མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) ལཀྵ་ཨ་བྷི་དྷ་ནཱ་ཏ་ཨུདྡྷྲྀ་ཏོ་ལ་གྷུ་ཏནྟྲ་པིཎྜ་ཨརྠ་བི་ཝ་ར་ཎཾ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 16 · folio 78b

༄༅༅། །རྒྱ་གར་སྐད་དུ། ལཀྵ་ཨ་བྷི་དྷ་ནཱ་ཏ་ཨུདྡྷྲྀ་ཏོ་ལ་གྷུ་ཏནྟྲ་པིཎྜ་ཨརྠ་བི་ཝ་ར་ཎཾ་ནཱ་མ། བོད་སྐད་དུ། མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་གི་གཡོན་དང་གཡས་

པའི་ཞབས་ཀྱིས་གཞུ་འཛིན་དང་ནི་གངས་རིའི་བུ་མོ་ཉི་མར་བརྫིས། །ཁྲོ་བོའི་གཟིགས་པས་ལྷ་དང་འབྱུང་པོ་ལྷ་མིན་དབང་པོ་གཟའ་ཡི་ཚོགས་བཅས་སྐྲག་མཛད་ཅིང་། །ཕྱག་རྒྱ་གླང་པོ་སྟག་ལྤགས་བྲང་འགྲོ་དགེ་བྱེད་མི་ཡི་ཐོད་པ་མགོ་བོའི་ཕྲེང་བས་བརྒྱན། །དེ་ལ་བཏུད་ནས་དེ་ཡི་རྒྱུད་དང་

འགྲེལ་བཤད་གསལ་བ་རྡོ་རྗེའི་ཚིག་རྣམས་འབྱེད་པ་འདི་བྲི་བྱ། །དཔའ་བོའི་དབང་པོས་བསྐུལ་བ་འདི། །དཔལ་ཕྱག་རྡོ་རྗེ་བདག་གིས་ནི། །རྣལ་འབྱོར་པ་ཡི་དགེ་སྤེལ་ཞིང་། །ཕྱག་རྒྱ་ཆེ་འབྲས་ཐོབ་བྱའི་ཕྱིར། །དེ་ནས་མངོན་བརྗོད་འབུམ་པ་ཡི། །རྒྱུད་ལས་སྙིང་པོ་ཕྱུང་བ་ནི། །དཔལ་

ཧེ་རུ་ཀ་རྣལ་འབྱོར་ཆེ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །སྙིགས་མ་ལྔ་ཡི་དུས་འདིར་ནི། །བསོད་ནམས་ཡེ་ཤེས་འབྲས་ཐོབ་ཕྱིར། །ཕག་མོས་གསོལ་བཏབ་རྡོ་རྗེ་ཅན། །ཉུང་ངུའི་རྒྱུད་ནི་རབ་གསལ་མཛད། །ཚེ་ཐུང་བརྩོན་འགྲུས་ཆུང་བ་ཡི། །སྒྲུབ་པོ་རྣམས་ལ་ཕན་ཕྱིར་ཏེ། །

འདོད་ཆགས་ཞེ་སྡང་སོགས་ལྡན་ལ། །དེ་ཉིད་ཀྱི་ནི་ཐབས་ཀྱིས་ཀྱང་། །གསང་ཆེན་མཁའ་འགྲོ་མ་གསང་བ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སེམས་དཔའ་ཕོ་ཉ་ཀུན་རང་བཞིན། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །འདོད་

པའི་དོན་ཀུན་སྒྲུབ་བྱེད་པ། །སྒྲ་ཡི་ཚུལ་ལས་རྣམ་པར་འདས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཏེ། །ཐོག་མ་དབུས་མཐར་ཡང་དག་གནས། །འཇིག་རྟེན་གསུམ་དུ་རྙེད་པར་དཀའ། །ཐབས་དང་ཤེས་རབ་ལས་བྱུང་བ། །སྔགས་དང་རྣལ་འབྱོར་ཆོ་གའི་རིམ། །བརྗོད་བྱར་བཤད་

པ་དེ་ཉིད་ནི། །རྗོད་པར་བྱེད་པར་གསུངས་པ་སྟེ། །ལྷན་ཅིག་སྐྱེས་དགའ་ཧེ་རུ་ཀ །དབུ་མ་མཆོག་གིས་དབུགས་འབྱུང་བ། །བཤང་གཅི་ཟླ་བ་ཉི་མ་ཡི། །རྩ་ནི་བཞི་དང་ཡང་དག་ལྡན། །ཕྱག་རྒྱ་ཆེན་པོ་རྟེན་མེད་པ། །རྡོ་རྗེ་ཕག་མོ་རིགས་ལྡན་མ། །ལས་ཀྱི་ཕྱག་རྒྱའི་བདེ་

Vol. 16 · folio 79a

སྤངས་པའི། །རྣལ་འབྱོར་པ་དེས་དེ་མཆོད་བྱ། །ཞེས་པ་ཨེ་ཝཾ་དབང་བསྐུར་དོན། །ཉུང་ངུའི་རྒྱུད་ལས་གསལ་མིན་གང་། །མདོར་བསྡུས་ཙམ་ཞིག་རབ་གསུངས་ཏེ། །འགྲེལ་པས་རྣམ་པར་རྒྱས་པར་བྱ། །འདིར་དང་པོར་རེ་ཞིག་བརྗོད་པར་བྱ་བ་དང་རྗོད་པར་

བྱེད་པ་དང་འབྲེལ་པ་དང་དགོས་པ་དང་དགོས་པའི་དགོས་པ་རྣམས་མངོན་པར་གཟིགས་ནས། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ཀྱིས་རང་གི་སེམས་ཀྱིས་བསམ་པས་སྐྱེ་བ་འདིར་སངས་རྒྱས་ཉིད་སྟེར་བར་བྱེད་པ། གསང་ཆེན་མཆོག་ལ་བཞུགས་པ། དཔའ་བོ་དང་དཔའ་མོའི་

དབང་ཕྱུག་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ། རྡོ་རྗེ་ཕག་མོས་གསོལ་བ་བཏབ་པ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། རྩ་བའི་རྒྱུད་མངོན་པར་བརྗོད་པ་འབུམ་པ་ལས་སྙིང་པོ་ལས་སྙིང་པོ་མཆོག་གི་རྒྱུད་གཞུང་གི་ཚད་སྟོང་བདུན་བརྒྱ་པ་ཡང་དག་པར་བསྟན་ཏོ་ཞེས་པའོ། །འདིར་

ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ནི་བརྗོད་པར་བྱ་བའོ། །འདིར་རྟོགས་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་ནི་རྗོད་པར་བྱེད་པའོ། །རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དེ་དག་གིས་ཕན་ཚུན་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ནི་འབྲེལ་པའོ། །དཀྱིལ་

འཁོར་དུ་འཇུག་པ་ལ་སོགས་པ་སེམས་ཅན་གྱི་དོན་བྱེད་པ་དང་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་ནི་དགོས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པ་དང་སངས་རྒྱས་ཉིད་ནི་དགོས་པའི་དགོས་པའོ། །འདི་རྣམས་མངོན་པར་གཟིགས་

ནས། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ཀྱིས་ཞེས་པ་ངེས་པ་ནི་ཉན་ཐོས་ཀྱི་སྡོམ་པ་སྟེ། དེ་དང་བྲལ་བ་ནི་ངེས་པ་དང་བྲལ་བའོ། །དེ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་བདག་ཉིད་ཅན་ཏེ། རང་གི་སེམས་ཀྱི་བསམ་པ་

དེས་ཀྱང་། སྐྱེ་བ་འདིར་སངས་རྒྱས་ཉིད་སྟེར་བར་བྱེད་པ་ནི་སྙིགས་མ་ལྔའི་དུས་ན་ཚེ་ཐུང་ཞིང་བརྩོན་འགྲུས་ཆུང་བའི་སྒྲུབ་པ་པོ་རྣམས་ཀྱང་སྐྱེ་བ་འདིར་སངས་རྒྱས་ཉིད་སྟེར་བར་བྱེད་པ་ནི་བསྒོམ་པའི་ཐབས་དེ་ཉིད་ཀྱིས་སོ། །གསང་ཆེན་མཆོག་ལ་བཞུགས་པ་ཞེས་པ་ཆོས་འབྱུང་

Vol. 16 · folio 79b

ནམ་མཁའི་ཁམས་ནི་གསང་ཆེན་ཏེ། དེ་ལ་བཞུགས་པ་ནི་གསང་ཆེན་མཆོག་ལ་བཞུགས་པའོ། །དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཞེས་པ་དཔའ་བོ་ནི་ཐོད་པའི་དུམ་བུ་ལ་སོགས་པ་ཉི་ཤུ་རྩ་བཞི་སྟེ། ཟླ་བའི་རྐང་པ་རྣམས་སོ། །དཔའ་མོའི་དབང་

ཕྱུག་མ་ནི་མཁའ་འགྲོ་མ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་རྣམས་སོ། །དེ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །རྡོ་རྗེ་ཕག་མོས་གསོལ་བ་བཏབ་པ། བཅོམ་

ལྡན་འདས་དཔལ་ཧེ་རུ་ཀ་ཞེས་པ། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ཡིག་རྒྱུ་དང་བྲལ་བའོ། །རུ་ཡིག་གཟུགས་ལས་ངེས་པར་གྲོལ། །ཀ་ཡིག་བྱེད་པ་སྤངས་པའོ། །ཞེས་པ་དང་། དབང་ཕྱུག་ལ་སོགས་ཡོན་ཏན་ལྡན། །བྷ་ག་ཡང་ནི་བདུད་བཅོམ་ཕྱིར། །གང་

ལ་དེ་མངའི་ཕྱིར་ན་ནི། །བཅོམ་ལྡན་ཁམས་གསུམ་དབང་ཕྱུག་གསུངས། །ཞེས་པའོ། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དེས་རྩ་བའི་རྒྱུད་མངོན་པར་བརྗོད་པ་འབུམ་པ་ལས་སྙིང་པོ་ལས་སྙིང་པོ་མཆོག་གི་རྒྱུད་གཞུང་གི་ཚད་སྟོང་བདུན་བརྒྱ་པ་ཡང་དག་པར་བསྟན་ཏོ། །བཅོམ་

ལྡན་འདས་དེ་ཡང་རྒྱུད་འདིའི་ངོ་བོ་ཉིད་ཀྱིས་གནས་པ་སྟེ། དང་པོ་བཞུགས་པའི་གནས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་དམ་ཚིག་གི་སྤྱོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་གསོལ་བ་འདེབས་པ་པོ་དང་། སྟོན་པ་པོའི་ངོ་བོ་ཉིད་ཀྱིས་གནས་པ་དང་། རིགས་

ལྡན་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་ཕོ་ཉ་མོའི་དངོས་གྲུབ་དང་། མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། འདོད་པའི་དངོས་སྒྲུབ་བསྒོམ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

ལ་སོགས་པ་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། སྡིག་པ་ཐམས་ཅད་ལས་ངེས་པར་གྲོལ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་རྣལ་འབྱོར་པ་ཉིད་བསྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དམ་ཚིག་བསྐྱང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་དམ་ཚིག་བྲལ་

Vol. 16 · folio 80a

བ་བསྲུང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། བདུད་རྩི་ལྔ་བཟའ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ཚོགས་ཀྱི་འཁོར་ལོ་ལ་མཐེ་བོང་དང་མིང་མེད་དག་གིས་ཞལ་དུ་ཟླ་བའི་བཏུང་བ་མྱང་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དབང་པོ་གཉིས་སྙོམས་པར་འཇུག་

པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་ཟླ་བ་བཟའ་བ་སྔགས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་ཞེས་པ་ལྷ་དང་མིའི་བདེ་བ་ཆ་བཅུ་དྲུག་པ་འགྱུར་བ་མེད་པའི་བདེ་བ་མཆོག་མཆོད་པར་བྱའོ་ཞེས་པ་བཅོམ་ལྡན་འདས་རྣམ་པར་གནས་པ་སྟེ་ལེའུ་དང་པོའི་བསྡུས་པའི་དོན་ཏོ།། །།

དེ་ནས་རིའི་ཕུག་ལ་སོགས་པ་གནས་ངེས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དཀྱིལ་འཁོར་ལ་སོགས་པ་དེ་ཉིད་བཅུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་བླ་མ་དང་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་

དང་། སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་དབང་བསྐུར་བ་སྦྱིན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ཕྱག་རྒྱའི་སྤྱོད་པ་དང་། མཆོད་པའི་ངོ་བོ་ཉིད་ཀྱིས་གནས་པ་ཞེས་པ་བཅོམ་ལྡན་འདས་དཀྱིལ་འཁོར་དང་དབང་བསྐུར་བའི་ལེའུའི་ངོ་བོར་བཞུགས་

པའོ། །དེ་ནས་མཁའ་འགྲོ་མའི་གནས་སུ་རོལ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་སྔགས་བཏུ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་རིག་པའི་རྒྱལ་པོའི་ལས་རབ་འབྱམ་གྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། འཇིག་རྟེན་པའི་དངོས་གྲུབ་བརྒྱད་བསྒྲུབ་པའི་ངོ་བོ་ཉིད་ཀྱིས་

གནས་པ་དང་། དེ་ནས་བརྡའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ལས་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་དེ་རྣམས་ཀྱིས་ཡང་དག་པར་སྨྲ་བ་དང་འགྲོ་བ་དང་འོང་བར་བྱ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། མཁའ་འགྲོ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་

གནས་པ་དང་། དེ་ནས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། དམ་ཚིག་གི་མིང་བརྗོད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་ཚིག་ཆེན་པོ་བརྒྱད་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་གཅིག་ཏུ་ཙཱ་རུའི་སྟོན་མོའི་

Vol. 16 · folio 80b

ངོ་བོ་ཉིད་ཀྱིས་གནས་པ་དང་། གཏོར་མ་སྦྱིན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་གནོད་མཛེས་རྒྱལ་པོའི་སྔགས་བཏུ་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེའི་ལས་རབ་འབྱམ་བསྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། སྔགས་དང་གཟུགས་བརྙན་དང་བསམ་གཏན་གྱི་

ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་བསྒོམ་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་གི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་ཞལ་བཞི་ལ་སོགས་པའི་སྔགས་ཀྱི་རྐང་པ་དང་ལྷན་ཅིག་དཔའ་བོ་དང་དཔའ་

མོའི་དབང་ཕྱུག་མའི་མིང་ནང་དུ་སོན་པ་མཐར་ཐུག་རྡོ་རྗེ་ལ་སོགས་པའི་སྔགས་བཟླས་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། གནས་ལ་སོགས་པ་ས་བཅུ་དང་གནས་ཉི་ཤུ་རྩ་བཞི་ངེས་པར་བསྟན་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། སྤྱི་བོ་ལ་སོགས་པར་དགོད་པའི་ངོ་བོ་ཉིད་ཀྱིས་གནས་

པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་ཐོད་པའི་དུམ་བུ་ལ་སོགས་པ་ཉི་ཤུ་རྩ་བཞི་ཁམས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ལྷ་མོ་རྣམས་ས་སྤྱོད་དང་མཁའ་ལ་སྤྱོད་པ་གཟུགས་

ཡོངས་སུ་བསྒྱུར་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། རིགས་སུམ་ཅུ་རྩ་བདུན་གྱི་རྩ་མཆོད་པའི་འཁོར་ལོ་ཀུན་དུ་སྤྱོད་པ་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་སྤྲུལ་པ་དང་

ལོངས་སྤྱོད་དང་ཆོས་དང་དག་པའི་སྐུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ངོ་བོ་ཉིད་ཀྱིས་གནས་པའོ་ཞེས་པ་དེ་ལྟར་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་གནས་པའོ། །འདིས་ཀྱང་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་

བདག་ཉིད་རྡོ་རྗེ་ཕག་མོ་ལ་རབ་ཏུ་གསལ་བར་མཛད་པ། དེ་ནས་འདི་ལས་གསང་བ་བཤད། །མདོར་བསྡུས་པ་ལས་རྒྱས་པར་མིན། །ཞེས་པ་ལ་སོགས་པས་སོ། །གལ་ཏེ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་བཞུགས་པའི་གནས་

Vol. 16 · folio 81a

ངེས་པར་བསྟན་པ་མ་ཡིན་ནམ། ཇི་ལྟར་རྒྱུད་འདིར་དེ་ནས་འདི་ལས་གསང་བ་ཞེས་པ་ལ་སོགས་པས་བཞུགས་པའི་གནས་ངེས་པར་བསྟན་པ་བཅོམ་ལྡན་འདས་ཀྱིས་གསུང་བར་འགྱུར། འདུས་པ་དང་ཀྱེའི་རྡོ་རྗེ་ལ་སོགས་པ་རྣལ་འབྱོར་དང་རྣལ་འབྱོར་མའི་

རྒྱུད་དུ། འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྒྱུད་བདེན་པར་འགྱུར་རོ། །དེའི་ཕྱིར་རྒྱུད་འདི་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྟན་པ་མ་ཡིན་ནོ་ཞེས་པ་ཚིག་འབྲུ་ལ་རབ་ཏུ་རྟོན་པ་འགའ་ཞིག་གི་བསམ་པ་འབྱུང་བར་

འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ། །འདིར་མ་འོངས་པའི་དུས་ན་བྱིས་པའི་སྐྱེ་བོ་ཚིག་འབྲུ་ལ་རབ་ཏུ་རྟོན་པ་ལ་བརྟེན་པ་རྣམས་ཀྱིས་འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་དང་བྲལ་བའི་རྒྱུད་ཀྱི་རྒྱལ་པོ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་གང་ཞིག་སྨྲ་

བར་འགྱུར་བ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་གཞན་དུ་རྟོན་པ་བཞིས་གསུངས་བའི་ཕྱིར་རོ། །འདི་ལྟ་སྟེ། དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་པར་བྱའི་རྣམ་པར་ཤེས་པ་ལ་རྟོན་པ་མ་ཡིན་པ་དང་། ངེས་པའི་དོན་ལ་རྟོན་

པར་བྱའི་དྲང་བའི་དོན་ལ་རྟོན་པ་མ་ཡིན་པ་དང་། ཆོས་ལ་རྟོན་པར་བྱའི་གང་ཟག་ལ་རྟོན་པ་མ་ཡིན་པའོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར། ཚིག་འབྲུ་ལ་རབ་ཏུ་རྟོན་པ་ནི་ཐེག་པ་གང་དུ་ཡང་བཅོམ་ལྡན་འདས་ཀྱིས་མ་གསུངས་སོ། །དབྱངས་དང་གསལ་བྱེད་ཚོགས་པ་

ནི་མིང་ཙམ་སྟེ། མིང་ཅན་དངོས་པོ་དང་དངོས་པོ་མེད་པའི་ཆོས་རྣམས་རྟོགས་པར་བྱེད་པའོ། །འདིར་དངོས་པོ་དང་དངོས་པོ་མེད་པའི་ཆོས་གཅིག་ལ་ཡང་མིང་དུ་མར་འགྱུར་རོ། །དེ་རྣམས་ཀྱི་ནང་ནས་མིང་གཅིག་གཙོ་བོ་འམ། གཙོ་བོ་མ་ཡིན་པར་འགྱུར་བ་མེད་དེ། ཐམས་ཅད་ཀྱི་

དངོས་པོ་དང་དངོས་པོ་མེད་པ་གཅིག་རྟོགས་པར་བྱེད་པའི་ཕྱིར། བུད་མེད་དང་མི་མོ་དང་ན་ཆུང་མ་ལ་སོགས་པ་རྣམས་ཀྱིས་ནུ་མ་དང་སྐྲར་ལྡན་པའི་དངོས་པོའི་ཆོས་རབ་ཏུ་རྟོགས་པར་བྱེད་པའི་ཕྱིར་དང་། དེ་བཞིན་དུ་ནམ་མཁའི་མེ་ཏོག་དང་ནམ་མཁའི་པདྨ་ལ་སོགས་པ་རྣམས་ཀྱིས་དངོས་

Vol. 16 · folio 81b

པོ་མེད་པའི་ཆོས་རབ་ཏུ་རྟོགས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཐམས་ཅད་དུ་མིང་དང་མིང་ཅན་དུ་འབྲེལ་པ་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱའོ། །འདིར་ཨ་ཡིག་སྟོང་པ་ཉིད་རྟོགས་པར་བྱེད་པ་བདུན་པའི་མཐའ་ཅན་ཨེ་ཡིག་ཏུ་འགྱུར་རོ། །དེའི་ཕྱིར་ཨེ་ཞེས་པའི་མིང་གིས་

རྣམ་པ་ཐམས་ཅད་ཀྱི་གཞི་ནམ་མཁའི་ཁམས་གཟུང་བར་བྱའོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། མཁའ་དབྱིངས་བེམས་མིན་དང་བ་དང་། །གོ་འབྱེད་ངབ་ཏུ་གསལ་བ་དང་། །སྣ་ཚོགས་རྡོ་རྗེ་གནས་དང་གཞི། །ཀུན་གྱི་དབྱིངས་དང་

ཡིད་འོང་བར། །ཞེས་པ་ལ་སོགས་པ། གསང་ཆེན་མཆོག་ཏུ་དགྱེས་པ་དང་། །ཐམས་ཅད་བདག་ཉིད་ན་རྟག་བཞུགས། །ཞེས་པའི་བར་གྱིས་མིང་སྣ་ཚོགས་པའི་ཁྱད་པར་གྱིས་གནས་བསྟན་པར་གསུངས་སོ། །དེ་བཞིན་དུ་དཔལ་འདུས་པ་ལ་སོགས་པར། འདི་སྐད་བདག་

གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ་ཞེས་པ་འདི་ལ་ཡང་མིང་དུ་མ་སྟེ། ཨེ་དང་བྷ་ག་པདྨ་དང་། །བདེ་བའི་གནས་སུ་བདེ་བ་ཅན། །སེང་གེའི་ཁྲི་

དང་དམིགས་པ་མེད། །དེ་བཞིན་ཉིད་དང་ཕ་རོལ་ཕྱིན། །ཞེས་པ་རྟེན་ནོ། །དེ་བཞིན་དུ་བརྟེན་པ་ནི། །བཾ་དང་རྡོ་རྗེ་སྨྲ་མཆོག་སྟེར། །ལྷན་ཅིག་སྐྱེས་དགའ་འགྱུར་བ་མེད། །བདེ་དང་ཞི་བ་དགེ་བ་དང་། །དབང་ཕྱུག་ཀུན་དུ་འགྲོ་བ་མཆོག །ཅེས་པ་ལ་སོགས་པ་དུ་མའི་མིང་

རྣམས་ཀྱིས། །བརྟེན་པ་ཡོངས་སུ་བསྒྲགས་པ་ཡིན། །བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པར། ཡེ་ཤེས་སྐུ་ནི་རྒྱུ་མེད་པ། །ཞེས་པ་དང་། ཤེས་རབ་ཕ་རོལ་ཕྱིན་པ་རྟེན། །རྣམ་པ་ཐམས་ཅད་པ་ཉིད་བརྟགས། །དམིགས་པ་མེད་པའི་སྙིང་རྗེ་གང་། །དེ་ནི་བརྟེན་

པར་རབ་ཏུ་བསྒྲགས། །ཞེས་པ་དང་། དེའི་ཕྱིར་རྒྱུད་གཞན་དུ་གསུངས་པ། །ཨེ་ཡིག་ཆ་བྱད་བཟང་པོ་གང་། །དབུས་སུ་བཾ་ཡིག་གིས་བརྒྱན་པ། །བདེ་བ་ཐམས་ཅད་ཀྱི་ནི་གཞི། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་པ་དང་། དེ་བཞིན་དུ། ཐོག་མཐའ་མེད་ཅིང་ཞི་བ་སྟེ། །

Vol. 16 · folio 82a

དངོས་པོ་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་དྲན་པའོ། །ཞེས་པ་ལ་སོགས་པ་རྒྱུད་གཞན་དུ་མར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་འདི་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས་གང་ལ་འདི་

སྐད་བདག་གིས་ཐོས་པ་ལ་སོགས་པ་ཡོད་པ་དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྒྱུད་ཡིན་ལ། གང་ལ་མེད་པ་དེ་ནི་མ་ཡིན་ནོ་ཞེས་སངས་རྒྱས་པ་རྣམས་ཀྱིས་སྨྲ་བར་མི་བྱ་སྟེ། འདིར་ལོག་པའི་ཐོས་པས་མངོན་པར་ཁེངས་པ་དང་ལྡན་པ་རྣམས་ཀྱི་སྔགས་ཀྱི་ཚུལ་ལ་མ་མཐོང་

བའི་ཆོས་ཀྱི་སྐྱོན་བཟུང་བ་ལས་རྩ་བའི་ལྟུང་བར་འགྱུར་རོ། །རྩ་བའི་ལྟུང་བ་ལ་སོགས་པས་ཐོས་པའི་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་མནར་མེད་པར་འགྲོ་བར་འགྱུར་རོ་ཞེས་པའོ། །དེའི་ཕྱིར་རྒྱུད་འདིར་དེ་ནས་འདི་ལ་གསང་བ་ཞེས་པ་ལ་སོགས་པའི་རྒྱུད་བསྟན་པ་ལ་

འགལ་བ་མེད་དེ། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཤེས་རབ་དང་ཐབས་ཀྱི་ཆོས་རབ་ཏུ་རྟོགས་པར་བྱེད་པའི་ཕྱིར་རོ། །འདིར་མངོན་པར་བརྗོད་པ་འབུམ་པར་གསུངས་པ། སྟོང་ཉིད་སྙིང་རྗེ་གཅིག་གྱུར་པ། །རྒྱུད་གང་ལ་ནི་རབ་བསྟན་ཞིང་། །འཇིག་རྟེན་མགོན་པོ་སྒྲུབ་བྱེད་པ། །

རྒྱུད་དེ་སངས་རྒྱས་ཀྱིས་བསྟན་པའོ། །འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས། །འཇིག་རྟེན་དངོས་གྲུབ་བསྒྲུབ་པའི་ཕྱིར། །སྔགས་བཟླས་དེ་བཞིན་ཆོ་ག་དང་། །རྣམ་རྟོག་སྒོམ་པ་རབ་ཏུ་གསུངས། །དོན་དམ་བདེན་པས་གསུངས་པ་ནི། །ཡེ་ཤེས་སྐུ་ནི་རབ་བསྒྲུབ་ཕྱིར། །ཀུན་རྟོག་ཐམས་

ཅད་སྤངས་པ་ཡི། །སྒོམ་པ་དེ་བཞིན་གཤེགས་པས་གསུངས། །ཞེས་པ་རྒྱུད་སོ་སོར་བཞག་པའི་ངེས་པའོ། །ད་ནི། དེ་ནས་འདི་ལས་གསང་བ་བཤད། །ཅེས་པ་ལ་སོགས་པས་རྒྱུད་ལ་གསུངས་པའི་དྲང་བའི་དོན་དང་ངེས་པའི་དོན་གྱིས་རྣམ་པར་དབྱེ་བར་བྱ་སྟེ། དེ་ནས་འདི་

ལས་ཞེས་པ་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་ངེ་འཛིན་གྱི་བར་མ་ཆད་པར་མཁའ་འགྲོ་མའི་འཁོར་ལོ་བདེ་མཆོག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མངོན་པར་བརྗོད་པ་འབུམ་པ་ལས། བཅོམ་ལྡན་འདས་དཔལ་ཧེ་རུ་ཀས། རྡོ་རྗེ་ཕག་མོ་ལ་བོས་པར་གྱུར་པ། ཀྱེ་རྡོ་རྗེ་ཕག་མོ། །རྣལ་འབྱོར་

Vol. 16 · folio 82b

ཉིད་དང་ཆོ་ག་ཡིས། །ཡེ་ཤེས་རྒྱུད་དུ་བཤད་པ་ཉོན། །ཞེས་པ་གང་ཞིག་མངོན་པར་བརྗོད་པ་འབུམ་པར་ཧེ་རུ་ཀར་བརྗོད་པ་གསང་བ་དེ་ཉིད་ངས་ཁྱོད་ལ་བཤད་པར་བྱ་སྟེ། མདོར་བསྡུས་པ་ལས་རྒྱས་པར་མིན། །ཞེས་པའོ། །དེ་ཅིའི་ཕྱིར་བཅོམ་ལྡན་འདས་རྩ་བའི་རྒྱུད་ལས་བསྡུས་པའི་རྒྱུད་

བསྟན་པར་མཛད་ཅེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ། འདིར་སྙིགས་མ་ལྔའི་དུས་ན་འཛམ་བུ་གླིང་པའི་མི་རྣམས་དང་། ཁྱད་པར་དུ་འཕགས་པའི་ཡུལ་དུ་ཚེ་ཐུང་ཞིང་ཤེས་རབ་དམན་པ་འབྱུང་བར་འགྱུར་རོ། །རྡོ་རྗེ་སློབ་དཔོན་གང་ཡིན་པ་དེ་རྣམས་རྩ་བའི་ལྟུང་བ་ལ་འཇུག་

པ་འབྱུང་བར་འགྱུར་རོ། །དགེ་སློང་རྣམས་མི་དགེ་བ་བཅུ་བྱེད་པ་འབྱུང་བར་འགྱུར་རོ། །ཁྱིམ་ན་གནས་པ་རྣམས་དཀོན་མཆོག་གསུམ་གྱི་རྫས་ཉེ་བར་ལོངས་སྤྱོད་པ་འབྱུང་བར་འགྱུར་རོ། །མཁས་པ་རྣམས་མ་ཐོས་པའི་རྒྱུད་འཆད་པ་འབྱུང་བར་འགྱུར་རོ། །མཁས་པའི་མངོན་

པའི་ང་རྒྱལ་གྱིས་རྒྱུད་ལ་དཀའ་འགྲེལ་དང་འགྲེལ་བཤད་བྱེད་པ་འབྱུང་བར་འགྱུར་རོ། །རྒྱུད་ཀྱི་དོན་ཕྱིན་ཅི་ལོག་ཏུ་བསྟན་ནས་དམྱལ་བར་འགྲོ་བ་འབྱུང་བར་འགྱུར་རོ། །གང་ཞིག་སངས་རྒྱས་པ་རྨོངས་པ་དེ་རྣམས་བླུན་པའི་དད་པ་ཉིད་ཀྱིས་ཁྱིམ་ན་གནས་པའི་སློབ་དཔོན་རྣམས་

ལ་བསྙེན་བཀུར་བྱེད་པར་འགྱུར་རོ། །ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན་པ་རྣམས་ལ་སུན་འབྱིན་པ་འབྱུང་བར་འགྱུར་རོ། །སློབ་མ་གང་ཡིན་པ་དེ་རྣམས་བླ་མ་དམ་པའི་སྐྱོན་ཚོལ་བ་འབྱུང་བར་འགྱུར་རོ། །བླ་མ་དམ་པ་མ་ཡིན་པ་བཟའ་བ་དང་གཉིས་སུ་མེད་པ་རྣམས་

ལ་བསྟོད་པ་དང་མཆོད་པ་བྱེད་པར་འགྱུར་རོ། །བླ་མ་མཉེས་པར་བྱ་བར་གསུངས་པ་སངས་རྒྱས་ཀྱི་གསུང་བཞིན་མི་བྱེད་པར་འགྱུར་རོ། །ཆོས་སྟོན་པ་པོ་རྣམས་མི་དགེ་བ་བཅུ་ལ་རབ་ཏུ་འཇུག་པ་འབྱུང་བར་འགྱུར་རོ། །སྒྲུབ་པ་པོ་རྣམས་ཕྱི་རོལ་གྱི་བཟའ་བ་དང་བཏུང་བ་ལ་ལོངས་

སྤྱོད་པ་ལ་ཆགས་པ་འབྱུང་བར་འགྱུར་རོ། །བུད་མེད་ཀྱི་འགྲོ་བ་རྣམས་འདོད་པ་ལ་ཤིན་ཏུ་བརྐམ་པ་འབྱུང་བར་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ཐམས་ཅད་ལས་བསྡུས་པའི་རྒྱུད་བསྟན་ཏོ། །དེ་ཡང་རྡོ་རྗེའི་ཚིག་མང་བ་ཉིད་ཀྱི་ཕྱིར་ཐར་པ་དོན་དུ་གཉེར་བའི་

Vol. 16 · folio 83a

མཁས་པ་རྣམས་ཀྱིས་བླ་མ་དམ་པ་ཉེ་བར་བསྟེན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི་འགྲེལ་བཤད་དང་རྒྱུད་ནི་རྒྱུད་གཞན་དུ་གསུངས་པས་ཤེས་པར་བྱའོ་ཞེས་པའོ། །དེའི་ཕྱིར། མདོར་བསྡུས་པ་ལས་རྒྱས་པར་མིན། །གསང་བ་བདག་

གིས་བཤད་པར་བྱ། །གསང་བ་ཞེས་པ་དྲང་བའི་དོན་གྱིས་ལས་ཀྱི་ཕྱག་རྒྱའི་བྷ་ག་ལ་བརྗོད་དོ། །ངེས་པའི་དོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དོ། །དཔལ་ཧེ་རུ་ཀ་ཡང་དག་སྦྱོར། །ཞེས་པ་ལ་ཤྲཱི་ཞེས་པས་ལྷན་ཅིག་སྐྱེས་པའི་དགའ་བའོ། །ཧེ་ཞེས་པས་རྒྱུ་ལས་ཀྱི་ཕྱག་

རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སྤངས་པའོ། །རུ་ཞེས་པ་གཟུགས་ཀྱི་མཚན་ཉིད་དང་བྲལ་བའོ། །ཀ་ཞེས་པ་མིག་ལ་སོགས་པའི་བྱེད་པ་སྤངས་པ་སྟེ། དམིགས་པ་མེད་པའི་སྙིང་རྗེའི་མཚན་ཉིད་དོ། །དེའི་ཡང་དག་སྦྱོར་ཞེས་པ་སྟོང་པ་ཉིད་དང་ལྷན་ཅིག་གཅིག་པ་ཉིད་དེ་སྟོང་པ་ཉིད་

དང་སྙིང་རྗེ་དབྱེར་མེད་པ་ཉིད་ངས་བཤད་པར་བྱའོ་ཞེས་པའོ། །དྲང་བའི་དོན་གྱིས་དཔལ་ཧེ་རུ་ཀ་ནི་སྐྱེས་པའི་དབང་པོའོ། །དེའི་ཡང་དག་སྦྱོར་བ་ནི་བུད་མེད་ཀྱི་བྷ་ག་དང་ལྷན་ཅིག་པ་ཉིད་དེ། བྱིས་པའི་སྐྱེ་བོ་དབང་པོ་གཉིས་ཀྱི་བདེ་བ་མངོན་པར་འདོད་པ་རྣམས་ཀྱི་བསོད་ནམས་ཀྱི་

ཚོགས་ཀྱི་དོན་དང་། སེམས་ཡུལ་གཞན་ལས་ཡོངས་སུ་དགྲོལ་བའི་དོན་དུ་ངས་བཤད་པར་བྱའོ་ཞེས་པའོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་པ་ལས་ཀྱི་ཚིག་དང་བདག་གིས་བཤད་པ་བྱེད་པ་པོ་ལ་པ་ར་སྨཻའི་ཚིག་ཏུ་ཐམས་ཅད་རིག་པར་བྱའོ། །འདིར་ཕྱི་རོལ་དུ་དྲང་བའི་

དོན་གྱིས་འདོད་པའི་དོན་ཀུན་ནི་ཕྲ་བ་ལ་སོགས་པའི་འཇིག་རྟེན་པའི་ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་དང་སྔགས་དང་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣལ་འབྱོར་གྱིས་འགྱུར་རོ། །དེའི་སྒྲུབ་བྱེད་ནི་སྔར་བརྗོད་པའི་ཤེས་རབ་ཡེ་ཤེས་ཞེས་པའོ། །ངེས་པའི་དོན་གྱིས་འདོད་པ་ཀུན་གྱི་

རྡོ་རྗེ་སེམས་དཔའ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེའི་དོན་ནི་ཐམས་ཅད་མཁྱེན་པ་ཉིད་དེ། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་བྱེད་པའོ། །དེའི་སྒྲུབ་བྱེད་ནི་འདོད་པའི་དོན་ཀུན་སྒྲུབ་བྱེད་དོ། །སྟོང་པ་ཉིད་དང་སྙིང་

Vol. 16 · folio 83b

རྗེ་དབྱེར་མེད་པའི་རྣལ་འབྱོར་བཤད་པར་བྱའོ་ཞེས་པའོ། །བླ་མ་ལས་ཀྱང་བླ་མ་སྟེ། །ཞེས་པ་བླ་ན་མེད་པ་འདོད་པའི་དོན་ཏེ་མིའི་ཡུལ་གྱི་བདེ་བ་རྣམས་ཀྱི་བླ་མ། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་བདེ་བ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་དང་ཡང་དག་པར་

ལྡན་པའི་དངོས་གྲུབ་པོ། །དེ་ལས་ཀྱང་བླ་མར་གྱུར་པ་ནི་མཆོག་གི་བླ་མ་སྟེ། ཐམས་ཅད་མཁྱེན་པའི་བདེ་བ་དབང་ཕྱུག་གི་ཡོན་ཏན་ཐམས་ཅད་དང་ཡང་དག་པར་ལྡན་པ། ཆོས་ཐམས་ཅད་ཀྱི་སྟོན་པ་པོ་རྣམ་པ་ཐམས་ཅད་པ་ཐམས་ཅད་དུ་སོན་པ་ནི་བླ་མ་ལས་ཀྱང་བླ་མ་སྟེ་ཞེས་པའོ། །མཁའ་

འགྲོ་མ་ཡི་དྲ་བ་སྡོམ། །ཞེས་པ་ནི་འདིར་དྲང་བའི་དོན་གྱིས་མཁའ་འགྲོ་མ་ནི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཏེ། ནང་དུ་རྩ་སུམ་ཅུ་རྩ་དྲུག་པོ་རྣམས་དང་། ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་དང་། ཁྭ་ལ་སོགས་པ་སྒོ་བརྒྱད་པོ་རྣམས་ལ་གནས་པ་རྣམས་

སོ། །དེ་རྣམས་ཀྱང་བདག་གི་གདན་ལ་སོགས་པའི་མིང་གིས་གསུངས་པ་ལྷག་མ་ཟ་བའི་དུར་ཁྲོད་ཀྱི་མཐར་ཐུག་པ་ཕྱི་རོལ་དུ་རི་རབ་ཀྱི་ཕྱོགས་བརྒྱད་པོ་རྣམས་སུ་འཆད་པར་འགྱུར་བའི་རིམ་པས་གནས་ལ་སོགས་པ་དང་། སྤྱི་བོ་ལ་སོགས་པའི་ངེས་པ་བསྟན་པ་ནི་བརྟེན་པའི་ཆོས་

རྣམས་ཀྱི་རྟེན་དུ་ཤེས་པར་བྱའོ་ཞེས་སོ། །མཁའ་འགྲོ་མ་འདི་རྣམས་ཀྱི་འཁོར་ལོ་ཚོགས་པ་ནི་དྲ་བའོ། །དེའི་སྡོམ་པ་ནི་གཅིག་ཉིད་དེ། བདག་གི་གདན་ལ་སོགས་པ་ལ་ཧེ་རུ་ཀ་དང་ལྷན་ཅིག་འདུས་པ་ནི། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་པའོ། །ཧེ་རུ་ཀ་ཡང་དཔའ་བོ་རྣམས་དང་

བཅས་པ་ཉི་ཤུ་རྩ་ལྔའི་བདག་ཉིད་དེ། རྡོ་རྗེ་ཕག་མོ་དཔའ་མོའི་དབང་ཕྱུག་མ་རྣམས་དང་བཅས་པ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་ནོ། །འདི་རྣམས་ཀྱི་ཧེ་རུ་ཀ་དང་དཔའ་བོ་ཉི་ཤུ་རྩ་བཞི་རྣམས་དང་ལྷན་ཅིག་འདུས་པ་ནི་མཁའ་འགྲོ་མ་རྣམས་ཀྱི་སྡོམ་པའོ། །འདིར་ཧེ་རུ་ཀ་དང་

ལྷན་ཅིག་ཕོ་ཉ་མོ་བཅུ་གཉིས་པོ་རྣམས་ཀྱི་སྡོམ་པ་དང་། དཔའ་བོ་རྣམས་དང་ལྷན་ཅིག་ཕོ་ཉ་མོ་ཉི་ཤུ་རྩ་བཞི་རྣམས་ཀྱི་སྡོམ་པའོ། །དེ་བཞིན་དུ་ཨཱ་ལི་ཀཱ་ལིའི་རྣལ་འབྱོར་དང་། སྔགས་ཀྱི་ས་བོན་གྱིས་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་རྒྱུད་རྣམས། ཀ་ཡིག་

Vol. 16 · folio 84a

ལ་སོགས་པ་ཡི་གེ་རེ་རེས་དབྱངས་ཀྱི་ཚོགས་དང་བཅས་པས་གཙོ་བོ་མ་གཏོགས་པ་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་པའི་བདག་ཉིད་དང་། གཙོ་བོ་དང་བཅས་པ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དུ་འགྱུར་རོ། །དེ་ལ་རེ་ཞིག་ཀ་རྡོ་རྗེའི་རྒྱུད་བརྗོད་པར་བྱ་སྟེ། སྙིང་པོར་ཡེ་

ཤེས་ཀྱི་འཁོར་ལོའི་ཟེའུ་འབྲུ་ལ་སྟོང་པ་ཉིད་ལྔའི་བདག་ཉིད་ཧཱུཾ་ཡིག་དང་། ཕྱོགས་ཀྱི་འདབ་མ་ལ་ཨ་ཨཱ་ཨཾ་ཨཿམཚམས་ཀྱི་འདབ་མ་ལ་ཀ་ཀཱ་ཀཾ་ཀཿ དུར་ཁྲོད་ཀྱི་ཕྱོགས་རྣམས་སུ་ཡོན་ཏན་གྱི་དབྱེ་བས་ཀ་ཀཱ་ཀཾ་ཀཿ མཚམས་སུ་ཧ་ཧཱ་ཧཾ་ཧཿ ཐུགས་ཀྱི་འཁོར་ལོ་ལ་ཕྱོགས་རྣམས་སུ་

ཀི་ཀྼྀ་ཀུ་ཀླྀ །མཚམས་རྣམས་སུ་ཀཱི་ཀྼྀ་ཀཱུ་ཀླཱྀ །ཞེས་པའོ། །གསུང་གི་འཁོར་ལོ་ལ་ཡོན་ཏན་དང་འཕེལ་བའི་དབྱེ་བས་ཕྱོགས་རྣམས་སུ་ཀེ་ཀར་ཀོ་ཀལ། མཚམས་རྣམས་སུ་ཀཻ་ཀཱར་ཀཽ་ཀཱལ་ཞེས་པའོ། །སྐུའི་འཁོར་ལོ་ལ་ཡ་ཎར་བསྒྱུར་བའི་དབྱེ་བས་ཕྱོགས་རྣམས་སུ། ཀྻ་ཀྼ་ཀྺ་ཀླ།

མཚམས་རྣམས་སུ་ཀྻཱ་ཀྼཱ་ཀྺཱ་ཀླཱ་ཞེས་པ་སྟེ། རླུང་དང་མེ་དང་ཆུ་དང་སའི་ཆོས་ཀྱིས་བརྗོད་པའི་གསལ་བྱེད་འཁོར་ལོ་གསུམ་ལ་ཉི་ཤུ་རྩ་བཞིའི་བདག་ཉིད་དུ་འགྱུར་རོ། །སྟོང་པའི་ཆོས་ཀྱིས་བརྗོད་པ་ཡེ་ཤེས་ཀྱི་འཁོར་ལོ་དང་། དུར་ཁྲོད་བརྒྱད་ལ་བཅུ་གཉིས་ཀྱི་བདག་ཉིད་དུ་འགྱུར་ཏེ། དེས་ན་

གང་ཞིག་སྟོང་པའི་ཆོས་ཅན་གྱི་མཁའ་འགྲོ་མ་དེ་རྣམས་དམིགས་པ་མེད་པའི་སྙིང་རྗེའི་སྐུ་དང་ལྷན་ཅིག་སྡོམ་པ། བཅོམ་ལྡན་འདས་ཀྱི་སྤྱན་བཅུ་གཉིས་ཏེ། རྡོ་རྗེ་ཕག་མོ་དང་ལྷན་ཅིག་འཁྱུད་པའོ། །དཔའ་མོའི་དབང་ཕྱུག་མ་རྣམས་དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་དང་ལྷན་ཅིག་འཁྱུད་

པའོ་ཞེས་པ་དྲང་བའི་དོན་གྱིས་མཁའ་འགྲོ་མའི་དྲ་བ་སྡོམ་པའོ། །ཀ་ཡིག་ལ་ཇི་ལྟ་བ་དེ་ལྟར་ཁ་རྡོ་རྗེ་ལ་སོགས་པའོ། །འདི་ལྟ་སྟེ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཏ་ཐ་ད་དྷ་ན། ས་ཝ་ཥ་ཤ་རྐ། ལ་ཝ་ར་ཡ། ཧ་ཀྵཿཞེས་པ་རྣལ་འབྱོར་མའི་རྒྱུད་སུམ་ཅུ་རྩ་དྲུག་གི་

གཙོ་མོ་རྣམས་དང་། རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གི་གཙོ་བོ་ཡང་སྟེ། ས་བོན་གཅིག་གིས་རྫོགས་པའི་དཀྱིལ་འཁོར་པར་འགྱུར་རོ། །ས་བོན་ཐ་དད་པ་སུམ་ཅུ་རྩ་དྲུག་གིས་བསྐྱེད་པའི་དཀྱིལ་འཁོར་པ་ཐ་དད་པའི་རྒྱུད་ཀྱི་རིགས་སུ་འགྱུར་ཏེ། དེ་རྣམས་རིགས་གཅིག་ཏུ་རྟོགས་པར་བྱ་

Vol. 16 · folio 84b

བ་ནི་མ་ཡིན་ནོ། །གང་གི་ཕྱིར། རིགས་གསུམ་དང་ནི་རིགས་ལྔ་ཉིད། །རང་བཞིན་གཅིག་དང་རིགས་བརྒྱའོ། །ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་ལས། རིགས་སྣ་ཚོགས་པའི་བདག་ཉིད་ཀྱི་རྒྱུད་རྣལ་འབྱོར་པས་དོན་ལ་རྟོན་པ་ལ་བརྟེན་ནས་རྟོགས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་

ངེས་པའོ་ཞེས་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་འཇིག་རྟེན་པའི་ཀུན་རྫོབ་ཏུ་མཁའ་འགྲོ་མའི་འཁོར་ལོ་སྡོམ་པའོ། །ངེས་པའི་དོན་གྱིས་མཁའ་འགྲོ་མའི་འཁོར་ལོ་སྡོམ་ཞེས་པ་མཁའ་འགྲོ་མ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་སོ། །དེ་རྣམས་ཀྱི་ཚོགས་

པ་ནི་འཁོར་ལོ་སྟེ། ཆོས་ཀྱི་སྐུའི་མཚན་ཉིད་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ནོ། །དེ་ནི་ངོ་བོ་ཉིད་ཀྱི་སྐུ་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་ཅན་དང་ལྷན་ཅིག་སྡོམ་པ་སྟེ་གཅིག་པ་ཉིད་དོ། །དེ་ལ་སྙིང་རྗེ་ནི་ཟླ་བ་བྱང་ཆུབ་ཀྱི་སེམས་ཏེ། ཟླ་བའི་རྐང་པ་ཉི་ཤུ་རྩ་ལྔའི་མཚན་ཉིད་བདེ་བ་ཆེན་པོ་སྒྲིབ་

པ་མེད་པ། ཉི་མ་བཅུ་གཉིས་སྟོང་པའི་བདག་ཉིད་ཅན་དེ་དང་ལྷན་ཅིག་སྡོམ་པ་ནི་མཁའ་འགྲོ་མའི་འཁོར་ལོ་སྡོམ་པ་སྟེ། བདག་གིས་བཤད་ཅེས་བྱ་བའི་ངེས་པའོ། །དེ་ལྟར་གསུངས་པའི་རིམ་པས། གསང་ཆེན་མཆོག་ཏུ་དགྱེས་པ་དང་། །ཐམས་ཅད་བདག་ཉིད་ན་རྟག་བཞུགས། །

སེམས་དཔའ་ཕོ་ཉ་ཀུན་རང་བཞིན། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པ་འདིར་སྔར་གསུངས་པའི་སྟོང་པ་ཉིད་ཀྱི་དབྱིངས་ཆོས་ཅན་ཐམས་ཅད་བདག་ཉིད་ན་རྟག་ཏུ་ཐམས་ཅད་ཀྱི་ཚེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ན་བཞུགས་ཞེས་པ་སྐྱེ་བ་དང་འཇིག་

པའི་ཆོས་དང་བྲལ་བའི་ཕྱིར་རོ། །སེམས་དཔའ་ཕོ་ཉ་ཀུན་རང་བཞིན། །ཞེས་པ་ཕོ་ཉ་མོ་ནི་མཁའ་འགྲོ་མ་རྣམས་ཏེ། དེ་རྣམས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྒྲིབ་པ་སྤངས་པ་ནམ་མཁའ་དང་མཉམ་པའོ། །ནམ་མཁའ་ལ་འགྲོ་བ་ལ་ཌཻ་ཞེས་པ་ཁམས་བཀླགས་པ་ལས་

ནམ་མཁའ་ལ་རྒྱུ་བ་ཡིན་གྱིས། གནས་དང་ཉེ་བའི་གནས་ན་གནས་པ་གྲོང་གི་ལྷ་མོ་སེམས་ཅན་ཐམས་ཅད་ལ་གནོད་པ་བྱེད་པ་རྣམས་ནི་མ་ཡིན་ནོ་ཞེས་པའོ། །དེ་རྣམས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་དུ་གྱུར་པ་ནི་དེའི་རང་བཞིན་ཏེ་ཕོ་ཉ་ཀུན་རང་

Vol. 16 · folio 85a

བཞིན་ཞེས་པའོ། །སེམས་དཔའ་ནི་ཁམས་གསུམ་པའི་མཚན་ཉིད་ཅན་ཆོས་ཀྱི་སྐུའོ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པ་ལྷན་ཅིག་སྐྱེས་པའི་སྐུ་བཞི་པ་སྟེ། མཆོག་ཏུ་བདེ་བ་འགྱུར་བ་མེད་པའི་བདེ་བ་ཞེས་པའི་དོན་ནོ། །ཆོས་དང་ལྷན་ཅིག་སྐྱེས་པའི་

སྐུ་འདི་དག་གཅིག་པ་ཉིད་རྡོ་རྗེ་སེམས་དཔའ་ཞེས་བརྗོད་པར་བྱ་སྟེ། རྡོ་རྗེ་ཞེས་པ་ཆོས་ཀྱི་སྐུ་སྟོང་པ་ཉིད་ཤེས་རབ་བོ། །སེམས་དཔའ་ཞེས་པ་ལྷན་ཅིག་སྐྱེས་པའི་སྐུ་དང་སྙིང་རྗེ་དང་ཐབས་སོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཧེ་རུ་ཀའི་ཡང་དག་པར་སྦྱོར་བ་ནི་རྡོ་རྗེ་སེམས་

དཔར་མངོན་པར་བརྗོད་པར་བྱའོ། །འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་པ་འདིར་རང་བྱུང་ནི་ཚངས་པའོ། །དེ་ཡང་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དེ། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །ཞེས་པའི་གསུང་ལ་རྒྱུད་གཞན་གྱིས་རྟོགས་པར་བྱའོ། །དེ་ཡང་

འདི་ལྟ་སྟེ། སྒྱུ་འཕྲུལ་དྲ་བ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པ་ལ་སོགས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པའི་

མཐར་ཐུག་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཤེས་པར་བྱའོ། །རང་བྱུང་ནི་རྣམ་པར་སྣང་མཛད་སྤྲུལ་པའི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ་ཞེས་པ་མཁའ་འགྲོ་མའི་དྲ་བ་སྡོམ་པའི་ངེས་པའོ། །སྒྲ་ཡི་ཚུལ་ལས་རྣམ་པར་འདས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཏེ། །ཞེས་པ་འདི་

ལས་ལྷན་ཅིག་སྐྱེས་པ་དང་ཆོས་དང་སྤྲུལ་པའི་སྐུ་གཅིག་ཏུ་སྦྱར་བའི་ཕྱིར། ལོངས་སྤྱོད་རྫོགས་པའི་སྐུ་སྒྲའི་ཚུལ་ཅན་ཏེ། ཐམས་ཅད་མཁྱེན་པའི་སྐད་གཞོམ་དུ་མེད་པའི་མཚན་ཉིད་དོ། །དེའི་རང་བཞིན་ནི་སྔགས་ཀྱི་སྐུ་སྟེ། དམ་ཚིག་སྤྱོད་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ནཱ་དའི་རང་

བཞིན་སྔགས་ཀྱི་ལྷ་གཞོམ་དུ་མེད་པའི་རང་བཞིན་གྱི་སྐད་དོ། །འདི་གང་གི་སྤྱོད་ཡུལ་དང་རྟོགས་པར་འགྱུར་བའི་སྤྱོད་ཡུལ་གྱིས་དམ་ཚིག་གི་སྤྱོད་པ་དེ་ནི་འཆད་པར་འགྱུར་བར་བརྗོད་པར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་

Vol. 16 · folio 85b

ཀྱི་གཎྜཱི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །ཞེས་པའོ། །འཇིག་རྟེན་གསུམ་དུ་རྙེད་པར་དཀའ། །ཐོག་མ་དབུས་མཐར་ཡང་དག་གནས། །ཞེས་པ་ཡེ་ཤེས་འདི་ནི་ལྷན་ཅིག་སྐྱེས་པ་དང་། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་བདག་ཉིད་

ཡེ་ཤེས་དང་ཐུགས་དང་གསུང་དང་སྐུ་གཅིག་ཏུ་འདྲེས་པར་གྱུར་པ་འཇིག་རྟེན་གསུམ་མཐོ་རིས་དང་ས་སྟེངས་དང་ས་འོག་རྣམས་སུ་ཆོས་ཐམས་ཅད་ལ་ཡང་དག་པར་གནས་པ། བསོད་ནམས་དམན་པ་རྣམས་ཀྱིས་རྙེད་པར་དཀའ་བའོ། །ཐོག་མ་དབུས་མཐར་ཞེས་པ་འདས་པ་དང་མ་འོངས་

པ་དང་ད་ལྟར་བྱུང་བའི་དུས་སུ་ཡང་དག་པར་གནས་པ་སྟེ། ཐོག་མ་དབུས་མཐར་ཡང་དག་གནས། །ཞེས་པའོ། །བསྲུབ་ཅིང་བསྲུབས་པའི་སྦྱོར་བ་ལས། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཞེས་པ་འདིར་ཡེ་ཤེས་དེ་ཉིད་རྣལ་འབྱོར་པ་རྣམས་ཀྱི་དབང་པོ་གཉིས་སྙོམས་པར་ཞུགས་པ་བསྲུབ་

ཅིང་བསྲུབས་པའི་སྦྱོར་བས་ཇི་ལྟར་གྱུར་པ་རྣལ་འབྱོར་ཉིད་སྔར་བཤད་པའོ། །ཆོ་གའི་ཡེ་ཤེས་ནི་འཇིག་རྟེན་པའི་ཆོ་གའི་ཡེ་ཤེས་དངོས་གྲུབ་སྟེ། སྔགས་བཟླས་པ་དང་དཀྱིལ་འཁོར་གྱི་འཁོར་ལོའི་བསམ་གཏན་གྱིས་གྲུབ་པའོ། །སོགས་པའི་སྒྲས་སྦྱིན་སྲེག་ལ་སོགས་པ་རྣམས་

དང་ལྡན་པས་བསྒྲུབ་པར་བྱ་བ་དེ་ཉིད་ཡེ་ཤེས་ཏེ། ཆོ་གའི་ཡེ་ཤེས་འཇིག་རྟེན་པའི་ཡེ་ཤེས་ཞེས་པའོ། །དེ་ལྟར་རྣལ་འབྱོར་ཉིད་ནི་སྔར་བརྗོད་པའི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་ནོ། །ཀྱང་གི་སྒྲ་ལས་ཆོ་གའི་ཡེ་ཤེས་ཀྱང་སྟེ། རྒྱུད་དུ་ངེས་པར་གསུངས་པ་ཞེས་པ་གང་ཞིག་

མངོན་པར་བརྗོད་པ་འབུམ་པར་གསུངས་པའོ། །དེ་བདག་གིས་ད་ནི་བསྡུས་པའི་རྒྱུད་དུ་རྡོ་རྗེ་ཕག་མོ་ལ་བསྟན་པར་བྱ་ཡིས། སྙིང་པོ་ལས་སྙིང་པོ་མཆོག་གི་རྒྱུད་ཉོན་ཅིག་ཅེས་པ་སྟོན་པ་པོ་དང་གསོལ་བ་འདེབས་པ་པོའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་འབྲེལ་

པ་དང་བཅས་པའི་འགྲེལ་བཤད་ཀྱིས་དྲང་བ་དང་ངེས་པའི་དོན་གྱིས་རབ་ཏུ་གསལ་བར་བྱས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པ་ཞེས་པའོ།། །།ད་ནི་རིགས་ལྡན་མའི་མཆོད་པ་བརྗོད་པར་བྱ་སྟེ། དབུ་མ་མཆོག་གི་དབུགས་འབྱུང་བ། །ཞེས་བྱ་བ་ལ་སོགས་པ་སྟེ། འདིར་དབུ་མ་ཨ་ཝ་དྷཱུ་ཏཱི་ཨཱ་

Vol. 16 · folio 86a

ལི་ཀཱ་ལི་དག་གི་དབུས་སུ་མེ་རི་ལྟ་བུར་རབ་ཏུ་འབབ་པའོ། །དེའི་དབུགས་ནི་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་ཀྱི་དབུས་སུ་ཉིན་མཚན་གྱི་དུས་སྦྱོར་བཅུ་གཉིས་འཕོ་བ་རྣམས་ལ་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱའི་གྲངས་རྣམས་སོ། །ལྷག་

མ་རྐང་པ་དང་བཅས་པའི་བརྒྱ་ཕྲག་དགུ་ལྷག་པའི་སྟོང་ཕྲག་ཉི་ཤུའི་གྲངས་ནི་དུས་སྦྱོར་བཅུ་གཉིས་པོ་རྣམས་ལ་ལ་ལ་ནཱ་དང་ར་ས་ནཱ་རབ་ཏུ་འབབ་པ་སྟེ། ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་ལ་སོ་སོར་དབུགས་བརྒྱ་ཕྲག་བཅོ་བརྒྱད་ལ་ལ་ནཱ་ར་རབ་ཏུ་འབབ་པའོ། །དེ་བཞིན་དུ་

གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་ལ་སོ་སོར་ར་ས་ནཱ་ར་རབ་ཏུ་འབབ་པོ། །དེ་དག་གི་དང་པོ་དང་ཐ་མའི་དབུགས་འཕོ་བ་སོ་སོའི་དུས་ལ་མཉམ་པ་དང་མི་མཉམ་པའི་དུས་སྦྱོར་གྱི་དབུས་སུ་དབུ་མ་ཨ་ཝ་དྷཱུ་ཏཱི་ལས་རྐང་པ་དང་བཅས་པ་ལྔ་བཅུ་རྩ་དྲུག་གི་གྲངས་རྣམས་ཏེ། དམན་

པའི་སྲོག་ཆགས་རྣམས་ལ་འཆི་བ་སྟེར་བ་རིགས་ལྡན་མའི་དུས་ཡང་དག་པར་འབྱུང་བར་འགྱུར་བའི་རང་བཞིན་འཆི་ལྟས་ཀྱིས་འཆི་བར་བྱེད་པ་སྟེ། དུས་མེའི་རབ་ཏུ་རྒྱུ་བ་ལས་སོ། །ལྷག་མ་རྐང་པ་དང་བཅས་པ་ལྔ་བཅུ་རྩ་དྲུག་གིས་དམན་པའི་དབུགས་བརྒྱ་ཕྲག་བཅོ་བརྒྱད་ལ་ལ་ནཱ་དང་ར་

ས་ནཱའི་དཀྱིལ་འཁོར་ལྔ་འབབ་པའོ། །དེ་རྣམས་ལ་དཀྱིལ་འཁོར་སོ་སོར་འབབ་པ་དྲུག་ཅུ་ལྷག་པའི་སུམ་བརྒྱའི་གྲངས་ཏེ་རྐང་པ་དང་བཅས་པའི་དབུགས་བཅུ་གཅིག་གིས་དམན་པའོ། །འདིར་ལ་ལ་ནཱ་ལས་ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་ལྔ་དང་། ར་ས་ནཱ་ནས་ས་ལ་སོགས་

པའི་དཀྱིལ་འཁོར་ལྔ་སྟེ་གཡོན་པ་དང་གཡས་པ་ལའོ། །འདིར་ལྟེ་བའི་པདྨའི་འདབ་མ་ལ་གྲངས་ཇི་ལྟ་བར་དབུས་དང་ཤར་དང་གཡས་དང་གཡོན་དང་ནུབ་ཏུ་སྟོང་པ་དང་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་རྣམས་དང་། ལྟེ་བ་ལ་རྣམ་པར་དག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་

དྲུག་གོ། །སྟེང་དུ་སྣའི་བུ་ག་དག་ལ་ཇི་ལྟ་བ་བཞིན་དུ་དབུས་དང་སྟེང་དང་གཡས་དང་གཡོན་དང་འོག་ལ་རིམ་པ་ཇི་ལྟ་བས་གཡོན་ལ་སྟོང་པ་ལ་སོགས་པ་དང་གཡས་ལ་ས་ལ་སོགས་པ་སྟེ། དྲུག་པ་ནི་སྣའི་བུ་ག་དག་ལ་ཅིག་ཅར་གྱི་རྐང་པ་དང་བཅས་པའི་དབུགས་ལྔ་བཅུ་རྩ་དྲུག་གི་

Vol. 16 · folio 86b

བདག་ཉིད་ཅེས་པའོ། །དཀྱིལ་འཁོར་འདི་རྣམས་ཀྱི་གཡོན་པ་དང་གཡས་པར་རབ་ཏུ་འབབ་པའི་དབུགས་རྣམས་རྩ་ཀུན་དུ་རྒྱུ་བའི་སྟོབས་རྣམས་སམ་སྲོག་རྩོལ་གྱི་སྟོབས་ཀྱིས་ཀྱང་དབུ་མ་ཨ་ཝ་དྷཱུ་ཏཱི་ལ་རབ་ཏུ་ཞུགས་པར་གྱུར་པས་ཐུན་མོང་བའི་འཆི་ལྟས་ཀྱིས་འཆི་བ་བསླུ་བར་འགྱུར་རོ། །

རྣལ་འབྱོར་གྱི་སྟོབས་ཀྱིས་དབུ་མ་ལ་རབ་ཏུ་ཞུགས་པར་གྱུར་པའི་ཕྱིར་མཆོག་སྟེ། སྲོག་ཆེན་པོར་གྱུར་པ་དམན་པ་ཐུན་མོང་བ་རྣམས་ཀྱིས་འཇོམས་པར་བྱེད་པ། མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེར་བ། རྣལ་འབྱོར་པའི་ཡེ་ཤེས་རང་རིག་པ། ཕྱི་རོལ་གྱི་དབང་བོ་དང་ཡུལ་གྱི་བདེ་བ་འཇིག་

པའི་རང་བཞིན་སྤངས་པ་མཆོག་གི་དབང་པོས་རྟོགས་པར་བྱ་བ་དབུགས་ཀྱི་འཁོར་ལོའི་གྲངས་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཅན་ཏེ། བདེ་བ་ཆེན་པོ་འཛག་པ་མེད་པའི་ཕྱིར་རོ་ཞེས་པའོ། །དེ་རྣམས་ལས་སོ་སོར་མཆོག་ཏུ་མི་འགྱུར་བའི་བདེ་བའི་དབུགས་ནི་མཆོག་སྟེ། དབུ་མ་

མཆོག་གི་དབུགས་ཞེས་པའོ། །དེ་ནས། དབུ་མ་མཆོག་གི་དབུགས་དང་ནི། །དྲི་དང་ཆུ་དང་བཅས་པ་ཡིས། །ཞེས་པ་ལ་འདིར་དྲི་ཞེས་པ་རྣམ་པར་སྣང་མཛད་དང་ཟླ་བའི་དབུགས་རབ་ཏུ་འབབ་པ་སྟེ། འོག་དང་སྟེང་དུ་ལ་ལ་ནཱའོ། །ཆུ་ཞེས་པ་མི་བསྐྱོད་པ་དང་ཉི་མའི་དབུགས་རབ་ཏུ་

འབབ་པ་སྟེ། འོག་དང་སྟེང་དུ་ར་ས་ནཱའོ། །དབུ་མ་ཞེས་པ་ཁུ་བ་དང་རྡུལ་དང་སྒྲ་གཅན་དང་དུས་ཀྱི་མེའི་དབུགས་རབ་ཏུ་འབབ་པ་སྟེ། འོག་དང་སྟེང་དུ་ཨ་ཝ་དྷཱུ་ཏཱིའོ། །དབུ་མ་ཨ་ཝ་དྷཱུ་ཏཱིའི་དབུགས་འགྱུར་བ་མེད་པ་ནི་སྲོག་ཆགས་རྣམས་ཀྱི་འཆི་བ་སྟེར་བ་ཐུན་མོང་བའི་འཆི་ལྟས་ཀྱི་འཆི་བ་སླུ་

བར་བྱེད་པ་སྟེ། མཆོག་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བའོ། །དེའི་ཕྱིར། དབུ་མ་མཆོག་གི་དབུགས་འབྱུང་བ། །ཞེས་བརྗོད་དོ། །དེ་ཉིད་འོག་དང་སྟེང་དུ་བཤང་གཅི་ཟླ་བ་ཉི་མའི་རྩ་རྣམས་དང་ལྡན་པ་སྟེ། ཁུ་བ་དང་རྡུལ་དང་སྒྲ་གཅན་དང་དུས་ཀྱི་མེའི་རྩ་

རོ་མཉམ་དུ་གྱུར་པ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཞི་འཛིན་པ། སྐུ་དང་གསུང་དང་ཐུགས་རོ་མཉམ་པར་གྱུར་པ། སྟེང་དང་འོག་ཏུ་རྡོ་རྗེ་རྩེ་གཅིག་པ་ཞེས་པའོ། །དེ་ནས་དབུ་མ་མཆོག་གི་དབུགས་དེས། དྲི་དང་ཆུ་དང་བཅས་པ་ཡིས། ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱིས་

Vol. 16 · folio 87a

གཟུང་བ་དང་འཛིན་པ་སྤོངས་པས་རྡོ་རྗེ་འཛིན་པའི་དབུགས་ཆེན་པོས་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུ་དང་བྲལ་བས་ཕྱག་རྒྱ་ཆེན་པོའི་རྒྱུར་གྱུར་པས་རྣལ་འབྱོར་པའི་ཡེ་ཤེས་རང་རིག་པས་ཡུལ་དང་དབང་པོ་གཅིག་ཏུ་འདྲེས་པར་གྱུར་པ། ལྟེ་བར་གཏུམ་

མོ་འབར་བས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བསྲེགས་ཏེ། དཔྲལ་བའི་ཟླ་བ་བཞུ་བའི་བདུད་རྩི་འཛག་པ་མེད་པ་སྟེང་དུ་འགྲོ་བ་མཆོག་ཏུ་མི་འགྱུར་བ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་སྐུ་ཡིས། ཨཱ་ལི་དང་ཀཱ་ལི་དང་ཧཱུཾ་ཕཊ་ཡི་གེ་དང་བྲལ་བས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་སྤངས་

པས་སྔགས་བཟླས་པ་དང་ཕྱག་རྒྱ་དང་བྱིན་གྱིས་བརླབ་པ་དང་བླ་མའི་བཀའ་ཀུན་དུ་སྤྱོད་པའི་ཆོས་རྣམས་ལས་ཕྱི་རོལ་དུ་གྱུར་པས། སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པས་སྙིང་རྗེ་དང་སྟོང་པ་ཉིད་དབྱེར་མེད་པས། དཔྲལ་བ་ནས་རྡོ་རྗེ་ནོར་བུའི་མཐར་ཐུག་པ་བར་

མ་ཆད་པར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་ཀྱིས་འཛག་པ་མེད་པའི་ཆགས་པ་ཆེན་པོས་དབུ་མ་མཆོག་གི་དབུགས་འབྱུང་བ་འདིས། རྟག་ཏུ་རིགས་ལྡན་མ་མཆོད་བྱ། །ཞེས་པ་འདིར་རིགས་ལྡན་མ་ནི་དབུ་མ་ཨ་ཝ་དྷཱུ་ཏཱིའི་རྡོ་རྗེ་ཕག་མོ་སྒྲིབ་པ་མེད་པ་གཟུང་བ་དང་འཛིན་པ་

སྤངས་པ། རྣལ་འབྱོར་པ་རྣམས་ཀྱི་བདུད་ཀྱི་ཚོགས་ཟད་པར་བྱེད་པ་མོ། མི་ཤེས་པ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཚོགས་དང་བྱང་ཆུབ་ཀྱི་སེམས་ཀྱང་ཟད་པར་བྱེད་པ་མོ། བྱང་ཆུབ་ཀྱི་སེམས་འཕོ་བ་ལས་འཆི་བ་སྟེར་བ་མོའོ། །དེ་ནི་རྡོ་རྗེ་རྣལ་འབྱོར་མ་རང་གི་སེམས་ཀྱི་སྣང་

བ་ཙམ་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་དེ་བཞིན་ཉིད་དང་རིགས་ལྡན་མ་དང་པདྨ་ཞེས་བརྗོད་པར་བྱའོ། །རིགས་ལྡན་མ་དེ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་འཛག་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཟླ་བ་

ཞུ་བའི་ཆགས་པ་ཆེན་པོ་དབུ་མ་མཆོག་གི་དབུགས་དྲི་དང་ཆུ་དང་བཅས་པ། རིགས་ལྡན་མར་ཡང་དག་པར་གྱུར་པའི་ཐབས་དེས་རང་གི་ཤེས་རབ་དེ་ཉིད་མཆོད་པར་བྱའོ་ཞེས་པ་སྟེ། གཟུང་བ་དང་འཛིན་པའི་སེམས་དང་ཤེས་པ་དང་ཤེས་བྱ་དང་སྟོང་པ་ཉིད་དང་སྙིང་རྗེ་དག་གཅིག་

Vol. 16 · folio 87b

པ་ཉིད་དུ་རྣལ་འབྱོར་པས་བྱའོ་ཞེས་པ་ངེས་པའི་དོན་ཏོ། །རྟག་ཏུ་མཆོད་བྱ་ཞེས་པ་དུས་ཐམས་ཅད་དུ་གཙང་བའམ་མི་གཙང་བའམ་ལངས་པའམ་འདུག་པའམ་གཉིད་ལོག་པའམ་ལུས་དང་ངག་དང་སེམས་བྱ་བ་ལ་གནས་པ་ན། མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་རྗེས་སུ་ཆགས་པ་ཕྱི་རོལ་

གྱི་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་དགའ་བ་དང་བྲལ་བ་མཆོག་གི་དབང་པོ་རྣམས་ཀྱིས་མཐོང་བའི་ཡུལ་ཉེ་བར་ལོངས་སྤྱོད་པ་ལ་མ་ཆགས་པའོ་ཞེས་པ་དབུ་མའི་དབུགས་ཀྱི་རིགས་ལྡན་མ་མཆོད་པའི་ཆོ་ག །འཇིག་རྟེན་ལས་འདས་པའི་བདེན་པས་ཕྱག་རྒྱ་ཆེན་པོའི་

དངོས་གྲུབ་ཀྱི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ད་ནི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་ཕོ་ཉ་མོའི་ཀུན་དུ་སྤྱོད་པ་དང་འཁོར་ལོ་འདུས་པ་ལ་བདུད་རྩི་ལྔའི་རིལ་བུ་དང་། གཡུལ་དུ་མཚོན་གྱིས་བསད་པ་ཁ་ན་མ་ཐོ་བ་དང་བྲལ་བའམ་ནད་ཀྱིས་ཤི་བའམ་ལས་ངན་

པས་བསད་པ་ཡང་སྟེ། གོ་ཀུ་ད་ཧ་ན་ལ་སོགས་པ་རྣམས་དང་། ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་རྣམས་གྱིས་ཕོ་ཉ་མོ་རྣམས་མཆོད་པའི་ཆོ་ག་ཕྱི་རོལ་དང་ནང་དུ་བརྗོད་པར་བྱ་སྟེ། དུས་ཀྱི་ཁྱད་པར་ཞེས་པ་ལ་སོགས་པས་སོ། །འདིར་རེ་ཞིག་དུས་ནི་རྣམ་པ་གཉིས་ཏེ། ཕྱི་རོལ་དང་ནང་དུ་ཡང་

ངོ་། །ལོ་སོ་སོ་དང་ཉིན་ཞག་སོ་སོར་གྲངས་ཇི་ལྟ་བར་འདིའི་དུས་ཀྱི་ཁྱད་པར་ཏེ། ཕྱི་རོལ་དང་ནང་དུ་ཁྱིམ་གྱི་འཁོར་ལོ་དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་ཅན་ཞེས་པ་ཁྱད་པར་གྱི་དུས་སོ། །འདིར་ཕྱི་རོལ་དུ་ལོ་སོ་སོའི་དུས་ཀྱི་ཁྱད་པར་ཏེ། སླར་ཡང་ཉིན་ཞག་རྣམས་དང་ཕྱོགས་དང་

ཟླ་བ་དང་དུས་དྲུག་དང་དུས་བཞི་དང་དུས་གསུམ་དང་བགྲོད་པ་ཞེས་པའོ། །ནང་དུ་ནི་ཉིན་ཞག་སོ་སོའི་དུས་ཀྱི་ཁྱད་པར་ཏེ། སླར་ཡང་དབུགས་རྣམས་དང་ཆུ་སྲང་དང་ཆུ་ཚོད་དང་ཡུད་ཙམ་དང་ཐུན་ཕྱེད་དང་དུས་སྦྱོར་དང་ཐུན་དང་ཐུན་མཚམས་དང་ཉིན་མཚན་ཞེས་པ་དུས་ཀྱི་ཁྱད་པར་རོ། །ཕྱི་རོལ་

དུ་ལོ་སོ་སོའི་དུས་གྱི་ཁྱད་པར་ནི་ཉིན་ཞག་དྲུག་ཅུ་ལྷག་པའི་སུམ་བརྒྱ་རྣམས་དང་ཕྱོགས་ཉི་ཤུ་རྩ་བཞི་དང་ཟླ་བ་བཅུ་གཉིས་དང་དུས་དྲུག་དང་ཟླ་བ་གསུམ་གྱི་བདག་ཉིད་ཀྱི་དུས་བཞི་དང་ཟླ་བ་བཞིའི་བདག་ཉིད་ཀྱི་དུས་གསུམ་དང་ཟླ་བ་དྲུག་གི་བདག་ཉིད་ཀྱི་བགྲོད་པ་གཉིས་ཏེ་འདི་རྣམས་ཀྱི་ཚོགས་ནི་

Vol. 16 · folio 88a

ལོ་གཅིག་གི་དུས་སོ། །ནང་དུ་ཉིན་ཞག་སོ་སོའི་དུས་ནི་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་དང་། ཆུ་སྲང་སུམ་སྟོང་དྲུག་བརྒྱ་རྣམས་དང་། ཆུ་ཚོད་དྲུག་ཅུ་དང་། ཡུད་ཙམ་སུམ་ཅུ་དང་། ཐུན་ཕྱེད་པ་བཅུ་དྲུག་དང་། དུས་སྦྱོར་བཅུ་གཉིས་

དང་། ཐུན་བརྒྱད་དང་། ཐུན་མཚམས་བཞི་དང་། ཉིན་མོ་དང་མཚན་མོ་རྣམས་ཏེ་འདི་རྣམས་ཀྱི་ཚོགས་ནི་ཉི་མ་གཅིག་གི་དུས་སོ། །དེ་ལྟར་ཕྱི་རོལ་དུ་ཉི་མ་རྒྱུ་བས་དུས་ཀྱི་ཁྱད་པར་ཇི་ལྟ་བ་དེ་བཞིན་དུ་ནང་དུ་སྲོག་རབ་ཏུ་རྒྱུ་བས་དུས་ཀྱི་ཁྱད་པར་ཏེ། དུས་ཀྱི་ཁྱད་པར་དེས་ལོ་སོ་སོའི་ཉི་མ་སོ་

སོ་ལ་ཕོ་ཉ་མོ་རྣམས་མཆོད་པར་བྱའོ་ཞེས་པའོ། །ཕོ་ཉ་མོ་ནི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་གཤིན་རྗེ་འཇོམས་མའི་མཐར་ཐུག་པ་སུམ་ཅུ་རྩ་དྲུག་གི་རྣལ་འབྱོར་མ་རྣམས་ཏེ། དེ་རྣམས་མཆོད་པར་བྱའོ་ཞེས་པའོ། །འདིར་ཇི་ལྟར་ཕོ་ཉ་མོ་རྣམས་མཆོད་པ་དེ་བཞིན་དུ་ལྷན་ཅིག་སྐྱེས་གྲུབ་

རྣམས་ཏེ། རིམ་པ་མ་ཡིན་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཉི་ཤུ་རྩ་བཞི་དམན་པ་དང་བར་མ་དང་མཆོག་རྣམས་ཏེ་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་རྣམས་ལ་ས་འོག་དང་ས་སྟེངས་དང་ནམ་མཁའ་ལ་སྤྱོད་པའི་དངོས་གྲུབ་སྟེར་བ་ཉིད་ཀྱི་ཕྱིར་ཞེས་པའོ། །དེ་རྣམས་ཀྱང་དུས་ཀྱི་ཁྱད་

པར་གྱིས་མཆོད་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལྟར་ཕོ་ཉ་མོ་རྣམས་དང་ལྷན་ཅིག་སྐྱེས་གྲུབ་རྣམས་བདུད་རྩི་ལྔའི་རི་ལུ་དང་། གོ་ཀུ་ད་ཧ་ན་ལ་སོགས་པའི་ཤ་ཁ་ན་མ་ཐོ་བ་དང་བྲལ་བའི་དམ་ཚིག་རྣམས་དང་། ཉེ་བར་སྤྱོད་པ་ལྔ་པོ་རྣམས་ཀྱིས་ཕྱི་རོལ་དུ་ཚོགས་ཀྱི་

འཁོར་ལོ་དང་ནང་དུ་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་འཁོར་ལོ་ལ་མཆོད་པར་བྱ་སྟེ་ཉི་མ་རྒྱུ་བ་དང་སྲོག་རྒྱུ་བས་དུས་ཀྱི་ཁྱད་པར་རོ། །དུས་ཀྱི་ཁྱད་པར་དེས་ཕོ་ཉ་མོའི་ཀུན་དུ་སྤྱོད་པའོ། །ཕོ་ཉ་མོའི་ཀུན་ཏུ་སྤྱོད་པས་ལོངས་སྤྱོད་པ་དང་ཐམ་པ་དང་དབང་བྱེད་པ་དང་བདག་པོ་ཉིད་དེ། རིགས་

ལྡན་མ་དང་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་པོ་རྣམས་ཀྱི་ཡང་རིམ་པ་ཇི་ལྟ་བས་ད་ལྟར་བྱུང་བའི་དུས་ལ་ལོངས་སྤྱོད་དོ། །མ་འོངས་པའི་དུས་ལ་ཐིམ་མོ། །འདས་པའི་དུས་ལ་དབང་བྱེད་དོ། །ཉི་མ་འཆར་བ་ན་ལོངས་སྤྱོད་དོ། །ཉི་མ་ཕྱེད་པ་ན་དབང་བྱེད་དོ། །ཉི་མ་ནུབ་པའི་གནས་ལ་བདག་པོ་

Vol. 16 · folio 88b

ཉིད་དོ། །མཚན་ཕྱེད་པ་ན་ནུབ་པ་ཞེས་པ་རིགས་པའོ། །དེ་ལྟར་ཕྱི་རོལ་དུ་ལོངས་སྤྱོད་པའི་ཉིན་ཞག་དང་ནང་དུ་ལོངས་སྤྱོད་པའི་དུས་ལ་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པའོ། །རྣལ་འབྱོར་མའི་ཀུན་དུ་སྤྱོད་པས་འཁོར་ལོ་འདུས་པ་སྟེ། འཁོར་ལོ་འདུས་པས་ལོངས་སྤྱོད་པའི་ཉིན་ཞག་དང་ལོངས་

སྤྱོད་པའི་དུས་ལ་མཆོད་པར་བྱའོ་ཞེས་པའོ། །བྱིས་པའི་དུས་ལ་ལོངས་སྤྱོད་པ་དང་ལང་ཚོའི་དུས་ལ་དབང་བྱེད་པ་དང་། རྒན་པོའི་དུས་ལ་བདག་པོ་ཉིད་དང་ནུབ་པར་གྱུར་པའི་དུས་ལ་ཐིམ་པ་སྟེ། ཐིམ་པ་ལས་སླར་སྐྱེ་བ་བྱིས་པ་ཞེས་བརྗོད་དོ། །དེ་ལྟར་དུས་ཀྱི་ཁྱད་པར་གྱིས་ཐུན་

མཚམས་བཞིའི་དབྱེ་བ་དང་། ཐུན་བརྒྱད་ཀྱི་དབྱེ་བ་དང་། ཕྱོགས་ཉི་ཤུ་རྩ་བཞིའི་དབྱེ་བས་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་པོ་རྣམས་ཀྱིས་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པ་དང་བདག་པོ་ཞེས་པ་ཐམས་ཅད་ངེས་པའོ། །ད་ནི་མཆོད་པའི་ཆོ་ག་བརྗོད་པར་བྱ་སྟེ། འདིར་ཕྱི་

རོལ་དང་ནང་དུ་རིགས་ལྡན་མ་རྡོ་རྗེ་ཕག་མོ་བདེ་བ་ཆེན་པོ་འགྱུར་བ་མེད་པའི་སྐད་ཅིག་མས་དབུ་མ་མཆོག་གི་དབུགས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་སྔགས་པས་དུས་ཐམས་ཅད་དུ་མཆོད་པར་བྱའོ། །འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་

རྣམས་རིམ་པ་ཇི་ལྟ་བའི་དུས་ཀྱི་ཁྱད་པར་གྱིས་མཆོད་པར་བྱའོ་ཞེས་པའོ། །འདིར་ཕྱི་རོལ་དུ་ཆུ་སྲིན་གྱི་འཕོ་བ་ལ་ཤར་གྱི་ཞལ་འབྱུང་བ་ན་བསད་པའི་ལས་སྒྲུབ་པའི་དོན་དུ་རྡོ་རྗེ་མཁའ་འགྲོ་མ་ལ་མཆོད་པར་བྱའོ། །ལུག་གི་འཕོ་བ་ལ་གཡས་པའི་ཞལ་འབྱུང་བ་ན། དབང་གི་ལས་སྒྲུབ་པའི་

དོན་དུ་ལཱ་མ་མཆོད་པར་བྱའོ། །ཀརྐ་ཊའི་འཕོ་བ་ལ་ནུབ་ཀྱི་ཞལ་འབྱུང་བ་ན་རེངས་པའི་ལས་སྒྲུབ་པའི་དོན་བུ་དུམ་སྐྱེས་མ་ལ་མཆོད་པར་བྱའོ། །སྲང་གི་འཕོ་བ་ལ་བྱང་གི་ཞལ་འབྱུང་བ་ན་ཞི་བའི་ལས་སྒྲུབ་པའི་དོན་དུ་གཟུགས་ཅན་མ་ལ་མཆོད་པར་བྱའོ་ཞེས་པ་སྟེ། འཕོ་བའི་ཟླ་བ་གསུམ་

གྱི་མཐར་ཉི་མའི་དུས་ལ་ནོར་དང་བུ་ལོན་འཕེལ་བ་དང་ཉམས་པའི་དབྱེ་བས་ལོའི་དུས་བཞིའི་མཚམས་སོ། །དེ་རྣམས་ཀྱི་འཕོ་བའི་ཉིན་ཞག་རྣམས་ལ་ཇི་ལྟར་བརྗོད་པའི་རིམ་པས་མཁའ་འགྲོ་མ་བཞི་པོ་ལོངས་སྤྱོད་པར་འགྱུར་ཏེ། ཐུགས་དང་གསུང་དང་ཡེ་ཤེས་དང་སྐུའི་ཞལ་གྱི་དབྱེ་བས་

Vol. 16 · folio 89a

བཅོམ་ལྡན་འདས་ཀྱིས་ཤར་དང་ལྷོ་དང་ནུབ་དང་བྱང་གི་ལྷ་མོ་རྣམས་བསད་པ་ལ་སོགས་པའི་ལས་སྒྲུབ་པའི་ཆེད་དུ་རྟོགས་པར་བྱའི། ས་ལ་སོགས་པའི་ཁམས་ཀྱི་དབྱེ་བས་མ་ཡིན་ནོ་ཞེས་པ་ངེས་པའོ། །དེ་ལྟར་ཐམས་ཅད་དུ་འཆད་པར་འགྱུར་བ་ལ་ཞལ་གྱི་དབྱེ་བས་

ལས་རབ་འབྱམ་སྒྲུབ་པ་ལ་ལྷ་མཆོད་པའི་ངེས་པའོ།། །།ད་ནི་དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱི་མཆོད་པ་བརྗོད་པར་བྱ་སྟེ། འདིར་ཆུ་སྲིན་གྱི་འཕོ་བའི་ཉིན་ཞག་ལ་བསྐྲད་པའི་དོན་དུ་ཁྭ་གདོང་མ་དང་བུམ་པའི་ཕྱེད་ཀྱི་ཉིན་ཞག་ལ་དགུག་པའི་དོན་དུ་འུག་གདོང་མ་དང་། ལུག་གི་འཕོ་བའི་ཉིན་ཞག་

ལ་ཕུར་བུས་གདབ་པའི་དོན་དུ་ཁྱི་གདོང་མ་དང་། གླང་གི་ཕྱེད་ཀྱི་ཉིན་ཞག་ལ་རྒྱས་པའི་དོན་དུ་ཕག་གདོང་མ་དང་། ཀརྐ་ཊའི་འཕོ་བའི་ཉིན་ཞག་ལ་དུག་གཞིལ་བའི་དོན་དུ་གཤིན་རྗེ་བརྟན་མ་དང་། སེང་གེའི་ཕྱེད་ཀྱི་ཉིན་ཞག་ལ་རྨོངས་པའི་དོན་དུ་གཤིན་རྗེ་ཕོ་ཉ་མོ་དང་། སྲང་གི་འཕོ་བའི་ཉིན་

ཞག་ལ་རེངས་པའི་དོན་དུ་གཤིན་རྗེ་མཆེ་བ་མོ་དང་། སྡིག་པའི་ཕྱེད་ཀྱི་ཉིན་ཞག་ལ་རྣམ་པར་དབྱེ་བའི་དོན་དུ་གཤིན་རྗེ་འཇོམས་མ་ལ་རྣལ་འབྱོར་པ་རྣམས་ཀྱིས་མཆོད་པར་བྱའོ། །ཕྱེད་དང་བཅས་པ་ཕྱེད་དང་བཅས་པའི་ཟླ་བའི་བདག་ཉིད་ཀྱི་ལོའི་ཐུན་བརྒྱད་དོ། །དེ་རྣམས་ཀྱི་དང་

པོའི་ཉིན་ཞག་རྣམས་ལ་ཇི་ལྟར་བརྗོད་པའི་རིམ་པས་རྣལ་འབྱོར་མ་བརྒྱད་པོ་རྣམས་ལོངས་སྤྱོད་དེ་ཕྱེད་དང་བཅས་པ་ཕྱེད་དང་བཅས་པའི་ཟླ་བ་ཇི་སྲིད་པར་ཞེས་པ་ངེས་པའོ། །ད་ནི་ཐུགས་དང་གསུང་དང་སྐུའི་འཁོར་ལོའི་ལྷ་མོ་རྣམས་མཆོད་པ་བརྗོད་པར་བྱ་སྟེ། འདིར་མགོའི་ཟླ་བའི་

གནམ་སྟོང་ལ་བསད་པའི་ལས་སྒྲུབ་པའི་དོན་དུ་རབ་གཏུམ་མ་དང་ཐོད་པའི་དུམ་བུ་ལའོ། །ཉ་ལ་དབང་དུ་བྱ་བའི་དོན་དུ་གཏུམ་མིག་མ་དང་ཀེང་རུས་ཆེན་པོ་ལའོ། །རྒྱལ་གྱི་ཟླ་བའི་གནམ་སྟོང་ལ་རེངས་པའི་དོན་དུ་འོད་ལྡན་མ་དང་ཀེང་རུས་ཅན་ལའོ། །ཉ་ལ་རྒྱས་པའི་དོན་དུ་

སྣ་ཆེན་མ་དང་མཆེ་བ་རྣམ་པར་གཙིགས་པ་ལའོ། །མཆུའི་ཟླ་བའི་གནམ་སྟོང་ལ་ཞི་བའི་དོན་དུ་དཔའ་བོའི་བློ་ཅན་མ་དང་ཆང་དགྲ་ལའོ། །ཉ་ལ་རྨོངས་པའི་དོན་དུ་མིའུ་ཐུང་མ་དང་འོད་དཔག་མེད་ལའོ། །དབོའི་ཟླ་བའི་གནམ་སྟོང་ལ་དགུག་པའི་དོན་དུ་ལང་ཀའི་དབང་ཕྱུག་མ་དང་

Vol. 16 · folio 89b

རྡོ་རྗེའི་འོད་ལའོ། །ཉ་ལ་རྣམ་པར་དབྱེ་བའི་དོན་དུ་ཤིང་གྲིབ་མ་དང་རྡོ་རྗེའི་སྐུ་ལའོ་ཞེས་པ་མགོའི་ཟླ་བ་ལ་སོགས་པ་ཟླ་བ་བཞི་ཕྱོགས་བརྒྱད་ཀྱི་ཉིན་ཞག་རྣམས་ལ་ཇི་ལྟར་བརྗོད་པའི་རིམ་པས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་བརྒྱད་པོ་རྣམས་ཐུགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་དོ། །ད་ནི་

གསུང་གི་འཁོར་ལོ་ལ་མཆོད་པ་བརྗོད་པར་བྱ་སྟེ། འདིར་ནག་པའི་ཟླ་བའི་གནམ་སྟོང་ལ་བསྐྲད་པའི་དོན་དུ་ས་སྲུངས་མ་དང་མྱུ་གུ་ཅན་ལའོ། །ཉ་ལ་ཀུན་དུ་གདུང་བའི་དོན་དུ་འཇིགས་བྱེད་ཆེན་མོ་དང་རྡོ་རྗེ་རལ་པ་ཅན་ལའོ། །ས་གའི་ཟླ་བའི་གནམ་སྟོང་ལ་སྡེ་རེངས་པའི་དོན་

དུ་རླུང་ཤུགས་མ་དང་དཔའ་བོ་ཆེན་པོ་ལའོ། །ཉ་ལ་སྤྲིན་གྱི་ཆར་དབབ་པའི་དོན་དུ་ཆང་འཐུང་མ་དང་རྡོ་རྗེ་ཧཱུཾ་མཛད་ལའོ། །སྣྲོན་གྱི་ཟླ་བའི་གནམ་སྟོང་ལ་རིམས་ཉེ་བར་ཞི་བའི་དོན་དུ་ལྷ་མོ་སྔོ་བསངས་མ་དང་རབ་ཏུ་བཟང་པོ་ལའོ། །ཉ་ལ་ས་འོག་འབྱེད་པའི་དོན་དུ་ཤིན་ཏུ་བཟང་

མོ་དང་རྡོ་རྗེ་བཟང་པོ་ལའོ། །ཆུ་སྟོད་ཀྱི་ཟླ་བའི་གནམ་སྟོང་ལ་དབབ་པའི་དོན་དུ་རྟ་རྣ་མ་དང་འཇིགས་བྱེད་ཆེན་པོ་ལའོ། །ཉ་ལ་སྤྲིན་རྣམ་པར་འཇོམས་པའི་དོན་དུ་མཁའ་འགྲོ་བྱ་གདོང་མ་དང་མིག་མི་བཟང་ལའོ་ཞེས་པ་ནག་པའི་ཟླ་བ་ལ་སོགས་པ་ཟླ་བ་བཞིའི་ཕྱོགས་བརྒྱད་

ཀྱི་ཉིན་ཞག་རྣམས་ལ་ཇི་ལྟར་བརྗོད་པའི་རིམ་པ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་བརྒྱད་པོ་རྣམས་གསུང་གི་འཁོར་ལོ་ལ་ལོངས་སྤྱོད་དོ། །ད་ནི་སྐུའི་འཁོར་ལོ་ལ་མཆོད་པ་བརྗོད་པར་བྱ་སྟེ། འདིར་གྲོ་བཞིན་གྱི་ཟླ་བའི་གནམ་སྟོང་ལ་རལ་གྲི་ཆེན་པོ་སྒྲུབ་པའི་དོན་དུ་འཁོར་

ལོའི་ཤུགས་ཅན་མ་དང་སྟོབས་པོ་ཆེ་ལའོ། །ཉ་ལ་ཀླུའི་བུ་མོ་དབང་དུ་བྱ་བའི་དོན་དུ་དུམ་སྐྱེས་མ་དང་རིན་ཆེན་རྡོ་རྗེ་ལའོ། །ཁྲུམས་ཀྱི་ཟླ་བའི་གནམ་སྟོང་ལ་ཀླུའི་རྒྱལ་པོ་རེངས་པར་བྱ་བའི་དོན་དུ་ཤཽཎྜི་ནི་དང་རྟ་མགྲིན་ལའོ། །ཉ་ལ་རོ་ཆེན་པོ་སྒྲུབ་པའི་དོན་དུ་འཁོར་ལོའི་

གོ་ཆ་མ་དང་ནམ་མཁའི་སྙིང་པོ་ལའོ། །ཐ་སྐར་གྱི་ཟླ་བའི་གནམ་སྟོང་ལ་བདུད་རྩི་སྒྲུབ་པའི་དོན་དུ་རབ་ཏུ་དཔའ་མོ་དང་ཧེ་རུ་ཀ་ལའོ། །ཉ་ལ་རྫས་ཀྱི་གཏེར་སྒྲུབ་པའི་དོན་དུ་སྟོབས་ཆེན་མ་དང་པདྨ་གར་གྱི་དབང་ཕྱུག་ལའོ། །སྨིན་དྲུག་གི་ཟླ་བའི་གནམ་སྟོང་ལ་རིན་པོ་ཆེ་སྒྲུབ་པའི་

Vol. 16 · folio 90a

དོན་དུ་འཁོར་ལོས་སྒྱུར་མ་དང་རྣམ་པར་སྣང་མཛད་ལའོ། །ཉ་ལ་འཇིག་རྟེན་གསུམ་འདར་བའི་དོན་དུ་བརྩོན་འགྲུས་ཆེན་མོ་དང་རྡོ་རྗེ་སེམས་དཔའ་ལའོ་ཞེས་པ་གྲོ་བཞིན་གྱི་ཟླ་བ་ལ་སོགས་པ་ཟླ་བ་བཞིའི་ཕྱོགས་བརྒྱད་ཀྱི་ཉིན་ཞག་རྣམས་ལ་ཇི་ལྟར་བརྗོད་པའི་

རིམ་པས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་བརྒྱད་པོ་རྣམས་སྐུའི་འཁོར་ལོ་ལ་ལོངས་སྤྱོད་དོ། །ཡང་ན་སྡིག་པའི་འཕོ་བའི་ཉིན་ཞག་དང་སྡིག་པའི་ཕྱེད་ཀྱི་ཉིན་ཞག་དང་། གཞུའི་འཕོ་བའི་ཉིན་ཞག་དང་གཞུའི་ཕྱེད་དང་ཆུ་སྲིན་གྱི་འཕོ་བའི་ཉིན་ཞག་དང་ཆུ་སྲིན་གྱི་ཕྱེད་དང་

བུམ་པའི་འཕོ་བའི་ཉིན་ཞག་དང་བུམ་པའི་ཕྱེད་ཀྱི་ཉིན་ཞག་སྟེ་ཉིན་ཞག་བརྒྱད་པོ་རྣམས་ལ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་བརྒྱད་པོ་རྣམས་ཐུགས་ཀྱི་འཁོར་ལོར་ལོངས་སྤྱོད་དོ། །དེ་ལྟར་ཉའི་འཕོ་བ་དང་ཉའི་ཕྱེད་དང་། ལུག་གི་འཕོ་བ་དང་ལུག་གི་ཕྱེད་དང་། གླང་གི་

འཕོ་བ་དང་གླང་གི་ཕྱེད་དང་། འཁྲིག་པའི་འཕོ་བ་དང་འཁྲིག་པའི་ཕྱེད་དེ། ཉིན་ཞག་བརྒྱད་པོ་འདི་རྣམས་ལ་ཇི་ལྟར་བརྗོད་པའི་རིམ་པས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་བརྒྱད་པོ་རྣམས་གསུང་གི་འཁོར་ལོར་ལོངས་སྤྱོད་དོ། །དེ་བཞིན་དུ་ཀརྐ་ཊའི་འཕོ་བ་དང་། ཀརྐ་ཊའི་

ཕྱེད་དང་། སེང་གེའི་འཕོ་བ་དང་སེང་གེའི་ཕྱེད་དང་། བུ་མོའི་འཕོ་བ་དང་བུ་མོའི་ཕྱེད་དང་། སྲང་གི་འཕོ་བ་དང་སྲང་གི་ཕྱེད་དེ་ཉིན་ཞག་བརྒྱད་པོ་འདི་རྣམས་ལ་ཇི་ལྟར་བརྗོད་པའི་རིམ་པས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་བརྒྱད་པོ་འདི་རྣམས་སྐུའི་འཁོར་ལོ་ལ་ལོངས་

སྤྱོད་དོ། །འདིར་རབ་བྱུང་ལ་སོགས་པ་ལོ་གསུམ་གསུམ་གྱི་རབ་ཏུ་དབྱེ་བས་ད་ལྟར་བ་ནི་ཐོག་མའི་ལོར་གཟུང་བར་བྱའོ། །འདི་ལྟ་སྟེ། རབ་བྱུང་རྣམ་བྱུང་དཀར་པོ་དང་། །རབ་མྱོས་སྐྱེས་བདག་ཨངྒི་ར། །དཔལ་གདོང་དངོས་པོ་ན་ཚོད་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་

པོ། །མྱོས་ལྡན་དཔའ་བོ་ཁྱུ་མཆོག་དང་། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང་། །བོང་བུ་དགའ་བ་རྣམ་རྒྱལ་ཉིད། །རྒྱལ་བ་མྱོས་བྱེད་གདོང་ངན་དང་། །གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་། །ཀུན་ལྡན་

Vol. 16 · folio 90b

འབར་བ་དགེ་བྱེད་དང་། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུ་ཕུར་བུ་དང་། །ཞི་བ་ཐུན་མོང་འགལ་བྱེད་དང་། །ཡོངས་འཛིན་བག་ཡོད་ཀུན་དགའ་དང་། །སྲིན་བུ་མེ་དང་དམར་སེར་ཅན། །དུས་ཀྱི་ཕོ་ཉ་དོན་གྲུབ་དྲག །བློ་ངན་རྔ་ཆེན་ཁྲག་སྐྱུགས་པ། །མིག་དམར་ཁྲོ་བོ་

ཟད་པའོ། །ཞེས་པ་ལོ་སྐོར་དྲུག་ཅུའོ། །ལོ་གསུམ་པོ་དེ་རྣམས་ལ་སླར་དང་པོའི་ལོ་ལ་ཡོན་ཏན་གསུམ་གྱི་དབྱེ་བས་གཟུང་བར་བྱའོ། །དེ་ལ་དང་པོའི་ལོ་ལ་ལྷ་མོ་བཞིའི་མིང་དང་ལྷན་ཅིག་ཞལ་བཞིའི་སྔགས་ཟླ་བ་གསུམ་གསུམ་གྱི་དབྱེ་བས་བཟླས་པར་བྱའོ། །དེ་ནས་ལོ་གཉིས་པ་ལ་རྣལ་

འབྱོར་མ་བརྒྱད་ཀྱི་མིང་དང་ལྷན་ཅིག་རྐང་པ་བརྒྱད་པའི་སྔགས་ཕྱེད་དང་བཅས་པའི་ཟླ་བའི་དབྱེ་བས་བཟླས་པར་བྱའོ། །དེ་ནས་ལོ་གསུམ་པ་ལ་ལྷ་མོ་ཉི་ཤུ་རྩ་བཞིའི་མིང་དང་ལྷན་ཅིག་ཡན་ལག་སོ་སོའི་ཕྲེང་བའི་སྔགས་སྔར་བརྗོད་པའི་ལས་རབ་འབྱམ་སྒྲུབ་པའི་དོན་དུ་བཟླས་པར་བྱའོ། །

དེ་ལྟར་ལོ་གསུམ་དང་ལོ་དྲུག་དང་ལོ་དགུ་དང་ལོ་བཅུ་གཉིས་རྣམས་ཀྱིས་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་བསྒྲུབས་ནས། དེ་ནས་སྔགས་པས་འཇིག་རྟེན་པའི་དངོས་གྲུབ་ལས་རབ་འབྱམ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལྟར་ནང་དུ་ཐུན་མཚམས་

བཞི་དང་ཐུན་བརྒྱད་དང་ཕྱེད་དང་བཅས་པའི་དབྱུ་གུ་གཉིས་ཀྱི་བདག་ཉིད་ཅན་གྱི་དུས་སྦྱོར་གྱི་ཕྱོགས་ཉི་ཤུ་རྩ་བཞི་རྣམས་ཏེ། དུས་འདི་རྣམས་ལ་ཉིན་ཞག་སོ་སོར་སྔར་བརྗོད་པའི་དངོས་གྲུབ་སྒྲུབ་པའི་ཕྱིར་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་མཆོད་པར་བྱའོ་ཞེས་པ་དུས་ཀྱི་ཁྱད་

པར་གྱིས་ཕོ་ཉ་མོ་རྣམས་མཆོད་པའི་ཆོ་གའི་ངེས་པའོ། །ད་ནི་རྒྱུད་གཞན་དང་གཞན་དུ་གསུངས་པའི་དུས་ཀྱི་ཁྱད་པར་བརྗོད་པར་བྱའོ། །འདིར་བཅོམ་ལྡན་འདས་ཀྱིས་དུས་ཀྱི་ཁྱད་པར་རྒྱུད་དང་རྒྱུད་གཞན་དུ་གསུངས་ཏེ། །འདིར་ནི་མདོར་བསྟན་པ་ཙམ་གྱིས་གསུངས་སོ། །

དེ་ཡང་རྒྱུད་གཞན་དུ་གསུངས་པའི་དགོངས་པས་འདིར་རྟོགས་པར་བྱ་སྟེ། རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་གསུངས་ལས་སོ། །དེ་ལྟར་དུས་ཀྱི་ཁྱད་པར་དེ་ནི་དང་པོར་རེ་ཞིག་རྡོ་རྗེ་གདན་བཞིར་ཆུ་སྲིན་ལ་སོགས་པའི་དུས་སྦྱོར་གང་

Vol. 16 · folio 91a

ཡིན་པ་དེ་རྣམས་རོ་ཧི་ཏ་ལ་སོགས་པ་རྩ་བཅུ་གཉིས་དང་། རྒྱལ་ལ་སོགས་པ་ཟླ་བ་བཅུ་གཉིས་གང་ཡིན་པ་དེ་རྣམས་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་རྣམས་སོ། །དེ་ལྟར་ཕྱི་རོལ་དང་ནང་དུ་ལོ་སོ་སོ་དང་། ཉིན་ཞག་སོ་སོ་ལ་དུས་སྦྱོར་བཅུ་གཉིས་

རྣམས་ཏེ། དུས་སྦྱོར་རེ་རེ་ནི་དབྱུ་གུ་ལྔའི་བདག་ཉིད་དོ། །དབྱུ་གུ་ནི་ཆུ་སྲང་དྲུག་ཅུའི་བདག་ཉིད་དོ། །ཆུ་སྲང་ནི་དབུགས་དྲུག་གི་བདག་ཉིད་དོ། །དེ་ལྟར་ཉིན་མཚན་གྱི་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་འབྱུང་སྟེ། ཕྱི་རོལ་དུ་ཉི་མའི་དབྱུ་གུ་དང་ནང་དུ་ནི་

དབུགས་རྣམས་སོ། །དེ་ལྟར་ཉིན་མཚན་གྱིས་ཞེས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་དཔལ་ཀྱེའི་རྡོ་རྗེར་གསུངས་ཏེ། སྤྲུལ་པའི་འཁོར་ལོ་ལ་རྐང་པ་དང་བཅས་པའི་ཆུ་སྲང་ལྔ་བཅུ་རྩ་དྲུག་གི་བདག་ཉིད་ཀྱི་དབྱུ་གུ་དྲུག་ཅུ་རྩ་བཞི་དང་བདེ་བ་ཆེན་པོའི་འཁོར་ལོ་དབྱུ་གུ་

གཉིས་ཀྱི་བདག་ཉིད་ཀྱི་ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། ལོངས་སྤྱོད་ཀྱི་འཁོར་ལོ་ལ་ཆུ་ཚོད་གཉིས་ཀྱི་བདག་ཉིད་ཀྱི་འཕོ་བ་བཅུ་དྲུག་དང་། ཆོས་ཀྱི་འཁོར་ལོ་ལ་ཐུན་མཚམས་བརྒྱད་དེ། འདིར་ལོངས་སྤྱོད་དང་བདེ་བ་ཆེན་པོའི་འཁོར་ལོ་གོ་བཟློག་པ་ནི་བླ་མའི་ཉེ་བར་བསྟན་པའོ། །

དེ་ལྟར་ཉིན་མཚན་གྱི་དུས་ཀྱི་ཁྱད་པར་ཉུང་ངུའི་རྒྱུད་ལས་མདོར་བསྡུས་པའོ། །རྩ་བའི་རྒྱུད་དུ་ནི་བཅོམ་ལྡན་འདས་ཀྱིས་སླར་ཡང་མངོན་པར་བརྗོད་པ་འབུམ་པ་ལ་སོགས་པ་རྒྱས་པར་གསུངས་པ། འདི་ལྟ་སྟེ། དེ་ལ་ཕྱི་རོལ་དུ་ཉི་མའི་ལོ་སོ་སོ་ནི་ཉིན་ཞག་ཉིད་དོ། །ཉིན་ཞག་དེ་

ལ་དུས་ཀྱི་ཁྱད་པར་དབྱུ་གུ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་ཏེ་དེ་རྣམས་ཀྱང་ཉི་མའི་དབུགས་སོ། །དེ་རྣམས་ཀྱང་ནང་དུ་ཉིན་ཞག་སོ་སོར་ལུས་ཅན་རྣམས་ཀྱིས་དབུགས་སོ་ཞེས་སོ། །དེ་ལྟར་ཕྱི་རོལ་དུ་ལོ་ལ་དབྱུ་གུ་དྲུག་ཅུ་དྲུག་ཅུའི་བདག་ཉིད་ཀྱི་ཉིན་

ཞག་དྲུག་ཅུ་ལྷག་པའི་སུམ་བརྒྱ་རྣམས་ཏེ། ནང་དུ་ཉིན་ཞག་ལ་དབུགས་དྲུག་ཅུ་དྲུག་ཅུའི་བདག་ཉིད་རྣམས་སོ། །དེ་ལྟར་དབྱུ་གུ་དགུ་བརྒྱ་དགུ་བརྒྱའི་བདག་ཉིད་ཀྱི་ཕྱོགས་ཉི་ཤུ་རྩ་བཞི་རྣམས་ཏེ། ནང་དུ་ནི་དབུགས་དགུ་བརྒྱ་དགུ་བརྒྱའི་བདག་ཉིད་ཅེས་པའོ། །

Vol. 16 · folio 91b

དེ་བཞིན་དུ་ཕྱི་རོལ་དུ་དབྱུ་གུ་བརྒྱ་ཕྲག་བཅོ་བརྒྱད་བཅོ་བརྒྱད་ཀྱི་བདག་ཉིད་ཀྱི་ཟླ་བ་བཅུ་གཉིས་རྣམས་ཏེ། ནང་དུ་ནི་དབུགས་བརྒྱ་ཕྲག་བཅོ་བརྒྱད་བཅོ་བརྒྱད་ཀྱི་བདག་ཉིད་ཅེས་པའོ། །ཕྱི་རོལ་དུ་དབྱུ་གུ་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གི་བདག་ཉིད་ཀྱི་དུས་དྲུག་རྣམས་ཏེ། ནང་དུ་ནི་དབུགས་

བརྒྱ་ཕྲག་སུམ་ཅུ་རྩ་དྲུག་སུམ་ཅུ་རྩ་དྲུག་གི་བདག་ཉིད་ཅེས་པའོ། །ཕྱི་རོལ་དུ་དབྱུ་གུ་བརྒྱ་ཕྲག་ལྔ་བཅུ་རྩ་བཞི་བརྒྱ་ཕྲག་ལྔ་བཅུ་རྩ་བཞིའི་བདག་ཉིད་ཀྱི་དུས་བཞི་རྣམས་ཏེ། ནང་དུ་ནི་དབུགས་བརྒྱ་ཕྲག་ལྔ་བཅུ་རྩ་བཞི་བརྒྱ་ཕྲག་ལྔ་བཅུ་རྩ་བཞིའི་བདག་ཉིད་ཅེས་པའོ། །ཕྱི་རོལ་

དུ་དབྱུ་གུ་བརྒྱ་ཕྲག་བདུན་ཅུ་རྩ་གཉིས་བརྒྱ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་བདག་ཉིད་དུས་གསུམ་མོ། །ནང་དུ་ནི་དབུགས་བརྒྱ་ཕྲག་བདུན་ཅུ་རྩ་གཉིས་བརྒྱ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅེས་པའོ། །ཕྱི་རོལ་དུ་བགྲོད་པ་གཉིས་ལ་སོ་སོར་དབྱུ་གུ་ཁྲི་བརྒྱད་བརྒྱ་ལྷག་པའི་སྟོང་

ཕྲག་བཅུའི་བདག་ཉིད་དོ། །ནང་དུ་དབུགས་ཁྲི་བརྒྱད་བརྒྱ་ལྷག་པའི་སྟོང་ཕྲག་བཅུའི་བདག་ཉིད་ཅེས་པའོ། །དེ་ལྟར་ན་ཕྱི་རོལ་དུ་ཉི་མའི་ཞག་སོ་སོ་ལ་ཉིན་མཚན་གྱི་དབྱུ་གུ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་ཏེ། ནང་དུ་ནི་ཉིན་ཞག་སོ་སོར་ལུས་ཅན་རྣམས་ཀྱི་

དབུགས་རྣམས་སོ། །འདིར་མི་རྣམས་ཀྱི་དབུགས་འབྱུང་བ་དང་རྔུབ་པ་ལ་ལུས་སྐྱེས་སྲིན་བུའི་རིགས་རྣམས་ཀྱི་ཉིན་མཚན་ནོ། །དེ་ལ་འདི་ཉིད་ཀྱི་ཁྱད་པར་གྱིས་དུས་རྟོགས་པར་བྱ་སྟེ། འདིར་མི་རྣམས་ཀྱི་ཟླ་བ་ནི་ཡི་དགས་རྣམས་ཀྱི་ཉིན་མཚན་ནོ། །ལྷ་མིན་རྣམས་ཀྱི་ལོ་ནི་ལྷ་

མ་ཡིན་རྣམས་ཀྱི་ལོ་སྐོར་དྲུག་ཅུའོ། །དབུགས་ཀྱི་འཁོར་ལོའི་གྲངས་ཀྱི་ལོ་ནི་ནུས་པ་ཞེས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉིན་མཚན་ནོ། །ཉིན་ཞག་དེ་ཉིད་གཙོ་བོའི་དབུགས་གཅིག་སྟེ། སེམས་ཅན་གྱི་དོན་དང་སྙིང་བརྩེ་བའི་ཕྱིར་ཞེས་པའོ། །དེ་ལྟར་དུས་ཀྱི་ཁྱད་པར་ཉིན་

ཞག་སོ་སོ་ལ་ཐམས་ཅད་དུ་རྟོགས་པར་བྱ་སྟེ། རྒྱུད་དང་རྒྱུད་གཞན་དུ་དེ་བཞིན་གཤེགས་པས་གསུངས་སོ། །དེ་ལྟར་གདན་བཞི་ལ་སོགས་པ་རྣམས་ཀྱིས་འཁོར་ལོ་སྡོམ་པའི་དུས་ཀྱི་ཁྱད་པར་ཤེས་པར་བྱ་སྟེ། རྩ་བའི་རྒྱུད་ཐོས་པ་མེད་པའི་ཕྱིར་རོ། །འདིས་ནི་མཁས་པ་རྣམས་ཀྱི་གདན་བཞི་

Vol. 16 · folio 92a

ལ་སོགས་པའི་རྒྱུད་དུ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་ལ་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པ་མཁས་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ་ཞེས་པའོ། །དུས་ཀྱི་ཁྱད་པར་གྱིས་ཕྱི་རོལ་དང་ནང་དུ་མཆོད་པའི་ཆོ་གའི་ངེས་པའོ།། །།ད་ནི་རིགས་ཀྱི་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་

བརྗོད་པར་བྱ་སྟེ། སུམ་ཅུ་རྩ་བདུན་ན་ནི་རིགས་ལྡན་མའོ། །འདི་ལྟ་སྟེ། རྩ་བའི་རྒྱུད་འདིར་རྡོ་རྗེ་ཕག་མོ་ནི་རིགས་ལྡན་མའོ། །རིགས་མེད་པ་ནི་གཡུང་མོའོ། །མཁའ་འགྲོ་མ་ནི་དམངས་རིགས་མའོ། །ལཱ་མ་ནི་རྒྱལ་རིགས་མའོ། །དུམ་སྐྱེས་མ་ནི་རྗེའུ་རིགས་མའོ། །གཟུགས་ཅན་མོ་ནི་བྲམ་

ཟེ་མོའོ། །ཁྭ་གདོང་མ་ནི་ཀླ་ཀློ་མའོ། །འུག་གདོང་མ་ནི་འཕྱག་པ་མའོ། །ཁྱི་གདོང་མ་ནི་གཏུམ་མོའོ། །ཕག་གདོང་མ་ནི་སྟག་གཟིག་མའོ། །གཤིན་རྗེ་བརྟན་མ་ནི་རི་ཁྲོད་མའོ། །གཤིན་རྗེ་ཕོ་ཉ་མོ་ནི་བྷི་ལླིའོ། །གཤིན་རྗེ་མཆེ་བ་མ་ནི་པུཀྐ་སཱིའོ། །གཤིན་རྗེ་འཇོམས་མ་ནི་སྨྱོན་ཐབས་མའོ། །

རབ་གཏུམ་མ་ནི་འོད་ཟེར་མཁན་མའོ། །གཏུམ་མིག་མ་ནི་ཆང་མཁན་མའོ། །འོད་ལྡན་མ་ནི་ཕྲེང་བ་མཁན་མའོ། །སྣ་ཆེན་མ་ནི་གསེར་མ་གར་མཁན་མའོ། །དཔའ་བོའི་བློ་ཅན་ནི་ཁྲོན་པ་མཁན་མའོ། །མིའུ་ཐུང་མ་ནི་སྨྱིག་མ་མཁན་མའོ། །ལང་ཀའི་དབང་ཕྱུག་མ་ནི་འཁར་བ་མཁན་མའོ། །

ཤིང་གྲིབ་མ་ནི་ནོར་བུ་མཁན་མའོ། །ས་སྲུངས་མ་ནི་ལྕགས་མཁན་མའོ། །འཇིགས་བྱེད་ཆེན་མོ་ནི་རྒྱ་སྐྱེགས་མཁན་མའོ། །རླུང་ཤུགས་མ་ནི་སྲིན་བ་ལ་མཁན་མའོ། །ཆང་འཐུང་མ་ནི་ཏིལ་མར་མཁན་མའོ། །ལྷ་མོ་སྔོ་བསངས་མ་ནི་འབྲེག་མཁན་མའོ། །ཤིན་ཏུ་བཟང་མོ་ནི་ཀོ་ལྤགས་

མཁན་མའོ། །རྟ་རྣ་མ་ནི་ཤིང་མཁན་མའོ། །མཁའ་འགྲོ་གདོང་མ་ནི་གླིང་བུ་མཁན་མའོ། །འཁོར་ལོའི་ཤུགས་ཅན་མ་ནི་ཤ་འཚོང་མའོ། །དུམ་སྐྱེས་མ་ནི་གཡོས་མཁན་མའོ། །ཤཽཎྜི་ནི་ནི་ཚེམ་བུ་མའོ། །འཁོར་ལོའི་གོ་ཆ་མ་ནི་གར་མཁན་མའོ། །ཤིན་ཏུ་དཔའ་མོ་ནི་ཚོས་མཁན་

མའོ། །སྟོབས་ཆེན་མ་ནི་ཉ་བ་མའོ། །འཁོར་ལོས་སྒྱུར་མ་ནི་རྫ་མཁན་མའོ། །བརྩོན་འགྲུས་ཆེན་མོ་ནི་སྨད་འཚོང་མའོ། །འདི་རྣམས་རིམ་པ་ཇི་ལྟ་བས་ཕྱི་རོལ་དུ་ལོངས་སྤྱོད་པའི་ཉིན་ཞག་དང་ལོངས་སྤྱོད་པའི་དུས་ལ་སྔར་བརྗོད་པའི་ལས་རབ་འབྱམ་དང་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་

Vol. 16 · folio 92b

པའི་དོན་དུ་སྔགས་པས་མཆོད་པར་བྱའོ་ཞེས་པ་རིགས་ཀྱི་ཕོ་ཉ་མོ་མཆོད་པའི་ཆོ་ག་བཅོམ་ལྡན་འདས་ཀྱི་ངེས་པའོ།། །།ད་ནི་དམ་ཚིག་གི་ཕོ་ཉ་མོ་རང་གི་གཟུགས་ཡོངས་སུ་བསྒྱུར་བ་བརྗོད་པར་བྱ་སྟེ། འདིར་རྡོ་རྗེ་ཕག་མོ་ནི་རིགས་ལྡན་མ་སྟེ། ཐམས་ཅད་དུ་གཟུགས་ཐམས་ཅད་ཡོངས་སུ་

བསྒྱུར་བ་མའོ། །རྡོ་རྗེ་མཁའ་འགྲོ་མ་ནི་ཁྱི་མོའོ། །ལཱ་མ་ནི་རྒོད་མའོ། །དུམ་སྐྱེས་མ་ནི་གླང་མའོ། །གཟུགས་ཅན་མ་ནི་བའོ། །རབ་གཏུམ་མ་ནི་ལུག་མོའོ། །གཏུམ་མིག་མ་ནི་ར་མོའོ། །འོད་ལྡན་མ་ནི་རི་དགས་མོའོ། །སྣ་ཆེན་མ་ནི་བོང་མོའོ། །དཔའ་བོའི་བློ་ཅན་མ་ནི་ཕག་མོའོ། །མིའུ་ཐུང་

མ་ནི་རྔ་མོའོ། །ལང་ཀའི་དབང་ཕྱུག་མ་ནི་འབྲོག་དགོན་པའི་ཁྱི་མོའོ། །ཤིང་གྲིབ་མ་ནི་འབྲོག་དགོན་པའི་སེང་གེ་མོའོ། །ས་སྲུངས་མ་ནི་བསེ་མོའོ། །འཇིགས་བྱེད་ཆེན་མོ་ནི་སྟག་མོའོ། །རླུང་ཤུགས་མ་ནི་དོམ་མོའོ། །ཆང་འཐུང་མ་ནི་སྤྲེ་མོའོ། །ལྷ་མོ་སྔོ་བསངས་མ་ནི་འབྲི་

མོའོ། །ཤིན་ཏུ་བཟང་མོ་ནི་ཅེ་སྤྱང་མའོ། །རྟ་རྣ་མ་ནི་སྲམ་མོའོ། །མཁའ་འགྲོ་གདོང་མ་ནི་བྱི་ལ་མོའོ། །འཁོར་ལོའི་ཤུགས་ཅན་མ་ནི་ཀུམྦྷི་རཱིའོ། །དུམ་སྐྱེས་མ་ནི་འགྲོན་བུ་མོའོ། །ཤཽཎྜི་ནི་ཀརྐ་ཊཱིའོ། །འཁོར་ལོའི་གོ་ཆ་མ་ནི་ཉ་མོའོ། །ཤིན་ཏུ་དཔའ་མོ་ནི་ཆུ་སྲིན་མོའོ། །སྟོབས་ཆེན་

མོ་ནི་སྦལ་པ་མོའོ། །འཁོར་ལོས་སྒྱུར་མ་ནི་རུས་སྦལ་མོའོ། །བརྩོན་འགྲུས་ཆེན་མོ་ནི་དུང་མོའོ། །ཁ་གདོང་མ་ནི་གོ་དྷིའོ། །འུག་གདོང་མ་ནི་བྱི་བ་མོའོ། །ཁྱི་གདོང་མ་ནི་ཤཱ་ལི་ཛ་ཏི་ཀིའོ། །ཕག་གདོང་མ་ནི་སྤྲེའུ་མོའོ། །གཤིན་རྗེ་བརྟན་མ་ནི་རི་བོང་མའོ། །གཤིན་རྗེ་ཕོ་ཉ་མོ་

ནི་གཟུགས་མོའོ། །གཤིན་རྗེ་མཆེ་བ་མོ་ནི་ཨིཥྚ་ཀིའོ། །གཤིན་རྗེ་འཇོམས་མ་ནི་རྩངས་པ་མའོ་ཞེས་པ་ཐང་ལ་སྤྱོད་པ་དང་། ཆུ་ལ་སྤྱོད་པ་དང་། ནགས་ལ་སྤྱོད་པ་དང་། གཟུགས་ཡོངས་སུ་བསྒྱུར་བའི་དམ་ཚིག་གི་ལྷ་མོ་སུམ་ཅུ་རྩ་དྲུག་པོ་དེ་རྣམས་ཀྱི་རང་བཞིན་གང་གི་ཚེ་རྣལ་འབྱོར་

པས་ཤེས་པར་གྱུར་པ་དེའི་ཚེ་དངོས་གྲུབ་སྟེར་བར་འགྱུར་རོ།། །།ད་ནི་མཁའ་ལ་སྤྱོད་པའི་གཟུགས་ཡོངས་སུ་བསྒྱུར་བ་བརྗོད་པར་བྱ་སྟེ། འདིར་རྡོ་རྗེ་ཕག་མོ་ནི་རིགས་ལྡན་མ་སྟེ། གཟུགས་ཐམས་ཅད་ཡོངས་སུ་བསྒྱུར་བ་མོའོ། །མཁའ་འགྲོ་མ་ནི་ཙཱ་ཏ་ཀིའོ། །ལཱ་མ་ནི་ནེ་ཙོ་

Vol. 16 · folio 93a

མའོ། །དུམ་སྐྱེས་མ་ནི་རི་སྐེགས་མའོ། །གཟུགས་ཅན་མ་ནི་ཁུ་བྱུག་མའོ། །རབ་གཏུམ་ནི་ལཱ་མོའོ། །གཏུམ་མིག་མ་ནི་ཕུག་རོན་མའོ། །འོད་ལྡན་མ་ནི་བྱ་དཀར་མོའོ། །སྣ་ཆེན་མ་ནི་ཙ་ཊ་ཀིའོ། །དཔའ་བོའི་བློ་ཅན་མ་ནི་ངུར་པ་མོའོ། །མིའུ་ཐུང་མ་ནི་ངང་པ་མའོ། །

ལང་ཀའི་དབང་ཕྱུག་མ་ནི་ཧོར་པ་མོའོ། །ཤིང་གྲིབ་མ་ནི་ལྗོན་ཤིང་དགྲ་མའོ། །ས་སྲུངས་མ་ནི་བྱ་རོག་མོའོ། །འཇིགས་བྱེད་ཆེན་མོ་ནི་བྱ་རྒོད་མའོ། །རླུང་ཤུགས་མ་ནི་འུག་པ་མོའོ། །ཆང་འཐུང་མ་ནི་རི་དགས་དགྲ་མའོ། །ལྷ་མོ་སྔོ་བསངས་ཅན་མ་ནི་གཙུག་པུད་ཅན་མའོ། །ཤིན་ཏུ་

བཟང་མོ་ནི་བྱ་གག་མོའོ། །རྟ་རྣ་མ་ནི་བྷེ་ཌ་ཎིའོ། །མཁའ་འགྲོ་གདོང་མ་ནི་འོལ་བ་མོའོ། །འཁོར་ལོའི་ཤུགས་ཅན་མ་ནི་ཁྲུང་ཁྲུང་མའོ། །དུམ་སྐྱེས་མ་ནི་ཁུ་བྱུག་མིག་མའོ། །ཤཽཎྜི་ནི་ནི་རི་ར་ཛ་ཀིའོ། །འཁོར་ལོའི་གོ་ཆ་མ་ནི་བྷ་ག་བ་ཏིའོ། །ཤིན་ཏུ་དཔའ་མོ་ནི་ཏིཏྟི་རིའོ། །

སྟོབས་ཆེན་མོ་ནི་བཞད་མོའོ། །འཁོར་ལོས་སྒྱུར་མ་ནི་ཆུའི་བྱ་རོག་མའོ། །བརྩོན་འགྲུས་ཆེན་མོ་ནི་ཆུ་སྐྱར་མོའོ། །ཁྭ་གདོང་མ་ནི་མིག་སྔོན་མོའོ། །འུག་གདོང་མ་ནི་ཙ་ཀོ་རིའོ། །ཁྱི་གདོང་མ་ནི་ཨ་ནི་ལ་མའོ། །ཕག་གདོང་མ་ནི་ཕ་ཝང་མའོ། །གཤིན་རྗེ་བརྟན་མ་ནི་པུཀྐ་མིའོ། །གཤིན་

རྗེ་ཕོ་ཉ་མོ་ནི་ཌི་ཌ་ཊི་བྷིའོ། །གཤིན་རྗེ་མཆེ་བ་མ་ནི་བྷེ་རུཎྜི་འོ། །གཤིན་རྗེ་འཇོམས་མ་ནི་ཨམྦྷ་རི་ཀ་མའོ་ཞེས་པ་ནམ་མཁའ་ལ་སྤྱོད་པའི་གཟུགས་ཡོངས་སུ་བསྒྱུར་བའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ནོ། །ཐང་ལ་སྤྱོད་པ་དང་ཆུ་ལ་སྤྱོད་པ་དང་ནམ་མཁའ་ལ་སྤྱོད་པ་འདི་རྣམས་ཕན་ཚུན་

བསད་པ་ལ་སོགས་པའི་ཁ་ན་མ་ཐོ་བ་དང་བྲལ་བ་ཇི་ལྟར་རྙེད་པའི་སྡེ། བདུད་རྩི་ལྔ་དང་བཅས་པ་རྣམས་འཆད་པར་འགྱུར་བའི་རིམ་པས་རིལ་བུར་བྱས་པ་བཟུང་ནས་དུར་ཁྲོད་ཀྱི་ས་ལ་བསྒྲུབས་ཏེ་དེས་གསུང་རྡོ་རྗེ་ལ་སོགས་པ་མཆོད་པའི་རྫས་རྣམས་རབ་ཏུ་བསང་བར་བྱའོ། །དེ་ནས་སྦྱང་བ་དང་

རྟོགས་པ་དང་རབ་ཏུ་འབར་བ་དང་བདུད་རྩིར་བྱས་ནས། ཇི་ལྟར་རྙེད་པའི་དམ་ཚིག་གི་རྫས་རྣམས་འཁོར་ལོ་ལ་མཆོད་པའི་དུས་སུ་སྔགས་པས་རྣལ་འབྱོར་མ་རྣམས་ལ་དབུལ་བར་བྱའོ། །སྒོམ་པའི་དུས་དང་ཀུན་དུ་སྤྱོད་པའི་དུས་དང་སྙོམས་པར་འཇུག་པའི་དུས་སུ་བདག་ཉིད་ཀྱི་ཞལ་

Vol. 16 · folio 93b

དུ་རིལ་བུ་གཞུག་པར་བྱ་ཞིང་། ཤེས་རབ་ཀྱི་ཞལ་དང་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ཞལ་དུ་ཡང་ངོ་ཞེས་པ་མཆོད་པའི་ཆོ་གའི་ངེས་པའོ།། །།ད་ནི་ཕྱི་རོལ་དང་ནང་དུ་གནས་ལ་སོགས་པ་རྣལ་འབྱོར་མ་ཀུན་དུ་རྒྱུ་བའི་གནས་བརྗོད་པར་བྱ་སྟེ། ཕྱི་རོལ་དུ་རི་རབ་ཀྱི་རྩེ་མོར་སྣ་ཚོགས་

པདྨའི་ལྟེ་བ་ལའོ། །ནང་དུ་ནི་གསང་བའི་པདྨ་ལས་ཏེ། རྩ་བའི་གནས་ལ་རྡོ་རྗེ་ཕག་མོ་རིགས་ལྡན་མའོ། །པདྨའི་ཤར་གྱི་འདབ་མ་ལ་སྙིང་གའི་པདྨར་བདག་གི་གདན་ལ་རྡོ་རྗེ་མཁའ་འགྲོ་མའོ། །ལྷོའི་འདབ་མ་ལ་མགྲིན་པའི་པདྨར་གཞན་གྱི་གདན་ལ་ལཱ་མའོ། །ནུབ་ཀྱི་འདབ་མ་ལ་ལྟེ་བའི་

པདྨར་སྔགས་ཀྱི་གདན་ལ་དུམ་སྐྱེས་མའོ། །བྱང་གི་འདབ་མ་ལ་དཔྲལ་བའི་པདྨར་དེ་ཁོ་ནའི་གདན་ལ་གཟུགས་ཅན་མའོ། །ཟེའུ་འབྲུ་ལ་གཙུག་ཏོར་གྱི་པདྨར་ཐམས་ཅད་ཀྱི་གདན་ལ་དཔལ་ཧེ་རུ་ཀའོ་ཞེས་པ་ཡེ་ཤེས་ཀྱི་འཁོར་ལོ་མཆོད་པར་བྱའོ། །དེ་ནས་ནམ་མཁའ་ལ་ཐུགས་ཀྱི་

འཁོར་ལོར་རི་རབ་ཀྱི་ཕྱོགས་བརྒྱད་པོ་རྣམས་སུ་ཤར་གྱི་རྩིབས་ལ། པཱུརྞྞ་གི་རིར་སྤྱི་བོ་ལ་རབ་གཏུམ་མ་དང་ཐོད་པའི་དུམ་བུའོ། །ལྷོའི་རྩིབས་ལ་ཛཱ་ལནྡྷ་རར་སྤྱི་གཙུག་ཏུ་གཏུམ་མིག་མ་དང་ཀེང་རུས་ཆེན་པོའོ། །ནུབ་ཀྱི་རྩིབས་ལ་ཨུཌི་ཡཱ་ཎར་རྣ་བ་གཡས་པར་སྟེང་དུ་འོད་ལྡན་མ་དང་ཀེང་

རུས་སོ། །བྱང་གི་རྩིབས་ལ་ཨརྦུ་དར་མགྲིན་པའི་རྒྱབ་ཀྱི་སྟེང་དུ་སྣ་ཆེན་མ་དང་མཆེ་བ་རྣམ་པར་གཙིགས་པའོ་ཞེས་པ་དཔའ་བོ་དང་བཅས་པའི་དབང་བོའི་དབང་ཕྱུག་མ་རྣམས་གནས་བཞི་པོ་རྣམས་སུ་ལོངས་སྤྱོད་པར་འཁོར་བ་ནི་གཡས་སྐོར་གྱིས་སོ། །ད་ནས་དབང་ལྡན་གྱི་རྩིབས་ལ་གོ་

དཱ་བ་རིར་རྣ་བ་གཡོན་པའི་སྟེང་དུ་དཔའ་བོའི་བློ་ཅན་མ་དང་ཆང་དགྲའོ། །རླུང་གི་རྩིབས་ལ་རཱ་མེ་ཤྭ་རིར་སྨིན་མའི་དབུས་སུ་མིའུ་ཐུང་མ་དང་འོད་དཔག་མེད་དོ། །བདེན་བྲལ་གྱི་རྩིབས་ལ་དེ་ཝཱི་ཀོ་ཊར་མིག་གཉིས་པོ་ལ་ལངྐའི་དབང་ཕྱུག་མ་དང་རྡོ་རྗེ་འོད་དོ། །མེའི་རྩིབས་ལ་མཱ་ལ་ཝར། དཔུང་

པའི་རྩ་བ་ལ་ཤིང་གྲིབ་མ་དང་རྡོ་རྗེ་ལུས་སོ་ཞེས་པ་དཔའ་བོ་དང་བཅས་པ་དཔའ་མོའི་དབང་ཕྱུག་མ་རྣམས་ཉེ་བའི་གནས་བཞི་པོ་རྣམས་སུ་ལོངས་སྤྱོད་པ་སྟེ། འཁོར་བ་ནི་གཡོན་སྐོར་གྱིས་སོ། །དེ་ལྟར་གནས་དང་ཉེ་བའི་གནས་ལོངས་སྤྱོད་པ་མཁའ་ལ་སྤྱོད་པ་ལ་ཐུགས་ཀྱི་འཁོར་ལོ་ལ་

Vol. 16 · folio 94a

མཆོད་པར་བྱའོ། །དེ་ནས་སའི་ཁོར་ཡུག་ལ་རི་རབ་ཀྱི་ཕྱོགས་བརྒྱད་པོ་རྣམས་སུ་གསུང་གི་འཁོར་ལོར་ཤར་གྱི་རྩིབས་ལ་ཀཱ་མ་རཱུ་པར་མཆན་ཁུང་གཉིས་སུ་ས་སྲུངས་མ་དང་མྱུ་གུ་ཅན་ནོ། །ལྷོའི་རྩིབས་ལ་ཨོ་ཊེར་ནུ་མ་ཟུང་ལ་འཇིགས་བྱེད་ཆེན་མོ་དང་རྡོ་རྗེ་རལ་པ་ཅན་ནོ་

ཞེས་པ་ཞིང་དག་ལ་དཔའ་བོ་དང་བཅས་པའི་དཔའ་བོའི་དབང་ཕྱུག་མ་དག་ལོངས་སྤྱོད་པའོ། །ནུབ་ཀྱི་རྩིབས་ལ་ཏྲི་ཤ་ཀུ་ནེར་ལྟེ་བ་ལ་རླུང་ཤུགས་མ་དང་དཔའ་བོ་ཆེན་པོའོ། །བྱང་གི་རྩིབས་ལ་ཀོ་ས་ལར་སྣ་རྩེ་ལ་ཆང་འཐུང་མ་དང་རྡོ་རྗེ་ཧཱུཾ་མཛད་དོ་ཞེས་པ་ཉེ་བའི་ཞིང་དག་ལ་དཔའ་བོ་དང་

དཔའ་བོའི་དབང་ཕྱུག་མ་དག་ལོངས་སྤྱོད་པའོ། །དེ་ལྟར་ཞིང་དང་ཉེ་བའི་ཞིང་དག་ལ་ལོངས་སྤྱོད་པ་སྟེ་འཁོར་བ་ནི་གཡས་སྐོར་གྱིས་སོ། །དེ་ནས་དབང་ལྡན་གྱི་རྩིབས་ལ་ཀ་ལིངྒར་ཁ་ལ་ལྷ་མོ་སྔོ་བསངས་མ་དང་རབ་ཏུ་བཟང་པོའོ། །རླུང་གི་རྩིབས་ལ་ལམྦ་ཀར་མགྲིན་པ་ལ་ཤིན་ཏུ་བཟང་

མོ་དང་རྡོ་རྗེ་བཟང་པོའོ་ཞེས་པ་ཚནྡོ་ཧ་དག་ལ་དཔའ་བོ་དང་བཅས་པའི་དཔའ་བོའི་དབང་ཕྱུག་མ་དག་ལོངས་སྤྱོད་པའོ། །བདེན་བྲལ་གྱི་རྩིབས་ལ་ཀཱཉྩིར་སྙིང་ག་ལ་རྟ་རྣ་མ་དང་འཇིགས་བྱེད་ཆེན་པོའོ། །མེའི་རྩིབས་ལ་ཧི་མ་ལ་ཡར་མདོམས་བར་དུ་མཁའ་འགྲོ་གདོང་མ་དང་མིག་མི་

བཟང་ངོ་ཞེས་པ་ཉེ་བའི་ཚནྡོ་ཧ་དག་ལ་དཔའ་བོ་དང་བཅས་པའི་དཔའ་བོའི་དབང་ཕྱུག་མ་དག་ལོངས་སྤྱོད་པའོ། །ཚནྡོ་ཧ་དག་ལ་ལོངས་སྤྱོད་པ་སྟེ་འཁོར་བ་ནི་གཡོན་སྐོར་གྱིས་སོ། །དེ་ལྟར་ཞིང་དང་ཉེ་བའི་ཞིང་དང་ཚནྡོ་ཧ་དང་ཉེ་བའི་ཚནྡོ་ཧ་ལོངས་སྤྱོད་པ་ས་ལ་སྤྱོད་པ་དག་ལ་གསུང་གི་

འཁོར་ལོར་སྔགས་པས་མཆོད་པར་བྱའོ། །དེ་ནས་སའི་སྟེང་དང་སའི་འོག་རྒྱ་མཚོའི་ཁོར་ཡུག་ལ་རི་རབ་ཀྱི་ཕྱོགས་བརྒྱད་པོ་རྣམས་སུ་སྐུའི་འཁོར་ལོར་ཤར་གྱི་རྩིབས་ལ་པྲེ་ཏ་པཱུ་རི་དང་རྟགས་ལ་འཁོར་ལོའི་ཤུགས་ཅན་མ་དང་སྟོབས་པོ་ཆེའོ། །ལྷོའི་རྩིབས་ལ་གྲྀ་ཧ་དེ་བ་ཏར་

བཤང་ལམ་དུ་དུམ་སྐྱེས་མ་དང་རིན་ཆེན་རྡོ་རྗེའོ་ཞེས་པ་འདུ་བ་དག་ལ་དཔའ་བོ་དང་བཅས་པའི་དཔའ་བོའི་དབང་ཕྱུག་མ་དག་ལ་ལོངས་སྤྱོད་དོ། །ནུབ་ཀྱི་རྩིབས་ལ་སཽ་རཱཥྚར་བརླ་ཟུང་ལ་ཤཽཎྜི་ནི་དང་རྟ་མགྲིན་ནོ། །བྱང་གི་རྩིབས་ལ་གསེར་གླིང་དུ་བྱིན་པ་དག་ལ་འཁོར་ལོའི་གོ་ཆ་མ་

Vol. 16 · folio 94b

དང་ནམ་མཁའི་སྙིང་པོའོ་ཞེས་པ་ཉེ་བའི་འདུ་བ་དག་ལ་དཔའ་བོ་དང་དཔའ་བོའི་དབང་ཕྱུག་མ་དག་ལོངས་སྤྱོད་པའོ། །དེ་ལྟར་འདུ་བ་དང་ཉེ་བའི་འདུ་བ་དག་ལ་ལོངས་སྤྱོད་པ་སྟེ་འཁོར་བ་ནི་གཡས་སྐོར་གྱིས་སོ། །དེ་ནས་དབང་ལྡན་གྱི་རྩིབས་ལ་ན་ག་རར་རྐང་པའི་སོར་མོ་རྣམས་ལ་ཤིན་ཏུ་

དཔའ་མོ་དང་ཧེ་རུ་ཀའོ། །རླུང་གི་རྩིབས་ལ་སིནྡྷུར་རྐང་པའི་རྒྱབ་དག་ལ་སྟོབས་ཆེན་མ་དང་པདྨ་གར་གྱི་དབང་ཕྱུག་གོ་ཞེས་པ་དུར་ཁྲོད་དག་ལ་དཔའ་བོ་དང་བཅས་པའི་དཔའ་བོའི་དབང་ཕྱུག་མ་དག་ལོངས་སྤྱོད་པའོ། །བདེན་བྲལ་གྱི་རྩིབས་ལ་མ་རུར་རྐང་པའི་མཐེ་བོང་དག་ལ་འཁོར་

ལོས་སྒྱུར་མ་དང་རྣམ་པར་སྣང་མཛད་དོ། །མེའི་རྩིབས་ལ་ཀུ་ལུ་ཏར་པུས་མོ་གཉིས་ལ་བརྩོན་འགྲུས་ཆེན་མོ་དང་རྡོ་རྗེ་སེམས་དཔའོ་ཞེས་པ་ཉེ་བའི་དུར་ཁྲོད་དག་ལ་དཔའ་བོ་དང་བཅས་པའི་དཔའ་བོའི་དབང་ཕྱུག་མ་དག་ལོངས་སྤྱོད་པའོ། །དེ་ལྟར་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དག་ལ་

ལོངས་སྤྱོད་པ་སྟེ་འཁོར་བ་ནི་གཡོན་སྐོར་གྱིས་སོ། །དེ་ལྟར་འདུ་བ་དང་ཉེ་བའི་འདུ་བ་དང་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ལ་ལོངས་སྤྱོད་པ་སྐུའི་འཁོར་ལོ་མཆོད་པར་བྱའོ། །རྣལ་འབྱོར་མའི་ཀུན་དུ་སྤྱོད་པའི་རིམ་པས་འཁོར་ལོ་འདུས་པ་འཆད་པར་འགྱུར་བའི་རིམ་པས་བྱའོ་ཞེས་པ་

འཁོར་ལོ་གསུམ་གྱི་ཀུན་དུ་སྤྱོད་པའི་ཆོ་གའོ། །དེ་ནས་ས་འོག་ཏུ་མེ་དང་རླུང་གི་ཁོར་ཡུག་གི་དབུས་སུ་རི་རབ་ཀྱི་ཕྱོགས་བརྒྱད་པོ་རྣམས་སུ་མི་བཟད་པའི་དུ་བའི་དམྱལ་བ་ཆེན་པོར་དུར་ཁྲོད་ཆེན་པོ་བརྒྱད་པོ་རྣམས་སུ་སྟེ། དེ་ལ་ཤར་གྱི་དུར་ཁྲོད་དུ་མདུང་གིས་འབིགས་པར་ཁའི་སྒོར་ཁྭ་

གདོང་མའོ། །ལྷོར་རོ་བསྲེགས་པར་སྣ་བུག་གཡས་པར་འུག་གདོང་མའོ། །ནུབ་ཏུ་རུལ་པའི་དྲིར་བཤང་ལམ་དུ་ཁྱི་གདོང་མའོ། །བྱང་དུ་རྣག་གི་དྲིར་སྣ་བུག་གཡོན་པའི་སྒོར་ཕག་གདོང་མའོ་ཞེས་པ་འཁོར་བ་ནི་གཡས་སྐོར་གྱིས་སོ། །དེ་ནས་དབང་ལྡན་དུ་བྱིས་པ་ཤི་བར་རྣ་བ་

གཡོན་པའི་སྒོར་གཤིན་རྗེ་བརྟན་མའོ། །རླུང་དུ་སྦྲུལ་གྱིས་ཟོས་པར་རྣ་བ་གཡས་པའི་སྒོར་གཤིན་རྗེ་ཕོ་ཉ་མའོ། །བདེན་བྲལ་དུ་དྲག་པོའི་གཡུལ་དུ་མིག་གཡས་པའི་སྒོ་རུ་གཤིན་རྗེ་མཆེ་བ་མའོ། །མེ་རུ་ལྷག་མ་ཟ་བར་མིག་གཡོན་པའི་སྒོར་གཤིན་རྗེ་འཇོམས་མའོ་ཞེས་པ་འཁོར་

Vol. 16 · folio 95a

བ་ནི་གཡོན་སྐོར་གྱིས་སོ། །དེ་ལྟར་གཡས་སྐོར་དང་གཡོན་སྐོར་གྱིས་ལུགས་དང་མཐུན་པ་དང་ལུགས་ལས་བཟློག་པ་དུར་ཁྲོད་ཆེན་པོ་བརྒྱད་ལོངས་སྤྱོད་པ་འཁོར་ལོ་འདུས་པ་ལ་མཆོད་པར་བྱའོ་ཞེས་པའོ། །དེ་ལྟར་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་

རྣམས་དང་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་དང་ཁ་ལ་སོགས་པ་སྒོ་བརྒྱད་པོ་རྣམས་སུ་སྒོ་སྐྱོང་མ་རྣམས་སོ། །དེ་ལྟར་ཕྱི་རོལ་དང་ནང་དུ་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་སྟེ་འདི་རྣམས་ཀྱི་གནས་བསྟན་པའོ།། །།ད་ནི་རིགས་ལྡན་མ་ལ་སོགས་པ་རྣམས་ཀྱིས་

ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པ་དང་བདག་པོ་ཉིད་རྣམས་བརྗོད་པར་བྱ་སྟེ། འདིར་རིགས་ལྡན་མ་ནི་བདག་གི་གདན་ལ་སོགས་པ་ལ་ཐམས་ཅད་དུ་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པར་ཤེས་པར་བྱའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་རིམ་པ་ཇི་ལྟ་བས་

བདག་གི་གདན་ལ་སོགས་པ་ལ་ལོངས་སྤྱོད་པ་ལ་སོགས་པ་སྟེ་འདིར་བདག་གི་གདན་དུ་ལོངས་སྤྱོད་དོ། །གཞན་གྱི་གདན་དུ་ཐིམ་མོ། །དེ་ཁོ་ནའི་གདན་དུ་དབང་བྱེད་དོ། །སྔགས་ཀྱི་གདན་དུ་བདག་པོ་ཉིད་དོ། །གཞན་གྱི་གདན་དུ་ལོངས་སྤྱོད་དོ། །སྔགས་ཀྱི་གདན་དུ་ཐིམ་

མོ། །བདག་གི་གདན་དུ་དབང་བྱེད་དོ། །དེ་ཁོ་ནའི་གདན་དུ་བདག་པོ་ཉིད་དོ། །སྔགས་ཀྱི་གདན་དུ་ལོངས་སྤྱོད་དོ། །དེ་ཁོ་ནའི་གདན་དུ་ཐིམ་མོ། །གཞན་གྱི་གདན་དུ་དབང་བྱེད་དོ། །བདག་གི་གདན་དུ་བདག་པོ་ཉིད་དོ། །དེ་ཁོ་ནའི་གདན་དུ་ལོངས་སྤྱོད་དོ། །བདག་གི་གདན་

དུ་ཐིམ་མོ། །སྔགས་ཀྱི་གདན་དུ་དབང་བྱེད་དོ། །གཞན་གྱི་གདན་དུ་བདག་པོ་ཉིད་དོ་ཞེས་པ་ཐུན་མཚམས་བཞིའི་དབྱེ་བས་འཁོར་ལོ་འདུས་པ་ལ་གཡས་སྐོར་གྱིས་ལྟེ་བར་ཡེ་ཤེས་ཀྱི་འཁོར་ལོ་ལ་ཕོ་ཉ་མོའི་ཀུན་དུ་སྤྱོད་པའོ། །དེ་ནས་པཱུརྞ་གི་རིར་ལོངས་སྤྱོད་དོ། །ཛཱ་ལནྡྷ་རར་ཐིམ་

མོ། །ཨརྦུ་ཏར་དབང་བྱེད་དོ། །ཨོ་ཌི་ཡ་ནར་བདག་པོ་ཉིད་དོ། །ཛཱ་ལནྡྷ་རར་ལོངས་སྤྱོད་དོ། །ཨོ་ཌི་ཡ་ནར་ཐིམ་མོ། །པཱུརྞ་གི་རིར་དབང་བྱེད་དོ། །ཨརྦུ་ཏར་བདག་པོ་ཉིད་དོ། །ཨོ་ཌི་ཡ་ནར་ལོངས་སྤྱོད་དོ། །ཨརྦུ་ཏར་ཐིམ་མོ། །ཛཱ་ལནྡྷ་རར་དབང་བྱེད་དོ། །པཱུརྞ་གི་རིར་བདག་པོ་ཉིད་

Vol. 16 · folio 95b

དོ། །ཨརྦུ་ཏར་ལོངས་སྤྱོད་དོ། །པཱུརྞ་གི་རིར་ཐིམ་མོ། །ཨོ་ཌི་ཡ་ནར་དབང་བྱེད་དོ། །ཛཱ་ལནྡྷ་རར་བདག་པོ་ཉིད་དོ་ཞེས་པ་སྡིག་པ་འཆར་བ་དང་སྡིག་པའི་ཕྱེད་དང་གཞུའི་འཆར་བ་དང་གཞུའི་ཕྱེད་ལ་སྙིང་གར་ཐུགས་ཀྱི་འཁོར་ལོ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་སྟེ་འཁོར་བ་ནི་གཡས་སྐོར་གྱིས་

སོ། །དེ་ནས་གོ་དཱ་ཝ་རིར་ལོངས་སྤྱོད་དོ། །རཱ་མེ་ཤྭ་རིར་ཐིམ་མོ། །མཱ་ལ་ཝར་དབང་བྱེད་དོ། །དེ་ཝཱི་ཀོ་ཊར་བདག་པོ་ཉིད་དོ། །རཱ་མེ་ཤྭ་རར་ལོངས་སྤྱོད་དོ། །དེ་ཝཱི་ཀོ་ཊར་ཐིམ་མོ། །གོ་དཱ་ཝ་རིར་དབང་བྱེད་དོ། །མཱ་ལ་ཝར་བདག་པོ་ཉིད་དོ། །དེ་ཝཱི་ཀོ་ཊར་ལོངས་སྤྱོད་དོ། །མཱ་ལ་ཝར་ཐིམ་

མོ། །རཱ་མེ་ཤྭ་རར་དབང་བྱེད་དོ། །གོ་དཱ་ཝ་རིར་བདག་པོ་ཉིད་དོ། །མཱ་ལ་ཝར་ལོངས་སྤྱོད་དོ། །གོ་དཱ་ཝ་རིར་ཐིམ་མོ། །དེ་ཝཱི་ཀོ་ཊར་དབང་བྱེད་དོ། །རཱ་མེ་ཤྭ་རར་བདག་པོ་ཉིད་དོ་ཞེས་པ་ཆུ་སྲིན་འཆར་བ་དང་ཆུ་སྲིན་གྱི་ཕྱེད་དང་། བུམ་པ་འཆར་བ་དང་བུམ་པའི་ཕྱེད་ལ་སྙིང་གར་ཐུགས་

ཀྱི་འཁོར་ལོ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་སྟེ་འཁོར་བ་ནི་གཡོན་སྐོར་གྱིས་སོ། །ཕྱི་རོལ་དུ་འཁོར་ལོ་འདུས་པ་ལ་གནས་དང་ཉེ་བའི་གནས་རྣམས་དང་། ཐུགས་ཀྱི་འཁོར་ལོ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའོ། །འདིར་གང་གི་ཚེ་ཀཱ་མ་རཱུ་པར་ལོངས་སྤྱོད་པ་དེའི་ཚེ་ཨོ་ཊེར་ཐིམ་

མོ། །ཀོ་ཤ་ལར་དབང་བྱེད་དོ། །ཏྲི་ཤ་ཀུ་ནེར་བདག་པོ་ཉིད་དོ། །དེ་ལྟར་ཨོ་ཊེར་ལོངས་སྤྱོད་དོ། །ཏཱི་ཤ་ཀུ་ནེར་ཐིམ་མོ། །ཀཱ་མ་རཱུ་པར་དབང་བྱེད་དོ། །ཀོ་ཤ་ལར་བདག་པོ་ཉིད་དོ། །ཏྲི་ཤ་ཀུ་ནེར་ལོངས་སྤྱོད་དོ། །ཀོ་ཤ་ལར་ཐིམ་མོ། །ཨོ་ཊེར་དབང་བྱེད་དོ། །ཀཱ་མ་རཱུ་བར་བདག་

པོ་ཉིད་དོ། །ཀོ་ཤ་ལར་ལོངས་སྤྱོད་དོ། །ཀཱ་མ་རཱུ་པར་ཐིམ་མོ། །ཏྲི་ཤ་ཀུ་ནེར་དབང་བྱེད་དོ། །ཨོ་ཏྲེར་བདག་པོ་ཉིད་དོ་ཞེས་པ་ཞིང་དང་ཉེ་བའི་ཞིང་ལོངས་སྤྱོད་པ་གཡས་སྐོར་གྱིས་འཁོར་བ་སྟེ། མགྲིན་པར་གསུང་གི་འཁོར་ལོ་ལ་ཕྱི་རོལ་དུ་འཁོར་ལོ་འདུས་པ་ན་ཉ་འཆར་བ་དང་ཉའི་ཕྱེད་དང་ལུག་

འཆར་བ་དང་ལུག་གི་ཕྱེད་ལ་རྣལ་འབྱོར་མ་རྣམས་ཀྱི་ཀུན་ཏུ་སྤྱོད་པའོ། །འདིར་གང་གི་ཚེ་ཀ་ལིངྐར་ལོངས་སྤྱོད་པ་དེའི་ཚེ་ལམྦ་ཀར་ཐིམ་མོ། །ཧི་མ་ལ་ཡར་དབང་བྱེད་དོ། །ཀཱཉྩིར་བདག་པོ་ཉིད་དོ། །དེ་ལྟར་ལམྦ་ཀར་ལོངས་སྤྱོད་དོ། །ཀཱཉྩིར་ཐིམ་མོ། །ཀ་ལིངྒར་

Vol. 16 · folio 96a

དབང་བྱེད་དོ། །ཧི་མ་ལ་ཡར་བདག་པོ་ཉིད་དོ། །ཀཱཉྩིར་ལོངས་སྤྱོད་དོ། །ཧི་མ་ལ་ཡར་ཐིམ་མོ། །ལམྦ་ཀར་དབང་བྱེད་དོ། །ཀ་ལིངྒར་བདག་པོ་ཉིད་དོ། །ཧི་མ་ལ་ཡར་ལོངས་སྤྱོད་དོ། །ཀ་ལིངྒར་ཐིམ་མོ། །ཀཱཉྩིར་དབང་བྱེད་དོ། །ལམྦ་ཀར་བདག་

པོ་ཉིད་དོ་ཞེས་པ་འདུས་པ་དང་ཉེ་བའི་འདུས་པ་ལོངས་སྤྱོད་པ་གཡོན་སྐོར་གྱིས་འཁོར་བ་སྟེ། གླང་འཆར་བ་དང་གླང་གི་ཕྱེད་དང་འཁྲིག་པ་འཆར་བ་དང་འཁྲིག་པའི་ཕྱེད་ལ་མགྲིན་པར་གསུང་གི་འཁོར་ལོ་ལ་ཕྱི་རོལ་དུ་འཁོར་ལོ་འདུས་པ་ན་ཞིང་དང་ཉེ་བའི་ཞིང་དང་འདུས་པ་

དང་ཉེ་བའི་འདུས་པ་ལོངས་སྤྱོད་པ་རྣལ་འབྱོར་མ་རྣམས་ཀྱི་ཀུན་དུ་སྤྱོད་པའོ། །འདིར་གང་གི་ཚེ་པྲེ་ཏ་པཱུ་རིར་ལོངས་སྤྱོད་པ་དེའི་ཚེ་གྲྀ་ཧ་དེ་ཝ་ཏར་ཐིམ་མོ། །སུ་ཝརྞ་དྭཱི་པར་དབང་བྱེད་དོ། །སཽ་རཱཥྚར་བདག་པོ་ཉིད་དོ། །གྲྀ་ཧ་དེ་ཝ་ཏར་ལོངས་སྤྱོད་དོ། །སཽ་རཱཥྚར་ཐིམ་མོ། །པྲེ་ཏ་པུ་

རིར་དབང་བྱེད་དོ། །སུ་ཝརྞྞ་དྲཱི་པར་བདག་པོ་ཉིད་དོ། །སཽ་རཱཥྚར་ལོངས་སྤྱོད་དོ། །སུ་ཝརྞ་དྭཱི་པར་ཐིམ་མོ། །གྲྀ་ཧ་དེ་ཝ་ཏར་དབང་བྱེད་དོ། །པྲེ་ཏ་པུ་རིར་བདག་པོ་ཉིད་དོ། །སུ་ཝརྞ་དྭཱི་པར་ལོངས་སྤྱོད་དོ། །པྲེ་ཏ་པུ་རིར་ཐིམ་མོ། །སཽ་རཱཥྚར་དབང་བྱེད་དོ། །གྲྀ་ཧ་དེ་ཝ་ཏར་བདག་

པོ་ཉིད་དོ་ཞེས་འདུས་པ་དང་ཉེ་བའི་འདུས་པ་ལོངས་སྤྱོད་པ་གཡས་སྐོར་གྱིས་འཁོར་བ་སྟེ། དཔྲལ་བར་སྐུའི་འཁོར་ལོ་ལ་ཀརྐ་ཊ་འཆར་བ་དང་། ཀརྐ་ཊའི་ཕྱེད་དང་སེང་གེ་འཆར་བ་དང་སེང་གེའི་ཕྱེད་ལ་ཕྱི་རོལ་དུ་འཁོར་ལོ་འདུས་པ་ན་སྐུའི་འཁོར་ལོ་རྣལ་འབྱོར་མ་རྣམས་ཀྱི་ཀུན་

དུ་སྤྱོད་པའོ། །འདིར་གང་གི་ཚེ་ན་ག་རར་ལོངས་སྤྱོད་པ་དེའི་ཚེ་སིནྡྷུར་ཐིམ་མོ། །ཀུ་ལུ་ཏར་དབང་བྱེད་དོ། །མ་རུར་བདག་པོ་ཉིད་དོ། །དེ་ལྟར་སིནྡྷུར་ལོངས་སྤྱོད་དོ། །མ་རུར་ཐིམ་མོ། །ན་ག་རར་དབང་བྱེད་དོ། །ཀུ་ལུ་ཏར་བདག་པོ་ཉིད་དོ། །མ་རུར་ལོངས་སྤྱོད་དོ། །ཀུ་ལུ་ཏར་

ཐིམ་མོ། །སིནྡྷུར་དབང་བྱེད་དོ། །ན་ག་རར་བདག་པོ་ཉིད་དོ། །ཀུ་ལུ་ཏར་ལོངས་སྤྱོད་དོ། །ན་ག་རར་ཐིམ་མོ། །མ་རུར་དབང་བྱེད་དོ། །སིནྡྷུར་བདག་པོ་ཉིད་དོ་ཞེས་པ་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ལོངས་སྤྱོད་པ་གཡོན་སྐོར་གྱིས་འཁོར་བ་སྟེ། བུ་མོ་འཆར་བ་དང་བུ་མོའི་ཕྱེད་དང་

Vol. 16 · folio 96b

སྲང་འཆར་བ་དང་སྲང་གི་ཕྱེད་ལ་དཔྲལ་བར་སྐུའི་འཁོར་ལོ་ལ་ཕྱི་རོལ་དུ་འཁོར་ལོ་འདུས་པ་ན་རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་སྟེ། རྣལ་འབྱོར་མ་ཉི་ཤུ་རྩ་བཞི་པོ་འདི་རྣམས་འཁོར་ལོ་གསུམ་ལ་སྡིག་པ་ལ་སོགས་པ་དུས་སྦྱོར་བཅུ་གཉིས་ཀྱི་ཕྱེད་ཕྱེད་ཀྱི་དབྱེ་བས་དུས་ཀྱི་ཁྱད་པར་ལ་ཀུན་དུ་སྤྱོད་པའོ། །འདིར་

གང་གི་ཚེ་རྩེ་མོས་འབིགས་པར་ལོངས་སྤྱོད་པ་དེའི་ཚེ་རོ་བསྲེག་པར་ཐིམ་མོ། །རྣག་གི་དྲིར་དབང་བྱེད་དོ། །རུལ་བའི་དྲིར་བདག་པོ་ཉིད་དོ། །དེ་ལྟར་རོ་བསྲེག་པར་ལོངས་སྤྱོད་དོ། །རུལ་པའི་དྲིར་ཐིམ་མོ། །རྩེ་མོས་འབིགས་པར་དབང་བྱེད་དོ། །རྣག་གི་དྲིར་བདག་པོ་ཉིད་དོ། །རུལ་

པའི་དྲིར་ལོངས་སྤྱོད་དོ། །རྣག་གི་དྲིར་ཐིམ་མོ། །རོ་བསྲེག་པར་དབང་བྱེད་དོ། །རྩེ་མོས་འབིགས་པར་བདག་པོ་ཉིད་དོ། །རྣག་གི་དྲིར་ལོངས་སྤྱོད་དོ། །རྩེ་མོས་འབིགས་པར་ཐིམ་མོ། །རུལ་པའི་དྲིར་དབང་བྱེད་དོ། །རོ་བསྲེག་པར་བདག་པོ་ཉིད་དོ་ཞེས་པ་ཕྱོགས་ཀྱི་དུར་ཁྲོད་

ཆེན་པོ་ལོངས་སྤྱོད་པ་གཡས་སྐོར་གྱིས་འཁོར་བ་སྟེ། མཚན་ཕྱེད་ནས་ཐུན་དང་པོ་དང་གཉིས་པ་དང་གསུམ་པ་རང་བཞིན་པ་ལ་ཁྭ་ལ་སོགས་པ་སྒོ་བཞི་པོ་རྣམས་དང་ཕྱི་རོལ་དུ་ཚོགས་ཀྱི་འཁོར་ལོ་ཡང་རྣལ་འབྱོར་མ་རྣམས་ཀྱི་ཀུན་དུ་སྤྱོད་པའོ། །འདིར་གང་གི་ཚེ་བྱིས་པ་ཤི་བར་

ལོངས་སྤྱོད་པ་དེའི་ཚེ་སྦྲུལ་གྱིས་ཟོས་པར་ཐིམ་མོ། །ལྷག་མ་ཟ་བར་དབང་བྱེད་དོ། །མི་བཟད་པའི་གཡུལ་དུ་བདག་པོ་ཉིད་དོ། །དེ་ལྟར་སྦྲུལ་གྱིས་ཟོས་པར་ལོངས་སྤྱོད་དོ། །མི་བཟད་པའི་གཡུལ་དུ་ཐིམ་མོ། །བྱིས་པ་ཤི་བར་དབང་བྱེད་དོ། །ལྷག་མ་ཟ་བར་བདག་པོ་ཉིད་དོ། །

མི་བཟད་པའི་གཡུལ་དུ་ལོངས་སྤྱོད་དོ། །ལྷག་མ་ཟ་བར་ཐིམ་མོ། །སྦྲུལ་གྱིས་ཟོས་པར་དབང་བྱེད་དོ། །བྱིས་པ་ཤི་བར་བདག་པོ་ཉིད་དོ། །ལྷག་མ་ཟ་བར་ལོངས་སྤྱོད་དོ། །བྱིས་པ་ཤི་བར་ཐིམ་མོ། །མི་བཟད་པའི་གཡུལ་དུ་དབང་བྱེད་དོ། །སྦྲུལ་གྱིས་ཟོས་པར་བདག་པོ་ཉིད་དོ་ཞེས་

པ་མཚམས་ཀྱི་དུར་ཁྲོད་ཆེན་པོར་ལོངས་སྤྱོད་པ་གཡོན་སྐོར་གྱིས་འཁོར་བ་སྟེ། ཉི་མ་ཕྱེད་དང་ཐུན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་ལས། རྣ་བ་གཡོན་པ་ལ་སོགས་པ་སྒོ་བཞི་པོ་རྣམས་ལ་དུར་ཁྲོད་ཆེན་པོར་རྣལ་འབྱོར་མ་རྣམས་ཀྱི་ཀུན་དུ་སྤྱོད་པའོ། །ཕྱི་རོལ་དུ་

Vol. 16 · folio 97a

འཁོར་ལོ་འདུས་པ་དང་ནང་དུ་ཁྭ་ལ་སོགས་པ་སྒོ་བརྒྱད་པོ་རྣམས་ལ། ཐུན་བརྒྱད་ཀྱི་དབྱེ་བས་དུས་ཀྱི་ཁྱད་པར་གྱིས་ཀུན་དུ་སྤྱོད་པའོ། །དེ་ལྟར་ཕྱི་རོལ་དང་ནང་དུ་རྣལ་འབྱོར་མ་རྣམས་ཀྱི་ཀུན་དུ་སྤྱོད་པ་རྣམ་པ་གཉིས་ཏེ། གཅིག་ནི་ཤར་ལ་སོགས་པ་ཐུགས་དང་གསུང་

དང་ཡེ་ཤེས་དང་སྐུའི་ཞལ་བཞིའི་དབྱེ་བས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཡས་སྐོར་གྱིས་འཁོར་བ་དང་། གཞན་ནི་སྐུ་དང་ཡེ་ཤེས་དང་གསུང་དང་ཐུགས་ཀྱི་ཞལ་གྱི་དབྱེ་བས་ཕྱོགས་བྲལ་རྣམས་སུ་གཡོན་སྐོར་གྱིས་འཁོར་བའོ། །འདིར་ཡེ་ཤེས་ཀྱི་པདྨའི་ཤར་གྱི་འདབ་

མ་དང་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་ཀྱི་ཤར་དང་མེའི་རྩིབས་རྣམས་དང་། ཤར་དང་མེའི་དུར་ཁྲོད་ཆེན་པོར་ལོངས་སྤྱོད་པ་ནི་ཐུགས་ཀྱི་ཞལ་གྱི་རང་བཞིན་གྱིས་བསད་པ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་ལྟར་ལྷོའི་འདབ་མ་དང་ལྷོ་དང་བདེན་

བྲལ་གྱི་རྩིབས་རྣམས་དང་། ལྷོ་དང་བདེན་བྲལ་གྱི་དུར་ཁྲོད་ཆེན་པོར་ལོངས་སྤྱོད་པ་ནི་གསུང་གི་ཞལ་གྱི་རང་བཞིན་གྱིས་དབང་དུ་བྱ་བ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་ལྟར་ནུབ་ཀྱི་འདབ་མ་དང་ནུབ་དང་རླུང་གི་རྩིབས་རྣམས་དང་། ནུབ་དང་རླུང་གི་དུར་ཁྲོད་

ཆེན་པོར་ལོངས་སྤྱོད་པ་ནི། ཡེ་ཤེས་ཀྱི་ཞལ་གྱི་རང་བཞིན་གྱིས་རེངས་པ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྟེར་བར་འགྱུར་རོ། །དེ་བཞིན་དུ་བྱང་གི་འདབ་མ་དང་བྱང་དང་དབང་ལྡན་གྱི་རྩིབས་རྣམས་དང་བྱང་དང་དབང་ལྡན་གྱི་དུར་ཁྲོད་ཆེན་པོར་ལོངས་སྤྱོད་པ་ནི་སྐུའི་ཞལ་གྱི་རང་བཞིན་

གྱིས་ཞི་བ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་སྔར་བརྗོད་པ་རྣམས་སྟེར་བར་འགྱུར་རོ། །འདི་རྣམས་རླུང་དང་མེ་དང་དབང་ཆེན་དང་ཆུའི་དཀྱིལ་འཁོར་རྣམས་ཏེ། ཡ་ར་ལ་ཝའི་ཡི་གེ་ལས་ཡང་དག་པར་བྱུང་བ་སྙིང་ག་དང་མགྲིན་པ་དང་ལྟེ་བ་དང་དཔྲལ་བར་རིམ་པ་ཇི་ལྟ་བས་རང་རང་གི་

རྩིབས་ཀྱི་སྟེང་དུ་གནས་པ་རྣམས་རྟོགས་པར་བྱའོ་ཞེས་པ་བཅོམ་ལྡན་འདས་ཀྱི་ཞལ་བཞིའི་དབྱེ་བས་འདི་རྣམས་ཀུན་དུ་སྤྱོད་པའོ། །ཉི་མ་དང་སྲོག་ཀུན་དུ་རྒྱུ་བས་དུས་ཀྱི་ཁྱད་པར་ཏེ་དུས་ཀྱི་ཁྱད་པར་གྱིས་མཆོད་པའི་ཆོ་གའོ། །དེ་ལྟར་ཐམས་ཅད་དུ་རྣལ་འབྱོར་མའི་རྒྱུད་དུ་རྣལ་

Vol. 16 · folio 97b

འབྱོར་མའི་ཚད་དང་། དུས་ཀྱི་ཁྱད་པར་གྱིས་ཀུན་དུ་སྤྱོད་པ་སྟེ། སྒྱུ་མ་ཆེན་མོ་ལས་རྣལ་འབྱོར་མ་བཞི་པོ་རྣམས་ཀྱི་ཐུན་མཚམས་བཞིའི་དབྱེ་བས་ཀུན་དུ་སྤྱོད་དོ། །གང་ན་རྣལ་འབྱོར་མ་བརྒྱད་ཡོད་པ་དེར་ཐུན་བརྒྱད་ཀྱི་དབྱེ་བས་སོ། །གང་ན་བཅུ་དྲུག་ཡོད་པ་དེར་ཐུན་ཕྱེད་ཀྱི་

དབྱེ་བས་སོ། །གང་ན་སུམ་ཅུ་རྩ་གཉིས་ཡོད་པ་དེར་ཆུ་ཚོད་ཀྱི་དབྱེ་བས་སོ། །གང་ན་དྲུག་ཅུ་རྩ་བཞི་ཡོད་པ་དེར་དབྱུ་གུའི་དབྱེ་བས་སོ། །གང་ན་བཅོ་ལྔ་ཡོད་པ་དེར་ཚེས་བཅོ་ལྔའི་དབྱེ་བས་སོ། །གང་ན་བཅུ་གཉིས་ཡོད་པ་དེར་དུས་སྦྱོར་གྱི་དབྱེ་བས་སོ། །གང་ན་ཉི་ཤུ་རྩ་བཞི་ཡོད་

པ་དེར་དུས་སྦྱོར་ཕྱེད་པའི་དབྱེ་བས་སོ། །གང་ན་དྲུག་ཡོད་པ་དེར་དུས་དྲུག་གི་དབྱེ་བས་སོ། །གང་ན་གསུམ་ཡོད་པ་དེར་དུས་གསུམ་གྱི་དབྱེ་བས་སོ། །གང་ན་གཉིས་ཡོད་པ་དེར་བགྲོད་པའི་དབྱེ་བས་སོ། །གང་ན་གཅིག་ཡོད་པ་དེར་ཀུན་དུ་སྤྱོད་པ་མེད་དོ། །འདིར་ཐམས་ཅད་

དུ་དུས་ཀྱི་དབྱེ་བས་སྲོག་ཀུན་དུ་རྒྱུའོ། །སྲོག་ཀུན་དུ་རྒྱུ་བས་སྣ་ཚོགས་པའི་དབྱེ་བས་དུས་ཀྱི་ཁྱད་པར་རོ། །དུས་ཀྱི་ཁྱད་པར་དེས་ཐམས་ཅད་དུ་རྣལ་འབྱོར་མའི་རྒྱུད་རྣམས་ལ་ཕོ་ཉ་མོའི་ཀུན་དུ་སྤྱོད་པའོ། །ཀུན་དུ་སྤྱོད་པའི་དབང་གིས་ལོངས་སྤྱོད་པ་དང་ཐིམ་པ་དང་དབང་བྱེད་པ་

དང་བདག་པོ་ཉིད་དོ་ཞེས་པ་ཐམས་ཅད་དུ་རྟོགས་པར་བྱའོ། །ད་ནི་ཚོགས་ཀྱི་འཁོར་ལོ་ལ་རིགས་ལྡན་མ་དང་ཕོ་ཉ་མོ་རྣམས་ཀྱི་གནས་ལས་གནས་ཀུན་དུ་རྒྱུ་བ་བརྗོད་པར་བྱའོ། །དེ་ལ་ཚེས་གཅིག་གི་མཚན་ཕྱེད་ན་ཤར་གྱི་ཞལ་འབྱུང་བ་ན་དབུས་ནས་བདག་པོའི་གནས་ལས་རྡོ་རྗེ་ཕག་མོ་

རིགས་ལྡན་མ་ནི་ཤར་གྱི་འདབ་མ་ལ་ཀུན་དུ་སྤྱོད་དོ། །རྡོ་རྗེ་མཁའ་འགྲོ་མ་ནི་བདག་པོའི་གནས་སུ་རིགས་ལྡན་མར་གྱུར་ཏེ། གནས་ཀྱི་དབང་གིས་རྡོ་རྗེ་མཁའ་འགྲོ་མ་གང་ཡིན་པ་དེ་ནི་རིགས་ལྡན་མར་འགྱུར་ལ། རྡོ་རྗེ་ཕག་མོ་གང་ཡིན་པ་དེ་ནི་རྡོ་རྗེ་མཁའ་འགྲོ་མར་འགྱུར་རོ། །དེ་ནས་

སྔ་དྲོའི་ཐུན་མཚམས་ལ་ལྷོའི་ཞལ་འབྱུང་བ་ན་དབུས་ཀྱི་བདག་པོའི་གནས་ལས་རྡོ་རྗེ་མཁའ་འགྲོ་མ་རིགས་ལྡན་མ་ནི་ལྷོའི་འདབ་མ་ལ་ཀུན་དུ་སྤྱོད་དོ། །ལཱ་མ་ནི་དབུས་ཀྱི་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་མཁའ་འགྲོ་མ་རིགས་ལྡན་མ་གང་ཡིན་པ་དེ་ནི་

Vol. 16 · folio 98a

ལཱ་མར་འགྱུར་ལ། ལཱ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཉི་མ་གུང་གི་ཐུན་མཚམས་ན་ནུབ་ཀྱི་ཞལ་འབྱུང་བ་ན་དབུས་ཀྱི་བདག་པོའི་གནས་ལས་ལཱ་མ་རིགས་ལྡན་མ་ནི་ནུབ་ཀྱི་འདབ་མ་ལ་ཀུན་དུ་སྤྱོད་དེ། དུམ་སྐྱེས་མ་ནི་དབུས་ཀྱི་བདག་པོའི་གནས་

སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ལཱ་མ་རིགས་ལྡན་མ་གང་ཡིན་པ་དེ་དུམ་སྐྱེས་མར་འགྱུར་ལ། དུམ་སྐྱེས་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཕྱི་འཕྲེད་ཀྱི་ཐུན་མཚམས་ལ་བྱང་གི་ཞལ་འབྱུང་བ་ན་དབུས་ཀྱི་བདག་པོའི་གནས་ལས་དུམ་སྐྱེས་མ་རིགས་ལྡན་མ་ནི་བྱང་གི་འདབ་མ་ལ་

ཀུན་དུ་སྤྱོད་དེ། གཟུགས་ཅན་མ་ནི་དབུས་ཀྱི་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་དུམ་སྐྱེས་མ་རིགས་ལྡན་མ་གང་ཡིན་པ་དེ་གཟུགས་ཅན་མར་འགྱུར་ལ། གཟུགས་ཅན་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །སླར་ཡང་ཉིན་ཞག་གཉིས་པ་ལ་གཟུགས་ཅན་

མ་རིགས་ལྡན་མ་ལ་སོགས་པ་ཀུན་དུ་སྤྱོད་དོ། །དེ་ལ་མཚན་ཕྱེད་ཀྱི་ཐུན་མཚམས་ལ་ཤར་གྱི་ཞལ་འབྱུང་བ་ན་གཟུགས་ཅན་མ་རིགས་ལྡན་མ་དབུས་ཀྱི་བདག་པོའི་གནས་ལས། ཤར་གྱི་འདབ་མ་ལ་ཀུན་དུ་སྤྱོད་དེ་རྡོ་རྗེ་ཕག་མོ་མཁའ་འགྲོ་མ་ནི་དབུས་ཀྱི་བདག་པོའི་གནས་སུའོ། །དེའི་ཕྱིར་

གནས་ཀྱི་དབང་གིས་གཟུགས་ཅན་མ་ནི་རྡོ་རྗེ་མཁའ་འགྲོ་མར་འགྱུར་ལ། རྡོ་རྗེ་ཕག་མོ་མཁའ་འགྲོ་མ་ནི་རིགས་ལྡན་མར་འགྱུར་རོ། །དེ་ནས་སྔ་དྲོའི་ཐུན་མཚམས་ལ་རྡོ་རྗེ་ཕག་མོ་རིགས་ལྡན་མ་ལྷོའི་འདབ་མ་ལ་ཀུན་དུ་སྤྱོད་དོ། །རྡོ་རྗེ་མཁའ་འགྲོ་མ་ལཱ་མ་ནི་དབུས་ཀྱི་བདག་པོའི་གནས་

སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་ཕག་མོ་ནི་ལཱ་མར་འགྱུར་ལ། རྡོ་རྗེ་མཁའ་འགྲོ་མ་ལཱ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཉི་མ་གུང་གི་ཐུན་མཚམས་ལ་རྡོ་རྗེ་མཁའ་འགྲོ་མ་ལཱ་མ་རིགས་ལྡན་མ་ནུབ་ཀྱི་འདབ་མ་ལ་ཀུན་དུ་སྤྱོད་དེ། ལཱ་མ་དུམ་སྐྱེས་

མ་ནི་དབུས་ཀྱི་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་མཁའ་འགྲོ་མ་ལཱ་མ་རིགས་ལྡན་མ་གང་ཡིན་པ་དེ་དུམ་སྐྱེས་མར་འགྱུར་ལ། ལཱ་མ་དུམ་སྐྱེས་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཕྱི་འཕྲེད་ཀྱི་ཐུན་མཚམས་ལ་ལཱ་མ་དུམ་སྐྱེས་མ་རིགས་

Vol. 16 · folio 98b

ལྡན་མ་བྱང་གི་འདབ་མ་ལ་ཀུན་དུ་སྤྱོད་དེ། དུམ་སྐྱེས་མ་གཟུགས་ཅན་མ་ནི་དབུས་སུ་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ལཱ་མ་དུམ་སྐྱེས་མ་རིགས་ལྡན་མ་གང་ཡིན་པ་དེ་གཟུགས་ཅན་མར་འགྱུར་ལ། དུམ་སྐྱེས་མ་གཟུགས་ཅན་མ་གང་ཡིན་པ་དེ་རིགས་ལྡན་

མར་འགྱུར་རོ། །དེ་ནས་ཉིན་ཞག་གསུམ་པ་ལ་དུམ་སྐྱེས་མ་རིགས་ལྡན་མ་ལ་སོགས་པ་ཀུན་དུ་སྤྱོད་དོ། །དེ་ལ་མཚན་ཕྱེད་ཀྱི་ཐུན་མཚམས་ལ་ཤར་གྱི་ཞལ་འབྱུང་བ་ན། དུམ་སྐྱེས་མ་གཟུགས་ཅན་མ་རིགས་ལྡན་མ་ཤར་གྱི་འདབ་མ་ལ་ཀུན་དུ་སྤྱོད་དེ། གཟུགས་ཅན་མ་རྡོ་རྗེ་མཁའ་

འགྲོ་མ་ནི་དབུས་སུ་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་དུམ་སྐྱེས་མ་གཟུགས་ཅན་མ་རིགས་ལྡན་མ་གང་ཡིན་པ་དེ་རྡོ་རྗེ་མཁའ་འགྲོ་མར་འགྱུར་ལ་གཟུགས་ཅན་མ་རྡོ་རྗེ་མཁའ་འགྲོ་མ་གང་ཡིན་པ་དེ་ནི་རིགས་ལྡན་མར་འགྱུར་རོ། །དེ་ནས་སྔ་དྲོའི་ཐུན་མཚམས་

ལྷོའི་ཞལ་འབྱུང་བ་ནི། གཟུགས་ཅན་མ་རྡོ་རྗེ་མཁའ་འགྲོ་མ་རིགས་ལྡན་མ་གང་ཡིན་པ་དེ་ལྷོའི་འདབ་མ་ལ་ཀུན་དུ་སྤྱོད་དེ། རྡོ་རྗེ་ཕག་མོ་ལཱ་མ་ནི་དབུས་སུ་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཟུགས་ཅན་མ་རྡོ་རྗེ་མཁའ་འགྲོ་མ་རིགས་ལྡན་མ་གང་ཡིན་པ་དེ་

ལཱ་མར་འགྱུར་ལ། རྡོ་རྗེ་ཕག་མོ་ལཱ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཉི་མ་གུང་གི་ཐུན་མཚམས་ལ་ནུབ་ཀྱི་ཞལ་འབྱུང་བ་ན། རྡོ་རྗེ་ཕག་མོ་ལཱ་མ་རིགས་ལྡན་མ་ནུབ་ཀྱི་འདབ་མ་ལ་ཀུན་དུ་སྤྱོད་དེ། རྡོ་རྗེ་མཁའ་འགྲོ་མ་དུམ་སྐྱེས་མ་དབུས་སུ་བདག་པོའི་གནས་སུའོ། །

དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་ཕག་མོ་ལཱ་མ་རིགས་ལྡན་མ་ནི་དུམ་སྐྱེས་མར་འགྱུར་ལ། རྡོ་རྗེ་མཁའ་འགྲོ་མ་དུམ་སྐྱེས་མ་ནི་རིགས་ལྡན་མར་འགྱུར་རོ། །དེ་ནས་ཕྱི་འཕྲེད་ཀྱི་ཐུན་མཚམས་ལ་བྱང་གི་ཞལ་འབྱུང་བ། རྡོ་རྗེ་མཁའ་འགྲོ་མ་དུམ་སྐྱེས་མ་རིགས་ལྡན་མ་བྱང་གི་

འདབ་མ་ལ་ཀུན་དུ་སྤྱོད་དེ། ལཱ་མ་གཟུགས་ཅན་མ་ནི་དབུས་སུ་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་མཁའ་འགྲོ་མ་དུམ་སྐྱེས་མ་རིགས་ལྡན་མ་གང་ཡིན་པ་དེ་གཟུགས་ཅན་མར་འགྱུར་ལ། ལཱ་མ་གཟུགས་ཅན་མ་གང་ཡིན་པ་དེ་རིགས་ལྡན་མར་

Vol. 16 · folio 99a

འགྱུར་རོ། །དེ་ནས་ཉིན་ཞག་བཞི་པ་ལ་ལཱ་མ་རིགས་ལྡན་མ་ལ་སོགས་པ་ཀུན་དུ་སྤྱོད་དོ། །དེ་ལ་མཚན་ཕྱེད་ཀྱི་ཐུན་མཚམས་ལ་ཤར་གྱི་ཞལ་འབྱུང་བ་ན། ལཱ་མ་གཟུགས་ཅན་མ་རིགས་ལྡན་མ་ཤར་གྱི་འདབ་མ་ལ་ཀུན་དུ་སྤྱོད་དེ། དུམ་སྐྱེས་མ་རྡོ་རྗེ་མཁའ་འགྲོ་མ་ནི་

དབུས་སུ་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ལཱ་མ་གཟུགས་ཅན་མ་རིགས་ལྡན་མ་ནི་རྡོ་རྗེ་མཁའ་འགྲོ་མར་འགྱུར་ལ། དུམ་སྐྱེས་མ་རྡོ་རྗེ་མཁའ་འགྲོ་མ་རིགས་ལྡན་མར་འགྱུར་རོ། །དེ་ནས་སྔ་དྲོའི་ཐུན་མཚམས་ལ་ལྷོའི་ཞལ་འབྱུང་བ་ན། དུམ་སྐྱེས་མ་རྡོ་རྗེ་

མཁའ་འགྲོ་མ་རིགས་ལྡན་མ་ལྷོའི་འདབ་མ་ལ་ཀུན་དུ་སྤྱོད་དེ། གཟུགས་ཅན་མ་ལཱ་མ་ནི་དབུས་སུ་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་དུམ་སྐྱེས་མ་རྡོ་རྗེ་མཁའ་འགྲོ་མ་རིགས་ལྡན་མ་ནི་ལཱ་མར་འགྱུར་ལ། གཟུགས་ཅན་མ་ལཱ་མ་ནི་རིགས་ལྡན་མར་འགྱུར་

རོ། །དེ་ནས་ཉི་མ་གུང་གི་ཐུན་མཚམས་ལ་ནུབ་ཀྱི་ཞལ་འབྱུང་བ་ན། གཟུགས་ཅན་མ་ལཱ་མ་རིགས་ལྡན་མ་ནུབ་ཀྱི་འདབ་མ་ལ་ཀུན་དུ་སྤྱོད་དེ། རྡོ་རྗེ་ཕག་མོ་དུམ་སྐྱེས་མ་ནི་དབུས་སུ་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཟུགས་ཅན་མ་ལཱ་མ་རིགས་ལྡན་

མ་གང་ཡིན་པ་དེ་དུམ་སྐྱེས་མར་འགྱུར་ལ། རྡོ་རྗེ་ཕག་མོ་དུམ་སྐྱེས་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཕྱི་འཕྲེད་ཀྱི་ཐུན་མཚམས་ལ་བྱང་གི་ཞལ་འབྱུང་བ་ན། རྡོ་རྗེ་ཕག་མོ་དུམ་སྐྱེས་མ་རིགས་ལྡན་མ་བྱང་གི་འདབ་མ་ལ་ཀུན་དུ་སྤྱོད་དེ། རྡོ་རྗེ་མཁའ་འགྲོ་

མ་གཟུགས་ཅན་མ་ནི་དབུས་སུ་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་ཕག་མོ་དུམ་སྐྱེས་མ་རིགས་ལྡན་མ་གང་ཡིན་པ་དེ་གཟུགས་ཅན་མར་འགྱུར་ལ། རྡོ་རྗེ་མཁའ་འགྲོ་མ་གཟུགས་ཅན་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཉིན་ཞག་

ལྔ་པ་ལ་རྡོ་རྗེ་མཁའ་འགྲོ་མ་རིགས་ལྡན་མ་ལ་སོགས་པ་ཀུན་དུ་སྤྱོད་དོ། །དེ་ལ་མཚན་ཕྱེད་ཀྱི་ཐུན་མཚམས་ལ་ཤར་གྱི་ཞལ་འབྱུང་བ་ན། རྡོ་རྗེ་མཁའ་འགྲོ་མ་གཟུགས་ཅན་མ་རིགས་ལྡན་མ་ཤར་གྱི་འདབ་མ་ལ་ཀུན་དུ་སྤྱོད་དེ། ལཱ་མ་རྡོ་རྗེ་མཁའ་འགྲོ་མ་ནི་དབུས་སུ་བདག་

Vol. 16 · folio 99b

པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་མཁའ་འགྲོ་མ་གང་ཡིན་པ་དེ་ལཱ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་དང་རིགས་ལྡན་མར་གྱུར་ནས། སླར་ཡང་དེ་ཉིད་རང་གི་གནས་སུ་རྫོགས་པ་དང་པོ་ལ་རྡོ་རྗེ་མཁའ་འགྲོ་མར་འགྱུར་ལ། ལཱ་མ་རྡོ་རྗེ་མཁའ་འགྲོ་མ་ནི་རིགས་

ལྡན་མར་འགྱུར་རོ། །དེ་ནས་སྔ་དྲོའི་ཐུན་མཚམས་ལ་ལྷོའི་ཞལ་འབྱུང་བ་ན། ལཱ་མ་རྡོ་རྗེ་མཁའ་འགྲོ་མ་རིགས་ལྡན་མ་ལྷོའི་འདབ་མ་ལ་ཀུན་དུ་སྤྱོད་དེ། དུམ་སྐྱེས་མ་ལཱ་མ་ནི་དབུས་སུ་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ལཱ་མ་གང་ཡིན་པ་དེ་དུམ་སྐྱེས་མ་

དང་གཟུགས་ཅན་མ་དང་རྡོ་རྗེ་མཁའ་འགྲོ་མ་དང་རིགས་ལྡན་མར་འགྱུར་ཏེ། སླར་ཡང་དེ་ཉིད་ཀྱི་གནས་སུ་ལཱ་མར་འགྱུར་ལ། དུམ་སྐྱེས་མ་ལཱ་མ་ནི་རིགས་ལྡན་མར་འགྱུར་རོ། །དེ་ནས་ཉི་མ་གུང་གི་ཐུན་མཚམས་ལ་ནུབ་ཀྱི་ཞལ་འབྱུང་བ་ན། དུམ་སྐྱེས་མ་རིགས་ལྡན་མ་ནུབ་ཀྱི་འདབ་མ་ལ་

ཀུན་དུ་སྤྱོད་དེ། གཟུགས་ཅན་མ་དུམ་སྐྱེས་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་དུམ་སྐྱེས་མ་གང་ཡིན་པ་དེ་གཟུགས་ཅན་མ་དང་རྡོ་རྗེ་མཁའ་འགྲོ་མ་དང་ལཱ་མ་དང་རིགས་ལྡན་མར་གྱུར་ནས། སླར་ཡང་དེ་ཉིད་རང་གི་གནས་སུ་དུམ་སྐྱེས་མར་འགྱུར་ལ། གཟུགས་

ཅན་མ་དུམ་སྐྱེས་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཕྱི་འཕྲེད་ཀྱི་ཐུན་མཚམས་ལ་བྱང་གི་ཞལ་འབྱུང་བ་ན། གཟུགས་ཅན་མ་དུམ་སྐྱེས་མ་རིགས་ལྡན་མ་བྱང་གི་འདབ་མ་ལ་ཀུན་དུ་སྤྱོད་དེ། རྡོ་རྗེ་ཕག་མོ་གཟུགས་ཅན་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་

གིས་གཟུགས་ཅན་མ་གང་ཡིན་པ་དེ་རྡོ་རྗེ་མཁའ་འགྲོ་མ་དང་ལཱ་མ་དང་དུམ་སྐྱེས་མ་དང་རིགས་ལྡན་མར་གྱུར་ནས། སླར་ཡང་དེ་ཉིད་རང་གི་གནས་སུ་གཟུགས་ཅན་མར་འགྱུར་ལ། རྡོ་རྗེ་ཕག་མོ་གང་ཡིན་པ་དེ་རྡོ་རྗེ་མཁའ་འགྲོ་མ་དང་ལཱ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་

མར་གྱུར་ནས། སླར་ཡང་དེ་ཉིད་རང་གི་གནས་སུ་རིགས་ལྡན་མར་འགྱུར་རོ། །དེ་ལྟར་ཉིན་ཞག་ལྔ་པ་ལ་ཐུན་མཚམས་ཉི་ཤུ་རྣམས་ལ་རྣམ་པ་ཉི་ཤུས་རྫོགས་པར་བྱང་ཆུབ་པ་ཡོངས་སུ་བསྐོར་བའོ། །འདི་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་ཀུན་དུ་སྤྱོད་པ་སྟེ། དགའ་བ་

Vol. 16 · folio 100a

དང་བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་རྫོགས་པ་ཚེས་གཅིག་པ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པ་ཞེས་པའི་ཚེས་ཀྱི་དབྱེ་བ་དང་། ཟླ་བའི་ཆ་ལྔའི་རང་བཞིན་དང་དང་པོའི་དགའ་བའི་དབྱེ་བས་ཤེས་པའོ། །དེ་ལྟར་ཚེས་གཅིག་ཇི་ལྟ་བ་དེ་ལྟར་དྲུག་པ་དང་གཉིས་པ་ཇི་ལྟ་

བ་དེ་ལྟར་བདུན་པ་དང་གསུམ་པ་ཇི་ལྟ་བ་དེ་ལྟར་བརྒྱད་པ་དང་བཞི་པ་ཇི་ལྟ་བ་དེ་ལྟར་དགུ་པ་དང་ལྔ་པ་ཇི་ལྟ་བ་དེ་ལྟར་བཅུ་པ་ལ་ཀུན་དུ་སྤྱོད་དེ་མཆོག་དགའི་དབྱེ་བས་སོ། །དེ་ལྟར་དྲུག་པ་ཇི་ལྟ་བ་དེ་ལྟར་བཅུ་གཅིག་པ་དང་བདུན་པ་ཇི་ལྟ་བ་དེ་ལྟར་བཅུ་གཉིས་པ་དང་། བརྒྱད་པ་ཇི་ལྟ་བ་དེ་ལྟར་བཅུ་གསུམ་པ་

དང་དགུ་པ་ཇི་ལྟ་བ་དེ་ལྟར་བཅུ་བཞི་པ་དང་། བཅུ་པ་ཇི་ལྟ་བ་དེ་ལྟར་ཉ་ལ་ཀུན་དུ་སྤྱོད་དེ་དགའ་བྲལ་གྱི་དགའ་བའི་དབྱེ་བས་སོ། །དེའི་མཐར་མཆོད་པ་ཆེན་པོ་བྱ་སྟེ། ཕྱོགས་དང་པོ་ལ་རྣལ་འབྱོར་མ་ཀུན་དུ་སྤྱོད་པའོ། །དེ་ནས་གཉིས་པ་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་གི་ཉིན་ཞག་ལ་མཚན་ཕྱེད་

ནས་ཐུན་དང་པོ་ལ་རིགས་ལྡན་མ་ཤར་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ་ཁྭ་གདོང་མ་དང་དབུས་སུ་བདག་པོའི་གནས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རིགས་ལྡན་མ་ནི་ཁྭ་གདོང་མར་འགྱུར་ལ། ཁྭ་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་

ཁྭ་གདོང་མ་རིགས་ལྡན་མ་ལྷོའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། འུག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྭ་གདོང་མ་རིགས་ལྡན་མ་ནི་འུག་གདོང་མར་འགྱུར་ལ་འུག་གདོང་མ་ནི་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་འུག་གདོང་མ་རིགས་ལྡན་མ་ནུབ་ཀྱི་

དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྱི་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་འུག་གདོང་མ་རིགས་ལྡན་མ་ནི་ཁྱི་གདོང་མར་འགྱུར་ལ། ཁྱི་གདོང་མ་ནི་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་ཁྱི་གདོང་མ་རིགས་ལྡན་མ་བྱང་གི་དུར་ཁྲོད་ཆེན་པོར་ཀུན་དུ་

སྤྱོད་དེ། ཕག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྱི་གདོང་མ་རིགས་ལྡན་མ་ནི་ཕག་གདོང་མར་འགྱུར་ལ། ཕག་གདོང་མ་ནི་རིགས་ལྡན་མར་འགྱུར་རོ་ཞེས་པ་གཡས་སྐོར་གྱིས་འཁོར་བ་སྟེ། ཉི་མའི་ཆ་ལ་ཐུན་བཞིའི་དབྱེ་བས་ཀུན་དུ་སྤྱོད་པའོ། །དེ་ནས་ཟླ་བའི་

Vol. 16 · folio 100b

ཆ་ལ་ཉི་མ་གུང་ནས་ཐུན་དང་པོ་ལ་ཕག་གདོང་མ་རིགས་ལྡན་མ་དབང་ལྡན་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་བརྟན་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཕག་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་བརྟན་མར་འགྱུར་ལ། གཤིན་རྗེ་བརྟན་མ་ནི་རིགས་ལྡན་མར་

འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་གཤིན་རྗེ་བརྟན་མ་རིགས་ལྡན་མ་རླུང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་ཕོ་ཉ་མོ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་བརྟན་མ་རིགས་ལྡན་མ་ནི་གཤིན་རྗེ་ཕོ་ཉ་མོར་འགྱུར་ལ། གཤིན་རྗེ་ཕོ་ཉ་མོ་གང་ཡིན་

པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་གཤིན་རྗེ་ཕོ་ཉ་མོ་རིགས་ལྡན་མ་བདེན་བྲལ་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་མཆེ་བ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་ཕོ་ཉ་མོ་རིགས་ལྡན་མ་ནི་གཤིན་རྗེ་མཆེ་བ་མར་འགྱུར་

ལ། གཤིན་རྗེ་མཆེ་བ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་མེའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དོ། །གཤིན་རྗེ་འཇོམས་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་མཆེ་བ་མ་རིགས་ལྡན་

མ་ནི་གཤིན་རྗེ་འཇོམས་མར་འགྱུར་ལ། གཤིན་རྗེ་འཇོམས་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་ཞེས་པ་གཡོན་སྐོར་གྱིས་འཁོར་བ་སྟེ་ཟླ་བའི་ཆ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའོ། །དེ་ལྟར་ཉིན་ཞག་དང་པོ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་རིག་པར་བྱའོ། །སླར་ཡང་

ཉིན་ཞག་གཉིས་པ་ལ་མཚན་ཕྱེད་ནས་ཐུན་དང་པོ་ལ་གཤིན་རྗེ་འཇོམས་མ་རིགས་ལྡན་མ་ཤར་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། རྡོ་རྗེ་ཕག་མོ་ཁྭ་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་འཇོམས་མ་རིགས་ལྡན་མ་ནི་ཁྭ་གདོང་མར་འགྱུར་ལ། རྡོ་རྗེ་ཕག་

མོ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་རྡོ་རྗེ་ཕག་མོ་རིགས་ལྡན་མ་ལྷོའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྭ་གདོང་མ་འུག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་ཕག་མོ་རིགས་ལྡན་མ་ནི་འུག་གདོང་མར་འགྱུར་ལ། ཁྭ་གདོང་

Vol. 16 · folio 101a

མ་འུག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་ཁྭ་གདོང་མ་རིགས་ལྡན་མ་ནུབ་ཀྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། འུག་གདོང་མ་ཁྱི་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྭ་གདོང་མ་རིགས་ལྡན་མ་ནི་

ཁྱི་གདོང་མར་འགྱུར་ལ། འུག་གདོང་མ་ཁྱི་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་འུག་གདོང་མ་རིགས་ལྡན་མ་བྱང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྱི་གདོང་མ་ཕག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་འུག་གདོང་

མ་རིགས་ལྡན་མ་ནི་ཕག་གདོང་མར་འགྱུར་ལ། ཁྱི་གདོང་མ་ཕག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་ཞེས་པ་གཡས་སྐོར་གྱིས་འཁོར་བ་སྟེ་ཉི་མའི་ཆ་ལ་ཀུན་དུ་སྤྱོད་པའོ། །དེ་ནས་ཉི་མ་གུང་ནས་ཐུན་དང་པོ་ལ་ཁྱི་གདོང་མ་རིགས་ལྡན་མ་དབང་ལྡན་གྱི་དུར་ཁྲོད་ཆེན་

པོར་ཀུན་དུ་སྤྱོད་དེ། ཕག་གདོང་མ་གཤིན་རྗེ་བརྟན་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྱི་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་བརྟན་མར་འགྱུར་ལ་ཕག་གདོང་མ་གཤིན་རྗེ་བརྟན་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་ཕག་གདོང་

མ་རིགས་ལྡན་མ་རླུང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་བརྟན་མ་གཤིན་རྗེ་ཕོ་ཉ་མོ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཕག་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་ཕོ་ཉ་མར་འགྱུར་ལ། གཤིན་རྗེ་བརྟན་མ་གཤིན་རྗེ་ཕོ་ཉ་མ་གང་ཡིན་པ་དེ་རིགས་

ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་གཤིན་རྗེ་བརྟན་མ་རིགས་ལྡན་མ་བདེན་བྲལ་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་ཕོ་ཉ་མ་གཤིན་རྗེ་མཆེ་བ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་བརྟན་མ་རིགས་ལྡན་མ་ནི་གཤིན་རྗེ་

མཆེ་བ་མར་འགྱུར་ལ། གཤིན་རྗེ་ཕོ་ཉ་མ་གཤིན་རྗེ་མཆེ་བ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་གཤིན་རྗེ་ཕོ་ཉ་མ་རིགས་ལྡན་མ་མེའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་མཆེ་བ་མ་གཤིན་རྗེ་འཇོམས་མ་ནི་དབུས་སུའོ། །

Vol. 16 · folio 101b

དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་ཕོ་ཉ་མ་རིགས་ལྡན་མ་ནི་གཤིན་རྗེ་འཇོམས་མར་འགྱུར་ལ། གཤིན་རྗེ་མཆེ་བ་མ་གཤིན་རྗེ་འཇོམས་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་ཞེས་པ་གཡོན་སྐོར་གྱིས་འཁོར་བ་སྟེ་ཟླ་བའི་ཆ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའོ། །དེ་ནས་ཉིན་ཞག་

གསུམ་པ་ལ་སླར་ཡང་མཚན་ཕྱེད་ནས་ཐུན་དང་པོ་ལ་གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་ཤར་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་འཇོམས་མ་ཁྭ་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་ནི་ཁྭ་གདོང་མར་

འགྱུར་ལ། གཤིན་རྗེ་འཇོམས་མ་ཁྭ་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་གཤིན་རྗེ་འཇོམས་མ་རིགས་ལྡན་མ་ལྷོའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། རྡོ་རྗེ་ཕག་མོ་འུག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་

གཤིན་རྗེ་འཇོམས་མ་རིགས་ལྡན་མ་ནི་འུག་གདོང་མར་འགྱུར་ལ། རྡོ་རྗེ་ཕག་མོ་འུག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་རྡོ་རྗེ་ཕག་མོ་རིགས་ལྡན་མ་ནུབ་ཀྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྱི་གདོང་མ་ཁྭ་གདོང་མ་ནི་དབུས་

སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་ཕག་མོ་རིགས་ལྡན་མ་ནི་ཁྱི་གདོང་མར་འགྱུར་ལ། ཁྭ་གདོང་མ་ཁྱི་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་ཁྭ་གདོང་མ་རིགས་ལྡན་མ་བྱང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། འུག་གདོང་

མ་ཕག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྭ་གདོང་མ་རིགས་ལྡན་མ་ནི་ཕག་གདོང་མར་འགྱུར་ལ། འུག་གདོང་མ་ཕག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་ཞེས་པ་གཡས་སྐོར་གྱིས་འཁོར་བ་སྟེ་ཉི་མའི་ཆ་ལ་ཀུན་དུ་སྤྱོད་པའོ། །དེ་ནས་ཟླ་བའི་

ཆ་ལ་ཉི་མ་གུང་ནས་ཐུན་དང་པོ་ལ་འུག་གདོང་མ་རིགས་ལྡན་མ་དབང་ལྡན་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྱི་གདོང་མ་གཤིན་རྗེ་བརྟན་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་འུག་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་བརྟན་མར་འགྱུར་ལ། ཁྱི་གདོང་མ་གཤིན་རྗེ་

Vol. 16 · folio 102a

བརྟན་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་ཁྱི་གདོང་མ་རིགས་ལྡན་མ་རླུང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཕག་གདོང་མ་གཤིན་རྗེ་ཕོ་ཉ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྱི་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་ཕོ་

ཉ་མར་འགྱུར་ལ། ཕག་གདོང་མ་གཤིན་རྗེ་ཕོ་ཉ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་ཕག་གདོང་མ་རིགས་ལྡན་མ་བདེན་བྲལ་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་བརྟན་མ་གཤིན་རྗེ་མཆེ་བ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་

གིས་ཕག་གདོང་མ་རིགས་ལྡན་མ་གཤིན་རྗེ་མཆེ་བ་མར་འགྱུར་ལ། གཤིན་རྗེ་བརྟན་མ་གཤིན་རྗེ་མཆེ་བ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་གཤིན་རྗེ་བརྟན་མ་རིགས་ལྡན་མ་མེའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་ཕོ་ཉ་མ་གཤིན་རྗེ་འཇོམས་

མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་བརྟན་མ་རིགས་ལྡན་མ་ནི་གཤིན་རྗེ་འཇོམས་མར་འགྱུར་ལ། གཤིན་རྗེ་ཕོ་ཉ་མོ་གཤིན་རྗེ་འཇོམས་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་ཞེས་པ་གཡོན་སྐོར་གྱིས་འཁོར་བ་སྟེ་ཟླ་བའི་ཆ་ལ་རྣལ་འབྱོར་མའི་ཀུན་དུ་

སྤྱོད་པའོ། །དེ་ནས་ཉིན་ཞག་བཞི་པ་ལ་མཚན་ཕྱེད་ནས་ཐུན་དང་པོ་ལ་གཤིན་རྗེ་ཕོ་ཉ་མ་རིགས་ལྡན་མ་ཤར་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་མཆེ་བ་མ་ཁྭ་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་ཕོ་ཉ་མ་རིགས་ལྡན་མ་ནི་ཁྭ་གདོང་

མར་འགྱུར་ལ་གཤིན་རྗེ་མཆེ་བ་མ་ཁྭ་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་ལྷོའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་འཇོམས་མ་འུག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་

གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་ནི་འུག་གདོང་མར་འགྱུར་ལ། གཤིན་རྗེ་འཇོམས་མ་འུག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་གཤིན་རྗེ་འཇོམས་མ་རིགས་ལྡན་མ་ནུབ་ཀྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། རྡོ་རྗེ་ཕག་མོ་ཁྱི་

Vol. 16 · folio 102b

གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་འཇོམས་མ་རིགས་ལྡན་མ་ནི་ཁྱི་གདོང་མར་འགྱུར་ལ། རྡོ་རྗེ་ཕག་མོ་ཁྱི་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་རྡོ་རྗེ་ཕག་མོ་རིགས་ལྡན་མ་བྱང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་

དེ། ཁྭ་གདོང་མ་ཕག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་ཕག་མོ་རིགས་ལྡན་མ་ནི་ཕག་གདོང་མར་འགྱུར་ལ། ཁྭ་གདོང་མ་ཕག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་ཞེས་པ་གཡས་སྐོར་གྱིས་འཁོར་བ་སྟེ་ཉི་མའི་ཆ་ལ་ཀུན་དུ་སྤྱོད་པའོ། །

དེ་ནས་ཟླ་བའི་ཆ་ལ་ཉི་མ་གུང་ནས་ཐུན་དང་པོ་ལ་ཁྭ་གདོང་མ་རིགས་ལྡན་མ་དབང་ལྡན་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། འུག་གདོང་མ་གཤིན་རྗེ་བརྟན་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྭ་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་བརྟན་མར་འགྱུར་ལ།

འུག་གདོང་མ་གཤིན་རྗེ་བརྟན་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་འུག་གདོང་མ་རིགས་ལྡན་མ་རླུང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྱི་གདོང་མ་གཤིན་རྗེ་ཕོ་ཉ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་འུག་གདོང་མ་རིགས་

ལྡན་མ་ནི་གཤིན་རྗེ་ཕོ་ཉ་མར་འགྱུར་ལ། ཁྱི་གདོང་མ་གཤིན་རྗེ་ཕོ་ཉ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་ཁྱི་གདོང་མ་རིགས་ལྡན་མ་བདེན་བྲལ་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཕག་གདོང་མ་གཤིན་རྗེ་མཆེ་བ་མ་ནི་དབུས་སུའོ། །དེའི་

ཕྱིར་གནས་ཀྱི་དབང་གིས་ཁྱི་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་མཆེ་བ་མར་འགྱུར་ལ། ཕག་གདོང་མ་གཤིན་རྗེ་མཆེ་བ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་ཕག་གདོང་མ་རིགས་ལྡན་མ་མེའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་བརྟན་

མ་གཤིན་རྗེ་འཇོམས་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཕག་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་འཇོམས་མར་འགྱུར་ལ། གཤིན་རྗེ་བརྟན་མ་གཤིན་རྗེ་འཇོམས་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་ཞེས་པ་གཡོན་སྐོར་གྱིས་འཁོར་བ་སྟེ་ཟླ་བའི་

Vol. 16 · folio 103a

ཆ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའོ། །དེ་ནས་ཉིན་ཞག་ལྔ་པ་ལ་མཚན་ཕྱེད་ནས་ཐུན་དང་པོ་ལ་གཤིན་རྗེ་བརྟན་མ་རིགས་ལྡན་མ་ཤར་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་ཕོ་ཉ་མ་ཁྭ་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་

རྗེ་བརྟན་མ་རིགས་ལྡན་མ་ནི་ཁྭ་གདོང་མར་འགྱུར་ལ། གཤིན་རྗེ་ཕོ་ཉ་མ་ཁྭ་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་གཤིན་རྗེ་ཕོ་ཉ་མ་རིགས་ལྡན་མ་ལྷོའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་མཆེ་བ་མ་འུག་གདོང་མ་ནི་དབུས་

སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་ཕོ་ཉ་མ་རིགས་ལྡན་མ་ནི་འུག་གདོང་མར་འགྱུར་ལ། གཤིན་རྗེ་མཆེ་བ་མ་འུག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་ནུབ་ཀྱི་དུར་ཁྲོད་ཆེན་པོར་ཀུན་དུ་

སྤྱོད་དེ། གཤིན་རྗེ་འཇོམས་མ་ཁྱི་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་ནི་ཁྱི་གདོང་མར་འགྱུར་ལ། གཤིན་རྗེ་འཇོམས་མ་ཁྱི་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་གཤིན་

རྗེ་འཇོམས་མ་རིགས་ལྡན་མ་བྱང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། རྡོ་རྗེ་ཕག་མོ་ཕག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་འཇོམས་མ་རིགས་ལྡན་མ་ནི་ཕག་གདོང་མར་འགྱུར་ལ། རྡོ་རྗེ་ཕག་མོ་ཕག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་

འགྱུར་རོ་ཞེས་པ་གཡས་སྐོར་གྱིས་འཁོར་བ་སྟེ་ཉི་མའི་ཆ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའོ། །དེ་ནས་ཟླ་བ་དེ་ཆ་ལ་ཉི་མ་གུང་དང་ཐུན་དང་པོ་ལ་རྡོ་རྗེ་ཕག་མོ་རིགས་ལྡན་མ་དབང་ལྡན་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྭ་གདོང་མ་གཤིན་རྗེ་བརྟན་མ་ནི་དབུས་སུའོ། །དེའི་ཕྱིར་

གནས་ཀྱི་དབང་གིས་རྡོ་རྗེ་ཕག་མོ་རིགས་ལྡན་མ་ནི་གཤིན་རྗེ་བརྟེན་མར་འགྱུར་ལ། ཁྭ་གདོང་མ་གཤིན་རྗེ་བརྟན་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་ཁྭ་གདོང་མ་རིགས་ལྡན་མ་རླུང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། འུག་གདོང་མ་

Vol. 16 · folio 103b

གཤིན་རྗེ་ཕོ་ཉ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྭ་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་ཕོ་ཉ་མར་འགྱུར་ལ། འུག་གདོང་མ་གཤིན་རྗེ་ཕོ་ཉ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་འུག་གདོང་མ་རིགས་ལྡན་མ་བདེན་བྲལ་གྱི་དུར་ཁྲོད་ཆེན་

པོར་ཀུན་དུ་སྤྱོད་དེ། ཁྱི་གདོང་མ་གཤིན་རྗེ་མཆེ་བ་མ་ནི་དབུས་སུའོ། དེའི་ཕྱིར་གནས་ཀྱི་དབང་གིས་འུག་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་མཆེ་བ་མར་འགྱུར་ལ། ཁྱི་གདོང་མ་གཤིན་རྗེ་མཆེ་བ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་ཁྱི་གདོང་མ་རིགས་

ལྡན་མ་མའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཕག་གདོང་མ་གཤིན་རྗེ་འཇོམས་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྱི་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་འཇོམས་མར་འགྱུར་ལ། ཕག་གདོང་མ་གཤིན་རྗེ་འཇོམས་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་ཞེས་པ་

གཡོན་སྐོར་གྱིས་འཁོར་བ་སྟེ་ཟླ་བའི་ཆ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའོ། །དེ་ནས་ཉིན་ཞག་དྲུག་པ་ལ་མཚན་ཕྱེད་ནས་ཐུན་དང་པོ་ལ་ཕག་གདོང་མ་རིགས་ལྡན་མ་ཤར་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་བརྟན་མ་ཁྭ་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་

ཕག་གདོང་མ་རིགས་ལྡན་མ་ནི་ཁྭ་གདོང་མར་འགྱུར་ལ། གཤིན་རྗེ་བརྟེན་མ་ཁྭ་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་གཤིན་རྗེ་བརྟན་མ་རིགས་ལྡན་མ་ལྷོའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་ཕོ་ཉ་མ་འུག་གདོང་མ་ནི་དབུས་སུའོ། །

དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་བརྟན་མ་རིགས་ལྡན་མ་ནི་འུག་གདོང་མར་འགྱུར་ལ། གཤིན་རྗེ་ཕོ་ཉ་མ་འུག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་གཤིན་རྗེ་ཕོ་ཉ་མ་རིགས་ལྡན་མ་ནུབ་ཀྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་

རྗེ་མཆེ་བ་མ་ཁྱི་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་ཕོ་ཉ་མ་རིགས་ལྡན་མ་ནི་ཁྱི་གདོང་མར་འགྱུར་ལ། གཤིན་རྗེ་མཆེ་བ་མ་ཁྱི་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་བྱང་གི་དུར་

Vol. 16 · folio 104a

ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་འཇོམས་མ་ཕག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་ནི་ཕག་གདོང་མར་འགྱུར་ལ། གཤིན་རྗེ་འཇོམས་མ་ཕག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་

ཞེས་པ་གཡས་སྐོར་གྱིས་འཁོར་བ་སྟེ་ཉི་མའི་ཆ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའོ། །དེ་ནས་ཟླ་བའི་ཆ་ལ་ཉི་མ་གུང་ནས་ཐུན་དང་པོ་ལ་གཤིན་རྗེ་འཇོམས་མ་རིགས་ལྡན་མ་དབང་ལྡན་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། རྡོ་རྗེ་ཕག་མོ་གཤིན་རྗེ་བརྟན་མ་ནི་དབུས་སུའོ། །དེའི་ཕྱིར་གནས་

ཀྱི་དབང་གིས་གཤིན་རྗེ་འཇོམས་མ་རིགས་ལྡན་མ་ནི་གཤིན་རྗེ་བརྟན་མར་འགྱུར་ལ། རྡོ་རྗེ་ཕག་མོ་གཤིན་རྗེ་བརྟན་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་རྡོ་རྗེ་ཕག་མོ་རིགས་ལྡན་མ་རླུང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྭ་གདོང་མ་གཤིན་རྗེ་

ཕོ་ཉ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་ཕག་མོ་རིགས་ལྡན་མ་ནི་གཤིན་རྗེ་ཕོ་ཉ་མར་འགྱུར་ལ། ཁྭ་གདོང་མ་གཤིན་རྗེ་ཕོ་ཉ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་ཁྭ་གདོང་མ་རིགས་ལྡན་མ་བདེན་བྲལ་གྱི་དུར་ཁྲོད་

ཆེན་པོར་ཀུན་དུ་སྤྱོད་དེ། འུག་གདོང་མ་གཤིན་རྗེ་མཆེ་བ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྭ་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་མཆེ་བ་མར་འགྱུར་ལ། འུག་གདོང་མ་གཤིན་རྗེ་མཆེ་བ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་

ལ་འུག་གདོང་མ་རིགས་ལྡན་མ་མེའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྱི་གདོང་མ་གཤིན་རྗེ་འཇོམས་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་འུག་གདོང་མ་རིགས་ལྡན་མ་ནི་གཤིན་རྗེ་འཇོམས་མར་འགྱུར་ལ། ཁྱི་གདོང་མ་གཤིན་རྗེ་འཇོམས་མ་གང་ཡིན་པ་དེ་

རིགས་ལྡན་མར་འགྱུར་རོ་ཞེས་པ་གཡོན་སྐོར་གྱིས་འཁོར་བ་སྟེ་ཟླ་བའི་ཆ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའོ། །དེ་ནས་ཉིན་ཞག་བདུན་པ་ལ་མཚན་ཕྱེད་ནས་ཐུན་དང་པོ་ལ་ཁྱི་གདོང་མ་རིགས་ལྡན་མ་ཤར་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཕག་གདོང་མ་ཁྭ་གདོང་མ་ནི་དབུས་

Vol. 16 · folio 104b

སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྱི་གདོང་མ་རིགས་ལྡན་མ་ནི་ཁྭ་གདོང་མར་འགྱུར་ལ། ཕག་གདོང་མ་ཁྭ་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་ཕག་གདོང་མ་རིགས་ལྡན་མ་ལྷོའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་བརྟན་མ་འུག་

གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཕག་གདོང་མ་རིགས་ལྡན་མ་ནི་འུག་གདོང་མར་འགྱུར་ལ། གཤིན་རྗེ་བརྟན་མ་འུག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་གཤིན་རྗེ་བརྟན་མ་རིགས་ལྡན་མ་ནུབ་ཀྱི་དུར་ཁྲོད་ཆེན་པོ་

ཀུན་དུ་སྤྱོད་དེ། གཤིན་རྗེ་ཕོ་ཉ་མ་ཁྱི་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་བརྟན་མ་རིགས་ལྡན་མ་ནི་ཁྱི་གདོང་མར་འགྱུར་ལ། གཤིན་རྗེ་ཕོ་ཉ་མ་ཁྱི་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་གཤིན་རྗེ་ཕོ་ཉ་མ་

རིགས་ལྡན་མ་བྱང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་མཆེ་བ་མ་ཕག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་ཕོ་ཉ་མོ་རིགས་ལྡན་མ་ནི་ཕག་གདོང་མར་འགྱུར་ལ། གཤིན་རྗེ་མཆེ་བ་མ་ཕག་གདོང་མ་གང་ཡིན་པ་དེ་རིགས་ལྡན་

མར་འགྱུར་རོ་ཞེས་པ་གཡས་སྐོར་གྱིས་འཁོར་བ་སྟེ་ཉི་མའི་ཆ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའོ། །དེ་ནས་ཟླ་བའི་ཆ་ལ་ཉི་མ་གུང་ནས་ཐུན་དང་པོ་ལ་གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་དབང་ལྡན་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་འཇོམས་མ་གཤིན་རྗེ་

བརྟན་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་ནི་གཤིན་རྗེ་བརྟན་མར་འགྱུར་ལ། གཤིན་རྗེ་འཇོམས་མ་གཤིན་རྗེ་བརྟན་མ་གང་ཡིན་པ་དེ་ནི་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་གཤིན་རྗེ་འཇོམས་མ་རིགས་

ལྡན་མ་རླུང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། རྡོ་རྗེ་ཕག་མོ་གཤིན་རྗེ་ཕོ་ཉ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་འཇོམས་མ་རིགས་ལྡན་མ་ནི་གཤིན་རྗེ་ཕོ་ཉ་མར་འགྱུར་ལ། རྡོ་རྗེ་ཕག་མོ་གཤིན་རྗེ་ཕོ་ཉ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་

Vol. 16 · folio 105a

རོ། །དེ་ནས་ཐུན་གསུམ་པ་ལ་རྡོ་རྗེ་ཕག་མོ་རིགས་ལྡན་མ་བདེན་བྲལ་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྭ་གདོང་མ་གཤིན་རྗེ་མཆེ་བ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་ཕག་མོ་རིགས་ལྡན་མ་ནི་གཤིན་རྗེ་མཆེ་བ་མར་འགྱུར་ལ།

ཁྭ་གདོང་མ་གཤིན་རྗེ་མཆེ་བ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་ཁྭ་གདོང་མ་རིགས་ལྡན་མ་མེའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། འུག་གདོང་མ་གཤིན་རྗེ་འཇོམས་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྭ་གདོང་མ་

རིགས་ལྡན་མ་ནི་གཤིན་རྗེ་འཇོམས་མར་འགྱུར་ལ། །འུག་གདོང་མ་གཤིན་རྗེ་འཇོམས་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་ཞེས་པ་གཡོན་སྐོར་གྱིས་འཁོར་བ་སྟེ་ཟླ་བའི་ཆ་ལ་ཀུན་དུ་སྤྱོད་པའོ། །དེ་ནས་ཉིན་ཞག་བརྒྱད་པ་ལ་མཚན་ཕྱེད་ནས་ཐུན་དང་པོ་ལ་འུག་གདོང་

མ་རིགས་ལྡན་མ་ཤར་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྱི་གདོང་མ་ཁྭ་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་འུག་གདོང་མ་རིགས་ལྡན་མ་ནི་ཁྭ་གདོང་མར་འགྱུར་ལ། ཁྱི་གདོང་མ་ཁྭ་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་

གཉིས་པ་ལ་ཁྱི་གདོང་མ་རིགས་ལྡན་མ་ལྷོའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཕག་གདོང་མ་འུག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྱི་གདོང་མ་རིགས་ལྡན་མ་ནི་འུག་གདོང་མར་འགྱུར་ལ། ཕག་གདོང་མ་འུག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་

འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་ཕག་གདོང་མ་རིགས་ལྡན་མ་ནུབ་ཀྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་བརྟན་མ་ཁྱི་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཕག་གདོང་མ་རིགས་ལྡན་མ་ནི་ཁྱི་གདོང་མར་འགྱུར་ལ། གཤིན་རྗེ་བརྟན་མ་ཁྱི་

གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་གཤིན་རྗེ་བརྟན་མ་རིགས་ལྡན་མ་བྱང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་ཕོ་ཉ་མ་ཕག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་བརྟན་མ་རིགས་ལྡན་མ་ནི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words