ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 16 · folio 115a

པའི་ཚུལ་གྱིས་ཚད་མྱེད་པ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མྱི་དམྱིགས་པའི་ཚུལ་གྱིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་

སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ། །དེ་མི་དམྱིགས་པའི་ཚུལ་གྱིས་རྣམ་པར་ཐར་པ་བརྒྱད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་

བ་མ་འདྲེས་པས་བསྒོམ་པ་རྣམ་པ་བསྒོམ་པའི་དོན་དུ་དེ་མྱི་དམྱིགས་པའི་ཚུལ་གྱིས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་

པའི་དོན་དུ་དེ་མི་དམྱིགས་པའི་ཚུལ་གྱིས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མྱི་དམྱིགས་

པའི་ཚུལ་གྱིས་མངོན་པར་ཤེས་པ་རྣམས་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམྱིགས་པའི་ཚུལ་གྱིས་ཏིང་ངེ་འཛིན་རྣམས་སྒོམ་མོ། །རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམྱིགས་པའི་ཚུལ་གྱིས་གཟུངས་ཀྱི་སྒོ་རྣམས་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་

བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མྱི་དམྱིགས་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མྱི་

Vol. 16 · folio 115b

དམྱིགས་པའི་ཚུལ་གྱིས་མྱི་འཇིགས་པ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པ་བསྒོམ་པའི་དོན་དུ། དེ་མྱི་དམིགས་པའི་ཚུལ་གྱིས་སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་མོ། །རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པ་བསྒོམ་པའི་དོན་དུ་དེ་མི་དམྱིགས་པའི་ཚུལ་གྱིས་སྙིང་རྗེ་ཆེན་པོ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་

པ་བསྒོམ་པའི་དོན་དུ། དེ་མི་དམྱིགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒོམ་མོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་

ཞེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། འདི་ལྟར་བྱང་ཆུབ་སེམས་དཔའ་དམྱིགས་སུ་མེད་པའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་ཐ་སྙད་ཙམ་དུ་ཟད་དོ་ཞེས་བྱ་

པར་ཤེས་སོ། །གཟུགས་དམྱིགས་སུ་མྱེད་པའི་ཕྱིར་གཟུགས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཚོར་བ་དམྱིགས་སུ་མྱེད་པའི་ཕྱིར། ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །འདུ་ཤེས་དམྱིགས་སུ་མྱེད་པའི་ཕྱིར། འདུ་ཤེས་ཞེས་བྱ་བ་འདི་ནི།

མྱིང་ཙམ་དུ་ཟད་དོ། །འདུ་བྱེད་དམྱིགས་སུ་མྱེད་པའི་ཕྱིར་འདུ་བྱེད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱིག་དམྱིགས་སུ་མྱེད་པའི་ཕྱིར།

མྱིག་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣ་བ་དམྱིགས་སུ་མྱེད་པའི་ཕྱིར། རྣ་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྣ་དམྱིགས་སུ་མྱེད་པའི་ཕྱིར། སྣ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལྕེ་དམྱིགས་སུ་མྱེད་པའི་ཕྱིར་ལྕེ་ཞེས་བྱ་བ་

Vol. 16 · folio 116a

འདི་ནི་མྱིང་ཙམ་དུ་ཟད་དོ། །ལུས་དམྱིགས་སུ་མྱེད་པའི་ཕྱིར། ལུས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཡིད་དམྱིགས་སུ་མྱེད་པའི་ཕྱིར། །ཡིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །གཟུགས་དམྱིགས་སུ་མྱེད་པའི་ཕྱིར།

གཟུགས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྒྲ་དམྱིགས་སུ་མྱེད་པའི་ཕྱིར། སྒྲ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དྲི་དམྱིགས་སུ་མྱེད་པའི་ཕྱིར། དྲི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རོ་དམྱིགས་སུ་མྱེད་པའི་ཕྱིར། རོ་ཞེས་བྱ་བ་འདི་ནི་མྱིང་

ཙམ་དུ་ཟད་དོ། །རེག་དམྱིགས་སུ་མྱེད་པའི་ཕྱིར། རེག་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆོས་དམྱིགས་སུ་མེད་པའི་ཕྱིར། ཆོས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱིག་གི་རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། མྱིག་གི་རྣམ་པར་

ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣ་བའི་རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། རྣ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྣའི་རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། སྣའི་རྣམ་པར་

ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལྕེའི་རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལུས་ཀྱི་རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། ལུས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་

འདི་ནི་མྱིང་ཙམ་དུ་ཟད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱིག་གི་འདུས་ཏེ་རེག་པ་དམྱིགས་སུ་མྱེད་པའི་ཕྱིར། མྱིག་གི་འདུས་ཏེ་རེག་པ་ཞེས་བྱ་བ་འདི་ནི་

མྱིང་ཙམ་དུ་ཟད་དོ། །རྣ་བའི་འདུས་ཏེ་རེག་པ་དམྱིགས་སུ་མྱེད་པའི་ཕྱིར། རྣ་བའི་འདུས་ཏེ་རེག་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྣའི་འདུས་ཏེ་རེག་པ་དམྱིགས་སུ་མྱེད་པའི་ཕྱིར། སྣའི་འདུས་ཏེ་རེག་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་

Vol. 16 · folio 116b

དུ་ཟད་དོ། །ལྕེའི་འདུས་ཏེ་རེག་པ་དམྱིགས་སུ་མྱེད་པའི་ཕྱིར། ལྕེའི་འདུས་ཏེ་རེག་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལུས་ཀྱི་འདུས་ཏེ་རེག་པ་དམྱིགས་སུ་མྱེད་པའི་ཕྱིར། ལུས་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཡིད་ཀྱི་

འདུས་ཏེ་རེག་པ་དམྱིགས་སུ་མྱེད་པའི་ཕྱིར། ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དམྱིགས་སུ་མྱེད་པའི་ཕྱིར། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་

ཟད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དམྱིགས་སུ་མྱེད་པའི་ཕྱིར། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དམྱིགས་སུ་མྱེད་པའི་ཕྱིར། སྣའི་འདུས་

ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དམྱིགས་སུ་མྱེད་པའི་ཕྱིར། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལུས་ཀྱི་འདུས་ཏེ་རེག་པ་

ལས་བྱུང་པའི་ཚོར་བ་དམྱིགས་སུ་མྱེད་པའི་ཕྱིར། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དམྱིགས་སུ་མྱེད་པའི་ཕྱིར། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་

ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སའི་ཁམས་དམྱིགས་སུ་མྱེད་པའི་ཕྱིར། སའི་ཁམས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆུའི་ཁམས་དམྱིགས་སུ་མྱེད་པའི་ཕྱིར། ཆུའི་ཁམས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱེའི་

ཁམས་དམྱིགས་སུ་མྱེད་པའི་ཕྱིར། མྱེའི་ཁམས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རླུང་གི་ཁམས་དམྱིགས་སུ་མྱེད་པའི་ཕྱིར། རླུང་གི་ཁམས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ནམ་མཁའི་ཁམས་དམྱིགས་སུ་མྱེད་པའི་ཕྱིར། ནམ་མཁའི་

Vol. 16 · folio 117a

ཁམས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣམ་པར་ཤེས་པའི་ཁམས་དམྱིགས་སུ་མྱེད་པའི་ཕྱིར། རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མ་རིག་པ་དམྱིགས་སུ་མྱེད་པའི་ཕྱིར། མ་རིག་པ་ཞེས་བྱ་

བ་འདི་ནི་མྱིང་ཙམ་དུ་ཟད་དོ། །འདུ་བྱེད་དམྱིགས་སུ་མྱེད་པའི་ཕྱིར། འདུ་བྱེད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣམ་པར་ཤེས་པ་དམྱིགས་སུ་མྱེད་པའི་ཕྱིར། རྣམ་པར་ཤེས་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱིང་དང་གཟུགས་དམྱིགས་སུ་

མྱེད་པའི་ཕྱིར། མྱིང་དང་གཟུགས་ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྐྱེ་མཆེད་དྲུག་དམྱིགས་སུ་མྱེད་པའི་ཕྱིར། སྐྱེ་མཆེད་དྲུག་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རེག་པ་དམྱིགས་སུ་མྱེད་པའི་ཕྱིར། རེག་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །

ཚོར་བ་དམྱིགས་སུ་མྱེད་པའི་ཕྱིར། ཚོར་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྲེད་པ་དམྱིགས་སུ་མྱེད་པའི་ཕྱིར། སྲེད་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལེན་པ་དམྱིགས་སུ་མྱེད་པའི་ཕྱིར། ལེན་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྲིད་

པ་དམྱིགས་སུ་མྱེད་པའི་ཕྱིར། སྲིད་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྐྱེ་བ་དམྱིགས་སུ་མྱེད་པའི་ཕྱིར། སྐྱེ་བ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྒ་ཤི་དམྱིགས་སུ་མྱེད་པའི་ཕྱིར། རྒ་ཤི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྦྱིན་པའི་ཕ་

རོལ་ཏུ་ཕྱིན་པ་དམྱིགས་སུ་མྱེད་པའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མྱེད་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མྱེད་པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མྱེད་པའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་

Vol. 16 · folio 117b

ནི་མྱིང་ཙམ་དུ་ཟད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མྱེད་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམྱིགས་སུ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་

པ་འདི་ནི་མྱིང་ཙམ་དུ་ཟད་དོ། །ནང་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ནང་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཕྱི་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ཕྱི་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཕྱི་ནང་སྟོང་པ་ཉིད་

དམྱིགས་སུ་མྱེད་པའི་ཕྱིར། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྟོང་པ་ཉིད་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆེན་པོ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ཆེན་

པོ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དོན་དམ་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །འདུས་བྱས་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། འདུས་བྱས་སྟོང་པ་ཉིད་

ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །འདུས་མ་བྱས་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། མཐའ་

ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་དམྱིགས་

སུ་མེད་པའི་ཕྱིར། དོར་བ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རང་བཞིན་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་དམྱིགས་སུ་མྱེད་

Vol. 16 · folio 118a

པའི་ཕྱིར། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱི་དམྱིགས་པ་སྟོང་

པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། མྱི་དམྱིགས་པ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། དངོས་པོ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ངོ་བོ་ཉིད་

དམྱིགས་སུ་མྱེད་པའི་ཕྱིར། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་སུ་མྱེད་པའི་ཕྱིར། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དྲན་པ་

ཉེ་བར་གཞག་པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཡང་དག་པར་སྤོང་བ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། ཡང་དག་པར་སྤོང་བ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྫུ་

འཕྲུལ་གྱི་རྐང་པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དབང་པོ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། དབང་པོ་ལྔ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྟོབས་རྣམས་དམྱིགས་སུ་

མྱེད་པའི་ཕྱིར། སྟོབས་ལྔ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་དམྱིགས་སུ་མྱེད་པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ལམ་དམྱིགས་སུ་མྱེད་པའི་ཕྱིར། འཕགས་པའི་

ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །འཕགས་པའི་བདེན་པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། འཕགས་པའི་བདེན་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །བསམ་གཏན་རྣམས་དམྱིགས་སུ་མྱེད་

Vol. 16 · folio 118b

པའི་ཕྱིར། བསམ་གཏན་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཚད་མྱེད་པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། ཚད་མྱེད་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར།

གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣམ་པར་ཐར་པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། རྣམ་པར་ཐར་པ་བརྒྱད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་

རྣམས་དམྱིགས་སུ་མྱེད་པའི་ཕྱིར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དམྱིགས་སུ་མྱེད་པའི་ཕྱིར། རྣམ་པར་ཐར་

པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མངོན་པར་ཤེས་པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། མངོན་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཏིང་ངེ་འཛིན་རྣམས་དམྱིགས་

སུ་མྱེད་པའི་ཕྱིར། ཏིང་ངེ་འཛིན་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །གཟུངས་ཀྱི་སྒོ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། གཟུངས་ཀྱི་སྒོ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དམྱིགས་སུ་མྱེད་པའི་ཕྱིར། དེ་

བཞིན་གཤེགས་པའི་སྟོབས་བཅུ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མྱི་འཇིགས་པ་རྣམས་དམྱིགས་སུ་མྱེད་པའི་ཕྱིར། མྱི་འཇིགས་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་དམྱིགས་སུ་མྱེད་པའི་

ཕྱིར། སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སྙིང་རྗེ་ཆེན་པོ་དམྱིགས་སུ་མྱེད་པའི་ཕྱིར། སྙིང་རྗེ་ཆེན་པོ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དམྱིགས་སུ་མྱེད་

Vol. 16 · folio 119a

པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །དེ་བཞིན་ཉིད་དམྱིགས་སུ་མྱེད་པའི་ཕྱིར། དེ་བཞིན་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །མ་ནོར་བ་དེ་བཞིན་ཉིད་དམྱིགས་སུ་མྱེད་

པའི་ཕྱིར། མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །གཞན་མ་ཡིན་པ་དེ་བཞིན་ཉིད་དམྱིགས་སུ་མྱེད་པའི་ཕྱིར། གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆོས་ཉེད་དམྱིགས་སུ་མྱེད་པའི་ཕྱིར། ཆོས་

ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆོས་ཀྱི་དབྱིངས་དམྱིགས་སུ་མྱེད་པའི་ཕྱིར། ཆོས་ཀྱི་དབྱིངས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཆོས་ཀྱི་གནས་ཉིད་དམྱིགས་སུ་མྱེད་པའི་ཕྱིར། ཆོས་ཀྱི་གནས་ཉིད་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །

ཆོས་སྐྱོན་མྱེད་པ་དམྱིགས་སུ་མྱེད་པའི་ཕྱིར། ཆོས་སྐྱོན་མྱེད་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཡང་དག་པའི་མཐའ་དམྱིགས་སུ་མྱེད་པའི་ཕྱིར། ཡང་དག་པའི་མཐའ་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །བྱང་ཆུབ་དམྱིགས་སུ་

མྱེད་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །སངས་རྒྱས་དམྱིགས་སུ་མྱེད་པའི་ཕྱིར། སངས་རྒྱས་ཤེས་བྱ་བ་འདི་ནི་མྱིང་ཙམ་དུ་ཟད་དོ། །ཞེས་བྱ་བར་ཡང་དག་པར་ཤེས་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ཞེས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་དང་པོ་བསྐྱེད་པ་ནས་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་མངོན་པར་ཤེས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཤིང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་དོ། །སངས་

Vol. 16 · folio 119b

རྒྱས་བཅོམ་ལྡན་འདས་ལ། མཆོད་པ་དང་། རིམ་གྲོར་བྱ་བའི་ཚུལ་གང་ལ་གང་འོས་པ་དེ་དག་གིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པའི་ཕྱིར། སངས་རྒྱས་ཀྱི་ཞིང་

ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཀྱང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་འདི་ཉིད་ཀྱི་ཆོས་ཉན་ཏོ། །དེ་བྱང་ཆུབ་སེམས་དཔའི་ཐེག་པ་དེ་ལ་གནས་ཏེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་

དུ་འགྲོ་ཞིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་ཀྱང་། དེ་ལ་སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་ཀྱང་མྱི་འབྱུང་། སེམས་ཅན་གྱི་འདུ་ཤེས་ཀྱང་མྱི་འབྱུང་། སངས་རྒྱས་ཀྱི་འདུ་ཤེས་ཀྱང་མྱི་འབྱུང་ངོ་། །དེ་

གཉིས་སུ་མྱེད་པའི་ས་ལ་གནས་ཤིང་། ལུས་ཇི་ལྟ་བུས་སེམས་ཅན་རྣམས་ཀྱི་དོན་བྱ་བའི་མཐུ་ཡོད་པ་དེ་ལྟ་བུའི་ལུས་ཆེད་དུ་བསམས་ཤིང་ཡོངས་སུ་འཛིན་ཏེ། །དེ་ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་མ་གྱུར་གྱི་བར་དུ། ཐེག་པ་

དེ་དང་ནམ་དུ་ཡང་མྱི་འབྲལ་ཏེ། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་ནས་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱིའམ་

ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མྱི་དང་མྱི་མ་ཡིན་པ་དང་བཅས་པའི་འཇིག་རྟེན་གྱིས་བསྐོར་བར་མྱི་ནུས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་རོ། །དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། ཤར་ཕྱོགས་ཀྱི་

འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱང་ཡོན་ཏན་རྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་

Vol. 16 · folio 120a

པོ་བླ་ན་མྱེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་

ཅིང་དབྱངས་སུ་རྗོད་པ་མཛད་དོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་རྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོས་ཞིག་ཏུ། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མྱེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་། ཆོས་ཀྱི་འཁོར་ལོ་

སྐོར་བ་བྱེད་དོ། །ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་རྗོད་པ་མཛད་དོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་བརྗོད་པ་མཛད་ཅིང་

འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མྱེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་། ཆོས་ཀྱི་འཁོར་ལོ་སྐོར་བ་བྱེད་དོ་ཞེས། གྲགས་པ་སྒྲོག་ཅིང་དབྱངས་སུ་རྗོད་པ་མཛད་དོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་

རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་རྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མྱེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་

Vol. 16 · folio 120b

འདི་ཞེས་བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་རྗོད་པ་མཛད་དོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་

གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་རྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མྱེད་

པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་

རྗོད་པ་མཛད་དོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་རྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མྱེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་

སྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་རྗོད་པ་མཛད་དོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་རྗོད་པ་

མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མྱེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག། རྣམ་པ་ཐམས་ཅད་མཁྱེན་པ་

Vol. 16 · folio 121a

ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་རྗོད་པ་མཛད་དོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་

ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་རྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་བླ་ན་མྱེད་པའི་ཐེག་པ། ཐེག་

པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་རྗོད་པ་མཛད་དོ། །འོག་གི་ཕྱོགས་ཀྱི་

འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཡོན་ཏན་རྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ།

བླ་ན་མྱེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བ་བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་

རྗོད་པ་མཛད་དོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་འདས་བཞུགས་པ་རྣམས་ཀྱང་ཡོན་ཏན་རྗོད་པ་མཛད་ཅིང་། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ། བླ་ན་མྱེད་པའི་ཐེག་པ། ཐེག་པའི་མཆོག་ལ་གནས་པ་འདི་ཞེས་བྱ་བ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བ་

Vol. 16 · folio 121b

བྱེད་དོ་ཞེས་གྲགས་པ་སྒྲོག་ཅིང་དབྱངས་སུ་རྗོད་པ་མཛད་དོ། །དེ་ལྟར་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་

སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས་སོ། །གོ་ཆ་ཆེན་པོ་བགོས་སོ་ཞེས་བགྱི་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བགྱི་བ་ལགས། དེ་སྐད་ཅེས་གསོལ་པ་

དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའི་གོ་ཆ་གྱོན་ཅིང་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། ཚུལ་

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། ནང་སྟོང་

པ་ཉིད་ཀྱི་གོ་ཆ་བགོས། ཕྱི་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཕྱི་ནང་སྟོང་པ་ཉིད་ཀྱི་གོ་ཆ་བགོས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཆེན་པོ་སྟོང་པ་ཉིད་ཀྱི་གོ་ཆ་བགོས། དོན་དམ་པ་སྟོང་པ་ཉིད་ཀྱི་གོ་ཆ་བགོས། འདུས་བྱས་སྟོང་པ་ཉིད་ཀྱི་གོ་ཆ་བགོས།

འདུས་མ་བྱས་སྟོང་པ་ཉིད་ཀྱི་གོ་ཆ་བགོས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་གོ་ཆ་བགོས། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་གོ་ཆ་བགོས། རང་བཞིན་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ཆོས་ཐམས་ཅད་སྟོང་

ཉིད་ཀྱི་གོ་ཆ་བགོས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་གོ་ཆ་བགོས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་གོ་ཆ་བགོས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་གོ་ཆ་བགོས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་གོ་ཆ་བགོས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་གོ་ཆ་

Vol. 16 · folio 122a

བགོས། དྲན་པ་ཉེ་བར་གཞག་པའི་གོ་ཆ་བགོས། ཡང་དག་པར་སྤོང་བའི་གོ་ཆ་བགོས། རྫུ་འཕྲུལ་གྱི་རྐང་པའི་གོ་ཆ་བགོས། དབང་པོའི་གོ་ཆ་བགོས། སྟོབས་ཀྱི་གོ་ཆ་བགོས། བྱང་ཆུབ་ཀྱི་ཡན་ལག་གི་གོ་ཆ་བགོས། ལམ་གྱི་གོ་

ཆ་བགོས། འཕགས་པའི་བདེན་པའི་གོ་ཆ་བགོས། བསམ་གཏན་གྱི་གོ་ཆ་བགོས། ཚད་མྱེད་པའི་གོ་ཆ་བགོས། གཟུགས་མྱེད་པའི་སྙོམས་པར་འཇུག་པའི་གོ་ཆ་བགོས། རྣམ་པར་ཐར་པའི་གོ་ཆ་བགོས། མཐར་ཀྱིས་གནས་པའི་སྙོམས་པར་

འཇུག་པའི་གོ་ཆ་བགོས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་གོ་ཆ་བགོས། མངོན་པར་ཤེས་པའི་གོ་ཆ་བགོས། ཏིང་ངེ་འཛིན་གྱི་གོ་ཆ་བགོས། གཟུངས་ཀྱི་སྒོའི་གོ་ཆ་བགོས། དེ་བཞིན་གཤེགས་པའི་སྟོབས་ཀྱི་གོ་

ཆ་བགོས། མྱི་འཇིགས་པའི་གོ་ཆ་བགོས། སོ་སོ་ཡང་དག་པར་རིག་པའི་གོ་ཆ་བགོས། སྙིང་རྗེ་ཆེན་པོའི་གོ་ཆ་བགོས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་གོ་ཆ་བགོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་ཆ་བགོས། སངས་རྒྱས་ཀྱི་སྐུའི་

གོ་ཆ་བགོས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་རྒྱས་པར་བཀང་སྟེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །ལྷོ་ཕྱོགས་ཀྱི་འཇིག་

རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་

པར་འགེངས་སོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །

Vol. 16 · folio 122b

ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་

ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་དོ། །

ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་དོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་དོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་

ཏུ་སྐྱོད་དོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་དོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་དོ། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་

རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་དོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་དོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་

མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་དོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་དོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་སྐྱོད་དོ། །དེས་སྟོང་གསུམ་

གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་

Vol. 16 · folio 123a

སྒྲ་རྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས་དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །

དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་

འདི་ན། བྱོལ་སོང་གི་སྐྱེ་གནས་ཀྱི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་ཀྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་

ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་ཀྱི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། བྱོལ་སོང་གི་སྐྱེ་གནས་དེ་དག་གནས་རྣམ་པར་ལྡང་ངོ་། །

དེ་དག་བྱོལ་སོང་གི་སྐྱེ་གནས་དེ་དག་ནས་རྣམ་པར་ལངས་ནས་སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན།

གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་རྣམས་ཀྱི་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་

དོ། །དབྱངས་སྒྲོག་གོ། །དེའི་ཚེ་གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་གཤིན་རྗེའི་

Vol. 16 · folio 123b

འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་

དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་

སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་

ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་

ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས་དགའ་

བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་

བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱུའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་

Vol. 16 · folio 124a

པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དང་།

དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས། རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་

ཏུ་སྐྱེའོ། །དེས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། སེམས་ཅན་དམྱལ་བ་དེ་དག་ནས་

རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་

ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་ད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །

དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་

Vol. 16 · folio 124b

དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས་སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་

ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། དབྱངས་སྒྲོག་གོ །དེའི་ཚེ་སེམས་ཅན་དམྱལ་བ་

པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་

རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱིའི་

ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་

སེམས་ཅན་དེ་དག་ཀྱང་། སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་

རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་

Vol. 16 · folio 125a

ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་

བ་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་

ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་

པ་དེ་དག་ཐམས་ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་

རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་

ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དམྱལ་བའི་མྱེའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་དག་

ཐམས་ཅད་མྱེད་པར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་སེམས་ཅན་དམྱལ་བ་པའི་སེམས་ཅན་དེ་དག་ཀྱང་སངས་

Vol. 16 · folio 125b

རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་སེམས་ཅན་དམྱལ་བ་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་

བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་

སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ་དབྱངས་སྒྲོག་གོ། །དེའི་ཚེ་

བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་

རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །

དེས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ།

ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། དབྱངས་སྒྲོག་གོ །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་

Vol. 16 · folio 126a

རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་། སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་

ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ནུབ་ཕྱོགས་ཀྱི་

འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི། སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་

ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། དབྱངས་སྒྲོག་གོ །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་

དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་

སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་བྱང་ཕྱོགས་ཀྱི་འཇིག་

རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་

Vol. 16 · folio 126b

ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། དབྱངས་སྒྲོག་གོ །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་

སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་།

གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་

གངྒའི་ཀླུང་གི་བྱེ་མ་སྙེད་ད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་

རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་

རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་ད་དག་ན། བྱོལ་

Vol. 16 · folio 127a

སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། དབྱངས་སྒྲག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་

བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་

ཀྱི་ཞིང་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་

འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་

བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་

Vol. 16 · folio 127b

བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་

གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །དབྱངས་སྒྲོག་གོ།

དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས་དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་

དང་གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་

འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་

པ་དེ་དག་ཐམས་ཅད་ཞི་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། དབྱངས་སྒྲོག་གོ །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་

དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས། དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་

Vol. 16 · folio 128a

སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །དེས་སྟེང་གི་ཕྱོགས་ཀྱི་

འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཞི་བར་

བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་དོ། །དབྱངས་སྒྲོག་གོ། །དེའི་ཚེ་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་དེ་དག་ཀྱང་སངས་

རྒྱས་ཀྱི་སྒྲ་དེ་ཐོས་ནས་དགའ་བ་དང་བདེ་བ་འཐོབ་སྟེ། དེ་དག་དགའ་བ་དང་བདེ་བ་དེས་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་པར་ལྡང་ངོ་། །དེ་དག་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དེ་དག་ནས་རྣམ་

པར་ལངས་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་

ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཅིག་མངོན་པར་སྤྲུལ་ལ། དེ་ལྟར་མངོན་པར་སྤྲུལ་ནས། ངན་སོང་གི་སེམས་ཅན་དེ་དག་ལ་

སངས་རྒྱས་ཀྱི་སྒྲ་སྒྲོག །ཆོས་ཀྱི་སྒྲ་སྒྲོག །དགེ་འདུན་གྱི་སྒྲ་སྒྲོག་པར་གྱུར་ལ། དེ་ནས་སྤྲུལ་པ་དེ་དག་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དེས་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་

Vol. 16 · folio 128b

འཇིག་རྟེན་དེ་དག་ནས་རྣམ་པར་ལངས་པར་གྱུར་ན། རབ་འབྱོར་དེ་ལ་ཅི་སྙམ་དུ་སེམས། སྒྱུ་མའི་མཁན་པོ་དང་། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་

རྟེན་དེ་ནས་རྣམ་པར་བསླང་བ་ཡོད་དམ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་

ཚད་མྱེད་གྲངས་མྱེད་པའི་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་བཀྲོལ་ཡང་སེམས་ཅན་གང་ཡང་ཡོངས་སུ་གྲོལ་བར་བྱས་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་

པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོང་

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཻ་ཌཱུརྱའི་རྒྱུ་ལས་བྱུང་བ་མངོན་པར་སྤྲུལ་པ་བྱེད་དོ། །དེ་ལྟར་བཻ་ཌུཪྻའི་རྒྱུ་ལས་བྱུང་བ་མངོན་པར་སྤྲུལ་ནས། འཁོར་ལོས་སྒྱུར་བའི་སྲིད་མངོན་པར་སྤྲུལ་པ་བྱེད་དོ། །དེ་ལྟར་འཁོར་ལོས་སྒྱུར་བའི་སྲིད་

མངོན་པར་སྤྲུལ་ནས། ཟས་འདོད་པ་རྣམས་ལ་ཟས་ཀྱི་སྦྱིན་པ་བྱེད་དོ། །སྐོམ་འདོད་པ་རྣམས་ལ་སྐོམ་གྱི་སྦྱིན་པ་བྱེད་དོ། །བཞོན་པ་འདོད་པ་རྣམས་ལ་བཞོན་པའི་སྦྱིན་པ་བྱེད་དོ། །གོས་འདོད་པ་རྣམས་ལ་གོས་ཀྱི་སྦྱིན་པ་བྱེད་དོ། །

མེ་ཏོག་འདོད་པ་རྣམས་ལ་མེ་ཏོག་གི་སྦྱིན་པ་བྱེད་དོ། །ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བའི་སྦྱིན་པ་བྱེད་དོ། །སྤོས་འདོད་པ་རྣམས་ལ་སྤོས་ཀྱི་སྦྱིན་པ་བྱེད་དོ། །བྱུག་པ་འདོད་པ་རྣམས་ལ་བྱུག་པའི་སྦྱིན་པ་བྱེད་དོ། །མལ་ཆ་འདོད་པ་རྣམས་

Vol. 16 · folio 129a

ལ་མལ་ཆའི་སྦྱིན་པ་བྱེད་དོ། །ཁྱིམ་འདོད་པ་རྣམས་ལ་ཁྱིམ་གྱི་སྦྱིན་པ་བྱེད་དོ། །འཚོ་བ་འདོད་པ་རྣམས་ལ་འཚོ་བའི་སྦྱིན་པ་བྱེད་དོ། །ཡོ་བྱད་འདོད་པ་རྣམས་ལ་ཡོ་བྱད་ཀྱི་སྦྱིན་པ་བྱེད་དོ། །ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་འདོད་

པ་རྣམས་ལ་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་ཀྱི་སྦྱིན་པ་བྱེད་དོ། །ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་འདོད་པ་རྣམས་ལ། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་

རུ་དང་། གསེར། དངུལ་གྱི་སྦྱིན་པ་བྱེད་པ་ནས། མྱིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་སྦྱིན་པ་བྱེད་དེ། དེས་དེ་ལྟར་ཟས་འདོད་པ་རྣམས་ལ་ཟས་བྱིན། སྐོམ་འདོད་པ་རྣམས་ལ་སྐོམ་བྱིན། བཞོན་པ་འདོད་པ་རྣམས་ལ་བཞོན་པ་བྱིན། གོས་འདོད་པ་

ལ་གོས་བྱིན། མེ་ཏོག་འདོད་པ་ལ་མེ་ཏོག་བྱིན། ཕྲེང་བ་འདོད་པ་ལ་ཕྲེང་བ་བྱིན། སྤོས་འདོད་པ་ལ་སྤོས་བྱིན། བྱུག་པ་འདོད་པ་ལ་བྱུག་པ་བྱིན། མལ་ཆ་འདོད་པ་ལ་མལ་ཆ་བྱིན། ཁྱིམ་འདོད་པ་ལ་ཁྱིམ་བྱིན། འཚོ་བ་འདོད་པ་ལ་འཚོ་བ་བྱིན། ཡོ་བྱད་

འདོད་པ་ལ་ཡོ་བྱད་བྱིན། ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་འདོད་པ་རྣམས་ལ་ནི་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་བྱིན། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་འདོད་པ་རྣམས་ལ་ནི། ནོར་བུ་དང་། མུ་ཏིག་དང་། བཻ་ཌུཪྻ་དང་། དུང་དང་།

མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་བྱིན་པ་ནས། མྱིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་བྱིན་ནས། སེམས་ཅན་དེ་དག་ལ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །སེམས་ཅན་དེ་དག་གིས་ཀྱང་

ཆོས་བསྟན་པ་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ་སྒྱུ་མའི་མཁན་པོའི་

Vol. 16 · folio 129b

མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ཟས་འདོད་པ་རྣམས་ལ་ནི་ཟས་བྱིན། སྐོམ་འདོད་པ་རྣམས་ལ་ནི་སྐོམ་བྱིན། བཞོན་པ་འདོད་པ་རྣམས་ལ་ནི་

བཞོན་པ་བྱིན། གོས་འདོད་པ་རྣམས་ལ་ནི་གོས་བྱིན། མེ་ཏོག་འདོད་པ་རྣམས་ལ་ནི་མེ་ཏོག་བྱིན། ཕྲེང་བ་འདོད་པ་རྣམས་ལ་ནི་ཕྲེང་བ་བྱིན། སྤོས་འདོད་པ་རྣམས་ལ་ནི་སྤོས་བྱིན། བྱུག་པ་འདོད་པ་རྣམས་ལ་ནི་བྱུག་པ་བྱིན། མལ་ཆ་འདོད་པ་རྣམས་ལ་ནི་མལ་

ཆ་བྱིན། ཁྱིམ་འདོད་པ་རྣམས་ལ་ནི་ཁྱིམ་བྱིན། འཚོ་བ་འདོད་པ་རྣམས་ལ་ནི་འཚོ་བ་བྱིན། ཡོ་བྱད་འདོད་པ་རྣམས་ལ་ནི་ཡོ་བྱད་བྱིན། ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་འདོད་པ་རྣམས་ལ་ནི་ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་བྱིན། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་

དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་འདོད་པ་རྣམས་ལ་ནི། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་བྱིན་པ་ནས། མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་བྱིན་ན། རབ་འབྱོར་དེ་ལ་ཅི་སྙམ་དུ་སེམས་

སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ལ་ཡང་ཅི་ཡང་བྱིན་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོས། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་མངོན་པར་སྤྲུལ་ཏེ། ཟས་འདོད་པ་རྣམས་ལ་ནི་ཟས་བྱིན། སྐོམ་འདོད་པ་རྣམས་ལ་ནི་སྐོམ་བྱིན། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ་བྱིན། གོས་འདོད་པ་རྣམས་ལ་ནི་གོས་བྱིན། མེ་ཏོག་འདོད་

པ་རྣམས་ལ་ནི་མེ་ཏོག་བྱིན། ཕྲེང་བ་འདོད་པ་རྣམས་ལ་ནི་ཕྲེང་བ་བྱིན། སྤོས་འདོད་པ་རྣམས་ལ་ནི་སྤོས་བྱིན། བྱུག་པ་འདོད་པ་རྣམས་ལ་ནི་བྱུག་པ་བྱིན། མལ་ཆ་འདོད་པ་རྣམས་ལ་ནི་མལ་ཆ་བྱིན། ཁྱིམ་འདོད་པ་རྣམས་ལ་ནི་ཁྱིམ་བྱིན། འཚོ་བ་

Vol. 16 · folio 130a

འདོད་པ་རྣམས་ལ་ནི་འཚོ་བ་བྱིན། ཡོ་བྱད་འདོད་པ་རྣམས་ལ་ནི་ཡོ་བྱད་བྱིན། ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་འདོད་པ་རྣམས་ལ་ནི། ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་བྱིན། ནོར་བུ་དང་། མུ་ཏིག་དང་། བཻ་ཌྰུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་

དང་། གསེར་དངུལ་འདོད་པ་རྣམས་ལ་ནི། ནོར་བུ་དང་། མུ་ཏིག་དང་། བཻ་ཌྰུཪྻ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དངུལ་བྱིན་པ་ནས་མྱིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་བྱིན་ཡང་། སེམས་ཅན་གང་ལ་ཡང་ཅི་ཡང་བྱིན་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཆེད་དུ་བསམ་ཏེ་སྐྱེ་བ་ཡོངས་སུ་བཟུང་བས་འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེ་ཞིང་དེ་འཁོར་ལོས་སྒྱུར་བའི་དབང་ཕྱུག་དེ་ལ་གནས་ནས། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་

ལམ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་

བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པ་བརྒྱད་དང་།

མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འཕགས་པའི་བདེན་པ་བཞི་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་

Vol. 16 · folio 130b

དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སེམས་ཅན་རྣམས་རབ་ཏུ་འགོད་དེ། སེམས་ཅན་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་ཆོས་

བསྟན་པ་དེ་དང་ནམ་ཡང་འབྲལ་བར་མྱི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་

ཞིག་མངོན་པར་སྤྲུལ་ཏེ། སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དམ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་

དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་

དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འཕགས་པའི་བདེན་པ་བཞི་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་།

མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་རྒྱད་ལ་སེམས་ཅན་རྣམས་རབ་ཏུ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་

ཅན་གང་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་ཡོད་དམ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་

Vol. 16 · folio 131a

བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་

པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འཕགས་པའི་བདེན་པ་བཞི་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་

བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བཀོད་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་

བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་དེ། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་།

མངོན་པར་ཤེས་པ་ལྔ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་།

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། འཕགས་པའི་བདེན་པ་བཞི་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་

ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བཀོད་ཀྱང་། སེམས་ཅན་གང་ཡང་དེ་དག་ལ་བཀོད་པ་མྱེད་དོ། །

Vol. 16 · folio 131b

རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་རབ་ཏུ་འགོད་དོ། །རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་

ཤིང་། སེམས་ཅན་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་རབ་ཏུ་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བརྒྱ་ལ་སེམས་ཅན་ཐམས་ཅད་བདག་ལ་

རྡོ་དང་། དབྱིག་པས་རྡེག་ཅིང་མཚོན་གྱིས་འདེབས་ཀྱང་དེ་ལ་བདག་གིས་འཁྲུག་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མྱི་བྱའོ་ཞེས་གོ་ཆ་བགོ་བ་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱང་བཟོད་པ་དེ་འདྲ་བ་ལ་རབ་ཏུ་འགོད་པ་བྱེད་དོ། །རབ་འབྱོར་འདི་

ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་

སྦྱོར་བ་དང་། རབ་ཏུ་འགོད་པར་བྱས་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཞག་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་

ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་ཚད་མེད་གྲངས་མེད་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང་། སེམས་ཅན་གང་ཡང་བཟོད་

Vol. 16 · folio 132a

པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་

ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་

འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བ་དང་གཞོག་ཅིང་འགོད་པ་ཡིན་ཞེ་

ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། སེམས་ཅན་ཐམས་ཅད་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །རབ་འབྱོར་འདི་

ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་

ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་པ་ཡོད་དམ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་ཀྱང་། སེམས་ཅན་གང་ཡང་ལུས་དང་སེམས་ཀྱི་བརྩོན་འགྲུས་ལ་བཀོད་པ་

Vol. 16 · folio 132b

མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བ་དང་། གཞོག་ཅིང་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ལ་གནས་ཤིང་། ཆོས་གང་ལ་ཡང་འཁྲུག་པའམ། འཁྲུག་པ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་གྱི་

ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་པ་དང་འགོད་པར་བྱས་ཏེ། དེ་ལྟར་ཡང་དག་པར་སྐུལ་བ་རྣམས་ཀྱང་། ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་ནམ་ཡང་བསམ་གཏན་གྱི་ཕ་རོལ་

ཏུ་ཕྱིན་པ་དང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་

ཤིག་མངོན་པར་སྤྲུལ་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་དམ། །

Vol. 16 · folio 133a

གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་

ཀྱང་། སེམས་ཅན་གང་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་

པར་སྐུལ་ཞིང་གཞོག་གོ་འགོད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བ་དང་།

གཞོག་ཅིང་འགོད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་འམ། ཚུ་རོལ་

ཏམ། ཕ་རོལ་ཏུ་མྱི་དམྱིགས་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་

ཞིང་གཞོག་གོ་འགོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ། སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་

Vol. 16 · folio 133b

སྤྲུལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་ཏེ་བཞག་ཅིང་བཀོད་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་དམ། གསོལ་པ་

བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང་། སེམས་ཅན་གང་ཡང་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་

བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཤིང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་

ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན།

སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་

ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་

Vol. 16 · folio 134a

ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན།

སེམས་ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་

ཅན་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མྱེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་

ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་

Vol. 16 · folio 134b

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་

ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་

པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་

ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་

མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་

གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་

གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་

Vol. 16 · folio 135a

གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་

ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་

ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་

གོ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་

འབྲལ་བར་མི་འགྱུར་རོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་

ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་

ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་

Vol. 16 · folio 135b

ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་

གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་

རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ།

འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ།

འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་

Vol. 16 · folio 136a

དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ།

དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ།

འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་

རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏེ། སེམས་ཅན་དེ་དག་

ཀྱང་ཆོས་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་

སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་ཀྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །

ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་

Vol. 16 · folio 136b

བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་

གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏེ།

སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་

གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་

བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་

Vol. 16 · folio 137a

རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་

གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ།

འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏེ། སེམས་ཅན་དེ་དག་ཀྱང་

ཆོས་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་

ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་

བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་

Vol. 16 · folio 137b

རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ།

འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་

ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་

ཡོད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་

མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མྱི་འགྱུར་རོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན།

སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་

པ་དེ་དག་ཐམས་ཅད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བཟོད་

Vol. 16 · folio 138a

པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བརྩོན་འགྲུས་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་

དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་

གཞོག་གོ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་

བར་མི་འགྱུར་རོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་།

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་

Vol. 16 · folio 138b

ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་

ལྟར་བདག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །ཇི་ལྟར་བདག་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ཞིང་གཞོག་གོ་འགོད་དོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ཀྱི་ཆོས་

ཀྱང་སྟོན་ཏེ། སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། སྒྱུ་མའི་མཁན་པོའམ།

སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་བསྐུལ་ཞིང་བཞག་སྟེ་བཀོད་པར་གྱུར་ན།

རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་དེས་སེམས་ཅན་གང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་བསྐུལ་ཞིང་བཞག་སྟེ། བཀོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་། ནུབ་ཕྱོགས་ཀྱི་

Vol. 16 · folio 139a

འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་

གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་

མ་སྙེད་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་ཀྱང་། སེམས་ཅན་གང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་

ཕྲག་བརྒྱ་པ། བམ་པོ་བཅུ་པ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་རྣམ་པར་སྤྱོད་ཅིང་། སེམས་བསྐྱེད་པ་གཞན་གྱི་གོ་མྱི་འབྱེད་

དེ། བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་

མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་

Vol. 16 · folio 139b

ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་སྙེད་

ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ནང་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཕྱི་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །

བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཕྱི་ནང་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སྟོང་པ་ཉིད་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་

ཅན་འདི་སྙེད་ཅིག་ནི་ཆེན་པོ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་དོན་དམ་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་

འདུས་བྱས་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་འདུས་མ་བྱས་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་

མཐའ་ལས་འདས་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་

ཅན་འདི་སྙེད་ཅིག་ནི་དོར་བ་མྱེད་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རང་བཞིན་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་

Vol. 16 · folio 140a

སྙེད་ཅིག་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་

ཅན་འདི་སྙེད་ཅིག་ནི་མྱི་དམྱིགས་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་

སྙེད་ཅིག་ནི་ངོ་བོ་ཉིད་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་

སྙེད་ཅིག་ནི་དྲན་པ་ཉེ་བར་གཞག་པ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཡང་དག་པར་སྤོང་བ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་

སྙེད་ཅིག་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་དབང་པོ་ལྔ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སྟོབས་ལྔ་ལ་དགོད་

པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་

པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་འཕགས་པའི་བདེན་པ་རྣམས་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་བསམ་གཏན་བཞི་

Vol. 16 · folio 140b

ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཚད་མྱེད་པ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་

ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྣམ་པར་ཐར་པ་བརྒྱད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་མཐར་ཀྱིས་གནས་པའི་སྙོམས་

པར་འཇུག་པ་དགུ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱ་

འོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་མངོན་པར་ཤེས་པ་ལྔ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཏིང་ངེ་འཛིན་ཐམས་ཅད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་

མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་གཟུངས་ཀྱི་སྒོ་ཐམས་ཅད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་

མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་མྱི་འཇིགས་པ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སོ་སོ་ཡང་དག་པར་རིག་པ་བཞི་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་

པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སྙིང་རྗེ་ཆེན་པོ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་དགོད་པར་བྱའོ། །འདི་སྙེད་

Vol. 16 · folio 141a

ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་

དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ཕྱིར་མྱི་འོང་བའི་འབྲས་བུ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་དགྲ་བཅོམ་པ་ཉིད་ལ་དགོད་

པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རང་བྱང་ཆུབ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་དགོད་པར་

བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མྱི་བྱའོ། །ཞེས་བྱ་བར་སེམས་བསྐྱེད་པའི་གོ་མྱི་འབྱེད་ཀྱི་དེ་འདི་སྙམ་དུ་

སེམས་ཏེ། བདག་གིས་སེམས་ཅན་ཚད་མྱེད་གྲངས་མྱེད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་

པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །ནང་སྟོང་པ་ཉིད་ལ་དགོད་པར་བྱའོ། །ཕྱི་སྟོང་པ་ཉིད་ལ་དགོད་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་ལ་དགོད་པར་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་

ལ་དགོད་པར་བྱའོ། །ཆེན་པོ་སྟོང་པ་ཉིད་ལ་དགོད་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདུས་བྱས་སྟོང་པ་ཉིད་ལ་དགོད་པར་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ལ་དགོད་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །

Vol. 16 · folio 141b

ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །རང་བཞིན་སྟོང་པ་ཉིད་ལ་དགོད་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་དགོད་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་དགོད་པར་བྱའོ། །མྱི་དམྱིགས་

པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་དགོད་པར་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་དགོད་པར་བྱའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དགོད་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་དགོད་པར་བྱའོ། །ཡང་དག་པར་སྤོང་བ་

བཞི་ལ་དགོད་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དགོད་པར་བྱའོ། །དབང་པོ་ལྔ་ལ་དགོད་པར་བྱའོ། །སྟོབས་ལྔ་ལ་དགོད་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་དགོད་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་དགོད་པར་བྱའོ། །

འཕགས་པའི་བདེན་པ་བཞི་ལ་དགོད་པར་བྱའོ། །བསམ་གཏན་བཞི་ལ་དགོད་པར་བྱའོ། །ཚད་མྱེད་པ་བཞི་ལ་དགོད་པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་དགོད་པར་བྱའོ། །རྣམ་པར་ཐར་པ་བརྒྱད་ལ་དགོད་པར་བྱའོ། །མཐར་ཀྱིས་

གནས་པའི་སྙོམས་པར་འཇུག་པ་དགུ་ལ་དགོད་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་དགོད་པར་བྱའོ། །མངོན་པར་ཤེས་པ་ལྔ་ལ་དགོད་པར་བྱའོ། །ཏིང་ངེ་འཛིན་ཐམས་ཅད་ལ་དགོད་པར་བྱའོ། །

གཟུངས་ཀྱི་སྒོ་ཐམས་ཅད་ལ་དགོད་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དགོད་པར་བྱའོ། །མྱི་འཇིགས་པ་བཞི་ལ་དགོད་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་དགོད་པར་བྱའོ། །སྙིང་རྗེ་ཆེན་པོ་ལ་དགོད་པར་བྱའོ། །སངས་རྒྱས་ཀྱི་ཆོས་

མ་འདྲེས་པར་བཅྭོ་བརྒྱད་ལ་དགོད་པར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་དགོད་པར་བྱའོ། །དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །རང་བྱང་ཆུབ་ལ་

Vol. 16 · folio 142a

དགོད་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་དགོད་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ། །ཞེས་བྱ་བར་སེམས་བསྐྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་

མཆན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་འདུག་སྟེ། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་མདུན་དུ་སྐྱེ་བོ་མང་པོའི་ཚོགས་ཤིག་མངོན་པར་སྤྲུལ་ཏེ། འདི་སྙམ་དུ་བདག་གིས་སེམས་ཅན་ཚད་མྱེད་གྲངས་མྱེད་པ་འདི་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་བྱའོ། །སྟོང་པ་ཉིད་

བཅྭོ་བརྒྱད་ལ་དགོད་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་དགོད་པར་བྱའོ། །ཡང་དག་པར་སྤོང་བ་བཞི་ལ་དགོད་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དགོད་པར་བྱའོ། །དབང་པོ་ལྔ་ལ་དགོད་པར་བྱའོ། །སྟོབས་ལྔ་ལ་དགོད་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་

བདུན་ལ་དགོད་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་དགོད་པར་བྱའོ། །འཕགས་པའི་བདེན་པ་བཞི་ལ་དགོད་པར་བྱའོ། །བསམ་གཏན་བཞི་ལ་དགོད་པར་བྱའོ། །ཚད་མྱེད་པ་བཞི་ལ་དགོད་པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་

འཇུག་པ་བཞི་ལ་དགོད་པར་བྱའོ། །རྣམ་པར་ཐར་པ་བརྒྱད་ལ་དགོད་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་དགོད་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་དགོད་པར་བྱའོ། །

མངོན་པར་ཤེས་པ་ལྔ་ལ་དགོད་པར་བྱའོ། །ཏིང་ངེ་འཛིན་ཐམས་ཅད་ལ་དགོད་པར་བྱའོ། །གཟུངས་ཀྱི་སྒོ་ཐམས་ཅད་ལ་དགོད་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དགོད་པར་བྱའོ། །མྱི་འཇིགས་པ་བཞི་ལ་དགོད་པར་བྱའོ། །སོ་སོ་ཡང་དག་

པར་རིག་པ་བཞི་ལ་དགོད་པར་བྱའོ། །སྙིང་རྗེ་ཆེན་པོ་ལ་དགོད་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་དགོད་པར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་བྱའོ། །ཕྱིར་མྱི་

Vol. 16 · folio 142b

འོང་བའི་འབྲས་བུ་ལ་དགོད་པར་བྱའོ། །དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །རང་བྱང་ཆུབ་ལ་དགོད་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་དགོད་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དགོད་པར་བྱའོ་སྙམ་དུ་སེམས་སྐྱེད་པར་གྱུར་ན། རབ་འབྱོར་

དེ་ལ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོའམ། སྒྱུ་མའི་མཁན་པོའི་མཆན་བུ་དེས། སེམས་ཅན་གང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པར་གྱུར་པ་ཡོད་དམ། དྲན་པ་ཉེ་བར་གཞག་པ་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། ཡང་དག་པར་སྤོང་

བ་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། རྫུ་འཕྲུལ་ཀྱི་རྐང་པ་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། དབང་པོ་ལྔ་ལ་བཀོད་པར་གྱུར་པ་ཡོད་དམ། སྟོབས་ལྔ་ལ་བཀོད་པར་གྱུར་པ་ཡོད་དམ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བཀོད་པར་གྱུར་པ་ཡོད་དམ། འཕགས་

པའི་ལམ་ཡན་ལག་བརྒྱད་པ་ལ་བཀོད་པར་གྱུར་པ་ཡོད་དམ། འཕགས་པའི་བདེན་པ་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། བསམ་གཏན་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། ཚད་མྱེད་པ་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། གཟུགས་མྱེད་པའི་སྙོམས་

པར་འཇུག་པ་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། རྣམ་པར་ཐར་པ་བརྒྱད་ལ་བཀོད་པར་གྱུར་པ་ཡོད་དམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བཀོད་པར་གྱུར་པ་ཡོད་དམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་

དང་། སྨོན་པ་མྱེད་པ་ལ་བཀོད་པར་གྱུར་པ་ཡོད་དམ། མངོན་པར་ཤེས་པ་ལྔ་ལ་བཀོད་པར་གྱུར་པ་ཡོད་དམ། ཏིང་ངེ་འཛིན་ཐམས་ཅད་ལ་བཀོད་པར་གྱུར་པ་ཡོད་དམ། གཟུངས་ཀྱི་སྒོ་ཐམས་ཅད་ལ་བཀོད་པར་གྱུར་པ་ཡོད་དམ། དེ་བཞིན་གཤེགས་

པའི་སྟོབས་བཅུ་ལ་བཀོད་པར་གྱུར་པ་ཡོད་དམ། མྱི་འཇིགས་པ་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། སོ་སོ་ཡང་དག་པར་རིག་པ་བཞི་ལ་བཀོད་པར་གྱུར་པ་ཡོད་དམ། སྙིང་རྗེ་ཆེན་པོ་ལ་བཀོད་པར་གྱུར་པ་ཡོད་དམ། སངས་རྒྱས་ཀྱི་ཆོས་མ་

Vol. 16 · folio 143a

འདྲེས་པ་བཅྭོ་བརྒྱད་ལ་བཀོད་པར་གྱུར་པ་ཡོད་དམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པར་གྱུར་པ་ཡོད་དམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པར་གྱུར་པ་ཡོད་དམ། ཕྱིར་མྱི་འོང་བའི་འབྲས་བུ་ལ་བཀོད་པར་གྱུར་པ་ཡོད་

དམ། དགྲ་བཅོམ་པ་ཉིད་ལ་བཀོད་པར་གྱུར་པ་ཡོད་དམ། རང་བྱང་ཆུབ་ལ་བཀོད་པར་གྱུར་པ་ཡོད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་བཀོད་པར་གྱུར་པ་ཡོད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བཀོད་པར་གྱུར་པ་ཡོད་དམ། གསོལ་པ་བཅོམ་ལྡན་

འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མྱེད་གྲངས་མྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་སེམས་བསྐྱེད། སྟོང་པ་ཉིད་བཅྭོ་བརྒྱད་ལ་དགོད་པར་

སེམས་བསྐྱེད། དྲན་པ་ཉེ་བར་གཞག་པ་བཞི་ལ་དགོད་པར་སེམས་བསྐྱེད། ཡང་དག་པར་སྤོང་བ་བཞི་ལ་དགོད་པར་སེམས་བསྐྱེད། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དགོད་པར་སེམས་བསྐྱེད། དབང་པོ་ལྔ་ལ་དགོད་པར་སེམས་བསྐྱེད། སྟོབས་ལྔ་ལ་དགོད་པར་

སེམས་བསྐྱེད། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་དགོད་པར་སེམས་བསྐྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་དགོད་པར་སེམས་བསྐྱེད། འཕགས་པའི་བདེན་པ་བཞི་ལ་དགོད་པར་སེམས་བསྐྱེད། བསམ་གཏན་བཞི་ལ་དགོད་པར་སེམས་བསྐྱེད།

ཚད་མྱེད་པ་བཞི་ལ་དགོད་པར་སེམས་བསྐྱེད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་དགོད་པར་སེམས་བསྐྱེད། རྣམ་པར་ཐར་པ་བརྒྱད་ལ་དགོད་པར་སེམས་བསྐྱེད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་དགོད་པར་སེམས་

བསྐྱེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་དགོད་པར་སེམས་བསྐྱེད། མངོན་པར་ཤེས་པ་ལྔ་ལ་དགོད་པར་སེམས་བསྐྱེད། ཏིང་ངེ་འཛིན་ཐམས་ཅད་ལ་དགོད་པར་སེམས་བསྐྱེད། གཟུངས་ཀྱི་སྒོ་ཐམས་

Vol. 16 · folio 143b

ཅད་ལ་དགོད་པར་སེམས་བསྐྱེད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་དགོད་པར་སེམས་བསྐྱེད། མྱི་འཇིགས་པ་བཞི་ལ་དགོད་པར་སེམས་བསྐྱེད། སོ་སོ་ཡང་དག་པར་རིག་པ་བཞི་ལ་དགོད་པར་སེམས་བསྐྱེད། སྙིང་རྗེ་ཆེན་པོ་ལ་དགོད་པར་སེམས་བསྐྱེད། སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་དགོད་པར་སེམས་བསྐྱེད། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་སེམས་བསྐྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་སེམས་བསྐྱེད། ཕྱིར་མྱི་འོང་བའི་འབྲས་བུ་ལ་དགོད་པར་སེམས་བསྐྱེད། དགྲ་

བཅོམ་པ་ཉིད་ལ་དགོད་པར་སེམས་བསྐྱེད། རང་བྱང་ཆུབ་ལ་དགོད་པར་སེམས་བསྐྱེད། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་དགོད་པར་སེམས་བསྐྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་སེམས་བསྐྱེད་ཀྱང་སེམས་ཅན་གང་གི་དོན་དུ་ཡང་སེམས་བསྐྱེད་པ་

མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་དེ་བཞིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་ཞེས་བྱའོ། །རབ་འབྱོར་གྱིས་གསོལ་པ་

བཅོམ་ལྡན་འདས་བདག་གིས། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན།

བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ་། །ཚོར་བ་ཚོར་བས་སྟོང་ངོ་། །འདུ་ཤེས་འདུ་ཤེས་ཀྱིས་སྟོང་ངོ་། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ངོ་། །མྱིག་མྱིག་གིས་སྟོང་ངོ་། །རྣ་བ་རྣ་བས་

སྟོང་ངོ་། །སྣ་སྣས་སྟོང་ངོ་། །ལྕེ་ལྕེས་སྟོང་ངོ་། །ལུས་ལུས་ཀྱིས་སྟོང་ངོ་། །ཡིད་ཡིད་ཀྱིས་སྟོང་ངོ་། །གཟུགས་གཟུགས་ཀྱིས་སྟོང་ངོ་། །སྒྲ་སྒྲས་སྟོང་ངོ་། །དྲི་དྲིས་སྟོང་ངོ་། །རོ་རོས་སྟོང་ངོ་། །རེག་རེག་གིས་སྟོང་ངོ་། །ཆོས་ཆོས་ཀྱིས་སྟོང་ངོ་། །མྱིག་

Vol. 16 · folio 144a

གི་རྣམ་པར་ཤེས་པ་མྱིག་གི་རྣམ་པར་ཤེས་པས་སྟོང་ངོ་། །རྣ་བའི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པས་སྟོང་ངོ་། །སྣའི་རྣམ་པར་ཤེས་པ་སྣའི་རྣམ་པར་ཤེས་པས་སྟོང་ངོ་། །ལྕེའི་རྣམ་པར་ཤེས་པ་ལྕེའི་རྣམ་པར་ཤེས་པས་

སྟོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་ལུས་ཀྱི་རྣམ་པར་ཤེས་པས་སྟོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་ངོ་། །མྱིག་གི་འདུས་ཏེ་རེག་པ་མྱིག་གི་འདུས་ཏེ་རེག་པས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པ་རྣ་བའི་འདུས་ཏེ་རེག་པས་སྟོང་

ངོ་། །སྣའི་འདུས་ཏེ་རེག་པ་སྣའི་འདུས་ཏེ་རེག་པས་སྟོང་ངོ་། །ལྕེའི་འདུས་ཏེ་རེག་པ་ལྕེའི་འདུས་ཏེ་རེག་པས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་ལུས་ཀྱི་འདུས་ཏེ་རེག་པས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་ངོ་། །མྱིག་གི་འདུས་ཏེ་

རེག་པའི་རྐྱེན་ཀྱིས་ཚོར་བ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

ཚོར་བས་སྟོང་ངོ་། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་ངོ་། །སའི་ཁམས་སའི་ཁམས་ཀྱིས་སྟོང་ངོ་། །ཆུའི་ཁམས་ཆུའི་ཁམས་ཀྱིས་སྟོང་ངོ་། །མྱེའི་ཁམས་མྱེའི་ཁམས་ཀྱིས་སྟོང་ངོ་། །རླུང་གི་ཁམས་རླུང་གི་ཁམས་ཀྱིས་སྟོང་ངོ་། །ནམ་མཁའི་ཁམས་

ནམ་མཁའི་ཁམས་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པའི་ཁམས་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་ངོ་། །མ་རིག་པ་མ་རིག་པས་སྟོང་ངོ་། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ངོ་། །མྱིང་དང་གཟུགས་མྱིང་དང་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words