྱོད། བསམ་གཏན་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། བསམ་གཏན་རྣམས་སྟོང་ཞེས་བྱ་བར་མི་སྤྱོད། བསམ་གཏན་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། བསམ་གཏན་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། བསམ་

གཏན་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། བསམ་གཏན་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། བསམ་གཏན་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། བསམ་གཏན་རྣམས་དབེན་ཞེས་བྱ་བར་མི་སྤྱོད། བསམ་གཏན་རྣམས་མི་དབེན་ཞེས་བྱ་བར་

མི་སྤྱོད་པ་དང་། །ཚད་མེད་པ་རྣམས་ལ་མི་སྤྱོད་དེ། ཚད་མེད་པ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ཚད་མེད་པ་རྣམས་རྟག་ཅེས་བྱ་བར་མི་སྤྱོད། ཚད་མེད་པ་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། ཚད་མེད་པ་རྣམས་བདེ་ཞེས་བྱ་བར་མི་སྤྱོད།

ཚད་མེད་པ་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཚད་མེད་པ་རྣམས་བདག་ཅེས་བྱ་བར་མི་སྤྱོད། ཚད་མེད་པ་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། ཚད་མེད་པ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། ཚད་མེད་པ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད།

ཚད་མེད་པ་རྣམས་སྟོང་ཞེས་བྱ་བར་མི་སྤྱོད། ཚད་མེད་པ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། ཚད་མེད་པ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཚད་མེད་པ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཚད་མེད་པ་རྣམས་སྨོན་པ་ཡོད་ཅེས་བྱ་བར་

མི་སྤྱོད། ཚད་མེད་པ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། ཚད་མེད་པ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། ཚད་མེད་པ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མི་སྤྱོད་དེ། གཟུགས་མེད་པའི་

སྙོམས་པར་འཇུག་པ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་རྟག་ཅེས་བྱ་བར་མི་སྤྱོད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། གཟུགས་མེད་པའི་སྙོམས་པར་འཇུག་པ་

Vol. 15 · folio 162a

རྣམས་བདེ་ཞེས་བྱ་བར་མྱི་སྤྱོད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྡུག་བསྔལ་ཞེས་བྱ་བར་མྱི་སྤྱོད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བདག་ཅེས་བྱ་བར་མྱི་སྤྱོད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་

རྣམས་བདག་མྱེད་ཅེས་བྱ་བར་མི་སྤྱོད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་

མི་སྤྱོད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད།

གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། གཟུགས་

མེད་པའི་སྙོམས་པར་འཇུག་པ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །རྣམ་པར་ཐར་པ་རྣམས་ལ་མི་སྤྱོད་དེ། རྣམ་པར་ཐར་པ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། རྣམ་པར་ཐར་པ་རྣམས་རྟག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་མི་རྟག་ཅེས་

བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་བདེ་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་བདག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་

རྣམས་ཞི་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་སྟོང་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རྣམ་

Vol. 15 · folio 162b

པར་ཐར་པ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པ་རྣམས་མི་དབེན་

ཞེས་བྱ་བར་མི་སྤྱོད་པ་དང་། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མི་སྤྱོད་དེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་རྟག་ཅེས་བྱ་བར་མི་སྤྱོད།

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བདེ་ཞེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད།

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བདག་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་

པའི་སྙོམས་པར་འཇུག་པ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་མྱི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་

འཇུག་པ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་

སྙོམས་པར་འཇུག་པ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་

Vol. 15 · folio 163a

ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་མི་སྤྱོད་དེ། རྣམ་པར་ཐར་པའི་སྒ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན་མ་ལ་མི་སྤྱོད་ཅིང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་

མེད་པ་དང་། སྨོན་པ་མེད་པ་རྟག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མི་རྟག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བདེ་ཞེས་བྱ་བར་མི་

སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བདག་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་

པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་བདག་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞི་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།

སྨོན་པ་མེད་པ་མ་ཞི་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟོང་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མི་སྟོང་ཞེས་བྱ་བར་མི་སྤྱོད།

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་

སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་

Vol. 15 · folio 163b

མེད་པ་དང་། སྨོན་པ་མེད་པ་དབེན་ཞེས་བྱ་བར་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་མི་སྤྱོད་དེ། མངོན་པར་ཤེས་པ་རྣམས་ཀྱི་

མཚན་མ་ལ་མི་སྤྱོད་ཅིང་། མངོན་པར་ཤེས་པ་རྣམས་རྟག་ཅེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་བདེ་ཞེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་སྡུག་བསྔལ་ཞེས་བྱ་བར་མི་

སྤྱོད། མངོན་པར་ཤེས་པ་རྣམས་བདག་ཅེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་

རྣམས་སྟོང་ཞེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་སྨོན་པ་ཡོད་

ཅེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། མངོན་པར་ཤེས་པ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །ཏིང་ངེ་འཛིན་རྣམས་ལ་མི་སྤྱོད་དེ། ཏིང་ངེ་འཛིན་

རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། ཏིང་ངེ་འཛིན་རྣམས་རྟག་ཅེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་བདེ་ཞེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་

བདག་ཅེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་ཞི་ཞེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་སྟོང་ཞེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་མི་སྟོང་

Vol. 15 · folio 164a

ཞེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་སྨོན་པ་མེད་ཅེས་

བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་དབེན་ཞེས་བྱ་བར་མི་སྤྱོད། ཏིང་ངེ་འཛིན་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་མི་སྤྱོད་དེ། གཟུངས་ཀྱི་སྒོ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། གཟུངས་ཀྱི་སྒོ་རྣམས་རྟག་ཅེས་བྱ་བར་མི་

སྤྱོད། གཟུངས་ཀྱི་སྒོ་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་བདེ་ཞེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་བདག་ཅེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་བདག་མེད་

ཅེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་མཚན་མ་ཡོད་

ཅེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། གཟུངས་

ཀྱི་སྒོ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མི་སྤྱོད་དེ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། དེ་བཞིན་གཤེགས་པའི་སྟོབས་རྣམས་རྟག་ཅེས་བྱ་བར་མི་སྤྱོད། དེ་བཞིན་

གཤེགས་པའི་སྟོབས་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་རྣམས་བདེ་ཞེས་བྱ་བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་རྣམས་བདག་ཅེས་བྱ་

Vol. 15 · folio 164b

བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་རྣམས་ཞི་ཞེས་བྱ་བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་

རྣམས་སྟོང་ཞེས་བྱ་བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད།

དེ་བཞིན་གཤེགས་པའི་སྟོབས་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་རྣམས་དབེན་ཞེས་བྱ་བར་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་རྣམས་མི་

དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །མི་འཇིགས་པ་རྣམས་ལ་མི་སྤྱོད་དེ། མི་འཇིགས་པ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། མི་འཇིགས་པ་རྣམས་རྟག་ཅེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་བདེ་

ཞེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་བདག་ཅེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་མ་

ཞི་ཞེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་སྟོང་ཞེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད།

མི་འཇིགས་པ་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། མི་འཇིགས་པ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སོ་སོ་ཡང་དག་པར་རིག་

Vol. 15 · folio 165a

པ་རྣམས་ལ་མི་སྤྱོད་དེ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། སོ་སོ་ཡང་དག་པར་རིག་པ་རྣམས་རྟག་ཅེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་རྣམས་མི་རྟག་ཅེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་

པར་རིག་པ་རྣམས་བདེ་ཞེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་རྣམས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་རྣམས་བདག་ཅེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་རྣམས་བདག་མེད་ཅེས་བྱ་བར་མི་སྤྱོད།

སོ་སོ་ཡང་དག་པར་རིག་པ་རྣམས་ཞི་ཞེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་རྣམས་མ་ཞི་ཞེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་ཞེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་རྣམས་མི་སྟོང་ཞེས་བྱ་བར་མི་སྤྱོད།

སོ་སོ་ཡང་དག་པར་རིག་པ་རྣམས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་རྣམས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་རྣམས་

སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་རྣམས་དབེན་ཞེས་བྱ་བར་མི་སྤྱོད། སོ་སོ་ཡང་དག་པར་རིག་པ་རྣམས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སྙིང་རྗེ་ཆེན་པོ་ལ་མི་སྤྱོད་དེ། སྙིང་རྗེ་ཆེན་པོའི་མཚན་མ་ལ་མི་སྤྱོད་ཅིང་། སྙིང་རྗེ་ཆེན་

པོ་རྟག་ཅེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་མི་རྟག་ཅེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་བདེ་ཞེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་བདག་ཅེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་བདག་མེད་ཅེས་བྱ་བར་མི་

སྤྱོད། སྙིང་རྗེ་ཆེན་པོ་ཞི་ཞེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་མ་ཞི་ཞེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་སྟོང་ཞེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་མི་སྟོང་ཞེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་མཚན་མ་

Vol. 15 · folio 165b

མེད་ཅེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་དབེན་ཞེས་བྱ་བར་མི་སྤྱོད། སྙིང་རྗེ་ཆེན་པོ་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་

བརྒྱད་ལ་མི་སྤྱོད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྟག་ཅེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་རྟག་ཅེས་བྱ་བར་མི་སྤྱོད། སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བདེ་ཞེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བདག་ཅེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་

བརྒྱད་བདག་མེད་ཅེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཞི་ཞེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མ་ཞི་ཞེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་ཞེས་བྱ་བར་མི་སྤྱོད།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་སྟོང་ཞེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་

ཆོས་མ་འདྲེས་པ་བཅྭོ་བརྒྱད་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དབེན་ཞེས་བྱ་བར་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་

བརྒྱད་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པར་ཤེས་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ།

Vol. 15 · folio 166a

དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་གཟུགས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མེད། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་

ཀྱང་གཟུགས། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཚོར་བ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཚོར་བ་མེད། ཚོར་བ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཚོར་བ། ཚོར་བ་ཉིད་

ཀྱང་སྟོང་པ་ཉིད་དོ། །འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་འདུ་ཤེས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་འདུ་ཤེས་མེད། འདུ་ཤེས་ལས་གུང་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་འདུ་ཤེས། འདུ་ཤེས་ཉིད་ཀྱང་སྟོང་པ་

ཉིད་དོ། །འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་འདུ་བྱེད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་འདུ་བྱེད་མེད། འདུ་བྱེད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་འདུ་བྱེད། འདུ་བྱེད་ཉིད་ཀྱང་སྟོང་པ་ཉིད་དོ། །རྣམ་

པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣམ་པར་ཤེས་པ་མེད། རྣམ་པར་ཤེས་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་

དོ། །མིག་གི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མིག་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མིག་མེད། མིག་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མིག། མིག་ཉིད་ཀྱང་སྟོང་པ་ཉིད་དོ། །རྣ་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣ་བ་མ་ཡིན།

སྟོང་པ་ཉིད་ལས་གུད་ན་ཡང་རྣ་བ་མེད། རྣ་བ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣ་བ། རྣ་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྣའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སྣ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྣ་མེད། སྣ་ལས་གུད་ན་ཡང་སྟོང་

Vol. 15 · folio 166b

པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྣ། སྣ་ཉིད་ཀྱང་སྟོང་པ་ཉིད་དོ། །ལྕེའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ལྕེ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ལྕེ་མེད། ལྕེ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ལྕེ། ལྕེ་ཉིད་ཀྱང་སྟོང་པ་ཉིད་དོ། །

ལུས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ལུས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ལུས་མེད། ལུས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ལུས། ལུས་ཉིད་ཀྱང་སྟོང་པ་ཉིད་དོ། །ཡིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཡིད་མ་ཡིན།

སྟོང་པ་ཉིད་ལས་གུད་ན་ཡང་ཡིད་མེད། ཡིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཡིད། ཡིད་ཉིད་ཀྱང་སྟོང་པ་ཉིད་དོ། །གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་གཟུགས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མེད།

གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་གཟུགས། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྒྲའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སྒྲ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྒྲ་མེད། སྒྲ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ།

སྟོང་པ་ཉིད་ཀྱང་སྒྲ། སྒྲ་ཉིད་ཀྱང་སྟོང་པ་ཉིད་དོ། །དྲིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དྲི་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དྲི་མེད། དྲི་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་དྲི། དྲི་ཉིད་ཀྱང་སྟོང་པ་ཉིད་དོ། །རོའི་སྟོང་པ་

ཉིད་གང་ཡིན་པ་དེ་ཡང་རོ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རོ་མེད། རོ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རོ། རོ་ཉིད་ཀྱང་སྟོང་པ་ཉིད་དོ། །རེག་གི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རེག་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་

རེག་མེད། རེག་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རེག །རེག་ཉིད་ཀྱང་སྟོང་པ་ཉིད་དོ། །ཆོས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཆོས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཆོས་མེད། ཆོས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ།

Vol. 15 · folio 167a

སྟོང་པ་ཉིད་ཀྱང་ཆོས། ཆོས་ཉིད་ཀྱང་སྟོང་པ་ཉིད་དོ། །མིག་གི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མྱིག་གི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མིག་གི་ཁམས་མེད། མྱིག་གི་ཁམས་ལས་གུད་ན་

ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མིག་གི་ཁམས། མྱིག་གི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །གཟུགས་ཀྱི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་གཟུགས་ཀྱི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་ཀྱི་ཁམས་མེད།

གཟུགས་ཀྱི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་གཟུགས་ཀྱི་ཁམས། གཟུགས་ཀྱི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །མྱིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མིག་གི་རྣམ་པར་ཤེས་པའི་ཁམས་མ་ཡིན།

སྟོང་པ་ཉིད་ལས་གུད་ན་ཡང་མིག་གི་རྣམ་པར་ཤེས་པའི་ཁམས་མེད། མིག་གི་རྣམ་པར་ཤེས་པའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མིག་གི་རྣམ་པར་ཤེས་པའི་ཁམས། མིག་གི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །

རྣ་བའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣ་བའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣ་བའི་ཁམས་མེད། རྣ་བའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣ་བའི་ཁམས། རྣ་བའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ།

སྒྲའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སྒྲའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྒྲའི་ཁམས་མེད། སྒྲའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྒྲའི་ཁམས། སྒྲའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །རྣ་བའི་

རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣ་བའི་རྣམ་པར་ཤེས་པའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣ་བའི་རྣམ་པར་ཤེས་པའི་ཁམས་མེད། རྣ་བའི་རྣམ་པར་ཤེས་པའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་

Vol. 15 · folio 167b

ཉིད་ཀྱང་རྣ་བའི་རྣམ་པར་ཤེས་པའི་ཁམས། རྣ་བའི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །སྣའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སྣའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྣའི་ཁམས་མེད། སྣའི་ཁམས་ལས་གུད་ན་ཡང་

སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྣའི་ཁམས། སྣའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །དྲིའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དྲིའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དྲིའི་ཁམས་མེད། དྲིའི་ཁམས་ལས་གུད་ན་ཡང་སྟོང་པ་

ཉིད་མེད་དེ། སྟོང་པ་ཉིད་ཀྱང་དྲིའི་ཁམས། དྲིའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །སྣའི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སྣའི་རྣམ་པར་ཤེས་པའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྣའི་རྣམ་པར་ཤེས་པའི་

ཁམས་མེད། སྣའི་རྣམ་པར་ཤེས་པའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྣའི་རྣམ་པར་ཤེས་པའི་ཁམས། སྣའི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །ལྕེའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ལྕེའི་ཁམས་

མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ལྕེའི་ཁམས་མེད། ལྕེའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ལྕེའི་ཁམས། ལྕེའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །རོའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རོའི་ཁམས་མ་ཡིན།

སྟོང་པ་ཉིད་ལས་གུད་ན་ཡང་རོའི་ཁམས་མེད། རོའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རོའི་ཁམས། རོའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ལྕེའི་རྣམ་པར་ཤེས་

པའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ལྕེའི་རྣམ་པར་ཤེས་པའི་ཁམས་མེད། ལྕེའི་རྣམ་པར་ཤེས་པའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ལྕེའི་རྣམ་པར་ཤེས་པའི་ཁམས། ལྕེའི་རྣམ་པར་ཤེས་པའི་ཁམས་ཉིད་

Vol. 15 · folio 168a

ཀྱང་སྟོང་པ་ཉིད་དོ། །ལུས་ཀྱི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ལུས་ཀྱི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ལུས་ཀྱི་ཁམས་མེད། ལུས་ཀྱི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་

ལུས་ཀྱི་ཁམས། ལུས་ཀྱི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །རེག་གི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རེག་གི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རེག་གི་ཁམས་མེད། རེག་གི་ཁམས་ལས་གུང་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་

ཉིད་ཀྱང་རེག་གི་ཁམས། རེག་གི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུང་ན་ཡང་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མེད།

ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ལས་གུང་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་པའི་ཁམས། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །ཡིད་ཀྱི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཡིད་ཀྱི་ཁམས་

མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཡིད་ཀྱི་ཁམས་མེད། ཡིད་ཀྱི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཡིད་ཀྱི་ཁམས། ཡིད་ཀྱི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །ཆོས་ཀྱི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་

ཆོས་ཀྱི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུང་ན་ཡང་ཆོས་ཀྱི་ཁམས་མེད། ཆོས་ཀྱི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཆོས་ཀྱི་ཁམས། ཆོས་ཀྱི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་

ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་

Vol. 15 · folio 168b

ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །སའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སའི་ཁམས་མེད། སའི་ཁམས་ལས་གུང་ན་ཡང་སྟོང་

པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སའི་ཁམས། སའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །ཆུའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཆུའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཆུའི་ཁམས་མེད། ཆུའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ།

སྟོང་པ་ཉིད་ཀྱང་ཆུའི་ཁམས། ཆུའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །མེའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མེའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མེའི་ཁམས་མེད། མེའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་

ཀྱང་མེའི་ཁམས། མེའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །རླུང་གི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རླུང་གི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རླུང་གི་ཁམས་མེད། རླུང་གི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རླུང་གི་

ཁམས། རླུང་གི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །ནམ་མཁའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ནམ་མཁའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ནམ་མཁའི་ཁམས་མེད། ནམ་མཁའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་

པ་ཉིད་ཀྱང་ནམ་མཁའི་ཁམས། ནམ་མཁའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པའི་ཁམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣམ་པར་ཤེས་པའི་ཁམས་མེད། རྣམ་པར་

ཤེས་པའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས། རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྟོང་པ་ཉིད་དོ། །མ་རིག་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མ་རིག་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་

Vol. 15 · folio 169a

མ་རིག་པ་མེད། མ་རིག་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མ་རིག་པ། མ་རིག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་འདུ་བྱེད་མ་ཡིན། སྟོང་པ་ཉིད་ལས་གུད་ན་

ཡང་འདུ་བྱེད་མེད། འདུ་བྱེད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་འདུ་བྱེད། འདུ་བྱེད་ཉིད་ཀྱང་སྟོང་པ་ཉིད་དོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་མ་ཡིན། སྟོང་པ་ཉིད་ལས་གུང་ན་ཡང་རྣམ་

པར་ཤེས་པ་མེད། རྣམ་པར་ཤེས་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །མིང་དང་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མིང་དང་གཟུགས་མ་ཡིན། སྟོང་

པ་ཉིད་ལས་གུད་ན་ཡང་མིང་དང་གཟུགས་མེད། མིང་དང་གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མིང་དང་གཟུགས། མིང་དང་གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྐྱེ་མཆེད་དྲུག་གི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སྐྱེ་མཆེད་དྲུག་མ་

ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྐྱེ་མཆེད་དྲུག་མེད། སྐྱེ་མཆེད་དྲུག་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་ཉིད་ཀྱང་སྟོང་པ་ཉིད་དོ། །རིག་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རེག་པ་མ་ཡིན། སྟོང་

པ་ཉིད་ལས་གུད་ན་ཡང་རེག་པ་མེད། རེག་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རེག་པ། རེག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཚོར་བ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཚོར་བ་མེད་

ཚོར་བ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཚོར་བ། ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྲེད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སྲེད་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྲེད་པ་མེད། སྲེད་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་

Vol. 15 · folio 169b

དེ། སྟོང་པ་ཉིད་ཀྱང་སྲེད་པ། སྲེད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ལེན་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ལེན་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ལེན་པ་མེད། ལེན་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ལེན་པ། ལེན་པ་

ཉིད་ཀྱང་སྟོང་པ་ཉིད་དོ། །སྲིད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སྲིད་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྲིད་པ་མེད། སྲིད་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྲིད་པ། སྲིད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྐྱེ་བའི་སྟོང་པ་

ཉིད་གང་ཡིན་པ་དེ་ཡང་སྐྱེ་བ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྐྱེ་བ་མེད། སྐྱེ་བ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྐྱེ་བ། སྐྱེ་བ་ཉིད་ཀྱང་སྟོང་པ་ཉིད་དོ། །རྒ་ཤིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྒ་ཤི་མ་ཡིན། སྟོང་པ་ཉིད་

ལས་གུད་ན་ཡང་རྒ་ཤི་མེད། རྒ་ཤི་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྒ་ཤི། རྒ་ཤི་ཉིད་ཀྱང་སྟོང་པ་ཉིད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོང་པ་ཉིད་ལས་གུད་

ན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་

གང་ཡིན་པ་དེ་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ།

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་

Vol. 15 · folio 170a

ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་བརྩོན་འགྲུས་ཀྱི་ཕ་

རོལ་ཏུ་ཕྱིན་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཉིད་ཀྱང་སྟོང་པ་ཉིད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་

ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། སྟོང་པ་ཉིད་ལས་

གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ནང་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་

ཡིན་པ་དེ་ཡང་ནང་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ནང་སྟོང་པ་ཉིད་མེད། ནང་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ནང་སྟོང་པ་ཉིད། ནང་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ཕྱི་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་

ཡིན་པ་དེ་ཡང་ཕྱི་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཕྱི་སྟོང་པ་ཉིད་མེད། ཕྱི་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཕྱི་སྟོང་པ་ཉིད། ཕྱི་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་

Vol. 15 · folio 170b

པ་དེ་ཡང་ཕྱི་ནང་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཕྱི་ནང་སྟོང་པ་ཉིད་མེད། ཕྱི་ནང་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཕྱི་ནང་སྟོང་པ་ཉིད། ཕྱི་ནང་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་

པ་ཉིད་གང་ཡིན་པ་དེ་ཡང་སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་སྟོང་པ་ཉིད་མེད། སྟོང་པ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་སྟོང་

པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཆེན་པོ་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཆེན་པོ་སྟོང་པ་ཉིད་མེད། ཆེན་པོ་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཆེན་པོ་སྟོང་པ་ཉིད། ཆེན་པོ་སྟོང་

པ་ཉིད་ཀྱང་སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དོན་དམ་པ་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དོན་དམ་པ་སྟོང་པ་ཉིད་མེད། དོན་དམ་པ་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་

དོན་དམ་པ་སྟོང་པ་ཉིད། དོན་དམ་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་འདུས་བྱས་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་འདུས་བྱས་སྟོང་པ་ཉིད་མེད། འདུས་བྱས་སྟོང་པ་ཉིད་ལས་གུད་ན་

ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་འདུས་བྱས་སྟོང་པ་ཉིད། འདུས་བྱས་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །འདུས་མ་བྱས་སྟོང་པ་ཉིད་གང་ཡིན་པ་དེ་ཡང་འདུས་མ་བྱས་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་འདུས་མ་བྱས་སྟོང་པ་ཉིད་

མེད། འདུས་མ་བྱས་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་འདུས་མ་བྱས་སྟོང་པ་ཉིད། འདུས་མ་བྱས་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མཐའ་ལས་འདས་

Vol. 15 · folio 171a

པ་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མཐའ་ལས་འདས་པ་སྟོང་པ་ཉིད་མེད། མཐའ་ལས་འདས་པ་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད། མཐའ་

ལས་འདས་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མེད། ཐོག་མ་དང་ཐ་མ་

མེད་པ་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དོར་བ་མེད་པ་སྟོང་པ་ཉིད་

མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དོར་བ་མེད་པ་སྟོང་པ་ཉིད་མེད། དོར་བ་མེད་པ་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་དོར་བ་མེད་པ་སྟོང་པ་ཉིད། དོར་བ་མེད་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་

ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རང་བཞིན་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རང་བཞིན་སྟོང་པ་ཉིད་མེད། རང་བཞིན་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད། རང་བཞིན་སྟོང་པ་ཉིད་ཀྱང་

སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་མེད། ཆོས་ཐམས་ཅད་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ།

སྟོང་པ་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རང་གི་མཚན་ཉིད་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རང་གི་མཚན་ཉིད་སྟོང་

Vol. 15 · folio 171b

སྟོང་པ་ཉིད་མེད། རང་གི་མཚན་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །མི་དམིགས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མི་

དམིགས་པ་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མི་དམིགས་པ་སྟོང་པ་ཉིད་མེད། མི་དམིགས་པ་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མི་དམིགས་པ་སྟོང་པ་ཉིད། མི་དམིགས་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ།

དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དངོས་པོ་མེད་པ་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དངོས་པོ་མེད་པ་སྟོང་པ་ཉིད་མེད། དངོས་པོ་མེད་པ་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་དངོས་

པོ་མེད་པ་སྟོང་པ་ཉིད། དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ངོ་བོ་ཉིད་སྟོང་པ་ཉིད་མེད། ངོ་བོ་ཉིད་སྟོང་པ་ཉིད་ལས་

གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ངོ་བོ་ཉིད་སྟོང་པ་ཉིད། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། སྟོང་པ་

ཉིད་ལས་གུད་ན་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་

སྟོང་པ་ཉིད་དོ། །དྲན་པ་ཉེ་བར་གཞག་པ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མེད། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ན་ཡང་སྟོང་པ་

Vol. 15 · folio 172a

ཉིད་མེད་དེ། སྟོང་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ། དྲན་པ་ཉེ་བར་གཞག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ཡང་དག་པར་སྤོང་བ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཡང་དག་པར་སྤོང་བ་རྣམས་མ་ཡིན། སྟོང་པ་ཉིད་

ལས་གུད་ན་ཡང་ཡང་དག་པར་སྤོང་བ་རྣམས་མེད། ཡང་དག་པར་སྤོང་བ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཡང་དག་པར་སྤོང་བ། ཡང་དག་པར་སྤོང་བ་ཉིད་ཀྱང་སྟོང་པ་ཉིད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་སྟོང་པ་ཉིད་

གང་ཡིན་པ་དེ་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་མེད། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྫུ་འཕྲུལ་གྱི་རྐང་པ། རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་

སྟོང་པ་ཉིད་དོ། །དབང་པོ་ལྔའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དབང་པོ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དབང་པོ་རྣམས་མེད། དབང་པོ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་དབང་པོ། དབང་པོ་ཉིད་ཀྱང་

སྟོང་པ་ཉིད་དོ། །སྟོབས་ལྔའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སྟོབས་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྟོབས་རྣམས་མེད། སྟོབས་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྟོབས། སྟོབས་ཉིད་ཀྱང་སྟོང་པ་ཉིད་དོ།

བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་མེད། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་བྱང་

ཆུབ་ཀྱི་ཡན་ལག། བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་སྟོང་པ་ཉིད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་འཕགས་པའི་ལམ་ཡན་ལག་

Vol. 15 · folio 172b

བརྒྱད་པ་མེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །འཕགས་པའི་བདེན་པ་བཞིའི་སྟོང་

པ་ཉིད་གང་ཡིན་པ་དེ་ཡང་འཕགས་པའི་བདེན་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་འཕགས་པའི་བདེན་པ་རྣམས་མེད། འཕགས་པའི་བདེན་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་འཕགས་པའི་བདེན་པ། འཕགས་

པའི་བདེན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །བསམ་གཏན་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་བསམ་གཏན་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་བསམ་གཏན་རྣམས་མེད། བསམ་གཏན་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་

ཉིད་ཀྱང་བསམ་གཏན། བསམ་གཏན་ཉིད་ཀྱང་སྟོང་པ་ཉིད་དོ། །ཚད་མེད་པ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཚད་མེད་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ཚད་མེད་པ་རྣམས་མེད། ཚད་མེད་པ་རྣམས་ལས་གུད་ན་ཡང་སྟོང་

པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཚད་མེད་པ། ཚད་མེད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་

གུད་ན་ཡང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མེད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པ། གཟུགས་མེད་པའི་སྙོམས་པར་

འཇུག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །རྣམ་པར་ཐར་པ་བརྒྱད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣམ་པར་ཐར་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣམ་པར་ཐར་པ་མེད། རྣམ་པར་ཐར་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣམ་

Vol. 15 · folio 173a

པར་ཐར་པ། རྣམ་པར་ཐར་པ་ཉིད་ཀྱང་སྟོང་པ་ཉིད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། སྟོང་པ་

ཉིད་ལས་གུད་ན་ཡང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མེད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས།

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

མ་མེད་པ་དང་། སྨོན་པ་མེད་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་

ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཉིད་ཀྱང་སྟོང་པ་ཉིད་དོ། །

མངོན་པར་ཤེས་པ་དྲུག་གི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མངོན་པར་ཤེས་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མངོན་པར་ཤེས་པ་རྣམས་མེད། མངོན་པར་ཤེས་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་མངོན་

པར་ཤེས་པ་རྣམས། མངོན་པར་ཤེས་པ་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །ཏིང་ངེ་འཛིན་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཏིང་ངེ་འཛིན་རྣམས་མ་ཡིན། སྟོང་པ་ཉིད་ལས་གུང་ན་ཡང་ཏིང་ངེ་འཛིན་རྣམས་མེད། ཏིང་ངེ་འཛིན་རྣམས་ལས་

Vol. 15 · folio 173b

གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཏིང་ངེ་འཛིན་རྣམས། ཏིང་ངེ་འཛིན་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་གཟུངས་ཀྱི་སྒོ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་གཟུངས་

ཀྱི་སྒོ་རྣམས་མེད། གཟུངས་ཀྱི་སྒོ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་གཟུངས་ཀྱི་སྒོ་རྣམས། གཟུངས་ཀྱི་སྒོ་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་དེ་བཞིན་

གཤེགས་པའི་སྟོབས་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པའི་སྟོབས་རྣམས་མེད། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས། དེ་བཞིན་

གཤེགས་པའི་སྟོབས་ཉིད་ཀྱང་སྟོང་པ་ཉིད་དོ། །མི་འཇིགས་པ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མི་འཇིགས་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་མི་འཇིགས་པ་རྣམས་མེད། མི་འཇིགས་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་

མེད་དེ། སྟོང་པ་ཉིད་ཀྱང་མི་འཇིགས་པ། མི་འཇིགས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སོ་སོ་ཡང་དག་པར་རིག་པ་བཞིའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སོ་སོ་ཡང་དག་པར་རིག་

པ་རྣམས་མེད། སོ་སོ་ཡང་དག་པར་རིག་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སོ་སོ་ཡང་དག་པར་རིག་པ། སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །བྱམས་པ་ཆེན་པོའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་བྱམས་

པ་ཆེན་པོ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་བྱམས་པ་ཆེན་པོ་མེད། བྱམས་པ་ཆེན་པོ་ལས་གུང་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་བྱམས་པ་ཆེན་པོ། བྱམས་པ་ཆེན་པོ་ཉིད་ཀྱང་སྟོང་པ་ཉིད་དོ། །སྙིང་རྗེ་ཆེན་པོའི་སྟོང་པ་ཉིད་གང་ཡིན་པ་དེ་

Vol. 15 · folio 174a

ཡང་སྙིང་རྗེ་ཆེན་པོ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སྙིང་རྗེ་ཆེན་པོ་མེད། སྙིང་རྗེ་ཆེན་པོ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སྙིང་རྗེ་ཆེན་པོ། སྙིང་རྗེ་ཆེན་པོ་ཉིད་ཀྱང་སྟོང་པ་ཉིད་དོ། །སངས་རྒྱས་ཀྱི་

ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་ཡང་

སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ཐམས་ཅད་ཤེས་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་ཐམས་ཅད་ཤེས་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་

གུད་ན་ཡང་ཐམས་ཅད་ཤེས་པ་ཉིད་མེད། ཐམས་ཅད་ཤེས་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ཐམས་ཅད་ཤེས་པ་ཉིད། ཐམས་ཅད་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྟོང་པ་ཉིད་གང་

ཡིན་པ་དེ་ཡང་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་ལམ་གྱི་རྣམ་པ་ཤེས་པ་ཉིད་མེད། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད། ལམ་གྱི་

རྣམ་པ་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད། རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྟོང་པ་ཉིད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་

Vol. 15 · folio 174b

ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཐབས་མཁས་པར་ཤེས་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཏུ་མངོན་པར་འཚང་རྒྱ་བའི་སྐལ་བ་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་སྤྱོད་དོ་ཞེས་བྱ་བར་མི་དམིགས་སོ། མི་སྤྱོད་དོ་ཞེས་བྱ་བར་མི་དམིགས་སོ། །སྤྱོད་ཀྱང་སྤྱོད་ལ། མི་སྤྱོད་ཀྱང་མི་

སྤྱོད་དོ་ཅེས་བྱ་བར་མི་དམིགས་སོ། །སྤྱོད་པ་ཡང་མ་ཡིན། མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་མི་དམིགས་སོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྤྱོད་ཅེས་བྱ་བར་ཡང་མི་དམིགས། མི་སྤྱོད་ཅེས་བྱ་བར་ཡང་མི་དམིགས། སྤྱོད་ཀྱང་སྤྱོད་ལ། མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་ཡང་མི་དམིགས། སྤྱོད་པ་ཡང་མ་ཡིན། མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་ཡང་མི་

དམིགས་པ་ཡིན། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་མི་དམིགས་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མེད་པའི་རང་

བཞིན་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྤྱོད་དོ་ཞེས་བྱ་བར་ཡང་མི་དམིགས་སོ། མི་སྤྱོད་དོ་ཞེས་བྱ་བར་ཡང་མི་དམིགས་སོ།

སྤྱོད་ཀྱང་སྤྱོད་ལ། མི་སྤྱོད་ཀྱང་མི་སྤྱོད་དོ། ཞེས་བྱ་བར་ཡང་མི་དམིགས་སོ། །སྤྱོད་པ་ཡང་མ་ཡིན། མི་སྤྱོད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་

Vol. 15 · folio 175a

ཁོང་དུ་ཆུད་དེ་མ་བླངས་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཞུམ་པ་མེད་ཅིང་ཡོངས་སུ་ཞུམ་པ་མེད་དེ། མི་འཇིགས་མི་སྔང་། སྐྲག་པར་མི་འགྱུར་

ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པར་ཤེས་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་དེ་ཡང་། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར། གཉིས་

སུ་མེད་ཅིང་གཉིས་སུ་བྱར་མེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་སྟེ། རྒྱ་ཆེ་བ། མཆོག་ཏུ་བྱ་བ། ཚད་མེད་པར་ངེས་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མི་

འཕྲོགས་པ་སྟེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་འདི་

འབའ་ཞིག་གིས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། འོན་ཏམ་དེ་ལྟ་བུའི་ཏིང་ངེ་འཛིན་གཞན་དག་ཀྱང་ཡོད། །རབ་འབྱོར་གྱིས་སྨྲས་པ།

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཏིང་ངེ་འཛིན་གཞན་དག་ལ་རྣམ་པར་སྤྱད་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཡོད་དོ། །སྨྲས་པ།

ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་གཞན་གང་དག་གིས། རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་

Vol. 15 · folio 175b

ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ཞེས་བྱ་བ་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་

པར་འཚང་རྒྱའོ། །སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །

ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཟླ་བའི་རྒྱལ་མཚན་དཔལ་ཞེས་

བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་

ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་

དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་

Vol. 15 · folio 176a

འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་

ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་

འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་ཏུ་བདེ་བར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཏིང་ངེ་འཛིན་གྱི་རྒྱལ་པོ་བདེ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་

Vol. 15 · folio 176b

སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །འཁྲུལ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །འོད་ཟེར་རབ་ཏུ་འགྱེད་པས་འཁྲུལ་པ་མེད་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ་ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བརྩོན་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

མངོན་པར་རྫོགས་པར་འཚང་རྒྱའོ། །ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་

རྫོགས་པར་འཚང་རྒྱའོ། །ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་

Vol. 15 · folio 177a

མངོན་པར་རྫོགས་པར་འཚང་རྒྱའོ། །ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་

པར་འཚང་རྒྱའོ། །ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཉམས་པ་

མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་

ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རྒྱལ་པོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་

ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་

འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་

Vol. 15 · folio 177b

པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དབང་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་

འཚང་རྒྱའོ། །སེང་གེ་རྣམ་པར་རྐྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །སེང་གེ་རྣམ་པར་

གླལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །སྣེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ།

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words