ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ
Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 14 · folio 121a
རེག་པའི་རྐྱེན་ཀྱིས་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱི་ཚོར་བ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་
སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སའི་ཁམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་བདེའི་ཞེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་བདེའི་ཞེས་བྱ་
བར་མི་སྦྱོར་རོ། །མེའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་དང་། །རླུང་གི་ཁམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་སྡུག་བསྔལ་ལོ་
ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་བདེའི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །མ་རིག་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །མ་རིག་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་བདེའོ་ཞེས་
བྱ་བར་མི་སྦྱོར་རོ། །འདུ་བྱེད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །མིང་དང་གཟུགས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །མིང་དང་གཟུགས་སྡུག་བསྔལ་ལོ་ཞེས་བྱ་
བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རེག་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རེག་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་སྡུག་བསྔལ་ལོ་
Vol. 14 · folio 121b
ཞེས་བྱ་བར་མི་སྦྱོར་རོ། །སྲེད་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྲེད་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ལེན་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ལེན་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སྲིད་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྲིད་པ་སྡུག་བསྔལ་ལོ་ཞེས་
བྱ་བར་མི་སྦྱོར་རོ། །སྐྱེ་བ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རྒ་ཤི་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རྒ་ཤི་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་
རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །བཟོད་
པའི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་
ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སྟོང་པ་
ཉིད་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་
Vol. 14 · folio 122a
སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མྱི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་བདེའོ་ཞེས་བྱ་
བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མྱི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མྱི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བདེའོ་
ཞེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་བདེའོ་ཞེས་བྱ་བར་
མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །
རང་གི་མཚན་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །མྱི་དམིགས་པ་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །མྱི་དམིགས་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་
མེད་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མྱི་སྦྱོར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མྱེད་པའི་
ངོ་བོ་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་མྱི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཡང་དག་
Vol. 14 · folio 122b
པར་སྤོང་བ་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་སྡུག་བསྔལ་ལོ་
ཞེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །
འཕགས་པའི་ལམ་ཡན་ལག་བརྒྱད་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་སྡུག་བསྔལ་ལོ་
ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཚད་མེད་པ་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཚད་མེད་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་
མེད་པའི་སྙོམས་པར་འཇུག་པ་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་སྡུག་བསྔལ་ལོ་ཞེས་བྱ་བར་
མི་སྦྱོར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་
བྱ་བར་མི་སྦྱོར་རོ། །མཚན་མ་མེད་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །མཚན་མ་མེད་པ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སྨོན་པ་མེད་པ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྨོན་པ་མེད་པ་སྡུག་བསྔལ་ལོ་ཞེས་བྱ་བར་མྱི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་བདེའོ་
Vol. 14 · folio 123a
ཞེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་བདེའོ་ཞེས་བྱ་
བར་མྱི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །མི་འཇིགས་པ་རྣམས་བདེའོ་ཞེས་
བྱ་བར་མི་སྦྱོར་རོ། །མི་འཇིགས་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་བདེའོ་ཞེས་བྱ་བར་མི་
སྦྱོར་རོ། །བྱམས་པ་ཆེན་པོ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་བདེའོ་ཞེས་བྱ་བར་
མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །
དགྲ་བཅོམ་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་
Vol. 14 · folio 123b
བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །གཟུགས་བདག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་བདག་ཅེས་བྱ་
བར་མེ་སྦྱོར་རོ། །ཚོར་བ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་བདག་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་བདག་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་བདག་
ཅེས་བྱ་བར་མི་སྦྱོར་རོ། །རམ་པར་ཤེས་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །མིག་བདག་ཅེས་བྱ་བར་མི་སྦྱོར་རོ། །མིག་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བ་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སྣ་བདག་ཅེས་བྱ་བར་
མྱི་སྦྱོར་རོ། །སྣ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ལྕེ་བདག་ཅེས་བྱ་བར་མི་སྦྱོར་རོ། །ལྕེ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་བདག་ཅེས་བྱ་བར་མི་སྦྱོར་རོ། །ལུས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་བདག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་བདག་
མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སྒྲ་བདག་ཅེས་བྱ་བར་མི་སྦྱོར་རོ། །སྒྲ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །དྲི་བདག་ཅེས་བྱ་བར་མི་སྦྱོར་རོ། །དྲི་བདག་མེད་ཅེས་བྱ་བར་མི་
སྦྱོར་རོ། །རོ་བདག་ཅེས་བྱ་བར་མི་སྦྱོར་རོ། །རོ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རེག་བདག་ཅེས་བྱ་བར་མི་སྦྱོར་རོ། །རེག་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆོས་བདག་ཅེས་བྱ་བར་མི་སྦྱོར་རོ། །ཆོས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་རྣམ་
Vol. 14 · folio 124a
པར་ཤེས་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །
སྣའི་རྣམ་པར་ཤེས་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་བདག་
ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་བདག་མེད་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །
མིག་གི་འདུས་ཏེ་རེག་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་བདག་མེད་ཅེས་བྱ་
བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་
རེག་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་
ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་མེད་ཅེས་
Vol. 14 · folio 124b
བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་ཅེས་བྱ་བ་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་
རེག་པའི་རྐྱེན་ཀྱིས་ཚོར་བ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སའི་ཁམས་བདག་ཅེས་བྱ་བར་མི་སྦྱོར་རོ། །སའི་
ཁམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་བདག་ཅེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་བདག་ཅེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་བདག་ཅེས་བྱ་བར་མི་
སྦྱོར་རོ། །རླུང་གི་ཁམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་བདག་ཅེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་
བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །མ་རིག་པ་བདག་ཅེས་བྱ་བར་མི་སྦྱོར་རེ། །མ་རིག་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་བདག་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་
ཤེས་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །མིང་དང་གཟུགས་བདག་ཅེས་བྱ་བར་མི་སྦྱོར་རོ། །མིང་དང་གཟུགས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་བདག་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རེག་པ་བདག་ཅེས་
བྱ་བར་མི་སྦྱོར་རོ། །རེག་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་བདག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་བདག་ཅེས་མེད་ཅེས་བྱ་བར་མི་སྦྱོར་རོ། །སྲེད་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །སྲེད་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ལེན་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །
Vol. 14 · folio 125a
ལེན་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སྲིད་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །སྲིད་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་བདག་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྒ་ཤི་བདག་ཅེས་བྱ་བར་མི་སྦྱོར་རོ། །རྒ་ཤི་བདག་མེད་ཅེས་བྱ་བར་མི་
སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །
ནང་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་བདག་
མེད་ཅེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་བདག་མེ་ད་ཅེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །དོན་དམ་པ་སྟོང་
པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། འདུས་བྱས་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ།
Vol. 14 · folio 125b
འདུས་མ་བྱས་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་
ཐ་མ་མེད་པ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་བདག་མེད་
ཅེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་
སྦྱོར་རོ། །མི་དམིགས་པ་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །མི་དམིགས་པ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ངོ་བོ་
ཉིད་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་
གཞག་པ་རྣམས་བདག་ཅེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་བདག་ཅེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་
པ་རྣམས་བདག་ཅེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་བདག་ཅེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་བདག་ཅེས་བྱ་བར་མི་སྦྱོར་རོ། །སྟོབས་
Vol. 14 · folio 126a
རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བདག་ཅེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བདག་ཅེས་བྱ་བར་
མི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་བདག་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་བདག་ཅེས་བྱ་བར་
མི་སྦྱོར་རོ། །བསམ་གཏན་རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚད་མེད་པ་རྣམས་བདག་ཅེས་བྱ་བར་མི་སྦྱོར་རོ། །ཚད་མེད་པ་རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བདག་ཅེས་བྱ་བར་མི་སྦྱོར་
རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་
དགུ་བདག་ཅེས་བྱ་བར་མི་སྦྱོར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །མཚན་མ་མེད་པ་བདག་ཅེས་བྱ་བར་མི་
སྦྱོར་རོ། །མཚན་མ་མེད་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སྨོན་པ་མེད་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །སྨོན་པ་མེད་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་བདག་ཅེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་བདག་མེད་
ཅེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་བདག་ཅེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་བདག་ཅེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །དེ་བཞིན་
Vol. 14 · folio 126b
གཤེགས་པའི་སྟོབས་བཅུ་བདག་ཅེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །མི་འཇིགས་པ་བཞི་བདག་ཅེས་བྱ་བར་མི་སྦྱོར་རོ། །མི་འཇིགས་པ་བཞི་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །
སོ་སོ་ཡང་དག་པར་རིག་པ་བཞི་བདག་ཅེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་བདག་ཅེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་བདག་ཅེས་བྱ་བར་
མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བདག་ཅེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་བདག་ཅེས་བྱ་བར་མི་
སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་བདག་ཅེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་བདག་ཅེས་བྱ་བར་མི་སྦྱོར་རོ། །
ཕྱིར་མི་འོང་བའི་འབྲས་བུ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་བདག་ཅེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ལམ་
གྱི་རྣམ་པ་ཤེས་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཤ་ར་དྭ་
ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཞི་ཞེས་བྱ་བར་མི་
Vol. 14 · folio 127a
སྦྱོར་རོ། །གཟུགས་མ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །ཚོར་བ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་ཞི་ཞེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་ཞི་ཞེས་བྱ་བར་མྱི་སྦྱོར་
རོ། །འདུ་བྱེད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །མྱིག་ཞི་ཞེས་བྱ་བར་མི་སྦྱོར་རོ། །མྱིག་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣ་བ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣ་བ་མ་ཞི་ཞེས་བྱ་བར་
མི་སྦྱོར་རོ། །སྣ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །སྣ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལྕེ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལྕེ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །ལུས་མ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །ཡིད་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །ཡིད་མ་ཞི་ཞེས་བྱ་བར་
མྱི་སྦྱོར་རོ། །གཟུགས་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །སྒྲ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །སྒྲ་མ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །དྲི་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །དྲི་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རོ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །རོ་མ་ཞི་ཞེས་བྱ་བར་
མྱི་སྦྱོར་རོ། །རེག་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །རེག་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཆོས་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །ཆོས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །མིག་གི་རྣམ་པ་ཤེས་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །
རྣ་བའི་རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །
ལྕེའི་རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མྱི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་མྱི་
Vol. 14 · folio 127b
སྦྱོར་རོ། མིག་གི་འདུས་ཏེ་རེག་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པ་མེ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་ཞི་ཞེས་བྱ་
བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་མ་ཞི་
ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་ཞེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཞི་ཞེས་བྱ་
བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་
རྐྱེན་ཀྱིས་ཚོར་བ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལུས་
ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སའི་ཁམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །སའི་
ཁམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །རླུང་
Vol. 14 · folio 128a
གི་ཁམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་མ་ཞི་
ཞེས་བྱ་བར་མི་སྦྱོར་རོ། །མ་རིག་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །མ་རིག་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་ཞི་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་
མི་སྦྱོར་རོ། །མིང་དང་གཟུགས་ཞི་ཞེས་བྱ་བར་མི་སྦྱོར་རོ། །མིང་དང་གཟུགས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རེག་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རེག་པ་མ་ཞི་
ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྲིད་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྲིད་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལེན་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལེན་པ་མི་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྲིད་པ་ཞི་
ཞེས་བྱ་བར་མི་སྦྱོར་རོ། །སྲིད་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྒ་ཤི་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྒ་ཤི་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་
ཕྱིན་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
Vol. 14 · folio 128b
པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་ཞི་
ཞེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་
སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །
འདུས་བྱས་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་མ་
ཞི་ཞེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་
རོ། རང་བཞིན་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་
ཞི་ཞེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །མི་དམིགས་པ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །མི་དམིགས་པ་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །
Vol. 14 · folio 129a
དངོས་པོ་མེད་པ་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་
མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་པ་རྣམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་
པ་རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་
ཞི་ཞེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །
འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་
རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཚད་མེད་པ་རྣམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཚད་མེད་པ་རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་
རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞི་ཞེས་བྱ་བར་མི་སྦྱོར་རོ། །མཐར་གྱིས་གནས་པའི་
Vol. 14 · folio 129b
སྙོམས་པར་འཇུག་པ་དགུ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མ་ཞི་ཞེས་
བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་
ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཞི་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །མི་འཇིགས་པ་བཞི་ཞི་ཞེས་བྱ་བར་མི་
སྦྱོར་རོ། །མི་འཇིགས་པ་བཞི་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ཞི་ཞེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་ཞི་ཞེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་མ་ཞི་
ཞེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཞི་ཞེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །
རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་
བའི་འབྲས་བུ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་མ་ཞི་
Vol. 14 · folio 130a
ཞེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །གཟུགས་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མྱི་སྦྱོར་རོ། །འདུ་ཤེས་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་
བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །མིག་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རྣ་བ་སྟོང་ཞེས་བྱ་བའམ་མྱི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །སྣ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་
སྦྱོར་ཏོ། ལྕེ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མྱི་སྦྱོར་རོ། །ལུས་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཡིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །སྒྲ་
སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །དྲི་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རོ་སྟོང་ཞེས་བྱ་བ་འམ་མི་སྟོང་བྱ་བར་མི་སྦྱོར་རོ། །རེག་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཆོས་སྟོང་ཞེས་བྱ་བ་འམ་མི་
སྟོང་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱྟ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་
Vol. 14 · folio 130b
རོ། །ལྕེའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་
འདུས་ཏེ་རེག་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་སྟོང་ཞེས་
བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བ་
འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་
ཀྱིས་ཚོར་བ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །
སའི་ཁམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་
བར་མི་སྦྱོར་རོ། །ནམ་མཁའི་ཁམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །མ་རིག་པ་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་
Vol. 14 · folio 131a
སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མྱི་སྦྱོར་རོ། །མྱིང་དང་གཟུགས་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མྱི་སྦྱོར་རོ། །སྐྱེ་མཆེད་དྲུག་སྟོང་ཞེས་
བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རེག་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མྱི་སྦྱོར་རོ། །སྲེད་པ་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ལེན་པ་སྟོང་ཞེས་བྱ་བའམ་
མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །སྲིད་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མྱི་སྦྱོར་རོ། །སྐྱེ་བ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རྒ་ཤི་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་
འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མྱི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་འམ་མི་
སྟོང་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མྱི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་
མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མྱི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མྱི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་སྟོང་ཞེས་
བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མྱི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མྱི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་
Vol. 14 · folio 131b
སྦྱོར་རོ། མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །
རང་བཞིན་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །མི་དམིགས་པ་སྟོང་
པ་ཉིད་སྟེང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་
སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོང་ཞེས་བྱ་བ་
འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །
འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །
ཚད་མེད་པ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །མཐར་
Vol. 14 · folio 132a
ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །
མངོན་པར་ཤེས་པ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་
བཅུ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །མི་འཇིགས་པ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་སྟོང་ཞེས་བྱ་བ་འམ་མི་
སྟོང་ཞེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཐམས་ཅད་ཤས་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་
སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུས་ཤེས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མྱེད་ཅེས་བྱ་བར་མི་
Vol. 14 · folio 132b
སྦྱོར་རོ། །འདུ་བྱེད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །མིག་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བ་མཚན་
མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྣ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལྕེ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་
བར་མི་སྦྱོར་རོ། །ཡིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྒྲ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །དྲི་མཚན་མ་
ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རོ་མཚན་མ་ཡིད་ཅེས་བྱ་བའམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རེག་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆོས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་
སྦྱོར་རོ། །མིག་གི་རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བའམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པ་ཤེས་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་
མེད་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བའམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བ་
འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་མཚན་
Vol. 14 · folio 133a
མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་
བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ།
མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་
སྦྱོར་རོ། །སའི་ཁམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །
རླུང་གི་ཁམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་
མི་སྦྱོར་རོ། །མ་རིག་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །
Vol. 14 · folio 133b
མིང་དང་གཟུགས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རེག་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་
མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྲེད་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལེན་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྲིད་པ་མཚན་མ་ཡོད་ཅེས་བྱ་བ་
འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྒ་ཤི་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བ་འམ་
མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་
ཅེས་བྱ་བ་འམ། མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར། །ཕྱི་ནང་སྟོང་པ་ཉིད་མཚན་མ་
ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །དོན་དམ་པ་སྟོང་
Vol. 14 · folio 134a
པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་
འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །དོར་
བ་མེད་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་
མེད་ཅེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །མི་དམིགས་པ་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་
པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་
བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མཚན་མ་
ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མྱི་སྦྱོར་རོ། །སྟོབས་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་
Vol. 14 · folio 134b
མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་
བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚད་མེད་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མཚན་མ་ཡོད་ཅེས་
བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་
པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་
རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་
ཅེས་བྱ་བར་མི་སྦྱོར་རོ། །མི་འཇིགས་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་མཚན་
མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་
Vol. 14 · folio 135a
རོ། །ཐམས་ཅད་ཤེས་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་
བྱ་བར་མི་སྦྱོར་རོ། །འདུ་བྱེད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །མིག་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བ་
སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྣ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལྕེ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་
སྦྱོར་རོ། །ཡིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྒྲ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །དྲི་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་
མེད་ཅེས་བྱ་བར་མི་སྦྱོར་རོ། །རོ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རེག་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆོས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་རྣམ་པར་ཤེས་པ་
Vol. 14 · folio 135b
སྨོན་པ་ཡོད་ཅེས་བྱ་བའམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་
བ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་
འདུས་ཏེ་རེག་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །
ལྕེའི་འདུས་ཏེ་རེག་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་
རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་
སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་
བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སའི་ཁམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་
Vol. 14 · folio 136a
བར་མི་སྦྱོར་རོ། །མེའི་ཁམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་
པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །མ་རིག་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་
ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །མིང་དང་གཟུགས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་སྨོན་པ་ཡོད་ཅེས་བྱ་བ་འམ། སྨོན་པ་མེད་ཅེས་
བྱ་བར་མི་སྦྱོར་རོ། །རེག་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྲེད་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལེན་པ་
སྨོན་པ་ཡེད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྲིད་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྒ་ཤི་སྨོན་པ་ཡོད་ཅེས་བྱ་བ་འམ་
སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་
ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་
Vol. 14 · folio 136b
མེད་ཅེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་
སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་སྨོན་པ་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་
འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ། སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་སྨོན་
པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །
དོར་བ་མེད་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་
མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །མི་དམིགས་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་
འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་
Vol. 14 · folio 137a
རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་ཀྱི་རྐང་བ་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་
མེད་ཅེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མྱི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་
མེད་ཅེས་བྱ་བར་མི་སྦྱོར་རོ། །ལམ་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མྱི་སྦྱོར་རོ། །བསམ་གཏན་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་
སྨོན་པ་མེད་ཅེས་བྱ་བར་མྱི་སྦྱོར་རོ། །ཚད་མེད་པ་རྣམས་སྨོན་པ་ཡོད་ཅེས་བྱ་བའམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་
བརྒྱད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མྱི་སྦྱོར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་
པ་མེད་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུངས་
ཀྱི་སྒོ་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མྱེད་ཅེས་བྱ་བར་མྱི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །མྱི་འཇིགས་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མྱེད་ཅེས་བྱ་བར་མྱི་
Vol. 14 · folio 137b
སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་
བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྨོན་པ་ཡོད་
ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་སྨོན་པ་ཡོད་
ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཤ་ར་དྭ་ཏིའི་
བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྐྱེ་ཞེས་བྱ་བ་
འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བ་འམ་འགག་
ཅེས་བྱ་བར་མི་སྦྱོར་རོ། །མིག་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མྱི་སྦྱོར་རོ། །རྣ་བ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སྣ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ལྕེ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ལུས་སྐྱེ་ཞེས་
Vol. 14 · folio 138a
བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སྒྲ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །དྲི་སྐྱེ་
ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རོ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རེག་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཆོས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བ་
འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་
རོ། །ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་
བ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་
མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་ཞེས་བྱ་བ་འམ་
འགག་ཅེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མྱི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
Vol. 14 · folio 138b
ཚོར་བ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སའི་ཁམས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་སྐྱེ་ཞེས་བྱ་བ་འམ་
འགག་ཅེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་
ཁམས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །མ་རིག་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །མིང་
དང་གཟུགས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རེག་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སྲེད་
པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ལན་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སྲིད་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རྒ་ཤི་སྐྱེ་ཞེས་བྱ་བ་འམ་འགག་
ཅེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་
སྦྱོར་རོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་
Vol. 14 · folio 139a
སྦྱོར་རོ། །ནང་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མྱི་སྦྱོར་རོ། །སྟོང་པ་ཉིད་
སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་སྐྱེ་ཞེས་བྱ་བའམ་
འགག་ཅེས་བྱ་བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་
འགག་ཅེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་
སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མྱི་སྦྱོར་རོ། །
ངོ་བོ་ཉིད་སྟོང་པ་ཉིད་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཡང་དག་
པར་སྤོང་བ་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མྱི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་སྐྱེ་ཞེས་བྱ་བའམ་འགག་
Vol. 14 · folio 139b
ཅེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་
བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཚད་མེད་པ་རྣམས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་
སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།
སྨོན་པ་མེད་པ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་སྐྱེ་ཞེས་བྱ་བའམ་
འགག་ཅེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །མི་འཇིགས་པ་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྐྱེ་ཞེས་བྱ་བ་འམ་འགག་
ཅེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །
རྒྱུན་ཏུ་ཞུགས་པའི་འབྲས་བུ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་
Vol. 14 · folio 140a
པ་ཉིད་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མྱི་སྦྱོར་རོ། །རང་བྱང་ཆུབ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མྱི་སྦྱོར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །གཟུགས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་ད་ལྟར་བྱུང་པ་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་མ་འོངས་པ་ཞེས་བྱ་
བར་མི་སྦྱོར་རོ། །ཚོར་བ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །འདུ་ཤེས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་མ་
འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །རྣམ་པར་ཤེས་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །མིག་འདས་པ་
ཞེས་བྱ་བར་མི་སྦྱོར་རོ། །མིག་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །མིག་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སྣ་འདས་པ་
ཞེས་བྱ་བར་མི་སྦྱོར་རོ། །སྣ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །སྣ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ལྕེ་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །ལྕེ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ལྕེ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ལུས་འདས་པ་ཞེས་བྱ་
Vol. 14 · folio 140b
བར་མི་སྦྱོར་རོ། །ལུས་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །ལུས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་འདས་པ་
ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སྒྲ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སྒྲ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །སྒྲ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །དྲི་འདས་པ་
ཞེས་བྱ་བར་མི་སྦྱོར་རོ། །དྲི་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །དྲི་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རོ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རོ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རོ་ད་ལྟར་བྱུང་བ་ཞེས་བྱ་བར་རི་མ་སྦྱོར་རོ། །རེག་འདས་པ་ཞེས་བྱ་བར་མི་སྦྱོར་
རོ། །རེག་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རེག་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཆོས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ཆོས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ཆོས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་རྣམ་པར་ཤེས་པ་འདས་པ་
ཞེས་བྱ་བར་མི་སྦྱོར་རོ། །མིག་གི་རྣམ་པར་ཤེས་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །མིག་གི་རྣམ་པར་ཤེས་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་མ་འོངས་པ་ཞེས་བྱ་བར་
མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །སྣའི་རྣམ་པར་ཤེས་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་
རྣམ་པར་ཤེས་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་དེ་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་
Vol. 14 · folio 141a
མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །
ཡིད་ཀྱི་རྣམ་པར་ཤེས་པ་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་པ་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་པ་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །རྣ་བའི་
འདུས་ཏེ་རེག་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་
རེག་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པ་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་ད་ལྟར་
བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་འདས་
བཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་
པའི་རྐྱེན་ཀྱིས་ཚོར་བ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
Vol. 14 · folio 141b
ཚོར་བ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་འོངས་པ་
ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །
ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་
རེག་པའི་རྐྱེན་ཀྱིས་ཚོར་བ་ད་ལྟར་བྱུང་པ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་
རྐྱེན་ཀྱིས་ཚོར་བར་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སའི་ཁམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སའི་ཁམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །སའི་ཁམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་འདས་པ་ཞེས་བྱ་བར་མི་སྦྱོར་
རོ། །ཆུའི་ཁམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ཆུའི་ཁམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་ད་ལྟར་བྱུང་བ་ཞེས་བྱ་བར་
མི་སྦྱོར་རོ། །རླུང་གི་ཁམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་
Vol. 14 · folio 142a
མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་མ་འོངས་པ་ཞེས་བྱ་བར་མི་
སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །མ་རིག་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །མ་རིག་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །མ་རིག་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་འདས་པ་ཞེས་
བྱ་བར་མི་སྦྱོར་རོ། །འདུ་བྱེད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་ད་
ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །མྱིང་དང་གཟུགས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །མིང་དང་གཟུགས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །མིང་དང་གཟུགས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །
སྐྱེ་མཆེད་དྲུག་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རེག་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རེག་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རེག་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་འདས་པ་
ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སྲེད་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སྲེད་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །སྲེད་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །
ལེན་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ལེན་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ལེན་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སྲིད་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སྲིད་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །སྲིད་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་
Vol. 14 · folio 142b
སྦྱོར་རོ། །སྐྱེ་བ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རྒ་ཤི་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྒ་ཤི་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྒ་ཤི་ད་ལྟར་བྱུང་བ་ཞེས་བྱ་
བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདས་པ་ཞེས་
བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་
པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ད་ལྟར་བྱུང་བ་
ཞེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་འདས་པ་
ཞེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ཕྱི་སྟོང་པ་ཉིད་ད་ལྟར་
Vol. 14 · folio 143a
བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་
འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མྱི་
སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །འདུས་
བྱས་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །འདུས་མ་བྱས་
སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །
མཐའ་ལས་འདས་པ་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་
ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་འདས་
Vol. 14 · folio 143b
པ་ཞེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་མ་འོངས་པ་
ཞེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་
པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་
པ་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་
པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་ད་ལྟར་བྱུང་
བ་ཞེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་
Vol. 14 · folio 144a
འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །
དབང་པོ་རྣམས་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །དབང་པོ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །སྟོབས་རྣམས་ད་ལྟར་བྱུང་བ་ཞེས་བྱ་
བར་མྱི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་
བརྒྱད་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་འདས་པ་ཞེས་བྱ་
བར་མྱི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །བསམ་གཏན་རྣམས་མ་འོངས་པ་ཞེས་བྱ་བར་
མྱི་སྦྱོར་རོ། །བསམ་གཏན་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཚད་མྱེད་པ་རྣམས་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །ཚད་མྱེད་པ་རྣམས་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །ཚད་མེད་པ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །གཟུགས་
མེད་པའི་སྙོམས་པར་འཇུག་པ་རྣམས་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་འོངས་པ་ཞེས་བྱ་བར་མྱི་སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མྱི་སྦྱོར་རོ། །
Vol. 14 · folio 144b
རྣམ་པར་ཐར་པ་བརྒྱད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདས་པ་
ཞེས་བྱ་བར་མི་སྦྱོར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་
དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།
མཚན་མ་མེད་པ་དང་། སྨོན་པ་མེད་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །མངོན་པར་ཤེས་པ་རྣམས་ད་
ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་འདས་པ་ཞེས་
བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་
མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །མྱི་འཇིགས་པ་བཞི་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །མྱི་འཇིགས་པ་བཞི་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །མྱི་འཇིགས་པ་བཞི་
Vol. 14 · folio 145a
ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་འདས་པ་ཞེས་བྱ་བར་མྱི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ད་ལྟར་
བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །
སྙིང་རྗེ་ཆེན་པོ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །སྙིང་རྗེ་ཆེན་པོ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མ་འོངས་པ་ཞེས་
བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །
རྒྱུན་ཏུ་ཞུགས་པའི་འབྲས་བུ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ད་
ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་པ་ཉིད་
འདས་པ་ཞེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །དགྲ་བཅོམ་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རང་
Vol. 14 · folio 145b
བྱང་ཆུབ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའི་ཚེ། གཟུགས་བརྟན་ཞེས་བྱ་བ་
འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །འདུ་ཤེས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་
པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །མིག་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རྣ་བ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །སྣ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ལྕེ་
བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ལུས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཡིད་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་
རོ། །སྒྲ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །དྲི་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རོ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རེག་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །
Vol. 14 · folio 146a
ཆོས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །མིག་གི་རྣམ་པར་ཤེས་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །
སྣའི་རྣམ་པར་ཤེས་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་
རྣམ་པར་ཤེས་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །མིག་གི་འདུས་ཏེ་རེག་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །སྣའི་འདུས་ཏེ་
རེག་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་
རེག་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་
བར་མི་སྦྱོར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་
རྐྱེན་ཀྱིས་ཚོར་བ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །སའི་ཁམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །
Vol. 14 · folio 146b
ཆུའི་ཁམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །མེའི་ཁམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ནམ་མཁའི་ཁམས་བརྟན་ཞེས་བྱ་བ་འམ་
མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པའི་ཁམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །མ་རིག་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །འདུ་བྱེད་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །
རྣམ་པར་ཤེས་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །མྱིང་དང་གཟུགས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །སྐྱེ་མཆེད་དྲུག་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རེག་པ་བརྟན་ཞེས་བྱ་བ་
འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །སྲེད་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ལེན་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །སྲིད་པ་བརྟན་
ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །སྐྱེ་བ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རྒ་ཤི་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་
སྦྱོར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྟན་ཞེས་བྱ་བ་འམ་མི་
བརྟན་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ནང་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མི་
Vol. 14 · folio 147a
བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །ཕྱི་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །ཕྱི་ནང་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །སྟོང་པ་ཉིད་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་
མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །ཆེན་པོ་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་
བར་མྱི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་
ཞེས་བྱ་བར་མྱི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་
མྱི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །མྱི་དམིགས་པ་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་
མྱི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་
བར་མྱི་སྦྱོར་རོ། །ཡང་དག་པར་སྤོང་པ་རྣམས་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །དབང་པོ་རྣམས་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་
Vol. 14 · folio 147b
སྦྱོར་རོ། །སྟོབས་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་
མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཚད་མྱེད་པ་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །
གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བརྟན་ཞེས་བྱ་བ་
འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །མཚན་མ་མེད་པ་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །སྨོན་པ་མྱེད་པ་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །
མངོན་པར་ཤེས་པ་རྣམས་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་
པའི་སྟོབས་བཅུ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །མྱི་འཇིགས་པ་བཞི་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་
བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །སྙིང་རྗེ་ཆེན་པོ་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་
Vol. 14 · folio 148a
བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་
རོ། །དགྲ་བཅོམ་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རང་བྱང་ཆུབ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ།། །།ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡོད་ཅེས་བྱ་བ་འམ་མྱེད་ཅེས་བྱ་བར་མྱི་
སྦྱོར་མྱི་འབྱེད་དོ། །ཚོར་བ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །འདུ་ཤེས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །འདུ་བྱེད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རྣམ་པར་ཤེས་པ་ཡོད་ཅེས་བྱ་
པ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །མིག་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མྱི་འབྱེད་དོ། །རྣ་བ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །སྣ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །ལྕེ་ཡོད་
ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ལུས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཡིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །གཟུགས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །སྒྲ་
Vol. 14 · folio 148b
ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །དྲི་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རོ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རེག་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཆོས་ཡོད་ཅེས་བྱ་
བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཡོད་ཅེས་བྱ་བ་འམ་མྱེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །སྣའི་རྣམ་པར་ཤེས་པ་ཡོད་ཅེས་བྱ་བ་འམ།
མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །ལྕེའི་རྣམ་པར་ཤེས་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མི་འབྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་
བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །མིག་གི་འདུས་ཏེ་རེག་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མི་འབྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །སྣའི་འདུས་ཏེ་རེག་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་
སྦྱོར་མྱི་འབྱེད་དོ། །ལྕེའི་འདུས་ཏེ་རེག་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མྱི་འབྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མྱི་
འབྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མི་འབྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མྱི་འབྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words