མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣམ་པར་བཤད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) ལཀྵ་ཨ་བྷི་དྷ་ནཱ་ཏ་ཨུདྡྷྲྀ་ཏོ་ལ་གྷུ་ཏནྟྲ་པིཎྜ་ཨརྠ་བི་ཝ་ར་ཎཾ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 16 · folio 105b

ཕག་གདོང་མར་འགྱུར་ལ། གཤིན་རྗེ་ཕོ་ཉ་མ་ཕག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་ཞེས་པ་གཡས་སྐོར་གྱིས་འཁོར་བ་སྟེ་ཉི་མའི་ཆ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའོ། །དེ་ནས་ཟླ་བའི་ཆ་ལ་ཉི་མ་གུང་ནས་ཐུན་དང་པོ་ལ་གཤིན་རྗེ་ཕོ་ཉ་མ་རིགས་ལྡན་མ་

དབང་ལྡན་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་མཆེ་བ་མ་གཤིན་རྗེ་བརྟན་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་ཕོ་ཉ་མ་རིགས་ལྡན་མ་ནི་གཤིན་རྗེ་བརྟན་མར་འགྱུར་ལ། གཤིན་རྗེ་མཆེ་བ་མ་གཤིན་རྗེ་བརྟན་མ་གང་ཡིན་པ་དེ་རིགས་ལྡན་མར་

འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་རླུང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་འཇོམས་མ་གཤིན་རྗེ་ཕོ་ཉ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་མཆེ་བ་མ་རིགས་ལྡན་མ་ནི་གཤིན་རྗེ་ཕོ་ཉ་མར་འགྱུར་ལ།

གཤིན་རྗེ་འཇོམས་མ་གཤིན་རྗེ་ཕོ་ཉ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་གཤིན་རྗེ་འཇོམས་མ་རིགས་ལྡན་མ་བདེན་བྲལ་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། རྡོ་རྗེ་ཕག་མོ་གཤིན་རྗེ་མཆེ་བ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་

འཇོམས་མ་རིགས་ལྡན་མ་ནི་གཤིན་རྗེ་མཆེ་བ་མར་འགྱུར་ལ། རྡོ་རྗེ་ཕག་མོ་གཤིན་རྗེ་མཆེ་བ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་རྡོ་རྗེ་ཕག་མོ་རིགས་ལྡན་མ་མེའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྭ་གདོང་མ་གཤིན་རྗེ་འཇོམས་མ་ནི་དབུས་སུའོ། །

དེའི་ཕྱིར་གནས་ཀྱི་དབང་གིས་རྡོ་རྗེ་ཕག་མོ་རིགས་ལྡན་མ་ནི་གཤིན་རྗེ་འཇོམས་མར་འགྱུར་ལ། ཁྭ་གདོང་མ་གཤིན་རྗེ་འཇོམས་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་ཞེས་པ་གཡོན་སྐོར་གྱིས་འཁོར་བ་སྟེ་ཟླ་བའི་ཆ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའོ། །དེ་ནས་ཉིན་ཞག་དགུ་པ་

ལ་མཚན་ཕྱེད་ནས་ཐུན་དང་པོ་ལ་ཁྭ་གདོང་མ་རིགས་ལྡན་མ་ཤར་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། འུག་གདོང་མ་ཁྭ་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྭ་གདོང་མ་ནི་རིགས་ལྡན་མ་ལ་སོགས་པ་རྣམས་སུ་གྱུར་ནས་སླར་ཡང་ཁྭ་གདོང་མ་ཉིད་དུ་

Vol. 16 · folio 106a

འགྱུར་ལ། འུག་གདོང་མ་ཁྭ་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་འུག་གདོང་མ་རིགས་ལྡན་མ་ལྷོའི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྱི་གདོང་མ་འུག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་འུག་

གདོང་མ་ནི་རིགས་ལྡན་མ་ལ་སོགས་པ་རྣམས་སུ་གྱུར་ནས་སླར་ཡང་འུག་གདོང་མ་ཉིད་དུ་འགྱུར་ལ། ཁྱི་གདོང་མ་འུག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་ཁྱི་གདོང་མ་རིགས་ལྡན་མ་ནུབ་ཀྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། ཁྱི་གདོང་

མ་ཕག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཁྱི་གདོང་མ་ནི་རིགས་ལྡན་མ་ལ་སོགས་པ་རྣམས་སུ་གྱུར་ནས་སླར་ཡང་ཁྱི་གདོང་མ་ཉིད་དུ་འགྱུར་ལ། ཁྱི་གདོང་མ་ཕག་གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་ཕག་གདོང་

མ་རིགས་ལྡན་མ་བྱང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་བརྟན་མ་ཕག་གདོང་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཕག་གདོང་མ་ནི་རིགས་ལྡན་མ་ལ་སོགས་པ་རྣམས་སུ་གྱུར་ནས་སླར་ཡང་ཕག་གདོང་མ་ཉིད་དུ་འགྱུར་ལ། གཤིན་རྗེ་བརྟན་མ་ཕག་

གདོང་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ་ཞེས་པ་གཡས་སྐོར་གྱིས་འཁོར་བ་སྟེ་ཉི་མའི་ཆ་ལ་ཀུན་དུ་སྤྱོད་པའོ། །དེ་ནས་ཟླ་བའི་ཆ་ལ་ཉི་མ་གུང་ནས་ཐུན་དང་པོ་ལ་གཤིན་རྗེ་བརྟན་མ་རིགས་ལྡན་མ་དབང་ལྡན་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་ཕོ་ཉ་མ་གཤིན་རྗེ་

བརྟན་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་བརྟན་མ་ནི་རིགས་ལྡན་མ་ལ་སོགས་པར་གྱུར་ནས་སླར་ཡང་གཤིན་རྗེ་བརྟན་མ་ཉིད་དུ་འགྱུར་ལ། གཤིན་རྗེ་ཕོ་ཉ་མ་གཤིན་རྗེ་བརྟན་མ་གང་ཡིན་པ་དེ་རིགས་ལྡན་མ་ཉིད་དུ་འགྱུར་རོ། །དེ་ནས་ཐུན་གཉིས་པ་ལ་

གཤིན་རྗེ་ཕོ་ཉ་མ་རིགས་ལྡན་མ་རླུང་གི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་མཆེ་བ་མ་གཤིན་རྗེ་ཕོ་ཉ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་ཕོ་ཉ་མ་ནི་རིགས་ལྡན་མ་ལ་སོགས་པ་རྣམས་སུ་གྱུར་ནས་སླར་ཡང་གཤིན་རྗེ་ཕོ་ཉ་མ་ཉིད་དུ་འགྱུར་ལ། གཤིན་

Vol. 16 · folio 106b

རྗེ་མཆེ་བ་མ་གཤིན་རྗེ་ཕོ་ཉ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་གསུམ་པ་ལ་གཤིན་རྗེ་མཆེ་བ་མ་རིགས་མ་ལྡན་པ་བདེན་བྲལ་གྱི་དུར་ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། གཤིན་རྗེ་འཇོམས་མ་གཤིན་རྗེ་མཆེ་བ་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་

གཤིན་རྗེ་མཆེ་བ་མ་ནི་རིགས་ལྡན་མ་ལ་སོགས་པ་རྣམས་སུ་གྱུར་ནས་སླར་ཡང་གཤིན་རྗེ་མཆེ་བ་མ་ཉིད་དུ་འགྱུར་ལ། གཤིན་རྗེ་འཇོམས་མ་གཤིན་རྗེ་མཆེ་བ་མ་གང་ཡིན་པ་དེ་རིགས་ལྡན་མར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་གཤིན་རྗེ་འཇོམས་མ་རིགས་ལྡན་མ་མེའི་དུར་

ཁྲོད་ཆེན་པོར་ཀུན་དུ་སྤྱོད་དེ། རྡོ་རྗེ་ཕག་མོ་གཤིན་རྗེ་འཇོམས་མ་ནི་དབུས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་གཤིན་རྗེ་འཇོམས་མ་ནི་རིགས་ལྡན་མ་ལ་སོགས་པ་རྣམས་སུ་གྱུར་ནས་སླར་ཡང་གཤིན་རྗེ་འཇོམས་མ་ཉིད་དུ་འགྱུར་ལ། རྡོ་རྗེ་ཕག་མོ་གང་ཡིན་པ་དེ་ཁྭ་

གདོང་མ་ལ་སོགས་པ་རྣམས་སུ་གྱུར་ནས། སླར་ཡང་རང་གི་གནས་ཀྱི་དབང་གིས་རིགས་ལྡན་མ་ཉིད་དུ་འགྱུར་རོ་ཞེས་པ་གཡོན་སྐོར་གྱིས་འཁོར་བ་སྟེ་ཟླ་བའི་ཆ་ལ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའི་རྣལ་འབྱོར་པས་རྟོགས་པར་བྱའོ་ཞེས་པ་དུར་ཁྲོད་ཆེན་པོ་བརྒྱད་པོ་

རྣམས་སུ་དུས་ཀྱི་ཁྱད་པར་གྱིས་རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་སྟེ། ཉིན་ཞག་དགུ་པ་ལ་རང་གི་གནས་སུ་བགྲོད་པས་ཀུན་དུ་སྤྱོད་པ་ཡོངས་སུ་སྤྱོད་པའོ། །དེ་ནས་མཆོད་པ་བྱས་ནས་སླར་ཡང་ཉིན་ཞག་བཅུ་པ་ལ་ཚེས་གཅིག་གི་ཉིན་ཞག་ལ་ཇི་ལྟ་བ་བཞིན་ཀུན་དུ་སྤྱོད་དོ། །

གཉིས་པ་ཇི་ལྟ་བར་བཅུ་གཅིག་པ་ལའོ། །གསུམ་པ་ཇི་ལྟ་བར་བཅུ་གཉིས་པ་ལའོ། །བཞི་པ་ཇི་ལྟ་བར་བཅུ་གསུམ་པ་ལའོ། །ལྔ་པ་ཇི་ལྟ་བར་བཅུ་བཞི་པ་ལའོ། །དྲུག་པ་ཇི་ལྟ་བར་གནམ་སྟོང་ལའོ། །བདུན་པ་ཇི་ལྟ་བར་དཀར་པོའི་ཚེས་གཅིག་གི་ཉིན་ཞག་ལའོ། །

བརྒྱད་པ་ཇི་ལྟ་བར་གཉིས་པ་ལའོ། །དགུ་པ་ཇི་ལྟ་བར་གསུམ་པ་ལ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་རང་རང་གི་གནས་སུ་བགྲོད་པའི་དབང་གིས་རྡོ་རྗེ་ཕག་མོ་ལ་སོགས་པ་རྣམས་སླར་ཡང་རང་རང་གི་ངོ་བོར་འགྱུར་རོ། །དེ་ནས་མཆོད་པ་བྱས་ནས་སླར་ཡང་བཅུ་པ་ལ་ཇི་ལྟ་བར་བཞི་

Vol. 16 · folio 107a

པ་ལ་ཀུན་དུ་སྤྱོད་དོ། །ལྔ་པ་ལ་བཅུ་གཅིག་པ་བཞིན་ནོ། །དྲུག་པ་ལ་བཅུ་གཉིས་པ་བཞིན་ནོ། །བདུན་པ་ལ་བཅུ་གསུམ་པ་བཞིན་ནོ། །བརྒྱད་པ་ལ་བཅུ་བཞི་པ་བཞིན་ནོ། །དགུ་པ་ལ་གནམ་སྟོང་བཞིན་ནོ། །བཅུ་

པ་ལ་དཀར་པོའི་ཚེས་གཅིག་བཞིན་ནོ། །བཅུ་གཅིག་པ་ལ་གཉིས་པ་བཞིན་ནོ། །བཅུ་གཉིས་པ་ལ་གསུམ་པ་བཞིན་ཏེ། དུར་ཁྲོད་ན་གནས་པ་རྣམས་ཀྱི་ཐུགས་དང་གསུང་དང་སྐུའི་དབྱེ་བས་ཀུན་དུ་སྤྱོད་དོ། །དེའི་ཕྱིར་ཉིན་ཞག་དགུ་རྣམས་ཀྱིས་རྒྱུ་སྐར་དགུའི་སྦྱོར་བས་རྒྱུ་སྐར་

ཉི་ཤུ་རྩ་བདུན་རྣམས་དང་། ཟླ་བའི་ཁྱིམ་བཅུ་གཉིས་མཐར་ཐུག་པ་ཇི་སྲིད་པར་རོ། །དེ་ལྟར་ཆ་བཅོ་ལྔའི་དབྱེ་བས་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་ཧེ་རུ་ཀ་དང་ལྷན་ཅིག་ཀུན་དུ་སྤྱོད་དོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱིས་རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི་དབྱེ་བས་ཀུན་དུ་སྤྱོད་

དོ། །དེ་ནས་ཟླ་བ་དང་ཉི་མའི་དབྱེ་བས་ཉིན་ཞག་གསུམ་ལ་རབ་གཏུམ་མ་ལ་སོགས་པ་རྣམས་ཀྱིས་ཀུན་དུ་སྤྱོད་པར་འགྱུར་རོ། །འདི་ལྟ་སྟེ། འདིར་དཀར་པོའི་བཅུ་གསུམ་པ་སྡིག་པའི་དུས་སྦྱོར་འཆར་བ་ན་ཐུགས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་དུ་མཆོད་པ་བྱས་ནས་ཐབས་སྤངས་

ཏེ་རབ་གཏུམ་མ་ལྷོའི་རྩིབས་ལ་ཀུན་དུ་སྤྱོད་དོ། །གཏུམ་མིག་མ་ནི་ནུབ་ཀྱི་རྩིབས་ལའོ། །འོད་ལྡན་མ་ནི་བྱང་གི་རྩིབས་སུའོ། །སྣ་ཆེན་མ་ནི་ཤར་གྱི་རྩིབས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རབ་གཏུམ་མ་ནི་གཏུམ་མིག་མ་དང་། གཏུམ་མིག་མ་ནི་འོད་ལྡན་མ་དང་། འོད་

ལྡན་མ་ནི་སྣ་ཆེན་མ་དང་། སྣ་ཆེན་མ་ནི་རབ་གཏུམ་མར་འགྱུར་རོ། །དེ་ནས་སྡིག་པའི་ཕྱེད་ལ་སྔ་མའི་རབ་གཏུམ་མ་ནི་ཀུན་དུ་སྤྱོད་དེ་ནུབ་ཀྱི་རྩིབས་སུའོ། །སྔ་མའི་གཏུམ་མིག་མ་ནི་བྱང་གི་རྩིབས་སུའོ། །སྔ་མའི་འོད་ལྡན་མ་ནི་ཤར་གྱི་རྩིབས་སུའོ། །སྔ་མའི་སྣ་ཆེན་མ་ནི་ལྷོའི་

རྩིབས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རབ་གཏུམ་མ་ནི་འོད་ལྡན་མ་དང་། གཏུམ་མིག་མ་ནི་སྣ་ཆེན་མ་དང་། འོད་ལྡན་མ་ནི་རབ་གཏུམ་མ་དང་། སྣ་ཆེན་མ་ནི་གཏུམ་མིག་མར་འགྱུར་རོ། །དེ་ནས་གཞུ་འཆར་བ་ན་སྔ་མའི་རབ་གཏུམ་མ་ནི་བྱང་གི་རྩིབས་ལ་ཀུན་དུ་སྤྱོད་དོ། །

Vol. 16 · folio 107b

སྔ་མའི་གཏུམ་མིག་མ་ནི་ཤར་གྱི་རྩིབས་སུའོ། །སྔ་མའི་འོད་ལྡན་མ་ནི་ལྷོའི་རྩིབས་སུའོ། །སྔ་མའི་སྣ་ཆེན་མ་ནི་ནུབ་ཀྱི་རྩིབས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་རབ་གཏུམ་མ་ནི་སྣ་ཆེན་མ་དང་། གཏུམ་མིག་མ་ནི་རབ་གཏུམ་མ་དང་། འོད་ལྡན་མ་ནི་གཏུམ་མིག་མ་དང་། སྣ་ཆེན་

མ་ནི་འོད་ལྡན་མར་འགྱུར་རོ། །དེ་ནས་གཞུའི་ཕྱེད་ལ་སྔ་མའི་རབ་གཏུམ་མ་ནི་ཤར་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །གཏུམ་མིག་མ་ནི་ལྷོའི་རྩིབས་སུའོ། །འོད་ལྡན་མ་ནི་ནུབ་ཀྱི་རྩིབས་སུའོ། །སྣ་ཆེན་མ་ནི་བྱང་གི་རྩིབས་སུ་ཀུན་ཏུ་སྤྱོད་དོ། །དེའི་ཕྱིར་གནས་ཀྱི་དབང་གིས་རབ་ཏུ་

གཏུམ་མ་ལ་སོགས་པའི་ཕོ་ཉ་མོ་རྣམས་རང་རང་གི་གཟུགས་འཛིན་པར་འགྱུར་རོ་ཞེས་པ་གཡས་སྐོར་གྱིས་འཁོར་བ་སྟེ། སྡིག་པ་འཆར་བ་དང་སྡིག་པའི་ཕྱེད་དང་། གཞུ་འཆར་བ་དང་གཞུའི་ཕྱེད་ལ་དབྱུ་གུ་ཕྱེད་དང་བཅས་པའི་གཉིས་གཉིས་ཀྱི་རྣལ་འབྱོར་མ་བཞིའི་ཚོགས་

ཀྱི་འཁོར་ལོར་ཀུན་དུ་སྤྱོད་པར་ཤེས་པར་བྱའོ། །དེ་ནས་ཆུ་སྲིན་འཆར་བ་ནས་མཆོད་པ་བྱས་ནས། དཔའ་བོའི་བློ་ཅན་མ་ནི་དབང་ལྡན་ནས་རླུང་གི་རྩིབས་སུ་ཀུན་དུ་སྤྱོད་དོ། །མིའུ་ཐུང་མ་ནི་བདེན་བྲལ་གྱི་རྩིབས་སུའོ། །ལང་ཀའི་དབང་ཕྱུག་མ་ནི་མེའི་རྩིབས་སུའོ། །ཤིང་གྲིབ་

མ་ནི་དབང་ལྡན་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་གནས་ཀྱི་དབང་གིས་དཔའ་བོའི་བློ་ཅན་མ་ནི་མིའུ་ཐུང་མ་དང་། མིའུ་ཐུང་མ་ནི་ལང་ཀའི་དབང་ཕྱུག་མ་དང་། ལང་ཀའི་དབང་ཕྱུག་མ་ནི་ཤིང་གྲིབ་མ་དང་། ཤིང་གྲིབ་མ་ནི་དཔའ་བོའི་བློ་ཅན་མར་འགྱུར་རོ། །དེ་ནས་ཆུ་

སྲིན་གྱི་ཕྱེད་ལ་སྔ་མའི་དཔའ་བོའི་བློ་ཅན་མ་ནི་བདེན་བྲལ་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །སྔ་མའི་མིའུ་ཐུང་མ་ནི་མེའི་རྩིབས་སུའོ། །སྔ་མའི་ལང་ཀའི་དབང་ཕྱུག་མ་ནི་དབང་ལྡན་གྱི་རྩིབས་སུའོ། །སྔ་མའི་ཤིང་གྲིབ་མ་ནི་རླུང་གི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་གནས་ཀྱི་དབང་

གིས་དཔའ་བོའི་བློ་ཅན་མ་ནི་ལང་ཀའི་དབང་ཕྱུག་མ་དང་། མིའུ་ཐུང་མ་ནི་ཤིང་གྲིབ་མ་དང་། ལང་ཀའི་དབང་ཕྱུག་མ་ནི་དཔའ་བོའི་བློ་ཅན་མ་དང་། ཤིང་གྲིབ་མ་ནི་མིའུ་ཐུང་མར་འགྱུར་རོ། །དེ་ནས་བུམ་པ་འཆར་བ་ན། སྔ་མའི་དཔའ་བོའི་བློ་ཅན་མ་ནི་མེའི་རྩིབས་སུ་ཀུན་དུ་སྤྱོད་

Vol. 16 · folio 108a

དོ། །སྔ་མའི་མིའུ་ཐུང་མ་ནི་དབང་ལྡན་གྱི་རྩིབས་སུའོ། །སྔ་མའི་ལང་ཀའི་དབང་ཕྱུག་མ་ནི་རླུང་གི་རྩིབས་སུའོ། །སྔ་མའི་ཤིང་གྲིབ་མ་ནི་བདེན་བྲལ་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་གནས་ཀྱི་དབང་གིས་དཔའ་བོའི་བློ་ཅན་མ་ནི་ཤིང་གྲིབ་མ་དང་། མིའུ་

ཐུང་མ་ནི་དཔའ་བོའི་བློ་ཅན་མ་དང་། ལང་ཀའི་དབང་ཕྱུག་མ་ནི་མིའུ་ཐུང་མ་དང་། ཤིང་གྲིབ་མ་ནི་ལང་ཀའི་དབང་ཕྱུག་མར་འགྱུར་རོ། །དེ་ནས་བུམ་པའི་ཕྱེད་ལ་དཔའ་བོའི་བློ་ཅན་མ་ནི་དབང་ལྡན་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །སྔ་མའི་མིའུ་ཐུང་མ་ནི་རླུང་གི་རྩིབས་སུའོ། །སྔ་

མའི་ལང་ཀའི་དབང་ཕྱུག་མ་ནི་བདེན་བྲལ་གྱི་རྩིབས་སུའོ། །སྔ་མའི་ཤིང་གྲིབ་མ་ནི་མེའི་རྩིབས་སུ་ཀུན་དུ་སྤྱོད་དེ། དེའི་ཕྱིར་རང་རང་གི་གནས་ཀྱི་དབང་གིས་དཔའ་བོའི་བློ་ཅན་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་རང་རང་གི་གཟུགས་འཛིན་པར་འགྱུར་རོ་ཞེས་པ་གཡོན་སྐོར་གྱིས་འཁོར་

བ་སྟེ་ཆུ་སྲིན་འཆར་བ་དང་། ཆུ་སྲིན་གྱི་ཕྱེད་དང་། བུམ་པ་འཆར་བ་དང་བུམ་པའི་ཕྱེད་ལ་རྣལ་འབྱོར་མ་རྣམས་ཀྱིས་ཀུན་དུ་སྤྱོད་པའོ། །དེ་ལྟར་དུས་སྦྱོར་ཕྱེད་པའི་དབྱེ་བས་རྣལ་འབྱོར་མ་བརྒྱད་པོ་རྣམས་ཀྱི་ཐུགས་ཀྱི་འཁོར་ལོ་ལ་ཀུན་དུ་སྤྱོད་པ་ཚོགས་ཀྱི་འཁོར་ལོར་རྣལ་འབྱོར་པ་

རྣམས་ཀྱིས་རྟོགས་པར་བྱའོ། །དེ་ནས་མཆོད་པ་བྱས་ནས་གསུང་གི་འཁོར་ལོ་ལ་ཀུན་དུ་སྤྱོད་པ་ནི་འདི་ལྟ་སྟེ། འདིར་ཉའི་དུས་སྦྱོར་འཆར་བ་ནས་སྲུངས་མ་ནི་གསུང་གི་འཁོར་ལོའི་ཤར་གྱི་རྩིབས་ནས་ལྷོའི་རྩིབས་སུ་ཀུན་དུ་སྤྱོད་དོ། །འཇིགས་བྱེད་ཆེན་པོ་ནི་ནུབ་ཀྱི་རྩིབས་སུའོ། །

རླུང་ཤུགས་མ་ནི་བྱང་གི་རྩིབས་སུའོ། །ཆང་འཐུང་མ་ནི་ཤར་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་གནས་ཀྱི་དབང་གིས་ས་སྲུངས་མ་ནི་འཇིགས་བྱེད་ཆེན་མོ་དང་། འཇིགས་བྱེད་ཆེན་མོ་ནི་རླུང་ཤུགས་མ་དང་། རླུང་ཤུགས་མ་ནི་ཆང་འཐུང་མ་དང་། ཆང་འཐུང་མ་ནི་ས་

སྲུངས་མར་འགྱུར་རོ། །དེ་ནས་ཉའི་ཕྱེད་ལ་སྔ་མའི་ས་སྲུངས་མ་ནི་ནུབ་ཀྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །སྔ་མའི་འཇིགས་བྱེད་ཆེན་མོ་ནི་བྱང་གི་རྩིབས་སུའོ། །སྔ་མའི་རླུང་ཤུགས་མ་ནི་ཤར་གྱི་རྩིབས་སུའོ། །སྔ་མའི་ཆང་འཐུང་མ་ནི་ལྷོའི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་གནས་

Vol. 16 · folio 108b

ཀྱི་དབང་གིས་ས་སྲུངས་མ་ནི་རླུང་ཤུགས་མ་དང་། འཇིགས་བྱེད་ཆེན་མོ་ནི་ཆང་འཐུང་མ་དང་། རླུང་ཤུགས་མ་ནི་ས་སྲུངས་མ་དང་། ཆང་འཐུང་མ་ནི་འཇིགས་བྱེད་ཆེན་མོར་འགྱུར་རོ། །དེ་ནས་ལུག་འཆར་བ་ན་སྔ་མའི་ས་སྲུངས་མ་ནི་བྱང་གི་རྩིབས་སུའོ། །སྔ་མའི་འཇིགས་བྱེད་

ཆེན་མོ་ནི་ཤར་གྱི་རྩིབས་སུའོ། །སྔ་མའི་རླུང་ཤུགས་མ་ནི་ལྷོའི་རྩིབས་སུའོ། །སྔ་མའི་ཆང་འཐུང་མ་ནི་ནུབ་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་གནས་ཀྱི་དབང་གིས་ས་སྲུངས་མ་ནི་ཆང་འཐུང་མར་འགྱུར་རོ། །འཇིགས་བྱེད་ཆེན་མོ་ནི་ས་སྲུངས་མ་དང་། །རླུང་ཤུགས་

མ་ནི་འཇིགས་བྱེད་ཆེན་མོ་དང་། ཆང་འཐུང་མ་ནི་རླུང་ཤུགས་མར་འགྱུར་རོ། །དེ་ནས་ལུག་གི་ཕྱེད་ལ་སྔ་མའི་ས་སྲུངས་མ་ནི་ཤར་གྱི་རྩིབས་སུའོ། །སྔ་མའི་འཇིགས་བྱེད་ཆེན་མོ་ནི་ལྷོའི་རྩིབས་སུའོ། །སྔ་མའི་རླུང་ཤུགས་མ་ནི་ནུབ་ཀྱི་རྩིབས་སུའོ། །སྔ་མའི་ཆང་འཐུང་

མ་ནི་བྱང་གི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་རང་རང་གི་གནས་ཀྱི་དབང་གིས་ས་སྲུངས་མ་ལ་སོགས་པ་རྣམས་རང་རང་གི་གཟུགས་འཛིན་པར་འགྱུར་རོ་ཞེས་པ་གཡས་སྐོར་གྱིས་འཁོར་བ་སྟེ། རྣལ་འབྱོར་མ་བཞི་པོ་རྣམས་ཀྱི་དུས་སྦྱོར་ཕྱེད་པའི་དབྱེ་བས་གསུང་

གི་འཁོར་ལོའི་ཀུན་དུ་སྤྱོད་པའོ། །དེ་ནས་མཆོད་པ་བྱས་ནས་གླང་གི་དུས་སྦྱོར་འཆར་བ་ན། ལྷ་མོ་སྔོ་བསངས་མ་ནི་དབང་ལྡན་གྱི་རྩིབས་ནས་རླུང་གི་རྩིབས་སུ་ཀུན་དུ་སྤྱོད་དོ། །ཤིན་ཏུ་བཟང་མོ་ནི་བདེན་བྲལ་གྱི་རྩིབས་སུའོ། །རྟ་རྣ་མ་ནི་མེའི་རྩིབས་སུའོ། །མཁའ་

འགྲོ་གདོང་མ་ནི་དབང་ལྡན་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་གནས་ཀྱི་དབང་གིས་ལྷ་མོ་སྔོ་བསངས་མ་ནི་ཤིན་ཏུ་བཟང་མོ་དང་། ཤིན་ཏུ་བཟང་མོ་ནི་རྟ་རྣ་མ་དང་། རྟ་རྣ་མ་ནི་མཁའ་འགྲོ་གདོང་མ་དང་། མཁའ་འགྲོ་གདོང་མ་ནི་ལྷ་མོ་སྔོ་བསངས་མར་འགྱུར་རོ། །

དེ་ནས་གླང་གི་ཕྱེད་ལ་སྔ་མའི་ལྷ་མོ་སྔོ་བསངས་མ་ནི་བདེན་བྲལ་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །སྔ་མའི་ཤིན་ཏུ་བཟང་མོ་ནི་མེའི་རྩིབས་སུའོ། །སྔ་མའི་རྟ་རྣ་མ་ནི་དབང་ལྡན་གྱི་རྩིབས་སུའོ། །སྔ་མའི་མཁའ་འགྲོ་གདོང་མ་ནི་རླུང་གི་རྩིབས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་

Vol. 16 · folio 109a

ལྷ་མོ་སྔོ་བསངས་མ་ནི་རྟ་རྣ་མ་དང་། ཤིན་ཏུ་བཟང་མོ་ནི་མཁའ་འགྲོ་གདོང་མ་དང་། རྟ་རྣ་མ་ནི་ལྷ་མོ་སྔོ་བསངས་མ་དང་། མཁའ་འགྲོ་གདོང་མ་ནི་ཤིན་ཏུ་བཟང་མོར་འགྱུར་རོ། །དེ་ནས་འཁྲིག་པ་འཆར་བ་ན་སྔ་མའི་ལྷ་མོ་སྔོ་བསངས་མ་ནི་མེའི་རྩིབས་སུ་

ཀུན་དུ་སྤྱོད་དོ། །སྔ་མའི་ཤིན་ཏུ་བཟང་མོ་ནི་དབང་ལྡན་གྱི་རྩིབས་སུའོ། །སྔ་མའི་རྟ་རྣ་མ་ནི་རླུང་གི་རྩིབས་སུའོ། །སྔ་མའི་མཁའ་འགྲོ་གདོང་མ་ནི་བདེན་བྲལ་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་གནས་ཀྱི་དབང་གིས་ལྷ་མོ་སྔོ་བསངས་མ་ནི་མཁའ་འགྲོ་གདོང་མ་དང་། ཤིན་

ཏུ་བཟང་མོ་ནི་ལྷ་མོ་སྔོ་བསངས་མ་དང་། རྟ་རྣ་མ་ནི་ཤིན་ཏུ་བཟང་མོ་དང་། མཁའ་འགྲོ་གདོང་མ་ནི་རྟ་རྣ་མར་འགྱུར་རོ། །དེ་ནས་འཁྲིག་པའི་ཕྱེད་ལ་སྔ་མའི་ལྷ་མོ་སྔོ་བསངས་མ་ནི་དབང་ལྡན་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །སྔ་མའི་ཤིན་ཏུ་བཟང་མོ་ནི་རླུང་གི་རྩིབས་སུའོ། །སྔ་

མའི་རྟ་རྣ་མ་ནི་བདེན་བྲལ་གྱི་རྩིབས་སུའོ། །སྔ་མའི་མཁའ་འགྲོ་གདོང་མ་ནི་མེའི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་རང་རང་གི་གནས་ཀྱི་དབང་གིས་ལྷ་མོ་སྔོ་བསངས་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་རང་རང་གི་གཟུགས་འཛིན་པར་འགྱུར་རོ་ཞེས་པ་གཡོན་སྐོར་གྱིས་འཁོར་བ་སྟེ་

གསུང་གི་འཁོར་ལོ་ལ་རྣལ་འབྱོར་མ་རྣམས་ཀྱི་ཀུན་དུ་སྤྱོད་པའོ། །དེ་ལྟར་ཉ་ལ་སོགས་པ་དུས་སྦྱོར་ཕྱེད་པའི་དབྱེ་བས་རྣལ་འབྱོར་མ་བརྒྱད་པོ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོར་ཀུན་དུ་སྤྱོད་པ་རྟོགས་པར་བྱའོ། །དེ་ནས་མཆོད་པ་བྱས་ནས་སྐུའི་འཁོར་ལོ་ལ་ཀུན་དུ་སྤྱོད་པ་ནི་

འདི་ལྟ་སྟེ། འདིར་ཀརྐ་ཊ་འཆར་བ་ན་འཁོར་ལོའི་ཤུགས་ཅན་མ་ནི་སྐུའི་འཁོར་ལོའི་ཤར་གྱི་རྩིབས་ནས་ལྷོའི་རྩིབས་སུ་ཀུན་དུ་སྤྱོད་དོ། །དུམ་སྐྱེས་མ་ནི་ནུབ་ཀྱི་རྩིབས་སུའོ། །ཤཽཎྜི་ནི་བྱང་གི་རྩིབས་སུའོ། །འཁོར་ལོའི་གོ་ཆ་མ་ནི་ཤར་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །

དེའི་ཕྱིར་གནས་ཀྱི་དབང་གིས་འཁོར་ལོའི་ཤུགས་ཅན་མ་ནི་དུམ་སྐྱེས་མར་འགྱུར་རོ། །དུམ་སྐྱེས་མ་ནི་ཤཽཎྜི་ནི་དང་། ཤཽཎྜི་ནི་ནི་འཁོར་ལོའི་གོ་ཆ་མ་དང་། འཁོར་ལོའི་གོ་ཆ་མ་ནི་འཁོར་ལོའི་ཤུགས་ཅན་མར་འགྱུར་རོ། །དེ་ནས་ཀརྐ་ཊའི་ཕྱེད་ལ་སྔ་མའི་འཁོར་ལོའི་ཤུགས་

Vol. 16 · folio 109b

ཅན་མ་ནི་ནུབ་ཀྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །སྔ་མའི་དུམ་སྐྱེས་མ་མི་བྱང་གི་རྩིབས་སུའོ། །སྔ་མའི་ཤཽཎྜི་ནི་ནི་ཤར་གྱི་རྩིབས་སུའོ། །སྔ་མའི་འཁོར་ལོའི་གོ་ཆ་མ་ནི་ལྷོའི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་གནས་ཀྱི་དབང་གིས་སྔ་མའི་འཁོར་ལོའི་ཤུགས་ཅན་མ་ནི་ཤཽཎྜི་ནི་དང་།

སྔ་མའི་དུམ་སྐྱེས་མ་ནི་འཁོར་ལོའི་གོ་ཆ་མ་དང་། སྔ་མའི་ཤཽཎྜི་ནི་ནི་འཁོར་ལོའི་ཤུགས་ཅན་མ་དང་། སྔ་མའི་འཁོར་ལོའི་གོ་ཆ་མ་ནི་དུམ་སྐྱེས་མར་འགྱུར་རོ། །དེ་ནས་སེང་གེའི་དུས་སྦྱོར་འཆར་བ་ན་སྔ་མའི་འཁོར་ལོའི་ཤུགས་ཅན་མ་ནི་བྱང་གི་རྩིབས་སུ་ཀུན་དུ་སྤྱོད་དོ། །སྔ་མའི་དུམ་

སྐྱེས་མ་ནི་ཤར་གྱི་རྩིབས་སུའོ། །སྔ་མའི་ཤཽཎྜི་ནི་ནི་ལྷོའི་རྩིབས་སུའོ། །སྔ་མའི་འཁོར་ལོའི་གོ་ཆ་མ་ནི་ནུབ་ཀྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་གནས་ཀྱི་དབང་གིས་སྔ་མའི་འཁོར་ལོའི་ཤུགས་ཅན་མ་ནི་འཁོར་ལོའི་གོ་ཆ་མ་དང་། སྔ་མའི་དུམ་སྐྱེས་མ་ནི་འཁོར་ལོའི་ཤུགས་ཅན་

མ་དང་། སྔ་མའི་ཤཽཎྜི་ནི་ནི་དུམ་སྐྱེས་མ་དང་སྔ་མའི་འཁོར་ལོའི་གོ་ཆ་མ་ནི་ཤཽཎྜི་ནིར་འགྱུར་རོ། །དེ་ནས་སེང་གེའི་ཕྱེད་ལ་སྔ་མའི་འཁོར་ལོའི་ཤུགས་ཅན་མ་ནི་ཤར་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །སྔ་མའི་དུམ་སྐྱེས་མ་ནི་ལྷོའི་རྩིབས་སུའོ། །སྔ་མའི་ཤཽཎྜི་ནི་ནི་ནུབ་ཀྱི་རྩིབས་སུའོ། །

སྔ་མའི་འཁོར་ལོའི་གོ་ཆ་མ་ནི་བྱང་གི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་རང་རང་གི་གནས་ཀྱི་དབང་གིས་འཁོར་ལོའི་ཤུགས་ཅན་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་རང་རང་གི་གཟུགས་འཛིན་པར་འགྱུར་ཞེས་པ་གཡས་སྐོར་གྱིས་འཁོར་བ་སྟེ་སྐུའི་འཁོར་ལོ་ལ་ཀུན་དུ་སྤྱོད་

པའོ། །དེ་ནས་མཆོད་པ་བྱས་ནས་གཡོན་སྐོར་གྱིས་ཀུན་དུ་སྤྱོད་པ་ནི་འདི་ལྟ་སྟེ། འདིར་བུ་མོའི་དུས་སྦྱོར་འཆར་བ་ནི་ཤིན་ཏུ་དཔའ་མོ་ནི་དབང་ལྡན་གྱི་རྩིབས་ནས་རླུང་གི་རྩིབས་སུ་ཀུན་དུ་སྤྱོད་དོ། །སྟོབས་ཆེན་མ་ནི་བདེན་བྲལ་གྱི་རྩིབས་སུའོ། །འཁོར་ལོས་སྒྱུར་མ་ནི་མེའི་

རྩིབས་སུའོ། །བརྩོན་འགྲུས་ཆེན་མོ་ནི་དབང་ལྡན་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཤིན་ཏུ་དཔའ་མོ་ནི་སྟོབས་ཆེན་མ་དང་། སྟོབས་ཆེན་མ་ནི་འཁོར་ལོས་སྒྱུར་མ་དང་། འཁོར་ལོས་སྒྱུར་མ་ནི་བརྩོན་འགྲུས་ཆེན་མོ་དང་། བརྩོན་འགྲུས་ཆེན་མོ་ནི་ཤིན་

Vol. 16 · folio 110a

ཏུ་དཔའ་མོར་འགྱུར་རོ། །དེ་ནས་བུ་མོའི་ཕྱེད་ལ་ཤིན་ཏུ་དཔའ་མོ་ནི་བདེན་བྲལ་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །སྔ་མའི་སྟོབས་ཆེན་མ་ནི་མེའི་རྩིབས་སུའོ། །སྔ་མའི་འཁོར་ལོས་སྒྱུར་མ་ནི་དབང་ལྡན་གྱི་རྩིབས་སུའོ། །སྔ་མའི་བརྩོན་འགྲུས་ཆེན་མོ་ནི་རླུང་གི་

རྩིབས་སུའོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཤིན་ཏུ་དཔའ་མོ་ནི་འཁོར་ལོས་སྒྱུར་མ་དང་། སྟོབས་ཆེན་མ་ནི་བརྩོན་འགྲུས་ཆེན་མོ་དང་། འཁོར་ལོས་སྒྱུར་མ་ནི་ཤིན་ཏུ་དཔའ་མོ་དང་། བརྩོན་འགྲུས་ཆེན་མོ་ནི་སྟོབས་ཆེན་མར་འགྱུར་རོ། །དེ་ནས་སྲང་གི་དུས་སྦྱོར་འཆར་བ་ན་སྔ་མའི་

ཤིན་ཏུ་དཔའ་མོ་ནི་མེའི་རྩིབས་སུ་ཀུན་དུ་སྤྱོད་དོ། །སྔ་མའི་སྟོབས་ཆེན་མ་ནི་དབང་ལྡན་གྱི་རྩིབས་སུའོ། །སྔ་མའི་འཁོར་ལོས་སྒྱུར་མ་ནི་རླུང་གི་རྩིབས་སུའོ། །སྔ་མའི་བརྩོན་འགྲུས་ཆེན་མོ་ནི་བདེན་བྲལ་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་གནས་ཀྱི་དབང་གིས་ཤིན་ཏུ་དཔའ་

མོ་ནི་བརྩོན་འགྲུས་ཆེན་མོ་དང་། སྟོབས་ཆེན་མོ་ནི་ཤིན་ཏུ་དཔའ་མོ་དང་། འཁོར་ལོས་སྒྱུར་མ་ནི་སྟོབས་ཆེན་མ་དང་། བརྩོན་འགྲུས་ཆེན་མོ་ནི་འཁོར་ལོས་སྒྱུར་མར་འགྱུར་རོ། །དེ་ནས་སྲང་གི་ཕྱེད་ལ་ཤིན་ཏུ་དཔའ་མོ་ནི་དབང་ལྡན་གྱི་རྩིབས་སུ་ཀུན་དུ་སྤྱོད་དོ། །སྔ་མའི་

སྟོབས་ཆེན་མ་ནི་རླུང་གི་རྩིབས་སུའོ། །སྔ་མའི་འཁོར་ལོས་སྒྱུར་མ་ནི་བདེན་བྲལ་གྱི་རྩིབས་སུའོ། །སྔ་མའི་བརྩོན་འགྲུས་ཆེན་མོ་ནི་མེའི་རྩིབས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་རང་རང་གི་གནས་ཀྱི་དབང་གིས་ཤིན་ཏུ་དཔའ་མོ་ལ་སོགས་པ་རྣལ་འབྱོར་མ་བཞི་པོ་རྣམས་རང་རང་གི་

གཟུགས་འཛིན་པར་འགྱུར་རོ་ཞེས་པ་གཡོན་སྐོར་གྱིས་འཁོར་བ་སྟེ། བུ་མོ་ལ་སོགས་པའི་དུས་སྦྱོར་ཕྱེད་པའི་དབྱེ་བས་སྐུའི་འཁོར་ལོ་ལ་རྣལ་འབྱོར་མ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོར་ཀུན་དུ་སྤྱོད་པ་རྟོགས་པར་བྱའོ། །དེ་ལྟར་ཉིན་ཞག་དང་པོ་ལ་སྡིག་པ་ལ་སོགས་པ་

དུས་སྦྱོར་བཅུ་གཉིས་ཕྱེད་པ་ཉི་ཤུ་རྩ་བཞིའི་དབྱེ་བ་རྣམས་ཀྱིས་བཅུ་གསུམ་པ་ལ་རྣལ་འབྱོར་མ་རྣམས་ཀུན་དུ་སྤྱོད་པའོ། །འདིར་བཅུ་གསུམ་པ་ལ་ཐུགས་ཀྱི་དབྱེ་བ་དང་མུན་པའི་ཡོན་ཏན་གྱི་དབྱེ་བ་ཇི་ལྟ་བ་དེ་བཞིན་དུ་བཅུ་བཞི་པ་ལ་སྟེ། ཉིན་ཞག་གཉིས་པ་ལ་གསུང་

Vol. 16 · folio 110b

གི་དབྱེ་བ་དང་། རྡུལ་གྱི་ཡོན་ཏན་གྱི་དབྱེ་བས་སོ། །དེ་ལྟར་ཉ་ལ་སྟེ་ཉིན་ཞག་གསུམ་པ་ལ་སྐུའི་དབྱེ་བ་དང་། སྙིང་སྟོབས་ཀྱི་ཡོན་ཏན་གྱི་དབྱེ་བས་རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་ཀུན་དུ་སྤྱོད་པ་སྡིག་པ་ལ་སོགས་པ་དུས་སྦྱོར་བཅུ་གཉིས་ཀྱི་ཕྱེད་པ་ཉི་ཤུ་རྩ་བཞིའི་དབྱེ་

བ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོར་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱའོ་ཞེས་པ་ཉི་ཤུ་རྩ་བཞིའི་དུས་ཀྱི་ཁྱད་པར་གྱིས་རྣལ་འབྱོར་མ་རྣམས་ཀྱི་ཀུན་དུ་སྤྱོད་པའི་ངེས་པའོ། །འདིར་རྣལ་འབྱོར་མ་གང་གནས་གང་དུ་ཀུན་དུ་སྤྱོད་པ་དེར་དེའི་ལྷག་མ་ཟ་བའི་དབང་གིས་དང་

དེའི་རིགས་ཀྱི་ཐབས་ཀྱིས་བཟུང་བས་དེ་དེའི་རིགས་སུ་འགྱུར་རོ། །ཇི་སྲིད་རང་གི་གནས་སུ་མ་ཕྱིན་པ་དེ་སྲིད་དུ་རང་གི་རིགས་སུ་མི་འགྱུར་རོ། །དེ་ནས་རང་གི་གནས་སུ་ཕྱིན་པས་རང་གི་རིགས་སུ་གནས་པར་འགྱུར་རོ། །འདི་ལྟར་དཔལ་ཧེ་རུ་ཀས་བཟུང་བ་དང་

རིགས་ལྡན་མའི་ལྷག་མ་ཟ་བའི་དབང་གིས་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་མ་གཤིན་རྗེ་འཇོམས་མའི་བར་གང་ཞིག་དབུས་སུ་ཞུགས་པ་དེ་ནི་རྡོ་རྗེ་ཕག་མོ་རིགས་ལྡན་མར་འགྱུར་ལ། རྡོ་རྗེ་ཕག་མོ་རིགས་ལྡན་མ་གང་ཡིན་པ་དེ་གཞན་གྱི་ལྷག་མ་ཟ་བའི་དབང་གིས་

དེའི་རིགས་དང་ལྡན་པར་འགྱུར་རོ། །དེ་ལྟར་རིགས་སུམ་ཅུ་རྩ་དྲུག་གི་རྣལ་འབྱོར་མ་རྣམས་གནས་ཀྱི་དབང་གིས་རིགས་དང་མི་ལྡན་པ་ནི་རིགས་དང་ལྡན་པར་འགྱུར་ལ། རིགས་དང་ལྡན་པ་ནི་རིགས་དང་མི་ལྡན་པར་འགྱུར་ཏེ། ཇི་ལྟར་འཇིག་རྟེན་ཀུན་རྫོབ་ཏུ་རིགས་དང་མི་ལྡན་

པ་ཡང་འཁོར་ལོས་སྒྱུར་བའི་རིན་པོ་ཆེའི་གདུགས་ཀྱི་འོག་ཏུ་བཞག་པས་རིགས་དང་ལྡན་པར་འགྱུར་རོ། །འདིར་སྣ་ཚོགས་བཤེས་གཉེན་ལ་སོགས་པ་རྣམས་ཁྱི་ཤ་འཚེད་པ་ལ་སོགས་པ་མངལ་ནས་བྱུང་བ་རིགས་དང་མི་ལྡན་པ་ཡང་སྔགས་དང་བསམ་གཏན་དང་དཀའ་ཐུབ་ཀྱིས་སྟོབས་

དང་བྲམ་ཟེར་འགྱུར་རོ། །དེ་བཞིན་དུ་རིགས་དང་ལྡན་པའི་བྲམ་ཟེ་རྣམས་ཀྱང་བ་ལང་གི་ཤ་ལ་སོགས་པ་ཟོས་ཤིང་གདོལ་པ་ལ་སོགས་པ་རིགས་དང་མི་ལྡན་པ་རྣམས་ཀྱི་ཁྱིམ་དུ་ཟོས་པས་རིགས་དང་མི་ལྡན་པར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་ལ་གཞན་གྱི་

Vol. 16 · folio 111a

གནས་དང་བཟའ་བ་དང་ཐབས་དང་ལོངས་སྤྱོད་པས་བཟུང་བའི་དབང་གིས་འཇིག་རྟེན་པའི་ཀུན་རྫོབ་ཏུ་རྣལ་འབྱོར་མ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པར་བྱ་སྟེ། སྔར་བརྗོད་པའི་གཡུང་མོ་ལ་སོགས་པ་རིགས་ཀྱི་ཕོ་ཉ་མོ་སུམ་ཅུ་རྩ་བདུན་པོ་རྣམས་ཚོགས་ཀྱི་

འཁོར་ལོར་ཀུན་དུ་སྤྱོད་པའི་དོན་དུའོ། །དེ་ལྟར་ཇི་སྲིད་ལོ་གསུམ་གྱི་བར་དུ་མཆོད་པ་དང་སྔགས་བཟླས་པ་དང་བསམ་གཏན་བྱ་སྟེ། སྔགས་བཟླས་པའི་མཐར་སྦྱིན་སྲེག་བྱའོ། །དེ་ནས་ཕྱོགས་གསུམ་ཇི་སྲིད་པར་ཚོགས་ཀྱི་འཁོར་ལོར་རྣལ་འབྱོར་མ་རྣམས་ཀྱིས་ཀུན་དུ་སྤྱོད་པར་

བྱའོ། །དེ་ནས་སྔར་བརྗོད་པའི་འཇིག་རྟེན་པའི་དངོས་གྲུབ་ཀྱི་སྒྲུབ་ཐབས་རྒྱུད་ལས་གསུངས་པ་ཐམས་ཅད་ཐམས་ཅད་ཀྱི་ཚེ་རྣམ་པ་ཐམས་ཅད་ཀྱི་སྒྲུབ་པ་པོ་ལ་འགྲུབ་པར་འགྱུར་རོ། །རྣམ་པ་གཞན་གྱིས་ཀྱང་ལས་གཅིག་གི་དངོས་གྲུབ་གཅིག་འགྲུབ་སྟེ། སྔགས་བཟླས་པ་དང་

བསམ་གཏན་དང་སྦྱིན་སྲེག་གིས་ཤེས་པའོ། །རྣལ་འབྱོར་པའི་གཙོ་བོའི་དངོས་གྲུབ་ཏུ་མི་འགྱུར་ཏེ། ལས་གཅིག་གིས་རལ་གྲི་ལ་སོགས་པའི་དངོས་གྲུབ་གཅིག་འགྲུབ་པར་འགྱུར་རོ། །དེས་ན་དུས་སྦྱོར་གྱི་ཁྱད་པར་གྱི་རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་འདི་ནི་རྩ་བའི་རྒྱུད་

མངོན་པར་བརྗོད་པ་འབུམ་པར་རྣལ་འབྱོར་པ་རྣམས་ཀྱིས་དུས་ཀྱི་ཁྱད་པར་གྱིས་རྟོགས་པར་བྱའོ། །ཡང་ན། དེ་ལས་བྱུང་བའི་འགྲེལ་བཤད་འདིས་ཤེས་པ་སྟེ། འཇིག་རྟེན་པའི་ལས་རབ་འབྱམ་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་མངོན་དུ་བྱ་བའི་ཕྱིར་གྲུབ་པ་ཆེན་པོ་ཉིད་དུ་

བསྒྲུབ་པའི་ཕྱིར་ཡང་ངེས་པའོ་ཞེས་པ་རྣལ་འབྱོར་མའི་ཀུན་དུ་སྤྱོད་པའི་ཆོ་གའོ། །ད་ནི་གནས་ཀྱི་མིང་ཡིག་དང་པོའི་ས་བོན་ཡོངས་སུ་གྱུར་པ་ལས་ཕྱི་རོལ་དང་ནང་དུ་གདན་དང་ཚོགས་ཀྱི་འཁོར་ལོ་ཡང་བརྗོད་པར་བྱའོ། །དེ་ལ་ཕྱི་རོལ་དུ་ལྷུན་པོའི་འོག་ཏུ་ཧཾ་ཡིག་ཡོངས་སུ་གྱུར་པ་

པ་ལས་ནམ་མཁའི་དཀྱིལ་འཁོར་རོ། །ནང་དུ་ནི་གཙུག་ཏོར་གྱི་པདྨའི་ཟེ་འབྲུའོ། །ཕྱི་རོལ་དུ་དེའི་སྟེང་དུ་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་རོ། །ནང་དུ་ནི་དཔྲལ་བའི་པདྨའི་ཟེ་འབྲུའོ། །ཕྱི་རོལ་དུ་དེའི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་

Vol. 16 · folio 111b

དཀྱིལ་འཁོར་རོ། །ནང་དུ་ནི་མགྲིན་པའི་པདྨའི་ཟེ་འབྲུའོ། །ཕྱི་རོལ་དུ་དེའི་སྟེང་དུ་བཾ་ཡིག་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་རོ། །ནང་དུ་ནི་སྙིང་གའི་པདྨའི་ཟེ་འབྲུའོ། །ཕྱི་རོལ་དུ་དེའི་སྟེང་དུ་ལཾ་ཡིག་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་རོ། །ནང་དུ་ནི་ལྟེ་བའི་

པདྨའི་ཟེ་འབྲུའོ། །ཕྱི་རོལ་དུ་དེའི་སྟེང་དུ་མཾ་ཡིག་ཡོངས་སུ་གྱུར་པ་ལས་ལྷུན་པོའོ། །ནང་དུ་ནི་གསང་བའི་པདྨའི་ཟེ་འབྲུའོ། །ཕྱི་རོལ་དུ་དེའི་སྟེང་དུ་སྣ་ཚོགས་པདྨའོ། །ནང་དུ་ནི་རྡོ་རྗེ་ནོར་བུའི་ནང་དུ་སོན་པའི་རྩ་བརྒྱད་ཟེ་འབྲུ་དང་བཅས་པའོ། །ཕྱི་རོལ་དུ་པདྨའི་ཟེ་འབྲུ་ལ་ཉི་མའི་

དཀྱིལ་འཁོར་རོ། །ནང་དུ་ནི་དུས་ཀྱི་མེའོ། །ཕྱི་རོལ་དུ་དེའི་སྟེང་དུ་ཨུ་མ་དང་། དབང་ཕྱུག་ཆེན་པོའོ། །ནང་དུ་ནི་རྡུལ་དང་ཁུ་བའོ། །ཕྱི་རོལ་དུ་དེའི་སྟེང་དུ་ཧེ་རུ་ཀའོ། །ནང་དུ་ནི་དེ་དག་འགོག་པ་ལས་ལྷན་ཅིག་སྐྱེས་པའི་དགའ་བའོ། །རྡོ་རྗེ་ཕག་མོ་ནི་ཐམས་ཅད་མཁྱེན་པ་

ཉིད་དེ་དང་། འོད་ཟེར་དང་། འོད་དང་། ཟླ་བ་དང་། ཟླ་བའི་འོད་ལྟར་དབྱེར་མེད་པའི་ཆོས་ཅན་ནོ། །དེ་ལྟར་ལྟེ་བ་དང་གསང་བ་དང་རྡོ་རྗེ་ནོར་བུར་སྐུ་དང་གསུང་དང་ཐུགས་ཀྱི་ཆོས་ཀྱིས་ལྷན་ཅིག་སྐྱེས་པའི་དགའ་བ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀར་བརྗོད་པར་བྱའོ། །འདིར་

ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཡེ་ཤེས་རྡོ་རྗེ་བཞི་པའོ། །དེ་ལྟར་ན་བཅོམ་ལྡན་འདས་ཧེ་རུ་ཀ་ཞལ་བཞི་པ་སྟེ། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །ཞལ་བཞི་པོ་དེ་རྣམས་ཀྱི་རང་བཞིན་གྱིས་བྱང་དང་ལྷོ་དང་ཤར་དང་ནུབ་ཀྱི་འཁོར་ལོའི་རྩིབས་རྣམས་

སུ་གནས་པའི་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་པོ་དེ་རྣམས་ཀྱི་རང་རང་གི་གནས་ཀྱི་མིང་གི་ཡི་གེ་དང་པོ་ཡོངས་སུ་གྱུར་པ་ལས་རོའི་གདན་རྣམས་སུ་འགྱུར་རོ། །ཕྱི་རོལ་དུ་ཡེ་ཤེས་ཀྱི་འཁོར་ལོ་ལ་ཤར་གྱི་རྩིབས་སུ་ལཾ་ཡིག་ཡོངས་སུ་གྱུར་པ་ལས་མཁའ་འགྲོ་མའི་ཡི་དགས་ཀྱི་གདན་ནོ། །

ནང་དུ་ནི་ལྟེ་བའི་པདྨ་ལ་དཀྱིལ་འཁོར་འབབ་པའི་རྩ་དྲུག་ཅུ་དང་། ཐུན་མཚམས་ཀྱི་རྩ་བཞི་སྟེ། དེ་རྣམས་སུ་ཤར་ལ་སོགས་པའི་རྩ་རྣམས་ལ་སྲོག་གི་རླུང་འགགས་པ་ནི་རོའི་གདན་དུ་བརྗོད་དོ། །དེ་ལྟར་ཕྱི་རོལ་དུ་པཾ་ཡིག་ཡོངས་སུ་གྱུར་པ་ལས་ལྷོའི་རྩིབས་སུ་ལཱ་མའིའོ། །

Vol. 16 · folio 112a

ནུབ་ཀྱི་རྩིབས་སུ་མཾ་ཡིག་ཡོངས་སུ་གྱུར་པ་ལས་དུམ་སྐྱེས་མའིའོ། །བྱང་དུ་ཏཾ་ཡིག་ཡོངས་སུ་གྱུར་པ་ལས་གཟུགས་ཅན་མའིའོ། །ཕྱོགས་བྲལ་རྣམས་སུ་དྲི་ཆེན་དང་དྲི་ཆུ་དང་ཁྲག་དང་ཤའི་ཐོད་པ་རྣམས་སོ་ཞེས་པ་ཡེ་ཤེས་ཀྱི་འཁོར་ལོ་ལའོ། །ཕྱི་རོལ་དུ་དུར་

ཁྲོད་བརྒྱད་པོ་རྣམས་ལ་ཤར་གྱི་དུར་ཁྲོད་དུ་ཤུ་ཡིག་ཡོངས་སུ་གྱུར་པ་ལས་རོའི་གདན་ནི་ཁྭ་གདོང་མ་ཡིན་ནོ། །ནང་དུ་ནི་ཁའི་རྩ་ལ་སྲོག་གི་རླུང་འགགས་པའོ། །དེ་བཞིན་དུ་ཕྱི་རོལ་དུ་ཤ་ཡིག་ཡོངས་སུ་གྱུར་པ་ལས་ལྷོ་རུ་འུག་གདོང་མའིའོ། །ནང་དུ་ནི་སྣ་བུག་གཡས་པའི་རྩ་ལ་

སྲོག་གི་རླུང་འགགས་པའོ། །ཕྱི་རོལ་དུ་པུ་ཡིག་ཡོངས་སུ་གྱུར་པ་ལས་ནུབ་ཏུ་ཁྱི་གདོང་མའིའོ། །ནང་དུ་ནི་བཤང་ལམ་གྱི་རྩ་ལ་ཐུར་སེལ་གྱི་རླུང་འགགས་པའོ། །ཕྱི་རོལ་དུ་ཀླྀ་ཡིག་ཡོངས་སུ་གྱུར་པ་ལས་བྱང་དུ་ཕག་གདོང་མའིའོ། །ནང་དུ་ནི་སྣ་བུག་གཡོན་པའི་རྩ་ལ་

སྲོག་གི་རླུང་འགགས་པའོ། །ཕྱི་རོལ་དུ་བ་ཡིག་ཡོངས་སུ་གྱུར་པ་ལས་དབང་ལྡན་དུ་གཤིན་རྗེ་བརྟན་མའིའོ། །ནང་དུ་ནི་རྣ་བ་གཡོན་པའི་རྩ་ལ་སྲོག་འགགས་པའོ། །ཕྱི་རོལ་དུ་ས་ཡིག་ཡོངས་སུ་གྱུར་པ་ལས་རླུང་དུ་གཤིན་རྗེ་ཕོ་ཉ་མའིའོ། །ནང་དུ་ནི་རྣ་བ་གཡས་པའི་རྩ་ལ་

སྲོག་འགགས་པའོ། །ཕྱི་རོལ་དུ་གྷོ་ཡིག་ཡོངས་སུ་གྱུར་པ་ལས་བདེན་བྲལ་དུ་གཤིན་རྗེ་མཆེ་བ་མའིའོ། །ནང་དུ་ནི་མིག་གཡས་པའི་རྩ་ལ་སྲོག་འགགས་པའོ། །ཕྱི་རོལ་དུ་ཨུ་ཡིག་ཡོངས་སུ་གྱུར་པ་ལས་མེ་རུ་གཤིན་རྗེ་འཇོམས་མའི་ཡི་དགས་ཀྱི་གདན་ནོ། །ནང་དུ་ནི་མིག་

གཡོན་པའི་རྩ་ལ་སྲོག་གི་རླུང་འགགས་པའོ་ཞེས་པ་དུར་ཁྲོད་བརྒྱད་པོ་རྣམས་སུ་ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་ཕྱི་རོལ་དུ་ཚོགས་ཀྱི་འཁོར་ལོ་ལ་རིག་པར་བྱའོ།། །།ད་ནི་རབ་གཏུམ་མ་ལ་སོགས་པ་རྣམས་ཀྱིས་གནས་ཀྱི་མིང་ཡིག་དང་པོའི་ས་བོན་ཡོངས་སུ་གྱུར་པ་ལས་

ཐུགས་དང་གསུང་དང་སྐུའི་འཁོར་ལོ་ལ་གདན་རྣམས་བརྗོད་པར་བྱ་སྟེ། འདིར་ཕྱི་རོལ་དུ་ཐུགས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ལ་པཱུ་ཡིག་ཡོངས་སུ་གྱུར་པ་ལས་རབ་གཏུམ་མའི་རོའི་གདན་ནོ། །ནང་དུ་ནི་ངེས་པའི་དོན་གྱིས་ཆོས་ཀྱི་འཁོར་ལོར་ཤར་གྱི་རྩ་ལ་སྲོག་འགགས་པ་སྟེ།

Vol. 16 · folio 112b

དྲང་བའི་དོན་གྱི་ཕྱི་རོལ་དུ་སྤྱི་བོར་པཱུ་ཡིག་དགོད་པའོ། །དེ་ལྟར་ཕྱི་རོལ་དུ་ལྷོའི་རྩིབས་ལ་ཛཱ་ཡིག་ཡོངས་སུ་གྱུར་པ་ལས་གཏུམ་མིག་མའི་རོའི་གདན་ནོ། །ནང་དུ་ནི་ལྷོའི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་སྤྱི་གཙུག་ཏུ་ཛཱ་ཡིག་དགོད་པའོ། །ཕྱི་རོལ་དུ་ནུབ་ཀྱི་རྩིབས་ལ་ཨོ་

ཡིག་ཡོངས་སུ་གྱུར་པ་ལས་འོད་ལྡན་མའི་རོའི་གདན་ནོ། །ནང་དུ་ནི་ནུབ་ཀྱི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་རྣ་བ་གཡས་པའི་སྟེང་དུ་ཨཽ་ཡིག་དགོད་པའོ། །ཕྱི་རོལ་དུ་བྱང་གི་རྩིབས་ལ་ཨ་ཡིག་ཡོངས་སུ་གྱུར་པ་ལས་སྣ་ཆེན་མའི་རོའི་གདན་ནོ། །ནང་དུ་ནི་བྱང་གི་

རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་མགྲིན་པའི་རྒྱབ་ཏུ་ཨ་ཡིག་དགོད་པའོ་ཞེས་པ་གནས་ཀྱི་སོ་བོན་དགོད་པའོ། །དེ་བཞིན་དུ་ཐུགས་ཀྱི་འཁོར་ལོའི་དབང་ལྡན་གྱི་རྩིབས་ལ་གོ་ཡིག་ཡོངས་སུ་གྱུར་པ་ལས་དཔའ་བོའི་བློ་ཅན་མའི་རོའི་གདན་ནོ། །ནང་དུ་ནི་ཆོས་

ཀྱི་འཁོར་ལོར་དབང་ལྡན་གྱི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་རྣ་བ་གཡོན་པའི་སྟེང་དུ་གོ་ཡིག་དགོད་པའོ། །ཕྱི་རོལ་དུ་རླུང་གི་རྩིབས་ལ་ར་ཡིག་ཡོངས་སུ་གྱུར་པ་ལས་མིའུ་ཐུང་མའི་རོའི་གདན་ནོ། །ནང་དུ་ནི་རླུང་གི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་

གྱིས་སྨིན་མའི་དབུས་སུ་རཱ་ཡིག་དགོད་པའོ། །ཕྱི་རོལ་དུ་བདེན་བྲལ་གྱི་རྩིབས་ལ་དེ་ཡིག་ཡོངས་སུ་གྱུར་པ་ལས་ལང་ཀའི་དབང་ཕྱུག་མ་ནི་རོའི་གདན་ནོ། །ནང་དུ་ནི་བདེན་བྲལ་གྱི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་མིག་གཉིས་ལ་དེ་ཡིག་དགོད་དོ། །ཕྱི་རོལ་དུ་མེའི་

རྩིབས་ལ་མཱ་ཡིག་ཡོངས་སུ་གྱུར་པ་ལས་ཤིང་གྲིབ་མའི་རོའི་གདན་ནོ། །ནང་དུ་ནི་མེའི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་དཔུང་པའི་རྩ་ལ་མཱ་ཡིག་དགོད་པའོ་ཞེས་པ་ཐུགས་ཀྱི་འཁོར་ལོ་ལ་ཉེ་བའི་གནས་ཀྱི་ལྷ་མོ་རྣམས་ཀྱི་གདན་གྱི་ངེས་པའོ། །དེ་ནས་ཕྱི་རོལ་དུ་

གསུང་གི་འཁོར་ལོ་དང་ནང་དུ་ལོངས་སྤྱོད་འཁོར་ལོའི་ཕྱི་རོལ་གྱི་ཡོངས་སུ་བསྐོར་བ་ལ་རྩ་སུམ་ཅུ་རྩ་གཉིས་དང་། ནང་དུ་ཡོངས་སུ་བསྐོར་བ་ལ་རྩ་བརྒྱད་དེ། འདི་ཉིད་ལ་ཆོས་ཀྱི་འཁོར་ལོ་ལ་ཇི་ལྟ་བ་དེ་ལྟར་གདན་རྣམས་བརྗོད་པར་བྱའོ། །ཕྱི་རོལ་དུ་གསུང་གི་འཁོར་ལོའི་ཤར་

Vol. 16 · folio 113a

གྱི་རྩིབས་ལ་ཀཱ་ཡིག་ཡོངས་སུ་གྱུར་པ་ལས་ས་སྲུངས་མའི་རོའི་གདན་ནོ། །ནང་དུ་ནི་ངེས་པའི་དོན་གྱི་ལོངས་སྤྱོད་འཁོར་ལོའི་ནང་གི་ཡོངས་སུ་བསྐོར་བའི་ཤར་གྱི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་མཆན་ཁུང་གཉིས་སུ་ཀཱ་ཡིག་དགོད་པའོ། །

ཕྱི་རོལ་དུ་ལྷོའི་རྩིབས་ལ་ཨོ་ཡིག་ཡོངས་སུ་གྱུར་པ་ལས་འཇིགས་བྱེད་ཆེན་མོའི་རོའི་གདན་ནོ། །ནང་དུ་ནི་ལྷོའི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་ནུ་མ་གཉིས་ལ་ཨོ་ཡིག་དགོད་པའོ། །ཕྱི་རོལ་དུ་ནུབ་ཀྱི་རྩིབས་ལ་ཏྲི་ཡིག་ཡོངས་སུ་གྱུར་པ་ལས་རླུང་ཤུགས་མའི་

རོའི་གདན་ནོ། །ནང་དུ་ནི་ནུབ་ཀྱི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་ལྟེ་བ་ལ་ཏྲི་ཡིག་དགོད་པའོ། །ཕྱི་རོལ་དུ་བྱང་གི་རྩིབས་ལ་ཀོ་ཡིག་ཡོངས་སུ་གྱུར་པ་ལས་ཆང་འཐུང་མའི་རོའི་གདན་ནོ། །ནང་དུ་ནི་བྱང་གི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་སྣའི་

རྩེ་མོར་ཀོ་ཡིག་དགོད་པའོ་ཞེས་པ་ཞིང་དང་ཉེ་བའི་ཞིང་གི་ལྷ་མོ་རྣམས་ཀྱི་གདན་གྱི་ངེས་པའོ། །དེ་ལྟར་ཕྱི་རོལ་དུ་དབང་ལྡན་གྱི་རྩིབས་ལ་ཀ་ཡིག་ཡོངས་སུ་གྱུར་པ་ལས་ལྷ་མོ་སྔོ་བསངས་མའི་རོའི་གདན་ནོ། །ནང་དུ་ནི་མགྲིན་པའི་འཁོར་ལོའི་དབང་ལྡན་གྱི་རྩ་ལ་སྲོག་འགགས་

པ་སྟེ། དྲང་བའི་དོན་གྱིས་ཁ་ལ་ཀ་ཡིག་དགོད་པའོ། །ཕྱི་རོལ་དུ་རླུང་གི་རྩིབས་ལ་ལ་ཡིག་ཡོངས་སུ་གྱུར་པ་ལས་ཤིན་ཏུ་བཟང་མོའི་རོའི་གདན་ནོ། །ནང་དུ་ནི་རླུང་གི་རྩ་ལ་སྲོག་འགགས་པ་སྟེ་དྲང་བའི་དོན་གྱིས་མགྲིན་པར་ལ་ཡིག་དགོད་པའོ། །ཕྱི་རོལ་དུ་བདེན་བྲལ་གྱི་

རྩིབས་ལ་ཀ་ཡིག་ཡོངས་སུ་གྱུར་པ་ལས་རྟ་རྣ་མའི་རོའི་གདན་ནོ། །ནང་དུ་ནི་བདེན་བྲལ་གྱི་རྩ་ལ་སྲོག་འགགས་པ་སྟེ་དྲང་བའི་དོན་གྱིས་སྙིང་གར་ཀ་ཡིག་དགོད་པའོ། །ཕྱི་རོལ་དུ་མེའི་རྩིབས་ལ་ཧི་ཡིག་ཡོངས་སུ་གྱུར་པ་ལས་མཁའ་འགྲོ་གདོང་མའི་རོའི་གདན་ནོ། །ནང་

དུ་ནི་མེའི་རྩ་ལ་སྲོག་འགགས་པ་སྟེ་དྲང་བའི་དོན་གྱིས་མདོམས་བར་དུ་ཧི་ཡིག་དགོད་པའོ་ཞེས་པ་གསུང་གི་འཁོར་ལོ་ལ་འདུན་པ་དང་ཉེ་བའི་འདུན་པའི་རྣལ་འབྱོར་མ་རྣམས་ཀྱི་གདན་གྱི་ས་བོན་དགོད་པ་སྟེ། ལོངས་སྤྱོད་ཀྱི་གསུང་གི་འཁོར་ལོ་ལའོ། །དེ་ལྟར་ན་ཞིང་དང་ཉེ་བའི་ཞིང་

Vol. 16 · folio 113b

དང་འདུན་པ་དང་ཉེ་བར་འདུན་པའི་ལྷ་མོ་རྣམས་ཀྱི་གདན་གྱི་ངེས་པའོ། །དེ་ནས་ཕྱི་རོལ་དུ་སྐུའི་འཁོར་ལོ་དང་ནང་དུ་དཔྲལ་བར་ལྷན་ཅིག་སྐྱེས་པའི་འཁོར་ལོའི་ཕྱི་རོལ་གྱི་ཡོངས་སུ་བསྐོར་བ་ལ་རྩ་བཅུ་དྲུག་དང་ནང་གི་ཡོངས་སུ་བསྐོར་བ་ལ་རྩ་བརྒྱད་དེ། འདི་ཉིད་ལ་ལོངས་སྤྱོད་འཁོར་

ལོ་ལ་ཇི་ལྟ་བ་དེ་ལྟར་གདན་རྣམས་བརྗོད་པར་བྱའོ། །འདིར་ཕྱི་རོལ་དུ་སྐུའི་འཁོར་ལོའི་ཤར་གྱི་རྩིབས་ལ་པྲེ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོའི་ཤུགས་ཅན་མའི་རོའི་གདན་ནོ། །ནང་དུ་ནི་ངེས་པའི་དོན་གྱིས་ལྷན་ཅིག་སྐྱེས་པའི་འཁོར་ལོའི་ཤར་གྱི་རྩ་ལ་སྲོག་འགགས་པ་སྟེ།

དྲང་བའི་དོན་གྱིས་རྟགས་ལ་པྲེ་ཡིག་དགོད་པའོ། །ཕྱི་རོལ་དུ་ལྷོའི་རྩིབས་ལ་གྲེ་ཡིག་ཡོངས་སུ་གྱུར་པ་ལས་དུམ་སྐྱེས་མའི་རོའི་གདན་ནོ། །ནང་དུ་ནི་ལྷོའི་རྩ་ལ་སྲོག་འགགས་པ་སྟེ་དྲང་བའི་དོན་གྱིས་བཤང་ལམ་དུ་གྲི་ཡིག་དགོད་པའོ། །ཕྱི་རོལ་དུ་ནུབ་ཀྱི་རྩིབས་ལ་སཽ་ཡིག་ཡོངས་སུ་

གྱུར་པ་ལས་ཤཽཎྜི་ནིའི་རོའི་གདན་ནོ། །ནང་དུ་ནི་ནུབ་ཀྱི་རྩ་ལ་སྲོག་འགགས་པ་སྟེ་དྲང་བའི་དོན་གྱིས་བརླ་ཟུང་ལ་སཽ་ཡིག་དགོད་པའོ། །ཕྱི་རོལ་དུ་བྱང་གི་རྩིབས་ལ་སུ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོའི་གོ་ཆ་མའི་རོའི་གདན་ནོ། །ནང་དུ་ནི་བྱང་གི་རྩ་ལ་སྲོག་འགགས་

པ་སྟེ་དྲང་བའི་དོན་གྱིས་བྱིན་པ་གཉིས་ལ་སུ་ཡིག་དགོད་པའོ་ཞེས་པ་འདུས་པ་དང་ཉེ་བའི་འདུས་པའི་ཕོ་ཉ་མོ་རྣམས་ཀྱི་གདན་གྱི་ས་བོན་དགོད་པའོ། །དེ་ནས་ཕྱི་རོལ་དུ་དབང་ལྡན་གྱི་རྩིབས་ལ་ན་ཡིག་ཡོངས་སུ་གྱུར་པ་ལས་ཤིན་ཏུ་དཔའ་མོའི་རོའི་གདན་ནོ། །ནང་དུ་ནི་དབང་ལྡན་གྱི་

རྩ་ལ་སྲོག་འགགས་པ་སྟེ་དྲང་བའི་དོན་གྱིས་རྐང་པའི་སོར་མོ་རྣམས་ལ་ན་ཡིག་དགོད་པའོ། །ཕྱི་རོལ་དུ་རླུང་གི་རྩིབས་ལ་སི་ཡིག་ཡོངས་སུ་གྱུར་པ་ལས་སྟོབས་ཆེན་མའི་རོའི་གདན་ནོ། །ནང་དུ་ནི་རླུང་གི་རྩ་ལ་སྲོག་འགགས་པ་སྟེ་དྲང་བའི་དོན་གྱིས་རྐང་པའི་རྒྱབ་དག་ལ་སི་ཡིག་དགོད་

པའོ། །ཕྱི་རོལ་དུ་བདེན་བྲལ་གྱི་རྩིབས་ལ་མ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོས་སྒྱུར་མའི་རོའི་གདན་ནོ། །ནང་དུ་ནི་བདེན་བྲལ་གྱི་རྩ་ལ་སྲོག་འགགས་པ་སྟེ་དྲང་བའི་དོན་གྱིས་རྐང་པའི་མཐེ་བོང་དག་ལ་མ་ཡིག་དགོད་པའོ། །ཕྱི་རོལ་དུ་མེའི་རྩིབས་ལ་ཀུ་ཡིག་ཡོངས་སུ་གྱུར་

Vol. 16 · folio 114a

བ་ལས་བརྩོན་འགྲུས་ཆེན་མོའི་རོའི་གདན་ནོ། །ནང་དུ་ནི་མེའི་རྩ་ལ་སྲོག་འགགས་པ་སྟེ། དྲང་བའི་དོན་གྱིས་པུས་མོ་གཉིས་ལ་ཀུ་ཡིག་དགོད་པའོ་ཞེས་པ་སྐུའི་འཁོར་ལོ་ལ་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱི་གདན་གྱི་ས་བོན་དགོད་པ་སྟེ། དེ་ལྟར་ན་

སྐུའི་འཁོར་ལོ་ལ་འདུས་པ་དང་ཉེ་བའི་འདུས་པ་དང་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱི་གདན་གྱི་ངེས་པའོ། །འདིར་ཕྱི་རོལ་དུ་མཁའ་འགྲོ་མ་རྣམས་ཀྱི་གནས་ལ་སོགས་པར་འགྲོ་བའི་དོན་དུ་ཡི་དགས་ཀྱི་གདན་རྣམས་ཇི་ལྟ་བ་དེ་བཞིན་དུ་ནང་དུ་ཁམས་ཐམས་ཅད་ཀྱི་སྲོག་

གི་རླུང་འགགས་པས་གདན་ཞེས་པ་དང་། ཇི་ལྟར་ཕྱི་རོལ་དུ་ཚོགས་ཀྱི་འདུས་པར་རང་རང་གི་འཁོར་ལོའི་རྩིབས་རྣམས་སུ་རོའི་གདན་རྣམས་ལ་གནས་པ་དེ་བཞིན་དུ་ནང་དུ་སྲོག་གི་རླུང་རྣམས་ཀྱིས་རང་རང་གི་འཁོར་ལོའི་རྩ་ལ་བུམ་པ་ཅན་གྱི་སྦྱོར་བས་གནས་པ་ནི་ངེས་པའི་དོན་ཏོ། །འདིར་

ཕྱི་རོལ་དུ་ཚོགས་ཀྱི་འཁོར་ལོ་ལ་ཕོ་ཉ་མ་སུམ་ཅུ་རྩ་དྲུག་རྣམས་ཀྱི་མིའི་པགས་པ་རོ་རྣམ་པར་དག་པ་རྣམས་བཤད་པའི་ས་བོན་གྱི་ཡི་གེ་རྣམས་ཀྱིས་ལན་བདུན་མངོན་པར་བསྔགས་ཏེ་རང་རང་གི་གནས་སུ་སྦྱིན་པར་བྱའོ། །དབུས་སུ་གཙོ་བོའི་བ་ལང་གི་པགས་པ་དང་སྟག་གི་པགས་

པའོ་ཞེས་པ་གདན་གྱི་ཆོ་གའོ། །འདིར་རབ་གཏུམ་མ་ལ་སོགས་པ་རྣམས་དང་། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་རང་རང་གི་མིང་ཡིག་དང་པོའི་ས་བོན་གྱིས་བསྐྱེད་པ་ཚོགས་ཀྱི་འཁོར་ལོར་ས་བོན་དེ་དང་དེ་ཉིད་ཀྱིས་མངོན་པར་བསྔགས་ཏེ་གནས་ནས་གནས་སུ་ཀུན་དུ་སྤྱོད་

པར་བྱའོ་ཞེས་པ་རྒྱུད་ཐམས་ཅད་དུ་ངེས་པའོ། །ད་ནི་ཁ་ལ་སོགས་པ་དག་པར་བྱ་བའི་དོན་དུ་དམ་ཚིག་གི་རིལ་བུ་བརྗོད་པར་བྱའོ། །འདིར་ནམ་མཁའ་ལ་སོགས་པ་ཡོན་ཏན་རེ་རེ་འཕེལ་བའི་དབྱེ་བས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རྣམས་གཟུང་བར་བྱ་སྟེ། གང་གི་ཚེ་ཟླ་བ་དང་

ཉི་མ་གཅིག་ཏུ་སྦྱོར་བའི་ཟླ་བ་གཅིག་ལ་འཛིན་པར་འགྱུར་ཏེ། དང་པོ་ཟླ་བ་དང་ཕྱི་ནས་ཉི་མའམ། དང་པོར་ཉི་མ་དང་ཕྱི་ནས་ཟླ་བ་འཛིན་པའི་ཟླ་བ་དེ་དང་དེ་ལའོ། །འདིར་ཟླ་བ་བཟུང་བའི་ཚེས་གཅིག་འཇུག་པའི་དུས་ན། བུ་མོ་ལོ་བཅུ་གཉིས་མའམ་ལོ་བཅུ་དྲུག་ལོན་པ་ཁ་དོག་དཀར་

Vol. 16 · folio 114b

བ་བུ་མ་སྐྱེས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱ་སྟེ། ལྷའི་དམིགས་པ་བྱ་སྟེ་པདྨར་རྡོ་རྗེ་བཅུག་སྟེ། ཧཱུཾ་ཕཊ་ཡི་གེས་བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱ་ཞིང་སྤྲོ་བ་ན་འོག་ཏུ་པདྨའི་སྣོད་བཞག་ནས་རྡོ་རྗེ་པདྨའི་སྣོད་དེར་གཞུག་པར་བྱའོ། །ཚེས་གཉིས་པ་ལ་རོ་ལ་མཆོད་པར་བྱས་ནས་

གླད་པ་བླང་བར་བྱའོ། །གསུམ་པ་ལ་མི་མོ་དཀར་ཤམ་ལ་མཆོད་པ་བྱས་ནས་རིན་པོ་ཆེའི་རྡུལ་བླང་བར་བྱའོ། །བཞི་པ་ལ་རང་གི་རྡོ་རྗེའི་ཆུ་བླང་བར་བྱའོ། །ལྔ་པ་ལ་དྲི་ཆེན་བླང་བར་བྱའོ། །དེ་ལྟར་ཁུ་བ་མ་ཤ་ཀ་གཅིག་དང་། གླད་པ་མ་ཤ་ཀ་གཉིས་དང་། རིན་ཆེན་འབྱུང་ལྡན་མ་ཤ་

ཀ་གསུམ་དང་། རྡོ་རྗེའི་ཆུ་མ་ཤ་ཀ་བཞི་དང་། རྣམ་པར་སྣང་མཛད་མ་ཤ་ཀ་ལྔ་སྟེ། དེ་ལྟར་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་རྣམས་ཡོན་ཏན་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་འཕེལ་བའི་དབྱེ་བས་ཉིན་ཞག་ལྔས་རྫས་ལྔ་རྣམས་བླང་བར་བྱའོ། །དེ་ནས་

དྲུག་པ་ལ་རོ་ལ་མཆོད་པར་བྱས་ནས་མིའི་ཤ་དང་། བདུན་པ་ལ་རྟའི་ཤ་དང་། བརྒྱད་པ་ལ་སོ་ལྡན་གྱི་ཤ་དང་། དགུ་པ་ལ་ཁྱིའི་ཤ་དང་། བཅུ་པ་ལ་བ་ལང་གི་ཤ་བླང་བར་བྱ་སྟེ། ཆ་གཅིག་དང་ཆ་གཉིས་དང་ཆ་གསུམ་དང་ཆ་བཞི་དང་ཆ་ལྔ་ཇི་ལྟ་བའི་རིམ་པས་སྒྲོན་མ་བླངས་

ཏེ། བདུད་རྩི་ལྔ་དང་གཅིག་ཏུ་བྱས་ནས་མ་ཤ་ཀ་བདུན་ཅུ་རྩ་ལྔ་རྣམས་སོ། །དེ་ནས་སྦྲང་རྩི་བཅོ་ལྔ་དང་བདུད་རྩི་ལྔ་ལྷན་ཅིག་ཏུ་བྱས་ཏེ། ཚེས་བཅུ་གཅིག་པ་ལ་ཟས་མ་ཟོས་པར། སྦྲང་ཆང་ངམ། བུ་རམ་ཆང་ངམ། རྒུན་ཆང་ངམ། ཤིང་ཏཱ་ལ་ལ་སོགས་པ་སྐྱེས་པའམ།

འབྲས་ལས་སྐྱེས་པའམ། སྦྱར་བའི་ཆང་ཇི་ལྟར་འདོད་པ་འཐུངས་ནས་སྐྱུག་པར་བྱའོ། །སྐྱུགས་པ་དེ་ཐོད་པར་བླངས་ལ་རྫས་བཅུ་པོ་དེ་རྣམས་དང་བཏགས་པར་བྱའོ། །དེ་ནས་ཅེ་སྤྱང་གི་རྐྱལ་བུ་བླངས་ཏེ་དེའི་ནང་དུ་གཞུག་པར་བྱའོ། །དེ་ནས་ཐོད་པ་ཁ་སྦྱར་དུ་བྱ་སྟེ། དེ་

ཉིད་དུ་མཚན་མོའི་དུས་ན་དུར་ཁྲོད་ཀྱི་ས་གཞིར་སྐྱེས་པའི་རོ་དང་བུད་མེད་ཀྱི་རོ་ལྷན་ཅིག་མེ་ལ་བཅུག་ནས་བསྲེགས་པའི་སའི་འོག་ཏུ་ཁྲུ་གང་ཁྲུ་གསུམ་དུ་བརྐོས་ཏེ་དེར་དྲི་དང་བདུག་པ་ལ་སོགས་པ་རྣམས་ཀྱིས་མཆོད་ནས། སྔགས་ཀྱི་ཆོ་ག་འདིས་གཏོར་མ་རྒྱ་ཆེན་པོ་དབུལ་

Vol. 16 · folio 115a

བར་བྱའོ། །ཨོཾ་བཛྲ་ཀྲོ་དྷེ་ཤྭ་རི་སརྦྦ་དྲ་བྱ་ཎི་བི་ཤོ་དྷ་ཡ་ཧཱུཾ་ཕཊ། ཅེས་པ་གཏོར་མ་སྦྱང་བའི་སྔགས་སོ། །སངས་རྒྱས་ཡབ་ཡུམ་བཅས་པ་སྲས་བཅས་གཡོག་འཁོར་དང་། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོའི་

ཚོགས་ཀྱིས་མཉེས་པར་བྱེད་པ་དང་། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ནི་གཤེགས་སུ་གསོལ། །ཞེས་པས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའོ། །ཨོཾ་ཤྲཱི་ཧེ་རུ་ཀ་ཨཱ་ཀཌྜྷྱ་ཡ་ཨཱ་ཀཌྜྷྱ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦྦ་ཌཱ་ཀི་

ནཱི་ནཱཾ། ཧྲྀ་ད་ཡཾ་ཛཿཧཱུཾ་བཾ་ཧོཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་མཁའ་འགྲོ་མ་རྣམས་དགུག་པའི་སྔགས་སོ། །ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀ་ཧྣ་གྲྀ་ཧྣ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བཛྲ་རཱ་ཛ་ཧུཾ་ཧཱུཾ་ཕཊ། ཞེས་པ་གཏོར་མ་དབུལ་བའི་སྔགས་སོ། །དེ་ནས་

མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། སྔགས་འདིས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ། ས་བརྐོས་པ་དེར་གཞུག་པར་བྱ་ཞིང་དུར་ཁྲོད་ཀྱི་ཐལ་བས་བཀང་ནས་སྟེང་དུ་རལ་གྲི་ཆེན་པོ་གཞག་པར་བྱའོ། །ཨོཾ་

བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། ཞེས་པའི་སྔགས་འདིས་བསྲུང་བར་བྱ་སྟེ་རང་གི་ཁྱིམ་དུ་འོངས་ནས། བཅུ་གཉིས་པ་ལ་ཐུན་བཞིར་ཞལ་བཞི་པའི་སྔགས་བཟླས་པར་བྱའོ། །བཅུ་གསུམ་པ་ལ་རྐང་པ་བརྒྱད་པ་དང་བཅུ་བཞི་པ་ལ་རྐང་པ་ཉི་ཤུ་རྩ་བཞི་པའོ། །དེ་ནས་གནམ་སྟོང་ལ་ཉི་མ་

གཟས་བཟུང་བ་ན་བཏོན་ནས་མིའི་རྐང་དང་བསྲེས་ལ་སྲན་ཆུང་གི་ཚད་ཙམ་གྱི་རིལ་བུ་བྱས་ལ་རིལ་བུ་དེ་བཟའ་བ་དང་བཏུང་བ་ལ་སོགས་པ་ལ་ཀུཎྜ་གོ་ལ་ལས་བྱུང་བ་དང་བཅས་པས་བསངས་པས་རྣམ་པར་དག་པར་འགྱུར་ཏེ། ཁར་བཅུག་པས་ཁ་དག་པར་འགྱུར་རོ། །ཚོགས་ཀྱི་འཁོར་ལོ་དང་

བསྒོམ་པའི་དུས་ན་ཡང་ཐམས་ཅད་བསྲུང་བར་འགྱུར་རོ་ཞེས་པ་རིལ་བུའི་ཆོ་གའི་ངེས་པའོ།། །།ད་ནི་ཚོགས་ཀྱི་འཁོར་ལོ་ཆེན་པོ་ལ་སྔར་བཤད་པའི་གཡུང་མོ་དང་དམངས་རིགས་ལ་སོགས་པ་རིགས་སུམ་ཅུ་རྩ་དྲུག་གི་ཕོ་ཉ་མོ་རྣམས་ཀྱི་བཟའ་བ་དང་བཏུང་བའི་ཆོ་ག་བརྗོད་པར་བྱའོ། །

Vol. 16 · folio 115b

འདིར་སྐྱེ་བོ་དང་བྲལ་བའི་ཁང་བའམ་ཤིན་ཏུ་སྦས་པའི་གནས་སུ་རིགས་ཀྱི་ཕོ་ཉ་མོ་གོས་དང་བྲལ་བ་ཐམས་ཅད་དང་སྒྲུབ་པ་པོ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱང་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ་རང་རང་གི་གནས་སུ་རྣལ་འབྱོར་མ་སྐྲ་གྲོལ་བ་རྣམས་དང་། སྒྲུབ་པ་པོ་རལ་པའི་ཅོད་པན་བཅིངས་པ་

རྣམས་མིའི་པགས་པའི་སྟེང་དུ་འདུག་ཅིང་ཚོགས་ཀྱི་བདག་པོ་ནི་འཁོར་ལོའི་དབུས་སུ་བ་ལང་དང་སྟག་གི་པགས་པའི་སྟེང་དུའོ། །དེ་ནས་མིའི་པགས་པ་ཁྲུ་གང་ཙམ་གྱིས་སྡེར་བྱས་ཏེ་ཚོགས་ཀྱི་གཙོ་བོ་ལ་དབུལ་བར་བྱའོ། །ཤར་གྱི་རྣལ་འབྱོར་མ་རྣམས་ལ་རྟའི་པགས་པའི་སྡེར་

དང་། ལྷོའི་རྣལ་འབྱོར་མ་རྣམས་ལ་ཁྱིའི་པགས་པའི་སྡེར་དང་། ནུབ་ཀྱི་རྣལ་འབྱོར་མ་རྣམས་ལ་གླང་པོ་ཆེའི་པགས་པའི་སྡེར་དང་། བྱང་གི་རྣལ་འབྱོར་མ་རྣམས་ལ་བ་ལང་གི་པགས་པའི་སྡེར་དང་། དབང་ལྡན་གྱི་རྣལ་འབྱོར་མ་རྣམས་ལ་མ་ཧེའི་པགས་པའི་སྡེར་དང་། རླུང་

གི་རྣལ་འབྱོར་མ་རྣམས་ལ་བོང་བུའི་པགས་པའི་སྡེར་དང་། བདེན་བྲལ་གྱི་རྣལ་འབྱོར་མ་རྣམས་ལ་ཅེ་སྦྱང་གི་པགས་པའི་སྡེར་དང་། མེའི་རྣལ་འབྱོར་མ་རྣམས་ལ་རྔ་མོའི་པགས་པའི་སྡེར་དབུལ་བར་བྱའོ། །དེ་ནས་བཏུང་བའི་དོན་དུ་རང་གི་རིགས་ཀྱི་རོའི་ཐོད་པ་དུམ་བུ་གཅིག་

པ་དང་དུམ་བུ་གཉིས་པ་དང་དུམ་བུ་གསུམ་པའམ་ཇི་ལྟར་རྙེད་པ་རྣལ་འབྱོར་མ་རྣམས་ལ་དབུལ་བར་བྱའོ། །དེ་ནས་བཟའ་བ་སྡེར་དུ་དབུལ་ཞིང་བཏུང་བ་པདྨའི་སྣོད་དུ་ཕུལ་ཏེ། སྒྲུབ་པ་པོས་བསྐོར་བ་གསུམ་བྱས་ལ་དྲི་དང་བདུག་པ་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ནས་

གསོལ་བ་གདབ་པར་བྱ་སྟེ། བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ་པར་གྱུར་ཅིག་ཅེས་པའོ། །འདི་ལྟ་བུའི་ཚོགས་ཀྱི་འཁོར་ལོ་ནི་རྒྱལ་པོས་བྱ་སྟེ། ཐུན་མོང་བ་རྣམས་ཀྱིས་སྔགས་ཀྱི་སྟོབས་སམ་ལྷའི་ངེས་པའོ། །གཞན་དུ་ན་སྒྲུབ་

པ་པོ་རྣམས་ལ་བར་ཆད་འབྱུང་བར་འགྱུར་རོ། །ཐུན་མོང་བའི་ཚོགས་ཀྱི་འཁོར་ལོ་ནི་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་བྱའོ། །བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་རང་གི་ཁྱིམ་དུ་རིགས་ཀྱི་བཙུན་མོ་ཡོངས་སུ་སྨིན་པ་དང་ལྷན་ཅིག་བྱའོ། །གཞན་དུ་ན་ཚོགས་ཀྱི་འཁོར་ལོར་མི་འགྱུར་

Vol. 16 · folio 116a

ཞིང་ཤེས་རབ་དང་ཐབས་སྙོམས་པར་འཇུག་པའི་བདེ་བས་དམན་ཞིང་བྱང་ཆུབ་ཀྱི་སེམས་མྱང་བ་སྤངས་པའི་བཟའ་བ་དང་བཏུང་བས་དཔའ་བོའི་སྟོན་མོར་བརྗོད་པར་བྱའོ། །དེ་ཉིད་དགེ་བསྙེན་རྣམས་ཀྱིས་སློབ་དཔོན་གཙོ་བོར་བྱའོ། །སྔགས་ཀྱི་ཚུལ་ལ་

སློབ་དཔོན་ཡང་རྣམ་པ་གསུམ་སྟེ། ཁྱིམ་གནས་དགེ་ཚུལ་དགེ་སློང་ནི། །དམན་པ་འབྲིང་དང་མཆོག་ཡིན་ནོ། །ཞེས་པའོ། །དེ་ཉིད་བཅུ་ཡོངས་སུ་ཤེས་པ་དང་དབང་བསྐུར་བ་དང་རྗེས་སུ་གནང་བ་དང་ལྡན་པ་ཡང་མཚུངས་པ་མ་ཡིན་ཏེ། རྒྱུད་དུ་གསུངས་པའི་བཅོམ་ལྡན་

འདས་ཀྱི་གསུང་ལས་སོ། །ཁྱིམ་ན་གནས་པ་དང་དགེ་ཚུལ་གཉིས་པོ་དེ་དག་ལ་བླ་མར་གྱུར་ཀྱང་ཆོས་འཆད་པའི་དུས་སུ་དགེ་སློང་བརྟུལ་ཞུགས་འཛིན་པ་རྣམས་ཀྱིས་དམ་པའི་ཆོས་ལ་སོགས་པ་མདུན་དུ་བྱས་ཏེ་ཕྱག་འཚལ་བར་བྱའི། ཆོས་འཆད་པ་མ་ཡིན་པར་གཞན་གྱི་

དུས་སུ་ནི་མ་ཡིན་ནོ། །གཞན་གྱི་དུས་ན་དམ་པ་མ་ཡིན་པའི་ལས་དང་ཕྱག་འཚལ་བ་སྤངས་ཏེ། སྔོན་དུ་ལྡང་བ་དང་གདན་བསྟབ་པ་ལ་སོགས་པ་བཀུར་སྟི་ཐམས་ཅད་བྱའོ། །དམ་པ་མ་ཡིན་པའི་ལས་རྐང་པ་བཀྲུ་བ་ལ་སོགས་པ་དང་། ལུས་དང་ངག་དང་ཡིད་ཀྱི་ཕྱག་སྦངས་

ནས་ནོར་ལ་སོགས་པས་བཀུར་བར་བྱ་སྟེ། ཁྱིམ་ན་གནས་པ་དང་དགེ་ཚུལ་དག་ལ་དགེ་སློང་རྣམས་ཀྱིས་ཞེས་པའོ། །སྔར་དགེ་སློང་ཕྱིས་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་ཏེ་རྡོ་རྗེ་འཛིན་པ་བྱས་པའི་བླ་མ་ལ་ནི་དགེ་སློང་རྣམས་ཀྱིས་དུས་ཐམས་ཅད་དུ་ཕྱག་བྱའོ་ཞེས་པ་ངེས་པའོ། །

ཁྱིམ་ན་གནས་པ་དང་དགེ་ཚུལ་མངོན་པར་ཤེས་པ་ཐོབ་པ་དག་ལ་དགེ་སློང་དང་མིའི་བདག་པོས་ཀྱང་ཕྱག་བྱའོ། །དེའི་ཕྱིར་ཁྱིམ་ན་གནས་པ་དང་དགེ་ཚུལ་དང་དགེ་སློང་དབང་བསྐུར་བ་རྣམས་ལ་རྒན་པ་དང་གཞོན་པའི་མཚན་ཉིད་ཀྱིས་བཀུར་བར་བྱའོ། །འདིར་ཁྱིམ་ན་གནས་པ་

དག་གིས་སྔར་དབང་བསྐུར་བ་ནི་རྒན་པའོ། །དེ་བཞིན་དུ་དགེ་ཚུལ་དག་གི་ནང་དུའོ། །དེ་བཞིན་དུ་དགེ་སློང་དག་གི་ནང་ན་སྔར་དབང་བསྐུར་བ་ནི་རྒན་པ་སྟེ་སྔར་གྱི་གནས་སྐབས་ཀྱི་དབང་གིས་སོ། །ཇི་ལྟར་འཁོར་ལོས་སྒྱུར་བའི་བུ་དབང་བསྐུར་བ་ནི་འཁོར་ལོས་སྒྱུར་བར་འགྱུར་རོ། །

Vol. 16 · folio 116b

རྒྱལ་པོའི་བུ་དབང་བསྐུར་བ་ནི་རྒྱལ་པོར་འགྱུར་རོ། །བློན་པོའི་བུ་དབང་བསྐུར་བ་ནི་བློན་པོར་འགྱུར་རོ། །དེ་བཞིན་དུ་དགེ་སློང་དབང་བསྐུར་བ་ནི་སློབ་དཔོན་མཆོག་ཏུ་འགྱུར་རོ། །དགེ་ཚུལ་ནི་སློབ་དཔོན་འབྲིང་པོར་འགྱུར་རོ། །ཁྱིམ་ན་གནས་པ་ནི་སློབ་དཔོན་ཐ་མར་འགྱུར་རོ། །དེའི་

ཕྱིར་གསུམ་པོ་རྣམས་ལས་སྔར་དགེ་སློང་ཕྱིས་རྡོ་རྗེ་འཛིན་པར་བྱས་པ་ནི་ཚོགས་ཀྱི་འཁོར་ལོ་དང་རབ་གནས་ལ་སོགས་པ་ལ་ཚོགས་ཀྱི་འདྲེན་པའོ། །དེ་མེད་ན་དགེ་ཚུལ་ཏེ། དེ་མེད་ན་ཁྱིམ་ན་གནས་པའོ། །གང་གི་ཚེ་སློབ་དཔོན་དགེ་སློང་ཡོད་ཀྱང་སྦྱིན་པའི་བདག་པོས་ཚོགས་ཀྱི་གཙོ་

བོར་མི་བྱེད་ན། དེའི་ཚེ་མཆོད་བྱ་དང་མཆོད་པའི་རིམ་པ་ལོག་པས་སྦྱིན་པའི་བདག་པོ་རྣམས་ཀྱིས་བསོད་ནམས་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། ངུར་སྨྲིག་གི་རྟགས་སུན་འབྱིན་པའི་ཕྱིར་རོ། །དེ་ལྟར་ཡོན་ཏན་ཐམས་ཅད་ལྡན། །ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན། །མི་དགེ་

བཅུ་པོ་སྤངས་པ་ནི། །ཚོགས་ཀྱི་འཁོར་ལོའི་གཙོ་བོར་བྱ། །སྙིང་བརྩེ་མེད་ཅིང་ཁྲོ་ལ་གདུག །ཁེངས་དང་བརྐམ་ཆགས་མ་བསྡམས་པ། །རང་ལ་བསྟོད་པ་རྟག་ཏུ་ནི། །སངས་རྒྱས་བདེ་འདོད་པས་མི་བྱ། །གང་ཞིག་ཁྱིམ་པ་བསྟི་གནས་སྤྱོད། །གཤོལ་འཛུགས་ཚོང་

པ་གཅམ་བུ་བ། །རྨོངས་པ་དམ་ཆོས་འཚོང་བ་ནི། །ཚོགས་ཀྱི་འཁོར་ལོའི་གཙོ་བོར་མིན། །ཞེས་པའོ། །དེ་ལྟར་རྡོ་རྗེ་སློབ་དཔོན་ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན་པ། དཔའ་བོའི་སྟོན་མོ་ལ་སྦྱིན་པའི་བདག་པོས་ཤར་དུ་ཕྱོགས་པར་གཞག་པར་བྱའོ། །དེའི་གཡས་

ཀྱི་ཆར་རྒན་པ་དང་གཞོན་པའི་རིམ་པས་སློབ་དཔོན་དགེ་སློང་གི་གྲལ་ཤར་དུ་ཕྱོགས་པར་བྱའོ། །དེ་ནས་བདེན་བྲལ་ནས་བརྩམས་ཏེ་མེའི་མཐར་ཐུག་པར་རྒན་པ་དང་གཞོན་པའི་དབྱེ་བས་སློབ་དཔོན་དགེ་ཚུལ་གྱི་གྲལ་བྱང་དུ་ཕྱོགས་པར་བྱའོ། །དབང་ལྡན་ནས་བརྩམས་ཏེ་རླུང་

གི་མཐར་ཐུག་བར་རྒན་པ་དང་གཞོན་པའི་དབྱེ་བས་སློབ་དཔོན་ཁྱིམ་པའི་གྲལ་ལྷོར་ཕྱོགས་བར་བྱའོ། །རླུང་ནས་བརྩམས་ཏེ་བདེན་བྲལ་གྱི་མཐར་ཐུག་པར་སློབ་དཔོན་དགེ་སློང་གི་གྲལ་བྱའོ། །ཚོགས་ཀྱི་བདག་པོའི་དབང་དུ་བྱས་པའི་ཤར་དུ་བཟའ་བ་དང་བཏུང་བ་ལ་སོགས་པ་

Vol. 16 · folio 117a

གཞག་པར་བྱའོ། །དབུས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་མེད་ན། བ་བྱུང་གི་མཎྜལ་གྲུ་བཞི་པ་བྱས་ཏེ་དེར་དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱ་ཞིང་ཚོགས་ཀྱི་བདག་པོའི་གཡོན་དུ་ལས་ཀྱི་ཕྱག་རྒྱ་གཅིག་བཞག་ནས་ཚོགས་ཀྱི་བདག་པོའི་ཕྱག་

རྒྱ་བྱའོ། །རྣམ་པ་གཞན་དུ་རྣལ་འབྱོར་མ་དང་བྲལ་བ་ནི་ཚོགས་ཀྱི་བདག་པོའི་བཏུང་བར་མི་འགྱུར་བས། དཔའ་བོའི་ལོངས་སྤྱོད་ལ་ཡང་གདོན་མི་ཟ་བར་སྦྱིན་པའི་བདག་པོས་ཚོགས་ཀྱི་བདག་པོ་ལ་བསོད་ནམས་འཕེལ་བའི་དོན་དུ་ཕྱག་རྒྱ་དབུལ་བར་བྱའོ། །གལ་ཏེ་གོང་དུ་

དགེ་སློང་རྡོ་རྗེ་འཛིན་པའི་དབང་དུ་རྒན་པོ་དང་རྨོངས་པ་དང་གཞོན་པ་སྟོན་པ་པོར་གྱུར་པ་དེར་གཞོན་པ་ཚོགས་ཀྱི་བདག་པོ་སྟེ། རྒན་པོ་རྨོངས་པ་ནི་ཁྱིམ་གཞན་དུ་ཚིམ་པར་བྱའོ། །དེ་བཞིན་དུ་རྒྱུད་གཞན་དང་གཞན་དུ་དབང་བསྐུར་བའི་རྣལ་འབྱོར་མ་རྣམས་ཀྱང་དཔའ་བོའི་སྟོན་མོ་

ལ་ཁྱིམ་སོ་སོར་མཆོད་པར་བྱའོ། །སྔར་དགེ་སློང་མ་དབང་བསྐུར་བ་ཐོབ་པ་རྣམས་རྒན་པ་དང་གཞོན་པའི་དབྱེ་བས་ཤར་དུ་མངོན་པར་ཕྱོགས་པའོ། །དགེ་ཚུལ་མ་དབང་བསྐུར་བ་རྣམས་བྱང་དུ་ཕྱོགས་པའོ། །དགེ་བསྙེན་མ་དབང་བསྐུར་བ་རྣམས་ལྷོར་མངོན་པར་ཕྱོགས་པར་

བྱའོ། །ཚོགས་ཀྱི་བདག་པོའི་གཡོན་དུ་སྦྱིན་པའི་བདག་པོས་ཐབས་གཞག་པར་བྱའོ། །རྣམ་པ་གཞན་དུ་ཐབས་དང་བྲལ་བའི་ཚོགས་ཀྱི་བདག་མོས་ཤ་བཟའ་བར་མི་བྱའོ། །དེ་ནས་དཔའ་མོའི་སྟོན་མོ་ལ་གདོན་མི་ཟ་བར་སྦྱིན་པའི་བདག་པོས་ཐབས་དབུལ་བར་བྱའོ། །ལྷག་མ་

དཀྱིལ་འཁོར་ལ་སོགས་པ་སྔ་མ་བཞིན་དབུས་སུ་སྟེ་བཟའ་བ་དང་བཏུང་བ་ལ་སོགས་པ་ཤར་དུའོ། །དེ་ནས་ཚོགས་ཀྱི་གཙོ་བོ་ལ་སོགས་པའི་གཡོན་སྐོར་གྱིས་བཟའ་བ་སྟོན་མོ་དབུལ་ཞིང་བཏུང་བ་ནི་ཁམ་ཕོར་རམ། ནཱ་རི་ཀེ་ལ་ལ་སོགས་པའི་སྣོད་དུ་དབུལ་བར་བྱའོ། །དེའི་ཕྱིར་ཆང་

ལ་སོགས་པ་སྤྱད་པར་བྱ་བ་དང་རྟོགས་པར་བྱ་བ་དང་སྦར་བར་བྱ་བས་བདུད་རྩིར་བྱ་སྟེ། གཏོར་མ་ལ་སོགས་པ་ཕུལ་ནས་སྔར་བཤད་པའི་རིལ་བུས་བསང་གཏོར་བྱས་ལ། དེ་ནས་ལག་པ་གཡོན་པ་དང་ཨོཾ་ཡིག་གིས་སྦྱང་བར་བྱའོ། །ལག་པ་གཡས་པ་དང་ཨཱཿཡིག་གིས་རྟོགས་

Vol. 16 · folio 117b

པར་བྱའོ། །གཉིས་ཀས་བཀབ་སྟེ་ཧཱུཾ་ཡིག་གིས་སྦར་བར་བྱའོ། །མཁའ་ལྡིང་གི་ཕྱག་རྒྱ་དང་ཧོཿཡིག་གིས་བདུད་རྩིར་བྱ་སྟེ། ཆང་གི་ཐིགས་པས་གཡོན་པའི་མིང་མེད་ཀྱི་རྩེ་མོས་ས་ལ་ཆོས་འབྱུང་གྲུ་གསུམ་བྱས་ནས། དེའི་དབུས་སུ་ཐིག་ལེ་ལྟར་ཟླུམ་པོར་བསྐོར་བར་བྱའོ། །

དེའི་དབུས་སུ་ཡེ་ཤེས་གྱི་འཁོར་ལོ་ལྷ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་དངས་ཤིང་གཟུགས་བརྙན་དང་མཚུངས་པ་དེ་འཆད་པར་འགྱུར་བའི་ཆོ་གས་ཚིམ་པར་བྱའོ། །ཞིང་སྐྱོང་ལ་སོགས་པ་རྣམས་ཀྱི་གྲོང་ཁྱེར་དང་གྲོང་གི་མིང་གི་ཡི་གེ་མཉམ་པ་རྣམས་མཉམ་པའི་མིང་གིས་ཡི་

གེ་དང་པོ་དང་། མིང་གི་ཡི་གེ་གསུམ་པ་རྣམས་མི་མཉམ་པའི་ཡི་གེ་སྟེ་དང་པོ་དང་བར་དང་མཐའི་ཡི་གེ་རྣམས་ཀྱིས་མིང་དུ་འགྱུར་རོ། །དང་པོ་ཨོཾ་ཡིག་དང་དབུས་སུ་མིང་དང་མཐར་ཨཱཿཧཱུཾ་ཆེ་གེ་མོ་བ་ལིཾ་གྲྀཧྞ་གྲྀཧྞ་སརྦྦ་ས་ཏྭཱ་ནཱཾ་ཤཱནྟིཾ་ཙིཏྟཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་ཨོཾ་ཧ་རི་

ཏཱི་པཎྜི་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། འཕྲོག་མའི་ཆང་བུའི་སྔགས་སོ། །ཨོཾ་དཱུ་ཏི་ཀཱི་ཨ་གྲ་གྲཱ་སཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་ཨཱཿ་ཧཱུཾ་ཞེས་པའི་སྔགས་ཀྱིས་མངོན་པར་བསྔགས་ནས་བཟའ་བའི་མཐར་ཇི་སྲིད་པར་ས་ལ་གཞག་པར་བྱའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪིཥྚ་བ་ལིཾ་བྷཀྵ་བྷཀྵ་ཀ་སྭཱ་ཧཱ།

ལྷག་མའི་གཏོར་མའི་སྔགས་སོ། །ཇི་ལྟར་སྐབས་སུ་བབ་པའི་དུས་ན་ཐམས་ཅད་རེ་རེ་ཞིང་བྱའོ། །དེ་ནས་སློབ་དཔོན་སློབ་མ་དང་བཅས་པ་ཐམས་ཅད་ཀྱིས་བཟའ་བ་དང་བཏུང་བ་བྱའོ། །གང་གི་ཚེ་འགའ་ཞིག་འཐབ་པ་དང་རྩོད་པ་བྱེད་པ་དེ་བསྐྲད་པར་བྱའོ། །དེ་བཞིན་དུ་དགེ་

ཚུལ་དང་ཁྱིམ་པ་ང་རྒྱལ་བྱེད་ན་དེའི་ཚེ་ནུས་པ་དྲི་བར་བྱའོ། །གལ་ཏེ་མངོན་པར་ཤེས་པ་ལྔ་ལ་སོགས་པའི་ནུས་པ་སྟོན་པར་བྱེད་ན། དེའི་ཚེ་དེ་ཐམས་ཅད་ཀྱིས་ཐམས་ཅད་དུ་ཚོགས་ཀྱི་གཙོ་བོའོ། །རྣམ་པ་གཞན་དུ་ཐོས་པའི་མངོན་པའི་ང་རྒྱལ་དང་དབང་བསྐུར་བས་རྒན་པའི་

མངོན་པའི་ང་རྒྱལ་གྱིས་དགེ་ཚུལ་དང་ཁྱིམ་ན་གནས་པ་ཚོགས་ཀྱི་གཙོ་བོར་མི་འགྱུར་རོ། །གང་ཞིག་སྔར་དགེ་སློང་ཡིན་པ་དེ་ཐམས་ཅད་དུ་ཚོགས་ཀྱི་གཙོ་བོའོ། །གལ་ཏེ་དཔའ་བོའི་སྟོན་མོ་ལ་བསྐྲད་པ་དེ་ཆད་པ་འབུལ་ན། དེའི་ཚེ་བཟའ་བ་དང་བཏུང་བ་ལ་སོགས་པའི་

Vol. 16 · folio 118a

ཆད་པ་སྦྱིན་པར་བྱ་སྟེ། དེ་ནི་ཚོགས་ཀྱི་བདག་པོས་སོ། །དེ་ལྟར་སྦྱིན་པའི་བདག་པོས་ཚོགས་ཀྱི་འཁོར་ལོ་དང་དཔའ་བོའི་སྟོན་མོ་ལ་ཐམས་ཅད་དུ་སློབ་དཔོན་གྱིས་བསྒྲུབ་པར་བྱའོ།། །།ད་ནི་སྔགས་བསྒྲུབ་པའི་ཆོ་ག་བརྗོད་པར་བྱ་སྟེ། འདིར་

འཆད་པར་འགྱུར་བའི་ཚིགས་སུ་བཅད་པས་དཀྱིལ་འཁོར་བཞེངས་པ་དང་སྔགས་བསྒྲུབ་པའི་གནས་བསྟན་པ་གསུངས་པ་འདི་ལྟ་སྟེ། རི་བོ་ཚང་ཚིང་རི་སུལ་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དང་ནི། །གདོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བྲི་བར་བྱ། །

ཞེས་པ་ལས་རབ་འབྱམ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལ་གསུངས་པའི་གནས་སུ་འཆད་པར་འགྱུར་བའི་དཀྱིལ་འཁོར་བཞེངས་ནས་རི་བོའི་སྟེང་དུ་རེངས་པ་དང་རྨོངས་པ་དང་ཕུར་བུས་བཏབ་པ་བསྒྲུབ་པར་

བྱའོ། །ཚང་ཚིང་ཤིང་ལྗོན་པ་རྒྱས་པར་དཀྱིལ་འཁོར་བཞེངས་ནས་དབང་དང་དགུག་པ་བསྒྲུབ་པར་བྱའོ། །རི་སུལ་ཆུ་དང་འབབ་ཆུའི་འགྲམ་དུ་དཀྱིལ་འཁོར་བཞེངས་ནས་ཞི་བ་དང་རྒྱས་པ་བསྒྲུབ་པར་བྱའོ། །རྒྱ་མཚོ་ཆེན་པོའི་འགྲམ་དུ་དཀྱིལ་འཁོར་བཞེངས་ནས་དབྱེ་བ་

དང་བསྐྲད་པ་དང་བསད་པ་བསྒྲུབ་པར་བྱའོ། །གདོད་ནས་གྲུབ་པའི་དུར་ཁྲོད་དུ་དཀྱིལ་འཁོར་བཞེངས་ནས་མཁའ་འགྲོ་མའི་སྔགས་བཏུ་བ་བསྒྲུབ་པར་བྱའོ། །དེ་བཞིན་དུ་འཇིག་རྟེན་པའི་དངོས་གྲུབ་རྣམས་ཏེ་འདིར་རི་བོར་གཏེར་གྱི་དངོས་གྲུབ་བསྒྲུབ་པར་བྱའོ། །ཚང་ཚིང་

དུ་རིན་པོ་ཆེའི་དངོས་གྲུབ་བསྒྲུབ་པར་བྱའོ། །རི་སུལ་དུ་རོ་བཅུད་ཀྱི་དངོས་གྲུབ་བསྒྲུབ་པར་བྱའོ། །རྒྱ་མཚོ་ཆེན་པོའི་འགྲམ་དུ་རལ་གྲིའི་དངོས་གྲུབ་བསྒྲུབ་པར་བྱའོ། །དུར་ཁྲོད་དུ་མིག་སྨན་གྱི་དངོས་གྲུབ་བསྒྲུབ་པར་བྱའོ། །གཞན་ཡང་གནས་དེ་རྣམས་སུ་གསུངས་པའི་ཆོ་

གས་གསང་སྔགས་བསྒྲུབ་པར་བྱའོ། །འདིར་དང་པོར་རེ་ཞིག་དུར་ཁྲོད་དུ་དཀྱིལ་འཁོར་བཞེངས་ནས་མཆོད་པ་ཆེན་པོ་བྱ་སྟེ། ལོ་དང་པོའི་ནག་པའི་ཉ་ལ་རྩ་བའི་སྔགས་ཀྱིས་མཆོད་ཡོན་ཕུལ་ནས། མིའི་སོའི་བགྲང་ཕྲེང་གིས་རྩ་བའི་སྔགས་ཟླ་བ་སོ་སོ་ལ་འབུམ་ཕྲག་གསུམ་

Vol. 16 · folio 118b

བཟླས་པར་བྱ་ཞིང་། ལྔ་པ་ལ་སོགས་པ་རྫོགས་པ་སོ་སོ་ལ་ལས་རབ་འབྱམ་དུ་གསུངས་པའི་རྫས་རྣམས་ཀྱི་བཅུ་ཆས་སྦྱིན་སྲེག་བྱའོ། །དེ་ལྟར་ལོ་གཅིག་གིས་འབུམ་ཕྲག་སུམ་ཅུ་རྩ་དྲུག་བཟླས་པར་བྱ་ཞིང་། སྦྱིན་སྲེག་ཁྲི་ཕྲག་སུམ་ཅུ་རྩ་དྲུག་བྱའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་

ཕཊ། ཌཱ་ཀི་ནི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཞེས་པ་རྩ་བའི་སྔགས་སོ། །དེ་ནས་ལོ་གཉིས་པ་ལ་ཆོ་ག་དེ་ཉིད་ཀྱིས་སྙིང་པོའི་སྔགས་ལོ་གཅིག་གི་བར་དུ་བཟླ་ཞིང་སྦྱིན་སྲེག་བྱ་སྟེ། ཨོཾ་ཧྲཾ་ཧྲིཾ་ཧྲེཾ་ཧཱུཾ་ཕཊ་ཅེས་པ་སྙིང་པོའི་སྔགས་ཡི་གེ་དྲུག་པའོ། །སླར་ཡང་ཆོ་ག་དེ་ཉིད་ཀྱིས་ལོ་གསུམ་པ་ལ་

ཉེ་བའི་སྙིང་པོ་བཟླ་ཞིང་སྦྱིན་སྲེག་བྱ་སྟེ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ་ཅེས་པ་ཉེ་བའི་སྙིང་པོའི་སྔགས་ཡི་གེ་བདུན་པའོ། །དེ་ནས་ལོ་བཞི་པ་ལ་ཆོ་ག་དེ་ཉིད་ཀྱིས་གོ་ཆའི་སྔགས་བཟླ་ཞིང་སྦྱིན་སྲེག་བྱ་སྟེ། ཨོཾ་ཧྲླྀཾ་ཧྲྼྀཾ་ཧྲེཾ་ཧྲཿཧུཾ་ཧཱུཾ་ཕཊ་ཅེས་པ་གོ་ཆའི་སྔགས་ཡི་གེ་བརྒྱད་པའོ། །དེ་ནས་

ལོ་ལྔ་པ་ལ་ཆོ་ག་དེ་ཉིད་ཀྱིས་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་བཟླ་ཞིང་སྦྱིན་སྲེག་བྱ་སྟེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་པ་སྙིང་པོའི་སྔགས་ཡི་གེ་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་པར་དག་པའོ། །དེ་ནས་ལོ་དྲུག་པ་ལ་ཆོ་ག་དེ་ཉིད་ཀྱིས་ལྷ་མོའི་གོ་ཆའི་སྔགས་བཟླ་

ཞིང་སྦྱིན་སྲེག་བྱ་སྟེ། ཨོཾ་བོཾ་ཡཽཾ་མཽཾ་ཧྲེཾ་ཧྲཱིཾ་ཧུཾ་ཧཱུཾ་ཕཊ་ཅེས་པ་གོ་ཆ་ཆེན་མོའི་སྔགས་ཡི་གེ་བརྒྱད་པའོ། །དེ་ལྟར་ལོ་དྲུག་པོ་རྣམས་ཀྱིས་སྔགས་དྲུག་པོ་རྣམས་བྱེ་བ་ཕྲག་གཉིས་དང་འབུམ་ཕྲག་བཅུ་དྲུག་བཟླས་ཤིང་། སྦྱིན་སྲེག་འབུམ་ཕྲག་ཉི་ཤུ་རྩ་གཅིག་དང་ཁྲི་ཕྲག་

དྲུག་བྱ་སྟེ། དེས་རྣལ་འབྱོར་པའི་ལུས་དག་པར་འགྱུར་རོ། །ད་ནི་ཞལ་བཞི་པ་རྣམ་པར་དག་པའི་དོན་དུ་ཞལ་བཞི་པའི་སྔགས་ཀྱི་བཟླས་པ་བརྗོད་པར་བྱའོ། །འདིར་ཆུ་སྲིན་གྱི་འཕོ་བ་ལ་རྒྱ་མཚོ་ཆེན་པོའི་འགྲམ་དུ་དཀྱིལ་འཁོར་བཞེངས་ཏེ་མཁའ་འགྲོ་མ་ལ་མཆོད་ཡོན་

ཕུལ་ནས། ཟླ་བ་སོ་སོ་ལ་ཤར་གྱི་ཞལ་གྱི་སྔགས་མཁའ་འགྲོ་མའི་མིང་དང་ལྷན་ཅིག་པ་ཧུཾ་ཧཱུཾ་ཕཊ་ཀྱེ་མཐའ་ཅན་འབུམ་ཕྲག་གསུམ་བཟླས་པ་བྱ་ཞིང་རྫོགས་པ་སོ་སོ་ལ་བཅུ་ཆའི་སྦྱིན་སྲེག་བྱ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་བཛྲ་ཌཱ་ཀི་ནཱི་ཧུཾ་ཧཱུཾ་ཕཊ་ཅེས་པ་ཤར་གྱི་ཞལ་གྱི་སྔགས་ཡི་

Vol. 16 · folio 119a

གེ་བཅུ་བཞི་པའོ། །ཟླ་བ་གསུམ་གྱིས་ལས་རབ་འབྱམ་གྱི་སྒྲུབ་ཐབས་སུ་གསུངས་པའི་བགྲང་ཕྲེང་གིས་འབུམ་ཕྲག་དགུ་བཟླས་པར་བྱ་ཞིང་སྦྱིན་སྲེག་ཁྲི་ཕྲག་དགུ་བྱས་ཏེ་ཟླ་བ་དང་པོ་ལ་མིའི་རུས་པའི་བགྲང་ཕྲེང་དང་། གཉིས་པ་ལ་རྔ་མོའི་རུས་པའི་

བགྲང་ཕྲེང་དང་། གསུམ་པ་ལ་བོང་བུའི་རུས་པའི་བགྲང་ཕྲེང་གིས་བཟླས་པ་བྱ་ཞིང་། ལས་རབ་འབྱམ་དུ་གསུངས་པའི་རྫས་རྣམས་ཀྱིས་སྦྱིན་སྲེག་བྱའོ། །དེ་ནས་ལུག་གི་འཕོ་བ་ལ་ཚང་ཚིང་དུ་དཀྱིལ་འཁོར་བཞེངས་ཏེ། ལཱ་མ་ལ་མཆོད་ཡོན་ཕུལ་ནས་ཟླ་བ་སོ་སོ་ལ་

འབུམ་ཕྲག་གསུམ་བཟླས་པ་བྱ་ཞིང་རྫོགས་པ་སོ་སོ་ལ་བཅུ་ཆའི་སྦྱིན་སྲེག་བྱའོ། །དང་པོའི་ཟླ་བ་ལ་པདྨའི་ཕྲེང་བས་སོ། །ཟླ་བ་གཉིས་པ་ལ་ཙནྡན་དམར་པོའི་ཕྲེང་བས་སོ། །ཟླ་བ་གསུམ་པ་ལ་ལུང་ཏང་དམར་པོའི་ཕྲེང་བས་སོ། །དེ་ལྟར་བཟླས་པ་འབུམ་ཕྲག་དགུ་དང་

སྦྱིན་སྲེག་ཁྲི་ཕྲག་དགུ་བྱས་ཏེ། ཨོཾ་གྲྀཧྣ་གྲྀཧྣ་བཛྲ་ལཱ་མེ་ཧུཾ་ཧཱུཾ་ཕཊ་ཞེས་པ་ལྷོའི་ཞལ་གྱི་སྔགས་ཡི་གེ་བཅུ་གཉིས་པའོ། །དེ་ནས་ཀརྐ་ཊའི་འཕོ་བ་ལ་རི་བོར་དཀྱིལ་འཁོར་བཞེངས་ཏེ། དུམ་སྐྱེས་མ་ལ་མཆོད་ཡོན་ཕུལ་ནས་ཟླ་བ་སོ་སོ་ལ་ནུབ་ཀྱི་ཞལ་གྱི་སྔགས་འབུམ་ཕྲག་

གསུམ་བཟླས་པ་བྱ་ཞིང་བཅུ་ཆའི་སྦྱིན་སྲེག་བྱའོ། །ཟླ་བ་དང་པོ་ལ་བོ་དེ་ཙེའི་བགྲང་ཕྲེང་དང་། ཟླ་བ་གཉིས་པ་ལ་རུ་རཱཀྵའི་བགྲང་ཕྲེང་དང་། ཟླ་བ་གསུམ་པ་ལ་ལུང་ཏང་གི་བགྲང་ཕྲེང་གིས་བཟླས་པ་བྱ་ཞིང་ལས་རབ་འབྱམ་དུ་གསུངས་པའི་རྫས་རྣམས་ཀྱིས་སྦྱིན་སྲེག་བྱའོ། །

ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་བཛྲ་ཁཎྜ་རོ་ཧི་ཧུཾ་ཧཱུཾ་ཕཊ་ཅེས་པ་ནུབ་ཀྱི་ཞལ་གྱི་སྔགས་ཡི་གེ་བཅོ་བརྒྱད་པ་སྟེ་འབུམ་ཕྲག་དགུ་བཟླས་པ་བྱ་ཞིང་སྦྱིན་སྲེག་ཁྲི་ཕྲག་དགུ་བྱའོ། །དེ་ནས་སྲང་གི་འཕོ་བ་ལ་རི་སུལ་དུ་དཀྱིལ་འཁོར་བཞེངས་ཏེ། གཟུགས་ཅན་མ་ལ་མཆོད་ཡོན་ཕུལ་

ནས་ཟླ་བ་སོ་སོ་ལ་བྱང་གི་ཞལ་གྱི་སྔགས་འབུམ་ཕྲག་གསུམ་བཟླས་པ་བྱ་ཞིང་ལས་རབ་འབྱམ་དུ་གསུངས་པའི་རྫས་རྣམས་ཀྱིས་ཁྲི་ཕྲག་གསུམ་སྦྱིན་སྲེག་བྱའོ། །ཟླ་བ་དང་པོ་ལ་ཤེལ་གྱི་བགྲང་ཕྲེང་དང་། གཉིས་པ་ལ་མུ་ཏིག་གི་བགྲང་ཕྲེང་དང་། གསུམ་པ་ལ་དུང་གི་

Vol. 16 · folio 119b

བགྲང་ཕྲེང་གིས་སོ། །དེ་ལྟར་ཟླ་བ་གསུམ་གྱིས་འབུམ་ཕྲག་དགུ་བཟླས་ཤིང་ཁྲི་ཕྲག་དགུ་སྦྱིན་སྲེག་བྱའོ། །ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བཛྲ་བཛྲ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་པ་བྱང་གི་ཞལ་གྱི་སྔགས་ཡི་གེ་བཅོ་བརྒྱད་པ་བཟླས་ཤིང་སྦྱིན་སྲེག་བྱའོ། །དེ་ལྟར་ལོ་གཅིག་གིས་

འབུམ་ཕྲག་སུམ་ཅུ་རྩ་དྲུག་བཟླས་པ་བྱ་ཞིང་འབུམ་ཕྲག་གསུམ་དང་ཁྲི་ཕྲག་དྲུག་སྦྱིན་སྲེག་བྱ་སྟེ། དེ་ནས་ཞལ་དག་པར་འགྱུར་རོ། །ད་ནི་ཁ་དང་རྣ་བ་ལ་སོགས་པ་རྣམ་པར་དག་པའི་དོན་དུ་རྐང་པ་བརྒྱད་པའི་སྔགས་བཟླས་པ་བརྗོད་པར་བྱའོ། །འདིར་ལོ་གཉིས་པ་ལ་ཆུ་

སྲིན་གྱི་འཕོ་བ་ལ་རྒྱ་མཚོ་ཆེན་པོའི་འགྲམ་དུ་དཀྱིལ་འཁོར་བཞེངས་ཏེ་ཁྭ་གདོང་མ་ལ་མཆོད་ཡོན་ཕུལ་ནས་ཕྱོགས་དང་པོ་ལ་མིའི་སོའི་བགྲང་ཕྲེང་གིས་བཟླས་པ་བྱའོ། །གཉིས་པ་ལ་རྔ་མོའི་སོའི་བགྲང་ཕྲེང་དང་། གསུམ་པ་ལ་བོང་བུའི་སོའི་བགྲང་ཕྲེང་གིས་སོ། །དེ་ལྟར་

ཕྱེད་བཅས་ཟླ་བ་ཕྱེད་དང་བཅས་པའི་འབུམ་ཕྲག་བཞི་བཟླས་པར་བྱ་ཞིང་ཤར་གྱི་ཞལ་གྱི་ལས་རབ་འབྱམ་དུ་གསུངས་པའི་རྫས་རྣམས་ཀྱིས་སྦྱིན་སྲེག་ཁྲི་ཕྲག་ཕྱེད་དང་བཅས་པ་བཞི་བྱའོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཝི་རེ་ཤཱ་ཡ་བཛྲ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་དང་པོའི་

སྔགས་ཡི་གེ་བཅུ་དགུ་པའོ། །དེ་ནས་བུམ་པའི་ཕྱེད་ལ་ཚང་ཚིང་དུ་དཀྱིལ་འཁོར་བཞེངས་ཏེ། འུག་གདོང་མ་ལ་མཆོད་ཡོན་ཕུལ་ནས་ལཱ་མ་ལ་བརྗོད་པའི་བགྲང་ཕྲེང་གིས་ཕྱོགས་གསུམ་ལ་ཕྱེད་དང་བཅས་པའི་འབུམ་ཕྲག་བཞིའི་སྔགས་བཟླས་ཤིང་བཅུ་ཆའི་སྦྱིན་སྲེག་

བྱ་སྟེ། ཨོཾ་མ་ཧཱ་ཀ་ལྤཱགྣི་སཾ་ནི་བྷཱ་ཡ་བཛྲོད་ལུ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་གཉིས་པའི་སྔགས་ཡི་གེ་བཅོ་བརྒྱད་པའོ། །དེ་ནས་ལུག་གི་འཕོ་བ་ལ་རི་བོར་དཀྱིལ་འཁོར་བཞེངས་ཏེ་ཁྱི་གདོང་མ་ལ་མཆོད་ཡོན་ཕུལ་ནས་ཟླ་བ་ཕྱེད་དང་བཅས་པར་དུམ་སྐྱེས་མ་ལ་བརྗོད་པའི་བགྲང་

ཕྲེང་གིས་ཕྱེད་དང་བཅས་པའི་འབུམ་ཕྲག་བཞིས་སྔགས་བཟླས་ཤིང་བཅུ་ཆས་སྦྱིན་སྲེག་བྱ་སྟེ། ཨོཾ་ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ་བཛྲ་ཤྭཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་གསུམ་པའི་སྔགས་ཡི་གེ་བཅུ་བདུན་པའོ། །དེ་ནས་ཁྱུ་མཆོག་གི་ཕྱེད་ཀྱི་ཉིན་ཞག་ལ་རི་སུལ་དུ་དཀྱིལ་འཁོར་

Vol. 16 · folio 120a

བཞེངས་ཏེ། ཕག་གདོང་མ་ལ་མཆོད་ཡོན་ཕུལ་ནས་ཟླ་བ་ཕྱེད་དང་གཉིས་སུ་བཅས་པར་གཟུགས་ཅན་མ་ལ་བརྗོད་པའི་བགྲང་ཕྲེང་གིས་ཕྱེད་དང་བཅས་པའི་འབུམ་ཕྲག་བཟླས་པ་བྱ་ཞིང་ཕྱེད་དང་བཅས་པའི་ཁྲི་ཕྲག་བཞིས་སྦྱིན་སྲེག་བྱ་སྟེ། ཨོཾ་དཾཥྚྲཱ་ཀ་རཱ་ལོ་

གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་བཛྲ་ཤུ་ཀཱ་རཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བཞི་པའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པའོ། །དེ་ནས་ཀརྐ་ཊ་འཆར་བ་ན་པདྨའི་མཚོར་རི་སུལ་ལྟར་དཀྱིལ་འཁོར་བཞེངས་ཏེ། གཤིན་རྗེ་བརྟན་མ་ལ་མཆོད་ཡོན་ཕུལ་ནས། གཟུགས་ཅན་མ་ལ་བརྗོད་པའི་བགྲང་ཕྲེང་གི་ཆོ་

གས་ཕྱེད་དང་བཅས་པའི་ཟླ་བར་ཕྱེད་དང་བཅས་པའི་འབུམ་ཕྲག་བཞིས་བཟླས་པ་བྱ་ཞིང་བཅུ་ཆས་སྦྱིན་སྲེག་བྱའོ། །ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་བཛྲ་ཡ་མ་དཱ་ཌྷཱི་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་ལྔ་པའི་སྔགས་ཡི་གེ་བཅུ་དགུ་པའོ། །དེ་ནས་སེང་གེའི་ཕྱེད་ཀྱི་ཉིན་ཞག་ལ་རི་བོར་དཀྱིལ་

འཁོར་བཞེངས་ཏེ། གཤིན་རྗེ་ཕོ་ཉ་མོ་ལ་མཆོད་ཡོན་ཕུལ་ནས་དུམ་སྐྱེས་མ་ལ་བརྗོད་པའི་བགྲང་ཕྲེང་དང་ཆོ་གས་ཕྱོགས་གསུམ་གྱི་ཕྱེད་དང་བཅས་པའི་འབུམ་ཕྲག་བཅུ་བཞིས་བཟླས་པ་བྱ་ཞིང་བཅུ་ཆས་སྦྱིན་སྲེག་བྱ་སྟེ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ། ཁ་ཊྭཱཾ་ག་དྷ་རི་ཎེ་བཛྲ་

ཡ་མ་དཱུ་ཏཱི་ཧཱུཾ་ཧཱུཾ་ཕཊ་ཅེས་པའི་རྐང་པ་དྲུག་པའི་སྔགས་ཡི་གེ་ཉི་ཤུ་རྩ་ལྔ་པའོ། །དེ་ནས་སྲང་གི་འཕོ་བ་ལ་སྐྱེད་མོས་ཚལ་དུ་དཀྱིལ་འཁོར་བཞེངས་ཏེ། གཤིན་རྗེ་མཆེ་བ་མ་ལ་མཆོད་ཡོན་ཕུལ་ནས་ལཱ་མ་ལ་བརྗོད་པའི་བགྲང་ཕྲེང་དང་ཆོ་གས་ཟླ་བ་ཕྱེད་དང་བཅས་པའི་འབུམ་ཕྲག་

བཞི་བཟླས་པ་བྱ་ཞིང་ཕྱེད་དང་བཅས་པའི་ཁྲི་ཕྲག་བཞི་སྦྱིན་སྲེག་བྱ་སྟེ། ཨོཾ་བྱཱ་གྷྲ་ཛི་ནཱཾ་བ་ར་དྷ་རཱ་ཡ་བཛྲ་ཡ་མ་དཾ་ཥྚི་ཎི་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བདུན་པའི་སྔགས་ཡི་གེ་ཉི་ཤུ་པའོ། །དེ་ནས་སྡིག་པའི་ཕྱེད་ཀྱི་ཉིན་ཞག་ལ་རྒྱ་མཚོའི་འགྲམ་མམ་རྒྱ་མཚོ་མེད་ན་རྫིང་བུའི་འགྲམ་དུ་དཀྱིལ་

འཁོར་བཞེངས་ཏེ། གཤིན་རྗེ་འཇོམས་མ་ལ་མཆོད་ཡོན་ཕུལ་ནས་རྡོ་རྗེ་མཁའ་འགྲོ་མ་ལ་བརྗོད་པའི་བགྲང་ཕྲེང་དང་ཆོ་གས་ཕྱོགས་གསུམ་ལ་ཕྱེད་དང་བཅས་པའི་འབུམ་ཕྲག་བཞི་སྔགས་བཟླས་ཤིང་རྫོགས་པ་རེ་རེ་ལ་ཇི་སྲིད་ཕྱེད་དང་བཅས་པའི་ཁྲི་ཕྲག་བཞིའི་བར་དུ་སྦྱིན་སྲེག་

Vol. 16 · folio 120b

བྱ་སྟེ་དེ་ལྟར་ཆོ་ག་ཐམས་ཅད་ལའོ། །ཨོཾ་མ་ཧཱ་དྷུ་མྲཱནྡྷ་ཀཱ་ར་ཝ་བུ་ཥཱ་ཡ་བཛྲ་ལ་མ་མ་ཐཱ་ནི་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བརྒྱད་པའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པའོ། །དེ་ལྟར་ལོ་གཅིག་གིས་འབུམ་ཕྲག་སུམ་ཅུ་རྩ་དྲུག་བཟླས་པ་བྱ་ཞིང་སྦྱིན་སྲེག་ཁྲི་ཕྲག་སུམ་ཅུ་རྩ་དྲུག་བྱ་སྟེ། དེ་ནས་ཁ་དང་རྣ་བ་

དང་བཤང་ལམ་དང་སྣ་དང་མིག་དག་པར་འགྱུར་རོ།། །།ད་ནི་ཡན་ལག་སོ་སོའི་སྔགས་རྐང་པ་ཉི་ཤུ་རྩ་བཞི་པའི་བཟླས་པ་བརྗོད་པར་བྱའོ། །འདིར་རྒྱ་མཚོའི་འགྲམ་མམ་མ་རྙེད་ན་བ་ཚ་ཅན་གྱི་ཆུ་འགྲམ་དུ་དཀྱིལ་འཁོར་བཞེངས་ཏེ། མགོའི་ཟླ་བའི་གནམ་སྟོང་ལ་རབ་གཏུམ་མ་

ལ་མཆོད་ཡོན་ཕུལ་ནས་ཚེས་ལྔ་ལ་ཁྲི་ཕྲག་ལྔ་བཟླས་པར་བྱ་ཞིང་སྟོང་ཕྲག་ལྔ་སྦྱིན་སྲེག་བྱའོ། །དེ་ལྟར་ཉིན་ཞག་བཅོ་ལྔས་སྔགས་འབུམ་ཕྲག་ཕྱེད་དང་བཅས་པ་བཟླས་པར་བྱ་ཞིང་སྦྱིན་སྲེག་ཁྲི་ཕྲག་ཕྱེད་དང་བཅས་པ་བྱ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་བརྗོད་པའི་

བགྲང་ཕྲེང་གིས་སོ་སོར་སྔགས་ཁྲི་ཕྲག་ལྔ་བཟླས་པ་ནི། ཨོཾ་ཀ་ར་ཀ་ར་བཛྲ་པྲ་ཙཎྜེ་བཛྲ་ཁཎྜ་ཀ་པཱ་ལི་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་དང་པོའི་སྔགས་ཡི་གེ་ཉི་ཤུ་པའོ། །དེ་ནས་མགོའི་ཟླ་བའི་ཉ་ལ་ཚང་ཚིང་ངམ་སྐྱེད་མོས་ཚལ་དུ་དཀྱིལ་འཁོར་བཞེངས་ཏེ། གཏུམ་མིག་མ་ལ་

མཆོད་ཡོན་ཕུལ་ནས་ལཱ་མ་ལ་བརྗོད་པའི་བགྲང་ཕྲེང་གིས་སྔར་བཞིན་ཕྱོགས་གཅིག་གིས་འབུམ་ཕྲག་ཕྱེད་དང་བཅས་པ་བཟླས་ཤིང་སྦྱིན་སྲེག་ཁྲི་ཕྲག་ཕྱེད་དང་བཅས་པ་བྱ་སྟེ། ཨོཾ་ཀུ་རུ་ཀུ་རུ་བཛྲ་ཙཎྜཱ་ཀྵཱི་བཛྲ་མ་ཧཱ་ཀཾ་ཀ་ལ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་གཉིས་པའི་སྔགས་ཡི་

གེ་ཉི་ཤུ་པའོ། །དེ་ནས་རྒྱལ་གྱི་ཟླ་བའི་གནམ་སྟོང་ལ་རི་བོར་དཀྱིལ་འཁོར་བཞེངས་ཏེ། འོད་ལྡན་མ་ལ་མཆོད་ཡོན་ཕུལ་ནས་དུམ་སྐྱེས་མ་ལ་བརྗོད་པའི་བགྲང་ཕྲེང་གིས་ཚེས་བཅོ་ལྔ་རྣམས་ཀྱིས་ཕྱེད་དང་བཅས་པའི་འབུམ་ཕྲག་བཟླས་ཤིང་ཕྱེད་དང་བཅས་པའི་ཁྲི་ཕྲག་སྦྱིན་

སྲེག་བྱའོ། །ཨོཾ་བནྡྷ་བནྡྷ་བཛྲ་པྲ་བྷཱ་ཝ་ཏི་བཛྲ་ཀཾ་ཀ་ལ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་གསུམ་པའི་སྔགས་ཡི་གེ་བཅུ་དགུ་པའོ། །དེ་ནས་རྒྱལ་གྱི་ཟླ་བའི་ཉ་ལ་རི་སུལ་ལམ་པདྨའི་མཚོ་འགྲམ་དུ་དཀྱིལ་འཁོར་བཞེངས་ཏེ། སྣ་ཆེན་མ་ལ་མཆོད་ཡོན་ཕུལ་ནས་གཟུགས་ཅན་མ་ལ་བརྗོད་པའི་

Vol. 16 · folio 121a

བགྲང་ཕྲེང་གིས་ཉིན་ཞག་བཅོ་ལྔ་རྣམས་ཀྱིས་འབུམ་ཕྲག་ཕྱེད་དང་གཉིས་བཟླས་ཤིང་ཁྲི་ཕྲག་ཕྱེད་དང་བཅས་པའོ། །ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་མ་ཧཱ་ནཱ་སེ་བཛྲ་བི་ཀ་ཊ་དཾཥྚཱི་ཎེ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བཞི་པའི་སྔགས་ཡི་གེ་ཉི་ཤུ་རྩ་གསུམ་པའོ། །དེ་ནས་མཆུའི་ཟླ་བའི་

གནམ་སྟོང་ལ་རི་སུལ་ལམ་པདྨའི་མཚོ་འགྲམ་དུ་དཀྱིལ་འཁོར་བཞེངས་ཏེ། དཔའ་བོའི་བློ་ཅན་མ་ལ་མཆོད་ཡོན་ཕུལ་ནས་གཟུགས་ཅན་མ་ལ་བརྗོད་པའི་བགྲང་ཕྲེང་གིས་ཕྱོགས་གཅིག་ལ་ཕྱེད་དང་བཅས་པའི་འབུམ་ཕྲག་བཟླས་ཤིང་ཁྲི་ཕྲག་ཕྱེད་དང་བཅས་པའི་སྦྱིན་སྲེག་བྱ་སྟེ། ཨོཾ་ཀྵོ་

བྷ་ཡ་ཀྵོ་བྷ་ཡ་བཛྲ་བཱི་ར་མ་ཏི་བཛྲ་སུ་བཻ་རི་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་ལྔ་པའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པའོ། །དེ་ནས་མཆུའི་ཟླ་བའི་ཉ་ལ་རི་བོར་དཀྱིལ་འཁོར་བཞེངས་ཏེ། མིའུ་ཐུང་མ་ལ་མཆོད་ཡོན་ཕུལ་ནས་དུམ་སྐྱེས་མ་ལ་བརྗོད་པའི་བགྲང་ཕྲེང་གིས་ཉིན་ཞག་ལྔ་ཚན་གསུམ་ལ་འབུམ་

ཕྲག་ཕྱེད་དང་གཉིས་པ་བཟླ་ཞིང་སྦྱིན་སྲེག་ཁྲི་ཕྲག་ཕྱེད་དང་བཅས་པ་བྱའོ། །ཨོཾ་ཧྲཽཾ་ཧྲོཾ་བཛྲ་ཁརྦྦ་རི་བཛྲཱ་མི་ཏཱ་བྷཱ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་དྲུག་པའི་སྔགས་ཡི་གེ་བཅུ་དྲུག་པའོ། །དེ་ནས་དབོའི་ཟླ་བའི་གནམ་སྟོང་ལ་ཚང་ཚིང་ངམ་སྐྱེད་མོས་ཚལ་དུ་དཀྱིལ་འཁོར་བཞེངས་ཏེ་ལང་ཀའི་

དབང་ཕྱུག་མ་ལ་མཆོད་ཡོན་ཕུལ་ནས་ཉིན་ཞག་ལྔ་ཚན་གསུམ་ལ་ལཱ་མ་ལ་བརྗོད་པའི་བགྲང་ཕྲེང་གིས་འབུམ་ཕྲག་ཕྱེད་དང་བཅས་པ་བཟླ་ཞིང་སྦྱིན་སྲེག་ཁྲི་ཕྲག་ཕྱེད་དང་བཅས་པ་བྱའོ། །ཨོཾ་ཧྲཿཧྲཿབཛྲ་ལཾ་ཀེ་ཤྭ་རཱི་བཛྲ་པྲ་བྷཱ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བདུན་པའི་སྔགས་ཡི་གེ་བཅུ་

དྲུག་པའོ། །དེ་ནས་དབོའི་ཟླ་བའི་ཉ་ལ་རྒྱ་མཚོའི་འགྲམ་མམ་བ་ཚ་ཅན་གྱི་ཆུ་འགྲམ་མམ་ཁྲོན་པའི་འགྲམ་དུ་དཀྱིལ་འཁོར་བཞེངས་ཏེ། ཤིང་གྲིབ་མ་ལ་མཆོད་ཡོན་ཕུལ་ནས་མཁའ་འགྲོ་མ་ལ་བརྗོད་པའི་བགྲང་ཕྲེང་གིས་ཉིན་ཞག་ལྔ་ཚན་གསུམ་པ་ལ་འབུམ་ཕྲག་ཕྱེད་དང་བཅས་

པ་བཟླ་ཞིང་སྦྱིན་སྲེག་ཁྲི་ཕྲག་ཕྱེད་དང་བཅས་པ་བྱའོ། །ཨོཾ་ཕེཾ་ཕེཾ་བཛྲ་དྲུ་མཙྪཱ་ཡེ་བཛྲ་དེ་ཧ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བརྒྱད་པའི་སྔགས་ཡི་གེ་བཅུ་དྲུག་པའོ། །དེ་ལྟར་ནག་པའི་ཟླ་བའི་གནམ་སྟོང་ལ་རབ་གཏུམ་མ་ལ་བརྗོད་པའི་ཆོ་གས་ས་སྲུངས་མ་ལ་མཆོད་ཡོན་ཕུལ་ནས་སྔགས་

Vol. 16 · folio 121b

བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་ད་ཧ་ད་ཧ་བཛྲ་རཱ་བ་ཏི་བཛྲཱཾ་ཀུ་རི་ཀ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་དགུ་པའི་སྔགས་ཡི་གེ་བཅོ་བརྒྱད་པའོ། །དེ་ནས་ནག་པའི་ཟླ་བའི་ཉ་ལ་གཏུམ་མིག་མ་ལ་བརྗོད་པའི་ཆོ་གས་འཇིགས་བྱེད་ཆེན་མོ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །

ཨོཾ་པ་ཙ་པ་ཙ་བཛྲ་མ་ཧཱ་བྷཻ་ར་བེ་བཛྲ་ཛཱ་ཊི་ལ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བཅུ་པའི་སྔགས་ཡི་གེ་ཉི་ཤུ་པའོ། །དེ་ནས་ས་གའི་ཟླ་བའི་གནམ་སྟོང་ལ་འོད་ལྡན་མ་ལ་བརྗོད་པའི་ཆོ་གས་རླུང་ཤུགས་མ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་བྷཀྵ་བྷཀྵ་བཛྲ་བཱ་ཡུ་བེ་གེ་བཛྲ་

མ་ཧཱ་བཱི་ར་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བཅུ་གཅིག་པའི་སྔགས་ཡི་གེ་ཉི་ཤུ་པའོ། །དེ་ནས་ས་གའི་ཟླ་བའི་ཉ་ལ་སྣ་ཆེན་མ་ལ་བརྗོད་པའི་ཆོ་གས་ཆང་འཐུང་མ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལཾ་བི་ན་གྲྀཧྞ་གྲྀཧྞ་བཛྲ་སུ་ར་བྷཀྵི་བཛྲ་

ཧུཾ་ཀ་ར་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བཅུ་གཉིས་པའི་སྔགས་ཡི་གེ་སུམ་ཅུ་རྩ་གཅིག་པའོ། །དེ་ནས་སྣྲོན་གྱི་ཟླ་བའི་གནམ་སྟོང་ལ་དཔའ་བོའི་བློ་ཅན་མ་ལ་བརྗོད་པའི་ཆོ་གས་ལྷ་མོ་སྔོ་བསངས་མ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་

སརྦཾ་པཱ་ཏརྫ་ཡ་ཏརྫ་ཡ་བཛྲ་ཤྱཱ་མ་དེ་ཝི་བཛྲ་སུ་བྷ་དྲེ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བཅུ་གསུམ་པའི་སྔགས་ཡི་གེ་སུམ་ཅུ་རྩ་བཞི་པའོ། །དེ་ནས་སྣྲོན་གྱི་ཟླ་བའི་ཉ་ལ་མིའུ་ཐུང་མ་ལ་བརྗོད་པའི་ཆོ་གས་ཤིན་ཏུ་བཟང་མོ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་ཨཱ་ཀཌྜྷྱ་ཨཱ་

ཀཌྜྷྱ་བཛྲ་སུ་བྷ་དྲེ་བཛྲ་པྲ་བྷ་དྲ་ཡེ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བཅུ་བཞི་པའི་སྔགས་ཡི་གེ་བཅུ་དགུ་པའོ། །དེ་ནས་ཆུ་སྟོད་ཀྱི་ཟླ་བའི་གནམ་སྟོང་ལ་ལང་ཀའི་དབང་ཕྱུག་མ་ལ་བརྗོད་པའི་ཆོ་གས་རྟ་རྣ་མ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་ཧྲིཾ་ཧྲིཾ་བཛྲ་ཧ་ཡ་ཀརྞེ་

བཛྲ་མ་ཧཱ་བྷཻ་ར་བ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བཅོ་ལྔ་པའི་སྔགས་ཡི་གེ་བཅུ་དགུ་པའོ། །དེ་ནས་ཆུ་སྟོད་ཀྱི་ཟླ་བའི་ཉ་ལ་ཤིང་གྲིབ་མ་ལ་བརྗོད་པའི་ཆོ་གས་མཁའ་འགྲོ་གདོང་མ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་ཛྙཽཾ་ཛྙཽཾ་བཛྲ་ཁ་གཱ་ན་ནེ་བཛྲ་བི་རཱུ་པཱཀྵ་ཧུཾ་

Vol. 16 · folio 122a

ཧཱུཾ་ཕཊ་ཅེས་པ་རྐང་པ་བཅུ་དྲུག་པའི་སྔགས་ཡི་གེ་བཅོ་བརྒྱད་པའོ། །དེ་ནས་གྲོ་ཞུན་གྱི་ཟླ་བའི་གནམ་སྟོང་ལ་རབ་གཏུམ་མ་ལ་བརྗོད་པའི་ཆོ་གས་འཁོར་ལོའི་ཤུགས་ཅན་མ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་ཀྵྨཱཾ་ཀྵྨཱཾ་བཛྲ་ཙཀྲ་

བེ་གེ་མ་ཧཱ་བ་ལ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བཅུ་བདུན་པའི་སྔགས་ཡི་གེ་བཅོ་བརྒྱད་པའོ། །དེ་ནས་གྲོ་ཞུན་གྱི་ཟླ་བའི་ཉ་ལ་གཏུམ་མིག་མ་ལ་བརྗོད་པའི་ཆོ་གས་དུམ་སྐྱེས་མ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་ཧཱཾ་ཧཱཾ་བཛྲ་ཁཎྜ་རོ་ཧི་བཛྲ་རཏྣ་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་

པ་རྐང་པ་བཅོ་བརྒྱད་པའི་སྔགས་ཡི་གེ་བཅོ་བརྒྱད་པའོ། །དེ་ནས་ཁྲུམས་ཀྱི་ཟླ་བའི་གནམ་སྟོང་ལ་འོད་ལྡན་མ་ལ་བརྗོད་པའི་ཆོ་གས་ཤཽཎྜི་ནི་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་ཧཱིཾ་ཧཱིཾ་བཛྲ་ཤཽཎྜི་ནཱི་ཡེ་བཛྲ་ཧ་ཡ་གྲཱྀ་བ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་བཅུ་དགུ་

པའི་སྔགས་ཡི་གེ་བཅུ་བདུན་པའོ། །དེ་ནས་ཁྲུམས་ཀྱི་ཟླ་བའི་ཉ་ལ་སྣ་ཆེན་མ་ལ་བརྗོད་པའི་ཆོ་གས་འཁོར་ལོའི་གོ་ཆ་མ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་ཧུཾ་ཧཱུཾ་བཛྲ་ཙཀྲ་ཝརྨི་ཎི་བཛྲ་ཨཱ་ཀ་ཤ་གརྦྷ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་ཉི་ཤུ་པའི་སྔགས་

ཡི་གེ་བཅུ་དགུ་པའོ། །དེ་ནས་ཐ་སྐར་གྱི་ཟླ་བའི་གནམ་སྟོང་ལ་དཔའ་བོའི་བློ་ཅན་མ་ལ་བརྗོད་པའི་ཆོ་གས་ཤིན་ཏུ་དཔའ་མོ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་ཀི་ལི་ཀི་ལི་བཛྲ་སུ་བཱི་རེ་བཛྲ་ཧེ་རུ་ཀ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་ཉི་ཤུ་རྩ་གཅིག་པའི་

སྔགས་ཡི་གེ་བཅོ་བརྒྱད་པའོ། །དེ་ནས་ཐ་སྐར་གྱི་ཟླ་བའི་ཉ་ལ་མིའུ་ཐུང་མ་ལ་བརྗོད་པའི་ཆོ་གས་སྟོབས་ཆེན་མ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་སི་ལི་སི་ལི་བཛྲ་མ་ཧཱ་བ་ལེ་བཛྲ་པདྨ་ནརྟེ་ཤྭ་ར་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་ཉི་ཤུ་རྩ་གཉིས་པའི་སྔགས་

ཡི་གེ་ཉི་ཤུ་རྩ་གཉིས་པའོ། །དེ་ནས་སྨིན་དྲུག་གི་ཟླ་བའི་གནམ་སྟོང་ལ་ལང་ཀའི་དབང་ཕྱུག་མ་ལ་བརྗོད་པའི་ཆོ་གས་འཁོར་ལོས་སྒྱུར་མ་ལ་མཆོད་ཡོན་ཕུལ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱའོ། །ཨོཾ་ཧི་ལི་ཧི་ལི་བཛྲ་ཙཀྲ་བརྟི་ནི་བཛྲ་བཻ་རོ་ཙ་ན་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་ཉི་ཤུ་

Vol. 16 · folio 122b

རྩ་གསུམ་པའི་སྔགས་ཡི་གེ་ཉི་ཤུ་རྩ་གཅིག་པའོ། །དེ་ནས་སྨིན་དྲུག་གི་ཟླ་བའི་ཉ་ལ་ཤིང་གྲིབ་མ་ལ་བརྗོད་པའི་ཆོ་གས་དཀྱིལ་འཁོར་བཞེངས་ཏེ་བརྩོན་འགྲུས་ཆེན་མོ་ལ་མཆོད་ཡོན་ཕུལ་ནས་ཉིན་ཞག་ལྔ་ཚན་གསུམ་གྱི་སྔགས་འདི་འབུམ་ཕྲག་ཕྱེད་དང་བཅས་པ་བཟླ་ཞིང་ཁྲི་ཕྲག་

ཕྱེད་དང་བཅས་པའི་སྦྱིན་སྲེག་བྱ་སྟེ། ཨོཾ་དྷི་ལི་དྷི་ལི་བཛྲ་མ་ཧཱ་བཱིརྱེ་བཛྲ་ས་ཏྭ་ཧུཾ་ཧཱུཾ་ཕཊ་ཅེས་པ་རྐང་པ་ཉི་ཤུ་རྩ་བཞི་པའི་སྔགས་ཡི་གེ་བཅོ་བརྒྱད་པའོ། །དེ་ལྟར་ལོ་གསུམ་པ་ལ་རྐང་པ་ཉི་ཤུ་རྩ་བཞི་པའི་སྔགས་འབུམ་ཕྲག་སུམ་ཅུ་རྩ་དྲུག་བཟླ་ཞིང་སྦྱིན་སྲེག་ཁྲི་ཕྲག་སུམ་ཅུ་རྩ་དྲུག་

བྱའོ། །དེ་ལྟར་ལོ་གསུམ་གྱིས་འབུམ་ཕྲག་བརྒྱད་ལྷག་པའི་བྱེ་བ་བཟླ་ཞིང་སྦྱིན་སྲེག་ཁྲི་ཕྲག་བརྒྱད་ལྷག་པའི་འབུམ་ཕྲག་བཅུ་བྱའོ། །དེ་ནས་རྣལ་འབྱོར་པ་རྣམས་ཀྱི་ཡན་ལག་སོ་སོ་རྣམ་པར་དག་པར་འགྱུར་རོ་ཞེས་པ་སྔགས་བཟླས་པའི་ཆོ་གའོ། །ཡང་ན་རྐང་པ་ཉི་ཤུ་རྩ་བཞི་

པའི་སྔགས་འཕོ་བ་བཅུ་གཉིས་པའི་ཕྱོགས་ཉི་ཤུ་རྩ་བཞི་རྣམས་ཀྱིས་བརྗོད་པའི་ཆོ་གས་བཟླས་པ་དང་སྦྱིན་སྲེག་བྱ་སྟེ། སྡིག་པའི་འཕོ་བ་དང་སྡིག་པའི་ཕྱེད་ཀྱི་ཉིན་ཞག་ལའོ། །དེ་ལྟ་བུར་དུས་སྦྱོར་བཅུ་གཉིས་ཀྱི་དུས་སྦྱོར་ཕྱེད་ལ་ཉི་མས་ལོངས་སྤྱོད་པ་ན་དཀྱིལ་འཁོར་བཞེངས་

ཏེ་རང་རང་གི་སྔགས་ཀྱིས་མཆོད་ཡོན་ཕུལ་ནས་དེ་ནས་སྔགས་བཟླ་ཞིང་སྦྱིན་སྲེག་བྱ་སྟེ། ཇི་སྲིད་ཚོགས་ཀྱི་འཁོར་ལོ་བྱེད་པ་ན་ལྷའི་ངེས་པར་འགྱུར་བ་ལོ་བཅུ་གཉིས་ཀྱི་བར་དུ་རྐང་པ་ཉི་ཤུ་རྩ་བཞི་པའི་སྔགས་བཟླས་པར་བྱའོ། །སྔགས་ཀྱི་ཚིག་ཐམས་ཅད་ལ་སྔོན་དུ་ཨོཾ་ཡིག་གོ། །

དེ་ནས་ཡན་ལག་སོ་སོའི་ཚིག་གོ། །དེ་ནས་བཛྲ་སྔོན་དུ་འགྲོ་བའི་ཕོ་ཉ་མོ་རྣམས་ཀྱི་མིང་དང་དཔའ་བོ་རྣམས་ཀྱི་མིང་ཡང་ངོ་། །གང་ལ་མིང་གི་སྔོན་དུ་བཛྲ་མེད་པར་དེར་ཧཱུཾ་ཡིག་དང་པོ་ཐུང་ངུ་དང་ཕྱི་མར་རིང་པོ་སྟེ་དེའི་མཐར་ཕཊ་ཡིག་གཅིག་གོ། །གང་ལ་མཐར་ཧཱུཾ་ཡིག་གསུམ་ཡོད་

པ་དེར་ཐམས་ཅད་རིང་པོ་སྟེ། ཕཊ་ཡིག་གཉིས་སོ་ཞེས་པ་ཐམས་ཅད་དུ་སྔགས་བཟླས་པའི་ངེས་པའོ། །འདིར་རྩ་བའི་སྔགས་ལ་སོགས་པ་སྔགས་ཐམས་ཅད་ནི་སོ་སོའི་ལས་ཀྱི་རྗེས་སུ་མཐུན་པས་མཐར་ཧཱུཾ་ཕཊ་ཅེས་པའི་ཡི་གེའི་གནས་སུ་ལྷ་སྤྱན་དྲང་བ་ལ་སྭཱ་ཧཱའི་མཐའ་ཅན་དུ་

Vol. 16 · folio 123a

བྱའོ། །དེ་བཞིན་དུ་ཨརྒྷའི་གནས་སུ་ཡང་མཆོད་པ་ལ་ན་མཿའི་མཐའ་ཅན་ཏེ་ཞི་བའི་སྔགས་བཟླས་པ་ལ་ཡང་ངོ་། །རྒྱས་པའི་སྔགས་བཟླས་པ་ལ་སྭཱ་ཧཱའི་མཐའ་ཅན་ནོ། །དགུག་པའི་བཟླས་པ་ལ་བཽ་ཥཊ་ཀྱི་མཐའ་ཅན་ནོ། །དབང་དུ་བྱ་བའི་བཟླས་པ་ལ་ཝ་

ཥཊ་ཀྱི་མཐའ་ཅན་ནོ། །གཡོན་པ་དང་གཡས་པའི་ཞལ་དུ་གསུངས་པའི་ཆོ་ག་ལའོ། །ཤར་དང་ནུབ་ཀྱི་ཞལ་དུ་གསུངས་པའི་ཆོ་ག་ལ་ཧུཾ་ཧཱུཾ་ཕཊ་ཅེས་པའི་མཐའ་ཅན་དུ་ཐམས་ཅད་ལ་བྱའོ། །སྦྱིན་སྲེག་གི་སྔགས་ལ་ཐམས་ཅད་དུ་སྭཱ་ཧཱའི་མཐའ་ཅན་ཏེ་གཡོན་པ་དང་གཡས་པའི་

ཞལ་དུ་གསུངས་པའི་ལས་ཀྱི་ཆོ་ག་ལའོ། །ཤར་དང་ནུབ་ཀྱི་ཞལ་དུ་གསུངས་པའི་ལས་ཀྱི་ཆོ་ག་དང་སྦྱིན་སྲེག་གི་སྔགས་ཐམས་ཅད་ལ་ཧཱུཾ་ཕཊ་ཅེས་པའི་མཐའ་ཅན་དུ་བྱའོ། །ཕྱིན་ཅི་ལོག་པའི་སྔགས་བཟླས་པ་དང་སྦྱིན་སྲེག་གི་ཆོ་ག་དང་ཕྱིན་ཅི་ལོག་པའི་གནས་སུ་དཀྱིལ་འཁོར་

བཞེངས་པ་དང་ཕྱིན་ཅི་ལོག་པའི་ཐབ་ཁུང་དང་ཕྱིན་ཅི་ལོག་པའི་སྦྱིན་སྲེག་གི་རྫས་རྣམས་ཀྱིས་བྱིས་པ་རྣམས་ཀྱི་དངོས་གྲུབ་བསྒྲུབས་པ་ཐམས་ཅད་འབྲས་བུ་མེད་པར་འགྱུར་རོ། །དེའི་ཕྱིར་འཆད་པར་འགྱུར་བའི་དཀྱིལ་འཁོར་བཞེངས་ཏེ་སྔགས་ཀྱི་ལྷ་རྣམས་ལ་མཆོད་ཡོན་ཕུལ་

ནས་སྔགས་བཟླས་པར་བྱ་ཞིང་འཆད་པར་འགྱུར་བའི་ཐབ་ཁུང་རྣམས་སུ། འཆད་པར་འགྱུར་བའི་སྦྱིན་སྲེག་གི་རྫས་རྣམས་ཀྱིས་ལོ་བཅུ་གཉིས་ཀྱི་མཐར་ཐུག་པར་སྦྱིན་སྲེག་བྱ་ཞིང་སྔགས་བསྒྲུབ་པར་བྱ་སྟེ། ཇི་སྲིད་ཚོགས་ཀྱི་འཁོར་ལོ་བྱ་བའི་ཕྱིར་འདིར་འདོད་པའི་ལྷའི་

ངེས་པར་མ་གྱུར་པའི་བར་དུའོ། །དེ་ནས་ཕྱོགས་གསུམ་དུ་ཚོགས་ཀྱི་འཁོར་ལོ་བྱ་སྟེ། ལྷ་དང་སྔགས་ཀྱི་སྟོབས་ཀྱིས་ཟླ་བ་ཉ་ལ་ཚོགས་ཀྱི་གཙོ་བོར་གྱུར་ནས། ཆོ་ག་འདིས་སྒྲུབ་པ་པོ་ཚོགས་ཀྱི་འཁོར་ལོ་དང་ལྷན་ཅིག་འགྲུབ་པར་འགྱུར་རོ། །ཆོ་ག་གཞན་གྱིས་སྔགས་

གཅིག་གིས་ལོ་བཅུ་གཉིས་རྣམས་ཀྱིས་བསྒྲུབས་ཏེ། ལྷའི་ངེས་པས་ལས་ཀྱི་ཕྱག་རྒྱ་གཅིག་བསྟེན་ན་འགྲུབ་པར་འགྱུར་རོ། །དེ་ཐམས་ཅད་དུ་འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱི་སྣོད་དུ་འགྱུར་ཏེ། བརྩོན་འགྲུས་དམན་པའི་ཕྱིར་ཚོགས་ཀྱི་འཁོར་ལོ་ལ་དངོས་གྲུབ་བསྒྲུབས་

Vol. 16 · folio 123b

པ་རྣམས་ཀྱི་མངག་གཞུག་པར་བྱའོ། །དེ་ནས་དུས་ཀྱི་ཁྱད་པར་གྱིས་ཕོ་ཉ་ལྷན་ཅིག་སྐྱེས་པ་གྲུབ་པ་རྣམས་མཆོད་དེ། སྔར་བཤད་པའི་ཆོ་གས་རྣལ་འབྱོར་པས་འཇིག་རྟེན་པའི་དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་ཐབས་བསྒྲུབ་པར་བྱའོ་ཞེས་པ་བཅོམ་ལྡན་འདས་ཧེ་རུ་ཀ་མངོན་པར་

བརྗོད་པ་འབུམ་པའི་ངེས་པའོ། །ཕྱག་ན་རྡོ་རྗེ་བདག་གིས་འགྲེལ་བཤད་འདིས་དཔའ་བོའི་དབང་པོའི་ངེས་པ་ཐབས་ཡོངས་སུ་ཤེས་པ་རྣམས་ཀྱི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་དུས་ཀྱི་ཁྱད་པར་གྱིས་མཆོད་པའི་ཆོ་ག་བརྗོད་པའི་ངེས་པའོ་

ཞེས་པ་ཕོ་ཉ་མོ་མཆོད་པའི་ཆོ་གའི་ངེས་པའོ། །ད་ནི་དམན་པ་དང་འབྲིང་དང་མཆོག་གི་དངོས་གྲུབ་སྟེར་བ་བརྗོད་པར་བྱ་སྟེ། ཕོ་ཉ་མོ་ཞེས་པ་ལ་སོགས་པས་ལྷན་ཅིག་སྐྱེས་པ་གྲུབ་པ་བརྩོན་འགྲུས་ཆེན་མོ་ལ་སོགས་པ་ཉི་ཤུ་རྩ་བཞི་དང་རྡོ་རྗེ་སེམས་དཔའ་ལ་སོགས་པ་གྲུབ་

པའི་དཔའ་བོ་རྣམས་སོ། །དེ་རྣམས་ཀྱི་བརྒྱད་ནི་དམན་པ་ས་འོག་ལ་གནས་པ་སྟེ། ས་འོག་གི་དངོས་གྲུབ་སྩོལ་བའི་ཕྱིར་རོ། །དེ་བཞིན་དུ་བརྒྱད་ནི་བར་མ་ས་སྟེངས་ན་གནས་པ་སྟེ་རྒྱལ་སྲིད་ལ་སོགས་པའི་དངོས་གྲུབ་སྟེར་བའི་ཕྱིར་རོ། །བརྒྱད་པ་ནི་མཆོག་ནམ་

མཁའ་ལ་སྤྱོད་པ་སྟེ། འདོད་པ་ན་སྤྱོད་པའི་དངོས་གྲུབ་སྟེར་བའི་ཕྱིར་རོ། །མཁའ་འགྲོ་མ་ལ་སོགས་པ་བཞི་ཡང་མཆོག་སྟེ་གཟུགས་ན་སྤྱོད་པའི་དངོས་གྲུབ་སྟེར་བའི་ཕྱིར་རོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱང་དམན་པ་སྟེ་ཡི་དགས་དང་དུད་འགྲོའི་དངོས་གྲུབ་སྟེར་བའི་ཕྱིར་

རོ་ཞེས་པ་དེ་ལྟར་འཇིག་རྟེན་པའི་བདེན་པས་རྣལ་འབྱོར་པ་རྣམས་ཀྱི་གང་ཅུང་ཟད་བསྒྲུབ་པར་བྱ་བ་དེ་ཐམས་ཅད་ཀྱི་འབྲས་བུ་དངོས་གྲུབ་རྣམ་པ་གསུམ་སྟེ་དམན་པ་དང་བར་དང་མཆོག་གོ། །དེའི་ཕྱིར་གང་གིས་རྣལ་འབྱོར་པ་རྣམས་ཀྱི་རྒ་བ་དང་འཆི་བ་ཟད་པའི་རྒྱུར་གྱུར་པའི་སངས་

རྒྱས་ཉིད་དུ་མི་འགྱུར་བ་དེ་བསྒྲུབ་པས་ཅི་ཞིག་འབྱུང་བར་འགྱུར། དེ་ལྟར་ཤེས་པར་བྱ་སྟེ་ཐར་པ་འདོད་པའི་རྣལ་འབྱོར་པ་རྣམས་ཀྱིས། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒོམ་པར་བྱ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་ཕྱག་རྒྱ་ཆེན་པོ་

Vol. 16 · folio 124a

བསྒོམ་པ་བརྗོད་པར་བྱ་སྟེ། ཡིད་ནི་ནང་དུ་ཆུད་པ་ཡིས། །ཞེས་པ་ལ་སོགས་པས་སོ། །སྔགས་ཀྱི་ཚུལ་འདིར་ཤེས་རབ་དང་ཐབས་ཀྱི་རྒྱུད་རྣམས་སུ་རྡོ་རྗེའི་ཚིག་འདི་དགོངས་པའི་སྐད་གཞན་གྱིས་རྒྱུད་དང་རྒྱུད་གཞན་གྱིས་རྟོགས་པར་བྱའོ། །ཡིད་ནི་

ནང་དུ་ཆུད་པ་ཡིས། །ཞེས་པ་རྐང་པ་འདིའི་ཚིག་སྔ་མ་ལ་སོགས་པ་འདི་ཡང་རྡོ་རྗེའི་ཚིག་སྟེ། དཔལ་འདུས་པ་སྟོང་ཕྲག་ཉི་ཤུ་ལྔ་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་པར་བལྟ། །རྒྱུ་མཐུན་ལ་

སོགས་བདེ་བ་རྫོགས། །དྲི་མ་མེད་པའི་བར་དུ་བསྒོམ། །ཞེས་པ་དང་། དེ་བཞིན་དུ། བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །ཞེས་པའོ། །འདིར་ཚིགས་སུ་བཅད་

པ་གཉིས་པོ་འདིས་རྡོ་རྗེའི་ཚིག་འདིས་བསྡུས་པའི་དོན་རྟོགས་པར་བྱ་སྟེ། རྒྱུད་འདིར་ཚིགས་སུ་བཅད་པ་ཕྱེད་ཀྱིས་གསུངས་སོ་ཞེས་པའོ། །འདིར་རྡོ་རྗེ་ནོར་བུའི་ནང་དུ་གནས་པའི་བྱང་ཆུབ་ཀྱི་སེམས་ལ་ཡིད་ནི་ནང་དུ་ཆུད་པ་ཞེས་བརྗོད་དོ། །ཡིད་ནང་དུ་ཆུད་པས་

འཛག་པ་མེད་པའི་བྱང་ཆུབ་ཀྱི་སེམས་དེས་ལས་ཀྱི་ཕྱག་རྒྱའམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་འགྲོགས་པ་ན་ཁམས་གསུམ་པའི་མཚན་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྒོམ་པར་བྱའོ་ཞེས་པ་ཁམས་གསུམ་པ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་མཚན་ཉིད་བརྟན་

པ་དང་གཡོ་བ་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བདག་ཉིད་མ་ལུས་པ་རྣལ་འབྱོར་པས་བསྒོམ་པར་བྱའོ། །དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །དེ་ཡང་རྒྱུད་འདིར་

བཅོམ་ལྡན་འདས་ཀྱིས་འདོད་པའི་དངོས་གྲུབ་ཏུ་གསུངས་ཏེ་ཤེས་རབ་ཀྱི་རྒྱུད་འདི་ཉིད་ལས་སོ། །འདོད་པའི་དངོས་གྲུབ་དེ་རྣལ་འབྱོར་པས་བསྒོམ་པར་བྱའོ། །འདིར་འདོད་པ་ནི་འདོད་ཆགས་ཆེན་པོ་རྡོ་རྗེ་སེམས་དཔའ་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བའོ། །དངོས་གྲུབ་

Vol. 16 · folio 124b

ནི་ཕྱག་རྒྱ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །དེ་ལྟར་ན་འདོད་པ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ། །དངོས་གྲུབ་ནི་དམིགས་པ་དང་བཅས་པའི་ཆེན་པོ་སྟོང་པ་ཉིད་དེ་རྣལ་འབྱོར་པ་རྣམས་ཀྱིས་རང་རིག་པ་ཉིད་ཀྱི་

ཕྱིར་རོ། །ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་དག་ལས་གོང་མའི་ཡང་གོང་མའི་དངོས་གྲུབ་བོ། །ཕྱག་རྒྱ་ཆེན་པོ་འདོད་པའི་དངོས་གྲུབ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་དང་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་སྟེར་བར་བྱེད་པ་མོ་སྟེ། སངས་རྒྱས་ཉིད་ཀྱི་ཕྱིར་བསྒོམ་པར་བྱའོ་ཞེས་པ་རྒྱུད་དང་རྒྱུད་གཞན་རྣམས་སུ་དེ་བཞིན་གཤེགས་པའི་ངེས་པ་སྟེ། རྒྱུད་ནི་རྒྱུད་

གཞན་གྱིས་རྟོགས་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་གསུང་ལས་སོ། །འདི་ཉིད་བསྒོམ་པ་རྣམ་པ་གཉིས་ཏེ། སྔོན་དུ་གཟུགས་བརྙན་སྒོམ་པ་དང་། ཕྱི་ནས་གཟུགས་བརྙན་བསྒོམ་པའོ། །སྔོན་དུ་གཟུགས་བརྙན་བསྒོམ་པ་ནི་དུ་བ་ལ་སོགས་པའི་

མཚན་མ་གཟུགས་བརྙན་གྱི་མཐར་ཐུག་པར་བསྒོམ་པའོ། །ཕྱི་ནས་བསྒོམ་པ་ནི་གཟུགས་བརྙན་མཐོང་བ་ནས་བྷ་གར་ལིངྒ་རབ་ཏུ་བཀོད་དེ་མཆོག་ཏུ་མི་འགྱུར་བའི་བདེ་བ་འཕེལ་བའི་དོན་དུ་བསྒོམ་པའོ། །སླར་ཡང་བདེ་བ་ཆེན་པོ་འཕེལ་བའི་ཕྱིར་ལས་ཀྱི་ཕྱག་རྒྱ་དང་

ཡེ་ཤེས་ཀྱི་ཕྱག་རྒྱ་ཡོངས་སུ་སྤངས་ཏེ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །འདིར་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་དགག་པ་ནི་བཅོམ་ལྡན་འདས་ཀྱིས་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་གསུངས་སོ། །དེ་ལྟར་ཡང་བཅོམ་

ལྡན་འདས་ཀྱིས་གསུངས་པ། ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་། །ཡེ་ཤེས་ཕྱག་རྒྱ་རྣམ་སྤངས་ཏེ། །མཆོག་ཏུ་མི་འགྱུར་རྣལ་འབྱོར་གྱིས། །ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་བྱ། །ཞེས་པ་དེ་བཞིན་དུ་སྔོན་དུ་ལས་དང་པོ་པའི་བསྒོམ་པ་ནི། ཇི་སྲིད་བྱང་ཆུབ་སེམས་འདོར་

Vol. 16 · folio 125a

བ། །དེ་སྲིད་རྣལ་འབྱོར་པས་མི་བྱ། །རྒྱུན་མི་འཆད་པར་སྐྱེ་གནས་ལ། །མཆོག་ཏུ་དགའ་བ་ཐོབ་པར་འགྱུར། །བདེ་བའི་རང་བཞིན་དེ་ཉིད་ཀྱིས། །ཇི་སྲིད་ཁུ་བ་བརྟན་པའི་ཕྱིར། །རྫོགས་པའི་སངས་རྒྱས་གཟུགས་བརྙན་གྱི། །བདག་ཉིད་རྟག་ཏུ་བསྒོམ་

པར་བྱ། །ཞེས་པ་སྟེ་རྡོ་རྗེའི་ཚིག་འདི་ཡང་དབང་བསྐུར་བའི་དོན་གྱིས་རྟོགས་པར་བྱའོ། །འདིར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྒྱུད་ཀྱི་རྒྱལ་པོ་ལ་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་བདེན་པས་ལས་ཀྱི་ཕྱག་རྒྱའི་རྗེས་

སུ་ཆགས་པ་ལས་བྱུང་བ་དབང་པོ་གཉིས་ལས་སྐྱེས་པར་གྱུར་པའི་བདེ་བ་ཤེས་རབ་ཡེ་ཤེས་སོ་ཞེས་གསུངས་པ་ཡིན་གྱིས། དེ་ནི་དོན་དམ་པའི་བདེན་པས་མ་ཡིན་ནོ། །གང་གི་ཕྱིར་ཞེ་ན། བཞི་པ་སླར་ཡང་དེ་བཞིན་ནོ། །ཞེས་བཅོམ་ལྡན་འདས་ཀྱི་གསུང་ལས་སོ། །འདིར་

བྱིས་པའི་སྐྱེ་བོ་རྣམས། གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་དབང་བསྐུར་བ་བཞི་པའོ་ཞེས་སྨྲ་བར་འགྱུར་ཏེ་དེས་ན་བརྗོད་པར་བྱའོ། །འདིར་གསུམ་པ་ཤེས་རབ་ཡེ་ཤེས་དེ་ཉིད་སླར་ཡང་དེ་བཞིན་གྱི་སྒྲས་བཞི་པར་མི་འགྱུར་རོ། །གལ་ཏེ་གསུམ་པ་དེ་ཉིད་དེའི་ཚེ་བསྐྱར་

ནས་བརྗོད་ན་ཚིག་ཟློས་པའི་སྐྱོན་དུ་ཐལ་བར་འགྱུར་ར་རོ། །ཅི་སྟེ་གསུམ་པ་ནི་རྒྱུ་ཡིན་ཞིང་བཞི་པ་ནི་འབྲས་བུའོ། །རྒྱུ་དང་འབྲས་བུ་དག་ལ་དབྱེ་བ་མེད་པའི་ཕྱིར་བཞི་པ་ཡང་གསུམ་པར་གྲུབ་པོ་ཞེས་པའི་བྱིས་པ་རྣམས་ཀྱི་ཚིག་འབྱུང་བར་འགྱུར་རོ། །དེས་ན་བརྗོད་པར་འགྱུར་བ་

འདི་ཉིད་བཅོམ་ལྡན་འདས་ཀྱི་གསུང་མ་ཡིན་ཏེ་སྔར་བརྗོད་པའི་དོན་དམ་པའི་བདེན་པ་ལས་སོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་འབྲས་བུ་གསུམ་བསྒྲུབ་པའི་ཕྱིར་ཕྱག་རྒྱ་གསུམ་གསུངས་པའི་ཕྱིར་རོ། །འདིར་སྔགས་ཀྱི་ཚུལ་ལ་འབྲས་བུ་རྣམ་པ་གསུམ་སྟེ། འདོད་པ་

དང་གཟུགས་དང་ཐམས་ཅད་མཁྱེན་པའི་དངོས་གྲུབ་ཀྱི་དབྱེ་བས་སོ། །དེ་ལ་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ནི་འདོད་པ་ན་སྤྱོད་པའི་འབྲས་བུའོ། །ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་ནི་གཟུགས་ན་སྤྱོད་པའི་འབྲས་བུའོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་ཐམས་ཅད་མཁྱེན་པའི་འབྲས་

Vol. 16 · folio 125b

བུའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་གཟུགས་མེད་པའི་ཁམས་ཀྱི་འབྲས་བུ་སྟེ་ཕྱག་རྒྱ་གསུམ་སྤངས་པའོ། །དེའི་ཕྱིར་ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རྒྱུར་མི་འགྱུར་ཏེ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་ཡོངས་སུ་སྤངས་

པའི་ཕྱིར་ཕྱག་རྒྱ་ཆེན་པོ་བསྒོམ་པའི་ངེས་པའི་ཕྱིར་རོ། །འདིར་དབང་པོ་གཉིས་ལས་སྐྱེས་པ་འཛག་པ་ནི་འདོད་པ་ན་སྤྱོད་པའི་བདེ་བའོ། །གཡོ་བའི་མཚན་ཉིད་ནི་གཟུགས་ན་སྤྱོད་པའི་བདེ་བ་སྟེ་བདེ་བ་ཆེན་པོར་མི་འགྱུར་རོ། །གསུམ་པའི་རྒྱུ་ལས་སྐྱེས་པ་འཛག་པ་དང་གཡོ་

བ་ནི་གསུམ་པའི་འབྲས་བུའོ། །དེ་ནི་སངས་རྒྱས་རྣམས་ཀྱིས་བཞི་པར་མ་གསུངས་ཏེ་རྒྱུ་མཐུན་པའི་འབྲས་བུ་ཉིད་ལས་སོ། །འདིར་བཞི་པ་ནི་གསུམ་པའོ་ཞེས་སངས་རྒྱས་པ་རྣམས་སྨྲ་བར་འགྱུར་ཏེ། དེས་ན་བཅོམ་ལྡན་འདས་ཀྱིས་མཆོག་གི་དང་པོའི་སངས་རྒྱས་སུ་

གསུངས་པ། འདོད་པ་ན་སྤྱོད་དངོས་གྲུབ་ནི། །ལས་ཀྱི་ཕྱག་རྒྱས་བསྒྲུབ་པར་བྱ། །ཡེ་ཤེས་ཕྱག་རྒྱས་གཟུགས་ཁམས་ཀྱི། །འོག་མིན་གནས་ཀྱི་མཐར་ཐུག་པར། །ཡན་ལག་ཕྱག་རྒྱ་ཆེ་བསྒོམས་པས། །རྣལ་འབྱོར་ཆེན་པོས་ཀུན་མཁྱེན་ཉིད། །འགྱུར་མེད་བདེ་བའི་

རང་བཞིན་བསྒྲུབ། །སྐྱེ་བ་འདིར་ནི་སངས་རྒྱས་ཉིད། །ཅེས་པའོ། །དེའི་ཕྱིར་མཁས་པ་རྣམས་ཀྱིས་འདི་ཐམས་ཅད་རྒྱུད་དང་རྒྱུད་གཞན་གྱིས་རྟོགས་པར་བྱའོ། །འདིར། སྐྱེས་པ་རྡོ་རྗེ་འཆང་གཟུགས་ཏེ། །བུད་མེད་རྡོ་རྗེ་བཙུན་མོའོ། །ཞེས་རྒྱུད་དང་རྒྱུད་གཞན་གྱིས་གང་

གསུངས་པ་ནི་བྱིས་པའི་སྐྱེ་བོ་རྣམས་རབ་ཏུ་གཞུག་པའི་དོན་དུའོ། །ཚིག་དེས་དབང་པོ་རྣོན་པོ་རྣམས་ཀྱིས་ལས་ཀྱི་ཕྱག་རྒྱ་གཟུང་བར་མི་བྱ་སྟེ། འདི་ལྟར་ཕྱག་རྒྱ་ཆེན་མོ་གོང་མའི་ཡང་གོང་མའི་ཚིག་ལས་སྔ་མའི་ཚིག་བརྫུན་པར་འགྱུར་བའི་ཕྱིར་རོ། །འདིར་ཤེས་རབ་ཀྱི་ཡན་

ལག་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བདེན་པས་དབང་བསྐུར་བ་བཞིའོ། །དེ་རྣམས་ལས་གསུམ་ནི་འཇིག་རྟེན་ཀུན་རྫོབ་པ་སྟེ་བཞི་པ་ནི་དོན་དམ་པའོ། །དེ་ཡང་རྣལ་འབྱོར་གྱིས་རྟོགས་པར་བྱ་སྟེ། བླ་མ་དམ་པའི་གདམས་ངག་ལས་དོན་དམ་པའི་བདེན་པས་

Vol. 16 · folio 126a

རྟོགས་པར་བྱའོ། །དེ་བཞིན་དུ་འདུས་པ་ཕྱི་མར་བཅོམ་ལྡན་འདས་ཀྱིས་གསུངས་པ། དབང་བསྐུར་རྣམ་གསུམ་ཐ་དད་པ། །རྒྱུད་འདི་རུ་ནི་རབ་ཏུ་བསྟན། །དང་པོ་བུམ་པའི་དབང་ཡིན་ཏེ། །གཉིས་པ་གསང་བའི་དབང་དུ་འདོད། །ཤེས་རབ་ཡེ་ཤེས་

གསུམ་པ་སྟེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་དང་། དེ་བཞིན་དུ་ཀྱེ་ཡི་རྡོ་རྗེར་ཡང་། །སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པ་དེ་ལྟར་རྒྱུད་གཉིས་སུ་དབང་བསྐུར་བ་བཞི་སྟེ། དབང་བསྐུར་བའི་རིམ་པ་བརྗོད་པ་ལས་སོ། །དེ་རྣམས་རེ་

ཞིག་དགའ་བ་ལ་སོགས་པའི་སྐད་ཅིག་མ་རྣམ་པར་དཔྱད་ན་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་སྒྱུ་འཕྲུལ་དྲ་བར་ཡང་། མཁས་པ་རྣམས་ཀྱིས་ཆུ་ལ་སོགས་པའི་དབང་བསྐུར་བ་བདུན་སོ་སོར་རྟོགས་པར་བྱའོ་ཞེས་པ་དང་། དེ་བཞིན་དུ་དང་པོའི་སངས་རྒྱས་སུ་བཅོམ་ལྡན་

འདས་ཀྱིས་གསུངས་པ། ཆུ་དང་ཅོད་པན་དར་དཔྱངས་དང་། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ། །མིང་དང་རྗེས་གནང་ཡང་དག་ལྡན། །དབང་བསྐུར་རྣམ་བདུན་མི་ཡི་བདག །ཅེས་པའོ། །དེའི་ཕྱིར་དབང་བསྐུར་བ་བདུན་པོ་རྣམས་ཀྱི་གོང་མ་ནི་བུམ་པའི་དབང་བསྐུར་བའོ། །ཡང་

ན་སོ་སོར་གོང་མ་གསུམ་པོ་རྣམས་ཀྱི་དང་པོ་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །གཉིས་པ་ནི་གསང་བའི་དབང་བསྐུར་བའོ། །གསུམ་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །གསུམ་པོ་དེ་རྣམས་ཀྱི་གོང་མའི་གོང་མ་ནི་བཞི་པ་དེ་ཡང་དེ་བཞིན་གྱི་དབང་བསྐུར་བ་སྟེ་འཇིག་

རྟེན་ལས་འདས་པའོ། །དེ་ལྟར་དབང་བསྐུར་བའི་རིམ་པ་བརྗོད་པ་ལས་དབང་བསྐུར་བའི་རིམ་པ་བཞི་སྟེ། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདི་རྣམས་ལ་བདེན་པ་གཉིས་ཀ་ལས་ཀྱང་དབང་བཞི་པ་ལྷན་

ཅིག་སྐྱེས་པའི་དགའ་བ་མ་ཡིན་པར་འགྱུར་རོ། །གལ་ཏེ་གྱུར་ན་དེའི་ཚེ་དགའ་བ་བཞི་པོ་རྣམས་ཀྱི་རིམ་པར་འགྱུར་རོ། །གལ་ཏེ་དེ་ལྟར་དགའ་བ་ནི་བུམ་པའི་དབང་དུ་འགྱུར་རོ། །མཆོག་ཏུ་དགའ་བ་ནི་གསང་བའི་དབང་དུ་འགྱུར་རོ། །དགའ་བྲལ་གྱི་དགའ་བ་ནི་ཤེས་རབ་ཡེ་

Vol. 16 · folio 126b

ཤེས་ཀྱི་དབང་དུ་འགྱུར་རོ། །ལྷན་ཅིག་སྐྱེས་པའི་དགའ་བ་ནི་བཞི་པ་དེ་ཡང་དེ་བཞིན་གྱི་དབང་དུ་འགྱུར་རོ། །དེ་ལྟ་ན་དགའ་བ་ལ་སོགས་པའི་སྐད་ཅིག་མའི་དབྱེ་བས་དབང་བསྐུར་བ་རྣམས་ཀྱི་གོ་རིམས་རྣམ་པར་གཞག་པ་མེད་པར་འགྱུར་བའི་ཕྱིར་མ་ཡིན་པ་ཉིད་དོ། །འདིར་འཇིག་

རྟེན་ཀུན་རྫོབ་ཏུ་བུམ་པས་དབང་བསྐུར་བ་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །གསང་བར་བལྟ་བས་བདུད་རྩི་མྱང་བ་ནི་གསང་བའི་དབང་བསྐུར་བའོ། །ལས་ཀྱི་ཕྱག་རྒྱ་གཏད་པས་དབང་པོ་གཉིས་ལས་སྐྱེས་བར་འགྱུར་བའི་བདེ་བ་རྟོགས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་

བའོ། །ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་སེམས་ཀྱི་བདེ་བ་རྟོགས་པས་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ་ཞེས་པ་འཇིག་རྟེན་པའི་བདེན་པས་དྲང་བའི་དོན་གྱིས་དབང་བསྐུར་བའི་ཆོ་ག་རྣམ་པ་བཞིའོ། །དོན་དམ་པས་ནི་སླར་ཡང་འདི་ཕྱིན་ཅི་ལོག་པ་དང་དོན་མེད་པའོ། །

འདིར་གལ་ཏེ་དང་པོར་བུམ་པའི་དབང་བསྐུར་བ་ན་སློབ་མ་སློབ་དཔོན་དུ་གྱུར་ན། དེའི་ཚེ་གསང་བ་དང་ཤེས་རབ་ཡེ་ཤེས་དང་བཞི་པ་ལ་ཡང་ཇི་ཞིག་འབྱུང་བར་འགྱུར། སློབ་དཔོན་ཉིད་ནི་རྡོ་རྗེ་འཆང་གི་མིང་སྟེ། དེ་ཇི་ལྟར་དང་པོ་བུམ་པའི་དབང་གིས་དབང་བསྐུར་བས་སློབ་

དཔོན་ཞེས་བྱ། དེའི་ཕྱིར་འདི་ནི་གང་ཞིག་བྱིས་པའི་སྐྱེ་བོ་རྣམས་ཀྱི་འཁྲུལ་པ་སྟེ་རིགས་པས་མི་འཐད་པའི་ཕྱིར་རོ། །འདིར་རྒྱུད་གཞན་དང་དགོངས་པའི་སྐད་གཞན་དང་ངེས་པའི་དོན་གྱིས་སླར་ཡང་བུམ་པའི་སྒྲས་ནུས་མ་བརྗོད་དེ། དེ་ལ་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་

པ་ནི་བུམ་པའི་དབང་བསྐུར་བའོ། །གསང་བར་རྡོ་རྗེ་སྤྲོས་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་ནི་གསང་བའི་དབང་བསྐུར་བའོ། །དབང་པོ་གཉིས་སྙོམས་པར་ཞུགས་པ་ན་གང་ཞིག་འཛག་པའི་བདེ་བ་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །ཕྱག་རྒྱ་ཆེན་པོའི་རྗེས་སུ་ཆགས་

པས་གང་ཞིག་འགྱུར་བ་མེད་པའི་བདེ་བ་དེ་ནི་བཞི་པ་དེ་ཡང་དེ་བཞིན་གྱི་དབང་བསྐུར་བའོ། །དེ་ལྟར་འཇིག་པ་དང་འགྱུར་པ་དང་འཛག་པ་དང་འགྱུར་བ་མེད་པའི་དབྱེ་བས་དབང་བསྐུར་བ་རྣམ་པ་བཞིའོ། །འདིར་དབང་བསྐུར་བར་བྱེད་པ་ནི་དབང་སྟེ། བདེ་བའི་སེམས་དང་ལྡན་པར་བྱེད་པའི་

Vol. 16 · folio 127a

ཕྱིར་རོ་ཞེས་པའི་དོན་ཏོ། །འདིར་བཅོམ་ལྡན་འདས་ཀྱིས་མཆོག་གི་དང་པོའི་སངས་རྒྱས་སུ་གསུངས་པ། དང་པོར་དབང་བསྐུར་བདུན་པོ་གང་། །བྱིས་པ་རྣམས་ནི་གཟུང་ཕྱིར་རོ། །རྣམ་གསུམ་འཇིག་རྟེན་ཀུན་རྫོབ་སྟེ། །དམ་པའི་དོན་གྱིས་བཞི་པའོ། །བུམ་པ་

གསང་བའི་དབང་བསྐུར་དང་། །ཤེས་རབ་ཡེ་ཤེས་ཞེས་བྱ་དང་། །སླར་ཡང་ཤེས་རབ་ཆེན་པོ་དང་། །དེ་ནི་ཡེ་ཤེས་སུ་བརྗོད་དོ། །འགྱུར་དང་འགྱུར་དང་དེ་ནས་འཛག །དེ་ནས་འགྱུར་བ་མེད་པ་མཆོག །དབང་བསྐུར་གསུམ་གྱི་རིམ་པ་ཡིས། །ལུས་ངག་སེམས་ནི་ཡང་དག་སྦྱོར། །

བཞི་པ་ཡེ་ཤེས་དག་པ་སྟེ། །ལུས་ངག་སེམས་ནི་སྦྱོང་བའོ། །ཞེས་པ་སྟེ། དེ་ལྟར་དབང་བསྐུར་བ་བཞིའོ། །འདི་རྣམས་ཀྱི་དབང་བསྐུར་བ་རེ་རེ་ལ་དགའ་བ་བཞི་བཞིའོ། །དགའ་བ་རེ་རེ་ལ་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་དབྱེ་བས་གནས་སྐབས་བཞི་སྟེ་ཐིག་ལེ་བཞིའི་དབྱེ་བས་སོ། །

དེ་ལྟར་ཆ་བཅུ་དྲུག་གི་དབྱེ་བས་དབང་བསྐུར་བ་སོ་སོ་ལ་དགའ་བ་བཅུ་དྲུག་སྟེ་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་ཐིག་ལེའི་དབྱེ་བས་བཞིའོ། །དེའི་ཕྱིར་དཀར་པོའི་ལྔ་པ་ནི་དགའ་བའོ། །བཅུ་པ་ནི་མཆོག་ཏུ་དགའ་བའོ། །ཉ་ནི་དགའ་བྲལ་གྱི་དགའ་བའོ། །ཆ་བཅུ་དྲུག་པ་ནི་ལྷན་

ཅིག་སྐྱེས་པའི་དགའ་བ་སྟེ། དཔྲལ་བ་དང་མགྲིན་པ་དང་སྙིང་ག་དང་གསང་བར་ཁུ་བ་བགྲོད་པས་ཞེས་པ་དང་། གསང་བ་ལས་རྡོ་རྗེ་ནོར་བུའི་ནང་དུ་བགྲོད་པས་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པའོ། །དེ་ནས་ནག་པོའི་ཚེས་གཅིག་འོངས་པ་ན་ཁུ་བ་ཉམས་པར་འགྱུར་ཏེ། དེའི་

ཕྱིར་ལྔ་པ་ནི་དགའ་བ་ཟད་པའོ། །བཅུ་པ་ནི་མཆོག་ཏུ་དགའ་བ་ཟད་པའོ། །གནམ་སྟོང་ནི་དགའ་བྲལ་གྱི་དགའ་བ་ཟད་པའོ། །གནམ་སྟོང་གི་མཐར་བཅུ་དྲུག་པ་ནི་ཟླ་བའི་ཆ་ཉམས་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཟད་པ་སྟེ། གསང་བ་དང་སྙིང་ག་དང་དཔྲལ་བ་དང་ཁུ་བ་ཉམས་

པས་ཆགས་བྲལ་དང་། གཙུག་ཏོར་དུ་ཟླ་བའི་ཆ་བྱང་ཆུབ་ཀྱི་སེམས་ཉམས་པ་ནི་ཆགས་བྲལ་ཆེན་པོའོ། །པདྨར་རྡོ་རྗེ་ལྷུང་བ་ལས་ལུས་ཀྱི་ཁམས་ཟད་པའོ། །དེ་ལྟར་འཁོར་བ་པ་རྣམས་ཀྱི་ཆགས་པ་དང་ཆགས་བྲལ་རབ་ཏུ་འཇུག་པ་དེས་ན་འཁོར་བའོ། །དེའི་ཕྱིར་ཕྱག་

Vol. 16 · folio 127b

རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་སྤངས་ཏེ། ཡིད་བྱང་ཆུབ་ཀྱི་སེམས་ནང་དུ་ཆུད་པས་འདོད་པའི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ་ཞེས་པ་སྟེ། དཔྲལ་བར་ཟླ་བ་ཞུ་བ་རྡོ་རྗེ་ནོར་བུར་བཟུང་བས་བྱ་རོག་གདོང་ཅན་ཨ་ཝ་དྷཱུ་ཏཱིར་ཡིད་ནང་དུ་

ཆུད་པས་འདོད་པའི་དངོས་གྲུབ་བསྒོམ་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པར། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །

སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །ཞེས་པ་དབང་བསྐུར་བའི་རྡོ་རྗེའི་ཚིག་བཤད་པར་བྱའོ། །འདིར་ཆགས་བྲལ་ནི་ནག་པོའི་ཕྱོགས་ཏེ་སྔར་བརྗོད་དོ། །དེའི་དང་པོ་ནི་གང་ཞིག་ཆགས་པ་ཆེན་པོ་སྟེ། དེ་ནི། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཞེས་པ་འབྲས་བུ་མང་པོས་ངེས་

པར་བསྟན་པའོ། །དེ་བཞིན་དུ་དེའི་ཆོས་མི་མཐུན་པས་ཆ་བཅོ་ལྔའི་བདག་ཉིད་ཅན་དཀར་པོའི་ཕྱོགས་ནི་ཆགས་པའོ། །དེའི་མཐར་ཆགས་པ་ཆེན་པོ་སྟེ་ཆ་བཅུ་དྲུག་པ་ཞེས་སོ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་པ་རྡོ་རྗེ་རྫོགས་སངས་རྒྱས་ནི་ལངས་པ་སྟེ་སྐྱིལ་ཀྲུང་

ནི་གདན་ནོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་གང་གི་རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་ནི་ནོར་བུའི་ནང་དུ་པདྨ་ཆུད་པ་ལ་གནས་པའི་དོན་ཏེ། བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པའི་ཕྱིར་རོ། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །ཞེས་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་

ལེ་བཞི་འཛིན་པའོ་ཞེས་པ་སྟེ་འདི་ནི་འཆད་པར་འགྱུར་བར་བརྗོད་པར་བྱའོ། །དེ་བཞིན་དུ་ཀྱེའི་རྡོ་རྗེར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཟླ་བར་གྱུར་པ་བྱང་ཆུབ་སེམས། །བཅོ་ལྔ་ཆ་ཡི་བདག་ཉིད་ཅན། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །

ཞེས་པའོ། །འདི་ཡང་དབང་བསྐུར་བའི་རྡོ་རྗེའི་ཚིག་སྟེ་བཤད་པར་བྱའོ། །འདིར་ཚེས་གཅིག་ལ་སོགས་པ་ཇི་སྲིད་དཀར་པོ་ལྔའི་བར་ཚེས་ལྔ་རྣམས་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ་ཕུང་པོ་ལྔ་རྣམ་པར་དག་པ་སྟེ་དང་པོའི་དགའ་བའི་འཁོར་ལོའོ། །དེ་བཞིན་དུ་དྲུག་པ་ལ་

Vol. 16 · folio 128a

སོགས་པ་ཇི་སྲིད་བཅུའི་བར་ཚེས་ལྔ་རྣམས་པུཀྐ་སཱི་ལ་སོགས་པའི་རྣལ་འབྱོར་མ་ཁམས་ལྔ་རྣམ་པར་དག་པ་སྟེ་གཉིས་པ་མཆོག་ཏུ་དགའ་བའི་འཁོར་ལོའོ། །དེ་བཞིན་དུ་བཅུ་གཅིག་པ་ལ་སོགས་པ་ཇི་སྲིད་ཉའི་བར་ཚེས་ལྔ་རྣམས་གཽ་རཱི་ལ་སོགས་པའི་རྣལ་

འབྱོར་མ་ཡུལ་ལྔ་རྣམ་པར་དག་པ་སྟེ། གསུམ་པ་དགའ་བྲལ་གྱི་དགའ་བའི་འཁོར་ལོའོ། །དེའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་ཀྱེའི་རྡོ་རྗེ་བཅོམ་ལྡན་འདས་སྟོང་པ་ལས་སྟོང་པ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་བཅུ་དྲུག་པའོ་ཞེས་པ་དབང་གི་དོན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་

ཀྱིས་གསུངས་པ། དང་པོ་དགའ་བར་རབ་ཏུ་བརྗོད། །མཆོག་ཏུ་དགའ་བ་གཉིས་པ་སྟེ། །དགའ་བྲལ་དགའ་བ་གསུམ་པའོ། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་པ་དེ་ལྟ་བུ་ལ་སོགས་པ་ནི་དབང་གི་དོན་ནོ། །འདིར་ལྷ་མོ་ལྔ་ལྔའི་འཁོར་ལོ་གསུམ་གྱི་མཐར་བཞི་

པ་ལྷན་ཅིག་སྐྱེས་པའི་དགའ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་བཅུ་དྲུག་པ་འཇིག་རྟེན་ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་བཞིན་དུ་སྒྱུ་འཕྲུལ་དྲ་བར་བཅོམ་ལྡན་འདས་ཀྱིས་གསུངས་པ། རྣམ་པ་ཐམས་ཅད་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཆ་མེད་

ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་པ་དབང་བསྐུར་བའི་རྡོ་རྗེའི་ཚིག་འདི་བཤད་པར་བྱ་སྟེ། རྣམ་པ་ཐམས་ཅད་རྣམ་པ་མེད། །ཅེས་པ་ནི་རྒྱུ་སྟེ་སྔར་བརྗོད་པའི་སངས་རྒྱས་ཀྱི་གཟུགས་བརྙན་ཞེས་པའོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །

ཞེས་པ་ནི་འབྲས་བུ་སྟེ་བྱང་ཆུབ་ཀྱི་སེམས་ཞུ་བའི་ཐིག་ལེ་བཞི་འཛིན་པའོ། །ཆ་མེད་པ་ནི་བཅོ་ལྔའི་མཐར་གནས་པའོ། །ཆ་ལས་འདས་པ་ནི་ནག་པོའི་ཚེས་གཅིག་ལ་མ་ཞུགས་པའོ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་

མཐའ་འཆང་བའི་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལྟར་ན་དབང་བསྐུར་བ་གསུམ་པ་དེ་ཉིད་བཞི་པར་མི་འགྱུར་རོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ། བཅོམ་ལྡན་འདས་ཀྱིས་དབང་བསྐུར་བ་གསུམ་པ་ལས་བཞི་པ་ཐ་དད་པར་གསུངས་པ། བུམ་པའི་དབང་ནི་

Vol. 16 · folio 128b

དང་པོ་སྟེ། །གཉིས་པ་གསང་བའི་དབང་དུ་འདོད། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །དེ་ནི་ཇི་ལྟར་དེ་བཞིན་མིན། །ཞེས་པ་དང་། དེ་བཞིན་དུ་སླར་ཡང་དེ་ཉིད་ཀྱི་ལེའུ་བཅོ་ལྔ་པར། ཆུ་ཡི་དབང་ནི་དང་པོ་སྟེ། །ཅོད་པན་དབང་བསྐུར་གཉིས་པའོ། །གསུམ་པ་དར་དཔྱངས་དབང་བསྐུར་ཏེ། །

རྡོ་རྗེ་དྲིལ་བུས་བཞི་པའོ། །ལྔ་པ་རང་གི་བདག་པོ་ཉིད། །མིང་གི་དབང་ནི་དྲུག་པ་སྟེ། །སངས་རྒྱས་རྗེས་གནང་བདུན་པར་འདོད། །བརྒྱད་པ་བུམ་པའི་དབང་ཡིན་ཏེ། །གསང་བའི་དབང་ནི་དགུ་པ་ཡིན། །ཤེས་རབ་དབང་བསྐུར་བཅུ་པའོ། །དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས། །རྡོ་རྗེ་བརྟུལ་

ཞུགས་ཀུན་སྦྱིན་ཞིང་། །རང་ཉིད་སྟོན་པ་ལུང་སྟོན་པ། །འདི་ནི་དབང་བསྐུར་ཆོ་ག་ཡིན། །སློབ་དཔོན་བརྙས་པར་མི་བྱ་ཞིང་། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །ཞེས་པ་དེ་ལྟར་དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས་ཞེས་པས་གཙོ་བོར་དབང་བཅུ་གཅིག་པ་བཅོམ་ལྡན་འདས་ཀྱིས་རབ་ཏུ་

གསལ་བའི་གསུང་ལས་མཁས་པ་རྣམས་ཀྱི་དབང་བཞི་པའམ་བཅུ་གཅིག་པ་ཐ་དད་པར་རྟོགས་པར་བྱའོ། །དེ་ལྟར་ཐར་པ་འདོད་པ་རྣམས་ཀྱིས་ཐམས་ཅད་དུ་བླ་མ་དམ་པའི་ཉེ་བར་བསྟན་པ་དང་མང་དུ་ཐོས་པ་དང་། །རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ་ཞེས་པ་སྟེ། ཕྱག་རྒྱ་ཆེན་

པོ་བསྒོམ་པའི་དབང་བསྐུར་བའི་ཆོ་གས་ཡིད་ནི་ནང་དུ་ཆུད་པས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ད་ནི་རང་རྫས་ཞེས་པ་ལ་སོགས་པས་བདེ་བ་ཆེན་པོའི་མཆོད་པ་བརྗོད་པར་བྱའོ། །འདིར་ཤེས་རབ་དང་ཐབས་ཀྱི་རྒྱུད་ལས་མཆོད་པ་རྣམ་པ་གཉིས་ཏེ།

ཕྱི་རོལ་གྱི་མཆོད་པ་དང་ནང་གི་མཆོད་པའོ། །དེ་ལ་ཕྱི་རོལ་གྱི་མཆོད་པ་ནི་ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་རྣམས་དང་། བདུད་རྩི་ལྔ་དང་སྒྲོན་མ་ལྔ་ལ་སོགས་པ་རྣམས་ཀྱིས་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཡང་དག་པར་ཚིམ་པར་བྱེད་པའོ། །ནང་གི་མཆོད་པ་

ནི་རང་རྫས་ཐིག་ལེས་མཆོད་པར་བྱ་སྟེ། གསང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་སོན་པའི་ཐིག་ལེ་བཞི་པོ་རྣམས་ཀྱིས་རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང་། །སྐྱེས་བུའི་བྱེད་པ་དང་དྲི་མ་མེད་པའི་རང་བཞིན་རྣམ་པ་སྣ་ཚོགས་པ་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེད་པ་དང་

Vol. 16 · folio 129a

མཚན་ཉིད་དང་བྲལ་བ་ལུགས་དང་མི་མཐུན་པའི་ཆོས་དེ་རྣམས་ཀྱིས་སོ། །སངས་རྒྱས་ཞེས་པ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཞེས་པ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་

དང་ཡིད་ཀྱི་དབང་པོའི་ཁམས་རྣམས་སོ། །ཀྱང་ཡིག་གིས་ས་ལ་སོགས་པའི་ཁམས་དང་གཟུགས་ལ་སོགས་པ་ཡུལ་གྱི་ཁམས་རྣམས་མཆོད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་མི་འཛག་པའི་ཐིག་ལེས་བདེ་བ་ཆེན་པོ་འགྱུར་བ་མེད་པ་རྣམས་ཀྱིས་ཡོངས་སུ་དག་པར་བྱའོ་ཞེས་པ་ངེས་

པའི་དོན་ཏོ། །ཕྱི་རོལ་དུ་སླར་ཡང་ཐིག་ལེ་འཛག་པས་ཉམས་སུ་མྱོང་བ་རྣམས་ཀྱིས་ཕྱི་རོལ་རྣམ་པར་དག་པའི་དོན་དུ་མཆོད་པར་བྱའོ། །ནང་དུ་ནི་ཕྱག་རྒྱ་ཆེན་པོ་རྣམ་པར་དག་པའི་ཕྱིར་རང་རྫས་ཐིག་ལེ་ནོར་བུའི་ནང་དུ་སོན་པ་རྣམས་ཀྱིས་མཆོད་པའོ་ཞེས་པ་ཐིག་ལེའི་མཆོད་པའི་ངེས་

པའོ། །དེ་ནི་མཐོང་བ་ཞེས་པ་ལ་སོགས་པ་སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་བརྗོད་པར་བྱའོ། །འདིར་མཐོང་བ་རྣམ་པ་གཉིས་ཏེ། ཕྱི་རོལ་དང་ནང་གི་བདག་ཉིད་དོ། །དེ་བཞིན་དུ་རེག་པ་ཡང་ངོ་། །འདིར་ཕྱི་རོལ་གྱི་མཐོང་བ་ནི་ལས་ཀྱི་ཕྱག་རྒྱ་དང་མཐོང་བ་དང་ཡེ་ཤེས་

ཀྱི་ཕྱག་རྒྱ་རབ་ཏུ་བརྟག་པར་བྱའོ། །རེག་པ་ནི་དེ་དག་གི་ཁ་དང་སྟན་དང་སྐྱེ་གནས་ལ་རེག་པ་སྟེ། མཐོང་བ་དང་རེག་པ་གཉིས་པོ་དེ་དག་ལས་ཞེས་སོ། །ནང་དུ་ནི་ཁམས་གསུམ་པ་མ་ལུས་པ་སངས་རྒྱས་ཀྱི་གཟུགས་བརྙན་དུ་མཐོང་བ་དང་། ཕྱག་རྒྱ་ཆེན་པོ་མཐོང་བ་དང་། དེ་དག་གི་

བདེ་བ་ཆེན་པོ་ལ་རེག་པ་དང་། མཐོང་བ་དང་རེག་པ་གཉིས་པོ་དེ་དག་ལས་ཞེས་པའོ། །དེ་བཞིན་དུ། ཐོས་པ་དང་ནི་དྲན་པས་ཀྱང་། །ཞེས་པ་འདིར་དམ་པའི་ཆོས་ཐོས་པ་དང་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་དྲན་པས་ཞེས་པ་སྟེ།

ཐོས་པ་དང་དྲན་པ་དེ་དག་གིས་ཀྱང་། སྡིག་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་པ་ལུས་དང་ངག་དང་སེམས་ཀྱིས་བྱས་པའི་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པ་དེ་རྣམས་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །སྡིག་པ་རྣམས་མི་བྱེད་པའི་སྡོམ་པ་ལ་གནས་ཏེ། རྗེས་

Vol. 16 · folio 129b

སུ་གནང་བའི་དུས་ལས་སྡིག་པ་རྣམས་མི་བྱེད་པའི་སྡོམ་པ་ལ་གནས་པ་སྟེ། སླར་རྗེས་སུ་གནང་བ་མ་ཡིན་པ་འགའ་ཞིག་ཆགས་པ་ལ་སོགས་པ་བྱས་པ་རྣམས་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟར་ཐེ་ཚོམ་མེད་པ་ཉིད། ཅེས་པ་དེ་ལྟར་གསུངས་པའི་རིམ་པས་རྣམ་འབྱོར་པ་རྩ་བའི་

ལྟུང་བ་བཅུ་བཞི་སྤངས་པ་བྷ་ག་ལིངྒ་མཉམ་པར་སྦྱོར་བས་བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པའི་བདེ་བ་ཆེན་པོ་བསྒོམས་པས་བསོད་ནམས་བསྐྱེད་པའི་ཕྱིར་སྡིག་པ་ལས་གྲོལ་བའི་ཆོ་གའོ། །ད་ནི་རྣམ་འབྱོར་པ་ཉིད་ཅེས་པ་ལ་སོགས་པས་གང་གིས་སངས་རྒྱས་ཉིད་འགྲུབ་པའི་ཐབས་དེ་

བརྗོད་པར་བྱའོ། །འདིར་རྣལ་འབྱོར་པ་ཉིད་ནི་རྣམ་པ་གཉིས་ཏེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ནི་སངས་རྒྱས་ཉིད་དོ། །དེའི་ཁྱད་པར་ནི་བསོད་ནམས་མཆོག་སྟེ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་

རོ། །དེ་བཞིན་དུ། དག་བྱེད་སྡིག་པ་འཇིག་བྱེད་པ། །ཞེས་པ་དེ་ཉིད་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་སངས་རྒྱས་ཉིད་དུ། སྔགས་བཟླས་པ་དང་བསམ་གཏན་དང་། བདེ་བ་ཡིས་ཀྱང་འགྲུབ་པར་འགྱུར། །ཞེས་པ་འདིར་ཐབས་འདིས་རྣལ་འབྱོར་པ་

རྣམས་གསུངས་པའི་རྣལ་འབྱོར་པ་ཉིད་དུ་འགྲུབ་སྟེ། འགྲུབ་པར་འགྱུར་ཞེས་པའི་ལུང་གིས་བརྗོད་པའོ། །འདིའི་ཐབས་ནི་ཡན་ལག་དྲུག་གི་རྣལ་འབྱོར་ཏེ་འདིར་བར་དུ་ཡན་ལག་རེ་རེ་དོར་བའི་བར་ནི་རིམ་པས་གསུངས་སོ། །ཡན་ལག་སྔ་མ་ལམ་བརྗོད་པ་དེ་ཉིད་ནི་ཡན་ལག་ཕྱི་མ་ལ་བརྗོད་

པའི་ཤུགས་ཉིད་ལས་རྟོགས་པར་བྱ་སྟེ། ཇི་ལྟར་འདིར་ནི་ཉིན་མོར་བྱེད་པ་ཞེས་བརྗོད་པ་ན་གཞན་མཚན་མོར་བྱེད་པ་ཞེས་མ་བརྗོད་ཀྱང་ཤུགས་ཉིད་ལས་ཉེ་བར་དམིགས་པར་འགྱུར་རོ། །དེ་བཞིན་དུ་ཕན་ཚུན་ལྟོས་པའི་ཆོས་ནི་མ་བརྗོད་ཀྱང་བརྗོད་པའི་ཤུགས་ཉིད་ལས་ཉེ་བར་དམིགས་

པར་འགྱུར་རོ། །དེའི་ཕྱིར་རྒྱུད་འདིར་ཡན་ལག་རེ་རེ་ཁོངས་སུ་གཏོགས་པའི་ཡན་ལག་གཞན་གསུམ་བསྟན་པས་བར་གྱི་ཡན་ལག་བརྗོད་པ་ནི་སྔོན་ལ་རིག་པར་བྱ་སྟེ་འདིར་བླ་མའི་མན་ངག་ལས་ཤེས་པའོ། །གཞན་དུ་གལ་ཏེ་རྒྱུད་ལས་གསུངས་པ་བཀླགས་པའི་རིམ་པ་གཟུང་བར་བྱ་

Vol. 16 · folio 130a

བ་དེའི་ཚེ། བླ་མའི་མན་ངག་ཅེས་བྱ་བ་དེ་ཅི་ཞིག །དེའི་ཕྱིར་དགོངས་པའི་སྐད་གཞན་ལ་སོགས་པ་ཐམས་ཅད་བླ་མའི་མན་ངག་གིས་རིག་པར་བྱའོ། །ཡང་ན་བྱང་ཆུབ་སེམས་དཔས་མཛད་པའི་འགྲེལ་བཤད་ཀྱིས་རྟོགས་པར་བྱའི། གཞན་མཁས་པའི་མངོན་

པའི་ང་རྒྱལ་དང་ལྡན་པ་རྣམས་ཀྱིས་བྱས་པ་ནི་མ་ཡིན་ནོ། །དེས་ན་འདིར་བསམ་གཏན་ཞེས་པ་ལ་སོགས་པས་ཡན་ལག་གཞན་གསུམ་རྟོགས་པར་བྱ་སྟེ། རྒྱུད་གཞན་དུ་གསུངས་པའི་ཡན་ལག་དྲུག་པོ་རྣམས་འདིར་མདོར་བྱ་སྟེ་ཡན་ལག་གསུམ་པོ་རྣམས་ཀྱིས་རྟོགས་པར་བྱའོ། །

འདིར་འདུས་པ་ཕྱི་མར་བཅོམ་ལྡན་འདས་ཀྱིས་གསུངས་པ། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་པའོ། །དེའི་ཕྱིར་བསམ་གཏན་གྱི་སྔོན་དུ་སོ་སོར་སྡུད་པ་རིག་པར་

བྱའོ། །སྔགས་བཟླས་པའི་སྔོན་དུ་སྲོག་རྩོལ་རིག་པར་བྱའོ། །འདིར་སྔགས་བཟླས་པའི་སྒྲས་མ་ནིང་གི་བཟླས་པའམ་རྡོ་རྗེའི་བཟླས་པ་སྟེ་སྲོག་འཛིན་པར་བརྗོད་དོ། །བདེ་བའི་སྔོན་དུ་རྗེས་སུ་དྲན་པར་རིག་པར་བྱ་སྟེ་འདིར་བདེ་བའི་སྒྲས་ཏིང་ངེ་འཛིན་བརྗོད་དོ། །དེ་ལྟར་ཡན་

ལག་དྲུག་པོ་འདི་རྣམས་ཀྱིས་རྣལ་འབྱོར་པས་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ། །ཐུན་མོང་གིས་ཕྱི་རོལ་གྱི་རྣལ་འབྱོར་པས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ལས་དང་པོ་པ་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱི་འཇིག་རྟེན་པའི་དངོས་གྲུབ་ནི་འབྲས་བུ་སྟེ།

སྔགས་བཟླས་པ་དང་བསམ་གཏན་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པའི་བསྒོམ་པའི་སེམས་དང་བདེ་བ་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་འཛག་པ་དང་གཡོ་བའི་བདེ་བ་འཇིག་རྟེན་པའི་བདེན་པས་འོག་མིན་གྱི་གནས་ཀྱི་མཐར་ཐུག་པའོ། །དེ་ལྟར་གཉིས་

ཀའི་རིམ་པས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཉིད་འགྲུབ་པར་འགྱུར་རོ། །འདིར་འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཉིད་ཡན་ལག་དྲུག་གི་སྦྱོར་བས་འགྲུབ་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་

Vol. 16 · folio 130b

གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་མི་འཇུག་པར་ནང་གི་ཡུལ་རྣམས་དང་ལྷའི་མིག་གི་དབང་པོ་ལ་སོགས་པ་རྣམས་ཀྱིས་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་འཇུག་པ་

སྟེ། ནང་དུ་སྟོང་པ་ཉིད་ལ་དམིགས་པས་སྟོང་པ་ལ་མ་བརྟགས་པའི་དངོས་པོ་ཐམས་ཅད་མཐོང་བ་ནི། པྲ་ཕབ་པའི་མེ་ལོང་ལོ་གཞོན་ནུ་མས་མཐོང་བ་ལྟར་ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བ་ལས་སོ་སོར་སྡུད་པའི་ཡན་ལག་ཏུ་བརྗོད་དོ། །དེ་ནས་བསམ་གཏན་ཞེས་

བྱ་བ་ནི། ཡོད་པའི་དངོས་པོ་ཐམས་ཅད་སྟོང་པར་མཐོང་བ་རྣམས་ལ་ཤེས་རབ་ཅེས་བྱ་བ་ནི་དངོས་པོ་དེ་རྣམས་ལ་སེམས་འཇུག་པའོ། །རྟོག་པ་ཞེས་བྱ་བ་ནི་སེམས་ཀྱི་དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་བྱ་བ་ནི་འཛིན་པའི་དངོས་པོ་རྟོགས་པའོ། །དགའ་བ་ཞེས་བྱ་བ་ནི་དངོས་པོ་

ཐམས་ཅད་ལ་སེམས་གནས་པའོ། །བདེ་བ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལས་གཡོ་བ་མེད་པའི་བདེ་བ་ཕུན་སུམ་ཚོགས་པའོ་ཞེས་པ་དེ་ལྟར་བསམ་གཏན་གྱི་ཡན་ལག་ལྔ་བརྗོད་དོ། །དེ་ནས་སྲོག་རྩོལ་ཞེས་བྱ་བ་ནི་ལ་ལ་ནཱ་དང་ར་ས་ནཱ་གཡོན་པ་དང་། གཡས་པའི་ལམ་འགགས་

པ་ལས་དབུ་མ་ཨ་ཝ་དྷཱུ་ཏཱིའི་ལམ་དུ་སྲོག་གི་རླུང་རྟག་ཏུ་འཇུག་པ་དགང་བ་དང་བུམ་པ་ཅན་དང་དབྱུང་བའི་སྦྱོར་བས་ཨ་ཝ་དྷཱུ་ཏཱིར་ཨོཾ་ཡིག་གིས་འབྱུང་བ་དང་ཧཱུཾ་ཡིག་གིས་འགོག་པ་དང་ཨཱཿཡིག་གིས་འཇུག་པ་ཟླ་བ་དང་སྒྲ་གཅན་དང་ཉི་མའི་རང་བཞིན་གྱིས་རྣལ་འབྱོར་པས་གོམས་པར་

བྱའོ་ཞེས་པ་སྲོག་རྩོལ་གྱི་ཡན་ལག་བརྗོད་དོ། །དེ་ནས་འཛིན་པ་ཞེས་བྱ་བ་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་དབང་ཆེན་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་ལ་སྲོག་ཞུགས་པའི་ཕྱི་རོལ་དུ་འགྲོ་བ་མེད་པར་ཐིག་ལེ་ལ་སྲོག་གནས་པ་ཞེས་པ་འཛིན་པའི་ཡན་ལག་བརྗོད་

དོ། །དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་མཐོང་བ་གཟུགས་ཀྱི་རྣམ་པ་རྣམ་པར་རྟོག་པ་དང་བྲལ་བའོ། །དེ་ལས་འོད་ཟེར་དུ་མ་འཕྲོས་པའི་རང་བཞིན་འོད་ཀྱི་དཀྱིལ་འཁོར་ཏེ། དེ་ལས་རྣམ་པ་དུ་མ་འཕྲོ་བའི་རང་བཞིན་ཁམས་གསུམ་པར་སྤྲོ་བ་ཞེས་པ་རྗེས་སུ་དྲན་པའི་

Vol. 16 · folio 131a

ཡན་ལག་ཏུ་བརྗོད་དོ། །དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་གང་ཞིག་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ། །དེ་ལ་གཅིག་ཏུ་གྱུར་པའི་སེམས་གཟུང་བ་དང་འཛིན་པ་དང་བྲལ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཏིང་ངེ་

འཛིན་གྱི་ཡན་ལག་ཏུ་བརྗོད་དོ། །འདིར་ཡན་ལག་དྲུག་གི་རྣལ་འབྱོར་མདོར་བསྡུས་པས་གསུངས་པ་སྟེ། རྒྱས་པར་མངོན་པར་བརྗོད་པ་འབུམ་པའམ། མཆོག་གི་དང་པོའི་སངས་རྒྱས་སུ་བླ་མ་དམ་པའི་མན་ངག་ཉེ་བར་བསྟན་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར་རྣལ་འབྱོར་པས་

རྟོགས་པར་བྱའོ། །འདིར་ཡན་ལག་དྲུག་གི་དང་པོའི་ལམ་བསྒོམ་པའི་ཡན་ལག་གདམས་ངག་རྒྱུད་གཞན་རྣམས་སུ་ཡང་གསུངས་ཏེ། འདིར་དཔལ་འདུས་པ་ཕྱི་མར་བསྙེན་པ་དང་ཉེ་བའི་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་ཞེས་པའོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་

པ། བསྙེན་པའི་དུས་ན་གཙུག་ཏོར་ཆེའི། །གཟུགས་བརྙན་འབད་པས་རྣམ་བསྒོམ་བྱ། །ཉེ་བར་བསྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་པའི་གཟུགས་བརྙན་ནོ། །རྣལ་འབྱོར་བརྩོན་པས་བསྒྲུབ་པ་ལ། །ལྷ་ཡི་གཟུགས་བརྙན་བསྒོམ་བྱ་སྟེ། །སྒྲུབ་པ་ཆེན་པོའི་

དུས་སུ་ནི། །སངས་རྒྱས་མངའ་བདག་གཟུགས་བརྙན་ནོ། །ཞེས་པའོ། །འདིར་དགོངས་པའི་སྐད་གཞན་གྱིས་གཙུག་ཏོར་ཆེན་པོའི་གཟུགས་བརྙན་ཁམས་གསུམ་པ་མ་ལུས་པའི་སངས་རྒྱས་ཀྱི་གཟུགས་ཏེ་ནམ་མཁའི་ཆོས་འབྱུང་ལ་ཐུགས་རྡོ་རྗེ་རབ་ཏུ་བཞག་

ནས་བསྙེན་པའི་དུས་ན་ཞེས་པ་དུས་དང་པོར་སོ་སོར་སྡུད་པས་བསྒོམ་པར་བྱ་ཞིང་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །འདིར་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་

ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་པའོ། །འདིར་རྟགས་ནི་དུ་བ་ལ་སོགས་པའི་མཚན་མ་སྟེ་གཞན་སྔགས་ལ་སོགས་པ་ཉི་མ་གཅིག་གིས་འགྲུབ་པར་མི་འགྱུར་བས། གང་གིས་སྔགས་པས་རྟགས་འབྱུང་བར་འགྱུར། དེའི་ཕྱིར་ཡོད་པ་དང་མེད་པའི་བློ་ཡོངས་སུ་

Vol. 16 · folio 131b

སྤངས་ཏེ་ཞེན་པ་མེད་པར་བྱས་ནས་ཟབ་མོ་སྟོང་པ་དམིགས་པ་མེད་པ་བསྒོམ་པ་སྟེ། རྣལ་འབྱོར་པས་དུ་བ་ལ་སོགས་པའི་རྟགས་འབྱུང་བ་མཐོང་བར་འགྱུར་རོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ། བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་

བསྒྲུབ་པར་བྱ། །ཞེས་པ་བྱེད་པ་མིག་ལ་སོགས་པ་རྣམས་ཀྱིས་ས་གསུམ་དུ་སངས་རྒྱས་ཀྱི་གཟུགས་བརྙན་བསྒྲུབ་པར་བྱ་སྟེ། དེའི་ཉེ་བར་བསྟན་པ་ནི་བླ་མའི་ཞལ་ལས་རྟོགས་པར་བྱའོ། །འདིར་བླ་མའི་ཉེ་བར་བསྟན་པས་ནམ་མཁའ་ལ་རྣལ་འབྱོར་པས་དང་པོ་དུ་བ་མཐོང་སྟེ་

སྨིག་རྒྱུ་ནི་མ་ཡིན་ནོ་ཞེས་རང་གིས་ཉམས་སུ་མྱོང་བས་ཤེས་པར་བྱའོ། །དེའི་ཕྱིར་ན་སྨིག་རྒྱུ་སྟེ་དུ་བ་ལ་སོགས་པ་དེ་ཉིད་རྟོག་པ་དང་བྲལ་བ་པྲ་ཕབ་པ་ལྟ་བུའོ། །དེ་ལྟར་དུ་བ་ནི་མཚན་མ་དང་པོའོ། །སྨིག་རྒྱུ་ནི་མཚན་མ་གཉིས་པའོ། །མཁའ་སྣང་ནི་མཚན་མ་གསུམ་

པའོ། །སྒྲོན་མ་ནི་མཚན་མ་བཞི་པའོ། །སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ནི་མཚན་མ་ལྔ་པའོ་ཞེས་པ་འདུས་པ་ཕྱི་མ་དང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལས་གཞན་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ།

ཕྱི་ནས་སྒྱུ་མའི་རྣམ་པ་སྟེ། །རྨི་ལམ་རྣམ་པ་སྐད་ཅིག་ལས། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་གྱུར་པའོ། །ཞེས་པ་ལ་སོགས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་ལས། དང་པོར་དུ་བ་ལ་སོགས་པའི་མཚན་མ་ནི་བསྒོམ་པའི་དུས་ན་རྟགས་སུ་འགྱུར་

རོ། །ཁ་ཅིག་གྲུབ་པའི་དུས་ན་ཞེས་སྨྲ་བ་དེ་རྣམས་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱི་དམ་བཅའ་བ་ཉམས་པར་བྱེད་པ་སྟེ། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་པའི་བཅོམ་ལྡན་འདས་ཀྱི་བཀའ་སུན་འབྱིན་པའོ། །གྲུབ་པའི་དུས་ན་གང་ཞིག་

འཇིག་རྟེན་པའི་དུ་བ་ལ་སོགས་པ་དང་སྒྱུ་མ་དང་རྨི་ལམ་ལྟ་བུ་དེ་ནི་མཚན་མར་མི་འགྱུར་ཏེ། དངོས་སུ་འབར་བ་དང་དུ་བ་ལ་སོགས་པས་བསྲེག་པའི་བྱ་བ་ནུས་པའི་ཕྱིར་རོ། །དེ་བཞིན་དུ་གུར་གུམ་དང་མེ་ཏོག་དང་རིན་པོ་ཆེ་དང་གསེར་གྱི་ཆར་ཡང་ངོ་། །དེའི་ཡན་ལག་དྲུག་གི་རྣལ་འབྱོར་ལས་དུ་བ་ལ་སོགས་

Vol. 16 · folio 132a

པའི་མཚན་མར་འགྱུར་རོ་ཞེས་པའོ། །དེ་བཞིན་དུ་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡན་ལག་དྲུག་བསྒོམ་དེ་ལས་ནི། །སླར་ཡང་རང་བྱིན་བརླབ་པ་སྟེ། །རྗེས་མཐུན་ཆོ་གའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །ཞེས་པ་སྟེ།

འདིར་རང་བྱིན་བརླབ་པ་ཞེས་བྱ་བ་ནི་སོ་སོར་སྡུད་པས་ཀུན་རྫོབ་པའི་སྟོང་པ་ཉིད་མཐོང་བའོ། །མཚན་མ་ཞེས་བྱ་བ་ནི་སྤྲིན་དང་དུ་བ་ལ་སོགས་པ་ལྟར་སྣང་བ་སྟེ་དེ་ཡང་སྒྲོན་མའི་མཐར་ཐུག་པ་དང་པོ་མཐོང་བའོ། །དེ་ནས་སྤྲིན་མེད་པའི་ནམ་མཁའ་དྲི་མ་དང་བྲལ་བའོ། །རྒྱུད་རྣམས་སུ་གཞན་

འབར་བ་ལ་སོགས་པའི་ཐིག་ལེའི་མཐར་ཐུག་པ་མཚན་མ་རྣམ་པ་དྲུག་སྟེ། བཅོམ་ལྡན་འདས་ཀྱིས་སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་དྲ་བའི་ལེའུར་གསུངས་པ་འདི་ལྟ་སྟེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་

བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་པོ་སྔགས་དབང་པོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་སྒྱུ་འཕྲུལ་དྲ་བར་མཚན་མ་གཞན་བཅོམ་ལྡན་འདས་ཀྱིས་དགོངས་པའི་སྐད་གཞན་

གྱིས་གསུངས་ཏེ། སྔར་བརྗོད་པའི་སྤྲིན་མེད་པའི་ནམ་མཁའ་ལས་བྱུང་བའི་སྣང་བ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་སེམས་ལས་ནམ་མཁའ་ལས་བྱུང་རང་བྱུང་བའོ། །འདིར། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པ་འབར་བ་ལྟར་སྣང་བའོ། །འོད་ཆེན་རྣམ་པར་

སྣང་བར་བྱེད། །ཅེས་པ་ཟླ་བ་ལྟར་སྣང་བའོ། །དེ་ཉིད། ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་པའོ། །འགྲོ་བའི་མར་མེ་ཞེས་པ་ཉི་མ་ལྟར་སྣང་བའོ། །ཡེ་ཤེས་སྒྲོན་ཞེས་པ་སྒྲ་གཅན་ལྟར་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པ་གློག་ལྟར་སྣང་བའོ། །རིག་པའི་རྒྱལ་མཆོག་སྔགས་

དབང་པོ། །ཞེས་པ་ཐིག་ལེ་ལྟར་སྣང་བ་སྟེ་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་ཁམས་གསུམ་པའི་རང་བཞིན་གྱི་སྣང་བ་རྣམ་པ་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་པྲ་ཕབ་པ་ལྟ་བུར་སོ་སོར་སྡུད་པས་མིག་གི་དབང་པོའི་བྱེད་པས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words