འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) ཨཱརྱ་བྷ་དྲ་ཀལྤི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 45 · folio 171b

མཁས་པ་སྟེ། །འཇིགས་པ་མེད་པའི་མཆོག་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །རྩྭ་ཤིང་ལྟ་བུར་ཆགས་པ་མེད་པ་པོ། །ངར་མི་འཛིན་པ་ཉིས་འབུམ་ཉིས་འབུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །དམ་ཆོས་དག་ནི་ལོ་གྲངས་སྟོང་དུ་གནས། །

མཆོད་རྟེན་གྲངས་ནི་བདུན་ཁྲི་བཞི་སྟོང་ཀུན། །ལྷ་ཡི་ལྷ་རྫས་གཞལ་མེད་ཁང་ལྟ་བུར། །གསེར་གྱི་རྒྱལ་མཚན་དག་གིས་རྣམ་པར་སྤྲས། །བདེ་བར་གཤེགས་པ་མཐུ་དཔལ་སྐྱེ་བ་ཡི། །ཡུལ་ནི་ལེགས་པར་བརྟན་པོ་སྦེད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །

དཔག་ཚད་བརྒྱ་ཡོད་ཡབ་ནི་ལེགས་ཡིད་གཞུངས། །པད་མ་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལྷ་དབང་ཚོགས་དབང་རིམ་གྲོ་པ། །བློ་སྦྱོང་བ་ཞེས་བྱ་བ་མཁས་པ་སྟེ། །འཁྲུག་པ་མེད་པའི་བློ་ལྡན་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱ་རྩ་བཅུ་དྲུག་སྟེ། །ཀུན་ལའང་བར་

སྣང་མི་གནས་འདྲ་བ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་སྟོང་ཡང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་དྲུག་ཁྲི་དྲུག་སྟོང་བར་དུ་གནས། །ཞི་བར་ཕྱིན་པའི་སྐུ་གདུང་རྒྱས་འགྱུར་ལ། །རིན་ཆེན་མཆོད་རྟེན་བྱེ་བ་ཕྲག་གཉིས་

འབྱུང་། །དེ་བཞིན་གཤེགས་པ་མཐུ་ཐོབ་པ་དེ་ཡི། །སྐྱེ་བའི་ཡུལ་ནི་ལེགས་གནས་མཆོག་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་རྣམ་པར་རོལ་པ་ཡབ། །ངེས་པར་བྱས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མ་སྨད་དུལ་བ་རིམ་གྲོ་པ། །

འགྲོ་བ་དགའ་ཞེས་བྱ་བ་མཁས་པ་སྟེ། །བསོད་ནམས་ཕུང་པོའི་གཟི་བརྗིད་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །རྨས་པ་མེད་ཅིང་རིམས་ནད་མེད་པ་པོ། །དགྲ་བཅོམ་ཐེར་འབུམ་ཕྲག་ནི་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་བཞི་སྟོང་ཡིན། །

དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །དགུ་བཅུ་རྩ་གཉིས་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་བཅས་པའི་མཆོད་རྟེན་གྲངས། །བདུན་ཡོད་དཔག་ཚད་གཅིག་པ་གསེར་གྱིས་སྤྲས། །དེ་བཞིན་གཤེགས་པ་མཐུ་ནི་ཆེན་པོ་ཡི། །སྐྱེ་བའི་ཡུལ་ནི་རྒྱལ་བར་དཀའ་

Vol. 45 · folio 172a

ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་གསུམ་ཡོད་གཞལ་མེད་ཁང་པ་ཡབ། །ཡིད་དགའ་ཡུམ་ཡིན་ཁ་ལོ་སྒྱུར་བ་ནི། །སྲས་པོ་ཤིན་ཏུ་བདེན་པ་རིམ་གྲོ་པ། །འགྲོ་སྡུག་པ་ཞེས་བྱ་བ་མཁས་པ་སྟེ། །ཆགས་པ་མེད་པར་གནས་

པ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བཞི་བཅུ་སྟེ། །ཀུན་ལའང་སེམས་ནི་ཟླ་བ་ཉ་འདྲ་བ། །བྱེ་བ་ཕྲག་ནི་ཉི་ཁྲི་ཉི་ཁྲི་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སྟོང་ཕྲག་བཅུ་བཞིའི་བར་དུ་གནས། །

མཚུངས་པ་མེད་པ་མྱ་ངན་འདས་ནས་ཀྱང་། །མཆོད་རྟེན་གྲངས་ནི་ཐེར་འབུམ་ཕྲག་བཅུ་འབྱུང་། །དེ་བཞིན་གཤེགས་པ་ཡོན་ཏན་སྙིང་པོ་ཡི། །སྐྱེ་བའི་ཡུལ་ནི་མཆོད་རྟེན་མཆོད་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་བདག་ཉིད་

ཆེན་པོ་ཡབ། །འགྲོས་མཆོད་རྒྱལ་ཡུམ་སྲས་པོ་རྫུ་འཕྲུལ་ཅན། །ཤིན་ཏུ་འབྱོར་ཞེས་བྱ་བ་རིམ་གྲོ་པ། །ཆུ་ལྷ་དགའ་ཞེས་བྱ་བ་མཁས་པ་སྟེ། །ཚངས་པ་ལྷ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །དྲི་གསུམ་དྲི་བྲལ་ཆགས་པ་མེད་གྱུར་པ། །

བྱེ་བ་ཕྲག་ནི་བརྒྱ་བརྒྱ་འབྱུང་བར་འགྱུར། །རྒྱལ་བའི་སྐུ་ཚེ་ལོ་གྲངས་ཁྲི་ཆིག་སྟོང་། །འཇིག་རྟེན་གསུམ་ལ་ཕན་ཕྱིར་དམ་ཆོས་དག །ལོ་གྲངས་ཉི་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་བཅས་པའི་མཆོད་རྟེན་གཅིག །དཔག་ཚད་བཞི་པ་གདུགས་གྲངས་སྟོང་དང་ལྡན། །

དེ་བཞིན་གཤེགས་པ་བདེན་པར་སྤྱོད་པ་ཡི། །སྐྱེ་བའི་ཡུལ་ནི་བདེན་པ་འདོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཡོད་ཡབ་ནི་སྟོབས་ལྡན་ཞི། །འོད་མཛེས་པ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོག་ལྡན་དོན་བཟངས་རིམ་གྲོ་པ། །ཡོན་ཏན་

མཐུ་རྩལ་ཞེས་བྱ་མཁས་པ་སྟེ། །མཐུ་རྩལ་མཆོག་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་ཉོན་མོངས་དྲི་མ་ཀུན་སྤངས་པ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་

Vol. 45 · folio 172b

དག་ཀྱང་། །ལོ་གྲངས་དགུ་ཁྲི་དགུ་སྟོང་བར་དུ་གནས། །རྒྱལ་བའི་མཆོད་རྟེན་དགུ་བཅུ་རྩ་བཞི་སྟེ། །རིན་ཆེན་རྟ་བབས་གསེར་གྱིས་རྣམ་པར་སྤྲས། །དེ་བཞིན་གཤེགས་པ་དགེ་མཆོག་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་མི་འཇིགས་བརྫི་བ་མེད། །རྒྱལ་བའི་རིགས་ནི་རྒྱལ་རིགས་

འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་གླང་པོའི་དབང་པོ་ཡབ། །སེམས་མཚུངས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྲིད་དགའ་མཆོད་པ་རིམ་གྲོ་པ། །སྤོབས་པའི་ང་རོ་ཞེས་བྱ་བློ་ལྡན་ཏེ། །གྲགས་པ་ཀུན་འཕགས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །

ཀུན་ལའང་དྲང་སྲོང་བདུད་ཡུལ་བྲལ་བ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སུམ་སྟོང་ཚང་བར་གནས་པར་འགྱུར། །དཔག་ཚད་གཉིས་པའི་སྐུ་གདུང་མཆོད་རྟེན་གཅིག །

གསེར་གྱི་རྒྱལ་མཚན་གདུགས་ཀྱིས་རྣམ་པར་སྤྲས། །བདེ་གཤེགས་ཡོན་ཏན་རྒྱ་མཚོ་སྐར་རྒྱལ་གྱི། །སྐྱེ་བའི་ཡུལ་ནི་མཚན་གྱིས་སྤྲས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་བློ་ལྡན་ཡིན། །ཡིད་དགའ་མ་ཞེས་བྱ་བ་རྒྱལ་བའི་

ཡུམ། །སྲས་པོ་ཁྲོས་ཅན་རྡུལ་བྲལ་རིམ་གྲོ་པ། །ཡིད་གཉིས་སྤོང་ཞེས་བྱ་བ་མཁས་པ་སྟེ། །ཐེ་ཚོམ་འཇོམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་གཉིས་ཏེ། །ཀུན་ལའང་དངོས་པོ་བསལ་བར་གྱུར་པ་པོ། །འཆིང་བ་བཅད་པ་ཐེར་འབུམ་ཐེར་འབུམ་ཡོད། །

མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །སུམ་ཅུ་རྩ་གཉིས་བར་དུ་གནས་པར་འགྱུར། །མཆོད་རྟེན་གྲངས་ནི་དགུ་ཁྲི་དགུ་སྟོང་སྟེ། །ལྷ་ཡི་གཞལ་མེད་ཁང་ལྟར་ཤིན་ཏུ་སྤྲས། །དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོ་ཡི། །སྐྱེ་བའི་ཡུལ་

ནི་བསོད་ནམས་སྣང་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ཏོག་བཟངས་ཡིན། །ཏོག་གི་བློ་གྲོས་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ལྷས་བྱིན་བླ་མ་རིམ་གྲོ་པ། །སྲིད་པའི་རྒྱ་མཚོ་འཁྲུགས་བྱེད་མཁས་པ་སྟེ། །སྨྲ་བའི་ཆུ་མཆོག་ཅེས་

Vol. 45 · folio 173a

བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་སྟེ་ཀུན་ལ་ཡང་། །སྲིད་པའི་རྒྱ་མཚོ་སྐེམས་པའི་ཡིད་ལྡན་པ། །བྱེ་བ་ཕྲག་ནི་སུམ་ཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བདུན་ཁྲི་ཆིག་

སྟོང་བར་དུ་གནས། །སྐུ་གདུང་རྒྱས་འགྱུར་ས་གཞི་ཐམས་ཅད་དུ། །མཆོད་རྟེན་གྲངས་ནི་དགུ་ཁྲི་འབྱུང་བར་འགྱུར། །ཡོན་ཏན་མངའ་བ་གློག་གི་འོད་སྐྱེ་བའི། །ཡུལ་ནི་གཟི་བྱིན་ཤིན་ཏུ་བརྒྱན་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ལྔ་བརྒྱ་ཡབ་ནི་

ལག་བཟངས་ཡིན། །ལྷས་བསམས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྒོམ་བྱེད་ངོས་བཟངས་རིམ་གྲོ་པ། །གྲགས་མཆོག་ཅེས་ནི་བྱ་བ་མཁས་པ་སྟེ། །ཁ་ལོ་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་ལ་ཡང་། །ཚུལ་བཞིན་ཆོས་

ལ་འཇིགས་མེད་ཐོབ་གྱུར་པ། །བྱེ་བ་ཕྲག་ནི་ཉི་ཤུ་རེ་རེ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་དགུ་འབུམ་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་བཞི་པ་དག །གསེར་གྱི་མཆོད་རྟེན་

རྒྱལ་མཚན་དག་གིས་བསྐོར། །བདེ་གཤེགས་མགོན་པོ་ཡོན་ཏན་རྒྱ་ཆེན་གྱི། །སྐྱེ་བའི་ཡུལ་ནི་མཚན་མོ་རྒྱས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དྲུག་ཡོད་ཡབ་ནི་བློ་བཟང་ཡིན། །བློ་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་

རྟོགས་བྱེད་བློ་ལྡན་རིམ་གྲོ་པ། །བློས་འགྲོ་བ་ཞེས་བྱ་བ་མཁས་པ་སྟེ། །རྣམ་པར་འཕྲུལ་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བདུན་ཏེ་ཀུན་ལ་ཡང་། །ལྷུན་པོའི་རྩེ་ལྟར་གཡོ་བ་མེད་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་

ཁྲི་ཡིན། །རྒྱལ་བ་ཐུབ་པ་ཞི་བར་ཕྱིན་པ་ཡི། །དམ་པའི་ཆོས་དག་ལོ་གྲངས་སྟོང་དུ་གནས། །མཆོད་རྟེན་ཐེར་འབུམ་ཕྲག་ནི་གཉིས་ཡོད་དེ། །རིན་ཆེན་ཆུན་ཕྲེང་སྟོང་སྙེད་དག་གིས་སྤྲས། །མི་ཡི་འདྲེན་པ་རིན་པོ་ཆེ་དག་གི། །སྐྱེ་བའི་ཡུལ་ནི་རིན་ཆེན་མང་ཞེས་བྱ། །རིགས་

Vol. 45 · folio 173b

ནི་རྒྱལ་རིགས་འོད་ཚད་ཞིང་གི་གྲངས། །སྟོང་སྙེད་ཁྱབ་པ་ཡབ་ནི་རིན་ཆེན་བཟངས། །རིན་ཆེན་མཆོག་མ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་དགའ་བྱིན་ཁྱད་འཕགས་རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །རྣམ་གྲངས་སེམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་

པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །སྲིད་པར་འཆིང་བ་གཅོད་པར་བྱེད་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་དྲུག་དྲུག་འདུས། །མི་ཚེ་ལོ་གྲངས་དྲུག་ཁྲི་བཞི་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །བརྒྱད་ཅུ་རྩ་ལྔའི་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་

དཔག་ཚད་གསུམ་པ་དག །རིན་ཆེན་གཙུག་ཕུད་བྱེ་བ་དག་གིས་སྤྲས། །འགྲོ་བ་དག་གིས་མཆོད་པ་དཔལ་འོད་ཀྱི། །སྐྱེ་བའི་ཡུལ་ནི་པད་མ་ཅན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་ཡབ་ནི་བཀྲ་ཤིས་ཡིན། །ལེགས་མཆོད་མ་ཞེས་བྱ་བ་

རྒྱལ་བའི་ཡུམ། །སྲས་པོ་མགོན་བྱིན་མགོན་བཟངས་རིམ་གྲོ་པ། །སྡུག་དགའ་ཞེས་ནི་བྱ་བ་མཁས་པ་སྟེ། །ཐར་པ་རྣམ་པར་སྒྲོགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཟླ་བ་ཉ་འདྲ་དྲི་མ་མེད་པ་པོ། །བྱེ་བ་ཕྲག་ནི་ཉི་ཤུ་གསུམ་གསུམ་ཡོད། །

མི་ཚེ་ལོ་གྲངས་ཉི་ཁྲི་ཆིག་སྟོང་ཡིན། །མི་ཡི་རབ་མཆོག་དག་གི་དམ་ཆོས་རྣམས། །ལོ་གྲངས་ཉི་ཁྲི་ཆིག་སྟོང་བར་དུ་གནས། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བཟང་པོའི་གྲངས། །བྱེ་བ་ཕྲག་ནི་སུམ་ཅུ་རྩ་གསུམ་འབྱུང་། །རྒྱལ་བ་བདུད་དག་འདུལ་བར་མཛད་པ་པོའི། །སྐྱེ་

བའི་ཡུལ་ནི་བསོད་ནམས་ལྡན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ལྔ་བརྒྱ་ཁྱབ་གྱུར་ཕལ་ཆེན་ཡབ། །འོད་ཀྱི་ཚོགས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དེས་ལྡན་ཆུ་ལྷ་རིམ་གྲོ་པ། །ཡེ་ཤེས་འོད་མཆོག་ཅེས་བྱ་མཁས་པ་སྟེ། །དོན་ལ་རྣམ་

པར་ངེས་པ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བརྒྱད་ཅུ་སྟེ། །ཆགས་མེད་ཡིད་ལྡན་དེ་དག་ཐམས་ཅད་གྲངས། །ཐེར་འབུམ་ཕྲག་གཉིས་སྙེད་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །གྲགས་པ་མཐའ་ཡས་དག་གི་དམ་ཆོས་རྣམས། །ལོ་

Vol. 45 · folio 174a

གྲངས་བཞི་ཁྲི་དྲུག་སྟོང་བར་དུ་གནས། །སྐུ་གདུང་བཅས་པའི་མཆོད་རྟེན་བཟང་པོ་དག །འཇིག་རྟེན་དག་ཏུ་ཐེར་འབུམ་ཕྲག་གཉིས་འབྱུང་། །དེ་བཞིན་གཤེགས་པ་གོ་ཆ་བགོས་པ་ཡི། །སྐྱེ་བའི་ཡུལ་ནི་བལྟ་ན་མཛེས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་

དཔག་ཚད། །ཉི་ཤུ་རྩ་བཞི་ཡབ་ནི་ལེགས་སྣང་ཡིན། །ངེས་བྱམས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་གསེར་ཡིན་རྣམ་དག་རིམ་གྲོ་པ། །མེ་ཏོག་དགའ་ཞེས་བྱ་བ་བློ་ལྡན་ཏེ། །གཟུགས་བརྩེགས་པ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བྱེ་བ་ཕྲག་བཞི་དང་། །

གཞན་ཡང་དྲུག་ཅུ་རྩ་དྲུག་ཀུན་ལ་ཡང་། །བརྒྱད་ཁྲི་བརྒྱད་ཁྲི་དག་ནི་ཚོགས་པར་འགྱུར། །མི་ཚེ་ལོ་གྲངས་བདུན་ཁྲི་ལྔ་སྟོང་ཡིན། །མགོན་པོ་མཆོག་མའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བདུན་ཁྲི་ལྔ་སྟོང་བར་དུ་གནས། །རྒྱལ་བའི་མཆོད་རྟེན་དཔག་ཚད་བཞི་པ་ཀུན། །

གསེར་གྱི་འོད་ཀྱིས་རྣམ་པར་མཛེས་པར་བྱས། །དེ་བཞིན་གཤེགས་པ་སེང་གེའི་ཕྱག་དག་གི། །སྐྱེ་བའི་ཡུལ་ནི་ངེས་པའི་དོན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་དྲུག་ཡབ་ནི་མི་དམན་པ། །བདུད་རྩི་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་

པོ་ཆོས་བཟངས་ཕན་འདོད་རིམ་གྲོ་པ། །ཡེ་ཤེས་མཆོག་ཅེས་བྱ་བ་མཁས་པ་སྟེ། །ངེས་པར་ཐོབ་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་དེ་ཀུན་ལ་ཡང་། །ཐེག་པ་མཆོག་གིས་རྣམ་ཐར་ཐོབ་པ་པོ། །བྱེ་བ་ཕྲག་ནི་བཅུ་བཅུ་ཚོགས་པར་འགྱུར། །མི་ཚེ་ལོ་

གྲངས་དྲུག་ཁྲི་ཉིས་སྟོང་ཡིན། །འཇིག་རྟེན་མཁྱེན་པ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་དགུ་བཅུ་རྩ་དགུར་གནས། །དཔག་ཚད་ལྔ་པའི་མཆོད་རྟེན་སྐུ་གདུང་བཅས། །གཅིག་སྟེ་རིན་ཆེན་བརྒྱ་སྙེད་དྲ་བས་སྤྲས། །མི་ཡི་འདྲེན་པ་མེ་ཏོག་བཟང་པོ་ཡི། །སྐྱེ་བའི་ཡུལ་

ནི་མེ་ཏོག་བརྒྱན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་ལྔ་ཡོད་ཡབ་ནི་མཆོད་ལེགས་ཡིན། །མེ་ཏོག་མཆོག་མ་རྒྱལ་ཡུམ་སྲས་པོ་ནི། །མེ་ཏོག་བཟང་པོ་མེ་ཏོག་རིམ་གྲོ་པ། །འགྲོས་མཛེས་པ་ཞེས་བྱ་བ་མཁས་པ་སྟེ། །གཟི་བརྗིད་མངོན་འཕགས་

Vol. 45 · folio 174b

པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །མཚུངས་མེད་བྱ་དང་མཚུངས་ཤིང་འདྲ་བ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སྟོང་ཕྲག་

བཅུ་བཞིའི་བར་དུ་གནས། །མཆོད་རྟེན་བཟང་པོ་བྱེ་བ་བརྒྱ་ཕྲག་བཅུ། །གསེར་གྱི་འོད་དག་གིས་ནི་རྒྱས་པར་འགྱུར། །དེ་བཞིན་གཤེགས་པ་རིན་ཆེན་མཐོན་པོ་ཡི། །སྐྱེ་བའི་ཡུལ་ནི་རིན་ཆེན་ཚོགས་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དྲུག་

ཡོད་རིན་ཆེན་བཟང་པོ་ཡབ། །དཔལ་རྒྱན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འཇིགས་མེད་དུལ་བ་རིམ་གྲོ་པ། །ཡོན་ཏན་ཚོགས་ཞེས་བྱ་བ་མཁས་པ་སྟེ། །སྟོན་པ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །དགྲ་བཅོམ་དེ་དག་ཐམས་ཅད་

བསམ་གཏན་པ། །ཐེར་འབུམ་ཕྲག་ནི་བཅུ་བཅུ་འབྱུང་བར་འགྱུར། །རྒྱལ་བའི་སྐུ་ཚེ་ལོ་གྲངས་ཁྲི་ཡང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་ཉི་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་མཆོད་རྟེན་སྐུ་གདུང་བཅས་པ་གཅིག །དཔག་ཚད་གསུམ་པ་

ཕྲེང་བ་མཛེས་པ་བཞིན། །མགོན་པོ་དེ་བཞིན་གཤེགས་པ་རྒྱ་མཚོ་ཡི། །སྐྱེ་ཡུལ་མཐུ་རྩལ་སྙིང་པོ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཞི་ཡོད་ཡབ་ནི་ལྷ་དབང་ཡིན། །ཡོན་ཏན་རྒྱ་མཚོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་རྒྱ་མཚོ་ལེགས་དགའ་

རིམ་གྲོ་པ། །ཆུ་ཡི་རྒྱལ་པོ་ལྟ་བུ་བློ་ཅན་ཏེ། །བླ་མེད་ཐོབ་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་སྟེ། །ཀུན་ལའང་མཚོ་ལྟར་གང་བའི་ཡིད་འདྲ་བ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །མཐའ་མེད་

བརྙེས་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བརྒྱད་ཁྲི་ཚང་བའི་བར་དུ་གནས། །རྒྱལ་བ་ཞི་བར་ཕྱིན་པའི་མཆོད་རྟེན་གྲངས། །བྱེ་བ་ཕྲག་ནི་ཉི་ཤུ་རྩ་གཉིས་འབྱུང་། །མགོན་པོ་དེ་བཞིན་གཤེགས་པ་ས་འཛིན་གྱི། །སྐྱེ་བའི་ཡུལ་ནི་ལེགས་པར་དུལ་ཞེས་བྱ། །རྒྱལ་བའི་རིགས་

Vol. 45 · folio 175a

ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ལེགས་བཟངས་ཡིན། །མཆོད་སྦྱིན་ཡོན་བརྒྱན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་བྱམས་ལྡན་བློ་ལྡན་རིམ་གྲོ་པ། །ས་བདག་ཅེས་ནི་བྱ་བ་མཁས་པ་སྟེ། །གཟུངས་དགུ་ཐོབ་ཅེས་བྱ་བ་རྫུ་འཕྲུལ་ཅན། །

འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །མཚུངས་པ་མེད་པ་པད་མའི་དངོས་ལྟ་བུའི། །བྱེ་བ་ཕྲག་ནི་ཉི་ཤུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་ཉིས་སྟོང་ཡིན། །ཡོན་ཏན་མངོན་པར་དགྱེས་པའི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བཅུ་བདུན་བར་དུ་གནས། །རྒྱལ་

བའི་མཆོད་རྟེན་དཔག་ཚད་གཅིག་པ་སྟེ། །མེ་ཏོག་བརྒྱ་དག་གིས་ནི་བརྒྱན་ཞིང་སྤྲས། །དེ་བཞིན་གཤེགས་པ་དོན་གྱི་བློ་མངའ་བའི། །སྐྱེ་བའི་ཡུལ་ནི་དོན་ལྡན་སྒྲ་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ལག་བཟངས་ཡིན། །ཚངས་

པའི་མཆོད་རྟེན་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་མཆོད་རྟེན་ལེགས་སེམས་རིམ་གྲོ་པ། །བློ་གྲོས་བདུད་རྩི་ཞེས་བྱ་མཁས་པ་སྟེ། །རྣམ་པར་ངེས་པའི་མཛོད་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཁོང་ཁྲོ་མེད་པ་རི་ལྟར་གནས་པ་པོ། །བྱེ་བ་

ཕྲག་ནི་བདུན་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དྲུག་ཁྲི་ཉིས་སྟོང་ཡིན། །རྣམ་པར་ཐར་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བཅྭ་བརྒྱད་བར་དུ་གནས། །སྐུ་གདུང་རྒྱས་འགྱུར་ས་གཞི་ཐམས་ཅད་ནི། །རིན་ཆེན་མཆོད་རྟེན་བྱེ་བ་དྲུག་གིས་ཁྱབ། །དཔལ་

ལྡན་ལེགས་པ་ཡོན་ཏན་བསགས་པ་ཡི། །སྐྱེ་བའི་ཡུལ་ནི་བློ་གྲོས་ངན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གཅིག་ཡོད་ཡབ་ནི་བློ་ལྡན་ཡིན། །མི་སྡུག་རྒྱལ་བའི་ཡུམ་ཡིན་སྲས་པོ་ནི། །འཇིག་རྟེན་དགའ་བ་སྐར་མ་རིམ་གྲོ་པ། །འགྲོས་སྙོམས་

པ་ཞེས་བྱ་བ་མཁས་པ་སྟེ། །འོད་ཅན་གྲགས་པ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱ་ནི་རྩ་ལྔ་སྟེ། །བྱེ་བ་བརྒྱ་ཕྲག་དག་ནི་ཚང་བ་དང་། །དྲུག་ཅུ་རྩ་དྲུག་དག་ཀྱང་འདུས་པར་འགྱུར། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །ལྷ་མིའི་དོན་ཕྱིར་དམ་ཆོས་ལོ་

Vol. 45 · folio 175b

སྟོང་དུ། །གནས་འགྱུར་སྐུ་གདུང་བཅས་པའི་མཆོད་རྟེན་ནི། །དཔག་ཚད་དགུ་བཅུ་རྩ་བརྒྱད་པ་གཅིག་སྟེ། །རིན་ཆེན་བརྒྱ་སྙེད་དྲ་བས་རྣམ་པར་སྤྲས། །དེ་བཞིན་གཤེགས་པ་ཡོན་ཏན་ཚོགས་དག་གི། །སྐྱེ་བའི་ཡུལ་ནི་ཡོན་ཏན་བརྒྱན་ཅེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་

རིགས་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་རྒལ་བ་པོ། །ཡོན་ཏན་གཟི་བརྗིད་ལྡན་པ་རྒྱལ་བའི་ཡུམ། །སྲས་པོ་བློ་ལྡན་བློ་ཅན་རིམ་གྲོ་པ། །མི་དགའ་སྤོང་ཞེས་བྱ་བ་མཁས་པ་སྟེ། །དྲ་བ་གཅོད་བྱེད་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཅིག་ཀུན་

ལ་ཡང་། །ཆགས་པ་མེད་པ་བསམ་གཏན་པ་དེ་ཀུན། །བྱེ་བ་བརྒྱ་ཕྲག་དག་ནི་གསུམ་གསུམ་ཡོད། །མི་ཚེའི་ཚད་ནི་ལོ་གྲངས་ཁྲི་ཡང་ཡིན། །རྒྱལ་བའི་དམ་ཆོས་ལོ་གྲངས་སྟོང་དུ་གནས། །རྒྱལ་བའི་མཆོད་རྟེན་སྐུ་གདུང་བཅས་པ་ནི། །དཔག་ཚད་ཕྱེད་པའི་མཆོད་

རྟེན་གཅིག་ཡིན་ཏེ། །གདུགས་གྲངས་སྟོང་ཕྲག་བདུན་ཅུས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་རིན་ཆེན་མེ་ཏོག་གི། །སྐྱེ་བའི་ཡུལ་ནི་བློ་ལྡན་མཆོག་ཅེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །དྲུག་ཅུ་རྩ་གཉིས་ཚོགས་ཅན་དབང་པོ་ཡབ། །སེང་གེ་རྒྱལ་

མཚན་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་ཚོགས་ཅན་ཚོགས་བཟང་རིམ་གྲོ་པ། །རི་ལྟར་བརྩེགས་ཞེས་བྱ་བ་བློ་ལྡན་ཏེ། །ཆགས་པ་མེད་པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ཕྱིར་མི་ལྡོག་པ་གཟུངས་ནི་ཐོབ་པ་པོ། །བྱེ་བ་ཕྲག་ནི་

བདུན་ཅུ་དྲུག་དྲུག་འདུས། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །ཞི་བར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སུམ་ཁྲི་ཉིས་སྟོང་བར་དུ་གནས། །སྲིད་པ་ཐར་མཛད་པ་ཡི་མཆོད་རྟེན་གྲངས། །བརྒྱད་ཁྲི་བཞི་སྟོང་དག་ནི་འབྱུང་བར་འགྱུར། །བདེ་བར་གཤེགས་

པ་འཇིག་རྟེན་འདས་པ་ཡི། །སྐྱེ་ཡུལ་བསོད་ནམས་ལེགས་པར་བསྒོམས་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་རྩ་དྲུག་ཡབ་ནི་མུ་སྟེགས་བཟང་། །དོན་ལ་དགའ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དོན་ལྡན་དགའ་བ་རིམ་གྲོ་པ། །འཇིགས་

Vol. 45 · folio 176a

མེད་དགའ་ཞེས་བྱ་བ་མཁས་པ་སྟེ། །གྲགས་པ་མངོན་འཕགས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་དགུ་བཅུ་སྟེ། །རབ་མཆོག་དག་གི་ཚོགས་ཀྱི་གྲངས་རྣམས་ཀྱང་། །བྱེ་བ་ཕྲག་ནི་སྟོང་སྟོང་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །

ཡོན་ཏན་ལྡན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བདུན་ཁྲི་བཞི་སྟོང་བར་དུ་གནས། །རིམས་ནད་མེད་པའི་སྐུ་གདུང་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བདུན་ཅུ་བཞི། །དེ་བཞིན་གཤེགས་པ་འཇིག་རྟེན་ཟླ་བ་ཡི། །སྐྱེ་བའི་ཡུལ་ནི་ཟླ་བ་ཅན་ཞེས་བྱ། །རྒྱལ་

བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ཟླ་བ་ཡིན། །ཟླ་བཞིན་མཛེས་མ་ཡུམ་ཡིན་སྲས་པོ་ནི། །ཚེ་ལྡན་མེ་ཏོག་བཟང་པོ་རིམ་གྲོ་པ། །རྣམ་པར་སྣང་བྱེད་གྲགས་པ་བློ་ལྡན་ཏེ། །ཚུལ་ཁྲིམས་འོད་བྱེད་པ་ནི་རྫུ་འཕྲུལ་ཅན། །ཚོགས་ཀྱི་རྒྱལ་པོ་རབ་

མཆོག་དམ་པ་ཡི། །འདུས་པ་ལན་གྲངས་དྲུག་ཅུ་རྩ་དྲུག་ལ། །བྱེ་བ་ཕྲག་ནི་བརྒྱ་རྩ་བཞི་བཞི་འདུས། །སྐུ་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །དགུ་བཅུ་རྩ་ལྔའི་བར་དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་སྐུ་གདུང་བཅས་

པ་ནི། །དཔག་ཚད་བདུན་པ་གཅིག་སྟེ་གསེར་གྱིས་བརྒྱན། །དེ་བཞིན་གཤེགས་པ་དབྱངས་ནི་སྙན་པ་ཡི། །སྐྱེ་བའི་ཡུལ་ནི་ཆོས་ཀྱི་ལྟ་ཞེས་བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་སུམ་ཅུ་ཡབ་ནི་སྐུ་བཟངས་ཡིན། །བཟང་དཔལ་ཞེས་ནི་བྱ་བ་རྒྱལ་

བའི་ཡུམ། །སྲས་པོ་པད་མ་རྒྱལ་དགའ་རིམ་གྲོ་པ། །ཡོན་ཏན་སྙིང་པོ་ཞེས་བྱ་མཁས་པ་སྟེ། །ཆོས་འཕགས་ཞེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཞི་སྟེ་ཀུན་ལ་ཡང་། །ཞི་བ་གོམས་པར་བསྒོམས་པའི་ཡིད་ལྡན་པ། །བྱེ་བ་ཕྲག་ནི་བདུན་ཅུ་བདུན་བདུན་

འདུས། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་ཉིས་འབུམ་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་རྒྱས་འགྱུར་མཐའ་ཡས་ཤིང་། །མཆོད་རྟེན་བྱེ་བ་ཕྲག་ནི་བདུན་ཅུ་གསུམ། །དེ་བཞིན་གཤེགས་པ་ཚངས་

Vol. 45 · folio 176b

པའི་ཏོག་དག་གི། །སྐྱེ་བའི་ཡུལ་ནི་ཚངས་པས་ལྟ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གཉིས་ཡབ་ནི་ཚངས་བཟངས་ཡིན། །ཚངས་ལྡན་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཚངས་པ་ཚངས་བཟངས་རིམ་གྲོ་པ། །བསམ་པ་སྙིང་རྗེ་

ཅན་ནི་མཁས་པ་སྟེ། །བྱམས་ལ་གནས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །ཆགས་པ་མེད་གྱུར་གཏི་མུག་མེད་པ་ཀུན། །བྱེ་བ་ཕྲག་ནི་བཅུ་གསུམ་བཅུ་གསུམ་ཡོད། །མི་ཚེ་ལོ་གྲངས་དག་ནི་འབུམ་ཡང་ཡིན། །མྱ་ངན་འདས་པ་

དེ་ཡི་དམ་ཆོས་དག །ལོ་གྲངས་དགུ་ཁྲི་ཚང་བའི་བར་དུ་གནས། །རྒྱལ་བའི་མཆོད་རྟེན་སྐུ་གདུང་བཅས་པ་ནི། །དཔག་ཚད་བཅུ་གཉིས་པ་གཅིག་གསེར་གྱིས་བརྒྱན། །དེ་བཞིན་གཤེགས་པ་ཚོགས་ཅན་གཙོ་བོ་ཡི། །སྐྱེ་བའི་ཡུལ་ནི་བརྟགས་པའི་བློ་ཞེས་

བྱ། །རྒྱལ་བའི་རིགས་ནི་རྒྱལ་རིགས་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་ཟླ་བཟངས་ཡིན། །སེམས་སྙོམས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་པད་མ་ལྗོན་པ་རིམ་གྲོ་པ། །ཡོན་ཏན་དག་གིས་བརྩེ་བ་མཁས་པ་སྟེ། །བླ་མ་སེམས་ཞེས་བྱ་བ་རྫུ་འཕྲུལ་

ཅན། །འདུས་པ་ལན་གྲངས་སུམ་ཅུ་རྩ་དྲུག་སྟེ། །ཀུན་ལའང་ལྷག་མ་མེད་པ་རླུང་འདྲ་བ། །བྱེ་བ་ཕྲག་ནི་སྟོང་སྟོང་ཚང་བར་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅྭ་བརྒྱད་ཡིན། །འདྲེན་པ་མྱ་ངན་འདས་ནས་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བཅུ་གསུམ་བར་དུ་གནས། །

རིན་ཆེན་མཆོད་རྟེན་གྲངས་ནི་བྱེ་བ་ཕྲག །སྟོང་ཕྲག་ཆིག་བརྒྱ་རྩ་ནི་བཅུ་དག་འབྱུང་། །ཡོན་ཏན་བསགས་པ་སེང་གེའི་སྟབས་དག་གི། །སྐྱེ་ཡུལ་འཇིག་རྟེན་བླ་མ་དགྱེས་ཞེས་བྱ། །དེའི་རིགས་བྲམ་ཟེ་ཡིན་ཏེ་འོད་ཀྱི་ཚད། །འཛམ་གླིང་གཉིས་ཁྱབ་ཡབ་ནི་ལེགས་གྲུབ་ཡིན། །

དཀྱིལ་འཁོར་འགྲོ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ཡིད་འཛིན་ཡིད་འོང་རིམ་གྲོ་པ། །བརྟུལ་ཞུགས་གྲུབ་པ་ཤེས་རབ་ཅན་ཡིན་ཏེ། །ང་རོའི་མཆོག་གྲུབ་པ་ནི་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བརྒྱད་ཡིན་ཏེ། །དགྲ་བཅོམ་ཐེར་འབུམ་ཇི་སྙེད་ཡོད་པ་རྣམས། །གང་

Vol. 45 · folio 177a

གཱའི་རྒྱུན་ལྟར་དྲི་མེད་ཤ་སྟག་ཡིན། །མི་ཚེ་ལོ་གྲངས་དག་ནི་བཞི་ཁྲི་ཡིན། །མི་ཡི་མཆོག་མ་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་དྲུག་ཁྲི་དྲུག་སྟོང་གནས། །སྐུ་གདུང་མཆོད་རྟེན་འཕང་དུ་དཔག་ཚད་གཅིག །རིན་ཆེན་བརྒྱ་སྙེད་དག་གི་དྲ་བས་

སྤྲས། །སངས་རྒྱས་དྲག་ཤུལ་ཅན་གྱིས་བྱིན་པ་ཡི། །སྐྱེ་བའི་ཡུལ་ནི་དཀའ་ཐུབ་དྲག་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་སྤོས་བཟངས་ཡིན། །གསེར་འོད་རྒྱལ་བའི་ཡུམ་ཡིན་སྲས་པོ་ནི། །དཔལ་ལྡན་ཤིན་ཏུ་དཔལ་ལྡན་རིམ་

གྲོ་པ། །ཡོན་ཏན་ཡིད་ཅེས་བྱ་བ་མཁས་པ་སྟེ། །ཡོན་ཏན་མཐོན་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་ལྔ་ཡིན་ཏེ། །གཏན་པ་ལྟ་བུར་ལེགས་པར་གནས་པ་པོ། །བྱེ་བ་སྟོང་ཕྲག་བཅུ་བཅུ་ཚོགས་པར་འགྱུར། །སྐུ་ཚེ་ལོ་གྲངས་ཉི་ཁྲི་བརྒྱད་སྟོང་ཡིན། །འཇིག་

རྟེན་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་སྟོང་ཕྲག་བཅུ་དགུ་གནས་པར་འགྱུར། །མཆོད་རྟེན་གྲངས་ནི་ཐེར་འབུམ་ཕྲག་གསུམ་སྟེ། །ལྷ་ཡི་སྐྱེད་མོས་ཚལ་སྙོམས་པ་ཡིས་བསྐོར། །སྐྱེས་བུ་དམ་པ་ཆོས་ཀྱི་དབང་ཕྱུག་གི། །སྐྱེ་བའི་ཡུལ་ནི་ཕྱག་བྱས་མཆོད་ཅེས་བྱ། །

རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་ལྔ་ཡབ་ནི་ལེགས་མཆོད་ཡིན། །གྲགས་པའི་ཚོགས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མེ་ཏོག་མཆོད་ལེགས་རིམ་གྲོ་པ། །འོད་ཀྱི་ཏོག་ཅེས་བྱ་བ་མཁས་པ་སྟེ། །ཏོག་གི་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་

པ་ལན་གྲངས་གསུམ་སྟེ་ཀུན་ལ་ཡང་། །སྲས་མཆོག་སློབ་པ་མེད་པར་ཕྱིན་པ་པོ། །བྱེ་བ་ཕྲག་ནི་ཉི་ཁྲི་ཉི་ཁྲི་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཆིག་སྟོང་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །བརྒྱད་ཅུ་དག་གི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་

མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་གསུམ་པ་རིན་ཆེན་མང་པོས་སྤྲས། །དེ་བཞིན་གཤེགས་པ་གཟི་བརྗིད་འོད་དག་གི། །སྐྱེ་བའི་ཡུལ་ནི་མཆོད་ཅིང་བཀུར་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དྲུག་ཡོད་ཡབ་ནི་ལེགས་རྒལ་ཡིན། །ཡོན་ཏན་

Vol. 45 · folio 177b

བརྒྱན་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཁས་ལྡན་སྣང་ལྡན་རིམ་གྲོ་པ། །སྲིད་པའི་འཆིང་བ་གཅོད་བྱེད་མཁས་པ་སྟེ། །སྲིད་པ་འཇོམས་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དག་ནི་བརྒྱ་ཡིན་ཏེ། །བསོད་ནམས་རྣམ་གྲོལ་དགྲ་བཅོམ་མི་སློབ་པ། །དེ་དག་འདུས་

པ་ཐེར་འབུམ་ཚང་བར་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །དམ་ཆོས་ལོ་གྲངས་བྱེ་བར་གནས་འགྱུར་ཞིང་། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་གྲངས་ནི་ཐེར་འབུམ་ཕྲག་གསུམ་སྟེ། །རྣམ་རྒྱལ་ཁང་བཟངས་ལྟ་བུར་ལེགས་པར་སྤྲས། །དེ་བཞིན་

གཤེགས་པ་འོད་ཟེར་ཆེན་པོ་ཡི། །སྐྱེ་བའི་ཡུལ་ནི་ཆོས་ཀྱི་འོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་རྩ་གཉིས་བདག་ཉིད་ཆེན་པོ་ཡབ། །སེམས་མཚུངས་མ་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་འོད་ལྡན་ངེས་ལྡན་རིམ་གྲོ་པ། །ཤིན་ཏུ་རྣམ་པར་ངེས་པ་

མཁས་པ་སྟེ། །ངེས་ཐོབ་ཅེས་ནི་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་དག་ནི་ལན་གྲངས་བཅུ་བཞི་སྟེ། །ཀུན་ལའང་དགྲ་བཅོམ་པ་ཡི་ཚོགས་དག་གི། །མཚུངས་པར་འགྱུར་ཏེ་ཐེར་འབུམ་ཐེར་འབུམ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་ཡིན། །བདུད་རྣམས་ཕུང་བར་མཛད་

པའི་དམ་ཆོས་དག །ལོ་གྲངས་དགུ་ཁྲི་དགུ་སྟོང་བར་དུ་གནས། །སྟོན་པ་མྱ་ངན་འདས་ནས་རྒྱལ་བ་ཡི། །སྐུ་གདུང་མཆོད་རྟེན་དཔག་ཚད་བརྒྱ་པ་གཅིག །དེ་བཞིན་གཤེགས་པ་རིན་ཆེན་གྲགས་པ་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་ཏོག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །

འོད་ནི་སྟོང་གསུམ་ཙམ་མོ། །ཡབ་ནི་འགྲོ་བའི་དབང་ཕྱུག་ཅེས་བྱའོ། །ཡུམ་ནི་དཔལ་གྱི་རིན་ཆེན་མཆོག་ཅེས་བྱའོ། །སྲས་ནི་ཡོན་ཏན་སྟོང་གི་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་མཐའ་ཡས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །

རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་ཟེར་ཡིད་དུ་འོང་བ་ཞེས་བྱའོ། །འདུས་པ་ནི་ལན་གྲངས་གྲངས་མེད་དེ། ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཁྲི་ཕྲག་སུམ་ཅུ་རྩ་དྲུག་གི་བར་དུ་

Vol. 45 · folio 178a

གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །མཆོད་རྟེན་ནི་སུམ་འབུམ་མོ། །དེ་བཞིན་གཤེགས་པ་ཚོགས་ཅན་གསལ་བ་སྐྱེ་བའི་ཡུལ་ནི་བློ་གྲོས་རྒྱ་མཚོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དགུ་བཅུའོ། །ཡབ་ནི་བཟང་མཆོག་ཅེས་བྱའོ། །

ཡུམ་ནི་ཡིད་དུ་འོང་བའི་དབྱངས་ཞེས་བྱའོ། །སྲས་ནི་སེང་གེས་རྣམ་པར་རྩེ་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲགས་པའི་སྒྲོན་མ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རོ་མཆོག་རྒྱལ་པོ་ཞེས་བྱའོ། །ཉན་ཐོས་འདུས་

པ་དང་པོ་ནི་ཐེར་འབུམ་ཕྲག་གསུམ་མོ། །གཉིས་པ་ལ་ནི་ཐེར་འབུམ་ཕྲག་བཞིའོ། །གསུམ་པ་ལ་ནི་ཐེར་འབུམ་ཕྲག་ལྔའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་

གྲགས་པ་མཐའ་ཡས་སྐྱེ་བའི་ཡུལ་ནི་ཡིད་དུ་འོང་བའི་དབྱངས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་གཉིས་སོ། །ཡབ་ནི་ནོར་ལྷ་ཞེས་བྱའོ། །ཡུམ་ནི་རྒྱུ་སྐར་བདག་མོ་ཞེས་བྱའོ། །སྲས་ནི་རིན་ཆེན་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་བསོད་ནམས་འབྱོར་ལྡན་ཞེས་བྱའོ། །

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསྒོམས་པའི་བདག་ཉིད་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་གཟི་བརྗིད་ཅེས་བྱའོ། །འདུས་པ་ནི་ལན་བཅུ་སྟེ་ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ལྔ་སྟོང་གི་བར་དུ་

གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་འོད་ཟེར་དོན་ཡོད་སྐྱེ་བའི་ཡུལ་ནི་དོན་ཡོད་སྟེགས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་ཁ་དོག་བྱིན་ཞེས་བྱའོ། །ཡུམ་ནི་

དགའ་བས་ལྟ་ཞེས་བྱའོ། །སྲས་ནི་ཀུན་ཏུ་བཟང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་དགའ་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁ་ལོ་སྒྱུར་བའི་རྒྱལ་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུད་སྤངས་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་དྲུག་སྟེ།

Vol. 45 · folio 178b

ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷའི་དྲང་སྲོང་སྐྱེ་བའི་ཡུལ་ནི་ཀུན་ཏུ་རྒྱས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་

ཚད་ཕྱེད་དང་གཉིས་སོ། །ཡབ་ནི་དྲང་སྲོང་བཤེས་གཉེན་ཞེས་བྱའོ། །ཡུམ་ནི་ཕྱོགས་གནས་མ་ཞེས་བྱའོ། །སྲས་ནི་སྤོས་མཆོག་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ཤིན་ཏུ་འབྱོར་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་

བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཁྱད་པར་དུ་འཕགས་པའི་བློ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་གཉིས་ཏེ། གཉིས་ཀ་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །

མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྐྱེ་བའི་དབང་པོ་སྐྱེ་བའི་ཡུལ་ནི་སྐྱེ་བོ་དགའ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཙམ་མོ། །ཡབ་ནི་ཟླ་རྒྱས་ཞེས་བྱའོ། །ཡུམ་ནི་རྒྱལ་དཀའ་མ་ཞེས་བྱའོ། །

སྲས་ནི་འཁྲུལ་པ་མེད་པར་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་ཁྱད་པར་སེམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་འཇོམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་གཉིས་སྤོང་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་ལྔ་སྟེ། ཐམས་ཅད་ལ་ཡང་

ཁྲི་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགེ་འདུན་བརྟན་སྐྱེ་བའི་ཡུལ་ནི་བློ་གྲོས་བརྟན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔ་

བརྒྱའོ། །ཡབ་ནི་བཟང་པོ་ཞེས་བྱའོ། །ཡུམ་ནི་རིན་ཆེན་མཆོག་ཅེས་བྱའོ། །སྲས་ནི་ལྷས་མཆོད་ཅེས་བྱའོ། །རིམ་གྲོ་པ་ནི་འགྲོ་བ་ལྟ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་དྲག་ཤུལ་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཉམ་ཉིད་གནས་

Vol. 45 · folio 179a

ཞེས་བྱའོ། །འདུས་པ་ནི་ལན་གཅིག་ཏུ་ཟད་དེ། དགྲ་བཅོམ་པ་སུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ཀྱང་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ།། །།འཕགས་པ་བསྐལ་པ་བཟང་

པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅྭ་ལྔ་པ། དེ་བཞིན་གཤེགས་པ་ཕྱོགས་བཟངས་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་ངོས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་བརྒྱའོ། །ཡབ་ནི་དབྱིག་གི་འོད་ཟེར་ཞེས་བྱའོ། །ཡུམ་ནི་ཡིད་དུ་འོང་བས་

བྱིན་ཞེས་བྱའོ། །སྲས་ནི་དོན་ཡོད་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་སྐར་མདའ་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁྱད་པར་དུ་འཕགས་པའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགྲ་བཅོམ་གྲགས་པ་ཞེས་བྱའོ། །དགྲ་བཅོམ་པ་འདུས་པ་ནི་ལན་ཉི་ཤུ་རྩ་

དགུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་ཆིག་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཏོག་སྐྱེ་བའི་ཡུལ་ནི་ཏོག་མཆོག་

ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉི་ཤུའོ། །ཡབ་ནི་གཞལ་མེད་མཆོག་ཅེས་བྱའོ། །ཡུམ་ནི་ཡོན་ཏན་ལྟ་ཞེས་བྱའོ། །སྲས་ནི་རྣམ་པར་སྣང་བྱེད་ཅེས་བྱའོ། །རིམ་གྲོ་པ་ནི་ཡང་སྲིད་ཐུལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟག་པ་མེད་

པའི་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འགོག་པ་ཐོབ་ཅེས་བྱའོ། །འདུས་པ་དང་པོ་ལ་ནི་དགྲ་བཅོམ་པ་དུང་ཕྱུར་ཕྲག་བཞིའོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་དྲུག་གོ། །གསུམ་པ་ལ་ནི་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་

བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །མཆོད་རྟེན་ནི་བརྒྱད་ཁྲི་འབྱུང་ངོ་། །དེ་བཞིན་གཤེགས་པ་ཡུལ་འཁོར་མེ་ཏོག་སྐྱེ་བའི་ཡུལ་ནི་ཡོན་ཏན་གྱིས་བརྒྱན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་སྟོང་ངོ་། །ཡབ་ནི་བསོད་

Vol. 45 · folio 179b

ནམས་དཔལ་ཞེས་བྱའོ། །ཡུམ་ནི་མེ་ཏོག་བྱིན་ཞེས་བྱའོ། །སྲས་ནི་པད་མ་དཀར་པོ་ཞེས་བྱའོ། །རིམ་གྲོ་པ་ནི་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གྲོགས་ཐུལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཞན་གྱིས་མི་ཐུབ་པའི་མཐུ་ཞེས་བྱའོ། །

འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བདུན་སྟོང་ངོ་། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཆོས་ཀྱི་བློ་གྲོས་སྐྱེ་བའི་ཡུལ་ནི་གྲོང་ཁྱེར་འདབ་

བཟངས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ནོ། །ཡབ་ནི་ཚངས་པ་སེམས་ཞེས་བྱའོ། །ཡུམ་ནི་བསམ་པས་བྱིན་ཞེས་བྱའོ། །སྲས་ནི་ནོར་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་ཤིན་ཏུ་དགེ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཟླས་བྱིན་དབྱངས་

ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཞི་བས་བྱིན་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་རོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དགུ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དྲུག་ཁྲི་དགུ་

སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རླུང་གི་ཤུགས་ལྟར་གཤེགས་པ་སྐྱེ་བའི་ཡུལ་ནི་ཤིན་ཏུ་གནས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ངོ་། །ཡབ་ནི་མི་འཐུན་པ་མེད་པའི་སེམས་ཞེས་བྱའོ། །

ཡུམ་ནི་ཐར་པ་དད་ཅེས་བྱའོ། །སྲས་ནི་བེའུ་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་མེ་ཏོག་མྱ་ངན་འཚང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མེ་ཏོག་མན་དཱ་ར་བའི་དྲི་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཙན་དན་འོད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དགུ་བཅུ་སྟེ། །

ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལེགས་བསམས་གྲགས་པ་སྐྱེ་བའི་ཡུལ་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །

Vol. 45 · folio 180a

རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གཅིག་གོ། །ཡབ་ནི་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་གཟི་ལྡན་མ་ཞེས་བྱའོ། །སྲས་ནི་རླུང་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་བློ་སྙོམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚོགས་གསལ་ཞེས་བྱའོ། །

རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཞན་གྱིས་མི་ཐུབ་པའི་བློ་གྲོས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲི་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་

འགྱུར་རོ། །དེ་བཞིན་གཤེགས་པ་སྣང་ལྡན་སྐྱེ་བའི་ཡུལ་ནི་སྐར་མའི་འོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་གློག་གིས་བྱིན་ཞེས་བྱའོ། །ཡུམ་ནི་བཟང་སྦྱིན་མ་ཞེས་བྱའོ། །སྲས་ནི་མཆོད་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་

དོན་མཐོང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་མཐོང་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་དགའ་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་དེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་སུམ་ཅུ་སུམ་ཅུའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་ལྔ་སྟོང་ངོ་། །དམ་པའི་

ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ལྷ་ཚོགས་སྐྱེ་བའི་ཡུལ་ནི་མཚོན་ཆ་བཟང་པོ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་བརྒྱའོ། །ཡབ་ནི་ལྷ་མ་

ཡིན་གྱི་ལྷ་ཞེས་བྱའོ། །ཡུམ་ནི་ཀླུ་འོད་མ་ཞེས་བྱའོ། །སྲས་ནི་གཙོ་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་ཏོག་འཕགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀླུ་དབང་གྲགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་གཏོང་ཞེས་བྱའོ། །འདུས་པ་དང་པོ་ལ་

ནི་ཉན་ཐོས་ཐེར་འབུམ་མོ། །གཉིས་པ་ལ་ནི་དུང་ཕྱུར་ཕྲག་གཅིག་དང་བྱེ་བ་ཕྲག་ལྔའོ། །གསུམ་པ་ལ་ནི་དུང་ཕྱུར་ཕྲག་དགུའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲིའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡོན་ཏན་

Vol. 45 · folio 180b

བསྲུངས་སྐྱེ་བའི་ཡུལ་ནི་ཡོན་ཏན་དང་ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་གོ། །ཡབ་ནི་ཡོན་ཏན་མཆོག་ཅེས་བྱའོ། །ཡུམ་ནི་ཡོན་ཏན་དཔལ་ཞེས་བྱའོ། །སྲས་ནི་རིན་ཆེན་མཆོད་ཅེས་བྱའོ། །རིམ་གྲོ་པ་ནི་མངོན་པར་དགའ་ཞེས་བྱའོ། །ཤེས་རབ་

ཅན་རྣམས་ཀྱི་མཆོག་ནི་ལེགས་པའི་བློ་གྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བླ་མ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བཅུ་གསུམ་བཅུ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་

གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་དོན་གྱི་བློ་གྲོས་སྐྱེ་བའི་ཡུལ་ནི་ཆོས་གསལ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཞི་ཁྲི་བཞི་སྟོང་ངོ་། །ཡབ་ནི་མེ་ཏོག་རྒྱལ་པོ་ཞེས་བྱའོ། །

ཡུམ་ནི་གྲགས་ལྡན་མ་ཞེས་བྱའོ། །སྲས་ནི་པད་མ་ཅན་ཞེས་བྱའོ། །རིམ་གྲོ་པ་ནི་ལེགས་སྐྱེས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མི་གནས་པའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲང་སྲོང་ཟླ་བ་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་རྩ་དགུ་སྟེ། ཐམས་

ཅད་ལ་ཡང་སྟོང་ཕྲག་བཅུ་གསུམ་བཅུ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་དགུ་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བསྙེངས་མེད་སྐྱེ་བའི་ཡུལ་ནི་ཟིལ་གྱིས་མི་ནོན་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །

འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་སྟོབས་ལྷ་ཞེས་བྱའོ། །ཡུམ་ནི་ལེགས་བསམས་གྲགས་མ་ཞེས་བྱའོ། །སྲས་ནི་སྐྲག་མེད་ཅེས་བྱའོ། །རིམ་གྲོ་པ་ནི་མི་སྐྲག་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱའོ། །རྫུ་འཕྲུལ་

ཅན་རྣམས་ཀྱི་མཆོག་ནི་ཚོགས་ཐུབ་ཅེས་བྱའོ། །འདུས་པ་ནི་ལན་དགུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་དགུ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་

Vol. 45 · folio 181a

གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གྲོགས་བརྟན་སྐྱེ་བའི་ཡུལ་ནི་བཀོད་པ་གནས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉིས་སྟོང་ངོ་། །ཡབ་ནི་བཀོད་པ་བྱིན་ཞེས་བྱའོ། །ཡུམ་ནི་དགའ་སྡུག་ཅེས་བྱའོ། །སྲས་ནི་བློ་མི་

གཡོ་ཞེས་བྱའོ། །རིམ་གྲོ་པ་ནི་སེམས་སྙོམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེ་བར་གནས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མདངས་ཀྱིས་འགྲོ་ཞེས་བྱའོ། །འདུས་པ་ནི་ལན་བཅྭ་ལྔ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་འབུམ་མོ། །

སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བཞི་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་གནས་མཚུངས་སྐྱེ་བའི་ཡུལ་ནི་བཀོད་པ་བཅོས་པ་མེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་དོ། །ཡབ་ནི་བདག་

ཉིད་ཐུལ་ཞེས་བྱའོ། །ཡུམ་ནི་སྡེས་མི་ཐུབ་ཅེས་བྱའོ། །སྲས་ནི་སྣ་ཚོགས་སྡེ་ཞེས་བྱའོ། །རིམ་གྲོ་པ་ནི་ཚངས་པའི་དབྱངས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མ་ཆགས་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྤྱོད་པ་མ་བཅོས་པ་ཞེས་བྱའོ། །འདུས་པ་ནི་ལན་

བཅུ་གཅིག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ལྔ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནོར་བུའི་ཞབས་སྐྱེ་བའི་ཡུལ་ནི་ནོར་བུ་གསལ་ཞེས་བྱའོ། །རིགས་ནི་རྒྱལ་

རིགས་སོ། །འོད་ནི་དཔག་ཚད་ཉི་ཤུ་རྩ་གཉིས་སོ། །ཡབ་ནི་རིན་ཆེན་གྲགས་པ་ཞེས་བྱའོ། །ཡུམ་ནི་རིན་ཆེན་འཕགས་པ་ཞེས་བྱའོ། །སྲས་ནི་ནོར་བུའི་སྙིང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་བྱམས་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སེམས་པ་འོད་ཅེས་བྱའོ། །

རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མི་ཚུགས་པ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བདུན་ཏེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་

Vol. 45 · folio 181b

གཤེགས་པ་ཐར་པའི་གཟི་བརྗིད་སྐྱེ་བའི་ཡུལ་ནི་རྣམ་པར་ཐར་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་ཆགས་པ་མེད་པའི་སེམས་ཞེས་བྱའོ། །ཡུམ་ནི་ཡིད་དགའ་མ་ཞེས་བྱའོ། །སྲས་ནི་སེམས་ཀྱི་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་

མཆོད་སྦྱིན་ལེགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོད་འོས་ཅེས་བྱའོ། །འདུས་པ་ནི་ལན་དགུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཆིག་སྟོང་ངོ་། །

དམ་པའི་ཆོས་ནི་ལོ་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ངོས་བཟངས་སྐྱེ་བའི་ཡུལ་ནི་ཐུབ་པ་མེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གསུམ་མོ། །ཡབ་ནི་

མཆོད་སྦྱིན་ལེགས་མཆོད་བྱིན་ཞེས་བྱའོ། །ཡུམ་ནི་རིན་ཆེན་འོད་ཅེས་བྱའོ། །སྲས་ནི་ཁྱད་པར་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་ལེགས་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤུགས་བརྟན་འཛིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མདངས་ཐོབ་ཅེས་བྱའོ། །

འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་སྟོང་ཕྲག་དགུ་བཅུའོ། །གཉིས་པ་ལ་ནི་བྱེ་བ་སྟོང་ཕྲག་ལྔའོ། །གསུམ་པ་ལ་ནི་བྱེ་བ་སྟོང་ཕྲག་བརྒྱད་དོ། །བཞི་པ་ལ་ནི་བྱེ་བ་སྟོང་ཕྲག་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བརྒྱད་སྟོང་ངོ་། །དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །

སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བློ་བཟངས་སྐྱེ་བའི་ཡུལ་ནི་སངས་རྒྱས་ཅན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་ཐར་པ་དགའ་ཞེས་བྱའོ། །ཡུམ་ནི་ཡོན་ཏན་མཐའ་ཡས་མ་ཞེས་

བྱའོ། །སྲས་ནི་སྐྱེ་བའི་མཆོད་རྟེན་ཞེས་བྱའོ། །རིམ་གྲོ་པ་ནི་ལྟ་བ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྩལ་བདག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྣམ་པར་དག་པའི་ཏོག་ཅེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་

Vol. 45 · folio 182a

སུམ་ཅུ་རྩ་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཀུན་ཏུ་གཟི་བརྗིད་སྐྱེ་བའི་ཡུལ་ནི་སྒྲིབ་པ་མེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་

ཚད་ཉི་ཤུའོ། །ཡབ་ནི་ས་གའི་སེམས་ཞེས་བྱའོ། །ཡུམ་ནི་སེམས་མི་འཁྲུག་ཅེས་བྱའོ། །སྲས་ནི་ལྷུན་པོའི་རྒྱལ་མཚན་ཞེས་བྱའོ། །རིམ་གྲོ་པ་ནི་སེང་གེའི་མཐུ་རྩལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་ཀྱིས་བལྟ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་

བདུད་རྩི་གྲགས་པ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ཀྱང་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་

བཞིན་གཤེགས་པ་ཡེ་ཤེས་མཆོག་སྐྱེ་བའི་ཡུལ་ནི་ཡེ་ཤེས་དམ་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་གཅིག་གོ། །ཡབ་ནི་བློ་གྲོས་གྱ་ནོམ་ཞེས་བྱའོ། །ཡུམ་ནི་བསོད་ནམས་བྱིན་ཞེས་བྱའོ། །སྲས་ནི་ཆོས་དཔལ་ཞེས་བྱའོ། །རིམ་གྲོ་པ་ནི་ཆོས་དགའ་ཞེས་བྱའོ། །

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་དག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཁྲུག་མེད་གྲགས་ཞེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲིའི་

བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚངས་པར་གནས་སྐྱེ་བའི་ཡུལ་ནི་བདེ་བས་མཐོང་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ། །ཡབ་ནི་སེམས་གསལ་ཞེས་བྱའོ། །ཡུམ་ནི་ཚངས་བྱིན་མ་ཞེས་བྱའོ། །སྲས་ནི་གཟུངས་

ཀྱི་དབང་ཕྱུག་ཅེས་བྱའོ། །རིམ་གྲོ་པ་ནི་སྒྲ་མི་ཟད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲོགས་མཁས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་གཏོང་ཞེས་བྱའོ། །འདུས་པ་ནི་ལན་ལྔ་བཅུ་རྩ་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བདུན་སྟོང་བདུན་སྟོང་ངོ་། །སྐུ་ཚེའི་ཚད་

Vol. 45 · folio 182b

ནི་ལོ་བྱེ་བའོ། །དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བདེན་པ་གསུང་སྐྱེ་བའི་ཡུལ་ནི་ཀུན་ཏུ་སྐར་མདའ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་

དྲུག་བརྒྱའོ། །ཡབ་ནི་སྐྱེ་བོའི་དབང་པོ་ཞེས་བྱའོ། །ཡུམ་ནི་ཀུ་མུ་དའི་སོ་ཞེས་བྱའོ། །སྲས་ནི་བདེན་དཔལ་ཞེས་བྱའོ། །རིམ་གྲོ་པ་ནི་དབང་པོ་བསྡམས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་ལྡན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་ཆེན་པོ་ཞེས་བྱའོ། །

འདུས་པ་ནི་ལན་བཅུ་བཞི་སྟེ། །ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བློ་བཟངས་སྐྱེ་བའི་ཡུལ་ནི་འོད་ཟེར་རྣམ་པར་འཕྲོ་བ་ཞེས་བྱའོ། །

རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་སྟོང་བཞི་བརྒྱའོ། །ཡབ་ནི་བརྟུལ་ཞུགས་སེམས་ཞེས་བྱའོ། །ཡུམ་ནི་སྐར་མདའ་འཆང་ཞེས་བྱའོ། །སྲས་ནི་མཆོད་རྟེན་མཆོད་ཅེས་བྱའོ། །རིམ་གྲོ་པ་ནི་བྱང་ཆུབ་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཤིན་ཏུ་བརྟན་པའི་

འགྲོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོབས་བརྟན་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་རྩ་ལྔ་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་སུམ་ཅུ་རྩ་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་

འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྟོབས་བྱིན་སྐྱེ་བའི་ཡུལ་ནི་མ་སྨད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བཅུ་རྩ་དྲུག་གོ། །ཡབ་ནི་གཞན་གྱིས་མི་ཐུབ་པར་གྲགས་པ་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཅན་ཞེས་བྱའོ། །

སྲས་ནི་སྐྱེ་བའི་མཆོད་རྟེན་ཞེས་བྱའོ། །རིམ་གྲོ་པ་ནི་སྐྱོན་མེད་པར་གནས་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་འཛིན་པའི་བློ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དེས་པར་དགའ་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་རྩ་གཉིས་ཏེ། ཐམས་ཅད་ལ་

Vol. 45 · folio 183a

ཡང་འབུམ་ཕྲག་སུམ་ཅུ་རྩ་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་གསུམ་མོ། །དམ་པའི་ཆོས་ཀྱང་ལོ་བྱེ་བ་ཕྲག་གསུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སེང་གེ་སྟབས་

སྐྱེ་བའི་ཡུལ་ནི་དབྱངས་མཆོག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་བརྒྱའོ། །ཡབ་ནི་ལྷ་འདོད་ཅེས་བྱའོ། །ཡུམ་ནི་ཕན་འགྲོ་མ་ཞེས་བྱའོ། །སྲས་ནི་ལྷ་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་མྱ་ངན་སེལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འདམ་ལས་

རྒལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགྲ་བཅོམ་བསྲུངས་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བཞི་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །

སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མེ་ཏོག་གི་ཏོག་སྐྱེ་བའི་ཡུལ་ནི་མེ་ཏོག་དྲི་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉིས་སྟོང་ངོ་། །ཡབ་ནི་དབྱིག་གི་ཟླ་བ་ཞེས་བྱའོ། །ཡུམ་ནི་མེ་ཏོག་འོད་ཅེས་བྱའོ། །སྲས་ནི་མེ་ཏོག་སོ་ཞེས་བྱའོ། །

རིམ་གྲོ་པ་ནི་ལྷའི་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགྲ་བཅོམ་བྱིན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྟོན་དགའ་ཞེས་བྱའོ། །འདུས་པ་ནི་ལན་དགུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་

ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་སྐྱེ་བའི་ཡུལ་ནི་ཡོན་ཏན་འབྱུང་གནས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་ཡོན་

ཏན་མཆོད་གནས་ཞེས་བྱའོ། །ཡུམ་ནི་ཁ་ལོ་སྒྱུར་དགའ་ཞེས་བྱའོ། །སྲས་ནི་འོད་ཟེར་བཟང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་བཀྲ་ཤིས་འཛིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འོད་བྱིན་ཞེས་བྱའོ། །འདུས་

Vol. 45 · folio 183b

པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ཀྱང་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མེ་ཏོག་བྱིན་སྐྱེ་བའི་ཡུལ་ནི་བསོད་ནམས་འདོད་ཅེས་བྱའོ། །

རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་གཅིག་གོ། །ཡབ་ནི་ལྷ་བཟང་ཞེས་བྱའོ། །ཡུམ་ནི་ཡོན་ཏན་རིན་ཆེན་གཟི་བརྗིད་ཅེས་བྱའོ། །སྲས་ནི་རྣམ་པར་ལྟ་བ་གྲགས་པ་དཔག་མེད་ཅེས་བྱའོ། །རིམ་གྲོ་པ་ནི་བརྩོན་འགྲུས་ཐོབ་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་

ནི་ཡིད་ཀྱིས་དཔྱོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིགས་མེད་བློ་ཞེས་བྱའོ། །འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་

གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་སྙིང་པོ་སྐྱེ་བའི་ཡུལ་ནི་ལྷའི་ཕོ་ཉ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔའོ། །ཡབ་ནི་ནོར་བྱིན་ཞེས་བྱའོ། །ཡུམ་ནི་རིན་ཆེན་སྡོང་ཞེས་བྱའོ། །སྲས་ནི་སྐྱོན་མེད་

ཅེས་བྱའོ། །རིམ་གྲོ་པ་ནི་ཡིད་འཐད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཏོག་མཐུ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲན་པས་འགྲོ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་བདུན་ཏེ། ཐམས་ཅད་ལ་ཡང་ཁྲི་ཕྲག་རེ་རེར་མཚུངས་སོ། །སྐུ་ཚེའི་

ཚད་ནི་ལོ་ཉི་ཁྲི་ཆིག་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རིན་ཆེན་གྲགས་པ་སྐྱེ་བའི་ཡུལ་ནི་གྲགས་བདག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཁྲིའོ། །ཡབ་ནི་དགེ་བ་དགའ་

ཞེས་བྱའོ། །ཡུམ་ནི་སྤྱོད་ལམ་ལྡན་མ་ཞེས་བྱའོ། །སྲས་ནི་སྣ་ཚོགས་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་རིག་གསུམ་ལྡན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིག་སྔགས་འཆང་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྨན་པ་ཆེན་པོ་ཞེས་བྱའོ། །དགྲ་

Vol. 45 · folio 184a

བཅོམ་པ་འདུས་པ་ནི་ལན་ཉི་ཤུ་རྩ་དགུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་དྲུག་ཅུ་རྩ་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གྲགས་པ་རྨད་དུ་བྱུང་བ་སྐྱེ་བའི་ཡུལ་ནི་

ལྷའི་ཕོ་ཉ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་བསོད་ནམས་དགའ་ཞེས་བྱའོ། །ཡུམ་ནི་བསོད་ནམས་ཅན་ཞེས་བྱའོ། །སྲས་ནི་བསོད་ནམས་ཆེན་པོ་ཞེས་བྱའོ། །རིམ་གྲོ་པ་ནི་བསོད་ནམས་མི་དམན་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་

ནི་ཆོས་ཀྱི་རྒྱལ་མཚན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེང་གེའི་སྟབས་ལྟར་འགྲོ་ཞེས་བྱའོ། །འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་ཁྲི་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་

གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མི་ཚུགས་པ་སྐྱེ་བའི་ཡུལ་ནི་བལྟ་ན་སྡུག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔ་བཅུ་རྩ་ལྔའོ། །ཡབ་ནི་འོད་གསལ་ཞེས་བྱའོ། །ཡུམ་ནི་སྣང་བ་མཐའ་ཡས་མ་ཞེས་བྱའོ། །སྲས་

ནི་སྤོབས་པའི་བློ་ཞེས་བྱའོ། །རིམ་གྲོ་པ་ནི་ཐོས་པའི་འབྱུང་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྤོབས་པའི་ལྷ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒོལ་བ་རབ་འཇོམས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་

དགུའོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བསྙེངས་མེད་སྐྱེ་བའི་ཡུལ་ནི་གཟི་བརྗིད་སྐྱེ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉི་ཤུ་རྩ་

བདུན་ནོ། །ཡབ་ནི་ཡུལ་འཁོར་ལྷ་ཞེས་བྱའོ། །ཡུམ་ནི་ཚངས་དབྱངས་མ་ཞེས་བྱའོ། །སྲས་ནི་དབྱངས་མཁས་ཞེས་བྱའོ། །རིམ་གྲོ་པ་ནི་རྒོལ་བས་མཆོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྐར་མདའ་འཆང་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཞལ་

Vol. 45 · folio 184b

མེད་མཆོག་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་ཉི་ཤུ་རྩ་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་ལྔ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཉི་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་

ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཉི་མའི་འོད་སྐྱེ་བའི་ཡུལ་ནི་བསོད་ནམས་གཟི་བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་ཁྲིའོ། །ཡབ་ནི་བདེན་པ་བྱིན་ཞེས་བྱའོ། །ཡུམ་ནི་རིན་ཆེན་བློ་གྲོས་མ་ཞེས་བྱའོ། །སྲས་ནི་སྐྱེ་བའི་དབང་པོས་བྱིན་ཞེས་

བྱའོ། །རིམ་གྲོ་པ་ནི་དྲི་ཟའི་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐོས་པའི་འབྱུང་གནས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལྷ་ཆོས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱད་དེ། ཐམས་ཅད་ལ་ཡང་ཐེར་འབུམ་བདུན་ཅུ་བདུན་ཅུའོ། །སྐུ་ཚེའི་ཚད་ནི་ལོ་

བཞི་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚངས་པར་གཤེགས་སྐྱེ་བའི་ཡུལ་ནི་སྙན་པ་མ་སྨད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་མཐུ་ལྡན་ཞེས་བྱའོ། །

ཡུམ་ནི་ང་རྒྱལ་དང་རྒྱགས་པ་ལས་རྣམ་པར་གྲོལ་བ་ཞེས་བྱའོ། །སྲས་ནི་མཚན་གྱིས་རྣམ་པར་སྤྲས་པ་ཞེས་བྱའོ། །རིམ་གྲོ་པ་ནི་ཡིད་མི་སྐྱོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཁས་པའི་བློ་ཅན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཚངས་པའི་སྒྲ་དབྱངས་

ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅྭ་ལྔ་སྟེ། ཐམས་ཅད་ལ་ཡང་ཁྲི་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་བདུན་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ཉི་ཁྲི་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷའི་མཐུ་རྩལ་སྐྱེ་བའི་

ཡུལ་ནི་མངོན་དུ་འགྲོ་བར་བྱ་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་ཐམས་ཅད་བྱིན་ཞེས་བྱའོ། །ཡུམ་ནི་བློ་གྲོས་བཟང་མོ་ཞེས་བྱའོ། །སྲས་ནི་ཐམས་ཅད་འདོད་ཅེས་བྱའོ། །རིམ་གྲོ་པ་ནི་མངོན་པར་གྲགས་ཞེས་བྱའོ། །ཤེས་རབ་ཅན་

Vol. 45 · folio 185a

རྣམས་ཀྱི་མཆོག་ནི་གཟི་བརྗིད་བཟང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དྲི་མ་མེད་པའི་སྙིང་པོ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བརྒྱ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བརྒྱད་སྟོང་གི་

བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་དགྱེས་སྐྱེ་བའི་ཡུལ་ནི་དགའ་བ་དད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ལྔའོ། །ཡབ་ནི་འཕགས་པ་དད་ཅེས་བྱའོ། །ཡུམ་ནི་ལྷས་མཆོད་མ་ཞེས་བྱའོ། །སྲས་ནི་མཆོད་

འོས་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་མཆོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་སྟོང་གི་གཟི་བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཉམ་པར་གནས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་རྩ་གཅིག་སྟེ། ཐམས་ཅད་ལ་ཡང་སུམ་ཁྲི་སུམ་

ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལྷ་བདེན་སྐྱེ་བའི་ཡུལ་ནི་ལྷས་མཆོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་མཐའ་ཡས་སོ། །ཡབ་ནི་མཆོད་འོས་ཞེས་བྱའོ། །ཡུམ་ནི་མཆོད་འདོད་མ་ཞེས་བྱའོ། །

སྲས་ནི་ཚངས་པའི་འཁོར་ལོ་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་ལྷ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་མཆོད་གནས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་བཟངས་ཞེས་བྱའོ། །འདུས་པ་ནི་ལན་སྟོང་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་དྲུག་

དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་ཆིག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བདུན་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ནོར་བུའི་སྙིང་པོ་སྐྱེ་བའི་ཡུལ་ནི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་

པར་བྱས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་མིའི་ཟླ་བ་ཞེས་བྱའོ། །ཡུམ་ནི་རིན་ཆེན་སྒྲོན་མ་ཞེས་བྱའོ། །སྲས་ནི་ཕྱོགས་ཀྱི་མཐུ་རྩལ་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་འཕེལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ངེས་

Vol. 45 · folio 185b

ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་མི་འཁྲུལ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཞི་བཅུ་རྩ་དགུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་ལྔ་བཅུ་རྩ་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་ལྔ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ལྔ་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་

གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཡོན་ཏན་གྲགས་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་སྒྲོན་མ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་གསུམ་མོ། །ཡབ་ནི་འཕགས་པའི་ལྷ་ཞེས་བྱའོ། །ཡུམ་ནི་ཤིན་ཏུ་

མཛེས་མ་ཞེས་བྱའོ། །སྲས་ནི་དྲང་སྲོང་བྱིན་ཞེས་བྱའོ། །རིམ་གྲོ་པ་ནི་སྤོང་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་སེམས་དཔའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དབང་ཕྱུག་ཆེན་པོ་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་དྲུག་གོ། །

གཉིས་པ་ལ་ནི་བྱེ་བ་ཕྲག་བདུན་ནོ། །གསུམ་པ་ལ་ནི་བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་ཆིག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་དཔག་ཚད་བརྒྱད་སྟོང་དྲུག་བརྒྱ་པ་སྟེ་གཅིག་ཏུ་ཟད་དོ། །

དེ་བཞིན་གཤེགས་པ་ཡེ་ཤེས་དཔལ་སྐྱེ་བའི་ཡུལ་ནི་ཡོན་ཏན་ཕུང་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་ཁྲིའོ། །ཡབ་ནི་སྐྱེ་བོའི་མཆོད་རྟེན་ཞེས་བྱའོ། །ཡུམ་ནི་ཡོན་ཏན་ཟླ་བ་ཞེས་བྱའོ། །སྲས་ནི་སྐལ་ལྡན་ཤིང་རྟ་ཞེས་བྱའོ། །རིམ་གྲོ་པ་ནི་ཉི་མའི་ལྷ་ཞེས་བྱའོ། །

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་གྲགས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བདུན་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་

བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བཅིངས་མེད་སྐྱེ་བའི་ཡུལ་ནི་འོད་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་ཅུ་རྩ་བཞི་པའོ། །ཡབ་ནི་ཆུ་ལྷའི་ལྷ་ཞེས་བྱའོ། །ཡུམ་ནི་ཟླ་ལྡན་མ་ཞེས་བྱའོ། །

Vol. 45 · folio 186a

སྲས་ནི་དགེ་མཆོག་རྒྱལ་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་དུ་འོང་བར་གནས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སུམ་ཅུ་རྩ་གསུམ་སྟེ།

ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བརྟུལ་ཞུགས་བརྟན་སྐྱེ་བའི་ཡུལ་ནི་མ་སྨད་པ་ཞེས་

བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་སྤོས་ལྡན་ཞེས་བྱའོ། །ཡུམ་ནི་ཡིད་འོང་སྤོས་ཞེས་བྱའོ། །སྲས་ནི་ཀུན་ཏུ་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་ཡེ་ཤེས་རྣམ་པར་འཐོར་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་མཛོད་འཆང་ཞེས་བྱའོ། །

རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཉི་མ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་གསུམ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་

གཤེགས་པ་ལྷའི་གཟི་བརྗིད་སྐྱེ་བའི་ཡུལ་ནི་འགྲོ་བའི་གཟི་བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ། །ཡབ་ནི་ལྷས་བསྲུངས་ཞེས་བྱའོ། །ཡུམ་ནི་ཐར་པ་ལྷ་ཞེས་བྱའོ། །སྲས་ནི་ལྷ་ལ་དད་ཅེས་བྱའོ། །རིམ་གྲོ་པ་ནི་སྲིད་གསུམ་མྱ་ངན་མེད་ཅེས་བྱའོ། །

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་རྩེ་མོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྙན་པར་གྲགས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་ཉིས་འབུམ་ཉིས་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་ཐེར་འབུམ་གྱི་བར་

དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚངས་པ་ཐུབ་སྐྱེ་བའི་ཡུལ་ནི་ལེགས་བསམས་གྲགས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་མ་སྨད་པ་ཞེས་བྱའོ། །ཡུམ་ནི་དབང་པོ་དུལ་ཞེས་བྱའོ། །སྲས་ནི་ཕྱག་

Vol. 45 · folio 186b

དགའ་ཞེས་བྱའོ། །རིམ་གྲོ་པ་ནི་ཞི་གནས་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མེ་ཏོག་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དབྱངས་སྙན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་

ཚེའི་ཚད་ནི་ལོ་དྲུག་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དལ་གྱིས་བཞུད་སྐྱེ་བའི་ཡུལ་ནི་དགའ་བས་འགྲོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ནོ། །ཡབ་ནི་ཡོན་

ཏན་ཕུང་པོ་ཞེས་བྱའོ། །ཡུམ་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །སྲས་ནི་ཀུན་ཏུ་གསལ་ཞེས་བྱའོ། །རིམ་གྲོ་པ་ནི་ཚོགས་དབྱངས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་གྲགས་མཛེས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཀུན་འབྱུང་ཞེས་བྱའོ། །

ཉན་ཐོས་འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བཅུ་དྲུག་བཅུ་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་ལྔ་ཁྲི་བདུན་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་

པ་བརྟུལ་ཞུགས་དཀའ་ཐུབ་སྐྱེ་བའི་ཡུལ་ནི་འོད་ཆེན་པོ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་གོ། །ཡབ་ནི་འོད་ཟེར་ཆེན་པོ་ཞེས་བྱའོ། །ཡུམ་ནི་ཡིད་འོང་གཟི་བརྗིད་ཅེས་བྱའོ། །སྲས་ནི་བཞིན་མ་ཞུམ་ཞེས་བྱའོ། །རིམ་གྲོ་པ་ནི་ངོམས་པ་མེད་པའི་བློ་

ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་ཚོགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་མེད་མ་རྨོངས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ཉིས་སྟོང་ངོ་། །

དམ་པའི་ཆོས་ནི་ལོ་དྲུག་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་འོད་ཟེར་ཕུང་པོ་སྐྱེ་བའི་ཡུལ་ནི་ཀླུ་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་

Vol. 45 · folio 187a

རྟེན་གྱི་ཁམས་བཅུ་ཙམ་མོ། །ཡབ་ནི་འོད་ཆེན་པོ་ཞེས་བྱའོ། །ཡུམ་ནི་འཇིག་རྟེན་སྒྲོན་མ་ཞེས་བྱའོ། །སྲས་ནི་གཟི་བརྗིད་མེ་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་གཟི་བརྗིད་ཐུལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་པད་མའི་དྲི་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་

ཀྱི་མཆོག་ནི་ཐུབ་པ་མེད་པའི་མཐུ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་ཉི་ཁྲི་ཉི་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲིའོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཟི་བརྗིད་

ཆེན་པོ་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཁྱད་པར་དུ་འཕགས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་འགྲོས་བརྟན་ཞེས་བྱའོ། །ཡུམ་ནི་དབང་སྒྱུར་མ་ཞེས་བྱའོ། །སྲས་ནི་འོད་གསལ་ཞེས་བྱའོ། །རིམ་གྲོ་པ་ནི་འཇམ་པའི་དབྱངས་ཞེས་བྱའོ། །ཤེས་

རབ་ཅན་རྣམས་ཀྱི་མཆོག་ནི་ཤེས་རབ་ཕུང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཆོག་གི་བློ་གྲོས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་བདུན་སྟོང་གི་བར་དུ་

གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཙམ་པ་ཀ་སྐྱེ་བའི་ཡུལ་ནི་སྤོས་ལྡན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་ཅུའོ། །ཡབ་ནི་བསོད་ནམས་འོད་ཅེས་བྱའོ། །ཡུམ་ནི་མཐོང་ན་

ཡིད་འོང་ཞེས་བྱའོ། །སྲས་ནི་སེང་གེའི་ལྟ་སྟངས་ཞེས་བྱའོ། །རིམ་གྲོ་པ་ནི་གླང་པོ་ཆེའི་ལྟ་སྟངས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱལ་མཆོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་རྒྱལ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བྱེ་བ་ཕྲག་བཅུ་སྟེ།

ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་དགུ་བཅུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་བདུན་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་བརྒྱད་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགའ་མཛད་སྐྱེ་བའི་ཡུལ་ནི་དགའ་མཆོག་ཅེས་བྱའོ། །རིགས་ནི་

Vol. 45 · folio 187b

རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པ་བཅྭ་ལྔ་ཙམ་མོ། །ཡབ་ནི་དགའ་འོད་ཅེས་བྱའོ། །ཡུམ་ནི་མཆོད་འོས་མ་ཞེས་བྱའོ། །སྲས་ནི་ཀླུ་སྤོས་ཞེས་བྱའོ། །རིམ་གྲོ་པ་ནི་ཚུལ་ཁྲིམས་འོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདེན་སྨྲ་དབྱངས་ཞེས་བྱའོ། །རྫུ་འཕྲུལ་

ཅན་རྣམས་ཀྱི་མཆོག་ནི་ཆོས་སྨྲ་དབྱངས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་ཁྲི་ཕྲག་བརྒྱད་སྟོང་བརྒྱད་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་ལྔ་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །

མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཚོགས་ཅན་བཟང་པོ་སྐྱེ་བའི་ཡུལ་ནི་ཚོགས་ལྡན་གསལ་བ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་ཁྲིའོ། །ཡབ་ནི་ཉི་མའི་ཏོག་ཅེས་བྱའོ། །ཡུམ་ནི་ཉི་མའི་སྙིང་པོ་ཞེས་བྱའོ། །སྲས་ནི་འགྲོས་མཛེས་

ཞེས་བྱའོ། །རིམ་གྲོ་པ་ནི་ནོར་ལྷའི་བུ་དགའ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བྱང་ཆུབ་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་འབྱུང་གནས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཞི་བཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བདུན་བདུན་

ནོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དབང་པོའི་རྒྱལ་མཚན་སྐྱེ་བའི་ཡུལ་ནི་རིན་པོ་ཆེའི་རྒྱལ་མཚན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ་། །

ཡབ་ནི་བསོད་ནམས་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་ཡོན་ཏན་རྒྱལ་མཚན་ཞེས་བྱའོ། །སྲས་ནི་ཆོས་ཀྱི་བློ་ཞེས་བྱའོ། །རིམ་གྲོ་པ་ནི་འཁྲུལ་མེད་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡིད་འོང་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དགེ་བའི་ཚོགས་ཞེས་

བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བདུན་འབུམ་མོ། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་སྐྱེ་བའི་

Vol. 45 · folio 188a

ཡུལ་ནི་ཡོན་ཏན་སྟོང་སྙེད་སྣང་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུ་དྲུག་གོ། །ཡབ་ནི་མཛོད་མཐའ་ཡས་ཞེས་བྱའོ། །ཡུམ་ནི་ཡེ་ཤེས་འཇིགས་མེད་མ་ཞེས་བྱའོ། །སྲས་ནི་བྱང་ཆུབ་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་བརྩོན་འགྲུས་བརྟན་ཞེས་བྱའོ། །

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མ་སྨད་གྲགས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡིད་འོང་འདོད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཅིག་སྟེ། ཐམས་ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་འབུམ་གྱི་བར་དུ་གནས་སོ། །

སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སྣ་མའི་མེ་ཏོག་འོད་སྐྱེ་བའི་ཡུལ་ནི་མེ་ཏོག་གཟི་བརྗིད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་བརྒྱའོ། །ཡབ་ནི་མེ་ཏོག་བླ་མ་ཞེས་བྱའོ། །ཡུམ་ནི་མེ་ཏོག་ཅན་ཞེས་བྱའོ། །སྲས་ནི་མེ་ཏོག་ཟླ་བ་ཞེས་བྱའོ། །

རིམ་གྲོ་པ་ནི་མེ་ཏོག་གི་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་མེ་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་པད་མ་དཀར་པོའི་སྙིང་པོ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་སྟོང་སྟེ། ཐམས་ཅད་ལ་ཡང་དྲུག་འབུམ་དྲུག་ཁྲི་དྲུག་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་

དུང་ཕྱུར་ཕྲག་བརྒྱད་དོ། །དམ་པའི་ཆོས་ཀྱང་ལོ་དུང་ཕྱུར་ཕྲག་བརྒྱད་ཀྱི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚོགས་ཅན་འོད་སྐྱེ་བའི་ཡུལ་ནི་ཁ་ལོ་སྒྱུར་བའི་འོད་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཅུ་བཞིའོ། །ཡབ་ནི་

ཡོན་ཏན་འོད་ཅེས་བྱའོ། །ཡུམ་ནི་ལྷས་མཆོད་མ་ཞེས་བྱའོ། །སྲས་ནི་བསོད་ནམས་གསལ་ཞེས་བྱའོ། །རིམ་གྲོ་པ་ནི་གྲགས་པ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་གསལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཕགས་པ་གསལ་ཞེས་བྱའོ། །ཉན་

ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་དགུ་ཁྲི་དགུ་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་བདུན་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྐྲུན་པར་མཛད་

Vol. 45 · folio 188b

པ་སྐྱེ་བའི་ཡུལ་ནི་ཤིན་ཏུ་མཛེས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་བཅུ་རྩ་གཉིས་སོ། །ཡབ་ནི་ཁུར་སྟོབས་ཅན་ཞེས་བྱའོ། །ཡུམ་ནི་ཉི་མ་ཅན་ཞེས་བྱའོ། །སྲས་ནི་གྲགས་པའི་དབང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ཏོག་གི་ཕུང་པོ་ཞེས་བྱའོ། །ཤེས་རབ་ཅན་

རྣམས་ཀྱི་མཆོག་ནི་རིན་ཆེན་དཔལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་དཔལ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་གསུམ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་བརྒྱའོ། །དམ་པའི་ཆོས་ཀྱང་ལོ་དྲུག་བརྒྱའི་བར་དུ་གནས་སོ། །སྐུ་

གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་མདངས་འགྲོ་སྐྱེ་བའི་ཡུལ་ནི་བཀོད་པ་ཡིད་དུ་འོང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔའོ། །ཡབ་ནི་སེང་གེས་རྣམ་པར་རོལ་པ་ཞེས་བྱའོ། །ཡུམ་ནི་ཡོན་

ཏན་ཕུང་པོ་ཞེས་བྱའོ། །སྲས་ནི་མཐའ་ཡས་མིག་ཅེས་བྱའོ། །རིམ་གྲོ་པ་ནི་བརྩོན་འགྲུས་མི་གཏོང་བ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་ཕུང་པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀུན་ཏུ་མཐུ་རྩལ་ཅན་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་

གཅིག་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་དགུ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བདུན་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དོན་ལེགས་ངེས་སྐྱེ་བའི་ཡུལ་ནི་ཡོན་ཏན་ངེས་པ་ཞེས་བྱའོ། །རིགས་

ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་བཅུ་རྩ་དགུའོ། །ཡབ་ནི་དོན་གྱི་ཡོན་ཏན་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་དཔག་མེད་མ་ཞེས་བྱའོ། །སྲས་ནི་གྲགས་པ་དཔག་མེད་ཅེས་བྱའོ། །རིམ་གྲོ་པ་ནི་མཐུ་རྩལ་ཆེན་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འགྲོ་བའི་བཤེས་

གཉེན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་དཔག་ཏུ་མེད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་འབུམ་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་ཆིག་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་

Vol. 45 · folio 189a

ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཁྱུ་མཆོག་སྐྱེ་བའི་ཡུལ་ནི་ལྷས་མཆོད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་ས་མཆོག་ཅེས་བྱའོ། །ཡུམ་ནི་དྲི་མེད་བློ་གྲོས་མ་ཞེས་བྱའོ། །སྲས་

ནི་ཐུབ་མེད་སྡེ་ཞེས་བྱའོ། །རིམ་གྲོ་པ་ནི་ཀུན་ཏུ་མཐུ་རྩལ་ཅན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷས་མཆོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ལུས་པ་མེད་པའི་བློ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དུང་ཕྱུར་ཕྲག་བདུན་ཏེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་དྲུག་

བཅུ་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལག་བཟངས་སྐྱེ་བའི་ཡུལ་ནི་ལྷའི་མཆོད་རྟེན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དྲུག་ཅུ་རྩ་གཉིས་སོ། །

ཡབ་ནི་བཤེས་གཉེན་བཟང་པོ་ཞེས་བྱའོ། །ཡུམ་ནི་བརྟན་འགྲོ་མ་ཞེས་བྱའོ། །སྲས་ནི་མཆོག་འདོད་ཅེས་བྱའོ། །རིམ་གྲོ་པ་ནི་བདུད་རྩི་སྒྲོགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲ་གཅན་ཤིས་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་བླ་མ་ཞེས་བྱའོ། །

ཉན་ཐོས་འདུས་པ་ནི་ལན་ཉི་ཤུ་རྩ་གཉིས་ཏེ། །ཐམས་ཅད་ལ་ཡང་བྱེ་བ་སུམ་ཅུ་རྩ་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་

གཤེགས་པ་འོད་ཟེར་ཆེན་པོ་སྐྱེ་བའི་ཡུལ་ནི་ནོར་དགའ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་བརྒྱའོ། །ཡབ་ནི་བདུད་རྩི་དགའ་ཞེས་བྱའོ། །ཡུམ་ནི་ཡོན་ཏན་འདོད་ཅེས་བྱའོ། །སྲས་ནི་རོ་མཆོག་ཅེས་བྱའོ། །རིམ་གྲོ་པ་ནི་རོ་བརྒྱ་པ་ཞེས་བྱའོ། །ཤེས་རབ་ཅན་

རྣམས་ཀྱི་མཆོག་ནི་མཐུ་རྩལ་སེམས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྙོག་པ་མེད་པའི་བློ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་གཅིག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་གཅིག་བཅུ་གཅིག་གོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་ཆིག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་

Vol. 45 · folio 189b

བདུན་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བསམ་པས་བྱིན་སྐྱེ་བའི་ཡུལ་ནི་བསམ་པ་ཡང་དག་འཕགས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་དགུ་སྟོང་ངོ་། །ཡབ་ནི་གསང་བ་མཐོང་ཞེས་བྱའོ། །

ཡུམ་ནི་བརྟུལ་ཞུགས་ཡང་དག་འཕགས་ཞེས་བྱའོ། །སྲས་ནི་སྐྱོན་མེད་ང་རོ་ཞེས་བྱའོ། །རིམ་གྲོ་པ་ནི་རིན་ཆེན་དབྱངས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དགེ་བའི་སྤོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གདངས་པོ་ཆེ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་

བཅུ་གཉིས་ཏེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་བདུན་བཅུ་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་བདུན་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བསོད་ནམས་

འོད་སྐྱེ་བའི་ཡུལ་ནི་བསོད་ནམས་ཕུང་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་བསོད་ནམས་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་བསོད་ནམས་འོད་ཟེར་ཞེས་བྱའོ། །སྲས་ནི་གཟི་བརྗིད་གྲགས་པ་ཞེས་བྱའོ། །རིམ་གྲོ་པ་ནི་ལྷའི་གྲགས་པ་ཞེས་བྱའོ། །

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཉི་མའི་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་གྲགས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་གསུམ་གསུམ་མོ། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་སྟོང་གི་བར་དུ་

གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རིན་ཆེན་དབྱངས་སྐྱེ་བའི་ཡུལ་ནི་ཐར་པའི་དབྱངས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བྱེ་བའོ། །ཡབ་ནི་བཻ་དཱུརྱའི་སྙིང་པོ་ཞེས་བྱའོ། །ཡུམ་ནི་

ཐར་པའི་ང་རོ་ཞེས་བྱའོ། །སྲས་ནི་མི་གནས་ཐོབ་ཅེས་བྱའོ། །རིམ་གྲོ་པ་ནི་ལྷས་མཆོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་མཆོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཀླུས་མཆོད་ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལ་ཡང་ཁྲི་

Vol. 45 · folio 190a

བཞི་སྟོང་བཞི་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ལྔ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྡོ་རྗེའི་སྡེ་སྐྱེ་བའི་ཡུལ་ནི་མི་ཕྱེད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་

སྟོང་ངོ་། །ཡབ་ནི་མི་ཕྱེད་པར་དགའ་བ་ཞེས་བྱའོ། །ཡུམ་ནི་རྡོ་རྗེའི་བློ་གྲོས་མ་ཞེས་བྱའོ། །སྲས་ནི་དགའ་བའི་སེམས་ཞེས་བྱའོ། །རིམ་གྲོ་པ་ནི་དབྱངས་བྱིན་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཀླུའི་མེ་ཏོག་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་མཆོད་

ཅེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་བཞི་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་ཉི་ཤུ་རྩ་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲིའོ། །དམ་པའི་ཆོས་ནི་ལོ་ཉི་ཁྲི་ཆིག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་

གཤེགས་པ་འབྱོར་ལྡན་སྐྱེ་བའི་ཡུལ་ནི་ཐམས་ཅད་འབྱོར་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ལྔ་སྟོང་ངོ་། །ཡབ་ནི་འབྱོར་པའི་རྒྱལ་པོ་ཞེས་བྱའོ། །ཡུམ་ནི་དགེ་རྒྱལ་མ་ཞེས་བྱའོ། །སྲས་ནི་རྒྱལ་ཆེན་ཞེས་བྱའོ། །རིམ་གྲོ་པ་ནི་ལྷའི་རྒྱལ་པོ་ཞེས་བྱའོ། །ཤེས་

རབ་ཅན་རྣམས་ཀྱི་མཆོག་ནི་མཆོད་འོས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མ་སྤངས་པ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བདུན་ཏེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་

ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་སེང་གེའི་སྟོབས་སྐྱེ་བའི་ཡུལ་ནི་སྟོབས་ཆེན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་སྟོང་ངོ་། །ཡབ་ནི་ཀླུ་སྟོབས་ཞེས་བྱའོ། །ཡུམ་ནི་གྲགས་ལྡན་མ་ཞེས་བྱའོ། །སྲས་ནི་རིན་ཆེན་སྟོབས་ཞེས་བྱའོ། །རིམ་གྲོ་པ་ནི་

ཡོན་ཏན་སྟོབས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲོས་སྟོབས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཇིགས་མེད་སྟོབས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་ལྔ་བཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ་། །དམ་

Vol. 45 · folio 190b

པའི་ཆོས་ནི་ལོ་ལྔ་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དྲི་མ་མེད་པའི་སྤྱན་སྐྱེ་བའི་ཡུལ་ནི་མིག་ཏུ་སྡུག་ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱའོ། །ཡབ་ནི་མིག་མཚུངས་ཞེས་བྱའོ། །ཡུམ་ནི་ཡིད་འོང་མིག་ཅེས་

བྱའོ། །སྲས་ནི་བདུད་རྩིའི་ལྷ་ཞེས་བྱའོ། །རིམ་གྲོ་པ་ནི་དམིགས་པ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རྒྱལ་བའི་མཆོད་རྟེན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མི་ཟད་པའི་བློ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་

ཡང་ཁྲི་བདུན་སྟོང་བདུན་སྟོང་ངོ་། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲིའོ། །དམ་པའི་ཆོས་ནི་ལོ་བདུན་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་འོད་སྲུང་སྐྱེ་བའི་ཡུལ་ནི་ཡུལ་འཁོར་བཟང་པོ་ཞེས་བྱའོ། །

རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་སུམ་ཅུའོ། །ཡབ་ནི་ལྷའི་དྲང་སྲོང་ཞེས་བྱའོ། །ཡུམ་ནི་མི་འཇིགས་བྱིན་ཞེས་བྱའོ། །སྲས་ནི་རིག་པའི་མཐུ་རྩལ་ཞེས་བྱའོ། །རིམ་གྲོ་པ་ནི་ཀུན་ཏུ་བློ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྒྲིབ་མེད་བློ་ཞེས་བྱའོ། །རྫུ་འཕྲུལ་

ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་བརྩེགས་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་དགུ་བཅུ་རྩ་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་ཉིས་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་

གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བློ་གསལ་སྐྱེ་བའི་ཡུལ་ནི་གསལ་བ་དང་ལྡན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སྟོང་ངོ་། །ཡབ་ནི་གསལ་ཅན་ཞེས་བྱའོ། །ཡུམ་ནི་ཡོན་ཏན་གསལ་ཞེས་བྱའོ། །སྲས་ནི་ཐར་པ་དད་ཅེས་བྱའོ། །

རིམ་གྲོ་པ་ནི་རྒྱལ་བ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྨྲ་བ་གསལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྫུ་འཕྲུལ་གསལ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་རྩ་གཉིས་ཏེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་ཁྲི་བཞི་

Vol. 45 · folio 191a

སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡེ་ཤེས་འགྲོས་སྐྱེ་བའི་ཡུལ་ནི་གཟི་བརྗིད་ཀྱིས་བརྒྱན་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ། །ཡབ་ནི་མཐུ་རྩལ་བརྟན་

ཞེས་བྱའོ། །ཡུམ་ནི་ཡེ་ཤེས་ཐོབ་ཅེས་བྱའོ། །སྲས་ནི་མཐོང་དགའ་ཞེས་བྱའོ། །རིམ་གྲོ་པ་ནི་དགའ་སྡུག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བྷ་ར་ཏ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་རབ་གསལ་ཞེས་བྱའོ། །ཉན་ཐོས་འདུས་པ་ནི་ལན་བཅུ་གསུམ་

སྟེ། ཐམས་ཅད་ལ་ཡང་བྱེ་བ་སྟོང་ཕྲག་བཅུ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་བདུན་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གཟི་བརྗིད་དྲག་ཤུལ་ཅན་སྐྱེ་བའི་ཡུལ་ནི་ཀུན་ཏུ་གཟི་བརྗིད་ཅན་ཞེས་བྱའོ། །

རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཞི་བཅུའོ། །ཡབ་ནི་དྲག་ཤུལ་བརྩེགས་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་མེ་ཏོག་ཅེས་བྱའོ། །སྲས་ནི་དམིགས་པ་མ་འཁྲུལ་ཞེས་བྱའོ། །རིམ་གྲོ་པ་ནི་སེམས་བརྟགས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་

པོ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཁྲུགས་པ་མེད་པར་གནས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་དྲུག་ཁྲིའོ། །གཉིས་པ་ལ་ནི་འབུམ་མོ། །གསུམ་པ་ལ་ནི་སུམ་འབུམ་མོ། །བཞི་པ་ལ་ནི་དྲུག་འབུམ་མོ། །ལྔ་པ་ལ་ནི་བརྒྱད་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་

ལྔ་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ལྔ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་ཟེར་ཆེན་པོ་སྐྱེ་བའི་ཡུལ་ནི་འོད་ཟེར་མཐའ་ཡས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ཅུའོ། །ཡབ་ནི་རིན་ཆེན་

སྒྲོན་མ་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་མཆོད་ཅེས་བྱའོ། །སྲས་ནི་ལྷའི་གཟི་བརྗིད་ཅེས་བྱའོ། །རིམ་གྲོ་པ་ནི་ལག་མཆོག་གཟི་བརྗིད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཁམས་གསུམ་གཟི་བརྗིད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་འཕགས་པའི་གཟི་བརྗིད་ཅེས་

Vol. 45 · folio 191b

བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་དྲུག་བཅུ་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲིའོ། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཉི་མའི་འོད་སྐྱེ་བའི་ཡུལ་ནི་སྒྲོན་བྱེད་འོད་

ཅེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཞི་བཅུ་རྩ་གཉིས་སོ། །ཡབ་ནི་གྲགས་པའི་འོད་ཅེས་བྱའོ། །ཡུམ་ནི་དཔག་མེད་མིག་ཅེས་བྱའོ། །སྲས་ནི་སྐར་མདའ་འོད་ཅེས་བྱའོ། །རིམ་གྲོ་པ་ནི་འོད་མཐོང་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷ་འོད་ཅེས་

བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཟླ་འོད་ཅེས་བྱའོ། །འདུས་པ་ནི་ལན་དགུ་བཅུ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །དམ་པའི་ཆོས་ནི་ལོ་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ།། །།

འཕགས་པ་བསྐལ་པ་བཟང་པོ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་བཅུ་དྲུག་པ། དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་སྐྱེ་བའི་ཡུལ་ནི་བཀོད་པ་མི་འཁྲུགས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ། །ཡབ་ནི་ལྷའི་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་

ལུས་དགའ་མ་ཞེས་བྱའོ། །སྲས་ནི་ཡན་ལག་མ་སྨད་པ་ཞེས་བྱའོ། །རིམ་གྲོ་པ་ནི་སྐྱོན་མེད་ལུས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཕ་རོལ་ཕྱིན་ཐོབ་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དཔག་མེད་འགྲོ་ཞེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་སྟེ། ཐམས་ཅད་ལ་ཡང་

བྱེ་བ་ཕྲག་དགུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་ཉིས་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་སུམ་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་གཟི་བརྗིད་རྣམ་པར་འབྱེས་པ་སྐྱེ་བའི་ཡུལ་ནི་ཤིན་ཏུ་

རྣམ་པར་འབྱེས་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུ་དྲུག་གོ། །ཡབ་ནི་གཟི་བརྗིད་དཔལ་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་མཆོག་ཅེས་བྱའོ། །སྲས་ནི་སྐར་མཁན་ཞེས་བྱའོ། །རིམ་གྲོ་པ་ནི་ཁ་ལོ་སྒྱུར་བའི་སྤོས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་

Vol. 45 · folio 192a

བློ་དགེ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་ལག་ཅེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་རྩ་བརྒྱད་དེ། ཐམས་ཅད་ལ་ཡང་སུམ་ཁྲི་སུམ་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ལྔ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བཅུ་བཞིའི་བར་དུ་གནས་སོ། །

སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཁེངས་མེད་སྐྱེ་བའི་ཡུལ་ནི་རྫོགས་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་ཅུའོ། །ཡབ་ནི་མི་ཚུགས་པ་ཞེས་བྱའོ། །ཡུམ་ནི་ཁྱད་པར་ཐོབ་ཅེས་བྱའོ། །སྲས་ནི་འཇིག་རྟེན་ཁྱད་པར་འཕགས་ཞེས་བྱའོ། །

རིམ་གྲོ་པ་ནི་འདྲ་མེད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཇིག་རྟེན་ཁྱད་པར་འཕགས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཁྱད་པར་འཕགས་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་སྟེ། ཐམས་ཅད་ལ་ཡང་ཁྲི་ཕྲག་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་བདུན་སྟོང་ངོ་། །དམ་

པའི་ཆོས་ནི་ལོ་དགུ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྦྲང་རྩིའི་ཞལ་སྐྱེ་བའི་ཡུལ་ནི་གཅིག་ཏུ་ཡིད་དུ་འོང་བ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བརྒྱད་སྟོང་ངོ་། །

ཡབ་ནི་དགའ་བྱེད་ཅེས་བྱའོ། །ཡུམ་ནི་བདུད་རྩི་བྱེད་ཅེས་བྱའོ། །སྲས་ནི་བཀོད་པ་མི་འཁྲུལ་ཞེས་བྱའོ། །རིམ་གྲོ་པ་ནི་འཇིག་རྟེན་མཆོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྐར་མདའ་འཆང་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཤུགས་འཆང་ཞེས་བྱའོ། །འདུས་

པ་ནི་ལན་ལྔ་བཅུ་རྩ་དགུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དྲུག་དྲུག་གོ། །སྐུ་ཚེའི་ཚད་ནི་ལོ་དྲུག་ཁྲི་ལྔ་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་དྲུག་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཟླ་འོད་སྐྱེ་བའི་ཡུལ་ནི་དྲི་མ་མེད་པའི་འོད་ཅེས་

བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བཞི་བཅུའོ། །ཡབ་ནི་ཟླ་བའི་ཏོག་ཅེས་བྱའོ། །ཡུམ་ནི་ཟླ་བའི་མེ་ཏོག་ཅེས་བྱའོ། །སྲས་ནི་ཟླ་སྣང་ཞེས་བྱའོ། །རིམ་གྲོ་པ་ནི་ཟླ་བཟངས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བདུད་རྩི་ཟླ་བ་ཞེས་བྱའོ། །རྫུ་འཕྲུལ་

Vol. 45 · folio 192b

ཅན་རྣམས་ཀྱི་མཆོག་ནི་ལྷའི་བདུད་རྩི་ཞེས་བྱའོ། །འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་ཁྲི་སུམ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་གློག་

འབྱིན་སྐྱེ་བའི་ཡུལ་ནི་ཉི་མའི་བློ་གྲོས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་དྲུག་གོ། །ཡབ་ནི་དབང་པོའི་རྒྱལ་མཚན་ཞེས་བྱའོ། །ཡུམ་ནི་ལྷ་མཆོད་མ་ཞེས་བྱའོ། །སྲས་ནི་ཉི་མའི་ཏོག་ཅེས་བྱའོ། །རིམ་གྲོ་པ་ནི་སྒྲོན་མ་དྲང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་

ཀྱི་མཆོག་ནི་གསེར་འོད་དཔལ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་དོན་ཡོད་གོ་འཕང་གནོན་ཞེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་རྩ་ལྔ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་

ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རབ་ཏུ་ཞི་བར་གཤེགས་པ་སྐྱེ་བའི་ཡུལ་ནི་བློ་བརྟན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་ཅུའོ། །ཡབ་

ནི་འགྲོས་སྙོམས་ཞེས་བྱའོ། །ཡུམ་ནི་བདེ་འགྲོ་མ་ཞེས་བྱའོ། །སྲས་ནི་འཕགས་པ་འདོད་ཅེས་བྱའོ། །རིམ་གྲོ་པ་ནི་དགྲ་བཅོམ་འདོད་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དོན་ཡོད་གོ་འཕང་གནོན་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཐུ་རྩལ་བརྟན་པོ་ཞེས་བྱའོ། །

འདུས་པ་ནི་ལན་ཉི་ཤུ་རྩ་གཅིག་སྟེ། ཐམས་ཅད་ལ་ཡང་འབུམ་ཕྲག་བཅུ་གཅིག་བཅུ་གཅིག་གོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་ཉིས་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་བདུན་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་

བཞིན་གཤེགས་པ་མི་འཁྲུགས་པ་སྐྱེ་བའི་ཡུལ་ནི་འོད་ལྡན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་སྟོང་ངོ་། །ཡབ་ནི་བྱམས་གནས་ཞེས་བྱའོ། །ཡུམ་ནི་སྙིང་རྗེས་གནས་ཞེས་བྱའོ། །སྲས་ནི་ཡིད་མ་འཁྲུགས་ཞེས་བྱའོ། །རིམ་གྲོ་པ་ནི་སེམས་སྙོམས་ཞེས་བྱའོ། །

Vol. 45 · folio 193a

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འཁྲུལ་མེད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་ཡང་དག་འཕགས་ཞེས་བྱའོ། །འདུས་པ་ནི་ལན་བཅུ་དྲུག་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་སུམ་ཅུ་རྩ་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་དྲུག་སྟོང་ངོ་། །དམ་པའི་

ཆོས་ཀྱང་ལོ་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་གྲགས་པ་སྐྱེ་བའི་ཡུལ་ནི་དེ་བཞིན་གཤེགས་པའི་སྤྱན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཅུ་དྲུག་ཙམ་མོ། །

ཡབ་ནི་དགྲ་བཅོམ་པ་ཞེས་བྱའོ། །ཡུམ་ནི་འཕགས་བེའུ་མ་ཞེས་བྱའོ། །སྲས་ནི་མྱ་ངན་འདས་པ་གྲགས་ཞེས་བྱའོ། །རིམ་གྲོ་པ་ནི་དགྲ་བཅོམ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྙན་པ་གྲངས་མེད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སྤོབས་པ་ཆེན་པོ་ཞེས་

བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ། ཐམས་ཅད་ལ་ཡང་འབུམ་སུམ་ཁྲི་སུམ་ཁྲིའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བདུན་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་

པ་ཆོས་ཀྱི་ཡོན་ཏན་སྐྱེ་བའི་ཡུལ་ནི་ཡོན་ཏན་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་ཉིས་བརྒྱའོ། །ཡབ་ནི་ཡོན་ཏན་གཟི་བརྗིད་ཅེས་བྱའོ། །ཡུམ་ནི་ཡོན་ཏན་ཅན་ཞེས་བྱའོ། །སྲས་ནི་ཡོན་ཏན་མཐའ་ཡས་ཞེས་བྱའོ། །རིམ་གྲོ་པ་ནི་ཡོན་ཏན་ཆེན་པོའི་གཟི་བརྗིད་

ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གཟི་བརྗིད་མཐའ་ཡས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐར་པའི་ཡོན་ཏན་རྒྱལ་པོ་ཞེས་བྱའོ། །འདུས་པ་ནི་ལན་སུམ་ཅུ་རྩ་གསུམ་སྟེ། ཐམས་ཅད་ལ་ཡང་ཐེར་འབུམ་ཕྲག་བདུན་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་འབུམ་

མོ། །དམ་པའི་ཆོས་ནི་ལོ་ཁྲི་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཞིང་བཟང་པོ་སྐྱེ་བའི་ཡུལ་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཉི་ཤུ་ཙམ་མོ། །ཡབ་ནི་རིན་ཆེན་

Vol. 45 · folio 193b

འོད་ཅེས་བྱའོ། །ཡུམ་ནི་མཐའ་ཡས་ཞིང་ཞེས་བྱའོ། །སྲས་ནི་ཤེས་རབ་སྒྲོན་མ་ཞེས་བྱའོ། །རིམ་གྲོ་པ་ནི་ཤེས་རབ་གསལ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྐར་མཁན་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བཀོད་པའི་རྒྱལ་པོ་ཞེས་བྱའོ། །འདུས་པ་ནི་

ལན་དྲུག་ཅུ་རྩ་དགུ་སྟེ། ཐམས་ཅད་ལ་ཡང་དྲུག་འབུམ་དྲུག་འབུམ་མོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་ཆིག་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་བཀོད་

པའི་རྒྱལ་པོ་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ཅུ་རྩ་བརྒྱད་དོ། །ཡབ་ནི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །ཡུམ་ནི་གཟི་བརྗིད་རྫོགས་ལྡན་ཞེས་བྱའོ། །སྲས་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །རིམ་གྲོ་པ་ནི་ཐར་

པ་བཀོད་པ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷའི་ཉི་མ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་གཟི་བརྗིད་མི་གཡོ་བ་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་དྲུག་སྟོང་ངོ་། །དམ་པའི་ཆོས་

ནི་ལོ་བརྒྱད་ཁྲི་བདུན་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་མངོན་པར་འཕགས་པ་སྐྱེ་བའི་ཡུལ་ནི་ལྷ་བརྩེགས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་སུམ་བརྒྱའོ། །ཡབ་ནི་འགྲོ་བའི་དབང་ཕྱུག་ཅེས་བྱའོ། །ཡུམ་

ནི་འོད་ཟེར་མཆོག་ཅེས་བྱའོ། །སྲས་ནི་ཁེངས་མེད་ཅེས་བྱའོ། །རིམ་གྲོ་པ་ནི་དབང་པོ་ཞི་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ནོར་ལྷའི་བུ་དགའ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསོད་ནམས་འདོད་ཅེས་བྱའོ། །འདུས་པ་ནི་ལན་བཅུ་སྟེ། ཐམས་ཅད་ལ་

ཡང་བྱེ་བ་ཕྲག་ཉི་ཤུ་རྩ་རེ་རེའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བདུན་སྟོང་ངོ་། །དམ་པའི་ཆོས་ནི་ལོ་དྲུག་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་སྦྱིན་སྲེག་འོད་འཕྲོ་སྐྱེ་བའི་ཡུལ་ནི་ཚངས་

Vol. 45 · folio 194a

པའི་ཏོག་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བདུན་ཅུའོ། །ཡབ་ནི་དྲང་སྲོང་བློ་ཞེས་བྱའོ། །ཡུམ་ནི་སེམས་གྲོལ་མ་ཞེས་བྱའོ། །སྲས་ནི་ཐེ་ཚོམ་མེད་ཅེས་བྱའོ། །རིམ་གྲོ་པ་ནི་དུལ་བར་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་དཔའ་

སྤྱོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྒྱ་མཚོའི་ཏོག་ཅེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་རྩ་ལྔ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་དགུ་བཅུ་དགུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་སོ། །

སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་པད་མའི་དཔལ་སྐྱེ་བའི་ཡུལ་ནི་པད་མ་ཅན་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་བརྒྱའོ། །ཡབ་ནི་མེ་ཏོག་བྱིན་ཞེས་བྱའོ། །ཡུམ་ནི་པད་མའི་མིག་ཅེས་བྱའོ། །སྲས་ནི་མེ་ཏོག་རྒྱལ་པོ་ཞེས་

བྱའོ། །རིམ་གྲོ་པ་ནི་ལྷའི་མེ་ཏོག་ཅེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལྷ་མ་ཡིན་གྱི་ལྷ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་སེམས་ཅན་ཁ་ལོ་སྒྱུར་ཞེས་བྱའོ། །འདུས་པ་ནི་ལན་ཉི་ཤུ་རྩ་བདུན་ཏེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་

ཚད་ནི་ལོ་དགུ་ཁྲི་དགུ་སྟོང་ངོ་། །དམ་པའི་ཆོས་ཀྱང་ལོ་དགུ་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་རིན་པོ་ཆེའི་བཀོད་པ་སྐྱེ་བའི་ཡུལ་ནི་ལྷའི་བཀོད་པ་ཞེས་བྱའོ། །རིགས་ནི་བྲམ་

ཟེའོ། །འོད་ནི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སུམ་ཅུ་ཙམ་མོ། །ཡབ་ནི་རིན་ཆེན་འོད་ཅེས་བྱའོ། །ཡུམ་ནི་བློ་གྲོས་གསལ་ཞེས་བྱའོ། །སྲས་ནི་གསལ་ཆེན་ཞེས་བྱའོ། །རིམ་གྲོ་པ་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཆོས་སེམས་

ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐར་པ་དགའ་ཞེས་བྱའོ། །འདུས་པ་ནི་ལན་བདུན་ཅུ་རྩ་ལྔ་སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བཅུ་བདུན་བཅུ་བདུན་ནོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་སུམ་སྟོང་ངོ་། །དམ་པའི་ཆོས་ནི་ལོ་ཁྲི་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་

Vol. 45 · folio 194b

ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཤིན་ཏུ་བཟང་པོ་སྐྱེ་བའི་ཡུལ་ནི་བཟང་པོ་བྱེད་ཅེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བརྒྱད་སྟོང་ངོ་། །ཡབ་ནི་ལྷ་བཟང་ཞེས་བྱའོ། །ཡུམ་ནི་འཕགས་བཟང་མ་ཞེས་བྱའོ། །སྲས་ནི་དཔལ་བཟང་ཞེས་བྱའོ། །རིམ་

གྲོ་པ་ནི་རིན་ཆེན་ཕུང་པོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བཟང་པོ་མཐའ་ཡས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མཚོན་ཆ་བཟང་པོ་ཞེས་བྱའོ། །འདུས་པ་ནི་ལན་བཞི་བཅུ་རྩ་དགུ་སྟེ། ཐམས་ཅད་ལ་ཡང་ས་ཡ་ཕྲག་ལྔ་ལྔའོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་ཆིག་

སྟོང་ངོ་། །དམ་པའི་ཆོས་ནི་ལོ་དགུ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་རིན་པོ་ཆེའི་མཆོག་སྐྱེ་བའི་ཡུལ་ནི་རིན་པོ་ཆེ་ཆེན་པོ་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོད་ནི་དཔག་ཚད་བཅུ་དྲུག་གོ། །ཡབ་ནི་ཁྱེའུ་མཆོག་ཅེས་བྱའོ། །

ཡུམ་ནི་རིན་ཆེན་ཏོག་ཅེས་བྱའོ། །སྲས་ནི་རིན་པོ་ཆེའི་རྒྱ་མཚོ་ཞེས་བྱའོ། །རིམ་གྲོ་པ་ནི་བློ་གྲོས་འབྱུང་གནས་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་བཀོད་པ་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བྱང་ཆུབ་སྟོབས་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་

ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་བདུན་ཁྲི་བཞི་སྟོང་ངོ་། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །དེ་བཞིན་གཤེགས་པ་ཐུགས་ཤིན་ཏུ་གཞུངས་

པ་སྐྱེ་བའི་ཡུལ་ནི་ལྷུན་པོ་ཆེན་པོ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་བདུན་ཅུ་རྩ་གསུམ་མོ། །ཡབ་ནི་རིན་པོ་ཆེའི་ལྷུན་པོ་ཞེས་བྱའོ། །ཡུམ་ནི་རིན་ཆེན་ཆེན་མོ་ཞེས་བྱའོ། །སྲས་ནི་བདུད་རྩིའི་ཕུང་པོ་ཞེས་བྱའོ། །རིམ་གྲོ་པ་ནི་དགེ་བ་བརྩེགས་ཞེས་བྱའོ། །

ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རི་བོའི་འོད་ཟེར་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཐོགས་པ་མེད་པར་གནས་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་བརྒྱད་བརྒྱད་དོ། །སྐུ་ཚེའི་ཚད་ནི་ལོ་འབུམ་མོ། །དམ་པའི་ཆོས་ནི་ལོ་བདུན་

Vol. 45 · folio 195a

ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་དཔག་མེད་སྐྱེ་བའི་ཡུལ་ནི་གཟི་བརྗིད་དཔག་ཏུ་མེད་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །འོད་ནི་མཐའ་ཡས་སོ། །ཡབ་ནི་དོན་སེམས་ཞེས་བྱའོ། །ཡུམ་ནི་

སྡེ་ཆེན་མ་ཞེས་བྱའོ། །སྲས་ནི་གྲགས་པ་འཕགས་ཞེས་བྱའོ། །རིམ་གྲོ་པ་བློ་གྲོས་ཉེ་བར་ཞི་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྨོན་ལམ་གཟུངས་ཞེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་རྟག་ཏུ་རྣམ་པར་འཕྲུལ་ཞེས་བྱའོ། །འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་

སྟེ། ཐམས་ཅད་ལ་ཡང་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བཞིའོ། །སྐུ་ཚེའི་ཚད་ནི་ལོ་བྱེ་བའོ། །དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་ལྔའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །རྒྱལ་བ་རྒྱ་མཚོས་བྱིན་པ་སྐྱེ་བ་ཡི། །ཡུལ་ནི་རྒྱ་མཚོ་མཐའ་ཡས་པ་ཞེས་བྱ། །རྡུལ་བྲལ་

རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་སུམ་སྟོང་ཐོས་པའི་དབང་པོ་ཡབ། །ཡོན་ཏན་ཚོགས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་ལེགས་མཐོང་དྲག་ཤུལ་རིམ་གྲོ་པ། །མཆོད་རྟེན་བཅུ་པ་ཞེས་བྱ་མཁས་པ་སྟེ། །རྒྱ་མཚོའི་བློ་ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་

གྲངས་བརྒྱད་ཅུ་ཀུན་ལ་ཡང་། །ལྷུན་པོའི་རྩེ་ལྟར་གཡོ་བ་མེད་པ་པོ། །ཐེར་འབུམ་ཐེར་འབུམ་སྙེད་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་བྱེ་བ་ཕྲག་ནི་སྟོང་དུ་གནས། །རྒྱལ་བའི་སྐུ་གདུང་དག་

ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་བྱེ་བ་དགུ་བཅུ་དྲུག །དེ་བཞིན་གཤེགས་པ་ཚངས་པའི་ཏོག་དག་གི། །སྐྱེ་བའི་ཡུལ་ནི་ཡེ་ཤེས་སྒྲོན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ཚངས་བཟངས་ཡིན། །གྲགས་མཆོག་མ་ཞེས་བྱ་བ་རྒྱལ་

བའི་ཡུམ། །སྲས་པོ་སྐར་མཁན་བློ་བཟངས་རིམ་གྲོ་པ། །ཚོགས་ལྡན་མཆོད་རྟེན་ཞེས་བྱ་མཁས་པ་སྟེ། །ཚངས་པ་རྣམ་པར་ལྟ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །རྣམ་པར་ཐར་བརྒྱད་ཐོབ་པའི་བསམ་གཏན་པ། །བྱེ་བ་ཕྲག་ནི་དགུ་བཅུ་གསུམ་གསུམ་ཡོད། །

Vol. 45 · folio 195b

མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །དེ་བཞིན་གཤེགས་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བདུན་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་ཐེར་འབུམ་ཕྲག་གསུམ་ཡོད། །དེ་བཞིན་གཤེགས་པ་ཟླ་གདུགས་སྐྱེ་བ་ཡི། །

ཡུལ་ནི་འོད་དག་འཕྲོ་བས་བརྒྱན་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་དྲན་ལྡན་ཡིན། །གདངས་མཐོ་མ་ནི་རྒྱལ་ཡུམ་སྲས་པོ་ནི། །སྒྲ་གཅན་འཛིན་ཡིན་རིགས་ལྡན་རིམ་གྲོ་པ། །ཡེ་ཤེས་དགའ་ཞེས་བྱ་བ་མཁས་པ་སྟེ། །སྲེད་པ་རྣམ་པར་

སྐེམས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །གཡོ་མེད་རིམས་ནད་མེད་པའི་བསམ་གཏན་པ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་བརྒྱད་ཁྲི་ཡིན། །སྟོན་པ་འགོག་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བཅུ་ཡི་བར་

དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་གསེར་གྱིས་རྣམ་པར་སྤྲས། །འཇིག་རྟེན་མགོན་པོ་འོད་ནི་འཕྲོ་བ་ཡི། །སྐྱེ་ཡུལ་ལེགས་པར་གསུངས་དང་ལྡན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་འོད་

བྱེད་ཡིན། །ཏོག་གི་འོད་ཅེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་བཀྲ་ཤིས་ཚོགས་དབང་རིམ་གྲོ་པ། །བཟང་པོ་གྲགས་ཞེས་བྱ་བ་མཁས་པ་སྟེ། །འཇིགས་པ་མེད་པར་གྲགས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་ཀུན་ལ་ཡང་། །སོ་སོ་ཡང་དག་རིག་པའི་ཕ་མཐར་ཕྱིན། །

རྣམ་གྲོལ་མི་སློབ་འབྲས་ལྡན་ཤ་སྟག་གོ། །མི་ཚེ་ལོ་གྲངས་སུམ་ཁྲི་ཉིས་སྟོང་ཡིན། །དངོས་པོ་མེད་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སུམ་ཁྲི་དྲུག་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་ཐེར་འབུམ་ཕྲག་ནི་སུམ་ཅུ་གཉིས། །དེ་བཞིན་

གཤེགས་པ་དྲི་མེད་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་བསོད་ནམས་འོད་ཅེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །བདུན་ཅུ་གཉིས་ཡོད་ཡབ་ནི་དཔལ་བཟངས་ཡིན། །བདུད་རྩི་དགའ་བ་རྒྱལ་ཡུམ་སྲས་པོ་ནི། །སེང་གེའི་འགྲོས་ཡིན་ལྷ་ལྡན་རིམ་གྲོ་པ། །ཡོན་ཏན་

Vol. 45 · folio 196a

འབྱུང་གནས་ཤེས་རབ་ཆེན་པོ་སྟེ། །རྣམ་པར་བལྟ་བའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །དྲང་སྲོང་ཐམས་ཅད་དགྲ་བཅོམ་མཚུངས་པ་པོ། །ཐེར་འབུམ་ཐེར་འབུམ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དགུ་ཁྲི་དགུ་སྟོང་

ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་ཉི་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་མཆོད་རྟེན་དཔག་ཚད་བཅུ་ཙམ་པ། །རིན་ཆེན་རྒྱལ་མཚན་སྟོང་གིས་མཛེས་པར་བྱས། །དེ་བཞིན་གཤེགས་པ་ཡེ་ཤེས་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་གྲགས་

པའི་འོད་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་མྱ་ངན་མེད། །ལྷ་ཡི་མཆོད་རྟེན་མ་ནི་རྒྱལ་བའི་ཡུམ། །སྲས་པོ་ཤེས་ལྡན་གྲགས་ལྡན་རིམ་གྲོ་པ། །ཕྱོགས་རྣམས་བལྟ་ཞེས་བྱ་བ་མཁས་པ་སྟེ། །བདུད་འཇོམས་པ་ཞེས་བྱ་བ་རྫུ་

འཕྲུལ་ཅན། །འདུས་པ་ལན་གྲངས་བཅྭ་ལྔ་ཀུན་ལ་ཡང་། །རྣམ་ཐར་བརྒྱད་ལ་གནས་པ་ཐོབ་པ་པོ། །བྱེ་བ་ཕྲག་ནི་བདུན་ཅུ་ལྔ་ལྔ་ཡོད། །མི་ཚེ་ལོ་གྲངས་བདུན་ཁྲི་ཉིས་སྟོང་ཡིན། །མི་མཆོག་ཏིང་འཛིན་ཐོབ་པའི་དམ་ཆོས་དག །ལོ་གྲངས་བྱེ་བ་བདུན་ཅུ་དྲུག་ཏུ་གནས། །རྒྱལ་

བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་སུམ་ཅུ་དྲུག །མི་ཡི་མཆོག་མ་ཀུན་ལས་རྒྱལ་བ་ཡི། །སྐྱེ་བའི་ཡུལ་ནི་བདེན་པའི་འོད་ཅེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་ལག་བཟངས་ཡིན། །ཡོན་ཏན་རྒྱ་མཚོ་

ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་བདེན་ལྡན་བདེན་ལེགས་རིམ་གྲོ་པ། །འཕགས་པ་དགྱེས་ཞེས་བྱ་བ་མཁས་པ་སྟེ། །ལག་མཆོག་བཟང་པོ་ཞེས་བྱ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་གཉིས་ཏེ་གཉིས་ཀ་ལའང་། །ནམ་མཁའི་དབྱིངས་ལ་རླུང་ལྟར་ཆགས་མེད་པ། །ཁྲི་ཕྲག་

བཅུ་བཅུ་དག་ནི་འདུས་པར་འགྱུར། །མི་ཚེ་ལོ་གྲངས་དྲུག་ཁྲི་དྲུག་སྟོང་ཡིན། །འཁྲུགས་པ་མེད་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་སྟོང་ཕྲག་བཅུ་བཞིའི་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་ལྔ་པ་གསེར་གྱི་བླ་རེར་ལྡན། །

Vol. 45 · folio 196b

སངས་རྒྱས་ཡོན་ཏན་འོད་ནི་སྐྱེ་བའི་ཡུལ། །ཡོན་ཏན་ཀུན་གྱི་རྒྱ་མཚོ་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་ལེགས་མཆོག་ཡིན། །བློ་གསལ་རྒྱལ་ཡུམ་སྲས་པོ་ཡོན་ཏན་ཚོགས། །ཡོན་ཏན་འོད་ཅེས་བྱ་བ་རིམ་གྲོ་པ། །ཡོན་ཏན་དག་གིས་

བརྒྱན་པ་མཁས་པ་སྟེ། །ཡོན་ཏན་རྫུ་འཕྲུལ་མཐའ་ཡས་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་གཉིས་ཀུན་ལ་ཡང་། །ཆགས་པ་མེད་པར་གྱུར་པ་སེམས་སྦྱངས་པ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་དག་ནི་ཉི་ཁྲི་ཡིན། །མིག་གི་སྦྱིན་པ་མཛད་པའི་

དམ་ཆོས་དག །ལོ་གྲངས་ཉི་ཁྲིའི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བརྒྱད་པ་ཐམས་ཅད་རིན་ཆེན་ཡིན། །རྒྱལ་བ་སྒྲ་ནི་རྣམ་པར་གྲགས་པ་ཡི། །སྐྱེ་བའི་ཡུལ་ནི་གྲགས་པ་ཅན་ཞེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་

ཀྱི་ཚད། །དཔག་ཚད་བརྒྱ་ཡོད་ཡབ་ནི་ནོར་གྲགས་ཡིན། །བློ་གྲོས་གྲགས་མ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་གྲགས་ལྡན་ལྷ་ལེགས་རིམ་གྲོ་པ། །ལྷ་ཡི་དབྱངས་ཞེས་བྱ་བ་མཁས་པ་སྟེ། །རྣམ་པར་གྲགས་པའི་ཀླུ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་གསུམ་སྟེ་ཀུན་

ལ་ཡང་། །རི་བོའི་ལྷུན་ལྟར་གཡོ་བ་མེད་པ་པོ། །དེ་དག་ཐེར་འབུམ་ཐེར་འབུམ་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅྭ་བརྒྱད་ཡིན། །གྲགས་པ་མཐའ་ཡས་མྱ་ངན་འདས་ནས་ཀྱང་། །དམ་ཆོས་ལོ་གྲངས་སྟོང་སྙེད་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་

ཚད་གསུམ་པ་སྟེ། །རིན་ཆེན་མཆོག་རབ་བདུན་པོའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་ཟླ་བ་རྒྱས་པ་ཡི། །སྐྱེ་བའི་ཡུལ་ནི་ཏོག་གི་འོད་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གཉིས་ཡོད་སྐྱེ་བའི་དབང་པོ་ཡབ། །གྲགས་བྱིན་མ་ཞེས་བྱ་བ་རྒྱལ་བའི་

ཡུམ། །སྲས་པོ་སྐྱེ་ལྡན་འོད་འཕྲོ་རིམ་གྲོ་པ། །སྒྲ་གཅན་གཟི་བརྗིད་ཅན་ནི་མཁས་པ་སྟེ། །འཇིགས་པ་མེད་པར་རྒོལ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །ཐ་སྤངས་དུག་རྩ་བཅད་པར་མཚུངས་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་གཉིས་གཉིས་ཡོད། །མི་ཚེ་

Vol. 45 · folio 197a

ལོ་གྲངས་དག་ནི་ལྔ་ཁྲི་ཡིན། །ཤིན་ཏུ་དུལ་བའི་ཡིད་ལྡན་དམ་ཆོས་དག །ལོ་གྲངས་སུམ་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བཟང་པོ་བྱེ་བ་བདུན་ཅུ་དྲུག །སངས་རྒྱས་པད་མའི་འོད་ཟེར་སྐྱེ་བའི་ཡུལ། །མེ་ཏོག་དག་

གིས་རྣམ་པར་བརྒྱན་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་པད་མ་བཟང་པོ་ཡབ། །དགའ་བ་སྦྱངས་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་པད་མ་ཡིད་འཐད་རིམ་གྲོ་པ། །མེ་ཏོག་དགའ་ཞེས་བྱ་བ་མཁས་པ་སྟེ། །ཡེ་ཤེས་མེ་ཏོག་ལེགས་རྒྱས་

རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཞི་སྟེ་ཀུན་ལ་ཡང་། །དགྲ་བཅོམ་དབང་པོ་ཚང་བའི་བསམ་གཏན་པ། །ཐེར་འབུམ་ཕྲག་ནི་དྲུག་དྲུག་འབྱུང་བར་འགྱུར། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་བདུན་ཡིན། །དམ་པའི་ཆོས་དག་ལོ་གྲངས་སྟོང་ཕྲག་ནི། །དགུ་བཅུ་རྩ་ལྔའི་བར་དུ་

གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བཅུ་དྲུག་པ་ལ་མུ་ཏིག་སྤྲས། །རྣམ་པར་འདྲེན་པ་བརྟུལ་ཞུགས་བཟང་པོ་ཡི། །སྐྱེ་ཡུལ་ཡེ་ཤེས་རྣམ་པར་ངེས་ཞེས་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་དགུ་ཡོད་ཡབ་ནི་རྣམ་དག་

ཡིན། །ཐོས་པའི་འོད་ནི་རྒྱལ་ཡུམ་སྲས་པོ་ནི། །མཛེས་ལྡན་ཤིན་ཏུ་མཛེས་པ་རིམ་གྲོ་པ། །སྐྱེ་བོས་མཆོད་ཅེས་བྱ་བ་མཁས་པ་སྟེ། །ཐོགས་པ་མེད་པར་སྟོན་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དགུ་སྟེ་ཀུན་ལ་ཡང་། །པད་མཚུངས་སྲིད་པ་ཀུན་ལས་རྣམ་གྲོལ་བ། །བྱེ་བ་ཕྲག་ནི་

དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དགུ་ཁྲི་ཉིས་སྟོང་ཡིན། །མྱ་ངན་འདས་པར་ཕྱིན་པའི་དམ་ཆོས་དག །ལོ་གྲངས་བརྒྱད་ཁྲི་དགུ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་བྱེ་བ་སྟོང་ཕྲག་བརྒྱད་ཅུ་འབྱུང་། །དེ་བཞིན་གཤེགས་པ་སྒྲོན་མའི་རྒྱལ་

པོ་ཡི། །སྐྱེ་བའི་ཡུལ་ནི་ལྷ་ཡི་འོད་ཅེས་བྱ། །རྒྱལ་བ་རྒྱལ་རིགས་ཡིན་ཏེ་འོད་ཀྱི་ཚད། །དཔག་ཚད་གསུམ་ཡོད་ཡབ་ནི་ལེགས་སྐྱེས་ཡིན། །མེ་ཏོག་ཅན་ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་སྐར་མ་སྐར་བཟངས་རིམ་གྲོ་པ། །སྣང་བའི་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །གཡོ་བ་མེད་

Vol. 45 · folio 197b

པར་གནས་པ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་དྲུག་ཀུན་ལ་ཡང་། །ང་མེད་ཉོན་མོངས་མེད་པའི་དགྲ་བཅོམ་པ། །བྱེ་བ་སྟོང་ཕྲག་བཅུ་གསུམ་བཅུ་གསུམ་ཡོད། །མི་ཚེ་ལོ་གྲངས་ཉི་ཁྲི་སུམ་སྟོང་ཡིན། །འགོག་པར་ཕྱིན་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བརྒྱད་ཁྲིའི་བར་

དུ་གནས་པར་འགྱུར། །རྒྱལ་བའི་མཆོད་རྟེན་དཔག་ཚད་གསུམ་པ་གཅིག །གསེར་གྱི་དྲ་བ་དག་གིས་ཁེབས་པར་བྱས། །དེ་བཞིན་གཤེགས་པ་གློག་གི་ཏོག་དག་གི། །སྐྱེ་བའི་ཡུལ་ནི་རྟག་ཏུ་མཐོང་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་སྨན་

པ་བཟང་པོ་ཡབ། །གློག་མཆོད་མ་ནི་རྒྱལ་ཡུམ་སྲས་པོ་ནི། །ཐུབ་མེད་ཤིན་ཏུ་རྣམ་དུལ་རིམ་གྲོ་པ། །རིན་ཆེན་འཆང་བ་བློ་གྲོས་ཅན་ཡིན་ཏེ། །མཐའ་ཡས་འོད་ཅེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་རྩ་བརྒྱད་དེ། །ཀུན་ལའང་ཞི་བ་མྱ་ངན་འདས་གནས་པ། །

དགྲ་བཅོམ་མཆོད་པར་འོས་པ་ཤ་སྟག་གོ། །མི་ཚེ་ལོ་གྲངས་བདུན་ཁྲི་བདུན་སྟོང་ཡིན། །མི་ཡི་ཕུལ་དུ་བྱུང་བའི་དམ་ཆོས་དག །ལོ་གྲངས་ཉི་ཁྲི་སུམ་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་གཅིག་པ་རྒྱལ་མཚན་དག་གིས་བརྒྱན། །

དེ་བཞིན་གཤེགས་པ་འོད་ཟེར་རྒྱལ་པོ་ཡི། །སྐྱེ་བའི་ཡུལ་ནི་བཟང་ལ་དགའ་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །བྱེ་བ་གཉིས་ཡོད་འོད་ཟེར་བཟང་པོ་ཡབ། །ཡོན་ཏན་འོད་ཟེར་རྒྱལ་ཡུམ་སྲས་པོ་ནི། །འོད་ཟེར་བྱིན་ཡིན་ལྷ་ལེགས་རིམ་གྲོ་པ། །སྣང་བའི་

འོད་ཅེས་བྱ་བ་མཁས་པ་སྟེ། །སྒྲོན་མ་མཐའ་ཡས་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བརྒྱད་ཅུ་ཀུན་ལ་ཡང་། །རྡུལ་སྦྱངས་པ་ཡི་དགྲ་བཅོམ་ཚོགས་པ་དག །ཐེར་འབུམ་ཕྲག་ནི་བརྒྱད་ཅུ་བརྒྱད་ཅུ་ཡོད། །མི་ཚེ་ལོ་གྲངས་ས་ཡ་ཕྲག་བརྒྱད་ཡིན། །སྟོན་པ་མྱ་ངན་འདས་པའི་

དམ་ཆོས་དག །ལོ་གྲངས་བདུན་ཁྲི་ཉིས་སྟོང་བར་དུ་གནས། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །སྟོང་གསུམ་མཆོད་རྟེན་བཟང་པོ་དག་གིས་གང་། །དེ་བཞིན་གཤེགས་པ་སྐར་མཁན་སྐྱེ་བ་ཡི། །ཡུལ་ནི་གསེར་གྱི་གཟི་བརྗིད་ལྡན་ཞེས་བྱ། །རིགས་ནི་བྲམ་ཟེ་ཡིན་

Vol. 45 · folio 198a

ཏེ་འོད་ཀྱི་ཚད། །དཔག་ཚད་བརྒྱད་ཁྲི་ཡབ་ནི་ངོ་ཚ་ཤེས། །ཡོན་ཏན་དགའ་བ་རྒྱལ་ཡུམ་སྲས་པོ་ནི། །ཡོན་ཏན་ཅན་ཡིན་ལེགས་སྦས་རིམ་གྲོ་པ། །དབང་པོ་སྦས་ཞེས་བྱ་བ་མཁས་པ་སྟེ། །འཇིགས་མེད་བསམ་གཏན་པ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་

གྲངས་བཅུ་སྟེ་ཀུན་ལ་ཡང་། །ཐམས་ཅད་འཇིགས་མེད་ཡེ་ཤེས་སྟོབས་ལྡན་པ། །བྱེ་བ་ཕྲག་ནི་སྟོང་ཕྲག་བཅུ་བཅུ་ཡོད། །མི་ཚེ་ལོ་གྲངས་དག་ནི་འབུམ་ཡང་ཡིན། །འཇིག་རྟེན་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་ཆིག་ཁྲི་ཆིག་སྟོང་བར་དུ་གནས། །མཆོད་རྟེན་དཔག་

ཚད་དྲུག་པ་གསེར་གདུགས་ཅན། །མུ་ཏིག་བཻ་དཱུརྱ་ཡི་དྲ་བས་རྒྱས། །དེ་བཞིན་གཤེགས་པ་གྲགས་པ་རྫོགས་ལྡན་གྱི། །སྐྱེ་བའི་ཡུལ་ནི་བློ་གྲོས་གྲགས་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །སུམ་ཅུ་གཉིས་ཡོད་ཡབ་ནི་ཤིན་ཏུ་གྲགས། །སྲིད་པར་གྲགས་

ཞེས་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་མཆོད་ལྡན་ལེགས་མཆོད་རིམ་གྲོ་པ། །གྲགས་པའི་འབྱུང་གནས་ཞེས་བྱ་མཁས་པ་སྟེ། །གྲགས་པ་རྣམ་པར་ངེས་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་ཀུན་ལ་ཡང་། །ཉོན་མོངས་ཟད་པ་ཡང་སྲིད་མེད་པ་པོ། །བྱེ་བ་ཕྲག་ནི་

དགུ་བཅུ་བཞི་བཞི་ཡོད། །མི་ཚེ་ལོ་གྲངས་སུམ་ཁྲི་སུམ་སྟོང་ཡིན། །ཟད་མཐར་ཕྱིན་པ་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བདུན་ཁྲི་ཉིས་སྟོང་བར་དུ་གནས། །སྐུ་གདུང་རྒྱས་འགྱུར་མཆོད་རྟེན་བྱེ་བ་སྟོང་། །གསེར་དང་ནོར་བུའི་ཆུན་པོ་དག་གིས་སྤྲས། །དེ་བཞིན་གཤེགས་པ་པད་

མའི་སྙིང་པོ་ཡི། །སྐྱེ་བའི་ཡུལ་ནི་གསེར་གྱི་སྙིང་པོ་ཡིན། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ལྔ་བཅུ་རྩ་བཞི་ལེགས་པའི་སྙིང་པོ་ཡབ། །བཻ་དཱུརྱ་ཡི་སྙིང་པོ་རྒྱལ་བའི་ཡུམ། །སྲས་པོ་གསེར་འོད་སེང་གེ་རིམ་གྲོ་པ། །རིན་ཆེན་ལྗོན་པ་ཞེས་བྱ་མཁས་པ་སྟེ། །རིན་ཆེན་བློ་

ཞེས་བྱ་བ་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་ཉི་ཤུ་བརྒྱད་ཀུན་ལའང་། །ཐམས་ཅད་ང་མེད་ཉོན་མོངས་ཟད་པ་པོ། །བྱེ་བ་ཕྲག་ནི་དགུ་བཅུ་དགུ་དགུ་ཡོད། །མི་ཚེ་ལོ་གྲངས་དག་ནི་དགུ་ཁྲི་ཡིན། །སྲིད་པ་སྤངས་པའི་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་བདུན་ཁྲི་བརྒྱད་སྟོང་བར་

Vol. 45 · folio 198b

དུ་གནས། །འཇིག་རྟེན་མཁྱེན་པའི་མཆོད་རྟེན་དག་གི་གྲངས། །ཐེར་འབུམ་ཕྲག་ནི་བདུན་ཅུ་ཚང་བར་འབྱུང་། །རྐང་གཉིས་མཆོག་མ་དེ་བཞིན་གཤེགས་རྒྱལ་གྱི། །སྐྱེ་བའི་ཡུལ་ནི་ནབས་སོ་ཞེས་ཀྱང་བྱ། །རིགས་ནི་བྲམ་ཟེ་ཡིན་ཏེ་འོད་དཔག་ཚད། །ཉི་ཤུ་གཉིས་ཡོད་ཡབ་ནི་རྒྱུ་སྐར་ཡིན། །

རྒྱུ་སྐར་བདག་མོ་ཞེས་བྱ་རྒྱལ་བའི་ཡུམ། །སྲས་པོ་དགྲ་འདུལ་ཞི་བ་རིམ་གྲོ་པ། །ཞི་བའི་རྒྱ་མཚོ་ཞེས་བྱ་མཁས་པ་སྟེ། །འཇིགས་པ་མེད་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་དྲུག་ཅུ་དྲུག་ཀུན་ལའང་། །ཐེག་པ་མཆོག་གིས་ཕ་རོལ་ཕྱིན་གྱུར་པ། །བྱེ་བ་ཕྲག་ནི་ཁྲི་ཕྲག་

རེ་རེ་ཡོད། །མི་ཚེ་ལོ་གྲངས་བརྒྱད་ཁྲི་དགུ་སྟོང་ཡིན། །འགྲོ་ལ་ཕན་ཕྱིར་དམ་པའི་ཆོས་དག་ཀྱང་། །ལོ་གྲངས་དགུ་ཁྲིའི་བར་དུ་གནས་པར་འགྱུར། །དེ་ཡི་སྐུ་གདུང་མཆོད་རྟེན་གཅིག་ཡིན་ཏེ། །དཔག་ཚད་བདུན་པ་གསེར་གྱིས་རྣམ་པར་སྤྲས། །བདེ་བར་གཤེགས་པ་སྤྱན་

མཛེས་སྐྱེ་བའི་ཡུལ། །ཉམས་དགའ་མིག་ཏུ་སྡུག་པ་ཞེས་ཀྱང་བྱ། །རྒྱལ་བའི་རིགས་ནི་བྲམ་ཟེ་འོད་ཀྱི་ཚད། །དཔག་ཚད་བཅུ་ཡོད་ཡབ་ནི་མིག་བཟངས་ཡིན། །མིག་སྡུག་ཅེས་ནི་བྱ་བ་རྒྱལ་བའི་ཡུམ། །སྲས་པོ་དགའ་བྱེད་མིག་ལེགས་རིམ་གྲོ་པ། །བློ་གནས་པ་ཞེས་

བྱ་བ་མཁས་པ་སྟེ། །སྨད་པ་མེད་པའི་ལུས་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་བཅུ་སྟེ་ཀུན་ལ་ཡང་། །རི་ལྟར་གཡོ་བ་མེད་པར་མཚུངས་པ་པོ། །བྱེ་བ་ཕྲག་ནི་སུམ་ཅུ་གཉིས་གཉིས་ཡོད། །མི་ཚེ་ལོ་གྲངས་སྟོང་ཕྲག་བཅུ་བདུན་ཡིན། །རྒྱལ་བ་འགོག་པར་ཕྱིན་པའི་དམ་

ཆོས་དག །ལོ་གྲངས་སྟོང་གི་བར་དུ་གནས་པར་འགྱུར། །རྒྱལ་བའི་སྐུ་གདུང་དག་ནི་རྒྱས་འགྱུར་ལ། །མཆོད་རྟེན་ཐམས་ཅད་བྱེ་བ་སྟོང་དུ་ཚང་། །དེ་བཞིན་གཤེགས་པ་རྙོག་པ་མེད་པའི་དོན། །སྐྱེ་བའི་ཡུལ་ནི་ནོར་གྱིས་བརྒྱན་ཞེས་བྱ། །རིགས་ནི་རྒྱལ་རིགས་ཡིན་ཏེ་འོད་དཔག་ཚད། །

ཉི་ཤུ་གསུམ་ཡོད་ཡབ་ནི་གཟུགས་བཟང་ཡིན། །སེམས་མཚུངས་མ་ནི་རྒྱལ་ཡུམ་སྲས་པོ་ནི། །ཁ་ལོ་སྒྱུར་བ་སྣང་ལྡན་རིམ་གྲོ་པ། །འགྲོ་བའི་དབང་ཕྱུག་ཅེས་བྱ་མཁས་པ་སྟེ། །དད་པར་བྱེད་པའི་བློ་ནི་རྫུ་འཕྲུལ་ཅན། །འདུས་པ་ལན་གྲངས་སུམ་ཅུ་དྲུག་ཀུན་ལའང་། །སྲེད་མེད་མ་རིག་པ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words