ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 14 · folio 149a

མྱི་འབྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མི་འབྱེད་དོ། །སའི་ཁམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཆུའི་ཁམས་ཡོད་ཅེས་བྱ་བ་འམ་མེད་

ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །མྱེའི་ཁམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །རླུང་གི་ཁམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མྱི་འབྱེད་དོ། །ནམ་མཁའི་ཁམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །

རྣམ་པར་ཤེས་པའི་ཁམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །མ་རིག་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །འདུ་བྱེད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རྣམ་པར་ཤེས་པ་ཡོད་ཅེས་བྱ་བ་འམ་

མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །མྱིང་དང་གཟུགས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མི་འབྱེད་དོ། །སྐྱེ་མཆེད་དྲུག་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །རེག་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཚོར་བ་

ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །སྲེད་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ལེན་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །སྲིད་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །

སྐྱེ་བ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རྒ་ཤི་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་

ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །བསམ་གཏན་གྱི་ཕ་

Vol. 14 · folio 149b

རོལ་ཏུ་ཕྱིན་པ་ཡོད་ཅེས་བྱ་བ་འམ་མྱེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ནང་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཕྱི་སྟོང་པ་ཉིད་ཡོད་ཅེས་

བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཆེན་པོ་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་

མི་སྦྱོར་མི་འབྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །འདུས་བྱས་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་

མི་སྦྱོར་མི་འབྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །དོར་བ་མེད་པ་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་

སྦྱོར་མི་འབྱེད་དོ། །རང་བཞིན་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་

བར་མི་སྦྱོར་མི་འབྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་

སྦྱོར་མི་འབྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཡོད་ཅེས་བྱ་བ་འམ་མེད་

Vol. 14 · folio 150a

ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །དབང་པོ་རྣམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །སྟོབས་རྣམས་ཡོད་ཅེས་བྱ་

བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །འཕགས་པའི་བདེན་པ་

རྣམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །བསམ་གཏན་རྣམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཚད་མེད་པ་རྣམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །གཟུགས་མེད་པའི་སྙོམས་པར་

འཇུག་པ་རྣམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རྣམ་པར་ཐར་པ་བརྒྱད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་

འབྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །མངོན་པར་ཤེས་པ་རྣམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཏིང་ངེ་འཛིན་རྣམས་

ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །མི་འཇིགས་པ་བཞི་ཡོད་ཅེས་བྱ་བ་

འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །བྱམས་པ་ཆེན་པོ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །སྙིང་རྗེ་ཆེན་པོ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་

Vol. 14 · folio 150b

མི་སྦྱོར་མི་འབྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་ཅེས་བྱ་བ་

འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །དགྲ་བཅོམ་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རང་བྱང་ཆུབ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་

སྦྱོར་མི་འབྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྤྱོད་

ཅེས་བྱ་བར་མི་དམིགས་སོ། །མི་སྤྱོད་ཅེས་བྱ་བར་མི་དམིགས་སོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་མི་དམྱིགས་སོ། །སྤྱོད་པ་ཡང་མ་ཡིན། མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་མི་དམིགས་སོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་ཏུ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་

པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ནང་སྟོང་པ་ཉིད་

Vol. 14 · folio 151a

ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཕྱི་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྟོང་

པ་ཉིད་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །འདུས་བྱས་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རང་བཞིན་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་མི་སྤྱོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

མྱི་སྤྱོད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྐྱེ་བ་མེད་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །

འགག་པ་མེད་པ་སྟོང་པ་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཕྱིར་མི་ལྡོག་པའི་སའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སངས་

Vol. 14 · folio 151b

རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །

རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དབང་པོ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སྟོབས་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དོན་དུ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །འཕགས་པའི་བདེན་པ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །བསམ་གཏན་རྣམས་ཀྱི་དོན་དུ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཚད་མེད་པ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །རྣམ་པར་ཐར་པ་བརྒྱད་ཀྱི་དོན་དུ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་དོན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དོན་དུ། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །མངོན་པར་ཤེས་པ་རྣམས་ཀྱི་དོན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཏིང་ངེ་འཛིན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གཟུངས་ཀྱི་སྒོ་རྣམས་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་

སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་དོན་ཏུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །མི་འཇིགས་པ་བཞིའི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །སོ་སོ་ཡང་དག་པར་རིག་པ་བཞིའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་

Vol. 14 · folio 152a

སྤྱོད་དོ། །བྱམས་པ་ཆེན་པོའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །སྙིང་རྗེ་ཆེན་པོའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དོན་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་མི་སྤྱོད་དོ། །དེ་བཞིན་ཉིད་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཆོས་ཀྱི་དབྱིངས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཡང་དག་པའི་མཐའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཆོས་གང་ལ་ཡང་ཐ་དད་པ་འམ། བྱེ་བྲག་གམ། ཁྱད་པར་དུ་ལྟ་བ་མེད་དེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །དེ་ལྷའི་མིག་གི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ལྷའི་རྣ་བའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གཞན་གྱི་སེམས་ཤེས་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །སྔོན་གྱི་

གནས་རྗེས་སུ་དྲན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །རྫུ་འཕྲུལ་གྱི་རྣམ་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ཟག་པ་ཟད་པའི་ཡེ་ཤེས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན། བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས་ཏེ། རྣམ་པ་ཐམས་ཅད་དུ་ཐམས་ཅད་མངོན་པར་ཤེས་པ་དམིགས་པ་ལྟ་ག་ལས་འོངས། ཤ་ར་དྭ་

ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་

Vol. 14 · folio 152b

བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། བཀུར་སྟིར་བྱའོ། ཕུ་དུད་དུ་

བྱའོ། མཆོད་པར་བྱའོ་སྙམ་དུ་མི་སེམས་སོ། །བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་ཏེ། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་

བྱའོ། བཀུར་སྟིར་བྱའོ། ཕུ་དུད་དུ་བྱའོ། མཆོད་པར་བྱའོ། སྙམ་དུ་མི་སེམས་སོ། །བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་ཏེ། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་

གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། བཀུར་སྟིར་བྱའོ། ཕུ་དུད་དུ་བྱའོ། མཆོད་པར་བྱའོ་སྙམ་དུ་མི་སེམས་སོ། །བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་ཏེ། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་

བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། བཀུར་སྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ་སྙམ་དུ་མྱི་སེམས་སོ། །བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་ཏེ། བྱང་

ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། བཀུར་སྟིར་བྱའོ། ཕུ་དུད་དུ་བྱའོ། མཆོད་པར་བྱའོ་སྙམ་དུ་མི་སེམས་སོ། །

བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་ཏེ། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། བཀུར་སྟིར་བྱའོ།

Vol. 14 · folio 153a

ཕུ་དུད་དུ་བྱའོ། མཆོད་པར་བྱའོ་སྙམ་དུ་མི་སེམས་སོ། །བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་ཏེ། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་

ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། བཀུར་སྟིར་བྱའོ། ཕུ་དུད་དུ་བྱའོ། མཆོད་པར་བྱའོ་སྙམ་དུ་མི་སེམས་སོ། །བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་ཏེ། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་

གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། བཀུར་སྟིར་བྱའོ། ཕུ་དུད་དུ་བྱའོ། མཆོད་པར་བྱའོ་སྙམ་དུ་མི་སེམས་སོ། །བདག་གིས་རྫུ་འཕྲུལ་གྱི་

རྐང་པ་རྣམས་ལ་གནས་ཏེ། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ། བཀུར་སྟིར་བྱའོ། ཕུ་དུད་དུ་བྱའོ། མཆོད་པར་

བྱའོ་སྙམ་དུ་མི་སེམས་སོ། །བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་ཏེ། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ལ་རིམ་གྲོར་བྱའོ།

བཀུར་སྟིར་བྱའོ། ཕུ་དུད་དུ་བྱའོ། མཆོད་པར་བྱའོ། སྙམ་དུ་མི་སེམས་སོ། །དེ་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གང་ཇི་སྟོན་པ། དེ་དག་ཐམས་ཅད་ལྷའི་རྣ་བས་མཉན་པར་བྱའོ། །འཇིག་རྟེན་གྱི་ཁམས་དེ་དག་གི་སེམས་ཅན་རྣམས་

ཀྱི་སེམས་སེམས་ཀྱིས་ཤེས་པར་བྱའོ། །དེ་དག་གི་སྔོན་གྱི་གནས་བདག་གིས་རྗེས་སུ་དྲན་པར་བྱའོ། །ལྷའི་མིག་གིས་སེམས་ཅན་དེ་དག་འཆི་འཕོ་བ་དང་། སྐྱེ་བ་དང་། སྐྱེས་པར་གྱུར་པ་རྣམས་བདག་གིས་མཐོང་བར་བྱའོ། །སེམས་ཅན་གྲངས་མེད་

Vol. 14 · folio 153b

ཚད་མེད་པ་དག་བདག་གིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་དུ་མི་སེམས་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདུད་གླགས་ཚོལ་ཞིང་ཉམས་སྐྱོད་པ་རྣམས་ཀྱིས་ཀྱང་གླགས་མི་རྙེད་དེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་

དག་ཐམས་ཅད་ཀྱང་ལྷུན་བྱིས་གྲུབ་པ་དང་། ཡོངས་སུ་བརྟག་པ་མེད་པར་མཐུན་པར་འགྲུབ་བོ། །འཇིག་རྟེན་པའི་ཉོན་མོངས་པ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་བསྩལ་བར་འགྱུར་རོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་

ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྷུང་དུ་འོང་ངོ་། །ཞེས་ཡོངས་སུ་བསྲུང་བ་མཛད་

དོ། །རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་།

ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་

མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་། ཞེས་ཡོངས་སུ་བསྲུང་བ་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་ཏུ་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་།

Vol. 14 · folio 154a

ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །

ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྷུང་

དུ་འོང་ངོ་། ཞེས་ཡོངས་སུ་བསྲུང་བ་མཛད་དོ། །རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་།

ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་།

འབྲས་བུ་ཆེ་བ་དང་། མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་། ཞེས་ཡོངས་སུ་བསྲུང་བ་བྱེད་དོ། །དེ་ལ་

ལུས་ཀྱི་སྐྱོན་ཏུ་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་། ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་

པའི་ཕྱིར་རོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་

Vol. 14 · folio 154b

ལྷུང་དུ་འོང་ངོ་། ཞེས་ཡོངས་སུ་བསྲུང་བ་མཛད་དོ། །རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་

ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་།

མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་། ཞེས་ཡོངས་སུ་བསྲུང་བ་བྱེད་དོ། །དེ་ལ་ལུས་ཀྱི་

སྐྱོན་ཏུ་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་། ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་

ཕྱིར་རོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྷུང་དུ་

འོང་ངོ་། ཞེས་ཡོངས་སུ་བསྲུང་བ་མཛད་དོ། །རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་ལྷ་ཉེ་ཕན་དང་།

ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མྱི་ཆེ་བ་དང་།

Vol. 14 · folio 155a

མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་བསྲུང་བ་བྱེད་དོ། །དེ་ལ་ལུས་ཀྱི་

སྐྱོན་དུ་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །

བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་

སར་ལྷུང་དུ་འོང་ངོ་། ཞེས་ཡོངས་སུ་བསྲུང་བ་མཛད་དོ། །རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་

ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མྱེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བ་

དང་། མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་། ཞེས་ཡོངས་སུ་བསྲུང་བ་བྱེད་དོ། །དེ་ལ་ལུས་ཀྱི་

སྐྱོན་དུ་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་། ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །

Vol. 14 · folio 155b

ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་

ལྷུང་དུ་འོང་ངོ་། ཞེས་ཡོངས་སུ་བསྲུང་བ་མཛད་དོ། །རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་ལྷ་

ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མྱེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མྱི་

ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་བསྲུང་བ་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་ཏུ་བྱ་བ་གང་ཇི་

སྙེད་ཅིག་ཡོད་པ་དེ་དག་ཀྱང་། ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་

ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྷུང་དུ་འོང་ངོ་ཞེས་ཡོངས་སུ་བསྲུང་བ་

མཛད་དོ། །རྒྱལ་པོ་ཆེན་པོ་བཞི་དང་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་

Vol. 14 · folio 156a

ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མྱི་ཆེ་བ་དང་། མྱི་

གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་བསྲུང་བ་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་ཏུ་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་

དེ་དག་ཀྱང་། ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ལ། བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་

འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྷུང་དུ་འོང་ངོ་ཞེས་ཡོངས་སུ་བསྲུང་བ་མཛད་

དོ། །རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་

ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མྱེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་

དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་བསྲུང་བ་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་དུ་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། ཚེ་འདི་

Vol. 14 · folio 156b

ཉིད་ལ་ཐམས་ཅད་དུ་ཐམས་ཅད་མྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་

ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྷུང་དུ་འོང་ངོ་ཞེས་ཡོངས་སུ་བསྲུང་བ་མཛད་དོ། །

རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་

དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་

ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་། །ཞེས་ཡོངས་སུ་བསྲུང་བ་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་ཏུ་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་། ཚེ་འདི་ཉིད་ལ་

ཐམས་ཅད་དུ་ཐམས་ཅད་མྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་

སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་པ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྷུང་དུ་འོང་ངོ་། ཞེས་ཡོངས་སུ་བསྲུང་བ་མཛད་དོ། །རྒྱལ་པོ་ཆེན་

Vol. 14 · folio 157a

པོ་བཞི་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་

དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བ་དང་། མྱི་ཆེ་བ་དང་། མྱི་གདུང་བ་དང་།

ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། ལ་ལ་ཞིག་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་ཞེས་ཡོངས་སུ་བསྲུང་བ་བྱེད་དོ། །དེ་ལ་ལུས་ཀྱི་སྐྱོན་ཏུ་བྱ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་

ཀྱང་ཚེ་འདི་ཉིད་ལ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་

སྒོ་དང་། སྤོབས་པ་དང་། སོ་སོ་ཡང་དག་པར་རིག་པའི་སྒོ་དག་ཀྱང་ཚེགས་མྱི་ཆེ་བར་མངོན་དུ་འགྱུར་རོ། །སྐྱེ་བའི་སྐྱེ་མཆེད་ཐམས་ཅད་དུ་ཡང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་

འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། ནམ་ཡང་འབྲལ་བར་མྱི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་

Vol. 14 · folio 157b

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་ཆོས་གང་ལ་ལ་ཆོས་རྣམས་དང་འདུ་བ་འམ། འབྲལ་བར་འགྱུར་བ་འམ། འཕྲད་པ་འམ། མི་འཕྲད་པར་འགྱུར་བ་དེ་ལྟ་བུ་ཡོད་དམ་ཞེས་བྱ་བར་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་

དེས་ཆོས་གང་འདུ་བ་འམ། འབྲལ་བར་འགྱུར་བ་འམ། འཕྲད་པ་འམ་མི་འཕྲད་པར་འགྱུར་བ་དེ་ལྟ་བུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་བདག་གིས་ཆོས་ཀྱི་དབྱིངས་མངོན་པར་སངས་རྒྱས་པར་འགྱུར་རམ། འོན་ཏམ་མྱི་འགྱུར་ཞེས་བྱ་བར་མི་

སེམས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་མངོན་པར་སངས་རྒྱས་པ་མྱེད་དོ། །མངོན་པར་འཚང་རྒྱ་བ་མེད་དོ། །མངོན་པར་འཚང་རྒྱ་བར་འགྱུར་བ་མྱེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་

སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་ཆོས་ཀྱི་དབྱིངས་དང་། ཐ་དད་པར་ཡང་དག་པར་

རྗེས་སུ་མི་མཐོང་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཀྱི་དབྱིངས་དང་། ཆོས་རྣམས་སུ་བྱེ་བྲག་ཏུ་བྱ་བ་མྱི་བྱེད་དེ། ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་

Vol. 14 · folio 158a

དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པར་འགྱུར་རམ། འོན་ཏམ་ཁོང་དུ་ཆུད་པར་མི་འགྱུར་ཞེས་བྱ་བར་མྱི་

སེམས་ཏེ། དེ་ནི་འདི་ལྟར་དེས་ཆོས་གང་གིས་ཆོས་གང་ཁོང་དུ་ཆུད་པར་བྱ་བ་དེ་ལྟ་བུའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བ་མྱེད་དོ། །དེ་ཡང་འདི་ལྟར་དེ་ནི་ཆོས་ཀྱི་དབྱིངས་སྟོང་ཞེས་བྱ་བར་མི་སྦྱོར། མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཤ་ར་དྭ་

ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་

དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་གཟུགས་སུ་མྱི་སྦྱོར་རོ། །ཚོར་བ་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་ཚོར་བར་མྱི་སྦྱོར་རོ། །འདུ་ཤེས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་འདུ་ཤེས་སུ་མྱི་སྦྱོར་རོ། །འདུ་བྱེད་དང་སྟོང་པ་ཉིད་དུ་མྱི་སྦྱོར།

སྟོང་པ་ཉིད་དང་འདུ་བྱེད་དུ་མྱི་སྦྱོར་རོ། །རྣམ་པར་ཤེས་པ་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་རྣམ་པར་ཤེས་པར་མྱི་སྦྱོར་རོ། །མྱིག་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་མྱིག་ཏུ་མྱི་སྦྱོར་རོ། །རྣ་བ་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་

རྣ་བར་མྱི་སྦྱོར་རོ། །སྣ་དང་སྟོང་པ་ཉིད་དུ་མྱི་སྦྱོར །སྟོང་པ་ཉིད་དང་སྣར་མྱི་སྦྱོར་རོ། །ལྕེ་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་ལྕེར་མྱི་སྦྱོར་རོ། །ལུས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་ལུས་སུ་མྱི་སྦྱོར་རོ། །ཡིད་དང་སྟོང་པ་ཉིད་དུ་མྱི་སྦྱོར།

སྟོང་པ་ཉིད་དང་ཡིད་དུ་མྱི་སྦྱོར་རོ། །གཟུགས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་གཟུགས་སུ་མྱི་སྦྱོར་རོ། །སྒྲ་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་སྒྲར་མི་སྦྱོར་རོ། །དྲི་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་དྲིར་མྱི་སྦྱོར་རོ། །རོ་དང་སྟོང་

Vol. 14 · folio 158b

པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་རོར་མི་སྦྱོར་རོ། །རེག་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་རེག་ཏུ་མི་སྦྱོར་རོ། །ཆོས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་ཆོས་སུ་མྱི་སྦྱོར་རོ། །མྱིག་གི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་

མྱིག་གི་ཁམས་སུ་མྱི་སྦྱོར་རོ། །གཟུགས་ཀྱི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་གཟུགས་ཀྱི་ཁམས་སུ་མྱི་སྦྱོར་རོ། །མྱིག་གི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་མྱིག་གི་རྣམ་པར་ཤེས་པའི་ཁམས་སུ་མྱི་

སྦྱོར་རོ། །རྣ་བའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་རྣ་བའི་ཁམས་སུ་མི་སྦྱོར་རོ། །སྒྲའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་སྒྲའི་ཁམས་སུ་མི་སྦྱོར་རོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར།

སྟོང་པ་ཉིད་དང་རྣ་བའི་རྣམ་པར་ཤེས་པའི་ཁམས་སུ་མྱི་སྦྱོར་རོ། །སྣའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་སྣའི་ཁམས་སུ་མི་སྦྱོར་རོ། །དྲིའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་དྲིའི་ཁམས་སུ་མྱི་སྦྱོར་རོ། །སྣའི་རྣམ་

པར་ཤེས་པའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། །སྟོང་པ་ཉིད་དང་སྣའི་རྣམ་པར་ཤེས་པའི་ཁམས་སུ་མི་སྦྱོར་རོ། །ལྕེའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་ལྕེའི་ཁམས་སུ་མྱི་སྦྱོར་རོ། །རོའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། །སྟོང་པ་

ཉིད་དང་རོའི་ཁམས་སུ་མྱི་སྦྱོར་རོ། །ལྕེའི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་ལྕེའི་རྣམ་པར་ཤེས་པའི་ཁམས་སུ་མི་སྦྱོར་རོ། །ལུས་ཀྱི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་ལུས་ཀྱི་ཁམས་སུ་མྱི་སྦྱོར་རོ། །

རེག་བྱའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་རེག་བྱའི་ཁམས་སུ་མྱི་སྦྱོར་རོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་ཉིད་དུ་མི་སྦྱོར། སྟོང་པ་ཉིད་དང་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མྱི་སྦྱོར་རོ། །ཡིད་ཀྱི་ཁམས་དང་སྟོང་

Vol. 14 · folio 159a

པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་ཡིད་ཀྱི་ཁམས་སུ་མྱི་སྦྱོར་རོ། །ཆོས་ཀྱི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་པ་ཉིད་དང་ཆོས་ཀྱི་ཁམས་སུ་མྱི་སྦྱོར་རོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་སྟོང་པ་ཉིད་དུ་མྱི་སྦྱོར། སྟོང་

པ་ཉིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མྱི་སྦྱོར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་འདི་ནི་རྣལ་འབྱོར་དམ་པ་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྟོང་པ་ཉིད་ལ་སྤྱོད་པ་ནི། ཉན་

ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ་། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་མྱུར་ཏུ་མངོན་པར་འཚང་རྒྱའོ། །ཤ་ར་

དྭ་ཏིའི་བུ། རྣལ་འབྱོར་དུ་བྱ་བ་གང་ཅི་ཡང་རུང་སྟེ། དེ་དག་གི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ནི། རབ་ཅེས་བྱ། མཆོག་ཅེས་བྱ། དམ་པ་ཞེས་བྱ། ཕུལ་ཞེས་བྱ། གཙོ་བོ་ཞེས་བྱ། གྱ་ནོམ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ནི་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་རྣལ་འབྱོར་ཏེ། བླ་ན་མྱེད་པའི་རྣལ་འབྱོར་ཏོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུང་བསྟན་པ་ཞེས་བྱ་བ་སྟེ། བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཚད་མྱེད་གྲངས་མྱེད་པའི་དོན་བྱེད་ཀྱང་། དེ་འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་

པ་ཡིན་ནམ་ཞེ་འམ། བརྩོན་པ་མ་ཡིན་ནོ་ཞེས་བྱ་བར་མི་སེམས་སོ། །བདག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལུང་སྟོན་པ་མཛད་དོ། །བདག་ནི་ལུང་བསྟན་པ་ལ་ཉེ་བར་གྱུར་ཏོ། །བདག་གིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱའོ། །བདག་

Vol. 14 · folio 159b

གིས་ནི་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱའོ། །བདག་གིས་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཀྱི་དབྱིངས་

ལ་བྱེ་བྲག་ཏུ་འབྱེད་པ་མྱེད་དེ། དེ་ནི་ཆོས་ཀྱི་དབྱིངས་ལས་ཆོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འམ། གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལུང་བསྟན་པར་བྱ་བ་འམ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་

འཚང་རྒྱ་བ། དེ་ལྟ་བུའི་ཆོས་གཞན་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གྱི་འདུ་ཤེས་མྱི་སྐྱེའོ། །བདག་གི་འདུ་ཤེས་མྱི་སྐྱེའོ། །སྲོག་གི་

འདུ་ཤེས་མྱི་སྐྱེའོ། །འགྲོ་བའི་འདུ་ཤེས་མྱི་སྐྱེའོ། །གསོ་བའི་འདུ་ཤེས་མྱི་སྐྱེའོ། །སྐྱེས་བུའི་འདུ་ཤིས་མྱི་སྐྱེའོ། །གང་ཟག་གི་འདུ་ཤེས་མི་སྐྱེའོ། །ཤེད་ཅན་གྱི་འདུ་ཤེས་མྱི་སྐྱེའོ། །ཤེད་བདག་གི་འདུ་ཤེས་མྱི་སྐྱེའོ། །བྱེད་པ་པོའི་འདུ་ཤེས་མྱི་སྐྱེའོ། །ཚོར་བ་

པོའི་འདུ་ཤེས་མྱི་སྐྱེའོ། །ཤེས་པ་པོའི་འདུ་ཤེས་མི་སྐྱེའོ། །མཐོང་བ་པོའི་འདུ་ཤེས་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་ཅན་ཤིན་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་ཏེ། སེམས་ཅན་ལ་ནི་སྐྱེ་བ་དང་འགག་པ་མེད་དོ། །གང་ལ་སྐྱེ་

བ་དང་འགག་པ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་ཇི་ལྟར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་སྐྱེ་བ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན།

སེམས་ཅན་སྟོང་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་དབེན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་རང་བཞིན་

Vol. 14 · folio 160a

མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་ངོ་བོ་ཉིད་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་

འབྱོར་དམ་པ་སྟེ། འདི་ལྟར་སྟོང་པ་ཉིད་ཀྱི་རྣལ་འབྱོར་ཏོ། །ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣལ་འབྱོར་ཏེ། དེས་དེ་མ་ཡིན་པའི་རྣལ་འབྱོར་རྣམས་ཟིལ་གྱིས་མནན་ཏེ་གནས་

སོ། །ཤ་ར་དྭ་ཏིའི་བུ་རྣལ་འབྱོར་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་མངོན་པར་སྒྲུབ་བོ། །མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་།

སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མངོན་པར་སྒྲུབ་བོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣལ་འབྱོར་འདི་ལ་སྤྱོད་པ་ནི། སེར་སྣའི་སེམས་མི་སྐྱེད་དོ། །ཚུལ་ཁྲིམས་ངན་པའི་སེམས་དང་

གནོད་པར་སེམས་པའི་སེམས་དང་། ལེ་ལོའི་སེམས་དང་། འཁྲུག་པའི་སེམས་དང་། ཤེས་རབ་འཆལ་བའི་སེམས་མི་སྐྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་སྤྱོད་པ་དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས། འདི་ནས་ཤི་འཕོས་ནས་ནི་གང་དུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་

ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདིས་རྣམ་པར་སྤྱོད་པ་དེ་ནི། སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་འམ། དགའ་ལྡན་གྱི་ལྷའི་རིས་དང་མྱིའི་ནང་ནས་ཤི་

Vol. 14 · folio 160b

འཕོས་ཏེ་འདིར་སྐྱེས་པར་ཤེས་པར་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་རྣལ་འབྱོར་མྱུར་དུ་འགྲུབ་པ་

སྟེ། ཚེ་རབས་འདི་འདས་ནས་ཀྱང་ཆོས་ཟབ་མོ་འདི་དག་དེ་ལ་མངོན་ཏུ་འགྱུར་རོ། །དེ་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་མཉམ་པར་གཞོག་གོ །སངས་རྒྱས་ཀྱི་ཞིང་གང་དང་གང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་རྣམས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་ཡང་སྐྱེ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་བསྙེན་བཀུར་བྱེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་

ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་། དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེ་ཡང་དབང་པོ་རྣོ་བར་འགྱུར་རོ། །དེ་ནི་ཚེ་གཅིག་གིས་ཐོགས་པ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཉམས་པ་མེད་པའོ། །གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་གྱི་སྒོ་ཐམས་

ཅད་ཀྱང་དེར་མ་འདུས་པ་མེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མིའི་ནང་ནས་ཤི་འཕོས་ནས། མྱི་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་གཏོགས་པར་

དབང་པོ་རྟུལ་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་ཡང་མྱུར་དུ་མཉམ་པར་གཞོག་པ་མ་ཡིན་ནོ། །དེ་ལ་གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མྱུར་དུ་མངོན་ཏུ་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ། གང་ཁྱོད་ཀྱིས་དེ་སྐད་དུ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་འདི་ལ་སྙོམས་པར་འཇུག་པ་དེ། འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་བར་འགྱུར། ཞེས་སྨྲས་པ་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ།

Vol. 14 · folio 161a

སངས་རྒྱས་ཀྱི་ཞིང་འདི་ནས་ཤི་འཕོས་ནས་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་། འཚོ་སྐྱོང་བའི་སངས་རྒྱས་ཀྱི་ཞིང་དེ་ནས་དེར་འགྲོ་སྟེ། ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་དུ་ནམ་

ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་མི་འགྱུར་རོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་ལ་མཁས་པའི་སྟོབས་

ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཀྱང་དེས་ང་རྒྱལ་དུ་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་དག །བསམ་གཏན་དང་པོ་ལ་ཡང་མཉམ་པར་གཞོག །བསམ་གཏན་གཉིས་པ་ལ་ཡང་མཉམ་

པར་གཞོག །བསམ་གཏན་གསུམ་པ་ལ་ཡང་མཉམ་པར་གཞོག །བསམ་གཏན་བཞི་པ་ལ་ཡང་མཉམ་པར་གཞོག་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་སྤྱོད་དེ། དེ་དག་བསམ་གཏན་ཐོབ་པས་ལྷ་ཚེ་རིང་པོའི་ནང་དུ་སྐྱེས་ཤིང་། གལ་ཏེ་མིའི་ནང་དུ་སྐྱེ་བ་ཐོབ་ནས།

སངས་རྒྱས་བཅོམ་ལྡན་འདས་དག་ལ་བསྙེན་བཀུར་བྱེད་ན་ཡང་། དེ་དག་དབང་པོ་རྟུལ་ཞིང་དབང་པོ་མྱི་རྣོ་བ་ཡང་ཡོད་དོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་ཡང་མཉམ་པར་གཞོག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་ཡང་སྤྱོད་དེ། དེ་དག་ཐབས་ལ་མི་མཁས་པས། བསམ་གཏན་རྣམས་སྤངས་ནས་ཕྱིར་འདོད་པའི་ཁམས་སུ་སྐྱེ་བ་ཡང་ཡོད་དེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་དབང་པོ་རྟུལ་བ་ཡིན་ཏེ། དབང་པོ་རྣོ་བ་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་

འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་པོ་ལ་ཡང་སྙོམས་པར་འཇུག །བསམ་གཏན་གཉིས་པ་ལ་ཡང་སྙོམས་པར་འཇུག །བསམ་གཏན་གསུམ་པ་ལ་ཡང་སྙོམས་པར་འཇུག །བསམ་གཏན་བཞི་པ་ལ་ཡང་སྙོམས་པར་འཇུག །

Vol. 14 · folio 161b

བྱམས་པ་ལ་ཡང་སྙོམས་པར་འཇུག །སྙིང་རྗེ་ལ་ཡང་སྙོམས་པར་འཇུག །དགའ་བ་ལ་ཡང་སྙོམས་པར་འཇུག །བཏང་སྙོམས་ལ་ཡང་སྙོམས་པར་འཇུག །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་

ལ་ཡང་སྙོམས་པར་འཇུག །ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །དྲན་པ་ཉེ་བར་གཞག་པ་བཞི་ལ་ཡང་སྙོམས་པར་འཇུག །ཡང་དག་པར་སྤོང་བ་བཞི་ལ་ཡང་སྙོམས་པར་

འཇུག །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་སྙོམས་པར་འཇུག །དབང་པོ་ལྔ་ལ་ཡང་སྙོམས་པར་འཇུག །སྟོབས་ལྔ་ལ་ཡང་སྙོམས་པར་འཇུག །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ཡང་སྙོམས་པར་འཇུག །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་སྙོམས་པར་

འཇུག །སྙིང་རྗེ་ཆེན་པོ་ལ་ཡང་སྙོམས་པར་འཇུག་སྟེ། སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་དག་ཐབས་མཁས་པས། བསམ་གཏན་གྱི་དབང་གིས་མི་སྐྱེ། ཚངས་པའི་རྣམ་པར་སྤྱོད་པའི་དབང་གིས་མི་སྐྱེ། གཟུགས་མེད་པའི་སྙོམས་པར་འཇུག་པའི་དབང་གིས་མི་སྐྱེ་སྟེ།

སངས་རྒྱས་བཅོམ་ལྡན་འདས་རྣམས་གང་ན་བཞུགས་ཤིང་། འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་བ་ཡོད་དོ། །དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དང་མ་བྲལ་བས། བསྐལ་པ་བཟང་པོ་འདི་ཉིད་ལ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཏུ་མངོན་པར་འཚང་རྒྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་དང་པོ་ལ་ཡང་སྙོམས་པར་འཇུག །བསམ་གཏན་གཉིས་པ་ལ་ཡང་སྙོམས་པར་འཇུག །བསམ་གཏན་གསུམ་པ་ལ་ཡང་སྙོམས་པར་འཇུག །

བསམ་གཏན་བཞི་པ་ལ་ཡང་སྙོམས་པར་འཇུག །བྱམས་པ་ལ་ཡང་སྙོམས་པར་འཇུག །སྙིང་རྗེ་ལ་ཡང་སྙོམས་པར་འཇུག །དགའ་བ་ལ་ཡང་སྙོམས་པར་འཇུག །བཏང་སྙོམས་ལ་ཡང་སྙོམས་པར་འཇུག །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །

Vol. 14 · folio 162a

རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག་ཅིང་། དེ་དག་ཐབས་མཁས་པས་བསམ་གཏན་དང་། ཏིང་ངེ་འཛིན་

དང་། སྙོམས་པར་འཇུག་པའི་དབང་གིས་མྱི་སྐྱེའོ། །དེ་དག་ནི་ཕྱིར་འདོད་པའི་ཁམས་འདིར་སྐྱེས་ཀྱང་། རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེའོ། །བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེའོ། །ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེ་སྟེ།

དེ་ཡང་སྲིད་པ་ལ་བརྐམ་པའི་ཕྱིར་མ་ཡིན་གྱིས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བསམ་གཏན་དང་པོ་ལ་ཡང་སྙོམས་པར་འཇུག །བསམ་གཏན་གཉིས་པ་ལ་ཡང་སྙོམས་པར་འཇུག །བསམ་གཏན་

གསུམ་པ་ལ་ཡང་སྙོམས་པར་འཇུག །བསམ་གཏན་བཞི་པ་ལ་ཡང་སྙོམས་པར་འཇུག །བྱམས་པ་ལ་ཡང་སྙོམས་པར་འཇུག །སྙིང་རྗེ་ལ་ཡང་སྙོམས་པར་འཇུག །དགའ་བ་ལ་ཡང་སྙོམས་པར་འཇུག །བཏང་སྙོམས་ལ་ཡང་སྙོམས་པར་འཇུག །

ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །འདུ་ཤིས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག་

ཅིང་། དེ་དག་ཐབས་མཁས་པས་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དབང་གིས་མྱི་སྐྱེ་བ་ཡང་ཡོད་དེ། དེ་དག་ནི་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་

པར་སྐྱེའོ། །མཚེ་མའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །འཕྲུལ་དགའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་

Vol. 14 · folio 162b

སྐྱེ་སྟེ། དེ་དག་ན་གནས་ཤིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཉེས་པར་བྱེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག །ཐབས་མཁས་པས། བསམ་གཏན་དང་པོ་ལ་ཡང་སྙོམས་པར་འཇུག །བསམ་གཏན་གཉིས་པ་ལ་ཡང་སྙོམས་པར་འཇུག །བསམ་གཏན་གསུམ་པ་ལ་ཡང་སྙོམས་པར་

འཇུག། བསམ་གཏན་བཞི་པ་ལ་ཡང་སྙོམས་པར་འཇུག །བྱམས་པ་ལ་ཡང་སྙོམས་པར་འཇུག །སྙིང་རྗེ་ལ་ཡང་སྙོམས་པར་འཇུག །དགའ་བ་ལ་ཡང་སྙོམས་པར་འཇུག །བཏང་སྙོམས་ལ་ཡང་སྙོམས་པར་འཇུག །ནམ་མཁའ་མཐའ་ཡས་སྐྱེ་

མཆེད་ལ་ཡང་སྙོམས་པར་འཇུག །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཡང་སྙོམས་པར་འདུག །འདུ་ཤེས་མེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག་པ་ཡོད་དེ། དེ་དག་ནི་འདི་

ནས་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ། །དེ་དག་དེ་ན་ཡང་ཚངས་པ་ཚངས་ཆེན་དབང་ཆེན་པོ་དང་ལྡན་པ་བརྒྱ་ཕྲག་བཅུ་ལ་དབང་སྒྱུར་བ་དེ་ལྟ་བུའི་སེམས་ཅན་གྱི་ནང་ན་ཡང་མཆོག་དམ་པ་ཕུལ་དུ་བྱ་བར་འགྱུར་ཏེ། དེ་དག་དེ་ན་འཁོད་ཅིང་གང་ན། དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མངོན་པར་སངས་རྒྱས་ཤིང་། ཆོས་ཀྱི་འཁོར་ལོ་སྐོར་བ་བཞུགས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་ཞིང་འདོང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་གསོལ་བ་གདབ་པ་བྱེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

Vol. 14 · folio 163a

པ་དག་ཐབས་མཁས་པས། བསམ་གཏན་དང་པོ་ལ་ཡང་སྙོམས་པར་འཇུག །བསམ་གཏན་གཉིས་པ་ལ་ཡང་སྙོམས་པར་འཇུག །བསམ་གཏན་གསུམ་པ་ལ་ཡང་སྙོམས་པར་འཇུག །བསམ་གཏན་བཞི་པ་ལ་ཡང་སྙོམས་པར་འཇུག །བྱམས་

པ་ལ་ཡང་སྙོམས་པར་འཇུག །སྙིང་རྗེ་ལ་ཡང་སྙོམས་པར་འཇུག །དགའ་བ་ལ་ཡང་སྙོམས་པར་འཇུག །བཏང་སྙོམས་ལ་ཡང་སྙོམས་པར་འཇུག །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་

ཡང་སྙོམས་པར་འཇུག །ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཡང་སྙོམས་པར་འཇུག །དྲན་པ་ཉེ་བར་གཞག་པ་བཞི་ལ་ཡང་ཡོངས་སུ་སྒོམ། ཡང་དག་པར་སྤོང་བ་བཞི་ལ་ཡང་ཡོངས་སུ་སྒོམ།

རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་ཡོངས་སུ་སྒོམ། དབང་པོ་ལྔ་ལ་ཡང་ཡོངས་སུ་སྒོམ། སྟོབས་ལྔ་ལ་ཡང་ཡོངས་སུ་སྒོམ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ཡང་ཡོངས་སུ་སྒོམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་ཡོངས་སུ་སྒོམ། སྟོང་པ་ཉིད་དང་། མཚན་

མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་འཇུག་ཅིང་དེ་དག་གི་དབང་གིས་མི་སྐྱེ་བ་ཡང་ཡོད་དེ། དེ་དག་སངས་རྒྱས་བཅོམ་ལྡན་འདས་མངོན་དུ་གྱུར་པ་རྣམས་བསྙེན་བཀུར་ཅིང་། དེ་དག་ཏུ་ཚངས་པའི་སྤྱོད་པ་སྤྱད་དེ། དགའ་

ལྡན་གྱི་ལྷ་དང་སྐལ་བ་མཉམ་པར་སྐྱེའོ། །དེ་དག་དེར་ཚེའི་ཚུལ་བཞིན་དུ་གནས་ནས། དབང་པོ་མཉམ་པ་དང་། དྲན་ཞིང་ཤེས་བཞིན་དུ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཏེ། མདུན་དུ་བྱས་ནས་འདིར་སྐྱེ་བ་བསྟན་ཏེ། བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་དག་ཏུ་ཆོས་ཀྱི་འཁོར་ལོ་སྐོར་བ་དག་ཀྱང་ཡོད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་

Vol. 14 · folio 163b

གཅིག་པ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག་འདོད་པའི་ཁམས་སུ་ཡང་མི་སྐྱེ། གཟུགས་ཀྱི་ཁམས་སུ་ཡང་མི་སྐྱེ། གཟུགས་མེད་པའི་ཁམས་སུ་ཡང་མི་སྐྱེ་བར།

དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་

འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག །མངོན་པར་ཤེས་པ་དྲུག་པོ་དེ་དག་གིས་རྣམ་པར་རྩེ་ཞིང་། སངས་རྒྱས་ཀྱི་ཞིང་གང་ན་ཐེག་པ་ཆེན་པོ་མ་གཏོགས་པར། ཉན་ཐོས་ཀྱི་ཐེག་པ་དང་། རང་

སངས་རྒྱས་ཀྱི་ཐེག་པའི་སྒྲ་ཡང་མི་གྲག་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག །མངོན་པར་

ཤེས་པ་དེ་དག་གིས་རྣམ་པར་རྩེ་ཞིང་། སངས་རྒྱས་ཀྱི་ཞིང་གང་ན་སེམས་ཅན་རྣམས་ཀྱི་ཚེ་དཔག་ཏུ་མེད་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་མངོན་པར་ཤེས་པ་དྲུག་ཐོབ་པ་དག །འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ་དང་། ཆོས་ཀྱི་སྒྲ་མི་གྲག་པ་དང་། དགེ་འདུན་གྱི་སྒྲ་མི་གྲག་པ་དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་།

སངས་རྒྱས་ཀྱི་ལེགས་པ་རྗོད། ཆོས་ཀྱི་ལེགས་པ་རྗོད། དགེ་འདུན་གྱི་ལེགས་པ་རྗོད་པས། སེམས་ཅན་དེ་དག་ཀྱང་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དེས་སེམས་དང་བར་གྱུར་ཏེ། དེ་ནས་ཤི་འཕོས་ནས་གང་ན་སངས་རྒྱས་བཅོམ་

Vol. 14 · folio 164a

ལྡན་འདས་རྣམས་བཞུགས་པ་དེ་དག་ཏུ་སྐྱེ་བར་འགྱུར་བར་བྱེད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཅད་བསམ་གཏན་བཞི་དང་། ཚད་མེད་པ་བཞི་

དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་

བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་

དག་ཀྱང་ཐོབ་ནས། དེ་དག་ནམ་ཡང་འདོད་པའི་ཁམས་སུ་ཡང་མི་སྐྱེ། གཟུགས་ཀྱི་ཁམས་སུ་ཡང་མི་སྐྱེ། གཟུགས་མེད་པའི་ཁམས་སུ་ཡང་མི་སྐྱེ་ཞིང་། དེ་དག་ཏུ་ཡང་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། ཕྱིར་མི་ལྡོག་པའི་ས་འཐོབ་པ་ཡང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་ཞིང་། མངོན་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་གྲངས་མེད་ཚད་མེད་པའི་དོན་བྱས་ནས་ཕུང་པོ་མ་ལུས་

པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་བསྐལ་པ་འམ། བསྐལ་པའི་ལྷག་མར་གནས་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་

Vol. 14 · folio 164b

དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་ཅིང་། དེ་དག་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་དང་ལྷན་ཅིག་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་

སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དོན་དུ་འདོད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བསམ་གཏན་བཞི་ཐོབ་པ། ཚད་མེད་པ་བཞི་ཐོབ་པ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པ་དག་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས། ཚུལ་དུ་

མས་རྣམ་པར་རྩེ་ཞིང་། འདི་ལྟ་སྟེ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་དག་བསམ་གཏན་དང་པོ་དེ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས།

བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་གསུམ་པ་ལ་སྙོམས་

པར་འཇུག་གོ །བསམ་གཏན་གསུམ་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ལས་

ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། ནམ་མཁའི་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། འགོག་

Vol. 14 · folio 165a

པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། འགོག་པའི་སྙོམས་

པར་འཇུག་པ་ལ་མཉམ་པར་གཞོག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །འགོག་པའི་

སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞོག་གོ །ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་མཁས་པ་དང་ལྡན་པ་རྣམས། བསམ་གཏན་དང་། ཚད་མེད་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་འདི་དག་ཡང་དང་ཡང་དུ་རྣམ་པར་མནན་ཅིང་སྙོམས་པར་འཇུག་པ་དག་ཀྱང་ཡོད་དོ། །ཤ་ར་

དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་ཉེ་བར་གཞག་པ་བཞི་ཐོབ་པ། ཡང་དག་པར་སྤོང་བ་བཞི་ཐོབ་པ། རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་པ། དབང་པོ་ལྔ་ཐོབ་པ། སྟོབས་ལྔ་ཐོབ་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ཐོབ་པ། འཕགས་པའི་ལམ་ཡན་

ལག་བརྒྱད་པ་ཐོབ་པ། འཕགས་པའི་བདེན་པ་བཞི་ཐོབ་པ། བསམ་གཏན་རྣམས་ཐོབ་པ། ཚད་མེད་པ་རྣམས་ཐོབ་པ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཐོབ་པ། རྣམ་པར་ཐར་པ་བརྒྱད་ཐོབ་པ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ། སྟོང་པ་ཉིད་དང་

མཚན་མ་མེད་པ་དང་། སྨོན་པ་མེད་པ་ཐོབ་པ། མངོན་པར་ཤེས་པ་རྣམས་ཐོབ་པ། ཏིང་ངེ་འཛིན་རྣམས་ཐོབ་པ། གཟུངས་ཀྱི་སྒོ་རྣམས་ཐོབ་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པ། མི་འཇིགས་པ་བཞི་ཐོབ་པ། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ། སངས་རྒྱས་ཀྱི་ཆོས་མ་

Vol. 14 · folio 165b

འདྲེས་པ་བཅྭོ་བརྒྱད་ཐོབ་པ་དག །རྣམ་པར་ཐར་པའི་སྒོ་གསུམ་པོ་ཐོབ་ཀྱང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་མྱི་བྱེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་མི་བྱེད། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་མི་བྱེད། དགྲ་བཅོམ་པ་ཉིད་ཐོབ་པར་མི་བྱེད། རང་བྱང་

ཆུབ་ཐོབ་པར་མི་བྱེད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཐབས་མཁས་པས་ཡོངས་སུ་བཟུང་བས། འཕགས་པའི་ལམ་ཡན་ལག་བརྒྱད་པ་སེམས་ཅན་རྣམས་ལ་ཡོངས་སུ་སྟོན་པར་བྱེད་དེ། སེམས་ཅན་དེ་དག་དེས་རྒྱུན་ཏུ་ཞུགས་

པའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་དང་། རང་བྱང་ཆུབ་ཐོབ་པར་འགྱུར་བར་བྱེད་པ་དག་ཀྱང་ཡོད་དེ། ཤ་

ར་དྭ་ཏིའི་བུ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཡེ་ཤེས་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུས་དེ་ལྟར་རྣམ་པར་སྤྱོད་པ་དེ་དག་ནི། ཕྱིར་མི་ལྡོག་པ་ཡིན་པར་ཤེས་པར་བྱའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། དགའ་ལྡན་གྱི་གནས་ཡོངས་

སུ་སྦྱོང་བ་དག་ཀྱང་ཡོད་དེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྐལ་པ་བཟང་པོ་པར་ཤེས་པར་བྱའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ།

བསམ་གཏན་བཞི་ཐོབ་པ། ཚད་མྱེད་པ་བཞི་ཐོབ་པ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ། མངོན་པར་ཤེས་པ་དྲུག་ཐོབ་བ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པ། མྱི་འཇིགས་

Vol. 14 · folio 166a

པ་བཞི་ཐོབ་པ། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་བཅྭོ་བརྒྱད་ཐོབ་པ་དག །འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པར་བྱ་བའི་དོན་དུ་སྤྱོད་ཀྱང་བདེན་པ་བཞི་རྟོགས་པར་མི་བྱེད་པ་དག་ཀྱང་

ཡོད་དེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དག །འཇིག་རྟེན་གྱི་ཁམས་

ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་དེ་དག་གི་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡང་དག་པར་སྐུལ་བ་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དག་ཀྱང་ཡོད་དེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་བསྐལ་པ་

གྲངས་མེད་ཚད་མེད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་དུ་རྟག་པར་བརྩོན་

ཏེ། ནམ་ཡང་གནོད་པར་འགྱུར་བའི་ཚིག་མི་སྨྲ། གནོད་པ་དང་ལྡན་པའི་ལུས་ཀྱི་ལས་དང་། ཡིད་ཀྱི་ལས་མི་བྱེད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། སེམས་

ཅན་རྣམས་ཀྱི་དོན་རྟག་ཏུ་བརྩོན་པས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་སེམས་ཅན་རྣམས་ཀྱི་ངན་སོང་གི་ལམ་གསུམ་པོ་རྒྱུན་གཅོད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་

ཕྱིན་པ་དྲུག་ལ་གནས་ཤིང་། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་ཅིང་། ཟས་འདོད་པ་རྣམས་ལ་ཟས་དང་། སྐོམ་འདོད་པ་རྣམས་ལ་སྐོམ་དང་།

Vol. 14 · folio 166b

བཞོན་པ་འདོད་པ་རྣམས་ལ་བཞོན་པ་དང་། མེ་ཏོག་འདོད་པ་རྣམས་ལ་མེ་ཏོག་དང་། སྤོས་འདོད་པ་རྣམས་ལ་སྤོས་དང་། ཕྲེང་བ་འདོད་པ་རྣམས་ལ་ཕྲེང་བ་དང་། བྱུག་པ་འདོད་པ་རྣམས་ལ་བྱུག་པ་དང་། མལ་སྟན་འདོད་པ་རྣམས་ལ་མལ་སྟན་དང་། གོས་འདོད་པ་

རྣམས་ལ་གོས་དང་། ནོར་བུ་འདོད་པ་རྣམས་ལ་ནོར་བུ་དང་། མུ་ཏིག་འདོད་པ་རྣམས་ལ་མུ་ཏིག་དང་། གསེར་འདོད་པ་རྣམས་ལ་གསེར་དང་། དངུལ་འདོད་པ་རྣམས་ལ་དངུལ་དང་། བྱི་རུ་འདོད་པ་རྣམས་ལ་བྱི་རུ་དང་། རྒྱན་འདོད་པ་རྣམས་ལ་རྒྱན་དང་།

འཚོ་བ་འདོད་པ་རྣམས་ལ་འཚོ་བ་དང་། ཁྱིམ་འདོད་པ་རྣམས་ལ་ཁྱིམ་གྱིས་ཡོངས་སུ་སྡུད་ཅིང་འཚོ་བའི་ཡོ་བྱད་སྐྱོན་མེད་པ་ཡོངས་སུ་སྒྲུབ་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་

པ་དྲུག་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ལུས་དང་ངག་དང་ཡིད་ཀྱི་སྡོམ་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་

རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ཁྲོ་བ་མྱེད་པ་དང་། གནོད་སེམས་མེད་པ་ལ་རབ་ཏུ་འགོད་པ་བྱེད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་དགེ་བའི་ཆོས་ཐམས་ཅད་ལ་མངོན་པར་བརྩོན་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། སེམས་ཅན་རྣམས་ཞི་གནས་རྩེ་གཅིག་ཏུ་བྱ་བ་དང་། འདོད་པ་ལས་དབེན་པ་ལ་རབ་ཏུ་འགོད་པ་དག་ཀྱང་ཡོད་དོ། །དགེ་བ་བཅུའི་

Vol. 14 · folio 167a

ལས་ཀྱི་ལམ་གྱི་བར་ལ་སེམས་ཅན་རྣམས་རབ་ཏུ་བཀོད་ནས། ཚངས་རིས་ཀྱི་ལྷ་རྣམས་ནས་འོག་མྱིན་གྱི་ལྷའི་བར་དུ་སྐྱེ་ཞིང་། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་

རྒྱའོ། །ཤར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསམ་གཏན་བཞི་བསྒྲུབས་ནས། བསམ་གཏན་ལས་ཡོངས་སུ་ཉམས་ཏེ། བསམ་གཏན་དང་པོའི་རོ་མྱངས་ནས། ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བ་ཡང་ཡོད་དོ། །དེ་ཡང་

བསམ་གཏན་བསྒྲུབས་ནས་འོག་མྱིན་གྱི་ལྷར་སྐྱེས་ཏེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚངས་པའི་འཇིག་

རྟེན་ནས་ཤི་འཕོས་ནས། གནས་གཙང་མར་སྐྱེས་ཏེ། གནས་གཙང་མའི་གནས་གཅིག་གམ། གཉིས་རྒལ་ཏེ། འོག་མིན་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་

བ་ཡང་ཡོད་དོ། །ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་བྱས་ཏེ། དེ་བཞིན་གཤེགས་པའི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ཏེ།

སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་དང་། བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་རྣམས་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ངན་སོང་ཐམས་ཅད་ལས་ཡང་དག་པར་བཟླ་བའི་ཕྱིར་ཆོས་སྟོན་པ་དག་ཀྱང་ཡོད་དོ། །ཤ་

ར་དྭ་ཏིའི་བུ་འདི་ལྟར་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། སངས་རྒྱས་ཀྱི་སྐུ་ཅི་འདྲ་བ་དེ་འདྲ་བའི་ལུས་སུ་མངོན་པར་སྤྲུལ་ནས། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་

Vol. 14 · folio 167b

དག་ཏུ་དོང་ཞིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་། དེ་

དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་

ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་

ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་

ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། ནུབ་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་། སེམས་

ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་། དེ་དག་སངས་རྒྱས་ཀྱི་

ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་

Vol. 14 · folio 168a

བྱེད་པ་དག་ཀྱང་ཡོད་དོ། །བྱང་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའིཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་ཆུབ་

སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བདག་ཀྱང་མཐོང་བར་བྱེད་ཅིང་། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་

ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་

ཞིང་། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་། དེ་དག་

སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་

སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་ཆུབ་སེམས་

དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང་།

Vol. 14 · folio 168b

སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའིཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་། སེམས་ཅན་རྣམས་ལ་ཆོས་སྟོན་

པ་དང་། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་

བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །ནུབ་བྱང་གི་

ཕྱོགས་མཚམས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་

ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །འོག་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་

ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་མཐོང་བར་བྱེད་ཅིང་། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་

Vol. 14 · folio 169a

སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་གིས་ཐོགས་པ། ཤ་སྟག་སྐྱེ་བར་བྱེད་པ་དག་ཀྱང་ཡོད་དོ། །སྟེང་གི་ཕྱོགས་ཀྱི་

སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་དོང་ཞིང་། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། ཆོས་ཉན་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་

ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་བར་བྱེད་ཅིང་། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་གི་མཚན་མ་ཡོངས་སུ་བཟུང་སྟེ། དེ་བས་ཀྱང་རྒྱ་ཆེ་བ་ཁྱད་པར་དུ་འཕགས་པའི་སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚེ་གཅིག་གིས་ཐོགས་པ་ཤ་སྟག་སྐྱེ་བར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསམ་གཏན་དང་། གཟུགས་མྱེད་པའི་རོ་རྨྱོངས་ནས་ཚངས་རིས་ནས། དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བ་དག་ཀྱང་ཡོད་དོ། །དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས།

སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཐོབ་པར་

གྱུར་པ་དེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས། སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་བ་དག་ཀྱང་ཡོད་དོ། །དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་། བྱང་ཆུབ་སེམས་དཔའ་

Vol. 14 · folio 169b

སེམས་དཔའ་ཆེན་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་བྱས་ཏེ། དབང་པོ་གསལ་ཞིང་ལུས་ཡོངས་སུ་དག་པ་དང་། ལྡན་པར་གྱུར་ནས། དེ་དག་ལུས་ཡོངས་སུ་དག་པ་

དེ་དག་གིས་སྐྱེ་བོ་མང་པོའི་དགའ་བ་དང་། མོས་པ་སྐྱེད་དེ། དེ་དག་འགྲོ་བ་མང་པོའི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་དང་། སེམས་ཅན་དེ་དག་ཀྱང་སེམས་མོས་པར་གྱུར་པའི་དགེ་བའི་རྩ་བ་དེ་ཉིད་ཀྱིས། མཐར་ཀྱིས་ཐེག་པ་གསུམ་

གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །

ངག་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །ཡིད་ཡོངས་སུ་དག་པ་ལ་བསླབ་པར་བྱའོ། །ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་དག་དབང་པོ་ཤིན་

ཏུ་གསལ་བ་ཐོབ་ནས། དེ་དག་དབང་པོ་ཤིན་ཏུ་གསལ་བ་དེ་དག་གིས། བདག་མི་སྟོད་ཅིང་། གཞན་མི་སྨོད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་

བསྐྱེད་ཕྱིན་ཅད། སྦྱིན་པའི་ཕ་རོལད་ཏུ་ཕྱི་ནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིན་དཔལ་གནས་ཤིང་། ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་དབུལ་བར་མི་འགྱུར་ཞིང་། ལོག་པར་མི་འགྲོ་བ་དང་། ངན་སོང་

དུ་མི་ལྟུང་བ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དང་པོ་སེམས་བསྐྱེད་ཕྱིན་ཅད། ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་གཏོང་བ་

Vol. 14 · folio 170a

དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཁོར་ལོས་སྒྱུར་བའི་

རྒྱལ་པོར་གྱུར་ནས། དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་སེམས་ཅན་རབ་ཏུ་འགོད་པ་དང་། སྦྱིན་པ་དང་། ངག་སྙན་པས་སེམས་ཅན་ཡོངས་སུ་སྡུད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡོངས་སུ་བཟུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བརྒྱ་སྟོང་དུ་མ་ལ་གནས་ཤིང་།

དེ་དག་ལ་གནས་ནས། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་མཉེས་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡོ་བྱད་ཐམས་ཅད་དང་། མཆོད་པ་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་།

མཆོད་པ་བྱེད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ། འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། སེམས་ཅན་ལོག་པར་ལྟ་བའི་མུན་པ་ཅན་རྣམས་ལ། སངས་རྒྱས་ཀྱི་ཆོས་

ཀྱིས་སྣང་བར་བྱེད་པ་དང་། བདག་ཉིད་ཀྱང་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། སངས་རྒྱས་ཀྱི་ཆོས་སྣང་བ་དེ་དང་། ནམ་ཡང་འབྲལ་བར་མི་བྱེད་པ་དག་ཀྱང་ཡོད་དོ། །ཤ་ར་དྭ་

ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་མི་བཞུགས་ཤིང་། ཉན་ཐོས་རྣམས་ཀྱང་མྱེད་པའི་འཇིག་རྟེན་གྱི་ཁམས་སུ་རང་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །དེ་ཐབས་མཁས་པས་སྲོག་ཆགས་བརྒྱ་

Vol. 14 · folio 170b

སྟོང་བྱེ་བ་ཕྲག་མང་པོ་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་བྱུང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཁ་ན་མ་ཐོ་བ་དང་བཅས་པའི་ལུས་དང་།

ངག་དང་། ཡིད་ཀྱི་ལས་རྣམས་ཀྱི་གོ་མི་དབྱེའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོའི་ལུས་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་གང་ལགས། ངག་གི་ལས་ཁ་ན་མ་ཐོ་བ་དང་བཅས་པ་གང་ལགས། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཤིང་། འདི་ནི་ལུས་ཡིན་གྱིས། དེས་ནི་ལུས་ཀྱི་ལས་ཤིག་བརྩམ། འདི་ནི་ངག་ཡིན་གྱིས། དེས་ནི་ངག་གི་ལས་ཤིག་བརྩམ། འདི་ནི་ཡིད་ཡིན་གྱིས།

དེས་ནི་ཡིད་ཀྱི་ལས་ཤིག་བརྩམ་སྙམ་ན། དེ་ནི་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང་། ངག་དང་། ཡིད་ཀྱི་ལས་རྩོམ་པ་ཁ་ན་མ་ཐོ་བ་དང་བཅས་པའོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི། ལུས་གང་དང་། ངག་གང་དང་། ཡིད་གང་གིས་འཇུངས་པའི་སེམས་བསྐྱེད་པ་འམ། ཚུལ་ཁྲིམས་ངན་པའི་སེམས་བསྐྱེད་པ་འམ། གནོད་

Vol. 14 · folio 171a

སེམས་ཀྱི་སེམས་བསྐྱེད་པ་འམ། ལེ་ལོའི་སེམས་བསྐྱེད་པ་འམ། འཁྲུག་པའི་སེམས་བསྐྱེད་པ་འམ། ཤེས་རབ་འཆལ་པའི་སེམས་བསྐྱེད་པར་བྱ་བ་དེ་ལྟ་བུའི་ལུས་མྱི་དམིགས་སོ། །ངག་

མྱི་དམིགས་སོ། །སེམས་མྱི་དམིགས་སོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཀྱི་གནས་ངན་ལེན་སྐྱེད་པ་དང་། ངག་གི་གནས་ངན་ལེན་

སྐྱེད་པ་དང་། ཡིད་ཀྱི་གནས་ངན་ལེན་སྐྱེད་པ་ཙམ་དུ་ནི་ཤེས་པར་མི་བྱ་སྟེ། དེ་ནི་གནས་མྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་པའི་ཚེ། ལུས་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་ངོ་། །ངག་གི་གནས་ངན་ལེན་ཡོངས་སུ་སྦྱོང་ངོ་། །ཡིད་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་སྟེ། །ཤ་ར་དྭ་ཏིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལུས་ཀྱི་

ལས་ཁ་ན་མ་ཐོ་བ་མྱེད་པའོ། །ངག་གི་ལས་ཁ་ན་མ་ཐོ་བ་མྱེད་པའོ། །ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མྱེད་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ལུས་ཀྱི་གནས་

ངན་ལེན་སྦྱོང་བ་ལགས། ངག་གི་གནས་ངན་ལེན་སྦྱོང་བ་ལགས། ཡིད་ཀྱི་གནས་ངན་ལེན་སྦྱོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ལུས་མྱི་དམིགས། ངག་མྱི་དམིགས། སེམས་མྱི་དམིགས་ན། ཤ་ར་དྭ་ཏིའི་བུ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ལུས་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་བ་ཡིན། ངག་གི་གནས་ངན་ལེན་ཡོངས་

Vol. 14 · folio 171b

སུ་སྦྱོང་བ་ཡིན། ཡིད་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་དང་པོ་བསྐྱེད་ཕྱིན་ཅད་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་

པར་བླངས་ཏེ་གནས་ཤིང་། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་བསྐྱེད་པ་མེད་པར་དེ་རྟག་ཏུ་རྒྱུན་མི་ཆད་པར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་གཞོག་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

ལུས་ཀྱི་གནས་ངན་ལེན་དང་། ངག་གི་གནས་ངན་ལེན་དང་། ཡིད་ཀྱི་གནས་ངན་ལེན་ཡོངས་སུ་དག་པ་ཞེས་ངས་བཤད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་ཀྱི་ལམ་ཡོངས་

སུ་སྦྱོང་ཞིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་ཀྱང་ཡོད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་ལུས་ལ་དམིགས་པ་མེད་པ་དང་། ངག་ལ་དམིགས་པ་མེད་པ་དང་། ཡིད་ལ་དམིགས་པ་མེད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་མེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་

མེད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་མེད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་མེད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པ་མེད་པ་དང་། ཉན་

Vol. 14 · folio 172a

ཐོས་ཀྱི་ཐེག་པ་ལ་དམྱིགས་པ་མེད་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་དམིགས་པ་མྱེད་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ལ་དམྱིགས་པ་མེད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ལ་དམྱིགས་པ་

མེད་པར་གྱུར་པ་དེ་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། འདི་ལྟར་ཆོས་ཐམས་ཅད་ལ་དམྱིགས་པ་མྱེད་ཅིང་བླང་བ་མྱེད་པ་དང་། དོར་བ་མྱེད་པའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ལམ་དེ་ལྟ་བུས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ནན་ཏན་དུ་བྱེད་པ་དེ་དག་ནི་སུས་ཀྱང་ཐུབ་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཇི་ལྟ་བུར་སྤྱོད་པའི་རྣམས་ཐུབ་པ་མ་མཆིས་པ་ལགས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་རློམ་སེམས་མྱེད་པ་དང་། ཚོར་བ་ལ་རློམ་སེམས་མྱེད་པ་དང་། འདུ་ཤེས་ལ་རློམ་སེམས་མེད་པ་དང་། འདུ་བྱེད་ལ་

རློམ་སེམས་མེད་པ་དང་། རྣམ་པར་ཤེས་པ་ལ་རློམ་སེམས་མེད་པ་དང་། མྱིག་དང་གཟུགས་ལ་རློམ་སེམས་མྱེད་པ་དང་། རྣ་བ་དང་སྒྲ་ལ་རློམ་སེམས་མྱེད་པ་དང་། སྣ་དང་དྲིལ་རློམ་སེམས་མེད་པ་དང་། ལྕེ་དང་རོལ་རློམ་སེམས་མེད་པ་དང་། ལུས་དང་རེག་

ལ་རློམ་སེམས་མེད་པ་དང་། ཡིད་དང་ཆོས་ལ་རློམ་སེམས་མེད་པ་དང་། སའི་ཁམས་ལ་རློམ་སེམས་མེད་པ་དང་། ཆུའི་ཁམས་ལ་རློམ་སེམས་མྱེད་པ་དང་། མྱེའི་ཁམས་ལ་རློམ་སེམས་མེད་པ་དང་། རླུང་གི་ཁམས་ལ་རློམ་སེམས་མེད་པ་དང་། ནམ་མཁའི་

ཁམས་ལ་རློམ་སེམས་མེད་པ་དང་། རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་མེད་པ་དང་། མིག་གི་ཁམས་ལ་རློམ་སེམས་མེད་པ་དང་། གཟུགས་ཀྱི་ཁམས་ལ་རློམ་སེམས་མེད་པ་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་མེད་པ་དང་།

Vol. 14 · folio 172b

རྣ་བའི་ཁམས་ལ་རློམ་སེམས་མེད་པ་དང་། སྒྲའི་ཁམས་ལ་རློམ་སེམས་མེད་པ་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་མེད་པ་དང་། སྣའི་ཁམས་ལ་རློམ་སེམས་མེད་པ་དང་། དྲིའི་ཁམས་ལ་རློམ་སེམས་མེད་པ་དང་། སྣའི་རྣམ་པར་ཤེས་

པའི་ཁམས་ལ་རློམ་སེམས་མེད་པ་དང་། ལྕེའི་ཁམས་ལ་རློམ་སེམས་མེད་པ་དང་། རོའི་ཁམས་ལ་རློམ་སེམས་མེད་པ་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་མེད་པ་དང་། ལུས་ཀྱི་ཁམས་ལ་རློམ་སེམས་མེད་པ་དང་། རེག་བྱའི་ཁམས་ལ་

རློམ་སེམས་མེད་པ་དང་། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་མེད་པ་དང་། ཡིད་ཀྱི་ཁམས་ལ་རློམ་སེམས་མེད་པ་དང་། ཆོས་ཀྱི་ཁམས་ལ་རློམ་སེམས་མྱེད་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་རློམ་སེམས་མེད་པ་དང་། རྟེན་

ཅིང་འབྲེལ་པར་འབྱུང་བ་ལ་རློམ་སེམས་མེད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རློམ་སེམས་མེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རློམ་སེམས་མེད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རློམ་སེམས་མེད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་རློམ་སེམས་མེད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རློམ་སེམས་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རློམ་སེམས་མེད་པ་དང་། ནང་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། ཕྱི་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། ཕྱི་ནང་

སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། འདུས་མ་བྱས་

སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། མཐའ་ཡས་འདས་པ་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། དོར་བ་མེད་པ་སྟོང་པ་ཉིད་ལ་རློམ་སེམས་མྱེད་པ་དང་། རང་བཞིན་སྟོང་པ་ཉིད་ལ་རློམ་

Vol. 14 · folio 173a

སེམས་མྱེད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་རློམ་སེམས་མྱེད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། དངོས་པོ་མེད་པ་སྟོང་པ་ཉིད་

ལ་རློམ་སེམས་མེད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་རློམ་སེམས་མེད་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་རློམ་སེམས་མེད་པ་དང་། ཡང་དག་པར་སྤོང་བ་བཞི་ལ་རློམ་སེམས་མྱེད་པ་

དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རློམ་སེམས་མེད་པ་དང་། དབང་པོ་ལྔ་ལ་རློམ་སེམས་མེད་པ་དང་། སྟོབས་ལྔ་ལ་རློམ་སེམས་མེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རློམ་སེམས་མེད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རློམ་སེམས་

མེད་པ་དང་། འཕགས་པའི་བདེན་པ་བཞི་ལ་རློམ་སེམས་མེད་པ་དང་། བསམ་གཏན་བཞི་ལ་རློམ་སེམས་མེད་པ་དང་། ཚད་མེད་པ་བཞི་ལ་རློམ་སེམས་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རློམ་སེམས་མེད་པ་དང་། རྣམ་པར་ཐར་པ་

བརྒྱད་ལ་རློམ་སེམས་མེད་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རློམ་སེམས་མེད་པ་དང་། སྟོང་པ་ཉིད་ལ་རློམ་སེམས་མྱེད་པ་དང་། མཚན་མ་མེད་པ་ལ་རློམ་སེམས་མེད་པ་དང་། སྨོན་པ་མེད་པ་ལ་རློམ་སེམས་མྱེད་པ་དང་། མངོན་

པར་ཤེས་པ་རྣམས་ལ་རློམ་སེམས་མེད་པ་དང་། ཏིང་ངེ་འཛིན་རྣམས་ལ་རློམ་སེམས་མེད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་རློམ་སེམས་མྱེད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་རློམ་སེམས་མེད་པ་དང་། མི་འཇིགས་པ་བཞི་ལ་རློམ་སེམས་མྱེད་

པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་རློམ་སེམས་མྱེད་པ་དང་། བྱམས་པ་ཆེན་པོ་ལ་རློམ་སེམས་མྱེད་པ་དང་། སྙིང་རྗེ་ཆེན་པོ་ལ་རློམ་སེམས་མྱེད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་རློམ་སེམས་མྱེད་པ་དང་། རྒྱུན་ཏུ་ཞུགས་པའི་

Vol. 14 · folio 173b

འབྲས་བུ་ལ་རློམ་སེམས་མེད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རློམ་སེམས་མེད་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་རློམ་སེམས་མེད་པ་དང་། དགྲ་བཅོམ་པ་ཉིད་ལ་རློམ་སེམས་མེད་པ་དང་། རང་བྱང་ཆུབ་ལ་རློམ་སེམས་མེད་པ་དང་། ལམ་

གྱི་རྣམ་པ་ཤེས་པ་ཉིད་ལ་རློམ་སེམས་མེད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རློམ་སེམས་མེད་པ་དང་། འཁོར་བ་ལ་རློམ་སེམས་མེད་པ་དང་། མྱ་ངན་ལས་འདས་པ་ལ་རློམ་སེམས་མེད་པར་གྱུར་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྣམ་པར་འཕེལ་བ་ཡིན་ཏེ། སུས་ཀྱང་ཐུབ་པ་མེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་

ཤེས་ཡོངས་སུ་རྫོགས་པར་བྱེད་ཅིང་། ཡེ་ཤེས་དེ་དང་ལྡན་པས་ནམ་ཡང་ངན་སོང་རྣམས་སུ་མྱི་སྐྱེ། མི་དབུལ་ཞིང་ཕོངས་པ་ཉམས་སུ་མྱོང་བར་མི་འགྱུར་ཏེ། ལུས་གང་དང་ལྡན་པས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་ནང་ན་སྨད་པར་འགྱུར་བ་

དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་མི་འགྱུར་བ་དག་ཀྱང་ཡོད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟ་བུའི་ཡེ་ཤེས་དང་ལྡན་པས། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ནམ་ཡང་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། མི་དབུལ་ཞིང་ཕོངས་པ་ཉམས་སུ་མྱོང་བར་མི་འགྱུར་བ་དང་། ལུས་གང་དང་ལྡན་པས། ལྷ་དང་། མི་དང་། ལྷ་མ་ཡིན་གྱི་ནང་ན་སྨད་པར་འགྱུར་བ་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་

མི་འགྱུར་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་

Vol. 14 · folio 174a

གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་

ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བདག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ནི། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་

ལྟ་བུ་དང་ལྡན་པས་ནི། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་

དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ནི། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ནི། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །

Vol. 14 · folio 174b

ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ནི། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་

ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་

ཕྱེ་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ནི། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ནི།

ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་།

སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ནི། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །ཆོས་ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་

Vol. 14 · folio 175a

ཤེས་དེ་ལྟ་བུ་དང་ལྡན་པས་ནི། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་མཐོང་ངོ་། །ཆོས་

ཀྱང་ཉན་ཏོ། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དག་ཀྱང་མཐོང་ངོ་། །ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེད་དོ། །ཆོས་

ཀྱི་འདུ་ཤེས་མི་སྐྱེད་དོ། །དགེ་འདུན་གྱི་འདུ་ཤེས་མི་སྐྱེད་དོ། །ཉན་ཐོས་ཀྱི་འདུ་ཤེས་མི་སྐྱེད་དོ། །རང་སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེད་དོ། །བྱང་ཆུབ་སེམས་དཔའི་འདུ་ཤེས་མི་སྐྱེད་དོ། །སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེད་དོ། །བདག་གི་འདུ་ཤེས་མི་སྐྱེད་

དོ། །གཞན་གྱི་འདུ་ཤེས་མི་སྐྱེད་དོ། །སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་མི་སྐྱེད་དོ། །ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། བརྩོན་འགྲུས་ཀྱི་ཕ་རོལ་

ཏུ་ཕྱིན་པ་མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམྱིགས་སོ། །ནང་སྟོང་པ་ཉིད་སྒོམ་སྟེ། ནང་སྟོང་

པ་ཉིད་མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་སྒོམ་སྟེ། ཕྱི་སྟོང་པ་ཉིད་མྱི་དམྱིགས་སོ། ཕྱི་ནང་སྟོང་པ་ཉིད་སྒོམ་སྟེ། ཕྱི་ནང་སྟོང་པ་ཉིད་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་སྒོམ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་སྒོམ་སྟེ།

Vol. 14 · folio 175b

ཆེན་པོ་སྟོང་པ་ཉིད་མི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་སྒོམ་སྟེ། དོན་དམ་པ་སྟོང་པ་ཉིད་མི་དམིགས་སོ། །འདུས་བྱས་སྟོང་པ་ཉིད་སྒོམ་སྟེ། འདུས་བྱས་སྟོང་པ་ཉིད་མི་དམིགས་སོ། །འདུས་མ་བྱས་སྟོང་པ་ཉིད་སྒོམ་སྟེ། འདུས་མ་བྱས་སྟོང་པ་ཉིད་མི་

དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་མི་དམིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྒོམ་སྟེ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་དམིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་སྒོམ་སྟེ།

དོར་བ་མེད་པ་སྟོང་པ་ཉིད་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་སྒོམ་སྟེ། རང་བཞིན་སྟོང་པ་ཉིད་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་སྟེ། རང་གི་

མཚན་ཉིད་སྟོང་པ་ཉིད་མི་དམྱིགས་སོ། །མི་དམྱིགས་པ་སྟོང་པ་ཉིད་སྒོམ་སྟེ། མི་དམྱིགས་པ་སྟོང་པ་ཉིད་མི་དམྱིགས་སོ། །དངོས་པོ་མེད་པ་སྟོང་པ་ཉིད་སྒོམ་སྟེ། དངོས་པོ་མེད་པ་སྟོང་པ་ཉིད་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་སྒོམ་སྟེ། ངོ་བོ་ཉིད་སྟོང་

པ་ཉིད་མྱི་དམྱིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་བཞི་སྒོམ་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་སོ། །ཡང་དག་པར་སྤོང་བ་བཞི་སྒོམ་སྟེ།

ཡང་དག་པར་སྤོང་བ་རྣམས་མི་དམིགས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་དམྱིགས་སོ། །དབང་པོ་ལྔ་སྒོམ་སྟེ། དབང་པོ་རྣམས་མི་དམྱིགས་སོ། །སྟོབས་ལྔ་སྒོམ་སྟེ། སྟོབས་རྣམས་མི་དམྱིགས་སོ། །བྱང་ཆུབ་ཀྱི་

ཡན་ལག་བདུན་སྒོམ་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམས་མི་དམིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་དམིགས་སོ། །འཕགས་པའི་བདེན་པ་རྣམས་སྒོམ་སྟེ། འཕགས་པའི་བདེན་པ་རྣམས་

Vol. 14 · folio 176a

མི་དམིགས་སོ། །བསམ་གཏན་རྣམས་སྒོམ་སྟེ། བསམ་གཏན་རྣམས་མི་དམིགས་སོ། །ཚད་མེད་པ་རྣམས་སྒོམ་སྟེ། ཚད་མེད་པ་རྣམས་མི་དམིགས་སོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྒོམ་སྟེ། གཟུགས་

མེད་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་སོ། །རྣམ་པར་ཐར་པ་བརྒྱད་སྒོམ་སྟེ། རྣམ་པར་ཐར་པ་རྣམས་མི་དམིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་སྟེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མི་

དམིགས་སོ། །སྟོང་པ་ཉིད་སྒོམ་སྟེ། སྟོང་པ་ཉིད་མི་དམྱིགས་སོ། །མཚན་མ་མེད་པ་སྒོམ་སྟེ། མཚན་མ་མེད་པ་མི་དམྱིགས་སོ། །སྨོན་པ་མེད་པ་སྒོམ་སྟེ། སྨོན་པ་མེད་པ་མི་དམྱིགས་སོ། །མངོན་པར་ཤེས་པ་རྣམས་སྒོམ་སྟེ། མངོན་པར་ཤེས་པ་རྣམས་

མི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་སྒོམ་སྟེ། ཏིང་ངེ་འཛིན་རྣམས་མི་དམྱིགས་སོ། །གཟུངས་ཀྱི་སྒོ་རྣམས་སྒོམ་སྟེ། གཟུངས་ཀྱི་སྒོ་རྣམས་མི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་སྟེ། དེ་བཞིན་གཤེགས་པའི་སྟོབས་

རྣམས་མི་དམིགས་སོ། །མི་འཇིགས་པ་བཞི་སྒོམ་སྟེ། མི་འཇིགས་པ་རྣམས་མི་དམིགས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་སྟེ། སོ་སོ་ཡང་དག་པར་རིག་པ་རྣམས་མི་དམིགས་སོ། །བྱམས་པ་ཆེན་པོ་སྒོམ་སྟེ། བྱམས་པ་ཆེན་པོ་མི་དམིགས་

སོ། །སྙིང་རྗེ་ཆེན་པོ་སྒོམ་སྟེ། སྙིང་རྗེ་ཆེན་པོ་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒོམ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་དམྱིགས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྒོམ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་

མི་དམིགས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྒོམ་སྟེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་སྒོམ་སྟེ། ཕྱིར་མྱི་འོང་བའི་འབྲས་བུ་མི་དམིགས་སོ། །དགྲ་བཅོམ་པ་ཉིད་སྒོམ་སྟེ། དགྲ་བཅོམ་པ་ཉིད་མྱི་དམྱིགས་སོ། །

Vol. 14 · folio 176b

རང་བྱང་ཆུབ་སྒོམ་སྟེ། རང་བྱང་ཆུབ་མི་དམིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྒོམ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་མི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ། །ཤ་ར་དྭ་ཏིའི་བུ་

འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་ཏེ། ཡེ་ཤེས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་

ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིག་ལྔ་རབ་ཏུ་འཐོབ་པ་དང་། ཡོངས་སུ་སྦྱོང་བ་ཡོད་དེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཤའི་

མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་རྒྱས་ཀྱི་མིག་གོ །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་ཉིས་བརྒྱ་མཐོང་བ་ཡོད་དོ། །ཤ་

ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་སུམ་བརྒྱ་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་བཞི་བརྒྱ་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་ལྔ་བརྒྱ་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་དྲུག་བརྒྱ་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་

Vol. 14 · folio 177a

སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་བདུན་བརྒྱ་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་བརྒྱད་བརྒྱ་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་དགུ་བརྒྱ་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་དཔག་ཚད་སྟོང་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་ཤའི་མིག་གིས་འཛམྦུའི་གླིང་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་གླིང་གཉིས་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་

གླིང་གསུམ་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་

སྟོང་གི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་གིས་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་

མིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐོང་བ་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤའི་མིག་ཡོངས་སུ་དག་པའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོའི་ལྷའི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །སུམ་ཅུ་རྩ་གསུམ་གྱི་ལྷ་

Vol. 14 · folio 177b

རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །མཚེ་མའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །དགའ་ལྡན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་

དཔས་རབ་ཏུ་ཤེས་སོ། །འཕྲུལ་དགའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་རིས་ཀྱི་

ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་

བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚངས་ཆེན་གྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །སྣང་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཆུང་སྣང་གི་ལྷ་

རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚད་མེད་སྣང་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཀུན་སྣང་དང་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་

སེམས་དཔས་རབ་ཏུ་ཤེས་སོ། །དགེ་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཆུང་དགེའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚད་མེད་དགེ་བའི་ལྷ་ནམས་ཀྱི་

ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཆེ་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །

Vol. 14 · folio 178a

ཆུང་ཆེའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཚད་མེད་ཆེ་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འབྲས་བུ་ཆེ་བའི་ལྷ་

རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །མི་ཆེ་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །མི་གདུང་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་

རབ་ཏུ་ཤེས་སོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཀྱི་ལྷའི་མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །འོག་མིན་གྱི་ལྷ་རྣམས་ཀྱི་ལྷའི་

མིག་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔས་རབ་ཏུ་ཤེས་སོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་

མིག་དེ་ནི། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་མཚེ་མའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི། དགའ་ལྡན་གྱི་ལྷ་

རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་འཕྲུལ་དགའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་ཚངས་རིས་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་

Vol. 14 · folio 178b

དཔའ་ཆེན་པོའི་ལྷའི་མིག་དེ་ནི། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་ཚངས་ཆེན་གྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

ལྷའི་མིག་དེ་ནི་སྣང་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་ཆུང་སྣང་གི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་ཚད་མེད་སྣང་བའི་ལྷ་རྣམས་

ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་ཀུན་སྣང་དང་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་དགེ་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་ཆུང་དགེའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་ཚད་མེད་དགེ་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་དགེ་

རྒྱས་ཀྱི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི། ཆེ་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་ཆུང་ཆེའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་ཚད་མེད་ཆེ་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

ལྷའི་མིག་དེ་ནི་མི་ཆེ་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི། མྱི་གདུང་བའི་ལྷ་རྣམས་ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་ཤིན་ཏུ་མཐོང་བའི་ལྷ་རྣམས་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words