འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) ཨཱརྱ་བྷ་དྲ་ཀལྤི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 45 · folio 143b

ལན་བརྒྱད་ཅུ་སྟེ་ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དུང་ཕྱུར་ཕྲག་དྲུག་གོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བརྒྱད་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་

པ་དྲི་མེད་སྐྱེ་བའི་ཡུལ་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཞི་བཅུའོ། །ཡབ་ནི་ཡུལ་འཁོར་བཟང་པོ་ཞེས་བྱའོ། །ཡུམ་ནི་ཆོས་ཀྱི་བློ་གྲོས་མ་ཞེས་བྱའོ། །སྲས་ནི་ནབས་སོ་ཞེས་བྱའོ། །རིམ་གྲོ་པ་ནི་མཆོད་འོས་ཅེས་བྱའོ། །

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐུབ་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་དགའ་བ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དགུའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་བརྒྱད་དང་བྱེ་བ་

ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དོན་ཐམས་ཅད་གཟིགས་པ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཕུང་པོ་

ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བྱེ་བ་ཕྲག་གཉིས་དང་ས་ཡ་ཕྲག་ལྔའོ། །ཡབ་ནི་རྡོ་རྗེའི་སྡེ་ཞེས་བྱའོ། །ཡུམ་ནི་རྒྱ་མཚོས་བྱིན་ཞེས་བྱའོ། །སྲས་ནི་དགའ་བའི་དབྱངས་ཞེས་བྱའོ། །རིམ་གྲོ་པ་ནི་དོན་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་

མཆོག་ནི་རྒོལ་བ་ཚར་གཅོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་མངོན་པར་འཕགས་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་སྟེ་ཐམས་ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བདུན་སྟོང་ངོ་། །དམ་པའི་ཆོས་ནི་ལོ་སུམ་ཁྲི་དྲུག་སྟོང་གི་བར་དུ་

གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དཔའ་བོ་སྐྱེ་བའི་ཡུལ་ནི་ཚུགས་པ་མེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་དགའ་བའི་འོད་ཅེས་བྱའོ། །ཡུམ་ནི་བསོད་ནམས་ཅན་ཞེས་བྱའོ། །སྲས་ནི་མཛེས་

Vol. 45 · folio 144a

པ་ཞེས་བྱའོ། །རིམ་གྲོ་པ་ནི་དབྱངས་སྙན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡིད་འོང་སེམས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོག་སྨྲ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་སྟེ་ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་བཞི་བཅུ་

བཞིའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་ལྔའོ། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འབྱོར་ལྡན་སྐྱེ་བའི་ཡུལ་ནི་བསམས་བཞིན་སྟེར་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་ཁྲིའོ། །

ཡབ་ནི་སཱ་ལའི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་ངེས་པར་དགའ་ཞེས་བྱའོ། །སྲས་ནི་དོན་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་ཆོས་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་ཏོག་ཅེས་བྱའོ། །འདུས་པ་ནི་

ལན་བཞི་བཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་ཐེར་འབུམ་མོ། །དམ་པའི་ཆོས་ནི་ལོ་ཐེར་འབུམ་ཕྲག་བཞི་བཅུའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་

གཤེགས་པ་བསོད་ནམས་སྐྱེ་བའི་ཡུལ་ནི་སྐྱེ་བོས་མཆོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དགུ་ཁྲི་དགུ་སྟོང་ངོ་། །ཡབ་ནི་ལྷ་དགའ་ཞེས་བྱའོ། །ཡུམ་ནི་སྙན་པར་དགའ་ཞེས་བྱའོ། །སྲས་ནི་དགའ་བོ་ཞེས་བྱའོ། །རིམ་གྲོ་པ་ནི་སྐྱེ་བོ་ཕལ་ཆེན་དགའ་

ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ལག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆོས་སྟོབས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་སྟོང་ཕྲག་བདུན་ཅུའོ། །གཉིས་པ་ལ་ནི་བྱེ་བ་སྟོང་ཕྲག་དྲུག་ཅུ་རྩ་ལྔའོ། །གསུམ་པ་ལ་ནི་བྱེ་བ་སྟོང་

ཕྲག་དྲུག་ཅུའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྒྲོན་མ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་མཛོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་

Vol. 45 · folio 144b

སྟོང་བརྒྱད་བརྒྱའོ། །ཡབ་ནི་ཙན་དན་ཅེས་བྱའོ། །ཡུམ་ནི་སྤོབས་ལྡན་མ་ཞེས་བྱའོ། །སྲས་ནི་ཙམ་པའི་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་སྦྲང་རྩི་སྦྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚིག་སྙན་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེམས་

གསལ་ཞེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་དགུ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །

དེ་བཞིན་གཤེགས་པ་ཡོན་ཏན་འོད་འཕྲོ་སྐྱེ་བའི་ཡུལ་ནི་དོན་སྣང་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ནི་བདེ་བར་གཞོལ་ཞེས་བྱའོ། །ཡུམ་ནི་བློ་གྲོས་བཟང་མོ་ཞེས་བྱའོ། །སྲས་ནི་རིན་པོ་ཆེ་ཞེས་བྱའོ། །རིམ་གྲོ་པ་ནི་འབྱོར་ལྡན་ཞེས་

བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཆོག་ཅེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། །

དམ་པའི་ཆོས་ནི་ལོ་ས་ཡ་ཕྲག་དགུའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བློ་ཡང་སྐྱེ་བའི་ཡུལ་ནི་རྒྱ་མཚོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ལེགས་

ཡིད་གཞུངས་ཞེས་བྱའོ། །ཡུམ་ནི་བློ་གནས་ཞེས་བྱའོ། །སྲས་ནི་ལེགས་འབྱུང་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་འབྱུང་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཛོད་དབྱངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་གཞན་གྱིས་མི་ཐུབ་པ་ཞེས་

བྱའོ། །འདུས་པ་ནི་ལན་དགུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལེགས་སྐྱེས་སྐྱེ་བའི་ཡུལ་ནི་བསོད་ནམས་

Vol. 45 · folio 145a

དགའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་ཚངས་པའི་དབྱངས་ཞེས་བྱའོ། །ཡུམ་ནི་ཆོས་ལྡན་མ་ཞེས་བྱའོ། །སྲས་ནི་རྒྱུ་སྐར་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་རྣམ་པར་སྣང་བྱེད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་

ནི་འཇིག་རྟེན་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐུབ་མེད་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བརྒྱད་དོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་དྲུག་གོ། །སྐུ་ཚེའི་ཚད་ནི་

ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནོར་ལྷ་སྐྱེ་བའི་ཡུལ་ནི་མེ་ཏོག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུ་རྩ་གཉིས་སོ། །ཡབ་ནི་བཟང་པོ་ཞེས་བྱའོ། །ཡུམ་

ནི་སོ་རིངས་མ་ཞེས་བྱའོ། །སྲས་ནི་ཟླ་བ་ཞེས་བྱའོ། །རིམ་གྲོ་པ་ནི་སྦྲང་རྩི་སྦྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མདངས་སྟོབས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་མཉམ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བཞི་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་

གཅིག་དང་བྱེ་བ་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡིད་གཉིས་སྤོང་སྐྱེ་བའི་ཡུལ་ནི་ཉམས་དགའ་

ཡོན་ཏན་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་བེའུ་དགའ་ཞེས་བྱའོ། །ཡུམ་ནི་བཟང་ལྡན་མ་ཞེས་བྱའོ། །སྲས་ནི་མེ་ཏོག་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་བློ་གྲོས་ལེགས་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་

ནི་མཛེས་འགྲོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་མཛེས་པ་ཞེས་བྱའོ། །འདུས་པ་ནི་ལན་དགུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་

Vol. 45 · folio 145b

རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འཛིན་པ་དཔག་མེད་སྐྱེ་བའི་ཡུལ་ནི་རྟག་ཏུ་མཐོང་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུ་རྩ་དྲུག་གོ། །ཡབ་ནི་ཡུལ་འཁོར་བཟང་པོ་ཞེས་བྱའོ། །ཡུམ་ནི་སྨོན་སེམས་ཞེས་བྱའོ། །སྲས་ནི་ལྷ་དགའ་ཞེས་

བྱའོ། །རིམ་གྲོ་པ་ནི་མིག་པོ་ཆེ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཁས་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བག་མི་ཚ་བ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བའོ། །གཉིས་པ་ལ་ནི་ཐེར་འབུམ་མོ། །གསུམ་པ་ལ་ནི་ཐེར་འབུམ་ཕྲག་

སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ལྔ་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མཆོག་སྲིད་སྐྱེ་བའི་ཡུལ་ནི་བདེ་གསལ་ཞེས་བྱའོ། །

རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུ་རྩ་དྲུག་གོ། །ཡབ་ནི་མཆོག་སྨྲ་ཞེས་བྱའོ། །ཡུམ་ནི་བློ་མཆོག་མ་ཞེས་བྱའོ། །སྲས་ནི་འོད་འཕྲོ་ཞེས་བྱའོ། །རིམ་གྲོ་པ་ནི་མཆོད་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ནོར་ལྷའི་བུ་ཞེས་བྱའོ། །རྫུ་

འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་མཆོག་ཅེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ་ཐམས་ཅད་ལ་ཡང་སུམ་ཁྲི་སུམ་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ཉི་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་

གཤེགས་པ་ཆོམས་མེད་སྐྱེ་བའི་ཡུལ་ནི་གདུལ་དཀའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔའོ། །ཡབ་ནི་མདངས་སྟོབས་ཞེས་བྱའོ། །ཡུམ་ནི་ཡིད་འོང་བློ་གྲོས་མ་ཞེས་བྱའོ། །སྲས་ནི་ཨུད་པ་ལའི་དྲི་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་འོད་ཅེས་བྱའོ། །

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་མཛོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཡོ་བ་མེད་པའི་བློ་ཞེས་བྱའོ། །འདུས་པ་ནི་ལན་གསུམ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དགུ་ཁྲི་

Vol. 45 · folio 146a

དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མི་གནས་པ་སྐྱེ་བའི་ཡུལ་ནི་རྒྱལ་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉི་ཤུ་རྩ་བརྒྱད་དོ། །ཡབ་ནི་དྲང་

སྲོང་ལྷ་ཞེས་བྱའོ། །ཡུམ་ནི་དྲི་མེད་བློ་གྲོས་མ་ཞེས་བྱའོ། །སྲས་ནི་རྒྱུ་སྐར་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་སྲེད་མེད་ཀྱི་བུ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགའ་བོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་དགའ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་སྟེ་

ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་ལྔ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བདེར་གནས་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་འབྱུང་གནས་ཞེས་བྱའོ། །རིགས་ནི་བྲམ་

ཟེའོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་གཙོ་མཆོག་ཅེས་བྱའོ། །ཡུམ་ནི་མེ་ཏོག་ཅན་ཞེས་བྱའོ། །སྲས་ནི་དོན་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་ཡང་དག་འཕགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཚོགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་

མཆོག་ནི་བདུད་རྩིའི་བློ་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚོགས་ཅན་གཙོ་བོ་སྐྱེ་

བའི་ཡུལ་ནི་གཟི་བརྗིད་གསལ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅྭ་ལྔའོ། །ཡབ་ནི་མེ་ཏོག་གི་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་མཁས་པའི་སྙིང་པོ་ཞེས་བྱའོ། །སྲས་ནི་དོན་གྱི་སྙིང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་རྣམ་པར་སྣང་བྱེད་བྱིན་ཞེས་བྱའོ། །

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔག་ཏུ་མེད་པར་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒོལ་བ་རབ་འཇོམས་ཞེས་བྱའོ། །འདུས་པ་ནི་ལན་ཅིག་ཏུ་ཟད་དེ་བརྒྱད་འབུམ་མོ། །སྐུ་ཚེའི་ཚད་ནི་ཉིན་གཅིག་གོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་དྲུག་གི་

Vol. 45 · folio 146b

བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འགྲོ་བའི་འོད་ཟེར་སྐྱེ་བའི་ཡུལ་ནི་འོད་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་མཐའ་ཡས་འོད་ཅེས་བྱའོ། །ཡུམ་ནི་གཟི་རྒྱལ་མ་ཞེས་བྱའོ། །

སྲས་ནི་ཡོན་ཏན་འོད་ཅེས་བྱའོ། །རིམ་གྲོ་པ་ནི་ཐོས་འོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་འོད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཅིག་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་

ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་བཞིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཕལ་ཆེན་སྐྱེ་བའི་

ཡུལ་ནི་ཉམས་དགའ་ཡོན་ཏན་ཅན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅྭ་བརྒྱད་དོ། །ཡབ་ནི་རྒྱལ་མཆོག་ཅེས་བྱའོ། །ཡུམ་ནི་ཙམ་པ་མཆོག་ཅེས་བྱའོ། །སྲས་ནི་མཆོག་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་ཞུམ་མེད་སེམས་ཞེས་བྱའོ། །ཤེས་རབ་

ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་ཡོན་ཏན་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་མཐུ་རྩལ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་དེ་ཐམས་ཅད་ལ་ཡང་ས་ཡ་ཕྲག་གཉིས་དང་འབུམ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཆིག་སྟོང་ངོ་། །དམ་པའི་ཆོས་ནི་

ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྒྱལ་བ་སྐྱེ་བའི་ཡུལ་ནི་མཆོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཉི་ཤུ་རྩ་བརྒྱད་དོ། །ཡབ་ནི་རྒྱུ་སྐར་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་རྩི་སྨན་ཅེས་བྱའོ། །སྲས་ནི་

སྒྲ་གཅན་གཟི་བརྗིད་མཐའ་ཡས་ཅེས་བྱའོ། །རིམ་གྲོ་པ་ནི་འོད་ཟེར་གཞལ་མེད་ཁང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་གྲུབ་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིགས་བྲལ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་སྟེ་ཐམས་ཅད་ལ་ཡང་འབུམ་

Vol. 45 · folio 147a

ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །དམ་པའི་ཆོས་ནི་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་སྐྱེ་བའི་ཡུལ་ནི་འོད་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་

སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་མེ་ཏོག་གི་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་དབང་པོའི་མཚོན་ཆ་ཞེས་བྱའོ། །སྲས་ནི་ཉི་མའི་འོད་ཟེར་ཞེས་བྱའོ། །རིམ་གྲོ་པ་ནི་ཟླ་བཞིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དྲི་མེད་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་

ཅན་རྣམས་ཀྱི་མཆོག་ནི་ཟིལ་གྱིས་མི་ནོན་པའི་འོད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱའོ། །དམ་པའི་ཆོས་ནི་ལོ་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་

རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དོན་གྱི་བློ་གྲོས་སྐྱེ་བའི་ཡུལ་ནི་འབྱོར་པའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་སྟོང་གི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་སྤོབས་པ་ཅན་ཞེས་བྱའོ། །ཡུམ་ནི་ཡོན་ཏན་གྱི་རྗེས་སུ་སོང་བ་ཞེས་བྱའོ། །

སྲས་ནི་མེ་ཏོག་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་དེས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མི་མཉམ་པ་མེད་པའི་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་མི་གཡོ་བ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་འབུམ་ཕྲག་བརྒྱད་དོ། །གཉིས་

པ་ལ་ནི་འབུམ་ཕྲག་དགུའོ། །གསུམ་པ་ལ་ནི་ས་ཡའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་དྲུག་གོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་སྐྱེ་བའི་

ཡུལ་ནི་དབེན་ཞིང་སྐྱིད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུ་རྩ་བཞིའོ། །ཡབ་ནི་དབང་པོའི་སྟོབས་ཞེས་བྱའོ། །ཡུམ་ནི་ཙན་དན་བསུང་ཞེས་བྱའོ། །སྲས་ནི་རྡོ་རྗེ་སྦྱིན་ཞེས་བྱའོ། །རིམ་གྲོ་པ་ནི་གསོ་བྱེད་ཅེས་བྱའོ། །ཤེས་རབ་ཅན་

Vol. 45 · folio 147b

རྣམས་ཀྱི་མཆོག་ནི་མིག་པོ་ཆེ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དཔའ་བརྟན་ཞེས་བྱའོ། །འདུས་པ་ནི་ལན་བཅུ་སྟེ་ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་

རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐ་བ་སྤངས་པ་སྐྱེ་བའི་ཡུལ་ནི་སྐྱོན་དང་བྲལ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་ཕན་པར་སེམས་ཞེས་བྱའོ། །ཡུམ་ནི་བྱམས་ལྡན་མ་ཞེས་བྱའོ། །སྲས་ནི་རྒྱལ་བའི་དབྱངས་ཞེས་བྱའོ། །

རིམ་གྲོ་པ་ནི་ཉེར་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྟོབས་ཀྱི་མཛོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རི་བོ་བརྩེགས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་བདུན་ཏེ་ཐམས་ཅད་ལ་ཡང་ས་ཡ་ཕྲག་གསུམ་དང་འབུམ་ཕྲག་དྲུག་དྲུག་གོ། །

སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རིམས་ནད་མེད་སྐྱེ་བའི་ཡུལ་ནི་བག་ཆགས་ཆུང་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །

འོད་ནི་དཔག་ཚད་སུམ་ཅུའོ། །ཡབ་ནི་མདངས་ཡོད་ཅེས་བྱའོ། །ཡུམ་ནི་བསོད་ནམས་བློ་གྲོས་ཞེས་བྱའོ། །སྲས་ནི་བྱམས་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་མཉམ་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་གདོན་མི་ཟ་བ་ཞེས་བྱའོ། །རྫུ་འཕྲུལ་

ཅན་རྣམས་ཀྱི་མཆོག་ནི་ཟིལ་གྱིས་མི་ནོན་ཅེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་གཅིག་སྟེ་ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་སུམ་ཅུ་སུམ་ཅུའོ། །སྐུ་ཚེའི་ཚད་ནི་ལོ་བདུན་སྟོང་ངོ་། །དམ་པའི་ཆོས་ནི་ལོ་སུམ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་

ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལེགས་བྱིན་སྐྱེ་བའི་ཡུལ་ནི་སྡུག་ཅིང་ཉམས་དགའ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་བཟང་སྐྱོང་ཞེས་

Vol. 45 · folio 148a

བྱའོ། །ཡུམ་ནི་དེས་དགའ་ཞེས་བྱའོ། །སྲས་ནི་ཚིག་སྙན་ཞེས་བྱའོ། །རིམ་གྲོ་པ་ནི་འབྱོར་པའི་གཟི་བརྗིད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་རིན་ཆེན་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་འོད་ཅེས་བྱའོ། །དགྲ་

བཅོམ་པ་འདུས་པ་ནི་ལན་སུམ་ཅུ་སྟེ་ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གྲགས་བྱིན་སྐྱེ་བའི་ཡུལ་ནི་ཡེ་

ཤེས་བྱིན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་ཅུ་རྩ་གསུམ་མོ། །ཡབ་ནི་ལྷ་ལེགས་ཞེས་བྱའོ། །ཡུམ་ནི་གྲགས་བྱིན་ཞེས་བྱའོ། །སྲས་ནི་སྤྱོད་པའི་བློ་གྲོས་ཞེས་བྱའོ། །རིམ་གྲོ་པ་ནི་སེམས་བརྟན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་

མཆོག་ནི་འགྲོགས་བདེ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕན་པར་སེམས་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་སུམ་ཅུ་རྩ་དྲུག་སྟེ་ཐམས་ཅད་ལ་ཡང་འབུམ་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་སྟོང་གི་བར་དུ་གནས་

སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མེ་ཏོག་བྱིན་སྐྱེ་བའི་ཡུལ་ནི་དགའ་བའི་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གསུམ་མོ། །ཡབ་ནི་མེ་ཏོག་བྱིན་ཞེས་བྱའོ། །ཡུམ་ནི་སྤོབས་ལྡན་མ་ཞེས་བྱའོ། །སྲས་ནི་རིན་ཆེན་ལྷ་ཞེས་བྱའོ། །རིམ་

གྲོ་པ་ནི་དབྱངས་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡིད་འོང་དབྱངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དཔལ་དབྱངས་ཞེས་བྱའོ། །འདུས་པ་ནི་ལན་བཅུ་གཅིག་སྟེ་ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་འབུམ་འབུམ་མོ། །

སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །བསྟན་པ་ལ་ནི་ཕྱིར་མི་ལྡོག་པའི་ཚོགས་འབྱུང་བར་འགྱུར་རོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྐྱེས་བུས་བྱིན་སྐྱེ་བའི་ཡུལ་ནི་བསོད་ནམས་འབྱུང་གནས་ཞེས་བྱའོ། །རིགས་ནི་

Vol. 45 · folio 148b

བྲམ་ཟེའོ། །འོད་ནི་དཔག་ཚད་དགུ་ཁྲི་དགུ་སྟོང་ངོ་། །ཡབ་ནི་རྡོ་རྗེ་འཛིན་ཅེས་བྱའོ། །ཡུམ་ནི་སྐལ་ལྡན་འདོད་ཅེས་བྱའོ། །སྲས་ནི་དྲང་སྲོང་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་འཕགས་པ་དགྱེས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐར་པ་སེམས་ཞེས་བྱའོ། །རྫུ་འཕྲུལ་

ཅན་རྣམས་ཀྱི་མཆོག་ནི་ཕན་པར་འགྲོ་ཞེས་བྱའོ། །འདུས་པ་ནི་ལན་གཉིས་ཏེ་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་ཉི་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་

པ་རྡོ་རྗེ་སྡེ་སྐྱེ་བའི་ཡུལ་ནི་བཀོད་པ་མཐའ་ཡས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་དྲི་མེད་བྱིན་ཞེས་བྱའོ། །ཡུམ་ནི་འོད་ལྡན་མ་ཞེས་བྱའོ། །སྲས་ནི་སྙན་པར་གྲགས་ཞེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་འགྲོས་ཞེས་བྱའོ། །ཤེས་རབ་

ཅན་རྣམས་ཀྱི་མཆོག་ནི་མཐོང་བ་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གཟི་བརྗིད་ཅེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ་ཐམས་ཅད་ལ་ཡང་སུམ་འབུམ་སུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་ལྔ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་

བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཕལ་ཆེན་བྱིན་སྐྱེ་བའི་ཡུལ་ནི་བསོད་ནམས་སྤོས་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཏུ་མེད་དོ། །ཡབ་ནི་བློ་མཆོག་ཅེས་བྱའོ། །ཡུམ་ནི་སྣ་མའི་མེ་ཏོག་མཆོག་ཅེས་

བྱའོ། །སྲས་ནི་ཡོན་ཏན་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་འབྱོར་པའི་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལེགས་པར་གནས་པའི་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུད་ཟིལ་གྱིས་གནོན་པ་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་སྟེ་ཐམས་ཅད་

ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཐེར་འབུམ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །བསྟན་པ་ལ་ནི་ཕྱིར་མི་ལྡོག་པའི་ཚོགས་འབྱུང་བར་འགྱུར་རོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །

Vol. 45 · folio 149a

དེ་བཞིན་གཤེགས་པ་ཞི་བའི་བློ་གྲོས་སྐྱེ་བའི་ཡུལ་ནི་རབ་ཏུ་ཞི་བར་ཉམས་དགའ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་ཆོས་ལྷ་ཞེས་བྱའོ། །ཡུམ་ནི་བསོད་ནམས་བློ་གྲོས་ཞེས་བྱའོ། །སྲས་ནི་སྣ་ཚོགས་ཅན་ཞེས་

བྱའོ། །རིམ་གྲོ་པ་ནི་མཆོད་འོས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་ལག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མུན་པ་བྲལ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ་ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲིའོ། །

དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྤོས་ཀྱི་གླང་པོ་སྐྱེ་བའི་ཡུལ་ནི་སྤོས་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་གསུམ་མོ། །ཡབ་ནི་སྤོས་ཀྱི་དབང་ཕྱུག་ཅེས་བྱའོ། །ཡུམ་ནི་

ཡིད་འོང་སྤོས་ཞེས་བྱའོ། །སྲས་ནི་ཡོན་ཏན་སྤོས་ཞེས་བྱའོ། །རིམ་གྲོ་པ་ནི་འོད་འཕྲོ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འདམ་ལས་བརྒལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསམ་པ་བྱིན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དྲུག་སྟེ་ཐམས་

ཅད་ལ་ཡང་དུང་ཕྱུར་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ལྔ་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ཉི་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ་སྐྱེ་བའི་ཡུལ་ནི་གཟི་བརྗིད་བརྟན་པ་ཞེས་བྱའོ། །

རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅྭ་ལྔའོ། །ཡབ་ནི་དཔའ་བོ་ཞེས་བྱའོ། །ཡུམ་ནི་མཚོན་ཆ་བཟང་ཞེས་བྱའོ། །སྲས་ནི་མཐུ་རྩལ་སྟོབས་ཞེས་བྱའོ། །རིམ་གྲོ་པ་ནི་སྒྱིད་མི་ལུག་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་སྟོབས་བསྐྱེད་ཅེས་བྱའོ། །རྫུ་

འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕས་ཀྱི་རྒོལ་བ་ཚར་གཅོད་ཅེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ་ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་ཉིས་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །

Vol. 45 · folio 149b

མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དེས་པ་སྐྱེ་བའི་ཡུལ་ནི་དགའ་བའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུ་དགུའོ། །ཡབ་ནི་ཁུང་མེད་ཅེས་བྱའོ། །ཡུམ་ནི་དགའ་བའི་དབང་ཕྱུག་ཅེས་བྱའོ། །སྲས་ནི་ཡིད་འོང་བྱིན་ཞེས་

བྱའོ། །རིམ་གྲོ་པ་ནི་ཕན་པའི་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླ་བའི་ཏོག་གི་རྒྱལ་མཚན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་བརྟན་པ་ཞེས་བྱའོ། །འདུས་པ་ནི་ལན་གསུམ་སྟེ་ཐམས་ཅད་ལ་ཡང་སུམ་འབུམ་སུམ་འབུམ་མོ། །སྐུ་ཚེའི་

ཚད་ནི་ལོ་བརྒྱད་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མི་ཚུགས་པ་སྐྱེ་བའི་ཡུལ་ནི་ཚུགས་པ་མེད་པའི་འཁོར་ལོ་ཞེས་བྱའོ། །རིགས་

ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ཉི་མའི་གདུགས་ཞེས་བྱའོ། །ཡུམ་ནི་ཆོས་ཀྱི་བླ་མ་ཞེས་བྱའོ། །སྲས་ནི་མདངས་སྡུག་ཅེས་བྱའོ། །རིམ་གྲོ་པ་ནི་ཆོས་ཀྱི་མཛོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དྲན་གྲོགས་ཞེས་བྱའོ། །རྫུ་འཕྲུལ་ཅན་

རྣམས་ཀྱི་མཆོག་ནི་ལྷ་གསལ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །

དེ་བཞིན་གཤེགས་པ་ཉི་ཟླ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་གོ། །ཡབ་ནི་ཟླ་བ་ཞེས་བྱའོ། །ཡུམ་ནི་རིན་ཆེན་གཟི་བརྗིད་ཅེས་བྱའོ། །སྲས་ནི་ཟླས་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་འཇམ་པའི་དབྱངས་

ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གནས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཚུལ་ཁྲིམས་རྣམ་དག་འོད་ཅེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ་ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་

Vol. 45 · folio 150a

པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གློག་གི་ཏོག་སྐྱེ་བའི་ཡུལ་ནི་འོད་རྟག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་དབང་པོའི་ཏོག་ཅེས་བྱའོ། །

ཡུམ་ནི་ནོར་ལྷའི་བུའི་འོད་ཅེས་བྱའོ། །སྲས་ནི་ཉི་མའི་སྒྲོན་མ་ཞེས་བྱའོ། །རིམ་གྲོ་པ་ནི་བློ་གྲོས་ལེགས་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚོགས་ཅན་གཙོ་བོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་འོང་སེམས་ཞེས་བྱའོ། །དགྲ་བཅོམ་པ་

འདུས་པ་ནི་ལན་དྲུག་ཅུ་སྟེ་ཐམས་ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ཆིག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མཆོད་པ་སྐྱེ་བའི་ཡུལ་ནི་བལྟ་ན་ཡིད་དུ་འོང་བ་

ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཕྱེད་དང་གསུམ་མོ། །ཡབ་ནི་ཡུལ་འཁོར་བཟང་པོ་ཞེས་བྱའོ། །ཡུམ་ནི་ཡེ་ཤེས་འོད་ཟེར་ཞེས་བྱའོ། །སྲས་ནི་བསོད་ནམས་འདོད་ཅེས་བྱའོ། །རིམ་གྲོ་པ་ནི་ཐར་པའི་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་

མཆོག་ནི་ཟིལ་གྱིས་མི་ནོན་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་མངོན་དགའ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་

སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དཔལ་སྦས་སྐྱེ་བའི་ཡུལ་ནི་ཟླ་བའི་ཏོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཅུ་ཙམ་མོ། །ཡབ་ནི་བློ་བཟངས་ཞེས་བྱའོ། །ཡུམ་ནི་རིན་ཆེན་བློ་ཞེས་བྱའོ། །

སྲས་ནི་ཆོས་ཀྱི་མཐུ་རྩལ་ཞེས་བྱའོ། །རིམ་གྲོ་པ་ནི་བློ་དབྱངས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གནས་པ་མེད་པའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྟུལ་ཞུགས་ཡང་དག་པར་འཕགས་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ་ཐམས་ཅད་

Vol. 45 · folio 150b

ལ་ཡང་ཐེར་འབུམ་ཕྲག་སུམ་ཅུ་སུམ་ཅུའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བདུན་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་ཉི་མ་སྐྱེ་བའི་ཡུལ་ནི་འོད་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་རྒྱལ་

རིགས་སོ། །འོད་ནི་འཇིག་རྟེན་གྱི་ཁམས་སུམ་ཅུ་རྩ་གཉིས་ཙམ་མོ། །ཡབ་ནི་བཟང་པོ་ཞེས་བྱའོ། །ཡུམ་ནི་བཟང་མཆོག་མ་ཞེས་བྱའོ། །སྲས་ནི་ཉི་མའི་གདོང་ཞེས་བྱའོ། །རིམ་གྲོ་པ་ནི་བརྟུལ་ཞུགས་བཟང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྟོན་པ་མཐའ་ཡས་

ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཅན་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ་ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་བརྒྱའོ། །དམ་པའི་ཆོས་ནི་ལོ་ཁྲིའི་བར་དུ་གནས་སོ། །

བསྟན་པ་ལ་ནི་ཕྱིར་མི་ལྡོག་པའི་ཚོགས་འབྱུང་བར་འགྱུར་རོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དོན་གྲུབ་སྐྱེ་བའི་ཡུལ་ནི་བསམ་པ་ཇི་ལྟ་བ་བཞིན་འབྱུང་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཁྲི་ཉིས་སྟོང་ངོ་། །ཡབ་ནི་གཽ་ཏ་མ་ཞེས་

བྱའོ། །ཡུམ་ནི་ཡིད་དུ་འོང་བའི་ང་རོ་ཞེས་བྱའོ། །སྲས་ནི་ཟླས་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་བརྟན་པས་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྙིང་པོ་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་དགའ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བདུན་ཏེ་

ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཉི་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷུན་པོ་བརྩེགས་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་

བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་བློ་གྲོས་གནས་ཞེས་བྱའོ། །ཡུམ་ནི་མཉམ་སེམས་ཞེས་བྱའོ། །སྲས་ནི་བློ་འོད་ཅེས་བྱའོ། །རིམ་གྲོ་པ་ནི་ཆོས་ཀྱི་དབང་ཕྱུག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚོགས་ཅན་འོད་ཅེས་བྱའོ། །

Vol. 45 · folio 151a

རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཆོས་ཀྱི་ཆོ་འཕྲུལ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་དྲུག་སྟེ་ཐམས་ཅད་ལ་ཡང་ཁྲི་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་

ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དགྲ་འདུལ་སྐྱེ་བའི་ཡུལ་ནི་འཇིགས་པ་དང་བྲལ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དྲུག་ཅུ་ཙམ་མོ། །ཡབ་ནི་ཐུབ་མེད་གྲགས་ཞེས་བྱའོ། །

ཡུམ་ནི་བློ་གྲོས་གྲགས་ཞེས་བྱའོ། །སྲས་ནི་བློ་གྲོས་མཛེས་ཞེས་བྱའོ། །རིམ་གྲོ་པ་ནི་གདངས་སྙན་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཙམ་པའི་དཔལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོབས་ཆེན་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་སུམ་

ཅུ་རྩ་དྲུག་སྟེ་ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་ཁྲིའོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཞིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ།། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་

བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་གསུམ་པ། དེ་བཞིན་གཤེགས་པ་པད་མ་སྐྱེ་བའི་ཡུལ་ནི་པད་མ་དཀར་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཅྭ་བརྒྱད་ཙམ་མོ། །ཡབ་ནི་མེ་ཏོག་ཅེས་བྱའོ། །ཡུམ་ནི་ཨུད་པ་ལ་

ཕྲེང་ཞེས་བྱའོ། །སྲས་ནི་མེ་ཏོག་ཕུང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་རྒྱ་མཚོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་མཛེས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྐྱེ་བོའི་མཆོད་རྟེན་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བདུན་ཅུ་རྩ་དྲུག་

སྟེ། །ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་གྲགས་པ་སྐྱེ་བའི་ཡུལ་ནི་དྲང་སྲོང་

Vol. 45 · folio 151b

དད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་བཅུའོ། །ཡབ་ནི་ཚངས་འདོད་ཅེས་བྱའོ། །ཡུམ་ནི་བདེན་བྱིན་ཞེས་བྱའོ། །སྲས་ནི་དགའ་འཛིན་ཅེས་བྱའོ། །རིམ་གྲོ་པ་ནི་སྡུག་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མི་གཡོ་བློ་ཞེས་

བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རི་བོ་བརྩེགས་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བཅྭ་བརྒྱད་དེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅུ་བཞི་བཅུ་བཞིའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ཀྱང་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་

པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་འགྲོས་སྐྱེ་བའི་ཡུལ་ནི་སྤོབས་པའི་དཔལ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་འདོམ་གང་ངོ་། །ཡབ་ནི་བརྟུལ་ཞུགས་འབྱོར་ཅེས་བྱའོ། །ཡུམ་ནི་ཡོན་ཏན་བསམ་པ་

ཅན་ཞེས་བྱའོ། །སྲས་ནི་ཐར་པའི་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་དོན་ཡོད་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁ་ལོ་སྒྱུར་བའི་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒོལ་བ་བསལ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་སྟེ།

ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཉོན་མོངས་བྲལ་སྐྱེ་བའི་ཡུལ་ནི་འཇམ་པ་ཞེས་བྱའོ། །རིགས་

ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ། །ཡབ་ནི་གཉེན་བཟངས་ཞེས་བྱའོ། །ཡུམ་ནི་རྒུན་ཆང་མྱོས་ཞེས་བྱའོ། །སྲས་ནི་པད་མའི་སྙིང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་དྲན་པ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐོགས་པ་མེད་པའི་སེམས་ཞེས་བྱའོ། །

རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དུལ་བའི་རྒྱལ་མཚན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་འབུམ་མོ། །གཉིས་པ་ལ་ནི་བྱེ་བ་ཕྲག་བཅུའོ། །གསུམ་པ་ལ་ནི་ཕྲག་སུམ་ཅུའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དྲུག་ཁྲི་དྲུག་

Vol. 45 · folio 152a

སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འདམ་བུ་སྐྱེ་བའི་ཡུལ་ནི་རྩེ་དགའ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུ་རྩ་བརྒྱད་དོ། །ཡབ་ནི་རིན་པོ་ཆེའི་འབྱུང་གནས་ཞེས་བྱའོ། །ཡུམ་ནི་སཱ་ལ་

ཅན་ཞེས་བྱའོ། །སྲས་ནི་བཤེས་གཉེན་བདེན་ཞེས་བྱའོ། །རིམ་གྲོ་པ་ནི་བཟང་པོའི་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་ཕུང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྱོར་པའི་མཛོད་ཅེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་གསུམ་སྟེ། །

ཐམས་ཅད་ལ་ཡང་བརྒྱད་ཁྲི་བརྒྱད་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྤོས་བཟངས་སྐྱེ་བའི་ཡུལ་ནི་འོད་མཐའ་

ཡས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་འཛམ་བུའི་གླིང་ཙམ་མོ། །ཡབ་ནི་ཡེ་ཤེས་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་དྲང་སྲོང་དགའ་ཞེས་བྱའོ། །སྲས་ནི་དྲང་སྲོང་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་གྲགས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་

མཆོག་ནི་སྤྱོད་པའི་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ས་འཛིན་རྒྱལ་པོ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་བཅུ་བཞི་སྟེ་ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་བདུན་གྱི་

བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡུལ་འཁོར་རངས་སྐྱེ་བའི་ཡུལ་ནི་ལེགས་པར་བསྲུངས་པའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་སྐལ་ལྡན་འདོད་

ཅེས་བྱའོ། །ཡུམ་ནི་རིན་ཆེན་ལྡན་ཞེས་བྱའོ། །སྲས་ནི་བཻ་དཱུརྱའི་སྙིང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་གྲགས་པའི་རྒྱ་མཚོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་ལག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་ཚང་བ་ཞེས་བྱའོ། །ཉན་

Vol. 45 · folio 152b

ཐོས་འདུས་པ་ནི་ལན་སུམ་ཅུ་རྩ་བརྒྱད་དེ། །ཐམས་ཅད་ལ་ཡང་ཁྲི་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷ་གྲགས་སྐྱེ་བའི་ཡུལ་ནི་ལྷ་དགའ་ཞེས་

བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་བྱེ་མ་སྙེད་ཙམ་མོ། །ཡབ་ནི་ཡུལ་འཁོར་བཟང་པོ་ཞེས་བྱའོ། །ཡུམ་ནི་ནོར་ལྷའི་བུ་ཞེས་བྱའོ། །སྲས་ནི་རྣམ་པར་སྣང་བྱེད་ཅེས་བྱའོ། །རིམ་གྲོ་པ་ནི་ལེགས་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་

མཆོག་ནི་ཆོས་བརྩེགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྗོན་པའི་མེ་ཏོག་ཅེས་བྱའོ། །འདུས་པ་ནི་ལན་བཅྭ་བརྒྱད་དེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་སུམ་ཁྲི་

དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྲིད་མཐའ་གཟིགས་སྐྱེ་བའི་ཡུལ་ནི་དགའ་བས་བལྟས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུའོ། །ཡབ་

ནི་མྱ་ངན་མེད་ཅེས་བྱའོ། །ཡུམ་ནི་དགའ་བས་བྱིན་ཞེས་བྱའོ། །སྲས་ནི་རི་བརྩེགས་ཞེས་བྱའོ། །རིམ་གྲོ་པ་ནི་མཚན་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་ཆེན་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་དུ་འོང་བའི་འོད་ཅེས་བྱའོ། །འདུས་པ་

ནི་ལན་བཞི་བཅུ་སྟེ་ཐམས་ཅད་ལ་ཡང་འབུམ་ཕྲག་བཅྭ་ལྔ་བཅྭ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ་བ་སྐྱེ་བའི་ཡུལ་ནི་བཀོད་པ་དང་ལྡན་པ་ཞེས་བྱའོ། །རིགས་

ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་བཅུའོ། །ཡབ་ནི་ཟླ་བའི་ཏོག་ཅེས་བྱའོ། །ཡུམ་ནི་ཉི་མའི་སྙིང་པོ་ཞེས་བྱའོ། །སྲས་ནི་གཟི་བརྗིད་འོད་ཅེས་བྱའོ། །རིམ་གྲོ་པ་ནི་གདངས་སྙན་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་མེད་མཐོང་ཞེས་བྱའོ། །རྫུ་འཕྲུལ་ཅན་

Vol. 45 · folio 153a

རྣམས་ཀྱི་མཆོག་ནི་བརྩོན་པ་མི་གཏོང་བ་ཞེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ་། །དམ་པའི་ཆོས་ནི་ལོ་སུམ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །

སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྒྲ་གཅན་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་འབར་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་གློག་འོད་ཅེས་བྱའོ། །ཡུམ་ནི་ཡིད་དུ་

འོང་བའི་འོད་ཅེས་བྱའོ། །སྲས་ནི་མཐུ་རྩལ་བརྟན་ཞེས་བྱའོ། །རིམ་གྲོ་པ་ནི་མཐུ་རྩལ་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐོགས་པ་མེད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲག་ཤུལ་འབར་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་འབུམ་

ཕྲག་བརྒྱད་ཁྲིའོ། །གཉིས་པ་ལ་ནི་འབུམ་ཕྲག་དྲུག་ཁྲིའོ། །གསུམ་པ་ལ་ནི་འབུམ་ཕྲག་བཞི་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ་། །དམ་པའི་ཆོས་ནི་ལོ་སུམ་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་

ཟད་དོ། །དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་མཆོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་བརྒྱའོ། །ཡབ་ནི་ལེགས་བཟང་ཞེས་བྱའོ། །ཡུམ་ནི་བཀོད་པ་ཆེན་མོ་ཞེས་བྱའོ། །སྲས་ནི་གསལ་དགའ་ཞེས་བྱའོ། །རིམ་གྲོ་

པ་ནི་ཉེས་དམིགས་གདོང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགའ་སྤྱོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འགྲོས་བརྟན་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་རྩ་ལྔ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅྭ་ལྔ་བཅྭ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་ལྔ་སྟོང་ངོ་། །

དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སེང་གེའི་རྒྱལ་མཚན་སྐྱེ་བའི་ཡུལ་ནི་མངོན་པར་ཤེས་པ་རྣམ་པར་རོལ་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་

Vol. 45 · folio 153b

ནི་དཔག་ཚད་དྲུག་ཅུའོ། །ཡབ་ནི་མངོན་ཤེས་བྱིན་ཞེས་བྱའོ། །ཡུམ་ནི་ཡིད་འོང་སེམས་ཞེས་བྱའོ། །སྲས་ནི་ཟིལ་མི་ནོན་ཞེས་བྱའོ། །རིམ་གྲོ་པ་ནི་ཕན་པར་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཐུན་པར་སྤྱོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་

ཏུ་འགྲོ་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་སྟེ་ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བསམ་གཏན་དགྱེས་སྐྱེ་བའི་ཡུལ་ནི་ཞི་བ་

ཉམས་དགའ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་བརྒྱའོ། །ཡབ་ནི་རླུང་གནས་ཞེས་བྱའོ། །ཡུམ་ནི་མི་གནས་སེམས་ཞེས་བྱའོ། །སྲས་ནི་རིན་ཆེན་རབ་ཞི་ཞེས་བྱའོ། །རིམ་གྲོ་པ་ནི་ཆོས་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྣམ་

པར་དག་སྤྱོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་ལ་དད་པ་ཞེས་བྱའོ། །འདུས་པ་ནི་ལན་དགུ་སྟེ་ཐམས་ཅད་ལ་ཡང་ཁྲི་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་གཉིས་སོ། །དམ་པའི་ཆོས་ནི་ལོ་བདུན་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་

རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྫོགས་ལྡན་སྐྱེ་བའི་ཡུལ་ནི་བཀོད་པ་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་སྟོང་ངོ་། །ཡབ་ནི་མི་ཐུབ་པ་མེད་པ་ཞེས་བྱའོ། །ཡུམ་ནི་བློ་མཚུངས་མ་ཞེས་བྱའོ། །སྲས་ནི་བློ་གྲོས་ཞི་བ་ཞེས་

བྱའོ། །རིམ་གྲོ་པ་ནི་སྡུག་པར་ལྟ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྐར་མདའ་འཛིན་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་འདོད་ཅེས་བྱའོ། །འདུས་པ་ནི་ལན་བཅུ་གཅིག་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་

ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རྣམ་པར་རོལ་པ་སྐྱེ་བའི་ཡུལ་ནི་བཀོད་པ་དཔག་ཏུ་མེད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །

Vol. 45 · folio 154a

འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་ལྷ་དགའ་ཞེས་བྱའོ། །ཡུམ་ནི་རིན་ཆེན་གཟི་བརྗིད་ཅེས་བྱའོ། །སྲས་ནི་མིག་བརྒྱན་ཅེས་བྱའོ། །རིམ་གྲོ་པ་ནི་མཐོང་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐོགས་མེད་བལྟ་ཞེས་བྱའོ། །རྫུ་འཕྲུལ་ཅན་

རྣམས་ཀྱི་མཆོག་ནི་བདེ་བར་འགྲོ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་རྩ་གསུམ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དྲུག་དང་བྱེ་བ་ཕྲག་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་ཐེར་འབུམ་མོ། །དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཞིའི་བར་དུ་གནས་སོ། །སྐུ་

གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་རིན་ཆེན་སྐྱེ་བའི་ཡུལ་ནི་ཡོན་ཏན་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུའོ། །ཡབ་ནི་ཡོན་ཏན་ཏོག་ཅེས་བྱའོ། །ཡུམ་ནི་བསོད་ནམས་ཏོག་

ཅེས་བྱའོ། །སྲས་ནི་མཚན་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་ཤིན་ཏུ་རྣམ་པར་འབྱེད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡང་དག་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འབྱོར་པའི་བློ་གྲོས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་གསུམ་སྟེ། ཐམས་ཅད་

ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བརྒྱད་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་གྲགས་པ་སྐྱེ་བའི་

ཡུལ་ནི་རྨད་དུ་བྱུང་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་ཀླུས་སྦས་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཅན་ཞེས་བྱའོ། །སྲས་ནི་མངོན་པར་ཤེས་པའི་མེ་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་དོན་ལེགས་བསམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་

མཆོག་ནི་དབྱངས་སྙན་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་འབྱུང་གནས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་བརྒྱའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་

Vol. 45 · folio 154b

གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་པད་མའི་ངོས་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུ་རྩ་དྲུག་གོ། །ཡབ་ནི་བསོད་ནམས་འབྱོར་ཅེས་བྱའོ། །ཡུམ་ནི་སའི་དབང་ཕྱུག་མ་ཞེས་བྱའོ། །

སྲས་ནི་བཀྲ་ཤིས་ཞེས་བྱའོ། །རིམ་གྲོ་པ་ནི་དྲག་ཤུལ་གཟི་བརྗིད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཁྲུག་པ་མེད་པར་གནས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཁྲུལ་པ་མེད་པར་སེམས་ཞེས་བྱའོ། །འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་

བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མཛོད་སྤུ་ལྡན་སྐྱེ་བའི་ཡུལ་ནི་ཡིད་དུ་འོང་བའི་གཟི་

བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་ཤེས་རབ་ཅན་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་མཉམ་སེམས་ཞེས་བྱའོ། །སྲས་ནི་དགའ་བའི་ང་རོ་ཞེས་བྱའོ། །རིམ་གྲོ་པ་ནི་ཡིད་དུ་འོང་བའི་ང་རོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་

ཀྱི་མཆོག་ནི་སྐྱེ་བོ་ཕལ་པོ་ཆེའི་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ངེས་པར་གནས་ཞེས་བྱའོ། །འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །

སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྤོབས་པ་གྲགས་པ་སྐྱེ་བའི་ཡུལ་ནི་ཡོངས་སུ་དག་པ་ཡིད་དུ་འོང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་ཁྲི་དྲུག་སྟོང་ངོ་། །ཡབ་ནི་ཐར་པ་དགའ་ཞེས་བྱའོ། །ཡུམ་ནི་རིན་ཆེན་ཅན་ཞེས་བྱའོ། །

སྲས་ནི་རྒྱལ་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་སྤོས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་འཁྲུལ་པ་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་བརྟན་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་གསུམ་

Vol. 45 · folio 155a

དང་འབུམ་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཞིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྡོ་རྗེ་ནོར་བུ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་འོད་ཅེས་

བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་ཅུ་རྩ་དྲུག་གོ། །ཡབ་ནི་མཚོན་ཆ་བཟང་པོ་ཞེས་བྱའོ། །ཡུམ་ནི་སོ་བཟངས་མ་ཞེས་བྱའོ། །སྲས་ནི་གཟི་བརྗིད་སྦས་ཞེས་བྱའོ། །རིམ་གྲོ་པ་ནི་བདུད་ཟིལ་གནོན་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་

ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕ་རོལ་གྱི་ཚོགས་འཇོམས་པ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་རྩ་གཅིག་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ཀྱང་ལོ་བྱེ་

བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚེ་དཔག་མེད་སྐྱེ་བའི་ཡུལ་ནི་གསལ་བ་དང་ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཁྲི་སུམ་སྟོང་ངོ་། །ཡབ་ནི་བཟང་མཆོག་ཅེས་བྱའོ། །ཡུམ་ནི་གཟི་བརྗིད་བཟང་མོ་

ཞེས་བྱའོ། །སྲས་ནི་ཟླ་བ་ཞེས་བྱའོ། །རིམ་གྲོ་པ་ནི་དྲི་མེད་གྲགས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཟང་པོའི་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །འདུས་པ་ནི་ལན་འབུམ་སྟེ། ཐམས་ཅད་ལ་ཡང་བྱང་ཆུབ་སེམས་

དཔའ་ཐམས་ཅད་དཔག་ཏུ་མེད་དོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ཆིག་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །དམ་པའི་ཆོས་ཇི་སྲིད་གནས་པ་དེ་སྲིད་དུ་འཁོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འབྱུང་བར་འགྱུར་རོ། །སྐུ་གདུང་ནི་རྒྱས་པར་

འགྱུར་རོ། །དེ་བཞིན་གཤེགས་པ་ནོར་བུ་བཀོད་པ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་མཆོད་པ་བཀོད་ཅེས་བྱའོ། །ཡུམ་ནི་ཡོན་ཏན་བློ་གྲོས་མ་ཞེས་བྱའོ། །སྲས་ནི་བསོད་ནམས་གཟི་བརྗིད་ཅེས་བྱའོ། །

Vol. 45 · folio 155b

རིམ་གྲོ་པ་ནི་ཆོས་ཀྱི་བཀོད་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བཀོད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་མཐོང་ཞེས་བྱའོ། །འདུས་པ་ནི་ལན་ལྔ་སྟེ། ཐམས་ཅད་ལ་ཡང་བརྒྱད་ཁྲི་བརྒྱད་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །

དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དབང་ཆེན་སྐྱེ་བའི་ཡུལ་ནི་མདངས་འགྲོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་

སྨན་པ་ཞེས་བྱའོ། །ཡུམ་ནི་རྩི་སྨན་ཞེས་བྱའོ། །སྲས་ནི་འདོད་འཕགས་ཞེས་བྱའོ། །རིམ་གྲོ་པ་ནི་སྐར་མ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ང་རོ་ཆེན་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ང་རོ་ཐོབ་ཅེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ། ཐམས་

ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་གནས་སྐྱེ་བའི་ཡུལ་ནི་ཡོན་ཏན་དང་ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་

རིགས་སོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་གྲགས་པ་མངོན་པར་འཕགས་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་མཆོག་ཅེས་བྱའོ། །སྲས་ནི་གཟི་བརྗིད་བཟང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ལྷ་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་ཤེས་

ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཚུགས་པ་མེད་པའི་འཁོར་ལོ་ཞེས་བྱའོ། །འདུས་པ་ནི་ལན་དགུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བདུན་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ཁྲི་བདུན་སྟོང་

གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལྷུན་པོ་གྲགས་སྐྱེ་བའི་ཡུལ་ནི་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་དྲི་མེད་དགའ་

Vol. 45 · folio 156a

ཞེས་བྱའོ། །ཡུམ་ནི་ཡོན་ཏན་གཟི་བརྗིད་མ་ཞེས་བྱའོ། །སྲས་ནི་སྒྲོན་མ་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་མཐོང་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མིག་དག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འགྲོ་བའི་འོད་ཟེར་ཞེས་བྱའོ། །འདུས་

པ་ནི་ལན་བརྒྱད་དེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བདུན་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་ཟེར་བཅུ་པ་སྐྱེ་བའི་ཡུལ་ནི་ཚུགས་

པ་མེད་པའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཁྲི་དྲུག་སྟོང་ངོ་། །ཡབ་ནི་མཐུ་རྩལ་མཛེས་པ་ཞེས་བྱའོ། །ཡུམ་ནི་བཟངས་སེམས་མ་ཞེས་བྱའོ། །སྲས་ནི་ཤིན་ཏུ་ཡིད་གཞུངས་ཞེས་བྱའོ། །རིམ་གྲོ་པ་ནི་ཤེད་བུ་ཞེས་བྱའོ། །

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡིད་དུ་འོང་བའི་དབྱངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདེན་དགའ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་དྲུག་འབུམ་དྲུག་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །དམ་པའི་ཆོས་ནི་ལོ་

སུམ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མ་སྨད་པ་སྐྱེ་བའི་ཡུལ་ནི་མཆོད་རྟེན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་སྟོང་ངོ་། །ཡབ་ནི་རྡོ་རྗེས་བྱིན་ཞེས་བྱའོ། །ཡུམ་ནི་སྣ་མའི་མེ་ཏོག་ཅེས་བྱའོ། །

སྲས་ནི་ཡིད་དུ་འོང་བའི་ང་རོ་ཞེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་ངེས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཟང་པོའི་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕ་རོལ་མུ་སྟེགས་འཇོམས་ཞེས་བྱའོ། །འདུས་པ་ནི་ལན་ལྔ་བཅུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་དུང་

ཕྱུར་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གླང་པོའི་འགྲོས་སྐྱེ་བའི་ཡུལ་ནི་མེ་ཏོག་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་སྟོང་ངོ་། །

Vol. 45 · folio 156b

ཡབ་ནི་ཆོས་ཞེས་བྱའོ། །ཡུམ་ནི་ཆོས་བཟང་མ་ཞེས་བྱའོ། །སྲས་ནི་ནོར་ལྷ་ཞེས་བྱའོ། །རིམ་གྲོ་པ་ནི་མཆོག་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་གནས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་གསལ་ཞེས་བྱའོ། །འདུས་པ་དང་

པོ་ལ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་སྟོང་ངོ་། །གཉིས་པ་ལ་ནི་བྱེ་བ་ཕྲག་དགུ་བཅུའོ། །གསུམ་པ་ལ་ནི་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་

གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡིད་འཐད་སྐྱེ་བའི་ཡུལ་ནི་འོད་བཀོད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་སྟོང་ངོ་། །ཡབ་ནི་ཀུན་ཏུ་བཟང་པོ་ཞེས་བྱའོ། །ཡུམ་ནི་ཡིད་འོང་བྱིན་ཞེས་བྱའོ། །སྲས་ནི་མདངས་སྟོབས་ཞེས་བྱའོ། །རིམ་

གྲོ་པ་ནི་མྱ་ངན་བྲལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྙན་པར་སྨྲ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་དགའ་བ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་དགུ་

ཁྲིའོ། །དམ་པའི་ཆོས་ནི་ལོ་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་སྐྱེ་བའི་ཡུལ་ནི་ཏོག་གི་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཁྲི་དྲུག་སྟོང་ངོ་། །ཡབ་ནི་རིན་ཆེན་སེམས་

ཞེས་བྱའོ། །ཡུམ་ནི་ལྷའི་འོད་ཟེར་ཞེས་བྱའོ། །སྲས་ནི་མེ་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་ཡུལ་འཁོར་ཤིང་རྟ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་རྒྱལ་མཚན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒྱུ་སྐར་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་

རྩ་བཞི་སྟེ། །ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བདུན་སྟོང་ངོ་། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་

Vol. 45 · folio 157a

ཞི་བ་སྐྱེ་བའི་ཡུལ་ནི་སྐྱོན་མེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་ཞི་བའི་བློ་གྲོས་ཞེས་བྱའོ། །ཡུམ་ནི་ཤིན་ཏུ་ཞི་བའི་གཟི་བརྗིད་ཅེས་བྱའོ། །སྲས་ནི་ཕལ་ཆེན་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་གང་པོ་ཞེས་བྱའོ། །

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚུགས་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཁྲུལ་མེད་ཅེས་བྱའོ། །འདུས་པ་ནི་ལན་བཅྭ་ལྔ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲི་

ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རབ་གསལ་རྒྱལ་པོ་སྐྱེ་བའི་ཡུལ་ནི་ཏོག་གི་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་རབ་གསལ་ཞེས་བྱའོ། །ཡུམ་ནི་བློ་གྲོས་ཏོག་ཅེས་བྱའོ། །

སྲས་ནི་གཟི་བརྗིད་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་ལེགས་མཐོང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐའ་ཡས་ལག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་རོལ་པ་ཅན་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་དགུ་

དང་འབུམ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་གཉིས་སོ། །དམ་པའི་ཆོས་ཀྱང་ལོ་བྱེ་བ་ཕྲག་གཉིས་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཁ་ལོ་སྒྱུར་སྐྱེ་བའི་ཡུལ་ནི་གཟི་བརྗིད་གསལ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །

འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་ཉི་མའི་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་མི་འཇིགས་བྱིན་ཞེས་བྱའོ། །སྲས་ནི་མཐོང་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་སྒྲོན་མའི་ལག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་མི་འཁྲུག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ངེས་

བརྟན་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་དང་བྱེ་བ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་

Vol. 45 · folio 157b

གཤེགས་པ་དགའ་བའི་དབང་ཕྱུག་སྐྱེ་བའི་ཡུལ་ནི་ཡིད་དུ་འོང་བའི་དབྱངས་ཅན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ཁྲིའོ། །ཡབ་ནི་དགའ་བའི་དབྱངས་ཞེས་བྱའོ། །ཡུམ་ནི་སྒྲོན་མ་བྱིན་ཞེས་བྱའོ། །སྲས་ནི་སྟོབས་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་ཡིད་དུ་འོང་

བའི་དབྱངས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་པའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མཐའ་ཡས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་ཐེར་འབུམ་ཕྲག་དྲུག་ཅུའོ། །གཉིས་པ་ལ་ནི་ཐེར་འབུམ་ཕྲག་བདུན་ཅུའོ། །

གསུམ་པ་ལ་ནི་ཐེར་འབུམ་ཕྲག་བརྒྱད་ཅུའོ། །བཞི་པ་ལ་ནི་འབུམ་ཕྲག་དགུ་བཅུའོ། །ལྔ་པ་ལ་ནི་ཐེར་འབུམ་ཕྲག་བརྒྱའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཙུག་ན་རིན་

པོ་ཆེ་སྐྱེ་བའི་ཡུལ་ནི་ཡོན་ཏན་བརྩེགས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་རིན་ཆེན་འགྲོས་ཞེས་བྱའོ། །ཡུམ་ནི་བསོད་ནམས་འཕེལ་ཞེས་བྱའོ། །སྲས་ནི་ཆོས་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་རྣམ་པར་སྣང་བྱེད་ཅེས་བྱའོ། །ཤེས་

རབ་ཅན་རྣམས་ཀྱི་མཆོག་ནི་བློ་གནས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷའི་རྒྱལ་པོ་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་གསུམ་དང་འབུམ་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་ཉིས་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་དྲུག་སྟོང་གི་

བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བསྙེངས་བྲལ་སྐྱེ་བའི་ཡུལ་ནི་ཚེ་སྦྱིན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཁྲིའོ། །ཡབ་ནི་འོད་བཟངས་ཞེས་བྱའོ། །ཡུམ་ནི་མཆོད་

སྦྱིན་མ་ཞེས་བྱའོ། །སྲས་ནི་ངེས་མཐོང་ཞེས་བྱའོ། །རིམ་གྲོ་པ་ནི་ངེས་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་བརྟན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲང་སྲོང་གཙོ་ཞེས་བྱའོ། །འདུས་པ་ནི་ལན་ཅིག་ཏུ་ཟད་དོ། །དགེ་སློང་གི་དགེ་འདུན་དཔག་ཏུ་

Vol. 45 · folio 158a

མེད་དོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་སྐྱེ་བའི་ཡུལ་ནི་ཕུང་པོ་ལས་གྲོལ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །

འོད་ནི་དཔག་ཚད་འབུམ་ཕྲག་བརྒྱ་དྲུག་ཅུའོ། །ཡབ་ནི་ཡེ་ཤེས་འོད་ཅེས་བྱའོ། །ཡུམ་ནི་རིན་ཆེན་བློ་གྲོས་མ་ཞེས་བྱའོ། །སྲས་ནི་པད་མའི་མཛོད་ཅེས་བྱའོ། །རིམ་གྲོ་པ་ནི་རྣམ་པར་གྲགས་པའི་སྒྲ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚུགས་པ་མེད་པའི་གཟི་

བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མི་གནས་སེམས་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་འབུམ་ཕྲག་བཅུ་བཞི་བཅུ་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་ལྔའོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བརྒྱའི་བར་དུ་གནས་སོ། །

སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ་ཞལ་སྐྱེ་བའི་ཡུལ་ནི་དྲི་མ་མེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ངོ་། །ཡབ་ནི་མིག་བཟངས་ཞེས་བྱའོ། །ཡུམ་ནི་མིག་བྱིན་ཞེས་བྱའོ། །སྲས་ནི་ཟླ་སྡུག་ཅེས་བྱའོ། །རིམ་

གྲོ་པ་ནི་ཡོན་ཏན་གྲགས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྤོབས་པའི་སྙིང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་མི་འཁྲུག་ཅེས་བྱའོ། །འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་དྲུག་དྲུག་གོ། །སྐུ་

ཚེའི་ཚད་ནི་ལོ་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པ་སྐྱེ་བའི་ཡུལ་ནི་ཚེར་མ་མེད་པ་ཞེས་བྱའོ། །རིགས་ནི་

བྲམ་ཟེའོ། །འོད་ནི་དཔག་ཚད་འབུམ་མོ། །ཡབ་ནི་གསུམ་རིག་ཅེས་བྱའོ། །ཡུམ་ནི་བློ་བཟངས་མ་ཞེས་བྱའོ། །སྲས་ནི་འདམ་རྫབ་མེད་ཅེས་བྱའོ། །རིམ་གྲོ་པ་ནི་མིའི་ཟླ་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲགས་ཞེས་བྱའོ། །རྫུ་འཕྲུལ་ཅན་

Vol. 45 · folio 158b

རྣམས་ཀྱི་མཆོག་ནི་བརྡ་ལ་མཁས་པ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བརྒྱད་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཞི་བའི་

གཟི་བརྗིད་སྐྱེ་བའི་ཡུལ་ནི་གཟི་བརྗིད་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བརྒྱ་སྙེད་ཙམ་མོ། །ཡབ་ནི་གཟི་བརྗིད་མཐའ་ཡས་ཞེས་བྱའོ། །ཡུམ་ནི་གཟི་ལྡན་མ་ཞེས་བྱའོ། །སྲས་ནི་གཟི་བརྗིད་མེ་ཏོག་ཅེས་བྱའོ། །

རིམ་གྲོ་པ་ནི་གཟི་བརྗིད་འཇམ་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐོགས་པ་མེད་པའི་གཟི་བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་གཟི་བརྗིད་ཅེས་བྱའོ། །འདུས་པ་ནི་ལན་དྲུག་ཅུ་རྩ་དགུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བརྒྱད་བརྒྱད་དོ། །སྐུ་

ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགའ་བའི་ཏོག་གི་ནི། །སྐྱེ་བའི་ཡུལ་ནི་དགའ་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་

ཡོད་ཡབ་ནི་ལེགས་བཟངས་ཡིན། །ཆོས་ཀྱི་བློ་གྲོས་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་འོད་བྱེད་དགེ་བ་རིམ་གྲོ་པ། །གྲགས་མཆོག་ཅེས་བྱ་བ་ནི་མཁས་པ་སྟེ། །རྣམ་པར་སྣང་བྱེད་ཅེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་སྟེ། །ཀུན་ལའང་ཉོན་མོངས་སྤངས་

པ་དགྲ་བཅོམ་པ། །བྱེ་བ་སྟོང་ཕྲག་བདུན་ཅུ་རྩ་གསུམ་གསུམ། །མི་ཚེ་ལོ་གྲངས་སྟོང་ཕྲག་བདུན་ཅུ་གསུམ། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །དེ་ཡི་མཆོད་རྟེན་སྟོང་ཕྲག་

བདུན་ཅུ་དྲུག །དེ་བཞིན་གཤེགས་པ་སྒྲ་གཅན་ལྷ་ཡི་ནི། །སྐྱེ་བའི་ཡུལ་ནི་དགའ་བར་བྱེད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱད་ཡོད་ཡབ་ནི་གཟི་བརྗིད་བཟང་། །སྐལ་ལྡན་ཤིང་རྟ་ཞེས་བྱ་ཡུམ་ཡིན་ནོ། །སྲས་པོ་བླ་མེད་ལྗོན་པ་

Vol. 45 · folio 159a

རིམ་གྲོ་པ། །ང་རོ་སྙན་ཅེས་བྱ་བ་མཁས་པ་སྟེ། །བདེ་བར་སོང་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་བྱེ་ཕྲག་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་གཉིས། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་

དག་ཀྱང་། །ལོ་གྲངས་སྟོང་ཕྲག་དགུ་བཅུ་གསུམ་དུ་གནས། །སྐུ་གདུང་རྒྱས་འགྱུར་རིན་པོ་ཆེ་ཡིས་སྤྲས། །མཆོད་རྟེན་བྱེ་བ་བརྒྱད་ཅུ་རྩ་དྲུག་སྟེ། །རིན་ཆེན་སྣ་བདུན་དག་གིས་བརྒྱན་པར་འགྱུར། །འཇིག་རྟེན་འདྲེན་པ་ན་ཚོད་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་བརྒྱན་

ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་འབྱོར་པ་ཡིན། །སྐྱེ་བའི་མཆོད་རྟེན་ཡུམ་ཡིན་སྲས་པོ་ནི། །སྒྲ་གཅན་དགའ་བ་བཟང་པོ་རིམ་གྲོ་པ། །རྐང་འགྲོ་ཞེས་བྱ་དེ་ནི་མཁས་པ་སྟེ། །རྣམ་པར་སྒྲོགས་ཞེས་བྱ་བ་རྫུ་འཕྲུལ་མཆོག །

འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་སྟེ། །ཀུན་ལའང་དགྲ་བཅོམ་ཐམས་ཅད་གཡོ་མེད་པ། །རྣམ་གྲོལ་དྲི་མེད་བྱེ་བ་ཕྲག་བཅུ་བཅུ། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །ལོ་སྟོང་བར་དུ་ཆོས་ཀྱི་འཁོར་ལོ་སྐོར། །སྐུ་

གདུང་རྒྱས་འགྱུར་ཁོ་ར་ཁོར་ཡུག་ཏུ། །མཆོད་རྟེན་སྟོང་ཕྲག་དྲུག་ཅུ་རྩ་བཞིས་བརྒྱན། །དེ་བཞིན་གཤེགས་པ་ལྷ་དགའ་ཞེས་བྱ་བའི། །སྐྱེ་བའི་ཡུལ་ནི་ལྷ་ཡིས་བརྒྱན་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བྱེ་བ་ཡབ་ནི་ན་ཚོད་བཟང་། །

མཉམ་པར་སེམས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགའ་སྡུག་དགའ་བོ་རིམ་གྲོ་པ། །མི་ཡི་སེང་གེ་ཞེས་བྱ་མཁས་པ་སྟེ། །བདུད་འཇོམས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །འདུས་པ་ཀུན་ལའང་བློ་གྲོས་རབ་ཞི་བ། །བྱེ་

བ་བརྒྱ་ཕྲག་དྲུག་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་ཉི་ཤུ་གསུམ། །སྟོན་པ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བདུན་ཅུ་གཉིས་སུ་འབར། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་པོ་དག །བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དགུ་འབྱུང་། །དེ་

Vol. 45 · folio 159b

བཞིན་གཤེགས་པ་རིན་ཆེན་ཕུང་པོ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་བརྒྱན་ཅེས་བྱ། །དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་ཅུ་ཡབ་ནི་འཁྲུག་མེད་ཡིན། །རིན་ཆེན་མཆོག་མ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ལེགས་སེམས་ཟླ་བ་རིམ་གྲོ་པ། །

མཆོག་དབྱངས་ཞེས་བྱ་དེ་ནི་མཁས་པ་སྟེ། །རྒོལ་བ་ཚར་གཅོད་ཅེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་དྲི་མེད་གཡོ་མེད་ལུས་སྦྱངས་པ། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བདུན་ཅུ་

གསུམ། །བདེ་གཤེགས་འགོག་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་བརྒྱ་ཕྲག་བཅུ་ཡི་བར་དུ་གནས། །རྒྱལ་བའི་སྐུ་གདུང་རིལ་གཅིག་མཆོད་རྟེན་ཡང་། །འཕང་དུ་དཔག་ཚད་ལྔ་ཡི་ཚད་ཙམ་ཡིན། །དེ་བཞིན་གཤེགས་པ་མཛེས་པར་གཤེགས་པ་ཡི། །

སྐྱེ་བའི་ཡུལ་ནི་སྡུག་ཅིང་དགའ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་འོད་ཟེར་བཟང་། །མེ་ཏོག་ཅན་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བྱམས་པ་བློ་བཟངས་རིམ་གྲོ་པ། །བློ་མཆོག་ཅེས་ནི་བྱ་བ་མཁས་པ་སྟེ། །རྣམ་

པར་འཕྲུལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་ང་མེད་ཐམས་ཅད་རིམས་མེད་པ། །སྲིད་གྲོལ་བྱེ་བ་ཕྲག་ནི་གསུམ་གསུམ་ཡོད། །མི་ཚེའི་ཚད་ནི་ལོ་གྲངས་བྱེ་བ་ཡིན། །རབ་ཏུ་ཞི་བར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སྟོང་

ཕྲག་དགུ་བཅུ་གཅིག་ཏུ་གནས། །འཇིག་རྟེན་མཁྱེན་པའི་སྐུ་གདུང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་ཕྲག་ནི་ཉི་ཤུ་གསུམ། །དེ་བཞིན་གཤེགས་པ་སེང་གེའི་ཕྱོགས་པ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་ལྡན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་

ཚད་བཅྭ་བརྒྱད་ཡབ་ནི་ལེགས་བཟང་ཡིན། །པད་མ་ཅན་ཞེས་བྱ་བ་དེ་ཡི་ཡུམ། །སྲས་པོ་གཙོ་མཆོག་ཆོས་ནི་རིམ་གྲོ་པ། །འོད་ཟེར་བརྒྱ་པ་ཞེས་བྱ་མཁས་པ་སྟེ། །རབ་ཏུ་འཇོམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་སྟེ་ཐམས་ཅད་ལའང་། །དགྲ་བཅོམ་

Vol. 45 · folio 160a

ཆགས་མེད་འདམ་བརྒལ་སྦྱངས་པ་པོ། །བྱེ་བ་ཕྲག་ནི་བཅུ་བཅུ་ཁོ་ན་ཡོད། །མི་ཚེའི་ཚད་ནི་ལོ་གྲངས་སུམ་བརྒྱ་ཡིན། །རྣམ་པར་གྲོལ་བར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བཅུ་ཡི་བར་དུ་གནས། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་གཉིས་ཡོད་དེ། །གསེར་

ལས་བྱས་པའི་དྲ་བས་ཀུན་ཏུ་གཡོགས། །དེ་བཞིན་གཤེགས་པ་ཤིན་ཏུ་མཐོར་གཤེགས་ཀྱི། །སྐྱེ་བའི་ཡུལ་ནི་ལྷ་ཡིས་སྤྲུལ་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་གཉིས་ཡོད་ལྗོན་པའི་དབང་པོ་ཡབ། །དགའ་བ་ཅན་ནི་ཡུམ་ཡིན་སྲས་

པོ་ནི། །ཡོན་ཏན་དགའ་བ་རྒྱལ་བ་རིམ་གྲོ་པ། །དགྲ་བཅོམ་དགའ་ཞེས་བྱ་བ་མཁས་པ་སྟེ། །དགེ་སློང་སྐར་མཁན་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་སེམས་ཞི་དུལ་བར་ལྡན་པ་དག །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་

ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཞི་བཅུ་ཡིན། །རྟོག་པ་མེད་པ་དེ་ཡི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་དགུ་ཡི་བར་དུ་གནས། །རྒྱལ་བའི་མཆོད་རྟེན་དཔག་ཚད་གསུམ་པ་གཅིག །གསེར་དག་གིས་ནི་རྣམ་པར་སྤྲས་པར་འགྱུར། །མི་ཡི་མཆོག་མ་སྐྱེ་བའི་དབང་པོ་ཡི། །

སྐྱེ་བའི་ཡུལ་ནི་འཇིག་རྟེན་འཕགས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ཤིན་ཏུ་མཆོད། །འཇིགས་པ་མེད་པ་ཡུམ་ཡིན་སྲས་པོ་ནི། །འཇིག་རྟེན་དགའ་བ་རྒྱལ་བ་རིམ་གྲོ་པ། །ཚོགས་ཅན་བློ་ཞེས་བྱ་བ་མཁས་པ་སྟེ། །

འབྲུག་སྒྲ་དབྱངས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བཅུ་དྲུག་སྟེ། །ཀུན་ལའང་དྲི་གསུམ་དྲི་དག་ཡིད་ལྡན་པ། །སེམས་སྦྱངས་བྱེ་བ་ཕྲག་ནི་དྲུག་དྲུག་ཡོད། །མི་ཚེའི་ཚད་ནི་ལོ་གྲངས་ཉིས་སྟོང་ཡིན། །རྒྱལ་བ་མྱ་ངན་འདས་ནས་དམ་ཆོས་དག །ལོ་

གྲངས་སྟོང་ཕྲག་བདུན་ཅུ་གཉིས་སུ་གནས། །མཆོད་རྟེན་བྱེ་བ་སྟོང་ཕྲག་གཉིས་ཚང་སྟེ། །རིན་པོ་ཆེ་ཡིས་རྣམ་པར་སྤྲས་པར་འགྱུར། །སྨྲ་བའི་ཟླ་བ་བློ་གྲོས་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་ངེས་པའི་མདངས་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་

Vol. 45 · folio 160b

ཚད་གཉིས་ཡོད་ཡབ་ནི་ཐོགས་པ་མེད། །རིན་ཆེན་ལྡན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འཇོམས་བྱེད་བཟང་བྱིན་རིམ་གྲོ་པ། །དགེ་སློང་ཚོགས་ཅན་གཙོ་བོ་མཁས་པ་སྟེ། །རྒོལ་བ་ཕུང་བྱེད་ཅེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་དགུ་བཅུ་སྟེ། །

ཀུན་ལའང་སྲེད་དང་དྲི་མ་ཐ་བ་དང་། །མདུད་པ་བཅད་པ་བྱེ་བ་ཕྲག་བཅུ་བཅུ། །མི་ཚེ་ལོ་གྲངས་བྱེ་བ་སྟོང་ཕྲག་བཅུ། །རྣམ་པར་གྲོལ་བར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་གཉིས་ཀྱི་བར་དུ་གནས། །མཆོད་རྟེན་ཁྱད་འཕགས་དཔག་ཚད་གཅིག་པ་ལ། །

རིན་ཆེན་ཁྱད་པར་འཕགས་པ་བརྒྱ་ཡིས་སྤྲས། །དེ་བཞིན་གཤེགས་པ་འཇིག་རྟེན་འོད་ཀྱི་ནི། །སྐྱེ་བའི་ཡུལ་ནི་གཟི་བརྗིད་འཕགས་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཅུ་ཡབ་ནི་ཟླ་བའི་རི། །མེ་ཏོག་ཅན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་

པོ་དགའ་སྡུག་རྒྱལ་བྱེད་རིམ་གྲོ་པ། །ཡོན་ཏན་གྲགས་ཞེས་བྱ་བ་མཁས་པ་སྟེ། །ཙན་དན་བཟང་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །འདུས་པ་ཀུན་ལའང་དགྲ་བཅོམ་བྱེ་བ་ཕྲག །སྟོང་ཕྲག་དགུ་བཅུ་རྩ་ནི་དགུ་དགུ་ཡོད། །མི་ཚེ་

ལོ་གྲངས་སྟོང་ཕྲག་ཉི་ཤུ་གཉིས། །དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །རྒྱལ་བའི་མཆོད་རྟེན་དཔག་ཚད་གསུམ་པ་ལ། །ཁོར་ཡུག་གསེར་ལས་བྱས་པའི་བླ་རེས་སྤྲས། །གདུགས་གྲངས་བྱེ་བ་བརྒྱ་ཕྲག་བཅུ་ཡང་ཡོད། །དེ་བཞིན་གཤེགས་པ་རིན་ཆེན་གཟི་

བརྗིད་ཀྱི། །སྐྱེ་བའི་ཡུལ་ནི་བསོད་ནམས་རྣམ་འཕྲུལ་ཡིན། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་གསུམ་ཡབ་ནི་པད་མ་བཟང་། །ཡོན་ཏན་སྨྲ་བ་རྒྱལ་ཡུམ་སྲས་པོ་ནི། །མེ་ཏོག་ལེགས་རྒྱས་སྐར་མ་རིམ་གྲོ་པ། །དྲང་སྲོང་མང་པོས་བསྟོད་པ་

མཁས་ལྡན་ཏེ། །འཇིག་རྟེན་དགའ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་ཐེར་འབུམ་སྟེ། །དེ་དག་ཀུན་ལའང་སེམས་སྦྱངས་མཆོད་གནས་དག །ཐེར་འབུམ་ཐེར་འབུམ་དག་ནི་ཚང་བར་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་སྟོང་ཡིན། །རྒྱལ་

Vol. 45 · folio 161a

བ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་དྲུག་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བརྒྱད་ཁྲི་དག་ནི་ཚང་བར་འགྱུར། །བདེ་བར་གཤེགས་པ་སྐལ་ལྡན་ཤིང་རྟ་ཡི། །སྐྱེ་བའི་ཡུལ་ནི་སྐར་མའི་འོད་

ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ཡུལ་འཁོར་བཟང་། །རིན་ཆེན་མཆོག་མ་རྒྱལ་ཡུམ་སྲས་པོ་ནི། །དགའ་བའི་དབང་ཕྱུག་ལེགས་དགའ་རིམ་གྲོ་པ། །འོད་བྱེད་ཅེས་ནི་བྱ་བ་མཁས་པ་སྟེ། །ཡོན་ཏན་འབྱུང་གནས་ཞེས་

བྱ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་སྟེ། །ཀུན་ལའང་སེམས་ནི་རྣམ་པར་གྲོལ་བ་ཀུན། །བྱེ་བ་ཕྲག་ནི་དགུ་བཅུ་རྩ་གཉིས་གཉིས། །དེ་དག་ཚེ་ཚད་ལོ་གྲངས་བརྒྱ་ཡང་ཡིན། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སྟོང་ཕྲག་ཉི་

ཤུ་གསུམ་དུ་གནས། །སྐུ་གདུང་མཆོད་རྟེན་བྱེ་སྟོང་བདུན་ཅུ་དྲུག །རིན་ཆེན་བརྒྱ་ཡི་དྲ་བས་རྣམ་པར་སྤྲས། །འཇིག་རྟེན་མགོན་པོ་ཀུན་ཏུ་རྒྱལ་བ་ཡི། །སྐྱེ་བའི་ཡུལ་ནི་བདེན་པས་བརྒྱན་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བྱེ་བ་བཅུ་གཉིས་ཡབ་

ནི་རྒྱ་མཚོ་ཡིན། །གཟི་བརྗིད་བདག་མོ་རྒྱལ་ཡུམ་སྲས་པོ་ནི། །བསམ་གཏན་དགའ་བ་ལྷ་ནི་རིམ་གྲོ་པ། །དགྲ་བཅོམ་དག་གིས་བསྟོད་པ་མཁས་པ་སྟེ། །རྒོལ་བ་རབ་ཏུ་འཇོམས་པ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བརྒྱད་ཡིན་ཏེ། །འདུས་པ་ཀུན་

ལའང་ང་རྒྱལ་རྒྱལ་མཚན་དག །སྤངས་པ་ཐམས་ཅད་བྱེ་བ་ཕྲག་སྟོང་སྟོང་། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །མི་ཡི་མཆོག་རབ་དག་གི་དམ་ཆོས་དག །ལོ་གྲངས་བྱེ་བ་ཚང་བར་གནས་པར་འགྱུར། །མཆོད་རྟེན་བྱེ་བ་བརྒྱ་ཕྲག་ཚང་བ་ལ། །དངུལ་

གྱིས་སྤྲས་ཤིང་མུ་ཏིག་རབ་ཏུ་སྦྱངས། །དེ་བཞིན་གཤེགས་པ་དགའ་བ་བཀོད་པ་ཡི། །སྐྱེ་བའི་ཡུལ་ནི་རྟག་ཏུ་མཐོང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བྱེ་བ་ཡབ་ནི་འཁྲུག་པ་མེད། །སྐད་སྙན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་

Vol. 45 · folio 161b

འཇམ་དབྱངས་སྐར་མ་རིམ་གྲོ་པ། །འགྲོ་བ་དགའ་ཞེས་བྱ་བ་མཁས་པ་སྟེ། །ཐུབ་པ་མཆོད་འདོད་ཅེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་གཉིས་ཡིན་ཏེ། །ཀུན་ལའང་དགྲ་བཅོམ་འཁྲུག་མེད་གནས་པ་ཀུན། །ཁྲི་ཕྲག་ཉི་ཤུ་རྩ་ནི་གཉིས་གཉིས་ཡོད། །

མི་ཚེ་ལོ་གྲངས་དག་ནི་སུམ་སྟོང་ཡིན། །ལུས་པ་མེད་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བཅུ་གཉིས་བར་དུ་གནས། །དེ་ཡི་ཚེ་ན་རྒྱལ་བའི་མཆོད་རྟེན་ནི། །དཔག་ཚད་བཅུ་པའི་ཚད་ཙམ་གཅིག་འབྱུང་འགྱུར། །དེ་བཞིན་གཤེགས་པ་སྟེགས་ནི་མཛད་པ་ཡི། །

སྐྱེ་བའི་ཡུལ་ནི་བདེ་བ་ཅན་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་སུམ་ཅུ་ཡབ་ནི་མཐུ་རྩལ་ཡིན། །ཡིད་གཉིས་སྤོང་བ་རྒྱལ་བའི་ཡུམ་ཡིན་ནོ། །སྲས་པོ་ལྗོན་མཆོག་ཐབས་ལྡན་རིམ་གྲོ་པ། །ས་འཛིན་ཅེས་ནི་བྱ་བ་མཁས་པ་སྟེ། །རི་བོ་སྒུལ་

ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །འདུས་པ་ཀུན་ལའང་སྲེད་པའི་རྒྱ་མཚོ་ལས། །རྒལ་གྱུར་བྱེ་བ་ཕྲག་ནི་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་དགུ་བཅུ་དགུ། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་

སུམ་ཁྲི་དྲུག་སྟོང་བར་དུ་གནས། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་པོ་དག །བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་གཉིས་འབྱུང་། །དེ་བཞིན་གཤེགས་པ་སྤོས་ཀྱི་གླང་པོ་ཡི། །སྐྱེ་བའི་ཡུལ་ནི་སྤོས་གསལ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་

ཚད་བྱེ་བ་ཕྲག་གསུམ་ལག་བཟངས་ཡབ། །ས་ཡི་བདག་མོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཤུག་པ་དྲག་ཤུལ་རིམ་གྲོ་པ། །ངེས་པ་བརྟན་ཞེས་བྱ་བ་མཁས་པ་སྟེ། །གླང་པོའི་ལྟ་སྟངས་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །ཀུན་ལའང་

འདམ་བརྒལ་གཏི་མུག་བྲལ་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅྭ་ལྔ་ཡིན། །ལུས་པ་མེད་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་དགུ་བཅུ་རྩ་དགུར་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་

Vol. 45 · folio 162a

བྱེ་བ་བརྒྱ་ཕྲག་བདུན་ཅུ་འབྱུང་། །དེ་བཞིན་གཤེགས་པ་བློ་གྲོས་འོད་འཕྲོ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་ལྡན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །ཞིང་རྣམས་ཁྱབ་ལྡན་ཡབ་ནི་འོད་བཟངས་ཡིན། །དཔལ་གཟི་མ་ཞེས་བྱ་

བ་ཡུམ་ཡིན་ནོ། །སྲས་པོ་གཟི་སྡུག་གྲགས་པ་རིམ་གྲོ་པ། །ཡོན་ཏན་བརྒྱན་ཅེས་བྱ་བ་མཁས་པ་སྟེ། །སྲིད་པ་སྐྲག་པར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཁྲི་ཕྲག་བཞི་ཡིན་ཏེ། །ཀུན་ལའང་རྣམ་ཐར་བརྒྱད་ལ་གནས་གྱུར་པ། །བྱེ་བ་བརྒྱ་

ཕྲག་སུམ་ཅུ་གཉིས་གཉིས་ཡོད། །རྒྱལ་བའི་སྐུ་ཚེ་ལོ་གྲངས་བརྒྱ་ཡང་ཡིན། །མྱ་ངན་འདས་ནས་འགྲོ་ལ་ཕན་པའི་ཕྱིར། །དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །རྒྱལ་བའི་སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག །དཔག་ཚད་བདུན་ཅུ་པ་སྟེ་རྒྱལ་

མཚན་བརྒྱན། །དེ་བཞིན་གཤེགས་པ་རི་བོའི་རྒྱལ་མཚན་གྱི། །སྐྱེ་ཡུལ་མཆོད་རྟེན་རྨད་དུ་བྱུང་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་ཤེད་སྐྱེས་ཡིན། །ཐ་སྤངས་མ་ཞེས་བྱ་བ་རྡུལ་བྲལ་ཡུམ། །སྲས་པོ་ལྷ་དགའ་སྐར་རྒྱལ་རིམ་

གྲོ་པ། །ཐོས་པ་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །རྒོལ་བ་རྣམ་པར་འཇོམས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་ཏིང་འཛིན་ཞི་བ་རིམ་བསྒོམས་པ། །དགྲ་བཅོམ་འཁྲུག་མེད་བྱེ་བ་བྱེ་བ་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་ཡང་ཡིན། །

ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སྟོང་ཕྲག་བཅུ་ནི་ཚང་བར་གནས། །མཆོད་རྟེན་བཟང་པོ་བྱེ་བ་ཕྲག་གསུམ་སྟེ། །མེ་ཏོག་བ་དན་རྒྱལ་མཚན་མཆོག་གིས་བརྒྱན། །བདེ་བར་གཤེགས་པ་རིན་ཆེན་སྤོས་བཟངས་ཀྱི། །སྐྱེ་བའི་ཡུལ་ནི་སྤོས་ཀྱིས་བརྒྱན་ཅེས་

བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བྱེ་བ་བརྒྱད་ཅུ་ཡབ་ནི་ལེགས་ཡིད་གཞུངས། །སྤོས་ཀྱི་མཆོད་རྟེན་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ནོར་སྲེད་དགའ་བ་རིམ་གྲོ་པ། །རབ་ཞི་མཆོག་ཅེས་བྱ་བ་མཁས་པ་སྟེ། །མཆོད་རྟེན་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །

Vol. 45 · folio 162b

འཇིག་རྟེན་གསུམ་ལ་མ་ཞེན་མཚུངས་སྨྲ་ལ། །ཆགས་པ་མེད་པར་གྱུར་པ་སྡིག་སྦྱངས་པ། །འདུས་པ་དག་ནི་མཐའ་ཡང་ཡས་པར་འགྱུར། །མི་ཚེ་ལོ་གྲངས་ས་ཡ་ཕྲག་གསུམ་ཡིན། །མགོན་པོ་མཆོག་མ་མྱ་ངན་འདས་ནས་ཀྱང་། །མགོན་པོ་མཆོག་མའི་དམ་ཆོས་གནས་པར་

འགྱུར། །མཆོད་རྟེན་དག་གི་གྲངས་ནི་བརྒྱད་ཁྲི་སྟེ། །གཞན་ཡང་བཞི་སྟོང་གསེར་གྱི་རྒྱལ་མཚན་ཅན། །དེ་བཞིན་གཤེགས་པ་ཆོས་བརྟན་ཞེས་བྱ་བའི། །སྐྱེ་བའི་ཡུལ་ནི་དྲག་ཤུལ་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་དཔག་ཚད། །ཁྲི་ཕྲག་བཅུ་ཡོད་ཡབ་ནི་

ཡང་དག་གཟིགས། །ཤིན་ཏུ་ཡང་དག་གཟིགས་མ་རྒྱལ་ཡུམ་སྲས། །བསོད་ནམས་བཟང་པོ་གཟི་བཟངས་རིམ་གྲོ་པ། །བརྟུལ་ཞུགས་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །ཤེས་རབ་རྣམ་པར་ངེས་པ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བཅུ་གཅིག་སྟེ། །ཀུན་ལའང་

འཁྲུག་པ་མེད་པར་གནས་གྱུར་ཀུན། །བྱེ་བ་ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་འབུམ་ཕྲག་གཉིས་ཀྱང་ཡིན། །མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་བརྒྱད་ཅུའི་བར་དུ་གནས། །མཆོད་རྟེན་བཟང་པོ་བྱེ་བ་བདུན་ཅུ་དྲུག །

ཁོར་ཡུག་རིན་ཆེན་རྒྱལ་མཚན་དག་གིས་བརྒྱན། །སངས་རྒྱས་གཟི་བརྗིད་དྲག་ཤུལ་ཅན་གྱི་ནི། །སྐྱེ་ཡུལ་གཟི་བརྗིད་མ་སྨད་པ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བྱེ་བ་ཡབ་ནི་ལག་དབང་ཡིན། །སྤྲིན་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་

པོ་རྣམ་ངེས་དཔའ་བོ་རིམ་གྲོ་པ། །སྐྱེ་བ་ཟད་ཅེས་བྱ་བ་ཤེས་ཅན་ཏེ། །ཞིང་རྣམས་གཡོ་བར་བྱེད་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང་། །འགྲོ་དང་སྲིད་མཐའི་ཕ་རོལ་ཕྱིན་གྱུར་པ། །བྱེ་བ་ཕྲག་ནི་བདུན་ཅུ་རེ་རེ་ཡོད། །རྡུལ་བྲལ་སྐུ་ཚེ་ལོ་གྲངས་ཉིས་

བརྒྱ་ཡིན། །འཇིག་རྟེན་ཕན་ཕྱིར་ཐུབ་པའི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་གཉིས་ཀྱི་བར་དུ་གནས། །རྒྱལ་བའི་སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག །དཔག་ཚད་དྲུག་ཅུ་པ་སྟེ་རྒྱན་གྱིས་བརྒྱན། །དེ་བཞིན་གཤེགས་པ་ཆོས་ཀྱི་ནོར་བུ་ཡི། །སྐྱེ་བའི་ཡུལ་ནི་པད་

Vol. 45 · folio 163a

མ་དཀར་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་ལེགས་དགའ་ཡིན། །དགའ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཤེས་དགའ་ཚངས་བཟངས་རིམ་གྲོ་པ། །མཉམ་པར་སེམས་ཞེས་བྱ་བ་མཁས་པ་

སྟེ། །འཇིག་རྟེན་འོད་བྱེད་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །ཀུན་ལའང་གཏི་མུག་མ་རིག་མུན་བཅོམ་པ། །འགོག་པ་ཐོབ་པ་བརྒྱད་ཅུ་བརྒྱད་ཅུ་ཡོད། །མི་ཚེ་ལོ་གྲངས་དག་ནི་སུམ་སྟོང་ཡིན། །མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །

དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་སྟོང་ཕྲག་སུམ་ཅུ་དྲུག །འཇིག་རྟེན་མགོན་པོ་བཟང་པོ་བྱིན་པ་ཡི། །སྐྱེ་བའི་ཡུལ་ནི་པད་མའི་ཏོག་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །

དཔག་ཚད་བཅུ་གཉིས་ཡབ་ནི་ཕུང་པོ་བཟང་། །ཉི་མའི་རྒྱུད་ཅེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ཚངས་དགའ་གྲུབ་པ་རིམ་གྲོ་པ། །ལྷ་ཡིས་མཆོད་ཅེས་བྱ་བ་མཁས་པ་སྟེ། །གསལ་བ་གཏི་མུག་མེད་པ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་སུམ་ཅུ་སྟེ། །

འདུས་པ་ཀུན་ལའང་རྒྱལ་སྲས་ཐམས་ཅད་དག །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །སྐུ་ཚེ་ལོ་གྲངས་འབུམ་དུ་ཚང་བར་འགྱུར། །མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་བདུན་ཅུའི་བར་དུ་གནས། །བདེ་བར་གཤེགས་པ་མྱ་ངན་

འདས་ནས་ཀྱང་། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཞི་ཞིག་འབྱུང་། །མི་ཡི་འདྲེན་པ་བདེ་གཤེགས་ཟླ་བ་ཡི། །སྐྱེ་བའི་ཡུལ་ནི་གཟི་བརྗིད་སྤྲུལ་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱད་ཡོད་ཡབ་ནི་ཏོག་བཟངས་ཡིན། །བཟང་

ལྡན་མ་ནི་རྒྱལ་ཡུམ་སྲས་པོ་ནི། །རྩི་སྨན་ཡན་ལག་མཉམ་པ་རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །མངོན་པར་འཕགས་པའི་ལྷ་ནི་རྫུ་འཕྲུལ་ཅན། །དྲང་སྲོང་ཆེན་པོའི་སྲས་པོ་ཆགས་མེད་པ། །སེམས་ཞི་རི་དང་མཚུངས་པ་ཐམས་ཅད་དག །འདུས་

Vol. 45 · folio 163b

པ་ལན་གྲངས་དྲུག་ཅུ་རྩ་དྲུག་འདུས། །མི་ཚེ་ལོ་གྲངས་ཉི་ཤུ་རྩ་ཡང་གཉིས། །གྲགས་པ་མཐའ་ཡས་དེ་ཡི་དམ་ཆོས་དག །ལོ་གྲངས་སུམ་བརྒྱ་ཚང་བའི་བར་དུ་གནས། །རྒྱལ་བའི་མཆོད་རྟེན་བཟང་པོ་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་ཀུན་ཏུ་མཛེས་པ་ཡིན། །བདེ་བར་

གཤེགས་པ་ཚངས་པའི་དབྱངས་དག་གི། །སྐྱེ་བའི་ཡུལ་ནི་དགའ་བའི་དབྱངས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ན་ཚོད་བཟང་། །ལྷ་དགའ་ཞེས་ནི་བྱ་བ་ཡུམ་ཡིན་ནོ། །སྲས་པོ་དགའ་བོ་དུལ་བ་རིམ་གྲོ་པ། །ཡོན་ཏན་རྒྱ་མཚོ་

ཞེས་བྱ་མཁས་པ་སྟེ། །ཡེ་ཤེས་རྣམ་པར་འཕྲུལ་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཐ་བ་མེད་ཅིང་ཞི་དུལ་དགའ་བ་པོ། །བསམ་གཏན་པ་ནི་བྱེ་བ་བྱེ་བ་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་དྲུག་ཡིན། །དམ་ཆོས་ལོ་གྲངས་དག་ནི་བརྒྱད་

ཁྲིར་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་གྲངས་ནི་བརྒྱད་ཁྲི་ཚང་བ་སྟེ། །རིན་ཆེན་རྒྱལ་མཚན་དྲ་བ་དག་གིས་གཡོགས། །དེ་བཞིན་གཤེགས་པ་སེང་གེའི་ཟླ་བ་ཡི། །སྐྱེ་བའི་ཡུལ་ནི་རྟག་ཏུ་མཐོང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་

ཏེ་འོད་དཔག་ཚད། །དགུ་བཅུ་གཉིས་ཡོད་ཡབ་ནི་ལེགས་བྱིན་ཡིན། །སངས་རྒྱས་བློ་གྲོས་ཡུམ་ཡིན་སྲས་པོ་ནི། །མིག་མི་འཐུན་པ་ཟླ་བ་རིམ་གྲོ་པ། །རབ་ཏུ་བརྒྱན་པའི་གཟི་བརྗིད་བློ་ལྡན་ཏེ། །རྣམ་པར་ངེས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་

ཅུ་ཀུན་ལ་ཡང་། །འཇིག་རྟེན་ཆགས་མེད་གཡོ་མེད་ང་མེད་པ། །འབུམ་ཕྲག་དྲུག་ཅུ་རྩ་ནི་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །མགོན་པོ་མཆོག་མ་མྱ་ངན་འདས་ནས་ཀྱང་། །དམ་པའི་ཆོས་ནི་ལོ་གྲངས་སྟོང་དུ་གནས། །རྒྱལ་བའི་སྐུ་གདུང་

རིལ་གཅིག་མཆོད་རྟེན་གཅིག །དཔག་ཚད་གསུམ་པ་རྒྱལ་མཚན་དག་གིས་བརྒྱན། །སངས་རྒྱས་མཚུངས་པ་མེད་པ་དཔལ་དག་གི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་མཛེས་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་ཡབ་ནི་མྱ་ངན་མེད། །

Vol. 45 · folio 164a

སྡུག་དགའ་ཞེས་བྱ་ཡུམ་ཡིན་སྲས་པོ་ནི། །ཚེར་མ་མེད་པ་དགའ་བ་རིམ་གྲོ་པ། །སྐྱེ་བོས་མཆོད་ཅེས་བྱ་བ་མཁས་པ་སྟེ། །རྒོལ་བ་འཇོམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཞི་བརྒྱ་བརྒྱད་ཅུ་སྟེ། །ཀུན་ལའང་འདམ་རྫབ་དྲ་བ་མུན་སྤངས་

པ། །རྡུལ་བྲལ་སྲིད་ལས་གྲོལ་བ་ཤ་སྟག་འདུས། །མི་ཚེ་ལོ་གྲངས་དག་ནི་བརྒྱ་ཡང་ཡིན། །མགོན་པོ་མཆོག་མ་མྱ་ངན་འདས་ནས་ཀྱང་། །དམ་པའི་ཆོས་ནི་ལོ་གྲངས་བརྒྱད་ཅུར་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་དྲུག་ཁྲི་དྲུག་

སྟོང་འབྱུང་། །འཇིག་རྟེན་མཁྱེན་པ་ལེགས་པར་སྐྱེས་པ་ཡི། །སྐྱེས་པའི་ཡུལ་ནི་དེས་པ་ཞེས་ཀྱང་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བྱེ་བ་བདུན་ཅུ་ཡབ་ནི་བདག་ཉིད་ཆེ། །འོད་སྐྱོང་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གློག་འོད་དྲག་ཤུལ་རིམ་

གྲོ་པ། །ཡོན་ཏན་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །སྐྱོན་སེལ་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །གནས་མེད་ཕ་རོལ་ཕྱིན་པ་ཐམས་ཅད་པོ། །བྱེ་བ་ཕྲག་ནི་སུམ་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་ཉིས་སྟོང་ཡིན། །

རྒལ་བར་གྱུར་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སུམ་ཁྲི་དྲུག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་བྱེ་བ་བརྒྱ་ཕྲག་གསུམ། །སངས་རྒྱས་ཐུབ་པ་མེད་པའི་ཚོགས་དག་གི། །སྐྱེ་བའི་ཡུལ་ནི་མཚན་གྱིས་བརྒྱན་ཅེས་བྱ། །

རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་དོན་ཡོད་ཡིན། །གྲགས་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ཟླ་བཟངས་བདེན་པ་རིམ་གྲོ་པ། །སྟོབས་ཀྱིས་འགྲོ་ཞེས་བྱ་བ་མཁས་པ་སྟེ། །རྣམ་པར་འཕྲུལ་པའི་གཟི་བརྗིད་རྫུ་འཕྲུལ་ཅན། །འདུས་

པ་ལན་གྲངས་བཞི་ཁྲི་ཀུན་ལ་ཡང་། །སྲིད་པའི་འཆིང་ལས་གྲོལ་བ་ཐམས་ཅད་པོ། །དྲང་སྲོང་ཆེ་སྲས་བྱེ་བ་བྱེ་བ་ཡོད། །མི་རྣམས་ཚེ་ཚད་ལོ་གྲངས་བཞི་ཁྲི་ཡིན། །འཇིག་རྟེན་བླ་མ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས། །སྐུ་གདུང་

Vol. 45 · folio 164b

དག་ནི་རྒྱས་འགྱུར་མཆོད་རྟེན་གྲངས། །བྱེ་བ་བརྒྱ་ཕྲག་དགུ་ཡོད་གསེར་གྱིས་སྤྲས། །དེ་བཞིན་གཤེགས་པ་གྲགས་པའི་བཤེས་གཉེན་གྱི། །སྐྱེ་བའི་ཡུལ་ནི་གྲགས་པ་འཕགས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བྱེ་བ་དགུ་ཡོད་སྦྱིན་སྲེག་འོད་འཕྲོ་

ཡབ། །བསོད་ནམས་ཅན་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་དྲང་སྲོང་ཁྱད་འཕགས་རིམ་གྲོ་པ། །ཡོན་ཏན་བདེན་ཞེས་བྱ་བ་མཁས་པ་སྟེ། །འཇིགས་མེད་བློ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་བདུད་དཔུང་བརླག་

མཐར་བྱེད་པ་པོ། །བྱེ་བ་ཕྲག་ནི་སུམ་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཆིག་སྟོང་ཡིན། །མཚུངས་པ་མེད་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་བྱེ་བ་བདུན་ཅུ་

དྲུག །དེ་བཞིན་གཤེགས་པ་བདེན་པ་ཞེས་བྱ་བའི། །སྐྱེ་བའི་ཡུལ་ནི་གཟི་བརྗིད་མཛེས་ཞེས་བྱ། །དེའི་རིགས་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བྱེ་བ་བཅུ་ཡོད་མི་ཡི་དབང་པོ་ཡབ། །སྐལ་འདོད་མ་ནི་ཡུམ་ཡིན་སྲས་པོ་ནི། །སྐར་མཁན་མཆོད་སྦྱིན་བཟང་པོ་རིམ་

གྲོ་པ། །སྙན་པར་གྲགས་ཞེས་བྱ་བ་ཤེས་ཅན་ཏེ། །རྣམ་པར་འཕྲུལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བྱེ་སྟོང་ཀུན་ལ་ཡང་། །དྲི་གསུམ་དྲི་མ་ཀུན་བྲལ་དགྲ་བཅོམ་པ། །བྱེ་བ་བརྒྱ་ཕྲག་བདུན་ཅུ་བདུན་ཅུ་ཡོད། །སྐུ་ཚེ་ལོ་གྲངས་སུམ་ཁྲི་ཚང་བ་ཡིན། །རྒྱལ་

བ་ཞི་བར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་དགུ་སྟོང་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་རིལ་གཅིག་མཆོད་རྟེན་གཅིག །དཔག་ཚད་དགུ་པ་རིན་ཆེན་བརྒྱ་ཡིས་སྤྲས། །བདེ་བར་གཤེགས་པ་དཀའ་ཐུབ་ཆེན་པོ་ཡི། །སྐྱེ་ཡུལ་མགོན་མེད་ཚིམ་པར་བྱེད་

ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་འོད་ཟེར་བཟང་། །དགའ་ལྡན་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་འཇིགས་མེད་གྲགས་པ་རིམ་གྲོ་པ། །རྣམ་པར་སྣང་བྱེད་གྲགས་པ་ཤེས་ཅན་ཏེ། །ལྷུན་པོ་སྒུལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །

Vol. 45 · folio 165a

འདུས་པ་ལན་གྲངས་བདུན་ཏེ་ཀུན་ལ་ཡང་། །མངོན་ཤེས་དྲུག་ལྡན་གཏི་མུག་མེད་གྱུར་པ། །བྱེ་བ་བརྒྱ་ཕྲག་བདུན་ཅུ་གསུམ་གསུམ་ཡོད། །མི་རྣམས་ཚེ་ཚད་ལོ་གྲངས་སྟོང་ཕྲག་བཅུ། །ཕུང་པོ་སྤངས་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་དགུ་འབུམ་བར་དུ་

གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་ཀྱང་ཡོད།། །།འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་བཞི་པ། རྡུལ་དང་བྲལ་བའི་ལྷུན་པོའི་འོད་ཟེར་གྱི། །

སྐྱེ་བའི་ཡུལ་ནི་འཇིག་རྟེན་འཕགས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ལེགས་བྱིན་ཡིན། །ཀུན་ཏུ་བལྟ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་མཆོད་རྣམ་གྲོལ་རིམ་གྲོ་པ། །ཤེས་རབ་ཡོན་ཏན་ཞེས་བྱ་མཁས་པ་སྟེ། །སྒྲོགས་

པའི་བཤེས་གཉེན་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །སྨྲ་མཚུངས་ལུས་པ་མེད་པར་ཕྱིན་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །རྒྱལ་བ་ཡོངས་སུ་མྱ་ངན་འདས་ནས་ཀྱང་། །དམ་

པའི་ཆོས་ནི་ལོ་གྲངས་བདུན་ཅུར་གནས། །སྐུ་གདུང་མཆོད་རྟེན་བཟང་པོ་སྟོང་དུ་ཚང་། །རིན་ཆེན་རྒྱལ་མཚན་ཡིད་དུ་འོང་བས་བརྒྱན། །དེ་བཞིན་གཤེགས་པ་ཡོན་ཏན་བརྩེགས་པ་ཡི། །སྐྱེ་བའི་ཡུལ་ནི་བྱང་ཆུབ་འཕགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་

ཚད། །བདུན་ཅུ་གསུམ་ཡོད་བདག་ཉིད་ཕྱུག་པོ་ཡབ། །ཡོན་ཏན་དགའ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་རྣམ་སྒྲོགས་དོན་ལྡན་རིམ་གྲོ་པ། །རབ་ཏུ་བརྒྱན་ཅེས་བྱ་བ་མཁས་པ་སྟེ། །སྨྲ་བའི་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །

ཁམས་གསུམ་སྤོང་བར་བྱེད་པ་བསམ་གཏན་པ། །དགྲ་བཅོམ་པ་དག་ཐེར་འབུམ་ཐེར་འབུམ་ཡོད། །མི་ཡི་ཚེ་ཚད་ལོ་གྲངས་སུམ་སྟོང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སུམ་སྟོང་བར་དུ་གནས་པར་འགྱུར། །མཆོད་རྟེན་བཟང་པོའི་གྲངས་ནི་བྱེ་

Vol. 45 · folio 165b

བ་ཕྲག །དགུ་བཅུ་རྩ་གཉིས་རིན་པོ་ཆེ་ཡིས་སྤྲས། །རྡུལ་དང་བྲལ་བ་མཆོད་པ་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་འཇིག་རྟེན་དད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་གསུམ་ཡོད་ཡབ་ནི་ཞིང་བཟངས་ཡིན། །ཕྱོགས་སེམས་མ་ནི་ཡུམ་ཡིན་སྲས་

པོ་ནི། །བཞིན་གཙང་ཚུལ་མི་འཆོས་པ་རིམ་གྲོ་པ། །དགའ་བའི་ང་རོ་ཞེས་བྱ་མཁས་པ་སྟེ། །རྣམ་པར་སེལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ང་རྒྱལ་རྣམ་གྲོལ་ཐོབ་པའི་བསམ་གཏན་པ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་

ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །རྣམ་པར་ཐར་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སུམ་ཁྲི་ཉིས་སྟོང་བར་དུ་གནས། །མཆོད་རྟེན་དཔག་ཚད་བཅུ་གཉིས་པ་ཡི་གྲངས། །དྲུག་ཁྲི་དྲུག་སྟོང་གསེར་གྱི་རྒྱལ་མཚན་གང་། །དེ་བཞིན་གཤེགས་

པ་ཆོས་ཀྱི་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་རྣམ་པར་ངེས་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་དབང་པོ་ཡིན། །མི་གཡོ་བློ་གྲོས་སྐྱེད་པའི་ཡུམ་སྲས་པོ། །ར་ཧུ་ཤ་ཡིན་བློ་བཟངས་རིམ་གྲོ་པ། །འགྲོ་བས་མཆོད་ཅེས་བྱ་བ་

མཁས་པ་སྟེ། །གྲགས་པ་མཆོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་བདུད་དཔུང་དཔུང་མེད་བྱེད་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །འཇིག་རྟེན་ཕན་ཕྱིར་དམ་པའི་ཆོས་དག་

ཀྱང་། །ལོ་གྲངས་ཁྲི་ཕྲག་གཅིག་གི་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་བྱེ་བ་ཕྲག་གསུམ་འབྱུང་། །བདེ་བར་གཤེགས་པ་སྦྱིན་པའི་འོད་དག་གི། །སྐྱེ་ཡུལ་འཇིག་རྟེན་ཤིན་ཏུ་དགའ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །

དཔག་ཚད་བཅུ་གཅིག་བདག་ཉིད་ཆེན་པོ་ཡབ། །ཡུལ་ལ་དགའ་བ་ཡུམ་ཡིན་སྲས་པོ་ནི། །ཆོས་ཀྱི་འབྱུང་གནས་གཟི་བརྗིད་རིམ་གྲོ་པ། །ཡོན་ཏན་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །འཇིག་རྟེན་འཇིགས་མེད་ཅེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །ཀུན་

Vol. 45 · folio 166a

ལའང་པད་མཚུངས་ལུས་པ་མེད་གྱུར་པ། །འདི་དག་ཀུན་ཀྱང་ཐེར་འབུམ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །ཕ་རོལ་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་རིལ་གཅིག་

མཆོད་རྟེན་གཅིག །དཔག་ཚད་བརྒྱ་ཙམ་རྒྱལ་མཚན་མཆོག་གིས་གང་། །དེ་བཞིན་གཤེགས་པ་གློག་ནི་འབྱིན་པ་ཡི། །སྐྱེ་ཡུལ་རྟག་ཏུ་སྣང་བར་བྱས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བྱེ་བ་གསུམ་ཡོད་ཡབ་ནི་བློ་བཟངས་ཡིན། །བྱང་ཆུབ་

དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བློ་རྫོགས་ཁྱད་འཕགས་རིམ་གྲོ་པ། །དགའ་བས་ལྟ་ཞེས་བྱ་བ་མཁས་པ་སྟེ། །འཇིགས་མེད་སེམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །ཀུན་ལའང་ཡིད་ནི་ཡོངས་དག་དགྲ་བཅོམ་པ། །འཁོར་

ནི་ཐེར་འབུམ་བདུན་ཅུ་དྲུག་དྲུག་ཡོད། །མི་ཚེ་ལོ་གྲངས་དག་ནི་ཉིས་སྟོང་ཡིན། །རྒྱལ་བ་ཐར་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་དྲུག་སྟོང་བར་དུ་གནས་པར་འགྱུར། །དཔག་ཚད་ལྔ་པའི་སྐུ་གདུང་མཆོད་རྟེན་གཅིག །དེ་བཞིན་གཤེགས་པ་བདེན་པར་གསུང་བ་ཡི། །

སྐྱེ་བའི་ཡུལ་ནི་མཆོད་པའི་གནས་ཞེས་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བྱེ་བ་ཕྲག་བཅུ་བདག་ཉིད་ཆེན་པོ་ཡབ། །མཆོད་རྟེན་གྲགས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཆོས་མཆོག་ཆོས་ལྡན་རིམ་གྲོ་པ། །བདུད་འཇོམས་པ་ཞེས་བྱ་བ་མཁས་པ་སྟེ། །

སྡུག་བསྔལ་སེལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང་། །ང་མེད་ཟག་པ་མེད་པའི་བསམ་གཏན་པ། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་སུམ་སྟོང་ཡིན། །ཆོས་ཐོབ་པ་ཡི་དམ་པའི་ཆོས་དག་ཀྱང་། །ལོ་

གྲངས་ཉི་ཁྲི་ཆིག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་ཐེར་འབུམ་ཕྲག་གསུམ་འབྱུང་། །འཇིག་རྟེན་དག་གི་མགོན་པོ་འཚོ་བྱེད་ཀྱི། །སྐྱེ་བའི་ཡུལ་ནི་ཐམས་ཅད་འབྱོར་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་

Vol. 45 · folio 166b

ཚད་གསུམ་ཡོད་ཡབ་ནི་ངོས་བཟངས་ཡིན། །དགའ་འགྲོ་མ་ཞེས་བྱ་བ་ཡུམ་ཡིན་ནོ། །སྲས་པོ་རྒྱལ་བྱིན་ལུས་བཟངས་རིམ་གྲོ་པ། །སྐྱབས་མཆོག་རྒྱལ་པོ་བློ་གྲོས་ལྡན་པ་སྟེ། །སྐར་མཁན་མཁས་པ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཏེ་ཀུན་ལ་ཡང་། །དྲང་

སྲོང་གཏི་མུག་མེད་པར་ཐར་དགའ་བ། །བྱེ་བ་ཕྲག་ནི་དྲུག་ཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་ཉིས་སྟོང་ཡིན། །འཇིག་རྟེན་གསུམ་ལས་སྤགས་པའི་དམ་ཆོས་དག །ལོ་གྲངས་དགུ་ཁྲི་ཉིས་སྟོང་བར་དུ་གནས། །མཆོད་རྟེན་བཟང་པོའི་གྲངས་ནི་ཐེར་འབུམ་ཕྲག །དགུ་

བཅུ་རྩ་ལྔ་དག་ནི་འབྱུང་བར་འགྱུར། །དེ་བཞིན་གཤེགས་པ་ན་ཚོད་བཟང་པོ་ཡི། །སྐྱེ་བའི་ཡུལ་ནི་རྟག་ཏུ་འདོད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་མྱ་ངན་མེད། །གྲགས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགའ་

ཆེན་ཟླ་བ་རིམ་གྲོ་པ། །འགྲོས་མཛེས་པ་ཞེས་བྱ་བ་མཁས་པ་སྟེ། །འཇིགས་མེད་ལྷ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །ཡིད་གཉིས་དག་དང་བྲལ་བའི་དགྲ་བཅོམ་ཀུན། །བྱེ་བ་ཕྲག་ནི་བདུན་ཅུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་

དག་ནི་ཆིག་སྟོང་ཡིན། །རྒྱལ་བ་འཁྲུག་པ་མེད་པར་ཕྱིན་པ་ཡི། །དམ་ཆོས་ལོ་གྲངས་སུམ་སྟོང་བར་དུ་གནས། །སྐུ་གདུང་དག་ནི་རྒྱས་འགྱུར་མཆོད་རྟེན་གྲངས། །ཐེར་འབུམ་ཕྲག་གཉིས་སྐུ་གདུང་དག་གིས་བརྒྱན། །བདེ་བར་གཤེགས་པ་ལེགས་པའི་ཚོགས་

ཅན་གྱི། །སྐྱེ་བའི་ཡུལ་ནི་གསེར་གྱི་རི་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །དགུ་བཅུ་གསུམ་ཡོད་ཡབ་ནི་ལེགས་མཆོད་ཡིན། །ཚོགས་མཁས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བླ་མ་སྐྱོན་མེད་རིམ་གྲོ་པ། །རྣམ་པར་ལྟ་ཞེས་བྱ་བ་ཤེས་ཅན་ཏེ། །

རྒྱ་མཚོ་བརྩེགས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ལྔ་སྟེ་ཀུན་ལ་ཡང་། །སྲིད་པའི་སྲེད་ལ་ཆགས་པ་མེད་གྱུར་པ། །སྐྱེ་བའི་བཟློག་པ་དག་ནི་ཁྲི་ཁྲི་ཡོད། །མི་ཚེ་ལོ་གྲངས་དག་ནི་བཞི་སྟོང་ཡིན། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་

Vol. 45 · folio 167a

དྲུག་སྟོང་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་བྱེ་བ་ཉི་ཤུ་གཉིས། །རྒྱལ་མཚན་དམ་པ་བརྒྱ་སྙེད་དག་གིས་བརྒྱན། །རྒྱལ་བ་རྣམ་པར་ངེས་པའི་བློ་གྲོས་ཀྱི། །སྐྱེ་བའི་ཡུལ་ནི་མཆོད་པར་ངེས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །

དཔག་ཚད་བཅྭ་ལྔ་ཡབ་ནི་སུ་མེ་རུ། །ཡོན་ཏན་འཛིན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཚན་བཟང་ལེགས་མཐོང་རིམ་གྲོ་པ། །མཐུ་རྩལ་བཅུ་ལྡན་ཞེས་བྱ་མཁས་པ་སྟེ། །རྣམ་འཕྲུལ་ཀླུ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་ལྟ་

བའི་དྲ་བསལ་བསམ་གཏན་པ། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་བདུན་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅྭ་བརྒྱད་ཡིན། །སྲིད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བདུན་ཁྲི་བདུན་སྟོང་བར་དུ་གནས། །རྒྱལ་བའི་མཆོད་རྟེན་བདུན་ཅུ་རྩ་བཞི་སྟེ། །རིན་ཆེན་དྲ་བ་

ཡིད་དུ་འོང་བས་སྤྲས། །དེ་བཞིན་གཤེགས་པ་སྲིད་མཐའ་ནོར་བུའི་སྤོས། །སྐྱེ་བའི་ཡུལ་ནི་དགའ་བ་དད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བྱེ་བ་ཡབ་ནི་དགའ་འབྱོར་ཡིན། །ཡོན་ཏན་མཆོག་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགེ་ལེགས་

ཕན་ལྡན་རིམ་གྲོ་པ། །བདུད་འཇོམས་པ་ནི་བློ་གྲོས་ལྡན་པ་སྟེ། །བློ་མི་འཁྲུག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་སྟེ་ཀུན་ལ་ཡང་། །མི་འཁྲུགས་ཡིད་ལྡན་རི་དང་མཚུངས་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་བྱེ་བ་བརྒྱ་ཕྲག་བཅུ། །

དམ་ཆོས་ལོ་གྲངས་ཉི་ཁྲི་ཉིས་སྟོང་དང་། །གཞན་ཡང་དགུ་ཁྲི་དགུ་སྟོང་བར་དུ་གནས། །དཔག་ཚད་ལྔ་པའི་མཆོད་རྟེན་སྐུ་གདུང་བཅས། །གཅིག་སྟེ་རིན་ཆེན་རྒྱལ་མཚན་དྲ་བས་བརྒྱན། །དེ་བཞིན་གཤེགས་པ་རྒྱལ་བས་དགྱེས་པ་ཡི། །སྐྱེ་བའི་ཡུལ་ནི་སེམས་སྦྱངས་པ་

ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཡོད་ཡབ་ནི་ས་ག་ཡིན། །དགྲ་བཅོམ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོད་ལེགས་གཉིད་སངས་རིམ་གྲོ་པ། །ཕས་ཀྱི་རྒོལ་བ་འཇོམས་པ་མཁས་པ་སྟེ། །འཇིག་རྟེན་བཀྲ་ཤིས་པ་

Vol. 45 · folio 167b

ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་རྩ་གསུམ་སྟེ། །ཀུན་ལའང་སྲིད་པ་ཀུན་ལ་མ་ཆགས་པ། །བྱེ་བ་ཕྲག་ནི་གཉིས་གཉིས་ཡོད་པར་འགྱུར། །མི་ཚེ་ལོ་གྲངས་བྱེ་བ་སུམ་ཅུ་གཉིས། །རྒྱལ་བ་མྱ་ངན་འདས་ཀྱང་དམ་ཆོས་དག །ལོ་གྲངས་བྱེ་བར་ཐེ་ཚོམ་མེད་

པར་གནས། །མཆོད་རྟེན་གྲངས་ནི་ཐེར་འབུམ་ཕྲག་གཉིས་ཏེ། །ན་བཟའ་བརྒྱ་སྟོང་སྙེད་ཀྱིས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་གྱི། །སྐྱེ་བའི་ཡུལ་ནི་དྲག་ཤུལ་ངེས་ཞེས་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བྱེ་བ་ཡབ་ནི་

གྲོགས་བཟང་ཡིན། །དོན་ལྡན་ང་རོ་ཞེས་བྱ་ཡུམ་ཡང་ཡིན། །སྲས་པོ་དོན་ལྡན་དོན་ཆེན་རིམ་གྲོ་པ། །དགེ་བ་དགའ་ཞེས་བྱ་བ་མཁས་པ་སྟེ། །བདག་བརྟགས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བདུན་ཅུ་སྟེ། །ཐམས་ཅད་ལ་ཡང་ང་རྒྱལ་

སྤངས་པ་པོ། །བྱེ་བ་སྟོང་ཕྲག་དག་ནི་མཐའ་ཡང་ཡས། །མི་ཚེ་ལོ་གྲངས་ཆིག་ཁྲི་བཞི་སྟོང་ཡིན། །རྒྱལ་བའི་དམ་ཆོས་ལོ་གྲངས་ཆིག་ཁྲི་དང་། །གཞན་ཡང་སུམ་ཁྲི་དྲུག་སྟོང་བར་དུ་གནས། །མཆོད་རྟེན་བྱེ་བ་ཕྲག་ནི་སྟོང་སྙེད་དེ། །གསེར་གྱི་རྒྱལ་མཚན་དག་

གིས་འཁོར་བར་བསྐོར། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི། །སྐྱེ་བའི་ཡུལ་ནི་གྲགས་པ་ཚད་མེད་ཡིན། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བྱེ་བ་ཡབ་ནི་ལྷ་ལེགས་ཡིན། །མི་ཡིས་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགའ་

བྱེད་བརྟན་ལྡན་རིམ་གྲོ་པ། །དཔའ་བརྟན་ཞེས་ནི་བྱ་བ་མཁས་པ་སྟེ། །མཐུ་རྩལ་ནོར་གནས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཏེ་དགྲ་བཅོམ་གྲངས། །བྱེ་བ་ཕྲག་ནི་ཆིག་ཁྲི་ཆིག་སྟོང་དང་། །ཉིས་བརྒྱ་དྲུག་ཅུ་དག་ནི་འབྱུང་བར་འགྱུར། །སྐུ་ཚེ་ལོ་གྲངས་ཉི་

ཁྲི་ཉིས་སྟོང་ཡིན། །རྒྱལ་བའི་དམ་པའི་ཆོས་ནི་ལོ་གྲངས་དག །ཆིག་ཁྲི་བདུན་སྟོང་བར་དུ་གནས་རྒྱལ་བའི། །སྐུ་གདུང་མཆོད་རྟེན་དཔག་ཚད་གཉིས་པ་གཅིག །ནོར་བུའི་དྲ་བ་དག་གིས་རྣམ་པར་བརྒྱན། །ཐ་བ་མེད་པ་གྲགས་པ་མཆོག་དག་གི། །སྐྱེ་བའི་ཡུལ་ནི་

Vol. 45 · folio 168a

གྲགས་པའི་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ཕྲེང་བཟངས་ཡིན། །མེ་ཏོག་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རྒྱལ་བྱིན་ལྷ་བཟངས་རིམ་གྲོ་པ། །སྲིད་པ་གཡོ་བར་བྱེད་པ་མཁས་པ་སྟེ། །ཐེ་ཚོམ་

རྣམ་པར་འཇིག་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་དང་། །གཞན་ཡང་ལན་གྲངས་ཉི་ཤུ་རྩ་བཞི་སྟེ། །འདུས་པ་ཀུན་ལའང་བྱེ་བ་སྟོང་སྟོང་ཡོད། །མི་ཚེ་ལོ་གྲངས་བརྒྱད་ཁྲི་ཉིས་སྟོང་ཡིན། །དེ་ཡི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །བཅུ་བདུན་ཚང་བའི་བར་དུ་

གནས་པར་འགྱུར། །སྐུ་གདུང་དག་ནི་རྣམ་པར་རྒྱས་འགྱུར་ལ། །མཆོད་རྟེན་དག་གི་གྲངས་ནི་བརྒྱ་ཡང་ཡིན། །མི་ཡི་འདྲེན་པ་ཐུགས་རབ་གཞུངས་པ་ཡི། །སྐྱེ་བའི་ཡུལ་ནི་ཡེ་ཤེས་བལྟ་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་

སྒྲོན་མ་ཡིན། །བྱང་ཆུབ་ཡན་ལག་དགའ་བ་རྒྱལ་བའི་ཡུམ། །སྲས་པོ་ཤེད་བུ་དགེ་བཟང་རིམ་གྲོ་པ། །འགྲོ་བས་མཆོད་ཅེས་བྱ་བ་མཁས་པ་སྟེ། །ཡེ་ཤེས་སྟོབས་མཆོག་ལྡན་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་རྩ་དྲུག་སྟེ། །འཇིག་རྟེན་རྒོལ་བ་རབ་འཇོམས་

གཡོ་མེད་ལ། །ཁ་གསག་མེད་པའི་དགྲ་བཅོམ་ཤ་སྟག་འདུས། །མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ཡིན། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་ཆིག་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་གྲངས་ནི་བྱེ་བ་

དགུར་ཡང་ཚང་། །དེ་བཞིན་གཤེགས་པ་ནོར་བུ་ཟླ་བ་ཡི། །སྐྱེ་བའི་ཡུལ་ནི་མིག་གིས་མཐོང་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་འོད་ཟེར་བཟང་པོ་ཡབ། །གྲགས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཆོས་འདོད་སྐར་རྒྱལ་རིམ་

གྲོ་པ། །འགྲོ་བ་ལྟ་ཞེས་བྱ་བ་མཁས་པ་སྟེ། །མཛའ་ཡི་གསལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ལེགས་རྟོགས་སེམས་ལྡན་ཚུལ་ཁྲིམས་མཚུངས་པ་པོ། །དགྲ་བཅོམ་བྱེ་བ་ཕྲག་ནི་བརྒྱ་བརྒྱ་ཡོད། །མི་ཚེ་ལོ་གྲངས་ཆིག་ཁྲི་ཉིས་སྟོང་

Vol. 45 · folio 168b

ཡིན། །རྒྱལ་བ་སྲིད་པ་ཞི་བར་གྱུར་པ་ཡི། །དམ་ཆོས་ལོ་གྲངས་སྟོང་ཕྲག་བཅུ་ཡང་གནས། །རྒྱལ་བའི་མཆོད་རྟེན་དྲུག་ཅུ་རྩ་གཉིས་ཏེ། །གདུགས་གྲངས་ཆིག་ཁྲི་དྲུག་སྟོང་དག་གིས་བརྒྱན། །དེ་བཞིན་གཤེགས་པ་དྲག་ཤུལ་འོད་ཟེར་གྱི། །སྐྱེ་ཡུལ་འོད་ནི་རྟག་པ་ཞེས་

ཀྱང་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །གླིང་བཞི་པ་ཙམ་བརྒྱད་ཡོད་དབྱངས་སྙན་ཡབ། །རྒྱལ་ལྡན་མ་ནི་ཡུམ་ཡིན་སྲས་པོ་ནི། །ཁ་ལོ་སྒྱུར་ཡིན་དབྱེར་མེད་རིམ་གྲོ་པ། །འགྲོས་མཁས་པ་ཞེས་བྱ་བ་མཁས་པ་སྟེ། །འཇིག་རྟེན་པ་ཡིས་བསྔགས་པ་རྫུ་

འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །ང་མེད་ཕུང་པོར་འཛིན་པ་སྤངས་པ་པོ། །བྱེ་བ་ཕྲག་ནི་བཅུ་བཞི་བཅུ་བཞི་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །བཞི་བཅུ་རྩ་དྲུག་བར་དུ་གནས་པར་

འགྱུར། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་པོའི་གྲངས། །བྱེ་བ་སྟོང་ཕྲག་ཉི་ཤུ་རྩ་གཉིས་འབྱུང་། །དེ་བཞིན་གཤེགས་པ་བརྟུལ་ཞུགས་ཐུབ་མེད་ཀྱི། །སྐྱེ་བའི་ཡུལ་ནི་དགའ་བས་ཚིམ་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བཅུ་

ཡིན་ཡབ་ནི་ལྷ་དབང་ཡིན། །ས་བདག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བྱམས་པ་ལེགས་བྱམས་རིམ་གྲོ་པ། །བློ་མཚུངས་པ་ཞེས་བྱ་བ་མཁས་པ་སྟེ། །ལེགས་ངེས་ཐོབ་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང་། །དགྲ་བཅོམ་

བྱེ་ཕྲག་དགུ་བཅུ་གཉིས་གཉིས་ཡོད། །ལྷག་པ་གཞན་ཡང་བརྒྱད་སྟོང་བརྒྱད་སྟོང་ཡིན། །མི་ཚེ་ལོ་གྲངས་སྟོང་ཕྲག་བདུན་ཅུ་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །དྲུག་ཅུ་རྩ་དགུའི་བར་དུ་གནས་པར་འགྱུར། །མཆོད་རྟེན་གྲངས་ནི་བྱེ་བ་ཕྲག་བརྒྱ་དང་། །

ལྷག་ཀྱང་རྩ་ལྔ་གསེར་གྱི་རྒྱལ་མཚན་ཅན། །འོད་དང་ལྡན་པ་འགྲོ་བས་མཆོད་པ་ཡི། །སྐྱེ་བའི་ཡུལ་ནི་སེམས་སྦྱངས་པ་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་བྱམས་ལེགས་ཡིན། །བློ་གྲོས་གྲགས་མ་ཡུམ་ཡིན་སྲས་པོ་ནི། །

Vol. 45 · folio 169a

རིན་ཆེན་རིན་ཆེན་བཟང་པོ་རིམ་གྲོ་པ། །བརྟུལ་ཞུགས་ཆེན་པོ་ཞེས་བྱ་མཁས་པ་སྟེ། །སྐྱེས་མཆོག་དམ་པ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་དང་། །གཞན་ཡང་ལྷག་པ་ཉི་ཤུ་གཉིས་ཀུན་ལའང་། །བྱེ་བ་སྟོང་ཕྲག་བཅྭ་བརྒྱད་བཅྭ་

བརྒྱད་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །མཆོད་པའི་གནས་ཀྱི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སྟོང་དུ་གནས་ཤིང་སྐུ་གདུང་རྒྱས། །མཆོད་རྟེན་གྲངས་ནི་བརྒྱད་ཁྲི་ཉིས་སྟོང་སྟེ། །རིན་ཆེན་སྤྲས་ཤིང་འགྲོ་བ་དག་གིས་བརྒྱན། །དེ་བཞིན་གཤེགས་

པ་ནོར་བུའི་ཚོགས་སྐྱེ་བའི། །ཡུལ་ནི་གཟི་བྱིན་ཀུན་ལས་འཕགས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་བདུན་ཅུ་དྲང་སྲོང་དབང་པོ་ཡབ། །ལྷ་དགའ་ཞེས་ནི་བྱ་བ་ཡུམ་ཡིན་ནོ། །སྲས་པོ་ལྷ་ཡིན་ལྷ་བཟང་རིམ་གྲོ་པ། །མི་ཡི་དབང་ཕྱུག་ཅེས་བྱ་མཁས་

པ་སྟེ། །ཆགས་མེད་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཅུ་རྩ་དྲུག་སྟེ། །ཀུན་ལའང་སོ་སོ་ཡང་དག་རིག་ཅེས་པའི། །ཕ་རོལ་ཕྱིན་པ་ཐེར་འབུམ་ཐེར་འབུམ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །

བཞི་བཅུར་ཚང་བའི་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་བྱེ་བ་ཕྲག་བཅུ་སྟེ། །གསེར་གྱི་པད་མ་དག་གིས་འཁོར་བར་བསྐོར། །དེ་བཞིན་གཤེགས་པ་འཇིག་རྟེན་བླ་མ་ཡི། །སྐྱེ་ཡུལ་བསོད་ནམས་ཡང་དག་འཕགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་

དཔག་ཚད། །བྱེ་བ་བརྒྱད་ཅུ་ཡབ་ནི་དཔལ་ལྡན་ཡིན། །ཕྱོགས་ལྷ་ཞེས་ནི་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་པད་མ་བློ་བཟངས་རིམ་གྲོ་པ། །ཀུན་ཏུ་དགའ་ཞེས་བྱ་བ་མཁས་པ་སྟེ། །ཡེ་ཤེས་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱ་ནི་དྲུག་ཅུ་སྟེ། །ཀུན་

ལའང་ལྷག་མེད་མྱ་ངན་འདས་ཕྱིན་པ། །དགྲ་བཅོམ་བྱེ་བ་བརྒྱ་ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་བརྒྱད་ཁྲི་ཉིས་སྟོང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་ཉིས་སྟོང་བར་དུ་གནས་པར་འགྱུར། །མཆོད་རྟེན་དགུ་བཅུ་རྩ་བཞིར་ཚང་བ་སྟེ། །

Vol. 45 · folio 169b

རིན་ཆེན་རང་བཞིན་ལན་ཀན་དག་གིས་བརྒྱན། །དེ་བཞིན་གཤེགས་པ་གླང་ཆེན་སེང་གེ་ཡི། །སྐྱེ་བའི་ཡུལ་ནི་མདངས་སྡུག་པ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་མཆོད་སྦྱིན་བཟང་པོ་ཡབ། །འགྲོ་དགའ་རྒྱལ་བའི་ཡུམ་ཡིན་

སྲས་པོ་ནི། །མེ་ཏོག་མེ་ཏོག་བཟང་པོ་རིམ་གྲོ་པ། །མཆོད་པར་འོས་ཞེས་བྱ་བ་མཁས་པ་སྟེ། །ལྷ་ཡིས་ཕྱག་བྱས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཤིན་ཏུ་ངེས་པའི་ཤེས་རབ་ལྡན་པ་པོ། །དགྲ་བཅོམ་སེམས་སྦྱངས་བྱེ་བ་སྟོང་སྟོང་ཡོད། །

མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །དམ་པའི་ཆོས་ནི་ལོ་གྲངས་བྱེ་བ་ཕྲག །ལྔ་དག་ཚང་བའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་རྒྱས་འགྱུར་མཆོད་རྟེན་གྲངས། །ཐེར་འབུམ་ཕྲག་གཅིག་ཆིག་འབུམ་ལྔ་སྟོང་ཡོད། །དེ་བཞིན་གཤེགས་པ་ཟླ་བ་སྐྱེ་བ་

ཡི། །ཡུལ་ནི་སྙིང་པོ་རྟག་ཏུ་བརྟན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་སཱ་ལའི་དབང་པོ་ཡབ། །ཡོན་ཏན་སྨྲ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཆོས་སྦྱིན་ཆོས་བཟངས་རིམ་གྲོ་པ། །རབ་ཏུ་ཞི་དགའ་ཞེས་བྱ་མཁས་པ་སྟེ། །

འཇིག་རྟེན་མི་གནས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །ཤེས་རབ་ལེགས་བསྒོམས་ཕ་རོལ་ཕྱིན་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །

ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །མཆོད་རྟེན་གྲངས་ནི་ཐེར་འབུམ་ཕྲག་གཉིས་འབྱུང་། །དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་གྱི། །སྐྱེ་བའི་ཡུལ་ནི་ཤེས་རབ་སྣང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་

འོད་དཔག་ཚད། །བདུན་ཅུ་གསུམ་ཡོད་ཡབ་ནི་ཆུ་དབང་པོ། །དགེ་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་རིག་དགའ་ལྷ་ནི་རིམ་གྲོ་པ། །བློ་གྲོས་མིག་ལྡན་པ་ནི་མཁས་པ་སྟེ། །ཡིད་སྦྱངས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །

Vol. 45 · folio 170a

འཇིག་རྟེན་མ་ཆགས་རྣམ་གྲོལ་ཐོབ་པ་པོ། །འཁྲུལ་མེད་སྐྱུགས་པ་བོར་བ་ཤ་སྟག་གོ། །མི་ཚེ་ལོ་གྲངས་དག་ནི་སུམ་སྟོང་ཡིན། །རབ་ཏུ་ཞི་བར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སུམ་སྟོང་ཚང་བའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་

ཡིན་ཏེ། །དཔག་ཚད་གསུམ་པ་ནོར་བུའི་དྲ་བས་སྤྲས། །དེ་བཞིན་གཤེགས་པ་སྒྲ་གཅན་སྦེད་པ་ཡི། །སྐྱེ་བའི་ཡུལ་ནི་དགེ་བས་བརྒྱན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་མཐུ་ལྡན་ཡིན། །གྲགས་པའི་བླ་མ་ཞེས་བྱ་ཡུམ་ཡིན་ནོ། །

སྲས་པོ་ལྷ་དགའ་ཆོས་ལྡན་རིམ་གྲོ་པ། །གསེར་ལྟ་བུ་ཞེས་བྱ་བ་མཁས་པ་སྟེ། །འཇིག་རྟེན་འོད་བྱེད་པ་ནི་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་དང་། །གཞན་ཡང་ཉི་ཤུ་རིམས་ནད་མེད་པ་པོ། །བྱེ་བ་འབུམ་ཕྲག་ཚང་བ་ཤ་སྟག་གོ། །མི་ཚེ་ལོ་གྲངས་

བདུན་ཁྲི་དྲུག་སྟོང་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སྟོང་ཕྲག་བཅུར་ནི་ཚང་བར་གནས། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་པོའི་གྲངས། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་ཀྱང་ཡིན། །དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་ཡི། །སྐྱེ་བའི་

ཡུལ་ནི་བྱང་ཆུབ་འོད་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་སུམ་ཅུ་ཡབ་ནི་པད་མ་བཟང་། །པད་མ་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་པད་མ་པད་བཟངས་རིམ་གྲོ་པ། །ཡོན་ཏན་སྤོས་འོད་དེ་ནི་མཁས་པ་སྟེ། །ཀུན་ཏུ་གསལ་ཞེས་བྱ་བ་

རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱ་སྟེ་ཀུན་ལ་ཡང་། །རྩྭ་ཤིང་མེད་པར་མཚུངས་པའི་སེམས་ཐོབ་པ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་བརྒྱད་སྟོང་ཡིན། །ཟད་མཐར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བརྒྱད་ཁྲིའི་བར་དུ་

གནས་པར་འགྱུར། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་དག་གི་གྲངས། །སྟོང་ཕྲག་བརྒྱད་ཅུ་དག་ནི་ཚང་བར་འགྱུར། །དེ་བཞིན་གཤེགས་པ་འོད་ཟེར་ལྡན་པ་ཡི། །སྐྱེ་བའི་ཡུལ་ནི་འཁྲུལ་པ་མེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་

Vol. 45 · folio 170b

ཡབ་ནི་དགེ་བཟང་ཡིན། །རིན་ཆེན་མཆོག་ཡུམ་སྲས་པོ་ཡན་ལག་གཡོ། །ཡན་ལག་སྡུག་ལྡན་པ་ནི་རིམ་གྲོ་པ། །རབ་ཏུ་བརྒྱན་པའི་དབྱངས་ནི་བློ་ལྡན་ཏེ། །འཇིགས་པ་མེད་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅྭ་བརྒྱད་ཀུན་ལ་ཡང་། །བསྒོམས་རྒྱུས་

ཉོན་མོངས་ཐལ་བར་རླག་པ་པོ། །བྱེ་བ་ཕྲག་ནི་སུམ་ཁྲི་སུམ་ཁྲི་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །ཉི་ཤུ་རྩ་གཉིས་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །འཕང་དུ་

དཔག་ཚད་གཅིག་པ་གདུགས་ཀྱིས་བརྒྱན། །སངས་རྒྱས་རབ་ཏུ་ཞི་བའི་སྟབས་དག་གི། །སྐྱེ་བའི་ཡུལ་ནི་མཛེས་པར་མཆོད་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་དཔག་ཚད། །སུམ་ཅུ་གཉིས་ཡོད་ཡབ་ནི་ཚངས་བཟངས་ཡིན། །མཁས་བློ་མ་ཞེས་བྱ་བ་ཡུམ་

ཡིན་ནོ། །སྲས་པོ་སྐར་མཁན་སྐར་བཟངས་རིམ་གྲོ་པ། །སྐྱེས་པ་བུད་མེད་དགའ་བ་མཁས་པ་སྟེ། །འཇིག་རྟེན་དད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །འཇིག་རྟེན་དག་གི་མཐར་ནི་ཕྱིན་པ་པོ། །དགྲ་བཅོམ་དགེ་འདུན་བྱེ་བ་བཅུ་བཅུ་

ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །དེ་ཡི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །ཉི་ཤུ་རྩ་གཉིས་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་དག་གི་གྲངས་ཀྱང་བྱེ་བ་འབྱུང་། །བདེ་བར་གཤེགས་པ་འཇིག་རྟེན་བཟང་

པོ་ཡི། །སྐྱེ་བའི་ཡུལ་ནི་དགའ་བ་འབྱུང་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་སྨན་པ་བཟང་། །མང་པོས་མཆོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཟླ་ཉི་རྩི་སྨན་རིམ་གྲོ་པ། །ཡེ་ཤེས་མཆོག་ཅེས་བྱ་བ་མཁས་པ་སྟེ། །གཏི་

མུག་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་གཉིས་ཏེ། །རེ་རེ་ཀུན་ལའང་དགྲ་དག་བཅོམ་པའི་ཚོགས། །ཐེར་འབུམ་ཕྲག་ནི་ལྔ་ལྔ་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །འགྲོ་བའི་དོན་དུ་དམ་པའི་ཆོས་དག་ཀྱང་། །

Vol. 45 · folio 171a

ལོ་གྲངས་སྟོང་ཕྲག་བཅྭ་ལྔའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་དགུ་པ་རིན་ཆེན་བཟང་པོས་སྤྲས། །མི་ཡི་མཆོག་མ་མྱ་ངན་མེད་པ་ཡི། །སྐྱེ་བའི་ཡུལ་ནི་མྱ་ངན་འཚང་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་

འོད་ཀྱི་ཚད། །དཔག་ཚད་བཅུ་གཅིག་ཡབ་ནི་མྱ་ངན་མེད། །མྱ་ངན་སྤོང་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཛེས་ཅན་སྡུག་ལེགས་རིམ་གྲོ་པ། །རབ་ཏུ་བརྒྱན་པ་ཤེས་བློ་ཅན་ཡིན་ཏེ། །རྣམ་པར་འཕྲུལ་པའི་སེམས་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་

སུམ་ཅུ་རྩ་དྲུག་སྟེ། །འདུས་པ་ཀུན་ལའང་ཡིད་ནི་རབ་ཞི་བ། །བྱེ་བ་ཕྲག་ནི་བཞི་བཅུ་བཞི་བཅུ་ཡོད། །མི་ཚེ་ལོ་གྲངས་དག་ནི་ཁྲི་ཡང་ཡིན། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་དམ་ཆོས་དག །ལོ་གྲངས་བདུན་ཁྲིའི་བར་དུ་གནས་པར་འགྱུར། །མཆོད་རྟེན་གྲངས་ནི་ཐེར་

འབུམ་ཕྲག་གཉིས་ཏེ། །མུ་ཏིག་རྒྱལ་མཚན་རིན་ཆེན་མཆོག་གིས་སྤྲས། །དེ་བཞིན་གཤེགས་པ་ཤུགས་བཅུ་པ་དག་གི། །སྐྱེ་བའི་ཡུལ་ནི་མཐོང་ན་མཆོད་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་གཉིས་ཡོད་ཡབ་ནི་སྟོབས་དབང་ཡིན། །ང་རོ་

སྙན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐད་སྙན་བཟང་པོ་རིམ་གྲོ་པ། །དབྱངས་སྙན་པ་ཞེས་བྱ་བ་མཁས་པ་སྟེ། །སེང་གེའི་གླལ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །རི་ཡི་རྒྱལ་པོ་ལྟ་བུར་མི་གཡོ་བ། །བྱེ་བ་ཕྲག་ནི་འབུམ་ཕྲག་རེ་རེ་

ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །རྒྱལ་བའི་དམ་ཆོས་ལོ་གྲངས་སྟོང་ཕྲག་ནི། །བཅུ་དྲུག་དག་གི་བར་དུ་གནས་པར་འགྱུར། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །དཔག་ཚད་བཅུ་པའི་མཆོད་རྟེན་གདུང་བཅས་གཅིག །དེ་བཞིན་གཤེགས་པ་སྟོབས་ལ་

དགྱེས་པ་ཡི། །སྐྱེ་བའི་ཡུལ་ནི་དགའ་བའི་དབྱངས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ལེགས་བྱིན་ཡིན། །དགའ་མཆོག་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགའ་བ་ཀླུ་ཆེན་རིམ་གྲོ་པ། །འཇིག་རྟེན་གསུམ་དུ་སྣང་བ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words