ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 16 · folio 144b

གཟུགས་ཀྱིས་སྟོང་ངོ་། །སྐྱེ་མཆེད་དྲུག་སྐྱེ་མཆེད་དྲུག་གིས་སྟོང་ངོ་། །རེག་པ་རེག་པས་སྟོང་ངོ་། །ཚོར་བ་ཚོར་བས་སྟོང་ངོ་། །སྲེད་པ་སྲེད་པས་སྟོང་ངོ་། །ལེན་པ་ལེན་པས་སྟོང་ངོ་། །སྲིད་པ་སྲིད་པས་སྟོང་ངོ་། །སྐྱེ་བ་སྐྱེ་བས་སྟོང་ངོ་། །རྒ་ཤི་རྒ་ཤིས་སྟོང་ངོ་། །

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཕྱི་སྟོང་པ་ཉིད་

ཕྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཕྱི་ནང་སྟོང་པ་ཉིད་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཆེན་པོ་སྟོང་པ་ཉིད་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དོན་དམ་པ་སྟོང་པ་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་

ངོ་། །འདུས་བྱས་སྟོང་པ་ཉིད་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་

པ་ཉིད་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དོར་བ་མྱེད་པ་སྟོང་པ་ཉིད་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རང་བཞིན་སྟོང་པ་ཉིད་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་

སྟོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ངོ་བོ་ཉིད་སྟོང་པ་

Vol. 16 · folio 145a

ཉིད་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ངོ་། །ཡང་དག་པར་

སྤོང་བ་རྣམས་ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་རྣམས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་ངོ་། །དབང་པོ་རྣམས་དབང་པོ་རྣམས་ཀྱིས་སྟོང་ངོ་། །སྟོབས་རྣམས་སྟོབས་རྣམས་ཀྱིས་སྟོང་ངོ་། །བྱང་ཆུབ་ཀྱི་ཡན་

ལག་རྣམས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་ངོ་། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་ངོ་། །འཕགས་པའི་བདེན་པ་རྣམས་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་ངོ་། །བསམ་གཏན་རྣམས་

བསམ་གཏན་རྣམས་ཀྱིས་སྟོང་ངོ་། །ཚད་མྱེད་པ་རྣམས་ཚད་མྱེད་པ་རྣམས་ཀྱིས་སྟོང་ངོ་། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་ངོ་། །རྣམ་པར་ཐར་པ་རྣམས་རྣམ་པར་ཐར་པ་རྣམས་

ཀྱིས་སྟོང་ངོ་། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་ངོ་། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་

མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་སྟོང་ངོ་། །མངོན་པར་ཤེས་པ་རྣམས་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་ངོ་། །ཏིང་ངེ་འཛིན་ཐམས་ཅད་ཀྱིས་སྟོང་ངོ་། །གཟུངས་ཀྱི་སྒོ་ཐམས་ཅད་གཟུངས་ཀྱི་སྒོ་ཐམས་ཅད་ཀྱིས་སྟོང་

ངོ་། །དེ་བཞིན་གཤེགས་པའི་སྟོབས་བཅུ་དེ་བཞིན་གཤེགས་པའི་སྟོབས་བཅུས་སྟོང་ངོ་། །མྱི་འཇིགས་པ་རྣམས་མྱི་འཇིགས་པ་རྣམས་ཀྱིས་སྟོང་ངོ་། །སོ་སོ་ཡང་དག་པར་རིག་པ་རྣམས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་ངོ་། །སྙིང་རྗེ་ཆེན་པོ་སྙིང་

Vol. 16 · folio 145b

རྗེ་ཆེན་པོས་སྟོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་ངོ་། །གོ་ཆ་ཆེན་པོ་ཡང་གོ་ཆ་ཆེན་པོས་སྟོང་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་སྐད་དུ་སྨྲས་པ་བཞིན་ཏེ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བྱས། རྣམ་པར་མ་བྱས་མངོན་པར་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས། རྣམ་པར་མ་བྱས་མངོན་པར་མ་བྱས་སོ། །གསོལ་པ་བཅོམ་

ལྡན་འདས་ཅིའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བགྱིས། རྣམ་པར་མ་བགྱིས་མངོན་པར་མ་བགྱིས་པ་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གང་གི་དོན་ཏུ་གོ་ཆ་བགོས་པའི་སེམས་ཅན་དེ་དག་ཀྱང་། ཅིའི་སླད་དུ་མ་བགྱིས།

རྣམ་པར་མ་བགྱིས་མངོན་པར་མ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་པ་པོ་དམྱིགས་སུ་མྱེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་སོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོས་གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ཚོར་བ་

མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །འདུ་ཤེས་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །འདུ་བྱེད་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །རྣམ་པར་ཤེས་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །

Vol. 16 · folio 146a

རབ་འབྱོར་མྱིག་མྱི་བྱེད་རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །རྣ་བ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །སྣ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ལྕེ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ལུས་

མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ཡིད་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དོ། །རབ་འབྱོར་གཟུགས་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །སྒྲ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །དྲི་མྱི་བྱེད། རྣམ་པར་

མྱི་བྱེད། མངོན་པར་མྱི་བྱེད་དོ། །རོ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །རེག་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ཆོས་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པ་མྱི་བྱེད། རྣམ་པར་

མྱི་བྱེད། མངོན་པར་མྱི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་

མྱི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་

བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ལུས་ཀྱི་འདུས་

ཏེ་རེག་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །

Vol. 16 · folio 146b

རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་

རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དོ། །རབ་འབྱོར་བ་དག་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་

འབྱོར་སེམས་ཅན་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྲོག་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་འགྲོ་བ་ནི་མྱི་བྱེད་རྣམ་པར་མྱི་

བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་གསོ་བ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྐྱེས་བུ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་

ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་གང་ཟག་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཤེད་ཅན་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །

རབ་འབྱོར་ཤེད་བདག་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བྱེད་པ་པོ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཚོར་བ་པོ་ནི་མྱི་

བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཤེས་པ་པོ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མཐོང་བ་པོ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་

Vol. 16 · folio 147a

བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྨྱི་ལམ་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྒྱུ་མ་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་

ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྒྲ་བརྙན་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མྱི་གཡོར་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་

ཕྱིར་རོ། །རབ་འབྱོར་གཟུགས་བརྙན་ནི་མི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྨྱིག་རྒྱུ་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་

འབྱོར་སྤྲུལ་པ་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སའི་ཁམས་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཆུའི་ཁམས་

ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མྱེའི་ཁམས་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱར་རླུང་གི་ཁམས་

ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ནམ་མཁའི་ཁམས་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་

པར་ཤེས་པའི་ཁམས་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མ་རིག་པ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །

Vol. 16 · folio 147b

རབ་འབྱོར་འདུ་བྱེད་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་པར་ཤེས་པ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མྱིང་དང་

གཟུགས་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྐྱེ་མཆེད་དྲུག་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རེག་པ་ནི་མྱི་བྱེད་རྣམ་པར་མྱི་

བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཚོར་བ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྲེད་པ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ལེན་པ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྲིད་པ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་

སྐྱེ་བ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྒ་ཤི་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་བྱེད།

རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་བྱེད།

རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་

Vol. 16 · folio 148a

ཕྱིན་པ་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བྱེད་རྣམ་པར་མི་བྱེད་མངོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ནང་སྟོང་པ་ཉིད་ནི་མྱི་བྱེད་

རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ནི་མྱི་བྱེད།

རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་

ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་

འདུས་བྱས་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །

རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་

Vol. 16 · folio 148b

བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ནི་

མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་

དངོས་པོ་མྱེད་པ་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་

པའི་ཕྱིར་རོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་

བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ནི་མྱི་བྱེད། རྣམ་པར་མི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མྱི་

བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དབང་པོ་རྣམས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྟོབས་

རྣམས་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་

Vol. 16 · folio 149a

འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ།

དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམིགས་པའི་ཕྱིར་རོ། །རབ་འབྱོར་བསམ་གཏན་རྣམས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། །དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཚད་མྱེད་པ་རྣམས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་

པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་པར་

ཐར་པ་བརྒྱད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མངོན་པར་ཤིས་

པ་རྣམས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཏིང་ངེ་འཛིན་ཐམས་ཅད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་

འབྱོར་གཟུངས་ཀྱི་སྒོ་ཐམས་ཅད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་

Vol. 16 · folio 149b

ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མྱི་འཇིགས་པ་རྣམས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་རྣམས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ་

དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སྙིང་རྗེ་ཆེན་པོ་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་མྱི་བྱེད། རྣམ་པར་མྱི་

བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་ཉིད་ནི་མྱི་བྱེད། །རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་མ་ནོར་བ་དེ་བཞིན་ཉིད་ནི་མྱི་བྱེད། རྣམ་པར་

མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་གཞན་མ་ཡིན་པ་དེ་བཞིན་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཉིད་ནི་མྱི་

བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཀྱི་དབྱིངས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཀྱི་གནས་

ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་སྐྱོན་མྱེད་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་

ཡང་དག་པའི་མཐའ་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་

Vol. 16 · folio 150a

པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་མྱི་བྱེད་རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན།

དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མྱི་བྱེད། རྣམ་པར་མྱི་བྱེད་

མངོན་པར་མྱི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཤིན་ཏུ་མྱི་དམྱིགས་པའི་ཕྱིར་རོ། །རབ་འབྱོར་རྣམ་གྲངས་དེས་ན། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་མ་བྱས། རྣམ་པར་མ་བྱས་མངོན་པར་མ་བྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས་གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །གོ་ཆ་ཆེན་པོ་བགོས་པ་ནི་གོ་ཆ་མེད་པའི་གོ་ཆ་ཆེན་པོ་

བགོས་ཞེས་བྱའོ། །གསོལ་པ་བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བཅོམ་ལྡན་འདས་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །

འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གཟུགས་མ་བཅིངས་མ་གྲོལ་བ་ཡིན་ནམ།

ཚོར་བ་མ་བཅིངས་མ་གྲོལ་བ་ཡིན་ནམ། འདུ་ཤེས་མ་བཅིངས་མ་གྲོལ་བ་ཡིན་ནམ། འདུ་བྱེད་མ་བཅིངས་མ་གྲོལ་བ་ཡིན་ནམ། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ་ཡིན་ནམ། །སྨྲས་པ་ཚེ་དང་ལྡན་པ་གང་པོ་དེ་དེ་བཞིན་ཏེ། ཚེ་དང་ལྡན་པ་གང་

Vol. 16 · folio 150b

པོ་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །གང་པོས་སྨྲས་པ། ཚེ་དང་ལྡན་པ་རབ་

འབྱོར་དེ་ལྟར་མ་བཅིངས་མ་གྲོལ་བའི་གཟུགས་གང་ཡིན། དེ་ལྟར་མ་བཅིངས་མ་གྲོལ་བའི་ཚོར་བ་གང་ཡིན། དེ་ལྟར་མ་བཅིངས་མ་གྲོལ་བའི་འདུ་ཤེས་གང་ཡིན། དེ་ལྟར་མ་བཅིངས་མ་གྲོལ་བའི་འདུ་བྱེད་གང་ཡིན། དེ་ལྟར་མ་བཅིངས་མ་གྲོལ་བའི་རྣམ་པར་ཤེས་པ་

གང་ཡིན། སྨྲས་པ་ཚེ་དང་ལྡན་པ་གང་པོ་གང་འདི་རྨྱི་ལམ་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་རྨྱི་ལམ་ལྟ་བུའི་ཚོར་བ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་རྨྱི་ལམ་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་རྨྱི་

ལམ་ལྟ་བུའི་འདུ་བྱེད་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་རྨྱི་ལམ་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྱུ་མ་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྱུ་མ་ལྟ་བུའི་ཚོར་བ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་

འདི་སྒྱུ་མ་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྱུ་མ་ལྟ་བུའི་འདུ་བྱེད་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྲ་བརྙན་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །

གང་འདི་སྒྲ་བརྙན་ལྟ་བུའི་ཚོར་བ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྲ་བརྙན་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྲ་བརྙན་ལྟ་བུའི་འདུ་བྱེད་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྒྲ་བརྙན་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་

བཅིངས་མ་གྲོལ་བའོ། །གང་འདི་མྱི་གཡོར་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་མྱི་གཡོར་ལྟ་བུའི་ཚོར་བ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་མྱི་གཡོར་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་མྱི་གཡོར་ལྟ་

Vol. 16 · folio 151a

བུའི་འདུ་བྱེད་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་མྱི་གཡོར་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་གཟུགས་བརྙན་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་གཟུགས་བརྙན་ལྟ་བུའི་ཚོར་བ་དེ་

ནི་མ་བཅིངས་མ་གྲོལ་བའོ། །གང་འདི་གཟུགས་བརྙན་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་གཟུགས་བརྙན་ལྟ་བུའི་འདུ་བྱེད་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་གཟུགས་བརྙན་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །

གང་འདི་སྨྱིག་རྒྱུ་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྨྱིག་རྒྱུ་ལྟ་བུའི་ཚོར་བ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྨྱིག་རྒྱུ་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྨྱིག་རྒྱུ་ལྟ་བུའི་འདུ་བྱེད་དེ་ནི་མ་བཅིངས་མ་གྲོལ་བའོ། །

གང་འདི་སྨྱིག་རྒྱུ་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྤྲུལ་པ་ལྟ་བུའི་གཟུགས་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྤྲུལ་པ་ལྟ་བུའི་ཚོར་བ་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྤྲུལ་པ་ལྟ་བུའི་འདུ་ཤེས་དེ་ནི་མ་བཅིངས་མ་གྲོལ་

བའོ། །གང་འདི་སྤྲུལ་པ་ལྟ་བུའི་འདུ་བྱེད་དེ་ནི་མ་བཅིངས་མ་གྲོལ་བའོ། །གང་འདི་སྤྲུལ་པ་ལྟ་བུའི་རྣམ་པར་ཤེས་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འདས་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་

བའོ། །འདས་པའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །འདས་པའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །འདས་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མ་འོངས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །མ་

འོངས་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །མ་འོངས་པའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །མ་འོངས་པའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །མ་འོངས་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ད་ལྟར་བྱུང་བའི་

Vol. 16 · folio 151b

གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ད་ལྟར་བྱུང་བའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །ད་ལྟར་བྱུང་བའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །ད་ལྟར་བྱུང་བའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་

བའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཅིག་པ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་གཟུགས་མྱེད་པའི་ཕྱིར། གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་མྱེད་པའི་ཕྱིར་ཚོར་བ་མ་

བཅིངས་མ་གྲོལ་བའོ། །འདུ་ཤེས་མྱེད་པའི་ཕྱིར་འདུ་ཤེས་མ་བཅིངས་མ་གྲོལ་བའོ། །འདུ་བྱེད་མྱེད་པའི་ཕྱིར་འདུ་བྱེད་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་མྱེད་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་དབེན་པའི་ཕྱིར་གཟུགས་མ་

བཅིངས་མ་གྲོལ་བའོ། །ཚོར་བ་དབེན་པའི་ཕྱིར་ཚོར་བ་མ་བཅིངས་མ་གྲོལ་བའོ། །འདུ་ཤེས་དབེན་པའི་ཕྱིར་འདུ་ཤེས་མ་བཅིངས་མ་གྲོལ་བའོ། །འདུ་བྱེད་དབེན་པའི་ཕྱིར་འདུ་བྱེད་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་དབེན་པའི་ཕྱིར་རྣམ་པར་

ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་མ་སྐྱེས་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་མ་སྐྱེས་པའི་ཕྱིར་ཚོར་བ་མ་བཅིངས་མ་གྲོལ་བའོ། །འདུ་ཤེས་མ་སྐྱེས་པའི་ཕྱིར་འདུ་ཤེས་མ་བཅིངས་མ་གྲོལ་བའོ། །འདུ་བྱེད་མ་སྐྱེས་པའི་ཕྱིར་

འདུ་བྱེད་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་མ་སྐྱེས་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དགེ་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དགེ་བའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །དགེ་བའི་འདུ་ཤེས་ནི་

མ་བཅིངས་མ་གྲོལ་བའོ། །དགེ་བའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །དགེ་བའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མྱི་དགེ་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །མྱི་དགེ་བའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །མྱི་

Vol. 16 · folio 152a

དགེ་བའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །མྱི་དགེ་བའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །མྱི་དགེ་བའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ལུང་དུ་མ་བསྟན་པའི་གཟུགས་ནི་མ་བཅིངས་

མ་གྲོལ་བའོ། །ལུང་དུ་མ་བསྟན་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །ལུང་དུ་མ་བསྟན་པའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །ལུང་དུ་མ་བསྟན་པའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །ལུང་དུ་མ་བསྟན་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་

བའོ། །ཚེ་དང་ལྡན་པ་གང་པོ་འཇིག་རྟེན་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་པའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་པའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་

པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འཇིག་རྟེན་ལས་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་ལས་འདས་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་ལས་འདས་པའི་འདུ་ཤེས་ནི་མ་བཅིངས་མ་

གྲོལ་བའོ། །འཇིག་རྟེན་ལས་འདས་པའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །འཇིག་རྟེན་ལས་འདས་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཟག་པ་དང་བཅས་པའི་གཟུགས་ནི་མ་བཅིངས་མ་གྲོལ་

བའོ། །ཟག་པ་དང་བཅས་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་དང་བཅས་པའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་དང་བཅས་པའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་

གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཟག་པ་མྱེད་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་མྱེད་པའི་ཚོར་བ་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་མྱེད་པའི་འདུ་ཤེས་ནི་མ་བཅིངས་མ་གྲོལ་བའོ། །ཟག་པ་མྱེད་པའི་འདུ་བྱེད་ནི་མ་བཅིངས་མ་གྲོལ་བའོ། །

Vol. 16 · folio 152b

ཟག་པ་མྱེད་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་དེ་ཅིའི་ཕྱིར་ཞེ་ན། གཟུགས་མྱེད་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་མྱེད་པའི་ཕྱིར་ཚོར་བ་མ་བཅིངས་མ་གྲོལ་བའོ། །འདུ་ཤེས་མྱེད་པའི་ཕྱིར་འདུ་ཤེས་མ་བཅིངས་མ་

གྲོལ་བའོ། །འདུ་བྱེད་མྱེད་པའི་ཕྱིར་འདུ་བྱེད་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་དབེན་པའི་ཕྱིར་གཟུགས་མ་བཅིངས་མ་གྲོལ་བའོ། །ཚོར་བ་དབེན་པའི་ཕྱིར་ཚོར་བ་མ་བཅིངས་

མ་གྲོལ་བའོ། །འདུ་ཤེས་དབེན་པའི་ཕྱིར་འདུ་ཤེས་མ་བཅིངས་མ་གྲོལ་བའོ། །འདུ་བྱེད་དབེན་པའི་ཕྱིར་འདུ་བྱེད་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་དབེན་པའི་ཕྱིར་རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །གཟུགས་མ་སྐྱེས་པའི་ཕྱིར་གཟུགས་

མ་བཅིངས་མ་གྲོལ་བའོ། །ཚོར་བ་མ་སྐྱེས་པའི་ཕྱིར་ཚོར་བ་མ་བཅིངས་མ་གྲོལ་བའོ། །འདུ་ཤེས་མ་སྐྱེས་པའི་ཕྱིར་འདུ་ཤེས་མ་བཅིངས་མ་གྲོལ་བའོ། །འདུ་བྱེད་མ་སྐྱེས་པའི་ཕྱིར་འདུ་བྱེད་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཤེས་པ་མ་སྐྱེས་པའི་ཕྱིར་རྣམ་

པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བ་སྟེ། མྱེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་

ལྡན་པ་གང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་

Vol. 16 · folio 153a

མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་

བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་

པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་བསམ་གཏན་

གྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་

བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ། །ནང་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཕྱི་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཕྱི་ནང་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །

ཆེན་པོ་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །དོན་དམ་པ་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །འདུས་བྱས་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །མཐའ་ལས་འདས་པ་

Vol. 16 · folio 153b

སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །རང་བཞིན་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཆོས་ཐམས་ཅད་སྟོང་

པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མ་བཅིངས་

མ་གྲོལ་བའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ནང་

སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་ཕྱི་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཕྱི་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཕྱི་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཕྱི་ནང་སྟོང་པ་

ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མེད་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་

ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་སྟོང་པ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་མ་བཅིངས་མ་

གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཆེན་པོ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་དོན་དམ་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དོན་དམ་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དོན་

Vol. 16 · folio 154a

དམ་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་འདུས་བྱས་སྟོང་པ་ཉིད་མ་བཅིངས་

མ་གྲོལ་བའོ། །མྱེད་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་འདུས་མ་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་མཐའ་

ལས་འདས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མཐའ་ལས་འདས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མཐའ་ལས་འདས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཐོག་མ་དང་ཐ་མ་མྱེད་

པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་དོར་བ་མྱེད་པ་སྟོང་པ་ཉིད་

མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དོར་བ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དོར་བ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་རང་བཞིན་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་

ཕྱིར་རང་བཞིན་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་རང་བཞིན་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་མ་

བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །

Vol. 16 · folio 154b

མ་སྐྱེས་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་མྱི་དམྱིགས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མྱི་དམྱིགས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མྱི་དམྱིགས་པ་སྟོང་

པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་དངོས་པོ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དངོས་པོ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དངོས་པོ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །

མྱེད་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་

གྲོལ་བའོ། །དབེན་པའི་ཕྱིར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དྲན་པ་ཉེ་བར་གཞག་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །

ཡང་དག་པར་སྤོང་བ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །དབང་པོ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །སྟོབས་རྣམས་ནི་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མ་བཅིངས་མ་གྲོལ་བའོ། །

འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་

དྲན་པ་ཉེ་བར་གཞག་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཡང་དག་པར་སྤོང་བ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཡང་དག་པར་སྤོང་བ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཡང་དག་པར་སྤོང་བ་

Vol. 16 · folio 155a

རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་

བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་དབང་པོ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དབང་པོ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དབང་པོ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་སྟོབས་རྣམས་མ་བཅིངས་

མ་གྲོལ་བའོ། །དབེན་པའི་ཕྱིར་སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་

རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་

མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འཕགས་པའི་བདེན་པ་རྣམས་མ་བཅིངས་མ་གྲོལ་བའོ། །བསམ་གཏན་རྣམས་ནི་མ་བཅིངས་མ་གྲོལ་བའོ། །ཚད་

མྱེད་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཐར་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མ་བཅིངས་

མ་གྲོལ་བའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་མ་བཅིངས་མ་གྲོལ་བའོ། །མངོན་པར་ཤེས་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །ཏིང་ངེ་འཛིན་ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ། །གཟུངས་

Vol. 16 · folio 155b

ཀྱི་སྒོ་ཐམས་ཅད་ནི་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་འཕགས་པའི་བདེན་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་འཕགས་པའི་བདེན་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་འཕགས་པའི་བདེན་པ་

རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་བསམ་གཏན་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་བསམ་གཏན་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་བསམ་གཏན་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཚད་

མྱེད་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཚད་མྱེད་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཚད་མྱེད་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་བཅིངས་མ་

གྲོལ་བའོ། །དབེན་པའི་ཕྱིར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་རྣམ་པར་ཐར་པ་རྣམས་མ་

བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་རྣམ་པར་ཐར་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་རྣམ་པར་ཐར་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་བཅིངས་མ་

གྲོལ་བའོ། །དབེན་པའི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་རྣམ་པར་ཐར་པའི་

སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་རྣམ་པར་

Vol. 16 · folio 156a

ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་མངོན་པར་ཤེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མངོན་པར་ཤེས་པ་རྣམས་མ་བཅིངས་

མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མངོན་པར་ཤེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཏིང་ངེ་འཛིན་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཏིང་ངེ་འཛིན་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཏིང་ངེ་འཛིན་

རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་གཟུངས་ཀྱི་སྒོ་ཐམས་ཅད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་གཟུངས་ཀྱི་སྒོ་ཐམས་ཅད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་གཟུངས་ཀྱི་སྒོ་ཐམས་ཅད་མ་བཅིངས་མ་གྲོལ་བའོ། །

ཚེ་དང་ལྡན་པ་གང་པོ་དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་མ་བཅིངས་མ་གྲོལ་བའོ། །མྱི་འཇིགས་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །སྙིང་རྗེ་ཆེན་པོ་ནི་མ་བཅིངས་མ་གྲོལ་

བའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་

བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་མ་གྲོལ་མྱི་འཇིགས་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མྱི་འཇིགས་པ་རྣམས་མ་བཅིངས་མ་གྲོལ་བའོ། །

མ་སྐྱེས་པའི་ཕྱིར་མྱི་འཇིགས་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་

Vol. 16 · folio 156b

པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་སྙིང་རྗེ་ཆེན་པོ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་སྙིང་རྗེ་ཆེན་པོ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་སྙིང་རྗེ་ཆེན་པོ་མ་བཅིངས་མ་གྲོལ་བའོ། །

མྱེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །

ཚེ་དང་ལྡན་པ་གང་པོ་ཐམས་ཅད་ཤེས་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་ཐམས་

ཅད་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཐམས་ཅད་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཐམས་ཅད་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །

དབེན་པའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་སེམས་དཔའ་ཡང་མ་བཅིངས་མ་གྲོལ་བའོ། །སངས་རྒྱས་ཀྱང་མ་བཅིངས་མ་

གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བའོ། །མྱེད་པའི་

Vol. 16 · folio 157a

ཕྱིར་སངས་རྒྱས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་སངས་རྒྱས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་སངས་རྒྱས་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །

མ་ནོར་བ་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཆོས་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཆོས་ཀྱི་དབྱིངས་ཀྱང་མ་བཅིངས་མ་གྲོལ་བའོ། །ཆོས་ཀྱི་གནས་ཉིད་ཀྱང་མ་བཅིངས་

མ་གྲོལ་བའོ། །ཆོས་སྐྱོན་མྱེད་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཡང་དག་པའི་མཐའ་ཡང་མ་བཅིངས་མ་གྲོལ་བ་སྟེ། ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་མ་གྲོལ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་དེ་བཞིན་ཉིད་མ་བཅིངས་མ་གྲོལ་

བའོ། །མ་སྐྱེས་པའི་ཕྱིར་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་

མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་མ་བཅིངས་མ་

གྲོལ་བའོ། །མྱེད་པའི་ཕྱིར་ཆོས་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཆོས་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཆོས་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཆོས་ཀྱི་དབྱིངས་མ་བཅིངས་མ་གྲོལ་བའོ། །དབེན་

པའི་ཕྱིར་ཆོས་ཀྱི་དབྱིངས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཆོས་ཀྱི་དབྱིངས་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཆོས་ཀྱི་གནས་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཆོས་ཀྱི་གནས་ཉིད་མ་བཅིངས་མ་གྲོལ་བའོ། །མ་

Vol. 16 · folio 157b

སྐྱེས་པའི་ཕྱིར་ཆོས་ཀྱི་གནས་ཉིད་མ་བཅིངས་མ་གྲོལ་བའོ། །མྱེད་པའི་ཕྱིར་ཆོས་སྐྱོན་མྱེད་པ་ཉིད་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཆོས་སྐྱོན་མྱེད་པ་ཉིད་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཆོས་སྐྱོན་མྱེད་པ་ཉིད་མ་བཅིངས་མ་གྲོལ་བའོ། །

མྱེད་པའི་ཕྱིར་ཡང་དག་པའི་མཐའ་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་ཡང་དག་པའི་མཐའ་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་ཡང་དག་པའི་མཐའ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདུས་མ་བྱས་ཀྱང་མ་བཅིངས་མ་གྲོལ་བ་སྟེ། །

ཚེ་དང་ལྡན་པ་གང་པོ་མྱེད་པའི་ཕྱིར་འདུས་མ་བྱས་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་འདུས་མ་བྱས་མ་བཅིངས་མ་གྲོལ་བའོ། །མ་སྐྱེས་པའི་ཕྱིར་འདུས་མ་བྱས་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་རྣམས་ཀྱི་མ་བཅིངས་མ་གྲོལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བཅིངས་མ་གྲོལ་བའོ། །ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཕྱི་སྟོང་པ་ཉིད་མ་བཅིངས་

མ་གྲོལ་བའོ། །ཕྱི་ནང་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །སྟོང་པ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཆེན་པོ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དོན་དམ་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །འདུས་བྱས་སྟོང་པ་ཉིད་མ་

བཅིངས་མ་གྲོལ་བའོ། །འདུས་མ་བྱས་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མཐའ་ལས་འདས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དོར་བ་མྱེད་པ་སྟོང་པ་ཉིད་མ་བཅིངས་

Vol. 16 · folio 158a

མ་གྲོལ་བའོ། །རང་བཞིན་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཆོས་ཐམས་ཅད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །རང་གི་མཚན་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །མྱི་དམྱིགས་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་

བའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་བཅིངས་མ་གྲོལ་བའོ། །དྲན་པ་ཉེ་བར་གཞག་པ་རྣམས་མ་བཅིངས་མ་གྲོལ་བའོ། །ཡང་དག་

པར་སྤོང་པ་རྣམས་མ་བཅིངས་མ་གྲོལ་བའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མ་བཅིངས་མ་གྲོལ་བའོ། །དབང་པོ་རྣམས་མ་བཅིངས་མ་གྲོལ་བའོ། །སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མ་བཅིངས་མ་གྲོལ་བའོ། །

ལམ་རྣམས་མ་བཅིངས་མ་གྲོལ་བའོ། །འཕགས་པའི་བདེན་པ་རྣམས་མ་བཅིངས་མ་གྲོལ་བའོ། །བསམ་གཏན་རྣམས་མ་བཅིངས་མ་གྲོལ་བའོ། །ཚད་མྱེད་པ་རྣམས་མ་བཅིངས་མ་གྲོལ་བའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མ་

བཅིངས་མ་གྲོལ་བའོ། །རྣམ་པར་ཐར་པ་རྣམས་མ་བཅིངས་མ་གྲོལ་བའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་བཅིངས་མ་གྲོལ་བའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་བཅིངས་

མ་གྲོལ་བའོ། །མངོན་པར་ཤེས་པ་རྣམས་མ་བཅིངས་མ་གྲོལ་བའོ། །ཏིང་ངེ་འཛིན་རྣམས་མ་བཅིངས་མ་གྲོལ་བའོ། །གཟུངས་ཀྱི་སྒོ་རྣམས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མ་བཅིངས་མ་གྲོལ་བའོ། །མྱི་

འཇིགས་པ་རྣམས་མ་བཅིངས་མ་གྲོལ་བའོ། །སོ་སོ་ཡང་དག་པར་རིག་པ་རྣམས་མ་བཅིངས་མ་གྲོལ་བའོ། །སྙིང་རྗེ་ཆེན་པོ་མ་བཅིངས་མ་གྲོལ་བའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་མ་

Vol. 16 · folio 158b

བཅིངས་མ་གྲོལ་བའོ། །ཐམས་ཅད་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མ་བཅིངས་མ་གྲོལ་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བཅིངས་མ་གྲོལ་བའོ། །བྱང་ཆུབ་སེམས་དཔའ་མ་བཅིངས་མ་གྲོལ་བའོ། །སངས་

རྒྱས་མ་བཅིངས་མ་གྲོལ་བའོ། །དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །མ་ནོར་བ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །གཞན་མ་ཡིན་པ་དེ་བཞིན་ཉིད་མ་བཅིངས་མ་གྲོལ་བའོ། །ཆོས་ཉིད་མ་བཅིངས་མ་གྲོལ་བའོ། ཆོས་ཀྱི་དབྱིངས་མ་བཅིངས་མ་

གྲོལ་བའོ། །ཆོས་ཀྱི་གནས་ཉིད་མ་བཅིངས་མ་གྲོལ་བའོ། །ཆོས་སྐྱོན་མྱེད་པ་ཉིད་མ་བཅིངས་མ་གྲོལ་བའོ། །ཡང་དག་པའི་མཐའ་མ་བཅིངས་མ་གྲོལ་བའོ། །འདུས་མ་བྱས་མ་བཅིངས་མ་གྲོལ་བ་སྟེ། དེ་མ་བཅིངས་མ་གྲོལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་

གནས། མ་བཅིངས་མ་གྲོལ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། མ་བཅིངས་མ་གྲོལ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། མ་བཅིངས་མ་གྲོལ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། མ་བཅིངས་མ་གྲོལ་བའི་བསམ་གཏན་གྱི་ཕ་

རོལ་ཏུ་ཕྱིན་པ་ལ་གནས། མ་བཅིངས་མ་གྲོལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། མ་བཅིངས་མ་གྲོལ་བའི་ནང་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཕྱི་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཕྱི་ནང་སྟོང་པ་ཉིད་ལ་གནས། མ་

བཅིངས་མ་གྲོལ་བའི་སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཆེན་པོ་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་དོན་དམ་པ་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་འདུས་བྱས་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་

འདུས་མ་བྱས་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། མ་

Vol. 16 · folio 159a

བཅིངས་མ་གྲོལ་བའི་རང་བཞིན་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་མྱི་དམྱིགས་པ་སྟོང་

པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་དྲན་པ་ཉེ་བར་གཞག་པ་

རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་ཡང་དག་པར་སྤོང་བ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་དབང་པོ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་སྟོབས་རྣམས་ལ་གནས། མ་བཅིངས་

མ་གྲོལ་བའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས། མ་བཅིངས་མ་གྲོལ་བའི་འཕགས་པའི་བདེན་པ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་བསམ་གཏན་རྣམས་ལ་གནས། མ་བཅིངས་

མ་གྲོལ་བའི་ཚད་མྱེད་པ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་རྣམ་པར་ཐར་པ་བརྒྱད་ལ་གནས། མ་བཅིངས་མ་གྲོལ་བའི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་

གནས། མ་བཅིངས་མ་གྲོལ་བའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ལ་གནས། མ་བཅིངས་མ་གྲོལ་བའི་མངོན་པར་ཤེས་པ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་ཏིང་ངེ་འཛིན་རྣམས་ལ་གནས། མ་བཅིངས་

མ་གྲོལ་བའི་གཟུངས་ཀྱི་སྒོ་རྣམས་ལ་གནས། མ་བཅིངས་མ་གྲོལ་བའི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མ་བཅིངས་མ་གྲོལ་བའི་མི་འཇིགས་པ་བཞི་ལ་གནས། མ་བཅིངས་མ་གྲོལ་བའི་སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། མ་

Vol. 16 · folio 159b

བཅིངས་མ་གྲོལ་བའི་སྙིང་རྗེ་ཆེན་པོ་ལ་གནས། མ་བཅིངས་མ་གྲོལ་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས། མ་བཅིངས་མ་གྲོལ་བའི་བྱང་ཆུབ་ལ་གནས། མ་བཅིངས་མ་གྲོལ་བའི་ཐམས་ཅད་ཤེས་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་

བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་དེ་བཞིན་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་མ་ནོར་བ་དེ་བཞིན་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་གཞན་

མ་ཡིན་པ་དེ་བཞིན་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཆོས་ཀྱི་དབྱིངས་ལ་གནས། མ་བཅིངས་མ་གྲོལ་བའི་ཆོས་ཀྱི་གནས་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཆོས་སྐྱོན་མྱེད་པ་ཉིད་ལ་གནས། མ་བཅིངས་མ་གྲོལ་བའི་ཡང་དག་པའི་མཐའ་ལ་གནས་

མ་བཅིངས་མ་གྲོལ་བའི་འདུས་མ་བྱས་ལ་གནས་ཏེ། མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །མ་བཅིངས་

མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་དོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ཆོས་ཉན་ཏོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་

ནམ་ཡང་འབྲལ་བར་མྱི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་མངོན་པར་ཤེས་པ་རྣམས་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་མྱིག་ལྔ་དང་ནམ་ཡང་འབྲལ་བར་མྱི་འགྱུར་རོ། །མ་

བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་གཟུངས་རྣམས་དང་ནམ་ཡང་འབྲལ་བར་མྱི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ཏིང་ངེ་འཛིན་རྣམས་དང་ནམ་ཡང་འབྲལ་བར་མྱི་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་

Vol. 16 · folio 160a

གྲོལ་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་སྒྲུབ་པར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་ཆོས་

ཀྱི་འཁོར་ལོ་སྐོར་བར་འགྱུར་རོ། །མ་བཅིངས་མ་གྲོལ་བ་དེ་མ་བཅིངས་མ་གྲོལ་བའི་སེམས་ཅན་རྣམས་ཐེག་པ་གསུམ་ལ་རབ་ཏུ་འགོད་པར་འགྱུར་ཏེ། ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བ།

ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མ་བཅིངས་མ་གྲོལ་བས་མྱེད་པ་དང་། དབེན་པ་དང་། སྐྱེ་བ་མྱེད་པ་ཉེ་བར་བཟུང་ཞིང་། ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་བཅིངས་མ་གྲོལ་བ།

ཐེག་པ་ཆེན་པོའི་གོ་ཅ་བགོས་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ལགས་བཅོམ་ལྡན་འདས་ཅི་

ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་བགྱི་བ་ལགས། ཐེག་པ་དེ་ནི་གང་ནས་བྱུང་བ་ལགས། ཐེག་པ་དེ་ནི་གང་དུ་གནས་པར་འགྱུར་བ་ལགས། ཐེག་པ་དེས་ནི་སུ་ཞིག་འབྱུང་

བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་ཁྱོད་དེ་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་གང་ཞེས་ཟེར་བ་ནི། རབ་

འབྱོར་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་སྟེ། དྲུག་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་

Vol. 16 · folio 160b

ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་དོན་དུ་གཉེར་བ་རྣམས་ལ་འདི་ལྟར་ཕྱི་ནང་གི་དངོས་

པོའི་སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱི་དམྱིགས་པའི་ཚུལ་གྱིས་ཡོངས་སུ་སྔོ་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་

ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་ལ། སེམས་ཅན་ཕ་རོལ་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་མྱི་དམྱིགས་པའི་ཚུལ་གྱིས་ཡང་དག་པར་སྐུལ་བ་དང་། གཞོག་པ་དང་།

རབ་ཏུ་དགོད་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མཉམས་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་

གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཀྱང་བཟོད་པ་ཕུན་སུམ་ཚོགས་པ་ཡིན་ལ། གཞན་ཡང་མྱི་

དམྱིགས་པའི་ཚུལ་གྱིས་བཟོད་པ་ལ་ཡང་དག་པར་སྐུལ་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་

Vol. 16 · folio 161a

ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་བདག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་

བརྩོན་པ་མྱི་འདོར་ཞིང་། གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མྱི་དམྱིགས་པའི་ཚུལ་གྱིས་སྦྱོར་བ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བསམ་གཏན་

རྣམས་ལ་ཐབས་མཁས་པར་མཉམ་པར་གཞོག་ཀྱང་། དེ་དག་གི་དབང་གིས་མྱི་སྐྱེ་ཞིང་གཞན་ཡང་བསམ་གཏན་རྣམས་ལ་མྱི་དམྱིགས་པའི་ཚུལ་གྱིས་ཡང་དག་པར་སྐུལ་བ་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་

ཕྱིན་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། བདག་ཀྱང་ཆོས་ཐམས་ཅད་ལ་མངོན་པར་ཆགས་པ་མྱེད་པར་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དམྱིགས་པ་མྱེད་པའི་ཚུལ་གྱིས་རྟོགས་པར་བྱེད་ཅིང་། སེམས་ཅན་རྣམས་ཀྱང་ཆོས་ཐམས་ཅད་ལ་

མངོན་པར་ཆགས་པ་མྱེད་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་རྟོགས་པར་བྱ་བ་ལ་མྱི་དམྱིགས་པའི་ཚུལ་གྱིས་ཡང་དག་པར་སྐུལ་ཞིང་གཞོག་པ་དང་། རབ་ཏུ་དགོད་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་

Vol. 16 · folio 161b

ཕྱིན་པ་སྟེ། དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་།

སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་

སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། དེ་ལ་ནང་སྟོང་པ་ཉིད་གང་ཞེ་ན།

ནང་གི་ཆོས་ཞེས་བྱ་བ་ནི། མྱིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དེ། དེ་ལ་མྱི་རྟག་མྱི་འཇིག་པའི་ཕྱིར། མྱིག་མྱིག་གིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། རྣ་བ་རྣ་བས་སྟོང་སྟེ། དེ་

ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། སྣ་སྣས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། ལྕེ་ལྕེས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །

མྱི་རྟག་མྱི་འཇིག་པའི་ཕྱིར། ལུས་ལུས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། ཡིད་ཡིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ནང་སྟོང་པ་ཉིད་ཅེས་

བྱའོ། །དེ་ལ་ཕྱི་སྟོང་པ་ཉིད་གང་ཞེ་ན། ཕྱིའི་ཆོས་ཞེས་བྱ་བ་ནི། གཟུགས་དང་སྒྲ་དང་། དྲི་དང་རོ་དང་། རེག་དང་ཆོས་རྣམས་ཏེ། དེ་ལ་མྱི་རྟག་མྱི་འཇིག་པའི་ཕྱིར། གཟུགས་གཟུགས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་

Vol. 16 · folio 162a

རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། སྒྲ་སྒྲས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། དྲི་དྲིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། རོ་

རོས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། རེག་རེག་གིས་སྟོང་སྟེ་དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །མྱི་རྟག་མྱི་འཇིག་པའི་ཕྱིར། ཆོས་ཆོས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་

དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཕྱི་ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་དང་། འདི་དག་ནི་ཕྱི་ནང་གི་ཆོས་ཞེས་བྱ་སྟེ། དེ་ལ་མྱི་རྟག་མྱི་འཇིག་པའི་ཕྱིར། ནང་གི་ཆོས་རྣམས་ཕྱིའི་ཆོས་ཀྱིས་སྟོང་སྟེ།

དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཕྱིའི་ཆོས་རྣམས་ནང་གི་ཆོས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། མྱི་རྟག་མྱི་འཇིག་

པའི་ཕྱིར། ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེས། སྟོང་པ་ཉིད་སྟོང་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། མྱི་རྟག་མྱི་འཇིག་པའི་ཕྱིར་

ཤར་ཕྱོགས་ཤར་ཕྱོགས་ཀྱིས་སྟོང་། ལྷོ་ཕྱོགས་ལྷོ་ཕྱོགས་ཀྱིས་སྟོང་། ནུབ་ཕྱོགས་ནུབ་ཕྱོགས་ཀྱིས་སྟོང་། བྱང་ཕྱོགས་བྱང་ཕྱོགས་ཀྱིས་སྟོང་། འོག་གི་ཕྱོགས་འོག་གི་ཕྱོགས་ཀྱིས་སྟོང་། སྟེང་གི་ཕྱོགས་སྟེང་གི་ཕྱོགས་ཀྱིས་སྟོང་། དེ་བཞིན་དུ་

ཕྱོགས་མཚམས་རྣམས་ཕྱོགས་མཚམས་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་གང་ཞེ་ན། དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ། མྱི་རྟག་མྱི་

Vol. 16 · folio 162b

འཇིག་པའི་ཕྱིར། མྱ་ངན་ལས་འདས་པ་དེ་ཡང་མྱ་ངན་ལས་འདས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་ཞེས་བྱ་བ་ནི་འདོད་པའི་ཁམས་

དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཏེ། དེ་ལ་མྱི་རྟག་མྱི་འཇིག་པའི་ཕྱིར། འདོད་པའི་ཁམས་འདོད་པའི་ཁམས་ཀྱིས་སྟོང་ངོ་། །གཟུགས་ཀྱི་ཁམས་གཟུགས་ཀྱི་ཁམས་ཀྱིས་སྟོང་ངོ་། །གཟུགས་མེད་པའི་ཁམས་གཟུགས་མྱེད་པའི་

ཁམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་མ་བྱས་ཤེས་བྱ་བ་ནི་གང་ལ་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་དང་། གནས་

པ་ལས་གཞན་དུ་འགྱུར་བ་མྱེད་པ་འདི་ནི་འདུས་མ་བྱས་ཞེས་བྱ་སྟེ། མྱི་རྟག་མྱི་འཇིག་པའི་ཕྱིར། འདུས་མ་བྱས་དེ་ནི་འདུས་མ་བྱས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་

མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་མཐའ་མྱི་དམྱིགས་པ་དེ་ནི་མཐའ་ལས་འདས་པ་སྟེ། མྱི་རྟག་མྱི་འཇིག་པའི་ཕྱིར། མཐའ་ལས་འདས་པ་མཐའ་ལས་འདས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་མཐའ་

ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་ཐོག་མ་མྱི་དམྱིགས་ཤིང་། ཐ་མ་ཡང་མྱི་དམྱིགས་པ་དེ་ལ་འགྲོ་བ་མྱི་དམྱིགས་འོང་བ་ཡང་མྱི་དམྱིགས་ཏེ། མྱི་རྟག་མྱི་འཇིག་པའི་ཕྱིར། ཐོག་མ་དང་ཐ་མ་མྱེད་པ་ཐོག་

མ་དང་ཐ་མ་མྱེད་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོར་བ་མྱེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་གང་ཡང་དོར་བ་མྱེད་པ་སྟེ། མྱི་རྟག་མྱི་འཇིག་པའི་ཕྱིར།

Vol. 16 · folio 163a

དོར་བ་མྱེད་པ་དོར་བ་མྱེད་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་བཞིན་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་སམ་འདུས་མ་བྱས་ཀྱང་རུང་སྟེ། ཆོས་ཐམས་

ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི། ཉན་ཐོས་རྣམས་ཀྱིས་མ་བྱས། རང་སངས་རྒྱས་རྣམས་ཀྱིས་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མ་བྱས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་

ཀྱིས་མ་བྱས་ཏེ། མྱི་རྟག་མྱི་འཇིག་པའི་ཕྱིར། རང་བཞིན་རང་བཞིན་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི།

གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མྱིག་དང་རྣ་བ་དང་། སྣ་དང་ལྕེ་དང་། ལུས་དང་ཡིད་དང་། གཟུགས་དང་། སྒྲ་དང་དྲི་དང་། རོ་དང་རེག་དང་། ཆོས་དང་། མྱིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་

པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མྱིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་

ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལུས་

ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། གཟུགས་ཡོད་པའི་ཆོས་དང་། གཟུགས་མྱེད་པའི་ཆོས་དང་། འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་ཏེ། འདི་དག་ནི་ཆོས་ཐམས་ཅད་ཅེས་

Vol. 16 · folio 163b

བྱའོ། །དེ་ལ་མྱི་རྟག་མྱི་འཇིག་པའི་ཕྱིར། ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན། གཟུགས་ནི་འཇིག་པའི་

མཚན་ཉིད། ཚོར་བ་ནི་མྱོང་བའི་མཚན་ཉིད། འདུ་ཤེས་ནི་འཛིན་པའི་མཚན་ཉིད། འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་ནི་རྣམ་པར་རིག་པའི་མཚན་ཉིད། ཕུང་པོ་ནི་སྡུག་བསྔལ་བའི་མཚན་ཉིད། ཁམས་ནི་གདུག་པའི་མཚན་ཉིད།

སྐྱེ་མཆེད་ནི་སྐྱེ་བའི་སྒོའི་མཚན་ཉིད། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདུ་འཕྲོད་ཀྱི་མཚན་ཉིད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གཏོང་བའི་མཚན་ཉིད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གདུང་བ་མྱེད་པའི་མཚན་ཉིད། བཟོད་པའི་ཕ་རོལ་ཏུ་ཕྱིན་

པ་ནི་འཚིག་པ་མྱེད་པའི་མཚན་ཉིད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་པ་མྱེད་པའི་མཚན་ཉིད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པར་འདུས་པའི་མཚན་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆགས་པ་མྱེད་པའི་མཚན་ཉིད། བསམ་གཏན་

བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་འཁྲུག་པ་མྱེད་པའི་མཚན་ཉིད། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་འབྱུང་བའི་མཚན་ཉིད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་དབེན་པའི་མཚན་ཉིད།

རྣམ་པར་ཐར་པའི་སྒོ་མཚན་མ་མྱེད་པ་ནི་ཞི་བའི་མཚན་ཉིད། རྣམ་པར་ཐར་པའི་སྒོ་སྨོན་པ་མྱེད་པ་ནི་སྡུག་བསྔལ་སེལ་བའི་མཚན་ཉིད། རྣམ་པར་གྲོལ་བ་ནི་རྣམ་པར་འགྲེལ་བའི་མཚན་ཉིད། སྟོབས་རྣམས་ནི་ཤིན་ཏུ་རྟོགས་པའི་མཚན་ཉིད། མྱི་འཇིགས་

པ་རྣམས་ནི་ཤིན་ཏུ་བརྟན་པའི་མཚན་ཉིད། སོ་སོ་ཡང་དག་པར་རིག་པ་རྣམས་ནི་མྱི་ཆོད་པའི་མཚན་ཉིད། བྱམས་པ་ཆེན་པོ་ནི་ཕན་པ་སྒྲུབ་པའི་མཚན་ཉིད། སྙིང་རྗེ་ཆེན་པོ་ནི་ཡོངས་སུ་སྐྱོབ་པའི་མཚན་ཉིད། དགའ་བ་ཆེན་པོ་ནི་རབ་ཏུ་དགའ་བའི་མཚན་

Vol. 16 · folio 164a

ཉིད། བཏང་སྙོམས་ཆེན་པོ་ནི་འདྲེ་བ་མྱེད་པའི་མཚན་ཉིད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་མྱི་འཕྲོགས་པའི་མཚན་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་མངོན་སུམ་གྱི་མཚན་ཉིད་དེ། མྱི་རྟག་མྱི་འཇིག་པའི་ཕྱིར།

འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པའི་རང་རང་གི་མཚན་ཉིད་དེ་དག་གིས་ཆོས་དེ་དག་ཐམས་ཅད་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་རང་གི་མཚན་

ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མྱི་དམྱིགས་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་འདས་པ་མྱི་དམྱིགས་པ་དང་། མ་འོངས་པ་མྱི་དམྱིགས་པ་དང་། ད་ལྟར་བྱུང་བའི་གནས་མྱི་དམྱིགས་པ་སྟེ། མྱི་རྟག་མྱི་འཇིག་པའི་ཕྱིར། མྱི་དམྱིགས་པ་མྱི་དམྱིགས་པས་སྟོང་

ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར། འདུས་པའི་ངོ་བོ་ཉིད་མྱེད་དེ། མྱི་རྟག་

མྱི་འཇིག་པའི་ཕྱིར། འདུས་པ་འདུས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མྱེད་པ་ནི་དངོས་པོ་

མེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །དེ་ལ་དངོས་པོ་དངོས་པོ་ཞེས་བྱ་བ་གང་ཞེ་ན། ཕུང་པོ་ལྔ་པོ་སྟེ། ཕུང་པོ་དེ་དག་ཀྱང་ཕུང་པོ་རྣམས་ཀྱིས་སྟོང་བས། དེ་ལྟར་ན་དངོས་པོ་དངོས་

པོས་སྟོང་ངོ་། །ཇི་ལྟར་ན་དངོས་པོ་མྱེད་པ་དངོས་པོ་མྱེད་པས་སྟོང་ཞེ་ན། དངོས་པོ་མྱེད་པ་ཞེས་བྱ་བ་ནི་འདུས་མ་བྱས་ཏེ། འདུས་མ་བྱས་དེ་ཡང་འདུས་མ་བྱས་ཀྱིས་སྟོང་བས། དེ་ལྟར་ན་དངོས་པོ་མྱེད་པ་དངོས་པོ་མྱེད་པས་སྟོང་ངོ་། །ཇི་ལྟར་ན་རང་བཞིན་

Vol. 16 · folio 164b

རང་བཞིན་གྱིས་སྟོང་ཞེ་ན། རང་བཞིན་ཞེས་བྱ་བ་ནི་ངོ་བོ་ཉིད་མ་ནོར་བ་སྟེ། དེ་ལ་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཤེས་པས་མ་བྱས། མཐོང་བས་མ་བྱས་ཏེ། འདི་ནི་རང་བཞིན་སྟོང་པ་ཉིད་དོ། །དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་

པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཀྱི་གནས་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་།

ཡང་དག་པའི་མཐའ་ནི་དེ་བཞིན་དུ་གནས་པ་སྟེ། དེ་ལྟར་ཆོས་དེ་དག་གི་གཞན་གྱིས་སྟོང་པ་གང་ཡིན་པ་དེ་ནི། གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ།། །།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཉིས་པ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་

ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་

བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱི་གཙུག་རྣམ་པར་ལྟ་བ་བཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་

འཛིན་དང་། རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་ཏུ་བདེ་བར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

Vol. 16 · folio 165a

ཏིང་ངེ་འཛིན་གྱི་རྒྱལ་པོ་བདེ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཁྲུལ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་རབ་ཏུ་འགྱེད་པས་འཁྲུལ་པ་མྱེད་པར་བྱེད་པ་ཞེས་བྱ་

པའི་ཏིང་ངེ་འཛིན་དང་། བརྩོན་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པའི་ཚིག་ལ་གདོན་མྱི་ཟ་བར་འཇུག་བཞེས་བྱ་བའི་ཏིང་ངེ་འཛིན་དང་།

ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉམ་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཡང་དག་པར་

འདུ་བརྒྱ་མཚོའོ་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་པོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཁོར་གསུམ་ཡོངས་སུ་དག་པ་ཞེས་

བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དབང་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་

བར་རྐྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་གླལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣྲེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆགས་པ་དང་ཐོགས་པ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚོལ་བ་མྱེད་

བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་ལ་རྟེན་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་བཞི་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མྱེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་མཐའ་

Vol. 16 · folio 165b

ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟད་མྱི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མྱི་འཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟད་པ་དང་ཟལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མྱི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

རབ་ཏུ་ཞི་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཇིག་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མྱིག་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཤེས་རབ་

སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བ་གསལ་བཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་དཔལ་ཞེས་བྱ་བའི་ཏིང་ངེ་

འཛིན་དང་། རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་དམ་པའི་

ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱིས་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱིས་འཕགས་པས་ཡོངས་སུ་

རྒྱས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་པོ་ཆེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། འཁྲུག་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

Vol. 16 · folio 166a

རྣམ་པར་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མྱེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡི་གེ་མཉམ་པར་བགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དམྱིགས་པ་གཅོད་པ་ཞེས་བྱ་

པའི་ཏིང་ངེ་འཛིན་དང་། འགྱུར་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མྱིང་དང་མཚན་མ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བྱ་བ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མྱིང་ངེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་

འཛིན་དང་། གནས་མྱེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རབ་རིབ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཡོ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡུལ་ལས་རྒལ་བཞེས་བྱ་བའི་ཏིང་ངེ་འཛིན་

དང་། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་མྱེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངེས་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཐའ་ཡས་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མྱི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལས་འདའ་བ་ཞེས་

བྱ་བའི་ཏིང་ངེ་འཛིན་དང་། ཡོངས་སུ་གཅོད་པ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་སུ་བྱ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

རྣམ་པ་མངོན་པར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་འདོར་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྤྱོད་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྟོགས་པས་སྲིད་པའི་གཞི་ཐམས་ཅད་

Vol. 16 · folio 166b

ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བརྡ་དང་སྒྲ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཅེན་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་ཆགས་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གློག་གི་འོད་གཟེར་བཀོད་པ་ཞེས་བྱ་བའི་ཏིང་ངེ་

འཛིན་དང་། སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱིར་མྱི་ལྡོག་པའི་རྫུ་འཕྲུལ་མངོན་པར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་

བའི་ཏིང་ངེ་འཛིན་དང་། སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མངོན་པར་དམྱིགས་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མ་འདྲེས་པའི་བཟོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུངས་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟད་མྱི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་

ཏིང་ངེ་འཛིན་དང་། གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།

མཐུན་པ་དང་འགལ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཟླ་བ་དྲི་མ་མྱེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། གློག་གི་འོད་ཅེས་བྱ་བའི་ཏིང་ངེ་

འཛིན་དང་། རྒྱན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཇིག་རྟེན་ཐམས་ཅད་སྐྱོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རྡུལ་

Vol. 16 · folio 167a

མྱེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་མྱེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མྱེད་པར་

ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གནས་དམྱིགས་སུ་མྱེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་བཞིན་ཉིད་ལ་གནས་ཤིང་སེམས་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྣོད་ལས་རང་འབྱུང་བ་ཞེས་

བྱ་བའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་ཐམས་ཅད་སྲེག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡེ་ཤེས་ཆེན་པོའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྟོབས་བཅུའི་འབྱུང་གནས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒོ་རྣམ་པར་

འབྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ངག་གི་སྐྱོན་ཡང་དག་པར་སེལ་

བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཡིད་ཀྱི་སྐྱོན་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཀུན་ཏུ་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྟར་ཆགས་པ་མྱེད་པས་

རྣམ་པར་གྲོལ་ཞིང་གོས་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་སྤྱོད་པ་སྟེ། འདི་ནི་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་

ངེ་འཛིན་ཏོ། །དེ་ལ་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེས་ཏིང་ངེ་འཛིན་ཐམས་ཅད་རྒྱས་བཏབ་པ་ལྟ་བུར་འགྱུར་བ་སྟེ། འདི་ནི་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་

Vol. 16 · folio 167b

ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱིས་རྣམ་པར་རྩེ་བ་སྟེ། འདི་ནི་སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་

པ་སྟེ། འདི་ནི་ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་མཚན་འཛིན་པ་སྟེ། འདི་ནི་ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །

དེ་ལ་ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱིས་མངོན་པར་འཕགས་པ་སྟེ། འདི་ནི་ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་

ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱག་རྒྱ་འཛིན་པ་སྟེ། འདི་ནི་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། དེ་ལ་སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་

འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱི་གཙུག་རྣམ་པར་ལྟ་བ་སྟེ། འདི་ནི་སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་

ཤིང་། ཆོས་ཀྱི་དབྱིངས་སུ་རྟོགས་པར་འགྲོ་བ་སྟེ། འདི་ནི་ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་

མཚན་ངེས་པར་འཛིན་པ་སྟེ། འདི་ནི་ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་འཇིག་པར་མྱི་འགྱུར་བ་སྟེ། འདི་ནི་རྡོ་རྗེ་ཞེས་བྱ་བའི་

Vol. 16 · folio 168a

ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ལ་འཇུག་པ་སྟེ། འདི་ནི་ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་

ཏོ། །དེ་ལ་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་སྟེ། འདི་ནི་ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། དེ་ལ་

རབ་ཏུ་བདེ་བར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་བསོད་ནམས་ཀྱི་ཚོགས་ཀུན་འཛིན་ཅིང་ཆུད་མྱི་ཟ་བར་བྱེད་པ་སྟེ། འདི་ནི་རབ་ཏུ་བདེ་བར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཏིང་ངེ་འཛིན་གྱི་རྒྱལ་པོ་བདེ་བར་འཛུགས་པ་

ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་གྱི་རྒྱལ་པོ་ཐམས་ཅད་བདེ་བར་འཇོག་ཅིང་འཛུགས་པ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་རྒྱལ་པོ་བདེ་བར་འཛུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་

འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་ཟེར་རབ་ཏུ་འགྱེད་པ་སྟེ། འདི་ནི་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འཁྲུལ་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་སྙོམས་པར་འཇུག་པ་ཐམས་

ཅད་ཀྱི་སྤྱོད་ཡུལ་དང་། སྤྱོད་པ་ཐམས་ཅད་རྗེས་སུ་དྲན་ཞིང་ཉམས་པ་མྱེད་པར་བྱེད་པ་སྟེ། འདི་ནི་འཁྲུལ་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་ཟེར་རབ་ཏུ་འགྱེད་པས་འཁྲུལ་པ་མྱེད་པར་བྱེད་པའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་

ཤིང་ཏིང་ངེ་འཛིན་གྱི་འོད་གཟེར་གྱིས་སེམས་ཅན་གྱི་ཁམས་སྣང་བར་བྱེད་ཅིང་། སྔོན་གྱི་སྤྱོད་པ་རྗེས་སུ་དྲན་པར་བྱེད་པ་སྟེ། འདི་ནི་འོད་གཟེར་རབ་ཏུ་འགྱེད་པས་འཁྲུལ་པ་མྱེད་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བརྩོན་པའི་སྟོབས་ཞེས་བྱ་བའི་ཏིང་

Vol. 16 · folio 168b

ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་ཏིང་ངེ་འཛིན་ཐམས་ཅད་ཀྱི་བརྩོན་པའི་མཐུ་སྐྱེད་པར་བྱེད་པ་སྟེ། འདི་ནི་བརྩོན་པའི་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་

ངེ་འཛིན་ཐམས་ཅད་ཀྱི་སྟོབས་རྣམ་པར་དགོད་པ་སྟེ། འདི་ནི་དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཡང་དག་པར་འཕགས་

པར་འགྱུར་བ་སྟེ། འདི་ནི་ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངེས་པའི་ཚིག་ལ་གདོན་མྱི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ངེས་པའི་ཚིག་བསྟན་པ་ལ་འཇུག་

པ་སྟེ། འདི་ནི་ངེས་པའི་ཚིག་ལ་གདོན་མྱི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཚིག་བླ་དགས་ལ་འཇུག་པ་སྟེ། འདི་

ནི་ཚིག་བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱོགས་རྣམ་པར་ལྟ་བ་སྟེ། འདི་ནི་ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་

བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་སྟེ། འདི་ནི་ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉམ་

པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཉམ་པར་མྱི་འགྱུར་བ་སྟེ། འདི་ནི་ཉམ་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་

Vol. 16 · folio 169a

བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་འདུ་ཞིང་ཁོངས་སུ་ཆུད་པར་འདོང་བ་སྟེ། འདི་ནི་ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྒྱལ་པོའི་

ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། དོན་ཐམས་ཅད་ངེས་པར་སྒྲུབ་པ་ལ་ཇི་ལྟར་རྒྱལ་པོའི་ཕྱག་རྒྱས་འདོད་པ་ཐམས་ཅད་འགྲུབ་པར་བྱེད་པ་ལྟ་བུ་སྟེ། འདི་ནི་རྒྱལ་པོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ནམ་མཁའ་

རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱིས་ནམ་མཁའ་རྒྱས་པར་འགེངས་པ་སྟེ། འདི་ནི་ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡོ་རྗེའི་དཀྱིལ་འཁོར་

ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དཀྱིལ་འཁོར་ཡོངས་སུ་འཛིན་པ་སྟེ། འདི་ནི་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་

ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཏིང་ངེ་འཛིན་པ་དང་། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་མྱི་འཛིན་པ་སྟེ། འདི་ནི་འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། དེ་ལ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་

ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཇི་ལྟར་རྒྱལ་མཚན་དམ་པ་བཞིན་ཏིང་ངེ་འཛིན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་སྟེ། འདི་ནི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དབང་པོའི་དཔལ་ཞེས་བྱ་བའི་ཏིང་

ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དབང་དམ་པ་ངེས་པར་ཐོབ་པ་སྟེ། འདི་ནི་དབང་པོའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་

Vol. 16 · folio 169b

ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྗེས་སུ་ཕྱིན་ཅི་མ་ལོག་པར་ཡང་དག་པར་ཞུགས་པ་སྟེ། འདི་ནི་རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། རྡུལ་དང་དྲི་མ་ཐམས་ཅད་

རབ་ཏུ་སྤངས་པའི་དབང་དུ་གྱུར་ཅིང་། ཇི་ལྟར་སེང་གེའི་རྒྱལ་པོ་བཞིན་དུ་དབང་དམ་པ་ཐོབ་པས་བསྒྱིངས་པ་ལྟ་བུ་སྟེ། འདི་ནི་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེང་གེ་རྣམ་པར་རྐྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་

ལ་གནས་ཤིང་ཆོ་འཕྲུལ་དམ་པའི་དབང་ཐོབ་པས་འཇིགས་པ་དང་བག་ཚ་བ་མྱེད་ཅིང་། བདུད་ཐམས་ཅད་ཀྱི་དཔུང་འཇིག་ཅིང་འཛུལ་བར་བྱེད་པ་སྟེ། འདི་ནི་སེང་གེ་རྣམ་པར་རྐྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེང་གེ་རྣམ་པར་གླལ་བ་ཞེས་བྱ་བའི་ཏིང་ངེ་

འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་སྤོབས་པ་དམ་པ་དང་ལྡན་པས་འཁོར་མང་པོའི་ནང་དུ་བག་ཚ་བ་མྱེད་པར། མུ་སྟེགས་ཅན་ལོག་པར་ལྟ་བ་ཐམས་ཅད་འདུལ་བ་སྟེ། འདི་ནི་སེང་གེ་རྣམ་པར་གླལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྣྲེལ་ཞི་

ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། འཁོར་བའི་ཆོས་རྣམས་རྒྱུན་ངེས་པར་གཅོད་པར་བྱེད་པ་སྟེ། འདི་ནི་སྣྲེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆགས་པ་དང་ཐོགས་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་

འཛིན་དེ་ལ་གནས་ཤིང་ཆོས་ཐམས་ཅད་ལ་འཛིན་པ་དང་ཐོགས་པ་མྱེད་པ་སྟེ། འདི་ནི་ཆགས་པ་དང་ཐོགས་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཉོན་མོངས་

པ་ཐམས་ཅད་ཀྱི་དྲི་མ་རབ་ཏུ་སེལ་བ་སྟེ། འདི་ནི་ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལྷམ་མེ་ལྷན་ནེ་ལྷང་ངེར་བྱེད་པ་སྟེ། འདི་ནི་རྣམ་

Vol. 16 · folio 170a

པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཚོལ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་ཚོལ་བ་མྱེད་པ་སྟེ། འདི་ནི་ཚོལ་བ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་ལ་རྟེན་པ་

མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་གནས་ལ་རྟེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་གནས་ལ་རྟེན་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེམས་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།

ཏིང་ངེ་འཛིན་དེ་ལ་གནས་ཤིང་། སེམས་ཀྱང་མྱི་འབྱུང་སེམས་ལས་བྱུང་བ་རྣམས་ཀྱང་མྱི་རྒྱུ་བ་སྟེ། འདི་ནི་སེམས་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བདུད་བཞི་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་བདུད་བཞིའི་

དགྲ་ཐམས་ཅད་འདུལ་བར་བྱེད་པ་སྟེ། འདི་ནི་བདུད་བཞི་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དྲི་མ་མྱེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་དྲི་མ་མྱེད་པར་བྱེད་པ་སྟེ།

འདི་ནི་དྲི་མ་མྱེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། འོད་མཐའ་ཡས་པར་བྱེད་པ་སྟེ། འདི་ནི་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་

བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་བྱེད་པ་སྟེ། འདི་ནི་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་

ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། འདི་ནི་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དག་པ་མཉམ་པ་ཉིད་འཐོབ་པ་སྟེ།

Vol. 16 · folio 170b

འདི་ནི་དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དྲི་མ་སེལ་བ་སྟེ། འདི་ནི་འོད་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དགའ་བ་བྱེད་པ་ཞེས་བྱ་

བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དགའ་བ་ཉམས་སུ་མྱོང་བར་འགྱུར་བ་སྟེ། འདི་ནི་དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་།

ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་བྱེད་པ་སྟེ། འདི་ནི་གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟད་མྱི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཟད་ཤེས་པ་དང་། ཟད་མྱི་ཤེས་པ་ཡང་དག་

པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་ཟད་མྱི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། དེ་ལ་མྱི་འཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྟོབས་རབ་ཏུ་ཐོབ་པ་སྟེ། འདི་ནི་མྱི་འཕམ་པ་ཞེས་བྱ་བའི་

ཏིང་ངེ་འཛིན་ཏོ། དེ་ལ་གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་གཟི་བརྗིད་དང་། དཔལ་གྱིས་འབར་བར་འགྱུར་བ་སྟེ། འདི་ནི་གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟད་པ་

དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཟད་མྱི་ཤེས་པར་རྗེས་སུ་མཐོང་ནས། རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར་མཐོང་བ་སྟེ། འདི་ནི་ཟད་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་

འཛིན་ཏོ། །དེ་ལ་མྱི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་མྱི་གཡོ་མྱི་འགུལ་རབ་ཏུ་མྱི་འབྱེད། རློམ་སེམས་སུ་མྱི་བྱེད་པ་སྟེ། འདི་ནི་མྱི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རབ་ཏུ་ཞི་བ་ཞེས་བྱ་བའི་ཏིང་

Vol. 16 · folio 171a

ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་མཉམ་པར་གཞག་པ་རྣམས་རབ་ཏུ་ཞི་བར་འགྱུར་བ་སྟེ། འདི་ནི་རབ་ཏུ་ཞི་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འཇིག་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་།

ཏིང་ངེ་འཛིན་ཐམས་ཅད་འཇིག་པར་ཡང་དག་པར་རྗེས་སུ་མྱི་མཐོང་བ་སྟེ། འདི་ནི་འཇིག་པ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ།

འདི་ནི་ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བ་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་མུན་པ་མྱེད་པར་བྱེད་པ་སྟེ། འདི་ནི་ཟླ་བ་དྲི་མ་མྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཤེས་རབ་སྒྲོན་

མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པ་སྟེ། འདི་ནི་ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་མྱིག་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་

གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། མྱིག་ལྔ་ཡོངས་སུ་དག་པར་བྱེད་པ་སྟེ། འདི་ནི་མྱིག་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་

ཅད་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ་འཐོབ་པ་སྟེ། འདི་ནི་སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཟླ་བའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་མ་རིག་པའི་མུན་པ་སེལ་བ་དང་།

ཟླ་བ་བཞིན་དུ་གྱུར་པ་སྟེ། འདི་ནི་ཟླ་བའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། འདི་ནི་སྣང་བ་བྱེད་པ་ཞེས་བྱ་བའི་

Vol. 16 · folio 171b

ཏིང་ངེ་འཛིན་ཏོ། །དེ་ལ་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་བྱ་བ་རྣམས་བྱེད་པ་སྟེ། འདི་ནི་བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡེ་ཤེས་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།

ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡེ་ཤེས་དཔལ་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་ཡེ་ཤེས་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་

ཐམས་ཅད་ཀྱི་ཏིང་ངེ་འཛིན་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་བར་ཁོང་དུ་ཆུད་པར་བྱེད་པ་སྟེ། འདི་ནི་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ན། སེམས་མྱི་གཡོ་རྣམ་

པར་མྱི་གཡོ་རྣམ་པར་མྱི་ལྡོག །ཡོངས་སུ་ཡི་འཆད་པར་མྱི་འགྱུར། ཉམས་སུ་མྱི་བདེ་བ་མྱེད་ལ། དེ་ལ་སེམས་ཞེས་བྱ་བ་ནི་འདི་ཡིན་ཞེས་བྱ་བར་སེམས་མྱི་འབྱུང་བ་སྟེ། འདི་ནི་སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་ཏུ་སྣང་བ་ཞེས་

བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཐམས་ཅད་སྣང་བར་ཡང་དག་པར་རྗེས་སུ་མཐོང་བ་སྟེ། འདི་ནི་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་

ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་རབ་ཏུ་གནས་པར་འགྱུར་བ་སྟེ། འདི་ནི་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་རིན་ཆེན་མཐའ་ལྟར་ཀུན་ནས་

སྣང་བ་སྟེ། འདི་ནི་རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཕྱག་རྒྱ་མྱེད་པའི་མཐས། ཕྱག་རྒྱས་བཏབ་པ་ཉེ་བར་བཟུང་བས་ཕྱག་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words