ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

Sanskrit title (Tibetan script, as in the text) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 14 · folio 179a

ཀྱིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་གྱ་ནོམ་སྣང་བའི་ལྷ་རྣམས་ཀྱིས་མྱི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་དེ་ནི་འོག་མིན་གྱི་ལྷ་རྣམས་ཀྱིས་

མི་ཤེས་ཏེ། ལྷའི་མིག་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་སོ། །ལྷའི་མིག་དེ་ལྟ་བུ་དང་ལྡན་

པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་སོ། །ལྷའི་མིག་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ནི་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་སོ། །ལྷའི་མིག་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་

གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་སོ། །ལྷའི་མིག་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་

སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་སོ། །ལྷའི་མིག་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའིཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་

འཕོ་དང་སྐྱེ་བ་རབ་ཏུ་ཤིས་སོ། །ལྷའི་མིག་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་སོ། །

Vol. 14 · folio 179b

ལྷའི་མིག་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་སོ། །ལྷའི་མིག་དེ་ལྟ་བུ་དང་ལྡན་

པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་སོ། ལྷའི་མིག་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི།

སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའིཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་ཤེས་སོ། །ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷའི་མིག་ཡོངས་སུ་དག་པའོ།། །།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཉིས་པ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་མྱིག་གང་དང་ལྡན་པས་འདུས་བྱས་སམ། འདུས་མ་བྱས་སམ། དགེ་བ་འམ། མྱི་དགེ་བའམ། ཁ་ན་མ་ཐོ་བ་དང་བཅས་པ་འམ། ཁ་ན་མ་ཐོ་བ་

མེད་པ་འམ། ཀུན་ནས་ཉོན་མོངས་པ་འམ། ཀུན་ནས་ཉོན་མོངས་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་འམ། ཟག་པ་དང་བཅས་པ་འམ། ཟག་པ་མེད་པའི་ཆོས་གང་ཡང་མི་ཤེས་པ་མེད་པ་དང་། ཤེས་རབ་ཀྱི་མིག་གང་དང་

ལྡན་པས། ཆོས་གང་ཡང་མ་མཐོང་བ་མེད། མ་ཐོས་པ་མེད། མ་བསམས་པ་མེད། ཁོང་དུ་མ་ཆུད་པ་མེད་པ་འདི་ནི། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པའོ། །གསོལ་པ། བཅོམ་

Vol. 14 · folio 180a

ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

ཆོས་ཀྱི་མིག་གིས་གང་ཟག་འདི་ནི་དད་པའི་རྗེས་སུ་འགྲོ་བ། གང་ཟག་འདི་ནི་ཆོས་ཀྱི་རྗེས་སུ་འགྲོ་བ། གང་ཟག་འདི་ནི་སྟོང་པ་ཉིད་ལ་གནས་པ་སྟེ། གང་ཟག་འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱིས་སྐྱེ་བར་འགྱུར་རོ། །དབང་

པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐག་པའི་ཏིང་ངེ་འཛིན་ཀྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་རོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཙོམ་དང་ཚུལ་ཁྲིམས་

དང་། བརྟུལ་ཞུགས་བསྙེམས་པའི་ཀུན་ཏུ་སྦྱོར་བ་གསུམ་རབ་ཏུ་སྤོང་བར་འགྱུར་ཏེ། གང་ཟག་འདི་ནི་རྒྱུན་ཏུ་ཞུགས་པ་ཞེས་བྱའོ། །དེས་བསྒོམ་པའི་ལམ་རབ་ཏུ་ཐོབ་ནས། འདོད་པའི་འདོད་ཆགས་དང་། ངན་སེམས་རབ་ཏུ་སྲབས་པར་བྱེད་

དེ། གང་ཟག་འདི་ནི་ལན་ཅིག་ཕྱིར་འོང་བའོ། །དེ་ལམ་དེ་ཉིད་དེ་བས་ཀྱང་ཤིན་ཏུ་བསྒོམས་ནས། འདོད་པའི་འདོད་ཆགས་དང་། གནོད་སེམས་རབ་ཏུ་སྤོང་བ་ཐོབ་པར་བྱེད་དེ། གང་ཟག་འདི་ནི་ཕྱིར་མི་འོང་བའོ། །དེ་ལམ་དེ་ཉིད་དེ་བས་ཀྱང་

ཤིན་ཏུ་བསྒོམས་པས། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། མ་རིག་པ་དང་། ང་རྒྱལ་དང་། རྒོད་པ་རབ་ཏུ་སྤོང་སྟེ། གང་ཟག་འདི་ནི་དགྲ་བཅོམ་པའོ། །གང་ཟག་འདི་ནི་མཚན་མ་མེད་པ་ལ་གནས་པ་སྟེ། གང་ཟག་འདིའི་

དབང་པོ་ལྔ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པས་སྐྱེ་བར་འགྱུར་རོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་རོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་

Vol. 14 · folio 180b

བས་འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་བསྙེམས་པའི་ཀུན་ཏུ་སྦྱོར་བ་གསུམ་རབ་ཏུ་སྤོང་བར་འགྱུར་ཏེ། གང་ཟག་འདི་ནི་རྒྱུན་ཏུ་ཞུགས་པ་ཞེས་བྱའོ། །དེས་བསྒོམ་པའི་ལམ་རབ་ཏུ་ཐོབ་ནས། འདོད་པའི་འདོད་

ཆགས་དང་། ངན་སེམས་རབ་ཏུ་སྲབས་པར་བྱེད་དེ། གང་ཟག་འདི་ནི་ལན་ཅིག་ཕྱིར་འོང་བའོ། །དེ་ལམ་དེ་ཉིད་དེ་བས་ཀྱང་ཤིན་ཏུ་བསྒོམས་ནས། འདོད་པའི་འདོད་ཆགས་དང་། གནོད་སེམས་རབ་ཏུ་སྤོང་བ་ཐོབ་པར་བྱེད་དེ། གང་ཟག་འདི་ནི་ཕྱིར་མི་

འོང་བའོ། །དེ་ལམ་དེ་ཉིད་དེ་བས་ཀྱང་ཤིན་ཏུ་བསྒོམས་པས། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། མ་རིག་པ་དང་། ང་རྒྱལ་དང་། རྒོད་པ་རབ་ཏུ་སྤོང་སྟེ། གང་ཟག་འདི་ནི་དགྲ་བཅོམ་པའོ། །གང་ཟག་འདི་ནི་སྨོན་པ་མེད་པ་ལ་

གནས་པ་སྟེ། གང་ཟག་འདིའི་དབང་པོ་ལྔ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པས་སྐྱེ་བར་འགྱུར་རོ། །དབང་པོ་ལྔས་དེ་མ་ཐག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐག་པའི་ཏིང་ངེ་འཛིན་གྱིས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེ་བར་འགྱུར་རོ། །

རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་བསྙེམས་པའི་ཀུན་ཏུ་སྦྱོར་བ་གསུམ་རབ་ཏུ་སྤོང་བར་འགྱུར་ཏེ། གང་ཟག་འདི་ནི་རྒྱུན་ཏུ་ཞུགས་པ་ཞེས་བྱའོ། །དེས་བསྒོམ་པའི་ལམ་རབ་

ཏུ་ཐོབ་ནས། འདོད་པའི་འདོད་ཆགས་དང་། ངན་སེམས་རབ་ཏུ་སྲབས་པར་བྱེད་དེ། གང་ཟག་འདི་ནི་ལན་ཅིག་ཕྱིར་འོང་བའོ། །དེ་ལམ་དེ་ཉིད་དེ་བས་ཀྱང་ཤིན་ཏུ་བསྒོམས་ནས། འདོད་པའི་འདོད་ཆགས་དང་། གནོད་སེམས་རབ་ཏུ་སྤོང་བ་ཐོབ་པར་བྱེད་

དེ། གང་ཟག་འདི་ནི་ཕྱིར་མི་འོང་བའོ། །དེ་ལམ་དེ་ཉིད་དེ་བས་ཀྱང་ཤིན་ཏུ་བསྒོམས་པས། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། མ་རིག་པ་དང་། ང་རྒྱལ་དང་། རྒོད་པ་རབ་ཏུ་སྤོང་སྟེ། གང་ཟག་འདི་ནི་དགྲ་བཅོམ་པའོ།

Vol. 14 · folio 181a

ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཇི་ཡང་རུང་

སྟེ། ཀུན་འབྱུང་བའི་ཆོས་ཅན་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ནོ་ཞེས་བྱ་བར་ཤེས་པས། དད་པ་ལ་སྩོགས་པ་དབང་པོ་ལྔ་འཐོབ་པར་འགྱུར་ཏེ། འདི་ནི་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ། །

ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སེམས་དང་པོ་བསྐྱེད་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེའི་རྒྱུས་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་

དབང་པོ་དང་ལྡན་ཏེ། ཐབས་མཁས་པས་ཆེད་དུ་བསམས་ཏེ། ལུས་ཡོངས་སུ་འཛིན་པ་བྱེད་དོ། །དགེ་བའི་རྩ་བས་བརྟན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེའོ། །བྲམ་ཟེ་ཆེ་ཞིང་

མཐོ་བའི་རིགས་སུ་སྐྱེའོ། །ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེའོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ནང་དུ་སྐྱེའོ། །སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་སྐྱེའོ། །མཚེ་མའི་ལྷའི་ནང་དུ་སྐྱེའོ། །དགའ་ལྡན་གྱི་ལྷའི་ནང་དུ་སྐྱེའོ། །འཕྲུལ་དགའི་

ལྷའི་ནང་དུ་སྐྱེའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་དུ་སྐྱེའོ། །དེ་དེ་དག་ན་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་འགྱུར་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་དེ་དག་ལ་རིམ་གྲོ་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡང་

Vol. 14 · folio 181b

ཡོངས་སུ་དག་པར་བྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཡང་བསྙེན་བཀུར་བྱེད་པར་འགྱུར་རོ། །རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་པར་འགྱུར་རོ། །ཉན་ཐོས་ཀྱི་ས་འམ།

རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་ཏུ་ཕྱིར་ལྡོག་པར་མི་འགྱུར་རོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། ཤ་ར་དྭ་ཏིའི་བུ་

འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མིག་ཡོངས་སུ་དག་པའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །འདི་ནི་ལུང་མ་བསྟན་པའོ། །འདི་ནི་ངེས་པའོ། །འདི་ནི་མ་ངེས་པའོ། །འདི་ནི་ལུང་བསྟན་པར་འགྱུར་བའོ། །འདི་ནི་ལུང་བསྟན་པར་མི་འགྱུར་བའོ། །འདི་དག་ནི་ཕྱིར་མི་ལྡོག་པ་སྟེ། །དབང་པོ་ཐོབ་པའོ། །འདི་དག་ནི་

ཕྱིར་མི་ལྡོག་པ་མ་ཡིན་པ་སྟེ། དབང་པོ་མ་ཐོབ་པའོ། །འདི་ནི་མངོན་པར་ཤེས་པ་ཡོངས་སུ་རྫོགས་པའོ། །འདི་ནི་མངོན་པར་ཤེས་པ་ཡོངས་སུ་མ་རྫོགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་མངོན་པར་ཤེས་པ་ཡོངས་སུ་རྫོགས་པས་

ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་དོ།

ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་དོ། །

Vol. 14 · folio 182a

ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་

དང་། མཆོད་པ་བྱེད་དོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །རིམ་གྲོ་དང་། བཀུར་སྟི་དང་།

ཕུ་དུད་དང་། མཆོད་པ་བྱེད་དོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །རིམ་

གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་དོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་

པར་བྱེད་དོ། །རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་དོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་རྣམས་མཉེས་པར་བྱེད་དོ། །རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་དོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་དོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་

Vol. 14 · folio 182b

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་དོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་དུ་སོང་ཞིང་། དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་དོ། །འདིས་ནི་མངོན་པར་ཤེས་པ་ཐོབ་པར་འགྱུར་རོ། །འདིས་ནི་མངོན་པར་ཤེས་པ་

ཐོབ་པར་མི་འགྱུར་རོ། །འདི་ནི་བཟོད་པ་ཐོབ་པའོ། །འདི་ནི་བཟོད་པ་ཐོབ་པ་མ་ཡིན་ནོ། །འདི་ནི་དབང་པོ་ཐོབ་པའོ། །འདི་ནི་དབང་པོ་ཐོབ་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་

འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སྨོན་ལམ་ཆེན་པོ་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་འདི་ནི་སྨོན་ལམ་ཆེན་པོ་དང་མི་ལྡན་པའོ། །འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱས་སོ། །འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ནི་ཕྱོགས་བཅུའི་

འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་འདི་ལ་ལེགས་པ་བརྗོད་པ་མཛད་དོ། །འདི་ལ་ནི་ལེགས་པ་བརྗོད་པ་མི་མཛད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་སངས་རྒྱས་

བཅོམ་ལྡན་འདས་རྣམས་དང་ཉེ་བར་གནས་པར་འགྱུར་རོ། །འདི་དག་ནི་ཉེ་བར་གནས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བྱང་ཆུབ་ཐོབ་ནས་ཚེ་དཔག་ཏུ་མེད་པར་འགྱུར་རོ། འདིའི་ཚེ་ནི་དཔག་ཏུ་ཡོད་པར་འགྱུར་རོ།

Vol. 14 · folio 183a

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་འོད་དང་དབྱངས་དང་དགེ་སློང་གི་དགེ་འདུན་ནི་ཚད་མེད་པར་འགྱུར་རོ། །འདི་ནི་ཚད་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བླ་ན་མེད་

པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པར་འགྱུར་རོ། །འདི་ནི་ལྡན་པར་མི་འགྱུར་རོ། །འདི་ནི་དཀའ་བ་སྤྱོད་པར་འགྱུར་རོ། །འདི་ནི་སྤྱོད་པར་མི་འགྱུར་

རོ། །འདི་ནི་སྲིད་པ་ཐ་མ་པའོ། །འདི་ནི་སྲིད་པ་ཐ་མ་པ་མ་ཡིན་ནོ། །འདི་ནི་སྙིང་པོ་བྱང་ཆུབ་ལ་འདུག་པར་འགྱུར་རོ། །འདི་ནི་འདུག་པར་མྱི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ལ་ནི་བདུད་ཡོད་པར་མི་འགྱུར་རོ། །འདི་དག་ལ་ནི་

བདུད་ཡོད་པར་འགྱུར་རོ། །ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟར་ན་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཀྱི་མྱིག་ཡོངས་སུ་དག་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

སངས་རྒྱས་ཀྱི་མིག་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ། །དེ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་ཡིན། མི་འཇིགས་པ་བཞི་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ། བཅྭོ་བརྒྱད་དང་ལྡན་པ་ཡིན། བྱམས་པ་ཆེན་པོ་

དང་ལྡན་པ་ཡིན། སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན། དགའ་བ་ཆེན་པོ་དང་ལྡན་པ་ཡིན། བཏང་སྙོམས་ཆེན་པོ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་རྣམ་པར་ཐར་པ་བསྒྲིབས་པ་མེད་པ་དང་ལྡན་པ་ཡིན། དེ་ནི་དེའི་མྱིག་སྟེ།

Vol. 14 · folio 183b

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱིག་དེ་དང་ལྡན་པས། རྣམ་པ་ཐམས་ཅད་དུ་མ་མཐོང་བ་འམ། མ་ཐོས་པ་འམ། མ་ཤེས་པ་འམ། ཁོང་དུ་མ་ཆུད་པ་གང་ཡང་མེད་དེ། ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་སངས་རྒྱས་ཀྱི་མྱིག་ཡོངས་སུ་དག་པའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱིག་ལྔ་ཡོངས་སུ་སྦྱང་བར་འདོད་པ་དང་། ཐོབ་པར་འདོད་པས་

ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་དགེ་བའི་ཆོས་ཐམས་ཅད་མ་འདུས་པ་མྱེད་དེ། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་།

སངས་རྒྱས་ཀྱི་ཆོས་ཐམས་ཅད་མ་འདུས་པ་མེད་དོ། །ཤ་ར་དྭ་ཏིའི་བུ་ལ་ལ་ཞིག་ཡང་དག་པར་སྨྲ་བས། དགེ་བའི་ཆོས་ཐམས་ཅད་འདུས་ཞེས་བརྗོད་པ་ཞིག་ཏུ་དགོས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྨྲ་བས་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་

ན། ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིག་ལྔ་སྐྱེད་པའོ། །མིག་ལྔ་པོ་དེ་དག་ལ་བསླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཤ་ར་དྭ་

ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་འཐོབ་སྟེ། དེ་རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། །དེ་ནི་ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་

བར་བྱེད་དོ། །གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ། །མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་རོ། །སྣང་བ་དང་། མི་སྣང་བ་ཡང་ཉམས་སུ་མྱོང་བར་བྱེད་དོ། །རྩེག་པ་ལས་ཐལ་བ་དང་། རབ་ལས་ཐལ་བ་དང་། རི་ལས་ཐལ་བར་ཐོགས་པ་མེད་པའི་ལུས་ཀྱིས་

Vol. 14 · folio 184a

འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་གྱེན་དུ་འབྱུང་བ་དང་། འོག་ཏུ་འཛུལ་བ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །

ཆུ་ལ་ཡང་འབྱིང་བ་མེད་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །དུ་བར་འཐུལ་ཞིང་མྱེར་འབར་ཏེ། དཔེར་ན་མྱེའི་ཕུང་པོ་ཆེན་པོ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ལ་འདི་ལྟར་མཐུ་ཆེ་ཞིང་འདི་ལྟར་དབང་ཆེ་བ་དག་ཀྱང་ལག་པས་

བྱུགས་ཤིང་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་ཏེ། རྫུ་འཕྲུལ་དེས་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར་དེས་རྫུ་འཕྲུལ་གང་

གིས་རློམ་སེམས་སུ་འགྱུར་བའི་རྫུ་འཕྲུལ་དེ་ལྟ་བུ་མྱི་དམིགས་ཏེ། དེ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་རྫུ་འཕྲུལ་ལམ་རྫུ་འཕྲུལ་མངོན་པར་བསྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྣམ་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་མྱི་ལས་འདས་པས་ལྷ་དང་མྱི་གཉིས་ཀའི་སྒྲ་ཐོས་ཏེ།

ལྷའི་རྣ་བའི་ཁམས་དེས་བདག་ནི་སྒྲ་ཉན་ཅེས་བྱ་བར་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ནི་འདི་ལྟར་དེས་རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར། རྣ་བ་དང་སྒྲར་དམྱིགས་པ་མྱེད་དོ། དེ་ཐམས་ཅད་མཁྱེན་པ་

ཉིད་ཡིད་ལ་བྱ་བ་མ་གཏོགས་པར་ལྷའི་རྣ་བའི་ཁམས་ལ་བསམ་པ་ཙམ་ཡང་མྱི་སྐྱེད་དོ། །དེ་ལྟར་ན་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྷའི་རྣ་བའི་ཁམས་མངོན་དུ་བྱ་བའི་མངོན་པར་

Vol. 14 · folio 184b

ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེས་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་ལྡན་པའི་སེམས་ལ་འདོད་ཆགས་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་

དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་ལྡན་པའི་སེམས་ལ་ཞེ་སྡང་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་

པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བྲལ་བའི་སེམས་ལ་ཞེ་སྡང་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་ལྡན་པའི་སེམས་ལ་གཏི་མུག་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་

བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་བྲལ་བའི་སེམས་ལ་གཏི་མུག་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་དང་ལྡན་པའི་སེམས་ལ་སྲེད་པ་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་

དུ་རབ་ཏུ་ཤེས་སོ། །སྲེད་པ་དང་བྲལ་བའི་སེམས་ལ་སྲེད་པ་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་དང་བཅས་པའི་སེམས་ལ་ཉེ་བར་ལེན་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་

དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་མྱེད་པའི་སེམས་ལ་ཉེ་བར་ལེན་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་ནས་འདུས་པའི་སེམས་ལ་ཀུན་ནས་འདུས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་

ཤེས་སོ། །རྣམ་པར་འཕྲོས་པའི་སེམས་ལ་རྣམ་པར་འཕྲོས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྒྱ་ཆུང་བའི་སེམས་ལ་རྒྱུ་ཆུང་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྒྱ་ཆེ་བའི་སེམས་

Vol. 14 · folio 185a

ལ་རྒྱ་ཆེ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡངས་པའི་སེམས་ལ་ཡངས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆེ་བར་གྱུར་པའི་སེམས་ལ་ཆེ་བར་གྱུར་པའི་

སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚད་མེད་པའི་སེམས་ལ་ཚད་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་བཞག་པའི་སེམས་ལ་མཉམ་པར་བཞག་པའི་སེམས་ཞེས་བྱ་བར་ཡང་དག་

པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་མ་བཞག་པའི་སེམས་ལ་མཉམ་པར་མ་བཞག་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་གྲོལ་བའི་སེམས་ལ་རྣམ་པར་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་

བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་མ་གྲོལ་བའི་སེམས་ལ་རྣམ་པར་མ་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་དང་བཅས་པའི་སེམས་ལ་ཟག་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་

རབ་ཏུ་ཤེས་སོ། །ཟག་པ་མེད་པའི་སེམས་ལ་ཟག་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་དང་བཅས་པའི་སེམས་ལ་ཉོན་མོངས་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་

ཤེས་སོ། །ཉོན་མོངས་པ་མེད་པའི་སེམས་ལ་ཉོན་མོངས་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་ཡོད་པའི་སེམས་ལ་བླ་ན་ཡོད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་མེད་པའི་

སེམས་ལ་བླ་ན་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། གཞན་གྱི་སེམས་ཤེས་པ་དེས་རློམ་སེམས་སུ་འགྱུར་བའང་མེད་དོ། །དེ་ནི་འདི་ལྟར་སེམས་དེ་ཉིད་བསམ་གྱིས་མྱི་ཁྱབ་པའི་ཕྱིར་ཏེ། དེ་ནི་བདག་གིས་ཤེས་སོ་ཞེས་བྱ་

Vol. 14 · folio 185b

བར་རློམ་སེམས་མེད་དོ། །འདི་ལྟར་རང་བཞིན་སྟོང་པ་དང་རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར། གང་གིས་རློམ་སེམས་སུ་འགྱུར་བ་དེ་ལྟ་བུའི་སེམས་མི་དམིགས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་སེམས་

ཤེས་པར་བྱ་བའི་བསམ་པ་འམ། སེམས་ཤེས་པ་མངོན་པར་སྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་ཐམས་ཅད་

ཀྱི་སེམས་དང་། སྤྱོད་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་ཏུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་རྣམ་པ་དུ་མ་མངོན་པར་སྒྲུབ་སྟེ། སེམས་གཅིག་ཀྱང་རྗེས་སུ་

དྲན་པ་ནས། སེམས་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །ཉི་མ་གཅིག་ཀྱང་རྗེས་སུ་དྲན་པ་ནས་ཉི་མ་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །ཟླ་བ་གཅིག་རྗེས་སུ་དྲན་པ་ནས་ཟླ་བ་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །ལོ་གཅིག་རྗེས་སུ་དྲན་པ་ནས་ལོ་བརྒྱའི་བར་

དུ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་གཅིག་རྗེས་སུ་དྲན་པ་ནས་བསྐལ་པ་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བརྒྱ་ཕྲག་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་སྟོང་ཕྲག་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བརྒྱ་སྟོང་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་

པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡང་རྗེས་སུ་དྲན་ཏེ། བདག་ནི་དེ་ལྟ་བུ་ཞིག་ན་འདུག་འདུག་སྟེ། མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཡུན་ནི་འདི་སྲིད་ཅིག་ཏུ་འདུག་འདུག །ཚེའི་མཐའ་ནི་འདི་ཙམ་ཞིག་

ཏུ་གྱུར་ཏེ། དེ་ལྟར་བདག་དེ་ནས་ཤི་འཕོས་ནས། ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་བྱ་བའི་བར་དུ་རྣམ་པ་དང་བཅས་གཏན་ཚིགས་དང་བཅས་དོན་རྟགས་དང་བཅས་པར་བདག་དང་གཞན་གྱི་སྔོན་གྱི་

Vol. 14 · folio 186a

གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ནི་འདི་ལྟར་ཡེ་ཤེས་དེ་ཡེ་ཤེས་མ་ཡིན་ཏེ། བསམ་གྱིས་མི་ཁྱབ་

པའི་ཕྱིར་རོ། །དེ་ནི་བདག་གིས་རབ་ཏུ་ཤེས་སོ་ཞེས་བྱ་བར་རློམ་སེམས་མེད་དེ། །འདི་ལྟར་དེས་ཡེ་ཤེས་དེ་ཉིད་ཀྱང་རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར། གང་གིས་རློམ་སེམས་སུ་འགྱུར་བ་དེ་ལྟ་བུའི་ཡེ་ཤེས་མི་

དམྱིགས་སོ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་རྗེས་སུ་དྲན་པའི་ཡེ་ཤེས་ཀྱི་དོན་དུ་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །

སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་ནི་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས། སེམས་ཅན་འཆི་འཕོ་བ་དང་། སྐྱེ་བོ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མི་སྡུག་པ་དང་བཟང་བ་དང་།

ངན་པ་དང་། ངན་སོང་ན་གནས་པ་དང་། བདེ་འགྲོ་ན་གནས་པ་དག་ཀྱང་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན། ངག་གིས་ངན་དུ་སྤྱོད་པ་དང་། ཡིད་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ལོག་

པར་ལྟ་བ་རྣམས་ཏེ། དེའི་རྒྱུ་དེའི་རྐྱེན་ཀྱིས་ལུས་ཞིག་ནས། ངན་སོང་དང་། ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེའོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན། ངག་གིས་ལེགས་པར་སྤྱོད་པ་དང་། ཡིད་ཀྱིས་

ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་མྱི་འདེབས་པ། ཡང་དག་པར་ལྟ་བ་རྣམས་ཏེ། དེའི་རྒྱུ་དེའི་རྐྱེན་ཀྱིས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟར་ཕྱོགས་བཅུ་ཀུན་གྱི་

Vol. 14 · folio 186b

འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་དག་གི་འགྲོ་བ་དྲུག་ཏུ་གཏོགས་པ་རྣམས་ཀྱི་སྐྱེ་བ་དང་། འཆི་འཕོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ནི་འདི་ལྟར་

མྱིག་དེ་མྱིག་མ་ཡིན་ཞིང་བསམ་གྱིས་མྱི་ཁྱབ་པའི་ཕྱིར་ཏེ། དེ་བདག་གིས་མཐོང་ངོ་ཞེས་བྱ་བར་རློམ་སེམས་མེད་དོ། །དེ་ཡང་འདི་ལྟར་རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བའི་མྱིག་དེ་

ལྟ་བུ་དེས་མྱི་དམྱིགས་ཏེ། དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་ལྷའི་མིག་གི་བསམ་པ་འམ། ལྷའི་མྱིག་མངོན་པར་བསྒྲུབ་པའི་བསམ་པ་ཙམ་ཡང་མྱི་སྐྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ལྷའི་མྱིག་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་ནི་ཟག་པ་ཟད་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་ཀྱང་ཉན་ཐོས་ཀྱི་ས་འམ། རང་སངས་

རྒྱས་ཀྱིས་ཐོབ་པར་མི་བྱེད་དོ། །གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་དེ་ལྟ་བུའི་ཆོས་ཀྱང་གང་ཡང་མི་མཐོང་ངོ་། །དེ་མངོན་པར་ཤེས་པ་དེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་བྱས་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་

མོངས་པ་ཐམས་ཅད་རབ་ཏུ་སྤོང་བར་བྱེད་དེ། ཟག་པ་ཟད་པ་མངོན་དུ་བྱ་བ་མངོན་པར་ཤེས་པ་དེས་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ནི་འདི་ལྟར་ཡེ་ཤེས་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། དེ་བདག་གིས་རབ་ཏུ་ཤེས་སོ་ཞེས་བྱ་བར་རློམ་

སེམས་མྱེད་དེ། དེ་ཡང་འདི་ལྟར་རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བའི་ཟག་པ་ཟད་པའི་ཡེ་ཤེས་མངོན་དུ་བྱ་བའི་མངོན་པར་ཤེས་པ་དེ་ལྟ་བུ་མྱི་དམྱིགས་སོ། །དེ་ནི་ཐམས་ཅད་

Vol. 14 · folio 187a

མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར། ཟག་པ་ཟད་པའི་ཡེ་ཤེས་ཀྱི་བསམ་པ་འམ་ཟག་པ་ཟད་པ་མངོན་དུ་བྱ་བའི་ཡེ་ཤེས་མངོན་པར་བསྒྲུབ་པའི་བསམ་པ་ཙམ་ཡང་མྱི་སྐྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཟག་པ་ཟད་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་བསྒྲུབ་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་

ལྟར་སྤྱོད་ཅིང་། མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་རྣམ་པར་འཕེལ་ལོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ཆགས་པ་མེད་པའི་སེམས་ཉེ་བར་བཟུང་བས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ལྟུང་བ་བྱ་བ་མེད་པ་ཉེ་བར་བཟུང་བས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་

དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་མྱི་འཁྲུག་པ་ཉེ་བར་བཟུང་

བས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། མཐའ་

Vol. 14 · folio 187b

ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར་ལུས་དང་སེམས་ཀྱི་བརྩོན་འགྲུས་མི་གཞིག་པ་ཉེ་བར་བཟུང་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། འཁྲུག་པ་མེད་པའི་སེམས་ཉེ་བར་བཟུང་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། ཤེས་རབ་འཆལ་པའི་སེམས་མི་དམིགས་པ་ཉེ་བར་བཟུང་བས་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་

ཕྱིར་འོང་བ་མེད་པ་དང་། འགྲོ་བ་མེད་པ་ཉེ་བར་བཟུང་བ་དང་། ཡོངས་སུ་འཛིན་པ་མེད་པ་ཉེ་བར་བཟུང་བས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཡོངས་སུ་སྦྱོང་བ་ཡིན་ནོ། །དེ་ལ་སྦྱིན་པ་ནི་ཡོངས་སུ་འཛིན་པ་ཉེ་བར་བཟུང་བ་ལས་གདགས་སོ། །ཚུལ་

ཁྲིམས་ནི་ཚུལ་ཁྲིམས་ངན་པ་ཉེ་བར་བཟུང་བ་ལས་གདགས་སོ། །བཟོད་པ་ནི་འཁྲུག་པ་ཉེ་བར་བཟུང་བ་ལས་གདགས་སོ། །བརྩོན་འགྲུས་ནི་ལེ་ལོ་ཉེ་བར་བཟུང་བ་ལས་གདགས་སོ། །ཏིང་ངེ་འཛིན་ནི་མཉམ་པར་མ་བཞག་པ་ཉེ་བར་བཟུང་བ་ལས་གདགས་སོ། །

ཤེས་རབ་ནི་ཤེས་རབ་འཆལ་པ་ཉེ་བར་བཟུང་བ་ལས་གདགས་ཏེ། དེ་ནི་རྒལ་ཏོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །མ་རྒལ་ཏོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །སྦྱིན་པ་བྱེད་དོ་ཞེས་བྱ་བར་རློམ་སེམས་མེད་དོ། །སྦྱིན་པ་མི་བྱེད་དོ་ཞེས་བྱ་བར་རློམ་སེམས་མེད་དོ། །

Vol. 14 · folio 188a

ཚུལ་ཁྲིམས་དང་ལྡན་ནོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །ཚུལ་ཁྲིམས་ངན་པ་ཅན་ནོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །བཟོད་པ་ཕུན་སུམ་ཚོགས་སོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །ཁྲོ་བ་ཅན་ནོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །

བརྩོན་འགྲུས་བརྩམས་པའོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །ལེ་ལོ་ཅན་ནོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །མཉམ་པར་བཞག་པའོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །མཉམ་པར་མ་བཞག་པའོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །ཤེས་རབ་དང་ལྡན་

ནོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །ཤེས་རབ་འཆལ་པ་ཅན་ནོ་ཞེས་བྱ་བར་རློམ་སེམས་མེད་དོ། །སྤྱོས་སོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །རིམ་གྲོ་བྱས་སོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །རིམ་གྲོ་

མ་བྱས་སོ་ཞེས་བྱ་རབ་རློམ་སེམས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་མ་སྐྱེས་པ་ནི་སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །རིམ་གྲོ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །རིམ་གྲོ་མ་

བྱས་སོ་ཞེས་བྱ་བར་རློམ་སེམས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རློམ་སེམས་ཐམས་ཅད་ཡང་དག་པར་གཅོད་པའི་ཕྱིར་ཏེ། འདི་ལ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་ཚེ། ཡོན་ཏན་ཇི་སྙེད་ཅིག་ཡོད་པ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་དེ། དེ་ཡོན་ཏན་འདི་དག་ཡོངས་སུ་རྫོགས་པར་བྱེད་པའི་ཚེ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་

ཡང་ཡོངས་སུ་དག་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་བྱེད་དོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ལ་སྙོམས་པའི་

Vol. 14 · folio 188b

སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་ནས། ཆོས་ཐམས་ཅད་མཉམ་པ་ཉིད་རབ་ཏུ་འཐོབ་བོ། །ཆོས་ཐམས་ཅད་མཉམ་པ་ཉིད་རབ་ཏུ་ཐོབ་ནས། ཆོས་ཐམས་ཅད་མཉམ་པ་ཉིད་ལ་སེམས་ཅན་ཐམས་ཅད་རབ་ཏུ་འགོད་

དོ། །དེ་ནི་ཚེ་འདི་ཉིད་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་སུ་བྱོན་ཅིང་དབེན་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡིད་དུ་འོང་ཞིང་དབེན་པར་བྱ་

བ་ཡིན། །དེ་ནི་སྐྱེ་བ་གང་དང་གང་དུ་སྐྱེས་ཀྱང་། དེ་དང་དེ་དག་ཏུ་ནམ་ཡང་མྱིག་གིས་ཡིད་དུ་མི་འོང་བའི་གཟུགས་མྱི་མཐོང་ངོ་། །རྣ་བས་ཡིད་དུ་མྱི་འོང་བའི་སྒྲ་མྱི་ཐོས་སོ། །སྣས་ཡིད་དུ་མྱི་འོང་བའི་དྲི་མྱི་ཚོར་རོ། །ལྕེས་ཡིད་དུ་མྱི་འོང་བའི་རོ་མྱི་མྱོང་ངོ་། །

ལུས་ཀྱིས་ཡིད་དུ་མྱི་འོང་བའི་རེག་བྱ་མྱི་རེག་གོ །ཡིད་ཀྱིས་ཡིད་དུ་མྱི་འོང་བའི་ཆོས་རྣམ་པར་རིག་པ་མྱེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམ་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བསྟན་པའི་ཚེ། དགེ་སློང་སུམ་བརྒྱས་གོས་གྱོན་གྱོན་པ་བཅོམ་ལྡན་འདས་ལ་ཡོན་དུ་གསོལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་

ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞལ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་

འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་

Vol. 14 · folio 189a

པ་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་ཀྱིས་ཞལ་འཛུམ་པ་མཛད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་སུམ་བརྒྱ་པོ་འདི་དག་

ནི་བསྐལ་པ་དྲུག་ཅུ་རྩ་གཅིག་འདས་ནས། བསྐལ་པ་དཔེ་སྐར་མ་ལྟ་བུ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཆེན་པོ་ཞེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་ངོ་། འདི་དག་ནི་འདི་ནས་ཤི་འཕོས་ནས། དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱི་སྒུལ་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེའོ། །འདོད་པ་ན་སྤྱོད་པའི་ལྷའི་བུ་སྟོང་ཕྲག་དྲུག་ཅུས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་ཀྱང་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཉེས་པར་བྱེད་པར་འགྱུར་རོ། །དེ་ཉིད་དུ་རབ་ཏུ་བྱུང་ནས་ཚངས་པའི་སྤྱད་པ་སྤྱོད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་བྱམས་པ་དེས་ཀྱང་། དེ་དག་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་མཐུས་དེའི་ཚེ་འཁོར་བཞི་པོ་དེ་དག་ནི་འདི་ན་འཁོད་བཞིན་དུ། ཤར་ཕྱོགས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །

ནུབ་ཕྱོགས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །བྱང་ཕྱོགས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །ལྷོ་

ནུབ་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །འོག་གི་ཕྱོགས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་སྟོང་མཐོང་བར་གྱུར་ཏོ། །

Vol. 14 · folio 189b

འཇིག་རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་གང་ཇི་ལྟ་བུར་མཐོང་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་རྣམ་པར་ཕྱེ་བ་དེ་དག་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་ཡོད་པར་མ་མཐོང་ངོ་། །དེ་ནས་

འཁོར་དེའི་ནང་ནས། སྲོག་ཆགས་སྟོང་ཕྲག་བཅུས་བདག་ཅག་གིས་ལས་གང་བྱས་པས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་ལས་སྤྱད་པར་བྱའོ་ཞེས་སྨོན་ལམ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་གི་བསམ་པ་ཐུགས་

སུ་ཆུད་ནས། ཞལ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་

ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་པ་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་ཀྱིས་ཞལ་འཛུམ་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་

སྟོང་ཕྲག་བཅུ་པོ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་སྟོང་ཕྲག་བཅུ་པོ་འདི་དག་ནི་འདི་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་རོ། །དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ཡང་ནམ་དུ་ཡང་མི་འབྲལ་ཏེ། ཕྱི་མའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱན་གྱི་རྒྱལ་པོ་ཞེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་འགྱུར་

རོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་ཆེན་པོའི་བུ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་བཤེས་པའི་བུ་གང་པོ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། དགེ་སློང་གཞན་དག་ཀྱང་ཀུན་གྱིས་མངོན་པར་ཤེས་པ་

Vol. 14 · folio 190a

ཤིན་ཏུ་མང་བ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་མང་བ་དག་དང་། དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་ཤིན་ཏུ་མང་བ་དག་གིས། བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡངས་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་བོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་

ཕྱིན་པ་ཕུལ་ལོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གོ །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྱ་ནོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟང་པོའོ། །བཅོམ་ལྡན་

འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མ་མཆིས་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་

Vol. 14 · folio 190b

སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟག་ན་མ་མཆིས་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་མ་མཆིས་པའོ། །བཅོམ་ལྡན་འདས་འདི་

ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་མཉམ་པ་དང་མཉམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲ་བ་མ་མཆིས་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚུངས་པ་མ་མཆིས་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་གི་མཚན་ཉིད་

སྟོང་པ་ཉིད་དོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་

ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་ཐམས་ཅད་དང་ལྡན་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ།

Vol. 14 · folio 191a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐུག་པ་མ་མཆིས་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་མི་མཉམ་པ་དང་མཉམ་པའི་སྦྱིན་པ་ཡོངས་སུ་བཏང་ངོ་། །ཡོངས་སུ་གཏོང་ངོ་། །ཡོངས་སུ་གཏོང་བར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་

གྱུར་ཏོ། ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་མི་མཉམ་པ་དང་མཉམ་པའི་ཚུལ་ཁྲིམས་བསྲུངས་སོ། །

སྲུང་ངོ་། །སྲུང་བར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པར་གྱུར་

ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་

སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་མི་མཉམ་པ་དང་མཉམ་པའི་བཟོད་པ་བསྒོམས་སོ། །སྒོམ་མོ། །སྒོམ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །

Vol. 14 · folio 191b

ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དེའི་སླད་དུ་མྱི་མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་མི་མཉམ་པ་དང་མཉམ་པའི་བརྩོན་འགྲུས་བརྩམས་སོ། །

རྩོམ་མོ། །རྩོམ་པར་འགྱུར་རོ། །དེའི་སླད་དུ་མྱི་མཉམ་པ་དང་མཉམ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ལས་ཐོབ་

པར་ཀྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་མྱི་མཉམ་པ་དང་མཉམ་པའི་བསམ་གཏན་བསྐྱེད་དོ། །སྐྱེད་དོ། །སྐྱེད་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་

སུ་རྫོགས་པར་གྱུར་ཏོ། །ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བླ་

ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནི་མི་མཉམ་པ་དང་མཉམ་པའི་ཤེས་

Vol. 14 · folio 192a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་སོ། །སྒོམ་མོ། །སྒོམ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་

འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དེའི་སླད་དུ་མྱི་མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་

པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས་མྱི་མཉམ་པ་དང་མཉམ་པའི་གཟུགས་ཐོབ་པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་ཚོར་བ་ཐོབ་པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་འདུ་ཤེས་ཐོབ་པར་

གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་འདུ་བྱེད་ཐོབ་པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་རྣམ་པར་ཤེས་པ་ཐོབ་པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་ནས། མྱི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་

བར་གྱུར་ཏོ། །འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས། མྱི་མཉམ་པ་དང་མཉམ་པའི་གཟུགས་ཐོབ་པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་ཚོར་བ་ཐོབ་པར་གྱུར་ཏོ། །མྱི་མཉམ་པ་

དང་མཉམ་པའི་འདུ་ཤེས་ཐོབ་པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་འདུ་བྱེད་ཐོབ་པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་རྣམ་པར་ཤེས་པ་ཐོབ་པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་ནས། མྱི་མཉམ་པ་དང་

མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཏོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས། མྱི་མཉམ་པ་དང་མཉམ་པའི་གཟུགས་ཐོབ་པར་འགྱུར་རོ། །མྱི་མཉམ་པ་དང་མཉམ་པའི་

Vol. 14 · folio 192b

ཚོར་བ་ཐོབ་པར་འགྱུར་རོ། །མྱི་མཉམ་པ་དང་མཉམ་པའི་འདུ་ཤེས་ཐོབ་པར་འགྱུར་རོ། །མྱི་མཉམ་པ་དང་མཉམ་པའི་འདུ་བྱེད་ཐོབ་པར་འགྱུར་རོ། །མྱི་མཉམ་པ་དང་མཉམ་པའི་རྣམ་པར་ཤེས་པ་ཐོབ་པར་འགྱུར་རོ། །མྱི་མཉམ་པ་དང་མཉམ་པའི་བྱང་ཆུབ་

ཏུ་མངོན་པར་བྱང་ཆུབ་ནས། མྱི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས། མྱི་མཉམ་པ་དང་མཉམ་པའི་གཟུགས་

ཐོབ་པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་ཚོར་བ་ཐོབ་པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་འདུ་ཤེས་ཐོབ་པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་འདུ་བྱེད་ཐོབ་པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་རྣམ་པར་ཤེས་པ་ཐོབ་

པར་གྱུར་ཏོ། །མྱི་མཉམ་པ་དང་མཉམ་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་ནས། མི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཏོ། །དེ་ལྟ་ལགས་པས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་

ཀྱི་ཕ་རོལ་ཏུ་ཕྱིན་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་

བཅས་པས། ཕྱག་བགྱི་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་

ཀྱི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དག་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པས། ཕྱག་བྱ་བར་འོས་པའོ། །དེ་ཅིའི་ཕྱིར་

Vol. 14 · folio 193a

ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། མིའི་འཇིག་རྟེན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ལྷའི་འཇིག་རྟེན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་དག་འཇིག་རྟེན་དུ་

འབྱུང་བར་འགྱུར་རོ། །བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་དག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་དག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱལ་ཆེན་

བཞིའི་རིས་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མཆེ་མའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགའ་ལྡན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕྲུལ་

དགའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་རིས་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་

པ་ཀུན་འཁོར་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་ཆེན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྣང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆུང་སྣང་གི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མེད་སྣང་བའི་

ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀུན་སྣང་དང་པའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆུང་དགེའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མེད་དགེ་བའི་ལྷ་

རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། དགེ་རྒྱས་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆུང་ཆེའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མེད་ཆེ་བའི་ལྷ་རྣམས་འཇིག་

Vol. 14 · folio 193b

རྟེན་དུ་འབྱུང་བར་འགྱུར་རོ། །འབྲས་བུ་ཆེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མྱི་ཆེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མྱི་གདུང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་འཇིག་

རྟེན་དུ་འབྱུང་བར་འགྱུར་རོ། །གྱ་ནོམ་སྣང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འོག་མིན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱུན་ཏུ་ཞུགས་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ལན་ཅིག་ཕྱིར་འོང་བ་རྣམས་འཇིག་རྟེན་དུ་

འབྱུང་བར་འགྱུར་རོ། །ཕྱིར་མྱི་འོང་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགྲ་བཅོམ་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། བཟའ་བ་དང་། བཏུང་བ་དང་།

བཞོན་པ་དང་། གོས་དང་། མལ་ཆ་དང་། ཁྱིམ་དང་། འཚོ་བ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་དག་སེམས་ཅན་རྣམས་ཀྱི་བདེ་བའི་ཡོ་

བྱད་མྱིའི་རྐྱེན་དང་། ལྷ་རྫས་སུ་བྱ་བ་འམ། ཡང་དག་པར་བྲལ་བའི་བདེ་བ་ཡང་རུང་སྟེ། དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་བྱང་ཆུབ་སེམས་

དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཏེ། བདག་སྦྱིན་པ་ཡོངས་སུ་གཏོང་ཞིང་གཞན་ཡང་སྦྱིན་པ་ལ་སྦྱོར་རོ། །བདག་ཚུལ་ཁྲིམས་སྲུང་ཞིང་། གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །བདག་བཟོད་པ་

Vol. 14 · folio 194a

སྒོམ་ཞིང་གཞན་ཡང་བཟོད་པ་ལ་སྦྱོར་རོ། །བདག་བརྩོན་འགྲུས་རྩོམ་ཞིང་གཞན་ཡང་བརྩོན་འགྲུས་ལ་སྦྱོར་རོ། །བདག་བསམ་གཏན་སྐྱེད་ཅིང་གཞན་ཡང་བསམ་གཏན་ལ་སྦྱོར་རོ། །བདག་ཤེས་རབ་སྒོམ་ཞིང་གཞན་ཡང་

ཤེས་རབ་སྒོམ་པ་ལ་སྦྱོར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ཅིང་། སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དེ། དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་

པ་ཐམས་ཅད་འཐོབ་བོ། །རིགས་ཀྱི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་པའི་དོན་ཏུ་ཞུགས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་

སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་མཛད་དོ། །དེ་ནས་དེའི་ཚེ་ལྗགས་ཀྱི་དབང་པོ་དེ་ལས་འོད་འཕྲོ་བ་ཁ་དོག་དུ་མ་དང་། ཁ་དོག་སྣ་ཚོགས་སུ་ལྡན་པ་མང་པོ་བྱུང་བར་གྱུར་ཏོ། །དེ་བྱུང་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་

ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་པར་གྱུར་ཏོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་པར་གྱུར་ཏོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་

པར་གྱུར་ཏོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་པར་གྱུར་ཏོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་པར་གྱུར་ཏོ། །ཤར་ལྷོའི་ཕྱོགས་

མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་པར་གྱུར་ཏོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་པར་གྱུར་ཏོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་

Vol. 14 · folio 194b

རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་པར་གྱུར་ཏོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་རྒྱས་པར་གྱུར་ཏོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་

པོས་རྒྱས་པར་གྱུར་ཏོ། །དེ་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་འོད་རྣམ་པར་ཕྱེ་བ་དེ་མཐོང་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་བཅོམ་

ལྡན་འདས་ལ་ཞུས་ཏེ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་དག་སྣང་བ་ཆེན་པོས་བལྟམ་པ་འདི་སུའི་མཐུ་ལགས་ཞེས་ཡོངས་སུ་དྲིས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནི་

ནུབ་ཕྱོགས་ལོགས་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་ནས།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་འདི་དག་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་

སྙེད་པོ་དེ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་འོད་རྣམ་པར་ཕྱེ་བ་དེ་མཐོང་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཏེ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་དག་སྣང་བ་ཆེན་

པོས་བལྟམ་པ་འདི་སུའི་མཐུ་ལགས་ཞེས་ཡོངས་སུ་དྲིས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནི་བྱང་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་

Vol. 14 · folio 195a

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་འདི་དག་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་འོད་

རྣམ་པར་ཕྱེ་བ་དེ་མཐོང་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཏེ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་དག་སྣང་བ་ཆེན་པོས་བལྟམ་པ་འདི་སུའི་མཐུ་ལགས་ཞེས་ཡོངས་སུ་དྲིས་སོ། །

སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནི་ཤར་ཕྱོགས་ལོགས་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་

ཞེས་བྱ་བ་བཞུགས་ཏེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་འདི་དག་སྣང་བ་ཆེན་

པོས་ཁྱབ་པར་མཛད་དོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་འོད་རྣམ་པར་ཕྱེ་བ་དེ་མཐོང་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་བཅོམ་ལྡན་འདས་

ལ་ཞུས་ཏེ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་དགེ་སྣང་བ་ཆེན་པོས་བལྟམ་པ་འདི་སུའི་མཐུ་ལགས་ཞེས་ཡོངས་སུ་དྲིས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནི་ལྷོ་ཕྱོགས་

Vol. 14 · folio 195b

ལོགས་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་ནས། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་འདི་དག་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་

སྙེད་པོ་དེ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་འོད་རྣམ་པར་ཕྱེ་བ་དེ་མཐོང་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཏེ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་དག་སྣང་བ་ཆེན་

པོས་བལྟམ་པ་འདི་སུའི་མཐུ་ལགས་ཞེས་ཡོངས་སུ་དྲིས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནི་ལྷོ་ནུབ་ཀྱི་ཕྱོགས་མཚམས་ལོགས་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་

པའི་ཕྱིར། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་འདི་དག་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་

འོད་རྣམ་པར་ཕྱེ་བ་དེ་མཐོང་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཏེ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་དག་སྣང་བ་ཆེན་པོས་བལྟམ་པ་འདི་སུའི་མཐུ་ལགས་ཞེས་ཡོངས་སུ་དྲིས་སོ། །སངས་

Vol. 14 · folio 196a

རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནི་ནུབ་བྱང་གི་ཕྱོགས་མཚམས་ལོགས་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་

པོ་འདི་དག་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་འོད་རྣམ་པར་ཕྱེ་བ་དེ་མཐོང་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་

གི་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཏེ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་དག་སྣང་བ་ཆེན་པོས་བལྟམ་པ་འདི་སུའི་མཐུ་ལགས་ཞེས་ཡོངས་སུ་དྲིས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་

བུ་དག་འདི་ནི་བྱང་ཤར་གྱི་ཕྱོགས་མཚམས་ལོགས་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་

པོ་བཀྲམ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་འདི་དག་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་

རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་འོད་རྣམ་པར་ཕྱེ་བ་དེ་མཐོང་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཏེ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་

Vol. 14 · folio 196b

ཁམས་འདི་དག་སྣང་བ་ཆེན་པོས་བལྟམ་པ་འདི་སུའི་མཐུ་ལགས། ཞེས་ཡོངས་སུ་དྲིས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནི་ཤར་ལྷོའི་ཕྱོགས་མཚམས་ལོགས་ན་འཇིག་རྟེན་གྱི་ཁམས་མྱི་མཇེད་ཅེས་བྱ་

བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་འདི་དག་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དག་གིས་འོད་རྣམ་པར་ཕྱེ་བ་དེ་མཐོང་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཏེ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་དག་སྣང་བ་ཆེན་པོས་བལྟམ་པ་འདི་སུའི་མཐུ་ལགས་ཞེས་ཡོངས་སུ་དྲིས་

སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནི་སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་

ཞེས་བྱ་བ་བཞུགས་ཏེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་འདི་དག་སྣང་བ་ཆེན་པོས་ཁྱབ་

པར་མཛད་དོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་འོད་རྣམ་པར་ཕྱེ་བ་དེ་མཐོང་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་བཅོམ་ལྡན་

Vol. 14 · folio 197a

འདས་ལ་ཞུས་ཏེ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་དག་སྣང་བ་ཆེན་པོས་བལྟམ་པ་འདི་སུའི་མཐུ་ལགས་ཞེས་ཡོངས་སུ་དྲིས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བཀའ་སྩལ་པ། རིགས་

ཀྱི་བུ་དག་འདི་ནི་འོག་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ། དེས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་ནས།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་འདི་དག་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་

དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟ་ལགས་ན་བདག་ཅག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང་། དེ་

ལ་ཕྱག་བགྱི་བ་དང་། བསྙེན་བཀུར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་ནས་འདུས་པ་དེ་དག་ཀྱང་བལྟ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མཉན་པའི་སླད་དུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་

གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་དུས་ལ་བབ་པར་ཤེས་ན་དེངས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་ཞབས་ལ་སྤྱི་བོས་

ཕྱག་འཚལ་ནས། ལན་བདུན་དུ་གཡས་ཕྱོགས་ནས་བསྐོར་བ་བྱས་ཏེ། ཕྱོགས་བཅུ་ནས། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ན་བཟའ་དང་། གསེར་གྱི་མེ་ཏོག་དང་།

Vol. 14 · folio 197b

དངུལ་གྱི་མེ་ཏོག་ལ་སྩོགས་པ་རྣམ་པ་དུ་མ་ཁྱེར་ཏེ། གླུ་དང་རོལ་མོ་བརྡུང་བ་དང་། དཀྲོལ་བ་མང་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་ངོ་། །དེ་ནས་རྒྱལ་ཆེན་

བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་

མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་། གནས་གཙང་མ་པ་ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། མྱི་ཆེ་བ་དང་། མྱི་

གདུང་བ་དང་། འོག་མྱིན་གྱི་ལྷ་རྣམས་ཀྱང་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། བདུག་པ་དང་། ཕྱེ་མ་དང་། ལྷ་རྫས་ཀྱི་མེ་ཏོག་ཨུད་པལ་དང་། པད་མོ་དང་། ཀུ་མུད་དང་། པུན་དྷ་རི་ཀ་དང་། ལྷ་རྫས་ཀྱི་མན་དྭ་ར་བ་དང་། མན་དྭ་ར་བ་ཆེན་པོ་

དང་། ཀེ་ས་ར་དང་། ཏ་མ་ལའི་ལོ་མ་མང་པོ་ཁྱེར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དེ་དག་གིས་མེ་

ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། བདུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་

གཏོར་ཏོ། །མངོན་པར་གཏོར་ཏོ། །དེ་ནས་མེ་ཏོག་ལ་སྩོགས་པ་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ། མེ་ཏོག་གི་ཁང་པ་བརྩེགས་པ་གྲུ་བཞི་ཀ་བ་བཞི་དང་ལྡན་པ་ཆ་ཀུན་ཏུ་མཉམ་པ།

Vol. 14 · folio 198a

ཤིན་ཏུ་རྣམ་པར་ཕྱེ་བ་མདངས་དགའ་ཞིང་ཡིད་དུ་འོང་བར་རེད་དེ་འདུག་གོ །དེ་ནས་འཁོར་དེའི་ནང་ན། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་སྟན་ལས་ལངས་ནས། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་བས་བཏུད་དེ།

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། གང་བརྙེས་པར་གྱུར་པའི་ཆོས་ཀྱི་རྣམ་པ་དེ་ལྟ་བུ་ཐམས་ཅད་

ཐོབ་པར་གྱུར་ཏེ། ཉན་ཐོས་ཀྱི་དགེ་འདུན་འདི་ལྟ་བུ་ནི་ཡོངས་སུ་བསྡུ་བར་བགྱིའོ། །ད་ལྟར་འདིར་དེ་བཞིན་གཤེགས་པས་ཆོས་ཇི་ལྟར་བསྟན་པ་དེ་བཞིན་དུ་འཁོར་འདི་དང་འདྲ་བར་ནི་ཆོས་བསྟན་པར་བགྱིའོ་ཞེས་སྨོན་ལམ་བཏབ་བོ། །དེ་ནས་བཅོམ་ལྡན་

འདས་ཀྱིས་རིགས་ཀྱི་བུ་དེ་དག་གི་བསམ་པ་ཐུགས་སུ་ཆུད་དེ། ཆོས་ཐམས་ཅད་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། འབྱུང་བ་མྱེད་པ་ལ་བཟོད་པར་གྱུར་པར་མཁྱེན་ནས། ཞལ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་

དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་

རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་པ་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཞལ་འཛུམ་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཁོར་འདིའི་ནང་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གིས་

མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དག་ནི་མ་འོངས་པའི་དུས་བསྐལ་པ་བྱེ་བ་ཕྲག་དྲུག་ཅུ་རྩ་བརྒྱད་ན། བསྐལ་པ་མེ་ཏོག་གི་འབྱུང་གནས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་

Vol. 14 · folio 198b

ཡན་ལག་མེ་ཏོག་ཅེས་བྱ་བ་ཤ་སྟག་འཇིག་རྟེན་དུ་འབྱུང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཤཱ་རིའི་བུའི་ལེའུ་སྟེ། གཉིས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ།

བམ་པོ་བཅུ་གསུམ་པ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩོམ་སྟེ། ཇི་

ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། འབྱུང་བར་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་གཏམ་བྱ་བར་སྤོབས་པ་སྐྱེད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་

དང་། ལྷའི་བུ་དེ་དག་འདི་སྙམ་སྟེ། ཚེ་དང་ལྡན་པ་རབ་འབྱོར་འདི་རང་གི་ཤེས་རབ་དང་། སྤོབས་པ་ཙམ་གྱི་སྟོབས་དང་། ཤུགས་ཀྱི་གོ་ཅས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏམ། འོན་ཏམ་སངས་

རྒྱས་ཀྱི་མཐུས་སྟོན་པར་འགྱུར་སྙམ་པ་དང་། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། སངས་རྒྱས་ཀྱི་མཐུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷའི་བུ་དེ་དག་གི་སེམས་ཀྱི་ཀུན་ཏུ་རྟོག་པ་སེམས་

ཀྱིས་ཡོངས་སུ་ཤེས་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ནི་གང་ཅི་སྨྲ་ཡང་རུང་། གང་ཅི་སྟོན་ཀྱང་རུང་། གང་ཅི་རྗོད་ཀྱང་རུང་སྟེ། དེ་ཐམས་ཅད་དེ་བཞིན་གཤེགས་པའི་མཐུའོ།

དེ་བཞིན་གཤེགས་པས་ཆོས་གང་བསྟན་པ་དེ་ཐམས་ཅད་ཀྱང་ཆོས་ཉིད་དང་མྱི་འགལ་ལོ། །དེ་ལྟར་རིགས་ཀྱི་བུ་དེ་དག་ནི་ཆོས་བསྟན་པ་དེ་ལ་སློབ་ཅིང་ཆོས་ཉིད་དེ་ལྟ་བུ་མངོན་དུ་བྱེད་དོ། །ཤ་ར་དྭ་ཏིའི་བུ་འདི་ནི་དེ་བཞིན་གཤེགས་པ་ཉིད་བྱང་ཆུབ་སེམས་དཔའ་སེམས་

Vol. 14 · folio 199a

དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་ཀྱིས་སྟོན་པ་མཛད་ཀྱི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ནི། ཉན་ཐོས་དང་

རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་

ཞེས་བགྱི་བ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་འདི་ཆོས་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་དེ་ལྟ་བུ་བདག་གིས་ཡང་དག་པར་རྗེས་སུ་མ་

མཐོང་ངོ་། །བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་དེ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་། བྱང་ཆུབ་སེམས་དཔའི་མིང་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སུ་ཞིག །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཞིག་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མྱིང་དུ་བྱ་བ་དེ་དག་ནི་མྱིང་ཙམ་སྟེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སེམས་ཅན་སེམས་ཅན་ཞེས་

བྱ་བར་མིང་དུ་གདགས་པའི་མིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་

Vol. 14 · folio 199b

མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བདག་བདག་ཅེས་བྱ་བར་མྱིང་དུ་གདགས་པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་

པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྲོག་སྲོག་ཅེས་བྱ་བར་མྱིང་དུ་གདགས་པའི་མིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མྱིང་དང་

བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འགྲོ་བ་འགྲོ་བ་ཞེས་བྱ་བར་མྱིང་དུ་གདགས་

པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར། སྐྱེ་བ་འམ། འགག་པ་མྱེད་དེ། མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་

དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གསོ་བ་གསོ་བ་ཞེས་བྱ་བར་མྱིང་དུ་གདགས་པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མེད་ཅེས་

མྱིང་དེ་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྐྱེས་བུ་ཞེས་བྱ་བར་མྱིང་དུ་གདགས་པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་

ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གང་ཟག་གང་ཟག་ཅེས་བྱ་བར་མྱིང་དུ་གདགས་པའི་མྱིང་དེ་

Vol. 14 · folio 200a

ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉིས་ཀ་མྱེད་པར་

ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤེད་ཅན་ཤེད་ཅན་ཞེས་བྱ་བར་མྱིང་དུ་གདགས་པའི་མིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ།

འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད་ཕྱི་རོལ་ན་ཡང་མྱེད་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤེད་བདག་ཤེད་བདག་ཅེས་བྱ་བར་མྱིང་དུ་གདགས་པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་

གང་ཡིན་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད་ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱེད་པ་པོ་བྱེད་པ་

པོ་ཞེས་བྱ་བར་མྱིང་དུ་གདགས་པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མིང་དེ་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མྱེད། གཉིས་ཀ་

མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱེད་དུ་འཇུག་པ་པོ་བྱེད་དུ་འཇུག་པ་པོ་ཞེས་བྱ་བར་མིང་དུ་གདགས་པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་

གཏོགས་པར་སྐྱེ་བ་འམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མྱེད་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སློང་བ་པོ་སློང་བ་པོ་ཞེས་བྱ་བར་མྱིང་དུ་གདགས་པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ། །བཏགས་

Vol. 14 · folio 200b

པའི་ཆོས་གང་ཡིན་པ་དེ་ལ་ནི་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཡོངས་སུ་སློང་

བ་པོ་ཡོངས་སུ་སློང་བ་པོ་ཞེས་བྱ་བར་མྱིང་དུ་གདགས་པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད་ཕྱི་རོལ་ན་ཡང་མྱེད་

གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཚོར་བ་པོ་ཚོར་བ་པོ་ཞེས་བྱ་བར་མྱིང་དུ་གདགས་པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་

པར་སྐྱེ་བའམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད་ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚོར་བར་བྱེད་པ་པོ་ཚོར་བར་བྱེད་པ་པོ་ཞེས་བྱ་བར་མྱིང་དུ་གདགས་པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ།

བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན།

ཤེས་པ་པོ་ཤེས་པ་པོ་ཞེས་བྱ་བར་མྱིང་དུ་གདགས་པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད་

གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཐོང་བ་པོ་མཐོང་བ་པོ་ཞེས་བྱ་བར་མྱིང་དུ་གདགས་པའི་མྱིང་དེ་ནི་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་

Vol. 14 · folio 201a

པར་སྐྱེ་བའམ། འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་

ཡིན་པ་དང་། བྱང་ཆུབ་སེམས་དཔའི་མྱིང་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བཏགས་པ་ཙམ་སྟེ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད་

ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་གི་གཟུགས་ཞེས་མྱིང་དུ་བྱ་བ་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་

སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གང་འདི་ནང་གི་ཚོར་བ་ཞེས་མྱིང་དུ་བྱ་བ་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་

ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་གི་འདུ་ཤེས་ཞེས་མིང་དུ་བྱ་བ་ནི་ཆོས་སུ་

གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མི་དམྱིགས་སོ། །རབ་འབྱོར་འདི་ལྟ་

སྟེ་དཔེར་ན། ནང་གི་འདུ་བྱེད་རྣམས་ཞེས་མྱིང་དུ་བྱ་བ་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དོ། ཆོས་སུ་བཏགས་པ་དེ་ལ་ནི་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ། འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད།

Vol. 14 · folio 201b

གཉིས་ཀ་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་གི་རྣམ་པར་ཤེས་པ་ཞེས་མིང་དུ་བྱ་བ་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་

པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་དམྱིགས་སོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མྱིང་དང་། ཆོས་དེ་དག་ཐམས་ཅད་ནི་ཆོས་སུ་

གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་མིག་

ཅེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། མིག་ཅེས་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་

མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་རྣ་བ་ཞེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། རྣ་བ་ཞེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་

མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་སྣ་ཞེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དོ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། སྣ་ཞེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་

འགག་པ་མེད་དེ། མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་དམྱིགས་སོ། །རབ་འབྱོར་ལྕེ་ཞེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། ལྕེ་ཞེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་

Vol. 14 · folio 202a

གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད་ཕྱི་རོལ་ན་ཡང་མྱེད་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་ལུས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་

སུ་བཏགས་པ་དེ་ལ་འདི་ལྟ་སྟེ། ལུས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད་ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་ཡིད་ཅེས་བྱ་བ་

འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། ཡིད་ཅེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད་ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་

མྱི་དམྱིགས་སོ། །རབ་འབྱོར་གཟུགས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། གཟུགས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་གྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མེད་དེ།

མིང་དེ་ནི་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་སྒྲ་ཞེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། སྒྲ་ཞེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་

པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད་ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་དྲི་ཞེས་བྱ་བ་འདི་ནི། ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། དྲི་ཞེས་

མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད་ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་རོ་ཞེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་

Vol. 14 · folio 202b

པ་དེ་ལ་འདི་ལྟ་སྟེ། རོ་ཞེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མེད་དེ། མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མེད་པར་ཡང་མི་དམྱིགས་སོ། །རབ་འབྱོར་རེག་ཅེས་བྱ་བ་འདི་ནི་ཆོས་སུ་

གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། རེག་ཅེས་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མི་དམྱིགས་སོ། །

རབ་འབྱོར་ཆོས་ཞེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། ཆོས་ཤེས་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད།

གཉིས་ཀ་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་མྱིག་གི་ཁམས་ཞེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། མིག་གི་ཁམས་ཞེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ།

འགག་པ་མེད་དེ། མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་གཟུགས་ཀྱི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། གཟུགས་ཀྱི་

ཁམས་ཤེས་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མྱེད་དེ། མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་

བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད།

Vol. 14 · folio 203a

གཉིས་ཀ་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་རྣ་བའི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། རྣ་བའི་ཁམས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་

པ་མ་གཏོགས་པར་སྐྱེ་བའམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་སྒྲའི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་

སྟེ། སྒྲའི་ཁམས་ཤེས་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་

བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། རྣ་བའི་རྣམ་པར་ཤེས་པའི་ཁམས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་

ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་སྣའི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། སྣའི་ཁམས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་

འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་དྲིའི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། དྲིའི་ཁམས་ཤེས་མྱིང་

དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་སྣའི་རྣམ་པར་ཤེས་པའི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་

Vol. 14 · folio 203b

པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། སྣའི་རྣམ་པར་ཤེས་པའི་ཁམས་ཤེས་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་

དམྱིགས་སོ། །རབ་འབྱོར་ལྕེའི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། ལྕེའི་ཁམས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་

ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་རོའི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། རོའི་ཁམས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་

གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་

དེ་ལ་འདི་ལྟ་སྟེ། ལྕེའི་རྣམ་པར་ཤེས་པའི་ཁམས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། །གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་

ལུས་ཀྱི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། ལུས་ཀྱི་ཁམས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་

ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་རེག་བྱའི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། རེག་བྱའི་ཁམས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་

Vol. 14 · folio 204a

པར་སྐྱེ་བའམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ།

ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །

རབ་འབྱོར་ཡིད་ཀྱི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། ཡིད་ཀྱི་ཁམས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་

རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་ཆོས་ཀྱི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། ཆོས་ཀྱི་ཁམས་ཤེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་

གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཤེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་

དེ་ལ་འདི་ལྟ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་

དེ་བཞིན་དུ་གང་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མྱིང་ཞེས་བྱ་བ་དག་ཀྱང་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

Vol. 14 · folio 204b

ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མྱིང་ཞེས་བྱ་བར་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མྱེད་དེ། །མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མྱེད་

པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་གི་ལུས་ཞེས་བྱ་བ་འདི་ནི་མྱིང་ཙམ་དུ་ཐ་སྙད་ཀྱིས་གདགས་པ་སྟེ། མགོའི་རུས་པ་ཞེས་མྱིང་དུ་ཐ་སྙད་ཀྱིས་གདགས་པ་དང་། མཇིང་པའི་རུས་པ་ཞེས་མྱིང་དུ་ཐ་སྙད་ཀྱིས་གདགས་པ་དང་། ཕྲག་

པའི་རུས་པ་ཞེས་མིང་དུ་ཐ་སྙད་ཀྱིས་གདགས་པ་དང་། དཔུང་པའི་རུས་པ་ཞེས་མྱིང་དུ་ཐ་སྙད་ཀྱིས་གདགས་པ་དང་། ཚིགས་པའི་རུས་པ་ཞེས་མིང་དུ་ཐ་སྙད་ཀྱིས་གདགས་པ་དང་། རྩིབ་མའི་རུས་པ་ཞེས་མིང་དུ་ཐ་སྙད་ཀྱིས་གདགས་པ་དང་། དཔྱིའི་རུས་

པ་ཞེས་མིང་དུ་ཐ་སྙད་ཀྱིས་གདགས་པ་དང་། བརླའི་རུས་པ་ཞེས་མྱིང་དུ་ཐ་སྙད་ཀྱིས་གདགས་པ་དང་། རྗེ་ངར་གྱི་རུས་པ་ཞེས་མྱིང་དུ་ཐ་སྙད་ཀྱིས་གདགས་པ་དང་། རྐང་པའི་རུས་པ་ཞེས་མྱིང་དུ་ཐ་སྙད་ཀྱིས་གདགས་པ་དེ་དག་ཀྱང་ཆོས་སུ་གདགས་པ་ཙམ་དུ་

ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། མགོའི་རུས་པ་ཞེས་བྱ་བ་དང་། མཇིང་པའི་རུས་པ་ཞེས་བྱ་བ་དང་། ཕྲག་པའི་རུས་པ་ཞེས་བྱ་བ་དང་། དཔུང་པའི་རུས་པ་ཞེས་བྱ་བ་དང་། ཚིགས་པའི་རུས་པ་ཞེས་བྱ་བ་དང་། རྩིབ་མའི་རུས་པ་ཞེས་བྱ་བ་དང་།

དཔྱིའི་རུས་པ་ཞེས་བྱ་བ་དང་། བརླའི་རུས་པ་ཞེས་བྱ་བ་དང་། རྗེ་ངར་གྱི་རུས་པ་ཞེས་བྱ་བ་དང་། རྐང་པའི་རུས་པ་ཞེས་བྱ་བར་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མྱེད། ཕྱི་རོལ་ན་ཡང་

མྱེད། གཉིས་ཀ་མེད་པར་ཡང་མྱི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་གང་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མྱིང་དུ་བྱ་བ་དག་ཀྱང་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་

Vol. 14 · folio 205a

སུ་བཏགས་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ།

དཔེར་ན། གང་འདི་ཕྱི་རོལ་གྱི་རྩྭ་དང་། ཤིང་དང་། ཡལ་ག་དང་། ལོ་མ་དང་། འདབ་མ་ཞེས་བྱ་བ་དེ་དག་ཐམས་ཅད་ཀྱང་མྱིང་སྣ་ཚོགས་ཀྱིས་ཐ་སྙད་དུ་བརྗོད་དེ། དེ་དག་ཀྱང་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར། སྐྱེ་བ་འམ་འགག་པ་

མྱེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་དེ་བཞིན་དུ་གང་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མྱིང་ཞེས་བྱ་བ་དེ་

དག་ཀྱང་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །

རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཚན་ཙམ་ཞིག་ཡོད་པའང་། མཚན་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྨྱི་ལམ་དང་།

སྒྲ་བརྙན་དང་། གཟུགས་བརྙན་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། དེ་བཞིན་གཤེགས་པའི་སྤྲུལ་པའི་ཆོས་དེ་དག་ཐམས་ཅད་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་

པར་སྐྱེ་བ་འམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མྱེད། གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །རབ་འབྱོར་དེ་བཞིན་དུ་གང་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་

Vol. 14 · folio 205b

མྱིང་ཞེས་བྱ་བའི་ཆོས་དེ་དག་ཐམས་ཅད་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་ནི་མྱིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མྱེད་དེ། མྱིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མྱེད་

པར་ཡང་མྱི་དམྱིགས་སོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིང་དང་བརྡར་བཏགས་པ་དང་། གདམས་ངག་ཏུ་བཏགས་པ་དང་། ཆོས་སུ་བཏགས་པ་ལ་བསླབ་པར་བྱའོ། །རབ་འབྱོར་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ནི། གཟུགས་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་མྱི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་བདེ་

བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་ཞེས་བྱ་བ་སྡུག་བསྔལ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་བདག་ཏུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་ཞེས་བྱ་བ་བདག་མྱེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་

ཞེས་བྱ་བ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་སྟོང་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་ཞེས་བྱ་བ་མི་སྟོང་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

གཟུགས་ཞེས་བྱ་བ་མཚན་མ་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་མཚན་མ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་སྨོན་པ་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་སྨོན་པ་མེད་

པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་འདུས་བྱས་སུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་འདུས་མ་བྱས་སུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་ཀུན་ནས་ཉོན་མོངས་པར་ཡང་དག་པར་རྗེས་

Vol. 14 · folio 206a

སུ་མྱི་མཐོང་ངོ་། །གཟུགས་ཞེས་བྱ་བ་རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་འགག་པར་ཡང་དག་པར་རྗེས་སུ་མྱི་མཐོང་

ངོ་། །གཟུགས་ཞེས་བྱ་བ་དབེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་ཞེས་བྱ་བ་མྱི་དབེན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་དགེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་མྱི་དགེ་བར་ཡང་

དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་ཞེས་བྱ་བ་ཁ་ན་མ་ཐོ་བ་དང་བཅས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་ཁ་ན་མ་ཐོ་བ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་ཟག་པ་དང་བཅས་པར་ཡང་དག་པར་

རྗེས་སུ་མྱི་མཐོང་ངོ་། །གཟུགས་ཞེས་བྱ་བ་ཟག་པ་མྱེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་ཉོན་མོངས་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་ཞེས་བྱ་བ་ཉོན་མོངས་པ་མྱེད་པར་ཡང་དག་པར་རྗེས་སུ་མི་མཐོང་

ངོ་། །གཟུགས་ཞེས་བྱ་བ་འཇིག་རྟེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་ཞེས་བྱ་བ་འཇིག་རྟེན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་འཁོར་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཞེས་བྱ་བ་མྱ་

ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་མྱི་རྟག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་བདེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་

ཞེས་བྱ་བ་སྡུག་བསྔལ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་བདག་ཏུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་བདག་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

Vol. 14 · folio 206b

ཚོར་བ་ཞེས་བྱ་བ་མ་ཞི་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་སྟོང་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་མི་སྟོང་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་མཚན་མ་ཡོད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

ཚོར་བ་ཞེས་བྱ་བ་མཚན་མ་མྱེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་སྨོན་པ་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་སྨོན་པ་མེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་འདུས་བྱས་སུ་ཡང་དག་པར་རྗེས་

སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་འདུས་མ་བྱས་སུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་ཀུན་ནས་ཉོན་མོངས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་སྐྱེ་

བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་དབེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་མྱི་དབེན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་དགེ་བར་

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་མྱི་དགེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་ཁ་ན་མ་ཐོ་བ་དང་བཅས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་ཁ་ན་མ་ཐོབ་མྱེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་

ཞེས་བྱ་བ་ཟག་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་ཟག་པ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་ཉོན་མོངས་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་ཉོན་མོངས་པ་མྱེད་པར་

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་འཇིག་རྟེན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་འཇིག་རྟེན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཞེས་བྱ་བ་འཁོར་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཞེས་

Vol. 14 · folio 207a

བྱ་བ་མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་མི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་བདེ་བར་ཡང་

དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་སྡུག་བསྔལ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་བདག་ཏུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་བདག་མྱེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་

ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་མ་ཞི་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་སྟོང་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་མྱི་སྟོང་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་མཚན་

མ་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་མཚན་མ་མེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་སྨོན་པ་ཡོད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་སྨོན་པ་མྱེད་པར་ཡང་དག་པར་རྗེས་སུ་མི་

མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་འདུས་བྱས་སུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་འདུས་མ་བྱས་སུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་ཀུན་ནས་ཉོན་མོངས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་རྣམ་

པར་བྱང་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་སྐྱེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་འགག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་དབེན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་ཤེས་

ཞེས་བྱ་བ་མྱི་དབེན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་དགེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་མྱི་དགེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་ཁ་ན་མ་ཐོ་བ་དང་བཅས་པར་ཡང་དག་པར་རྗེས་སུ་

Vol. 14 · folio 207b

མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་ཁ་ན་མ་ཐོ་བ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་ཟག་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་ཟག་པ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་

ཉོན་མོངས་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་ཉོན་མོངས་པ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་འཇིག་རྟེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་འཇིག་རྟེན་ལས་འདས་པར་

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་འཁོར་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཞེས་བྱ་བ་མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བརྟག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་

བ་མྱི་རྟག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་བདེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་སྡུག་བསྔལ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་བདག་ཏུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་

ཅེས་བྱ་བ་བདག་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་ཞི་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་སྟོང་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་

བྱེད་ཅེས་བྱ་བ་མྱི་སྟོང་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་མཚན་མ་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་མཚན་མ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་སྨོན་པ་ཡོད་པར་ཡང་དག་པར་རྗེས་སུ་

མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་སྨོན་པ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་འདུས་བྱས་སུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་འདུས་མ་བྱས་སུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་ཀུན་ནས་ཉོན་མོངས་

Vol. 14 · folio 208a

པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་འགག་པར་ཡང་དག་པར་

རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་དབེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་མྱི་དབེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་དགེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་མྱི་དགེ་བར་ཡང་

དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་ཁ་ན་མ་ཐོ་བ་དང་བཅས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་ཁ་ན་མ་ཐོ་བ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་ཟག་པ་དང་བཅས་པར་ཡང་

དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་ཟག་པ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་ཉོན་མོངས་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་ཉོན་མོངས་པ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་

བྱ་བ་འཇིག་རྟེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་འཇིག་རྟེན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་འཁོར་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཅེས་བྱ་བ་མྱ་ངན་ལས་འདས་པར་ཡང་དག་པར་

རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་ཞེས་བྱ་བརྟག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་ཞེས་བྱ་བ་མྱི་རྟག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་ཞེས་བྱ་བ་བདེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་

ཤེས་པ་ཞེས་བྱ་བ་སྡུག་བསྔལ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་ཞེས་བྱ་བ་བདག་ཏུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་ཞེས་བྱ་བ་བདག་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་ཞེས་བྱ་བ་ཞི་བར་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words