ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 14 · folio 93b

སུ་མི་མཐོང་ངོ་། །ཆོས་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། ད་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་རྣམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་

མི་མཐོང་ངོ་། །ཆོས་རྣམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་རྣམ་པར་ཤེས་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་

པར་རྗེས་སུ་མི་མཐོང་ངོ་། །མིག་གི་རྣམ་པར་ཤེས་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་རྣམ་པར་ཤེས་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་

བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་རྣམ་པར་ཤེས་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་རྣམ་པར་ཤེས་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་

ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་རྣམ་པར་ཤེས་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་རྣམ་པར་ཤེས་པ་དང་སྔོན་གྱི་མཐར་མི་

སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་རྣམ་པར་ཤེས་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་རྣམ་པར་ཤེས་པ་དང་

ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེའི་

Vol. 14 · folio 94a

རྣམ་པར་ཤེས་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་

དག་པར་རྗེས་སུ་མི་མཐོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་

ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་

སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་

དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་འདུས་ཏེ་རེག་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་འདུས་ཏེ་རེག་པ་དང་ཕྱི་མའི་མཐར་མི་སྦྱོར་

མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་འདུས་ཏེ་རེག་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པ་དང་སྔོན་གྱི་མཐར་མི་སྦྱོར་

མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པ་དང་ད་ལྟར་བྱུང་བར་མི་སྦྱོར་

Vol. 14 · folio 94b

མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་འདུས་ཏེ་རེག་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་འདུས་ཏེ་རེག་པ་དང་ཕྱི་མའི་མཐར་མི་སྦྱོར་

མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་འདུས་ཏེ་རེག་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པ་དང་སྔོན་གྱི་མཐར་མི་

སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པ་དང་ད་ལྟར་

བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་

པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་

འདུས་ཏེ་རེག་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་

ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་

Vol. 14 · folio 95a

ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

ཚོར་བ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་

སུ་མི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་

དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་

མི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་

ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་

Vol. 14 · folio 95b

སྡོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་

མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་

དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། །དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སའི་ཁམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་

པར་རྗེས་སུ་མི་མཐོང་ངོ་། །སའི་ཁམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སའི་ཁམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་

པར་རྗེས་སུ་མི་མཐོང་ངོ་། །ཆུའི་ཁམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆུའི་ཁམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་

དག་པར་རྗེས་སུ་མི་མཐོང་ངོ་། །ཆུའི་ཁམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མེའི་ཁམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་

Vol. 14 · folio 96a

དག་པར་རྗེས་སུ་མི་མཐོང་ངོ་། །མེའི་ཁམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མེའི་ཁམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་

ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རླུང་གི་ཁམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རླུང་གི་ཁམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་

མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རླུང་གི་ཁམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ནམ་མཁའི་ཁམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་

གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ནམ་མཁའི་ཁམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ནམ་མཁའི་ཁམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་

ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པའི་ཁམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པའི་ཁམས་དང་ཕྱི་མའི་མཐར་མི་སྦྱོར་མི་

འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པའི་ཁམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མ་རིག་པ་དང་སྔོན་གྱི་མཐར་མི་སྦྱོར་

མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མ་རིག་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མ་རིག་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ།

Vol. 14 · folio 96b

དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་

མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་

ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་

ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱིང་དང་གཟུགས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱིང་དང་གཟུགས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་

ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱིང་དང་གཟུགས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྐྱེ་མཆེད་དྲུག་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་

མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྐྱེ་མཆེད་དྲུག་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྐྱེ་མཆེད་དྲུག་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་

ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རེག་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རེག་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་

Vol. 14 · folio 97a

ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རེག་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་

མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐར་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་

ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྲེད་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྲེད་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་

སུ་མི་མཐོང་ངོ་། །སྲེད་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལེན་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

ལེན་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལེན་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྲིད་པ་དང་སྔོན་གྱི་

མཐར་མི་སྦྱོར་མི་འབྱེད་དེ། །དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྲིད་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྲིད་པ་དང་ད་ལྟར་བྱུང་བར་

མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྐྱེ་བ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྐྱེ་བ་དང་ཕྱི་མའི་མཐར་མི་སྦྱོར་མི་

Vol. 14 · folio 97b

འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྐྱེ་བ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྒ་ཤི་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་

ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྒ་ཤི་དང་ཕྱི་མའི་མཐར་མ་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྒ་ཤི་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་

འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཕྱི་མའི་

མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚུལ་

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་

ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་

ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ད་ལྟར་བྱུང་བར་

Vol. 14 · folio 98a

མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་

མཐོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་

བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ།

དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྔོན་གྱི་

མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ནང་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ནང་སྟོང་པ་ཉིད་

དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ནང་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕྱི་སྟོང་པ་ཉིད་དང་སྔོན་གྱི་

Vol. 14 · folio 98b

མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕྱི་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕྱི་སྟོང་པ་ཉིད་དང་ད་ལྟར་བྱུང་བར་

མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕྱི་ནང་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། །དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕྱི་ནང་སྟོང་པ་ཉིད་དང་ཕྱི་མའི་མཐར་

མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕྱི་ནང་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་དང་

སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། །དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

སྟོང་པ་ཉིད་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆེན་པོ་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

ཆེན་པོ་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆེན་པོ་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་

ངོ་། །དོན་དམ་པ་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དོན་དམ་པ་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་

Vol. 14 · folio 99a

པར་རྗེས་སུ་མི་མཐོང་ངོ་། །དོན་དམ་པ་སྟོང་པ་ཉིད་དང་ད་ལྟར་གྱུར་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་བྱས་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་

དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་བྱས་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐར་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་བྱས་སྟོང་པ་ཉིད་དང་ད་ལྟར་

བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་

མ་བྱས་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། །དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་

དག་པར་རྗེས་སུ་མི་མཐོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་

ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་

སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཐོག་མ་དང་ཐ་མ་མེད་པ་སྟོང་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ཉི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཐོག་མ་དང་ཐ་མ་མེད་པ་སྟོང་

Vol. 14 · folio 99b

པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། །དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དོར་བ་མེད་པ་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

དོར་བ་མེད་པ་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དོར་བ་མེད་པ་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་

རྗེས་སུ་མི་མཐོང་ངོ་། །རང་བཞིན་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རང་བཞིན་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་

ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རང་བཞིན་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་

གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་

དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་དང་ཕྱི་མའི་

མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱི་དམྱིགས་པ་

Vol. 14 · folio 100a

སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མི་དམིགས་པ་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་

ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དངོས་པོ་མེད་པ་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་

གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དངོས་པོ་མེད་པ་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དངོས་པོ་མེད་པ་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ།

དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་

འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མྱི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་

དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། །དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་ཕྱི་མའི་མཐར་མྱི་སྦྱོར་མྱི་འབྱེད་དེ། །དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་

མཐོང་ངོ་། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་

Vol. 14 · folio 100b

ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། །དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ།

དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་སྤོང་བ་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་སྤོང་བ་རྣམས་དང་ཕྱི་མའི་མཐར་

མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་སྤོང་བ་རྣམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་

རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་རྣམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་

ངོ་། །རྫུ་འཕྲུལ་གྱི་རྐང་པ་རྣམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དབང་པོ་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་

རྗེས་སུ་མི་མཐོང་ངོ་། །དབང་པོ་རྣམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐར་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དབང་པོ་རྣམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་

པར་རྗེས་སུ་མི་མཐོང་ངོ་། །སྟོབས་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་བྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྟོབས་རྣམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་

Vol. 14 · folio 101a

དག་པར་རྗེས་སུ་མི་མཐོང་ངོ་། །སྟོབས་རྣམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་ཀྱི་ཡན་ལག་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་

འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་ཀྱི་ཡན་

ལག་རྣམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་བྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལམ་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལམ་

རྣམས་དང་ཕྱི་མའི་མཐར་མྱི་སྦྱོར་མི་འབྱེད་དེ། །དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལམ་རྣམས་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འཕགས་

པའི་བདེན་པ་རྣམས་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། །དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འཕགས་པའི་བདེན་པ་རྣམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་

རྗེས་སུ་མྱི་མཐོང་ངོ་། །འཕགས་པའི་བདེན་པ་རྣམས་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བསམ་གཏན་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་

ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བསམ་གཏན་རྣམས་དང་ཕྱི་མའི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བསམ་གཏན་རྣམས་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་

Vol. 14 · folio 101b

བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚད་མེད་པ་རྣམས་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚད་མྱེད་པ་རྣམས་དང་ཕྱི་མའི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་

ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚད་མེད་པ་རྣམས་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་

འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་ཕྱི་མའི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་མེད་པའི་སྙོམས་པར་

འཇུག་པ་རྣམས་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཐར་པ་བརྒྱད་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

རྣམ་པར་ཐར་པ་བརྒྱད་དང་ཕྱི་མའི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཐར་པ་བརྒྱད་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་།

མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་ཕྱི་མའི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་

འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྟོང་པ་ཉིད་དང་སྔོན་གྱི་མཐར་མྱི་

Vol. 14 · folio 102a

སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྟོང་པ་ཉིད་དང་ད་ལྟར་

བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཚན་མ་མེད་པ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཚན་མ་མེད་པ་དང་ཕྱི་མའི་

མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཚན་མ་མེད་པ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྨོན་པ་མེད་པ་དང་སྔོན་གྱི་

མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྨོན་པ་མེད་པ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྨོན་པ་མེད་པ་དང་ད་ལྟར་

བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མངོན་པར་ཤེས་པ་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མངོན་པར་

ཤེས་པ་རྣམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མངོན་པར་ཤེས་པ་རྣམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་

མི་མཐོང་ངོ་། །ཏིང་ངེ་འཛིན་རྣམས་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཏིང་ངེ་འཛིན་རྣམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་

Vol. 14 · folio 102b

པར་རྗེས་སུ་མྱི་མཐོང་ངོ་། །ཏིང་ངེ་འཛིན་རྣམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། །དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུངས་ཀྱི་སྒོ་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་

ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུངས་ཀྱི་སྒོ་རྣམས་དང་ཕྱི་མའི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུངས་ཀྱི་སྒོ་རྣམས་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་

འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་སྔོན་གྱི་མཐར་མི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་

ཕྱི་མའི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

མི་འཇིགས་པ་བཞི་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། །དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མི་འཇིགས་པ་བཞི་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་

མི་མཐོང་ངོ་། །མི་འཇིགས་པ་བཞི་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སོ་སོ་ཡང་དག་པར་རིག་པ་བཞི་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་

ཉིད་ཀྱང་ཡང་དགེ་པར་རྗེས་སུ་མྱི་མཐོང་ངོ་། །སོ་སོ་ཡང་དག་པར་རིག་པ་བཞི་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སོ་སོ་ཡང་དག་པར་རིག་པ་བཞི་དང་ད་ལྟར་བྱུང་བར་མི་སྦྱོར་མི་

Vol. 14 · folio 103a

འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱམས་པ་ཆེན་པོ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱམས་

པ་ཆེན་པོ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱམས་པ་ཆེན་པོ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

སྙིང་རྗེ་ཆེན་པོ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྙིང་རྗེ་ཆེན་པོ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

སྙིང་རྗེ་ཆེན་པོ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་སྔོན་གྱི་མཐར་མི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་

དག་པར་རྗེས་སུ་མི་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ད་ལྟར་བྱུང་བར་

མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྒྱུན་ཏུ་ཞུགས་པའི་

འབྲས་བུ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་

Vol. 14 · folio 103b

ངོ་། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ཕྱི་མའི་མཐར་མི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་

མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ད་ལྟར་བྱུང་བར་མྱི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕྱིར་མི་འོང་བའི་འབྲས་བུ་དང་སྔོན་གྱི་མཐར་མྱི་སྦྱོར་

མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕྱིར་མི་འོང་བའི་འབྲས་བུ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། །དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕྱིར་མི་འོང་བའི་འབྲས་

བུ་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དགྲ་བཅོམ་པ་ཉིད་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དགྲ་

བཅོམ་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དགྲ་བཅོམ་པ་ཉིད་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་

ངོ་། །རང་བྱང་ཆུབ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རང་བྱང་ཆུབ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་

མཐོང་ངོ་། །རང་བྱང་ཆུབ་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་

Vol. 14 · folio 104a

པར་རྗེས་སུ་མི་མཐོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་

འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་

མྱི་མཐོང་ངོ་།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བདུན་པ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་

ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དུས་གསུམ་མཉམ་པ་ཉིད་དུ་སྟོང་པ་ཉིད་ཀྱི་ཕྱིར། སྔོན་གྱི་མཐའ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དོ། །ཕྱི་མའི་མཐའ་དང་སྔོན་གྱི་

མཐར་མི་སྦྱོར་མི་འབྱེད་དོ། །ད་ལྟར་བྱུང་བ་དང་སྔོ་གྱི་མཐའ་འམ་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དོ། །སྔོན་གྱི་མཐའ་འམ་ཕྱི་མའི་མཐའ་དང་ད་ལྟར་བྱུང་བའི་མཐར་མི་སྦྱོར་མི་འབྱེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་

སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་ལྟར་བརྩོན་པར་བྱེད་དེ། བརྩོན་པ་དེས་ཐམས་ཅད་མཁྱེན་པ་ཉིད་འདས་པ་

Vol. 14 · folio 104b

དང་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་འདས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཐམས་ཅད་མཁྱེན་པ་ཉིད་འདས་པ་དང་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། །ཐམས་ཅད་མཁྱེན་པ་ཉིད་མ་འོངས་པ་དང་མི་སྦྱོར་

མི་འབྱེད་དོ། །དེ་ནི་འདི་ལྟར་མ་འོངས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཐམས་ཅད་མཁྱེན་པ་ཉིད་མ་འོངས་པ་དང་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཐམས་ཅད་མཁྱེན་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་

འབྱེད་དོ། །དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཐམས་ཅད་མཁྱེན་པ་ཉིད་ད་ལྟར་བྱུང་བ་དང་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །

དེ་ནི་འདི་ལྟར་གཟུགས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། གཟུགས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཚོར་བ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་

ཚོར་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཚོར་བ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །འདུ་ཤེས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་འདུ་ཤེས་ཉིད་

ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། འདུ་ཤེས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །འདུ་བྱེད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་འདུ་བྱེད་ཉིད་ཀྱང་ཡང་

Vol. 14 · folio 105a

དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། འདུ་བྱེད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། །རྣམ་པར་ཤེས་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །

དེ་ནི་འདི་ལྟར་རྣམ་པར་ཤེས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རྣམ་པར་ཤེས་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིག་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་མིག་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མིག་དང་ཐམས་ཅད་

མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། །རྣ་བ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རྣ་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རྣ་བ་དང་ཐམས་ཅད་མཁྱེན་པ་ཉིད་

དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། སྣ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སྣ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྣ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་

ག་ལ་ཡོད། །ལྕེ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ལྕེ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ལྕེ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། །ལུས་དང་ཐམས་ཅད་

མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཡུལ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ལུས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཡིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །

Vol. 14 · folio 105b

དེ་ནི་འདི་ལྟར་ཡིད་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཡིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་གཟུགས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། གཟུགས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་

ཡོད། །སྒྲ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སྒྲ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྒྲ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། །དྲི་དང་ཐམས་ཅད་མཁྱེན་པ་ཉིད་

དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་དྲི་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། དྲི་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །རོ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རོ་ཉིད་

ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རོ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། །རེག་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རེག་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ་

ཡང་དག་པར་རྗེས་སུ་མ་མཐོང་ན། རེག་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཆོས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཆོས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་

མཐོང་ན། ཆོས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིག་གི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་

Vol. 14 · folio 106a

དོ། །དེ་ནི་འདི་ལྟར་མིག་གི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མིག་གི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །གཟུགས་ཀྱི་ཁམས་དང་ཐམས་

ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་གཟུགས་ཀྱི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། གཟུགས་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །མིག་གི་རྣམ་པར་

ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་མིག་གི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མིག་གི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་

དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །རྣ་བའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རྣ་བའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་། རྣ་བའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་

སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །སྒྲའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སྒྲའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྒྲའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་

འམ་འབྱེད་པ་ལྟ་ག་ལ་ཡོད། །རྣ་བའི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རྣ་བའི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རྣ་བའི་རྣམ་

པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །སྣའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སྣའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་

Vol. 14 · folio 106b

མཐོང་ན། སྣའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །དྲིའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་དྲིའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན།

དྲིའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །སྣའི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སྣའི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་

དག་པར་རྗེས་སུ་མ་མཐོང་ན། སྣའི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ལྕེའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ལྕེའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་

མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ལྕེའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །རོའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རོའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་

སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རོའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ལྕེའི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ལྕེའི་རྣམ་པར་ཤེས་པའི་ཁམས་ཉིད་

ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ལྕེའི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ལུས་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་

ལུས་ཀྱི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ལུས་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །རེག་བྱའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་

Vol. 14 · folio 107a

རེག་བྱའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རེག་བྱའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་

མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་

ག་ལ་ཡོད། །ཡིད་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཡིད་ཀྱི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཡིད་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་

པ་ལྟ་ག་ལ་ཡོད། །ཆོས་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཆོས་ཀྱི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཆོས་ཀྱི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་

འམ་འབྱེད་པ་ལྟ་ག་ལ་ཡོད། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན།

ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སའི་ཁམས་དང་ཐམས་ཅད་

མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཆུའི་ཁམས་དང་ཐམས་

Vol. 14 · folio 107b

ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཆུའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཆུའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །མྱེའི་ཁམས་དང་ཐམས་ཅད་

མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་མེའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མྱེའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །རླུང་གི་ཁམས་དང་ཐམས་ཅད་མཁྱེན་

པ་ཉིད་དུ་མྱི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རླུང་གི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རླུང་གི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ནམ་མཁའི་ཁམས་དང་ཐམས་ཅད་

མཁྱེན་པ་ཉིད་དུ་མྱི་སྦྱོར་མྱི་འབྱེད་དོ། །དེ་ནི་འདི་ལྟར་ནམ་མཁའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ནམ་མཁའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །རྣམ་པར་ཤེས་པའི་

ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རྣམ་པར་ཤེས་པའི་ཁམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་

ལ་ཡོད། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མ་རིག་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་མ་རིག་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། །ཡང་

དག་པར་རྗེས་སུ་མ་མཐོང་ན། མ་རིག་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །འདུ་བྱེད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་འདུ་བྱེད་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་

Vol. 14 · folio 108a

མཐོང་ན། འདུ་བྱེད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། རྣམ་པར་ཤེས་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རྣམ་པར་ཤེས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་

མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རྣམ་པར་ཤེས་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། །མིང་དང་གཟུགས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་མིང་དང་གཟུགས་ཉིད་ཀྱང་ཡང་དག་པར་

རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མྱིང་དང་གཟུགས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །སྐྱེ་མཆེད་དྲུག་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སྐྱེ་མཆེད་དྲུག་ཉིད་ཀྱང་ཡང་

དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྐྱེ་མཆེད་དྲུག་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །རེག་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རེག་པ་ཉིད་ཀྱང་ཡང་དག་པར་རྗེས་

སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རེག་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཚོར་བ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཚོར་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་

དག་པར་རྗེས་སུ་མ་མཐོང་ན། ཚོར་བ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །སྲེད་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སྲེད་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་

མ་མཐོང་ན། སྲེད་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ལེན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ལེན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ལེན་པ་

Vol. 14 · folio 108b

དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །སྲིད་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་སྦྱོར་མྱི་འབྱེད་དོ། །དེ་ནི་འདི་ལྟར་སྲིད་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྲིད་པ་དང་ཐམས་ཅད་མཁྱེན་

པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། །སྐྱེ་བ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སྐྱེ་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྐྱེ་བ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་

ལྟ་ག་ལ་ཡོད། །རྒ་ཤི་དང་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རྒ་ཤི་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རྒ་ཤི་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཤ་ར་དྭ་

ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་སྦྱོར་མྱི་འབྱེད་དོ། །དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་

མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མྱི་འབྱེད་དོ། །དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་

སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །བརྩོན་འགྲུས་ཀྱི་ཕ་

Vol. 14 · folio 109a

རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མྱི་འབྱེད་དོ། །དེ་ནི་འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། བརྩོན་འགྲུས་ཀྱི་ཕ་

རོལ་ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་

སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །

དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ནང་སྟོང་པ་ཉིད་དང་

ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ནང་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ནང་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ། འབྱེད་པ་ལྟ་ག་

ལ་ཡོད། །ཕྱི་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཕྱི་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཕྱི་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་

འམ་འབྱེད་པ་ལྟ་ག་ལ་ཡོད། །ཕྱི་ནང་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཕྱི་ནང་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཕྱི་ནང་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་

Vol. 14 · folio 109b

དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། སྟོང་པ་ཉིད་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྟོང་པ་ཉིད་སྟོང་པ་ཉིད་དང་ཐམས་ཅད་

མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཆེན་པོ་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཆེན་པོ་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཆེན་པོ་སྟོང་པ་ཉིད་

དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །དོན་དམ་པ་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་དོན་དམ་པ་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་

ན། དོན་དམ་པ་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །འདུས་བྱས་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་འདུས་བྱས་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ།

ཡང་དག་པར་རྗེས་སུ་མ་མཐོང་ན། འདུས་བྱས་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །འདུས་མ་བྱས་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་འདུས་མ་བྱས་སྟོང་པ་ཉིད་ཀྱང་ཡང་

དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། འདུས་མ་བྱས་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །མཐའ་ལས་འདས་པ་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་

ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མཐའ་ལས་འདས་པ་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་

Vol. 14 · folio 110a

ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་ཐམས་ཅད་

མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །དོར་བ་མེད་པ་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་སྦྱོར་མྱི་འབྱེད་དོ། །དེ་ནི་འདི་ལྟར་དོར་བ་མེད་པ་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། དོར་བ་མེད་

པ་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །རང་བཞིན་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་སྦྱོར་མྱི་འབྱེད་དེ། །དེ་ནི་འདི་ལྟར་རང་བཞིན་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་

སུ་མ་མཐོང་ན། རང་བཞིན་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཆོས་ཐམས་ཅད་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་

མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཆོས་ཐམས་ཅད་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །རང་གི་མཚན་ཉིད་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རང་གི་

མཚན་ཉིད་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རང་གི་མཚན་ཉིད་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །མྱི་དམྱིགས་པ་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་

ཉིད་དུ་མྱི་སྦྱོར་མྱི་འབྱེད་དོ། །དེ་ནི་འདི་ལྟར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མྱི་དམིགས་པ་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །

Vol. 14 · folio 110b

དངོས་པོ་མེད་པ་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། དངོས་པོ་མྱེད་པ་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་

པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ངོ་བོ་ཉིད་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ངོ་བོ་ཉིད་སྟོང་པ་

ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ།

ཡང་དག་པར་རྗེས་སུ་མ་མཐོང་ན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །དྲན་པ་ཉེ་བར་གཞག་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་དྲན་པ་ཉེ་བར་

གཞག་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། དྲན་པ་ཉེ་བར་གཞག་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཡང་དག་པར་སྤོང་བ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་

མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཡང་དག་པར་སྤོང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཡང་དག་པར་སྤོང་བ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །རྫུ་འཕྲུལ་

གྱི་རྐང་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་

Vol. 14 · folio 111a

བ་འམ་འབྱེད་པ་ལྟ་ག་ལ་ཡོད། །དབང་པོ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་དབང་པོ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། དབང་པོ་རྣམས་

དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །སྟོབས་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སྟོབས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྟོབས་

རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་

རྗེས་སུ་མ་མཐོང་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ལམ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ལམ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་

དག་པར་རྗེས་སུ་མ་མཐོང་ན། ལམ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །འཕགས་པའི་བདེན་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་འཕགས་པའི་བདེན་པ་ཉིད་ཀྱང་ཡང་དག་

པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། འཕགས་པའི་བདེན་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །བསམ་གཏན་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་

བསམ་གཏན་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། བསམ་གཏན་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཚད་མྱེད་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །

Vol. 14 · folio 111b

དེ་ནི་འདི་ལྟར་ཚད་མེད་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཚད་མེད་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་ཐམས་ཅད་

མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་གཟུགས་མེད་པའི་སྙོམས་པར་འཇུག་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་

དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། རྣམ་པར་ཐར་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རྣམ་པར་ཐར་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། །རྣམ་པར་ཐར་པ་རྣམས་དང་

ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་ཀྱང་ཡང་དག་པར་

རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་

འདི་ལྟར་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྟོང་པ་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །མཚན་མ་མེད་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་

ལྟར་མཚན་མ་མེད་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མཚན་མ་མེད་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །སྨོན་པ་མྱེད་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་སྦྱོར་མྱི་འབྱེད་དོ། །

Vol. 14 · folio 112a

དེ་ནི་འདི་ལྟར་སྨོན་པ་མེད་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྨོན་པ་མེད་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །མངོན་པར་ཤེས་པ་རྣམས་དང་

ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་མངོན་པར་ཤེས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མངོན་པར་ཤེས་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་

ཡོད། །ཏིང་ངེ་འཛིན་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་ཏིང་ངེ་འཛིན་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ཏིང་ངེ་འཛིན་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་

འབྱེད་པ་ལྟ་ག་ལ་ཡོད། །གཟུངས་ཀྱི་སྒོ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་གཟུངས་ཀྱི་སྒོ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། གཟུངས་ཀྱི་སྒོ་རྣམས་དང་ཐམས་ཅད་མཁྱེན་པ་

ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན།

དེ་བཞིན་གཤེགས་པའི་སྟོབས་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །མྱི་འཇིགས་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་མྱི་འཇིགས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ།

ཡང་དག་པར་རྗེས་སུ་མ་མཐོང་ན། མྱི་འཇིགས་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །སོ་སོ་ཡང་དག་པར་རིག་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སོ་སོ་ཡང་དག་པར་རིག་པ་ཉིད་

Vol. 14 · folio 112b

ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སོ་སོ་ཡང་དག་པར་རིག་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །བྱམས་པ་ཆེན་པོ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་

འདི་ལྟར་བྱམས་པ་ཆེན་པོ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། བྱམས་པ་ཆེན་པོ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །སྙིང་རྗེ་ཆེན་པོ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་

དོ། །དེ་ནི་འདི་ལྟར་སྙིང་རྗེ་ཆེན་པོ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྙིང་རྗེ་ཆེན་པོ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་

ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་

དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་དང་སངས་རྒྱས་སུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་སངས་རྒྱས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། ཐམས་ཅད་མཁྱེན་

པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སངས་རྒྱས་དང་ཐམས་ཅད་མཁྱེན་པ་ཉིད་དམ། ཐམས་ཅད་མཁྱེན་པ་ཉིད་དང་སངས་རྒྱས་སུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །བྱང་ཆུབ་དང་ཐམས་ཅད་མཁྱེན་པ་

Vol. 14 · folio 113a

ཉིད་དུ་མི་སྦྱོར་མི་འབྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་ཏུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་བྱང་ཆུབ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་། ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ།

ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་དམ། ཐམས་ཅད་མཁྱེན་པ་ཉིད་དང་བྱང་ཆུབ་ཏུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད་དེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་དངོས་པོ་མེད་ཅེས་བྱ་བར་

མི་སྦྱོར་རོ། །ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་

རོ། །འདུ་བྱེད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །མིག་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །མིག་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །

རྣ་བ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྣ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སྣ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལྕེ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ལྕེ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །

ལུས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ལུས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་དགོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་དངོས་པོ་མེད་ཅེས་བྱ་བར་

Vol. 14 · folio 113b

མི་སྦྱོར་རོ། །སྒྲ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སྒྲ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །དྲི་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །དྲི་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རོ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རོ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །

རེག་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རེག་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆོས་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཆོས་རྣམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །

མིག་གི་རྣམ་པར་ཤེས་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །

སྣའི་རྣམ་པར་ཤེས་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་རམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །

ལུས་ཀྱི་རྣམ་པར་ཤེས་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །

མྱིག་གི་འདུས་ཏེ་རེག་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་དངོས་པོ་མྱེད་ཅེས་བྱ་བར་མྱི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྦྱོར་རོ། །སྣའི་འདུས་ཏེ་

རེག་པ་དངོས་པོ་མྱེད་ཅེས་བྱ་བར་མྱི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་དངོས་པོ་མྱེད་ཅེས་བྱ་བར་མྱི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་དངོས་པོ་ཡོད་ཅེས་བྱ་བར་མྱི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་

Vol. 14 · folio 114a

དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་དངོས་པོ་མེད་ཅེས་བྱ་བར་མྱི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་ཡོད་ཅེས་བྱ་

བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །

སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་

པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སའི་ཁམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སའི་ཁམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་དངོས་པོ་ཡོད་

ཅེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་དངོས་པོ་

མེད་ཅེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་དངོས་པོ་མེད་

Vol. 14 · folio 114b

ཅེས་བྱ་བར་མི་སྦྱོར་རོ། །མ་རིག་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །མ་རིག་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་དངོས་པོ་ཡོད་ཅེས་བྱ་བར་

མི་སྦྱོར་རོ། །རྣམ་པར་ཤེས་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །མིང་དང་གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །མིང་དང་གཟུགས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་དངོས་པོ་

མེད་ཅེས་བྱ་བར་མི་སྦྱོར་རོ། །རེག་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རེག་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྲེད་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །

སྲེད་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལེན་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ལེན་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྲིད་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སྲིད་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་དངོས་པོ་ཡོད་ཅེས་བྱ་བར་མི་

སྦྱོར་རོ། །སྐྱེ་བ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྒ་ཤི་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྒ་ཤི་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་ཅེས་བྱ་བར་

མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་

ཅེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་

Vol. 14 · folio 115a

རོལ་ཏུ་ཕྱིན་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དགོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཤེས་བར་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་

སྦྱོར་རོ། །ནང་སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་དངོས་པོ་

མྱེད་ཅེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་

བར་མི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་བར་

མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་དངོས་པོ་

མེད་ཅེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་

པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་

Vol. 14 · folio 115b

པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། རང་གི་མཚན་ཉིད་སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །མི་དམིགས་པ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །མི་དམིགས་པ་

སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་

དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །

དྲན་པ་ཉེ་བར་གཞག་པ་རྣམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དངོས་པོ་ཡོད་ཅེས་བྱ་བར་

མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སྟོབས་

རྣམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལམ་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ལམ་རྣམས་དངོས་པོ་

མེད་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་དངོས་

Vol. 14 · folio 116a

པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚད་མེད་པ་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཚད་མེད་པ་རྣམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །

གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དངོས་པོ་མེད་ཅེས་བྱ་བར་མྱི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་

དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དངོས་པོ་མྱེད་ཅེས་བྱ་བར་མི་སྦྱོར་རོ། སྟོང་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་དངོས་པོ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །མཚན་མ་མེད་པ་དངོས་པོ་ཡོད་

ཅེས་བྱ་བར་མི་སྦྱོར་རོ། མཚན་མ་མེད་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྨོན་པ་མེད་པ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སྨོན་པ་མེད་པ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །མངོན་

པར་ཤེས་པ་རྣམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་

དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །མི་འཇིག་པ་བཞི་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །མི་འཇིགས་

པ་བཞི་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་

Vol. 14 · folio 116b

དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་

བརྒྱད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ལན་ཅིག་

ཕྱིར་འོང་བའི་འབྲས་བུ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་པ་

ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དངོས་པོ་མེད་ཅེས་བྱ་

བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་ཡོད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་མེད་ཅེས་བྱ་བར་མི་སྦྱོར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བརྒྱད་པ། །

ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་མི་རྟག་ཅེས་བྱ་

བར་མི་སྦྱོར་རོ། །འདུ་ཤེས་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་

Vol. 14 · folio 117a

མི་སྦྱོར་རོ། །མིག་རྟག་ཅེས་བྱ་བར་མི་སྦྱོར་རོ། །མིག་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྣ་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྣ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལྕེ་རྟག་ཅེས་

བྱ་བར་མི་སྦྱོར་རོ། །ལྕེ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལུས་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལུས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མི་རྟག་

ཅེས་བྱ་བར་མི་སྦྱོར་རོ། །སྒྲ་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྒྲ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །དྲི་རྟག་ཅེས་བྱ་བར་མི་སྦྱོར་རོ། །དྲི་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རོ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རོ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རེག་རྟག་ཅེས་བྱ་བར་མི་

སྦྱོར་རོ། །རེག་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཆོས་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཆོས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་རྣམ་པར་ཤེས་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་

ཤེས་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །

ལྕེའི་རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་མི་རྟག་

ཅེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་

Vol. 14 · folio 117b

རེག་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་བརྟག་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་

ཏེ་རེག་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་

ཚོར་བ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོ་བ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྣའི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་

ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སའི་ཁམས་རྟག་

ཅེས་བྱ་བར་མི་སྦྱོར་རོ། །སའི་ཁམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རླུང་གི་

ཁམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་

Vol. 14 · folio 118a

པའི་ཁམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །མ་རིག་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །མ་རིག་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་རྟག་

ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །མིང་དང་གཟུགས་རྟག་ཅེས་བྱ་བར་མི་སྦྱོར་རོ། །མིང་དང་གཟུགས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་གི་རྟག་ཅེས་བྱ་བར་མི་

སྦྱོར་རོ། །རེག་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རེག་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྲེད་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྲེད་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལེན་པ་རྟག་

ཅེས་བྱ་བར་མི་སྦྱོར་རོ། །ལེན་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྲིད་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྲིད་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྒ་ཤི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྒ་ཤི་མི་

རྟག་ཅེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་ཅེས་བྱ་བར་མི་

སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཤེས་བར་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཤེས་བར་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་

Vol. 14 · folio 118b

ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་

སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་

སྦྱོར་རོ། །དོམ་དམ་པ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་མི་

རྟག་ཅེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཐོགས་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་

རྟག་ཅེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་

ཅད་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །མི་དམིགས་པ་སྟོང་པ་ཉིད་རྟག་ཅེས་བྱ་བར་

མི་སྦྱོར་རོ། །མི་དམིགས་པ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་མི་རྟག་

Vol. 14 · folio 119a

ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་འདི་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་

རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་

རོ། །དབང་པོ་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་

ཡན་ལག་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་

བདེན་པ་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཚད་མེད་པ་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཚད་མེད་པ་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མེད་

པའི་སྙོམས་པར་འཇུག་པ་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །མཐར་གྱིས་གནས་

པའི་སྙོམས་པར་འཇུག་པ་དགུ་རྟག་ཅེས་བྱ་བར་མི་སྦྱོར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །མཚན་མ་མེད་པ་རྟག་ཅེས་བྱ་བར་མི་སྦྱོར་རོ།

Vol. 14 · folio 119b

མཚན་མ་མེད་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྨོན་པ་མེད་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྨོན་པ་མེད་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་

འཛིན་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། གཟུངས་ཀྱི་སྒོ་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རྟག་ཅེས་བྱ་བར་མི་སྦྱོར་

རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །མི་འཇིགས་པ་བཞི་རྟག་ཅེས་བྱ་བར་མི་སྦྱོར་རོ། །མི་འཇིགས་པ་བཞི་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་

པ་བཞི་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་རྟག་ཅེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་རྟག་ཅེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་

བརྒྱད་རྟག་ཅེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་

འབྲས་བུ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོག་བའི་འབྲས་བུ་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་

རོ། །དགྲ་བཅོམ་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །

Vol. 14 · folio 120a

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་

ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་བདེའི་ཞེས་བྱ་བར་མི་སྦྱོར་རོ། །

ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་བདེའོ་ཞེས་བྱ་བར་

མི་སྦྱོར་རོ། །རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །མྱིག་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །མྱིག་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བ་བདེའི་ཞེས་བྱ་བར་མི་སྦྱོར་རོ། །རྣ་བ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སྣ་བདེའི་ཞེས་བྱ་བར་མི་

སྦྱོར་རོ། །སྣ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ལྕེ་བདེའི་ཞེས་བྱ་བར་མི་སྦྱོར་རོ། །ལྕེ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ལུས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ལུས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་སྡུག་

བསྔལ་ལོ་ཞེས་བྱ་བ་མི་སྦྱོར་རོ། །གཟུགས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སྒྲ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྒྲ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །དྲི་བདེའི་ཞེས་བྱ་བར་མི་སྦྱོར་རོ། །དྲི་སྡུག་བསྔལ་ལོ་ཞེས་

བྱ་བར་མི་སྦྱོར་རོ། །རོ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རོ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རེག་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རེག་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཆོས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། ཆོས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །

Vol. 14 · folio 120b

མིག་གི་རྣམ་པར་ཤེས་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །མིག་གི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་

ཤེས་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་ནམ་པར་ཤེས་པ་བདེའོ་ཞེས་བྱ་བར་

མི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་

འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་སྡུག་བསྔལ་

ལོ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །

ཡིད་ཀྱི་འདུས་ཏེ་རེག་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་

བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེའོ་ཞེས་བྱ་བ་མི་སྦྱོར་རོ། །སྣའི་འདུས་ཏེ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words