བྱ་བ་བསྡུས་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཀྲི་ཡ་སཾ་གྲ་ཧ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 62 · folio 306a

པས་བླ་མ་སློབ་མ་འཆི། །གཡས་སྐོར་མིན་པས་བཏབ་གྱུར་ན། །རྡུལ་ཚོན་རྣམས་ནི་ཕུར་བུར་འགྱུར། །ཕན་ཚུན་དུ་ནི་རྣམ་འདྲེས་པས། །རིགས་ནི་རྣམ་པར་འཆད་པར་འགྱུར། །ཞེས་བྱ་བ་ལ་སོགས་པའི་སྐྱོན་རྣམས་དང་བྲལ་བས་རྡོ་རྗེའི་རེ་ཁཱ་དགེ་བ་རྣམས་བྱའོ། །ནག་པོ་དང་

སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོ་ཞེས་པ་རྣམས་ཕྱི་ནས་རིམ་བཞིན་དུ་སྟེ། རྣམ་པར་སྣང་མཛད་ཀྱི་གཙོ་བོ་ལའོ། །གང་གི་ཚེ་མི་བསྐྱོད་པས་གཙོ་བོ་བྱེད་པ་དེའི་ཚེ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་གཙོ་བོ་ལ་དཀར་པོ་དང་

ནག་པོ་དང་དམར་པོ་དང་ལྗང་གུ་དང་སེར་པོ་རྣམས་སོ། །འོད་དཔག་མེད་ཀྱི་གཙོ་བོ་ལ་དཀར་པོ་དང་སེར་པོ་དང་ནག་པོ་དང་ལྗང་གུ་དང་དམར་པོ་རྣམས་སོ། །དོན་ཡོད་གྲུབ་པའི་གཙོ་བོ་ལ་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་དང་ལྗང་གུ་རྣམས་སོ། །དེ་བཞིན་དུ་ཡང་རྒྱུན་དུ། ནག་པོ་རྡོ་

རྗེའི་རང་བཞིན་རྩེ། །གསེར་གྱི་མདོག་ཏུ་འབབ་པ་གཞན། །པདྨ་རཱ་གའི་རང་བཞིན་རྩེ། །དེ་བཞིན་དམར་པོ་མིན་པ་གཞན། །དཀར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །འདིར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཤར་དུ་ནག་པོ་ཆེན་པོ་སྟེ། །ལྷོ་རུ་སེར་པོ་ཡང་དག་ལྡན། དམར་

པོ་ནུབ་ཀྱི་ཆ་ལ་སྟེ། །བཙོད་ཁ་བྱང་དུ་ཡང་དག་ལྡན། །དབུས་ཀྱི་ས་གཞིའི་ཆ་ལ་ནི། །ཤེལ་གྱི་མདོག་ནི་བླ་ན་མེད། །རྟག་ཏུ་རྡོ་རྗེ་དྲིལ་འཛིན་པས། །མཉམ་གཞག་ནས་ནི་ཡང་དག་བྲི། །རྡོ་རྗེ་ཀ་བའི་སྟེང་གནས་པའི། །དཀྱིལ་འཁོར་ལྔ་ཡིས་བརྒྱན་པའོ། །ཞེས་གསུངས་སོ། །རྡུལ་ཚོན་འགོངས་

པ་དང་ཐིག་འགོངས་པའི་ཉེས་པ་ཡོངས་སུ་གཞོམ་པའི་ཕྱིར་སྔགས་བརྗོད་པར་བྱའོ། །ཨོཾ་བཛྲ་བེེ་གཱ་ཀྲ་མ་ཧཱུཾ། དེ་བཞིན་དུ་ཡང་གསུངས་ཏེ། ཡིད་ཀྱིས་རེ་ཁཱ་ཡོངས་སུ་གདབ། །དེ་ནས་རྡོ་རྗེའི་ཐིག་སྐུད་ལའང་། འབྱུང་བ་དང་ནི་འཇུག་པ་ཡི། །དམ་ཚིག་ཉམས་པ་མེད་པས་སོ། །ཞེས་སོ། །

ལྷ་ལྔ་བཅུ་རྩ་གསུམ་གྱི་གདན་སྣ་ཚོགས་པདྨ་ལྔ་བཅུ་རྩ་གསུམ་གདབ་པར་བྱའོ། །དེ་རྣམས་ཀྱི་ཟེའུ་འབྲུ་རྣམས་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཚན་མ་དགོད་པར་བྱའོ། །དེ་ལ་རྣམ་པར་སྣང་མཛད་ཆེན་པོའི་རྡོ་རྗེ་དཀར་པོ་རྩེ་ལྔ་པའོ། །དེའི་མདུན་དུ་སེམས་མ་རྡོ་རྗེ་མའི་རྡོ་རྗེ་དམར་པོ་རྩེ་

Vol. 62 · folio 306b

ལྔ་པའོ། །བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ལོགས་སུ་རིན་ཆེན་རྡོ་རྗེ་མའི་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ། །བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་ཆོས་ཀྱི་རྡོ་རྗེ་མའི་པདྨ་འདབ་མ་བཅུ་དྲུག་པ་དཀར་དམར་ཏེ། འདབ་མ་བརྒྱད་རྣམས་འོག་ཏུ་རྣམ་པར་རྒྱས་ཤིང་སྟེང་

དུ་ཡང་ནང་ནས་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཁ་འབུས་པ་རྣམས་ནི་འདབ་མ་བརྒྱད་པ་ཉིད་དོ། །བཅོམ་ལྡན་འདས་ཀྱི་གཡོན་དུ་ལས་ཀྱི་རྡོ་རྗེ་མའི་རྩེ་མོ་བཅུ་གཉིས་པ་ཁ་དོག་ལྔ་པའི་སྣ་ཚོགས་རྡོ་རྗེའིའོ། །དབུས་ཀྱི་ཁ་དོག་དཀར་པོའོ། །མདུན་གྱི་ནག་པོའོ། །གཡས་ཀྱི་སེར་པོའོ། །རྒྱབ་ཀྱི་

དམར་པོའོ། །གཡོན་གྱི་མར་ཀ་ཏའི་ཁ་དོག་ལྟ་བུའོ། །ཞེས་སོ། །ཤར་གྱི་དཀྱིལ་འཁོར་ལ་མི་བསྐྱོད་པའི་རྡོ་རྗེ་ནག་པོ་རྩེ་ལྔ་པའོ། །རྡོ་རྗེ་སེམས་དཔའི་རྡོ་རྗེ་དཀར་པོའོ། །རྡོ་རྗེ་རྒྱལ་པོའི་རྡོ་རྗེས་མཚན་པའི་ལྕགས་ཀྱུའོ། །རྡོ་རྗེ་ཆགས་པའི་མདའ་འགེངས་པའོ། །རྡོ་རྗེ་ལེགས་པའི་རྡོ་རྗེ་དང་

བཅས་པའི་ལག་པ་གཉིས་ཀྱིས་ལེགས་པར་བྱེད་པ་རབ་ཏུ་སྦྱིན་པའོ། །ལྷོའི་དཀྱིལ་འཁོར་ལ་རིན་ཆེན་འབྱུང་ལྡན་གྱི་རྡོ་རྗེས་མཚན་པའི་རིན་པོ་ཆེའོ། །རྡོ་རྗེ་རིན་ཆེན་གྱི་རྡོ་རྗེས་མཚན་པའི་རིན་པོ་ཆེའི་ཕྲེང་བའོ། །རྡོ་རྗེ་གཟི་བརྗིད་ཀྱི་ཉི་མའོ། །རྡོ་རྗེ་ཏོག་གི་ཡིད་བཞིན་གྱི་ནོར་བུའི་རྒྱལ་

མཚན་ནོ། །རྡོ་རྗེ་བཞད་པའི་རྡོ་རྗེས་མཚན་པའི་སོའི་ཕྲེང་བའོ། །ནུབ་ཀྱི་དཀྱིལ་འཁོར་ལ་འོད་དཔག་མེད་ཀྱི་རྡོ་རྗེས་མཚན་པའི་པདྨའོ། །རྡོ་རྗེ་ཆོས་ཀྱི་གདོང་དང་བཅས་པའི་པདྨའོ། །རྡོ་རྗེ་རྣོན་པོའི་རལ་གྲི་དང་པུསྟིའོ། །རྡོ་རྗེ་རྒྱུའི་འཁོར་ལོ་སེར་པོ་རྩིབས་བརྒྱད་པའོ། །རྡོ་རྗེ་སྨྲ་

བའི་ཆོས་ཀྱི་དུང་ངོ་། །བྱང་གི་དཀྱིལ་འཁོར་ལ་དོན་ཡོད་གྲུབ་པའི་སྣ་ཚོགས་རྡོ་རྗེའོ། །རྡོ་རྗེ་ལས་ཀྱི་དེ་ཉིད་དང་བཅས་པའོ། །རྡོ་རྗེ་བསྲུང་བའི་རྡོ་རྗེ་ལས་བྱས་པའི་གོ་ཆའོ། །རྡོ་རྗེ་གནོད་སྦྱིན་གྱི་རྡོ་རྗེས་མཚན་པའི་མཆེ་བ་བཟུང་ངོ་། །རྡོ་རྗེ་འཆིང་བའི་རྡོ་རྗེ་ཁུ་ཚུར་དག་གིས་བཟུང་

བའི་རྡོ་རྗེ་རྩེ་ལྔ་པ་སེར་པོའོ། །མེ་ལ་སོགས་པའི་མཚམས་རྣམས་ལ་རྡོ་རྗེ་སྒེག་མོའི་རྡོ་རྗེ་གཉིས་སོ། །རྡོ་རྗེ་ཕྲེང་བ་མའི་རིན་པོ་ཆེའི་ཕྲེང་བའོ། །རྡོ་རྗེ་གླུ་མའི་པི་ཝང་ངོ་། །རྡོ་རྗེ་གར་མའི་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ལག་པ་གཉིས་སོ་ཞེས་པ་ནི་ནང་གི་དཀྱིལ་འཁོར་ལའོ། །ཕྱིའི་

Vol. 62 · folio 307a

དཀྱིལ་འཁོར་གྱི་མཚམས་རྣམས་ལ་མེ་ལ་སོགས་པ་རྣམས་སོ། །རྡོ་རྗེ་བདུག་སྤོས་མའི་སྤོས་ཕོར་རོ། །རྡོ་རྗེ་མེ་ཏོག་མའི་མེ་ཏོག་གི་ཟ་མ་ཏོག་གོ། རྡོ་རྗེ་སྣང་གསལ་མའི་མར་མེའི་སྡོང་པོའོ། །རྡོ་རྗེ་དྲི་ཆབ་མའི་དྲིའི་དུང་སེར་པོའོ། །ཤར་ལ་སོགས་པའི་སྒོའི་ལོགས་གཉིས་སུ་

བྱམས་པའི་ཡལ་ག་དང་བཅས་པའི་ཀླུ་ཤིང་གི་མེ་ཏོག་གོ། །མཐོང་བ་དོན་ཡོད་ཀྱི་སྤྱན་དང་བཅས་པའི་ཆུ་སྐྱེས་སོ། །ངན་སོང་ཀུན་འཇོམས་ཀྱི་ལྕགས་ཀྱུའོ། །མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་ཀྱི་དབྱུག་པའོ། །སྤོས་ཀྱི་གླང་པོའི་དུང་ངོ་། །དཔའ་བར་འགྲོ་བའི་རལ་གྲིའོ། །

ནམ་མཁའ་མཛོད་ཀྱི་པདྨ་ལ་གནས་པའི་དམ་པའི་ཆོས་ཀྱི་སྒྲོན་མའོ། །ཡེ་ཤེས་ཏོག་གི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ནོ། །བདུད་རྩི་འོད་ཀྱི་བུམ་པའོ། །ཟླ་འོད་ཀྱི་དྲ་བའོ། །བཟང་སྐྱོང་གི་འབར་བ་དང་བཅས་པའི་རིན་པོ་ཆེའོ། །དྲ་བ་ཅན་གྱི་འོད་ཟེར་རྡོ་རྗེའི་གུར་རོ། །རྡོ་རྗེའི་སྙིང་པོའི་རྡོ་རྗེ་

མཐིང་ག་དང་བཅས་པའི་ཨུཏྤ་ལའོ། །བློ་གྲོས་མི་ཟད་པའི་བུམ་པ་བཟང་པོའོ། །སྤོབས་པ་བརྩེགས་པའི་པདྨ་ལ་གནས་པའི་རིན་པོ་ཆེ་བརྩེགས་པའོ། །ཀུན་དུ་བཟང་པོའི་རིན་པོ་ཆེའི་སྙེ་མའོ། །ཤར་ལ་སོགས་པའི་སྒོ་བཞིའི་དབུས་སུ་ཤར་དུ་རྡོ་རྗེ་ལྕགས་ཀྱུའི་ལྕགས་ཀྱུའོ། །

རྡོ་རྗེ་ཞགས་པའི་ཞགས་པའོ། །རྡོ་རྗེ་རྒྱས་པའི་ལྕགས་སྒྲོག་གོ། །རྡོ་རྗེ་འབེབས་པའི་རྡོ་རྗེས་མཚན་པའི་དྲིལ་བུའོ་ཞེས་པ་ནི་ལྷ་རྣམས་ཀྱི་མཚན་མ་དགོད་པའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་བའི་རྣམ་ལྔ་དང་། རྡོ་རྗེ་གནོད་སྦྱིན་

ཡོངས་སུ་བཟླས་པའི་བདུད་རྩི་ལྔ་དང་། རྡོ་རྗེ་བསྲུང་བ་ཡོངས་སུ་བཟླས་པའི་དྲི་བཟངས་ཀྱི་ཆུས་དཀྱིལ་འཁོར་གྱི་ཕྱི་རྣམས་བསང་གཏོར་བྱ་སྟེ། ལས་ཐམས་ཅད་ཡོངས་སུ་བཟླས་པའི་འབྲུ་ཐམས་ཅད་ཀྱིས་ཡོངས་སུ་གང་བ་དང་། རྡོ་རྗེ་རིན་ཆེན་ཡོངས་སུ་བཟླས་པའི་མེ་

ཏོག་སིལ་མ་ཡོངས་སུ་བཀྲམ་སྟེ། རྡུལ་ཚོན་ལྷག་མ་རྣམས་ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་རྡུལ་ཚོན་གཤེགས་སུ་གསོལ་ནས་རྡུལ་ཚོན་གྱི་སྣོད་རྣམས་ཀྱང་དབེན་པར་གཞག་པར་བྱའོ་ཞེས་པ་ནི་རྡུལ་ཚོན་དགྱེ་བའི་ཆོ་གའོ།། །།དེ་ནས་སྔོན་བཞིན་དུ་གཏོར་མ་ཆེན་པོ་ཕྱི་

Vol. 62 · folio 307b

རོལ་དུ་ཕུལ་ནས་རབ་ཏུ་བྱེད་པ་གསུམ་པར་གསུངས་པའི་རིམ་པས་བུམ་པ་ལྷག་པར་གནས་པར་བྱས་ནས་རབ་ཏུ་བྱེད་པ་གསུམ་པར་གསུངས་པའི་རིམ་པ་དེ་ཉིད་ཀྱིས་བུམ་པ་དགོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་འཁོར་ལོའི་དབང་ཕྱུག་གི་བདག་ཉིད་ཀྱིས་བྲི་བར་བྱ་བའི་དཀྱིལ་འཁོར་ལ་སྐད་ཅིག་

གིས་གསུངས་པའི་འཁོར་ལོ་དང་བགེགས་ལ་ཕུར་བུས་གདབ་པ་ལ་སོགས་པ་བསྒོམས་ཏེ། དཀྱིལ་འཁོར་གྱི་རང་བཞིན་དུ་ངེས་པར་བརྟགས་ནས་ཡེ་ཤེས་སེམས་དཔའ་གདན་དྲངས་ནས་མཆོད་ཡོན་དང་ཞལ་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་

དག་པར་མཆོད་ཅིང་བསྟོད་པ་ཡང་བྱ་སྟེ། དམ་ཚིག་གི་འཁོར་ལོ་རབ་ཏུ་བཞུགས་པར་བསམ་མོ། །འཁོར་ལོའི་དབང་ཕྱུག་གི་སྔགས་བརྒྱ་རྩ་བརྒྱད་དང་། དེ་ལས་གཞན་དཀྱིལ་འཁོར་ལ་སོ་སོའི་རྣམས་ཀྱིས་ལན་ཉི་ཤུ་རྩ་གཅིག་གིས་བྱིན་གྱིས་བརླབས་ཏེ། ཡི་གེ་བརྒྱ་པ་ཡང་བརྗོད་ནས་ཉེར་

སྤྱོད་ལྔ་ལ་སོགས་པ་རྣམས་ཀྱིས་མཆོད་ནས་སྒེག་མོ་ལ་སོགས་པ་བརྒྱད་ཀྱི་ཆོ་གས་ཀྱང་གཏོར་མ་དང་ཞལ་ཟས་དབུལ་ཞིང་དཀྱིལ་འཁོར་ལྷག་པར་གནས་པར་བྱའོ། །ཐིག་འདེབས་པ་ནས་བརྩམས་ཏེ་ཇི་སྲིད་མེའི་ལྷ་ལྷག་པར་གནས་པའི་མཐར་ཐུག་པ་ཉི་མ་སོ་སོ་ལ་ཐུན་མཚམས་གསུམ་དུ་

ཏིང་ངེ་འཛིན་བསྒོམས་པས་མཆོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དམ་པའི་ཆོས་ཀློག་པ་དང་ཕྱི་རོལ་གྱི་གཏོར་མ་ཡང་དབུལ་བར་བྱའོ། །མཚན་མོ་ཚོགས་ཀྱི་འཁོར་ལོ་བྱའོ། གཏོར་མ་དབུལ་བར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཁང་པ་ལས་ཕྱིར་བྱུང་བ་དང་། སླར་ཡང་རབ་ཏུ་

འཇུག་པར་བྱ་བའི་ཕྱིར། །ལག་པ་གཡས་པ་གན་རྐྱལ་དུ་བྱས་ནས་གུང་མོ་དང་མིང་མེད་ཅུང་ཟད་བསྐུམ་སྟེ་མངོན་པར་གདོང་གི་ཕྱོགས་སུ་གཟུང་བར་བྱའོ། །དེའི་པུས་མོའི་ནང་དུ་ལག་པ་དག་བྱས་ཏེ་ཙོག་པུར་འདུག་ནས་མི་སྨྲ་བས་ལག་པའི་མཐིལ་གྱི་ཆ་ཡིས་ཁ་ལ་མིག་ཏུ་ཡོངས་སུ་རེག་

ཅིང་ལན་གཉིས་སམ་གསུམ་དུ་རྣ་བའི་བུ་ག་དང་མིག་དང་ཁ་དང་ལག་པ་དག་དང་ལྟེ་བ་དང་མགོ་བོ་རྣམས་ལ་ཡང་ལས་ཐམས་ཅད་པའི་བུམ་པའི་ཆུས་རེག་ཅིང་ཉེ་རེག་ཀྱང་ཉི་མ་སོ་སོ་ལ་བྱའོ། །དེ་བཞིན་དུ་ཉི་མ་སོ་སོ་ལ་དཀྱིལ་འཁོར་ལ་བཅོམ་ལྡན་འདས་ངེས་པར་བརྟག་པ་ལ་མེ་ཏོག་ལ་སོགས་

Vol. 62 · folio 308a

པས་མཆོད་པར་བྱའོ། །ཨོཾ་བཛྲོ་དྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་སྒོ་རྣམས་དབྱེ་བར་བསམས་ནས། ཨོཾ་ས་མ་ཡ་པྲ་བི་ཤ་ཡ་མི་ཞེས་བརྗོད་པས་མེ་ཏོག་གི་ཕྲེང་བ་གར་གྱིས་བཟུང་སྟེ་རང་གི་སྤྱི་བོར་བཅིངས་ཏེ་འཁོར་ལོ་ལ་ཕྱག་འཚལ་ནས་སེམས་ཅན་ཐམས་

ཅད་ལ་དངོས་གྲུབ་ཐམས་ཅད་ཀྱིས་བཀའ་དྲིན་མཛད་དུ་གསོལ་ལོ་ཞེས་ཞུ་བ་བྱ་ཞིང་བསྒོམ་པ་དང་བཟླས་པ་ཡང་བྱའོ། །དེའི་རྗེས་ལ་སློབ་མ་རྣམས་ལྷག་པར་གནས་པར་བྱའོ། །འགའ་ཞིག་གསང་སྔགས་དངོས་གྲུབ་ཕྱིར། །འདིར་ནི་དཀྱིལ་འཁོར་ལ་འཇུག་བྱ། །གཞན་ཡང་བསོད་

ནམས་འདོད་དེ་ལས། །འཇིག་རྟེན་ཕ་རོལ་དོན་གཉེར་གཞན། །འཇིག་རྟེན་ཕ་རོལ་ཉེར་བསྟན་ཕྱིར། །སླར་ཡང་དད་པར་བྱས་ནས་ནི། །བློ་ལྡན་དཀྱིལ་འཁོར་གཞུག་པར་བྱ། །འདི་འབྲས་ཉིད་ལ་ལྟོས་མི་བྱ། །འདི་ཉིད་ལ་ནི་ལྟོས་ལྡན་ན། །དེ་ཉིད་ཕ་རོལ་འཇིག་རྟེན་མིན། །ཕ་རོལ་

དོན་གཉེར་སྐྱེས་བུ་ལ། །དེ་ཉིད་དུ་ཡང་འབྲས་བུ་རྒྱས། །ཞེས་པའི་རྗེས་སུ་སློབ་མས་མཉན་ཞིང་དེ་ཉིད་བཤད་པར་བྱའོ། །སྲིད་པའི་མཚོ་ལས་བདག་སྒྲོལ་བ། །དགའ་ཆེན་སྟོན་པ་ཁྱོད་གཅིག་པོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་

དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་རྣམས་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བརྗོད་དུ་གཞུག་གོ། །སློབ་མ་གཅིག་གཙོ་བོར་

བྱས་ནས། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་

བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོའི་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་རྣམས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ཕྱིར་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་

Vol. 62 · folio 308b

འདི་གྱིས་ཤིག །ཅེས་བརྗོད་པར་བྱའོ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ལན་གསུམ་སློབ་མས་བརྗོད་དོ། །དེ་ནས་སློབ་མའི་སྙིང་གར་ས་མ་ཡ་ཨཿཞེས་

བརྗོད་ནས་ཟླ་བའི་དཀྱིལ་འཁོར་སྤྲུལ་ལ། དེའི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པ། དེའི་སྙིང་གའི་རྡོ་རྗེ་ལ་རབ་ཏུ་ཞུགས་ཏེ། སཱུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿབཛྲ་སིདྡྷྱ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་ནས་དེའི་སྤྱི་བོར་དྲི་བཟངས་ཀྱི་ཆུས་གཡོ་བཞིན་པའི་ལག་པ་བཀོད་ནས། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པར་

བྱའོ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏྲཱཾ་ཡིག་ལས་རྡོ་རྗེ་རིན་ཆེན། མགྲིན་པར་ཧྲཱིཿཡིག་ལས་རྡོ་རྗེ་པདྨ། སྤྱི་བོར་ཀཾ་ཡིག་ལས་སྣ་ཚོགས་རྡོ་རྗེ་རྣམ་པར་བསྒོམས་ཏེ། ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་དྷརྨྨ་ཧྲཱིཿཨོཾ་བཛྲ་ཀརྨྨ་ཀཾ། ཞེས་བརྗོད་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུར་བསྐྱེད་ནས་དེ་

རྣམས་ཀྱི་ཕྱག་ཏུ་རྡོ་རྗེ་གསུངས་མས་དྲི་སྦྱིན་པར་བྱའོ། །མེ་ཏོག་མས་མེ་ཏོག་བདུག་སྤོས་མས་བདུག་པར་བྱའོ། །མར་མེ་མས་མར་མེས་སྣང་བར་བྱའོ། །དེའི་རྗེས་ལ་སོར་བཅུ་གཉིས་པའི་ཚད་ཀྱིས་འོ་མ་ཅན་གྱི་ཤིང་དྲིའི་ཆུས་བཀྲུས་ལ་རྩེ་མོ་ལ་མེ་ཏོག་བཅིངས་ལ། ཨོཾ་བཛྲ་ཧཱ་ས་ཧཾ་ལན་བདུན་

ཡོངས་སུ་བསྔགས་ལ་སོ་ཤིང་དཀར་པོ་སློབ་མ་ལ་སྦྱིན་པར་བྱའོ། །དེ་རྣམས་ཀྱིས་ཀྱང་གདོང་ཤར་དུ་ཕྱོགས་ཏེ་སྟེང་དུ་བལྟས་ནས་རྩེ་མོ་འཆོས་ཏེ་བ་ལང་གི་ཀོ་བ་ཙམ་དུ་ལྟེ་བར་བྱུགས་པའི་ས་གཞི་ལ་དོར་བར་བྱའོ། །སོ་ཤིང་ལྷུང་བའི་རྗེས་སུ་འབྲངས་ཏེ་འབྲས་བུ་བཤད་པར་བྱའོ། །དེ་ལ་སློབ་མ་ལ་

མངོན་པར་ཕྱོགས་ཏེ་ལྷུང་ན་མཆོག་གི་དངོས་གྲུབ་པོ། །ལྷོ་ཕྱོགས་སུ་ལྷུང་ན་ཞི་བ་འགྲུབ་པོ། །ནུབ་ཕྱོགས་སུ་ལྷུང་ན་རྒྱས་པ་འགྲུབ་པོ། །བྱང་ཕྱོགས་སུ་ལྷུང་ན་དབང་གི་ལས་འགྲུབ་པོ། །སྟེང་དུ་ཕྱོགས་ན་ནམ་མཁའ་ལ་སྤྱོད་པའོ། །འོག་ཏུ་ཕྱོགས་ན་འོག་གི་དངོས་གྲུབ་པོ། །མཚམས་སུ་ལྷུང་ན་

དངོས་གྲུབ་ཕྲན་ཚེགས་སོ། །དེའི་རྗེས་སུ་རྡོ་རྗེ་གནོད་སྦྱིན་མངོན་པར་བསྔགས་པའི་ཆུ་ཁྱོར་བ་གསུམ་བྱིན་ནས། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨྨ་པཱ་པ་ནི་ཙཱ་སཾ་ཤོདྷ་ཡ་བི་ཀལྤཱ་མ་པ་ན་ཡ་ཧཱུཾ། ཞེས་པ་འདིས་ཞལ་བསང་བར་བྱའོ། །དེ་ནས་ཨོཾ་བཛྲ་རཀྵ་ཧཱུཾ་ཞེས་པ་འདིས་མངོན་པར་བསྔགས་ནས་སྲད་བུ་སུམ་

Vol. 62 · folio 309a

བསྒྲིལ་ལ་མདུད་པ་གསུམ་བྱ་སྟེ་དཔུང་པ་གཡོན་པ་ལ་བཅིང་བར་བྱའོ། །ཆོས་རྒྱ་ཆེན་པོ་བསྟན་ནས་ཡང་དག་པར་སྤྲོ་བ་བསྐྱེད་པར་བྱའོ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །བདག་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་

ཀྱི། །བསྟན་འདི་ཀུན་ལ་ཡོངས་སུ་བཟུང་། །བདག་ཉིད་ཆེན་པོ་སྐྱེད་བྱེད་པས། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་ཞིག་ཁྱེད་རྣམས་འགྲོ་འགྱུར་བ། །དེ་བཞིན་གཤེགས་པ་ཉིད་དུ་

འགྱུར། །རང་འབྱུང་སྐལ་བ་ཆེན་པོ་སྟེ། །འཇིག་རྟེན་ཀུན་གྱི་བསམ་པ་དང་། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་པ་ཐམས་ཅད་ཀྱིས། །ཡིད་ཀྱི་གནས་ལ་མི་རྟོག་པས། །སྤྲོས་པ་ཐམས་ཅད་དང་བྲལ་བ། །སྤྲོས་པ་རྣམས་ཀྱི་སྤྲོས་པ་ཡིས། །ལས་དང་བྱ་སོགས་

དང་བྲལ་བ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཐེག་མཆོག་འདི་ནི་གཙོ་བོ་སྟེ། །དེ་སྙེད་ཚུལ་ལ་གནས་པར་གྱིས། །ཞེས་པའི་ཆོས་ཉན་དུ་གཞུག་པར་བྱའོ། །འབྱུང་བ་རྙེད་པར་དཀའ་བ་ཡང་བཤད་པར་བྱའོ། །འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས། །གང་གི་ཚེ་ན་འབྱུང་འགྱུར་

བ། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང་། །གསང་སྔགས་སྤྱོད་ཚུལ་བལྟ་བ་ནི། །དེ་བས་ཀྱང་ནི་དཀོན་པར་འགྱུར། །སེམས་ཅན་དོན་རྣམས་མཉམ་མེད་པ། །གང་གིས་བྱེད་ནུས་མྱ་ངན་འདའ། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་

བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་རྣམས་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་

ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་ཞི། །དེ་ནས་དྷཱིཿཡིག་ལས་ཀུ་ཤ་མ་ཉམས་པའི་ཆུན་པོ་གཅིག་སྔས་ཀྱི་དོན་དུ་ཨོཾ་བཛྲ་ཏཱིཀྵྞ་ངྷཱཾ་ཞེས་པས་ལན་བདུན་མངོན་པར་བསྔགས་ནས་སོ། །གདན་གྱི་སྟེང་དུ་ཀུ་ཤ་ཧ་ཡིག་གིས་

Vol. 62 · folio 309b

བོན་ལས་བསྐྱེད་པའི་ཀུ་ཤ་ལ་ཨོཾ་བཛྲ་རཀྵ་ཧཱུཾ་ཞེས་པའི་སྔགས་འདིས་ལན་བདུན་བཟླས་ནས་གདན་གྱི་དོན་དུ་སྦྱིན་པར་བྱའོ། །འདི་བཞིན་དུ་བརྗོད་པར་བྱའོ། །ཞལ་བཟང་པོ་རྣམས་བཞེངས་ནས་མཐོ་རིས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ཇི་ལྟ་བ་བཞིན་དུ་མཐོང་བ་དེ་བཞིན་དུ་རྨི་ལམ་དུ་ཡང་

མཐོང་བཞིན་བསྟན་དུ་གསོལ་ལོ། །སློབ་མ་ལྷག་པར་གནས་པའོ།། །།དེ་ནས་ནང་པར་སྔ་བར་དགེ་བ་དང་མི་དགེ་བའི་རྨི་ལམ་དྲི་བར་བྱའོ། །མི་དགེ་བའི་རྨི་ལམ་བྱུང་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ་ཞེས་ལྷག་པར་མོས་པར་བྱའོ། །ཨོཾ་བཛྲ་

ཡཀྵ་ཧཱུཾ་ཞེས་པ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་བླ་མའི་ཞབས་ལ་ཕྱག་འཚལ་ཏེ། མེ་ཏོག་གི་སྙིམ་པ་ཐལ་མོ་སྦྱར་ནས་གསོལ་བ་གདབ་པར་བྱ་སྟེ། སྲིད་པའི་མཚོ་ལས་བདག་སྒྲོལ་བ། །དགའ་ཆེན་སྟོན་པ་ཁྱོད་གཅིག་པོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་

པ། །མགོན་པོ་ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་

ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང་། །དེ་ཉིད་དེ་བཞིན་ཉིད་ངེས་འབྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་གྱི། །གཟུགས་བརྙན་གསལ་ལ་སློབ་མ་ནི། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་པས་བདེན་པའི་བྱིན་གྱི་རླབས་བྱས་ནས་དཀྱིལ་

འཁོར་གྱི་ཁང་པའི་ཕྱི་རོལ་དུ་ཡོན་ཕུལ་ནས་སློབ་མ་རྣམས་རྣམ་པར་སྣང་མཛད་དུ་བསྒོམ་པར་བྱའོ། །ཨོཾ་བཛྲ་རཀྵ་ཧཾ་ཞེས་པ་འདིས་ཡོངས་སུ་བཟླས་པའི་གོས་དམར་པོས་སྨད་གཡོགས་དང་སྟོད་གཡོགས་བྱས་ཏེ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿཨོཾ་བཛྲ་པཱ་ཤ་ཧཱུཾ།

ཨོཾ་བཛྲ་སྤོ་ཊ་བཾ། ཨོཾ་བཛྲཱ་བེ་ཤ་ཨཿཨ་ཁཾ་བཱི་ར་ཧཱུཾ། ཞེས་པ་འདིས་མིག་རས་བཅིངས་ནས། མེ་ཏོག་ཕྲེང་བ་འཛིན་དུ་བཅུག་སྟེ་དྲི་བར་བྱའོ། །ཀྱེ་ཁྱེད་དགའ་བ་ཅི་ལ་དགྱེས། །དེས་ལན་གདབ་པར་བྱ་སྟེ། སྐལ་བཟངས་བདག་ནི་བདེ་བ་ཆེན་པོ་ལ་ཞེས་སོ། །དེ་ནས་རྡོ་རྗེ་གནོད་སྦྱིན་

Vol. 62 · folio 310a

ཡོངས་སུ་བཟླས་པའི་ཆུས་བསང་གཏོར་བྱས་ཏེ། སྙིང་གར་རྡོ་རྗེ་བཞག་ལ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷ་བཛྲ་ཡ་ཐཱ་སུ་ཁཾ་ས་མ་ཡ་སྟྭཾ་ཞེས་པ་འདིས་སེམས་དཔའི་རྡོ་རྗེ་བཅིང་བར་བྱའོ། །དེ་ནས་མཛུབ་མོ་གུང་མོ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་ནས་

དགུག་པ་དང་གཞུག་པ་དང་དབང་དུ་བྱ་བ་རྣམས་བྱའོ། །ས་མ་ཡ་ཧཱུཾ་ཞེས་པ་འདིར་རང་གི་སྒོ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་རྣམས་བྱ་སྟེ། ཨོཾ་བཛྲཱཾ་ཀུ་ཤ་ཛཿཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲཱ་བེ་ཤ་ཨཿཞེས་པས་

ཤར་གྱི་སྒོ་ནས་དེ་བཞིན་དུ་གཞུག་ཅིང་འདི་བཞིན་དུ་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་ནས་ངས་ཁྱེད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས་ཡེ་ཤེས་གང་གིས་ཁྱོད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་

འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདིར་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་ནས་དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་སེམས་དཔའ་རྡོ་རྗེ་ཅན་གྱི་ཕྱག་རྒྱ་ཉིད་སྟེང་དུ་གདོང་ཕྱོགས་

པས་བཅིངས་ཏེ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་འགེམས་སོ། །ང་ཡིས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་

ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ཏེ་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །སླར་ཡང་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། འདི་བཞིན་དུ་བརྗོད་པར་བྱ་སྟེ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །

དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །དེ་ནས་བདུད་རྩི་ལྔ་པདྨའི་སྣོད་དུ་གནས་པ་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་བྱིན་གྱིས་བརླབས་ནས། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པའི་སྔགས་ཀྱིས་ཀྱང་བྱིན་གྱིས་བརླབ་པར་བསམས་ནས། ཨོཾ་ཨཿཧཱུཾ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་

Vol. 62 · folio 310b

ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་འགྱུར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ཨོཾ་བཛྲ་མྲྀ་ཏོ་ད་ཀ་ཋཿཞེས་བརྗོད་ནས་སློབ་མ་ལ་སྦྱིན་པར་བྱའོ། །སློབ་མས་ཀྱང་དམ་བཅས་པ་འདི་བརྟོན་པར་བྱའོ། །སློབ་དཔོན་གྱིས་ཀྱང་འདི་བཞིན་དུ་བརྗོད་པར་བྱ་སྟེ། དེ་

རིང་ནས་བརྩམས་ཏེ་ཁྱེད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་པའི་མནའ་བྱའོ། །སློབ་མས་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་བརྗོད་ནས་དེ་ནས་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྣམ་པར་བསམ་པར་བྱའོ། །དེའི་རྗེས་སུ་ཨཿཡིག་ལས་འོད་ཟེར་གྱི་

ཕྲེང་བ་དང་ལྡན་པ་རང་གི་སྙིང་གར་རྣམ་པར་བསམས་ཏེ། ཧཱུཾ་ཡིག་ལས་སློབ་མ་ཡང་རྡོ་རྗེ་སེམས་དཔའི་གཟུགས་སུ་རྣམ་པར་བསམ་པར་བྱའོ། །ཧཱུཾ་ཏྲཱཾ་ཧྲཱིཿཀཾ་ཞེས་པས་སྙིང་ག་དང་མཛོད་སྤུ་དང་། ལྕེ་དང་སྤྱི་བོ་རྣམས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་

རྡོ་རྗེས་མཚན་པ་བསམ་པར་བྱའོ། །སྒོ་འབྱེད་པའི་ཕྱག་རྒྱས་རང་གི་སྙིང་ག་ཕྱེ་ནས་སློབ་མའི་སྙིང་གར་ཡང་དེ་ནས་རང་གི་ཁ་ལས་བབས་ཏེ། རྡོ་རྗེ་ལས་ཨཿཡིག་ལས་འཐོན་ཏེ་སློབ་མའི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་སངས་རྒྱས་རྣམས་རབ་ཏུ་ཞུགས་ཏེ་ལུས་

ཐམས་ཅད་གང་བར་བསམ་པར་བྱའོ། །འདི་བཞིན་དུ་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་བརྗོད་ནས། དེ་ནས་མྱུར་དུ་རྡོ་རྗེ་སློབ་དཔོན་གྱིས་སེམས་དཔའ་རྡོ་རྗེ་ཅན་

གྱིས་སངས་རྒྱས་ཉིད་བརྗོད་པར་བྱའོ། །འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔར་ཤེས་པར་བྱ། །རྡོ་རྗེ་ཡེ་ཤེས་བླ་མེད་པ། །འདི་ཉིད་ཀྱང་ནི་འབབ་པར་ཤོག །ཨོཾ་བཛྲཱ་བེ་ཤ་ཨཿཞེས་པས་ངེས་པར་དབབ་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་

Vol. 62 · folio 311a

རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཧེ་བཛྲ་སཏྭ། ཧེ་བཛྲ་རཏྣ། ཧེ་བཛྲ་དྷརྨ། ཧེ་བཛྲ་ཀརྨྨ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གདན་དྲང་བར་བྱའོ། །དེ་ནས་རྡོ་རྗེ་ཆོས་ཀྱི་སྐུར་སློབ་མ་བསྒོམས་ཏེ། དེའི་ལྕེ་

ལ་ཨཿཡིག་དམར་པོ་ལས་སྐྱེས་པའི་རྡོ་རྗེ་དམར་པོ་བསམ་པར་བྱ་ཞིང་རྡོ་རྗེ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་བསྐུལ་བས་དགེ་བ་དང་མི་དགེ་བ་སྨྲ་བར་བྱེད་དོ། །དེ་ནས་དེ་ཡིས་བབས་པ་བརྟན་པར་བྱ་བའི་ཕྱིར་ཏིཥྛ་བཛྲ་ཞེས་བརྗོད་པར་བྱའོ། །དེ་ནས་བདེན་པའི་བྱིན་རླབས་

འདི་བྱའོ། །དགའ་བ་ཡི་ནི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་ཞུགས་པ་ནི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཅི་འདྲ་དེ་འདྲར་ཤོག །འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་རུང་། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་ལྟར་

དཀྱིལ་འཁོར་འགྱུར་བར་ཤོག །ཅེས་བརྗོད་ནས། དེ་ནས་ཁྱོད་ཀྱི་མིག་སྔར་ཇི་ལྟར་སྣང་ཞེས་དྲི་བར་བྱའོ། །དེས་སྨྲས་པ་ལས་དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་དང་ལྗང་གུ་རྣམས་ཀྱི་འོད་ཀྱི་དཀྱིལ་འཁོར་སྣང་བ་ལས། ཞི་བ་དང་རྒྱས་པ་དང་དབང་དང་མངོན་

སྤྱོད་དང་དངོས་གྲུབ་ཐམས་ཅད་ཀྱི་སྐལ་བ་གོ་རིམས་བཞིན་དུ་བསྟན་པར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་བཟུང་ནས་འཕང་བར་བྱའོ། །པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་པར་བྱའོ། །དེ་ནས་དེས་འཕངས་པའི་མེ་ཏོག་གི་ཕྲེང་བ་དེའི་མགོ་ལ་བཅིང་བར་བྱའོ། །ཨོཾ་པྲ་ཏི་

གྲྀཧྣ་ཏྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་སོ། །དེ་ནས་སློབ་མའི་མིག་དག་ལ་ཨོཾ་ཡིག་འབར་བ་དང་བཅས་པ་བསམས་ཏེ་གདོང་གཡོགས་བསལ་བར་བྱའོ། །ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱེད་ཀྱི་མིག་ནི་དབྱེ་བར་མཛད། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་

ཅད་མིག་ནི་འབྱེད་པར་མཛད། །ཅེས་པས་གདོང་གཡོགས་བསལ་བར་བྱའོ། །ཀྱེའི་རྡོ་རྗེ་ལྟོས་ཤིག་ཅེས་བརྗོད་ནས་སོ་སོའི་ཞིང་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ནས་བརྩམས་ཏེ་རྣམ་པར་སྣང་མཛད་ཆེན་པོའི་མཐར་ཐུག་པར་བསྟན་

Vol. 62 · folio 311b

པར་བྱའོ། །དེ་ལ་ལྷ་རྣམས་ཀྱི་མཚན་མའི་དམ་ཚིག་ལ་ཡང་དད་པ་དང་དང་བས་མེ་ཏོག་གི་ཕྲེང་བ་ཕོག་པ་དེའི་རྣལ་འབྱོར་ཡང་སྦྱིན་པར་བྱའོ། །ཡང་ན་སློབ་མའི་སྐལ་བ་གང་ཡོད་པ་དེའི་རྣལ་འབྱོར་སྦྱིན་པར་བྱའོ་ཞེས་པ་ནི་སློབ་མ་གཞུག་པའི་ཆོ་གའོ། །དེ་ནས་ཤར་གྱི་སྒོ་ལ་སོགས་པ་རྣམས་

སུ་དཀྱིལ་འཁོར་ལ་ཡང་ཕྱག་བཙལ་བར་བྱའོ། །དེ་ནས་ཤར་གྱི་སྒོར་རང་གི་ཐུགས་ཀར་མེ་ཏོག་གི་སྙིམ་པ་སྦྱར་ལ་ལུས་ཀྱིས་ཕྱག་བཙལ་བར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་པྲ་ཎ་མེ་ཎ་བཛྲ་བནྡྷ་ནཾ་ཀ་རོ་མི་སརྦ་ཏ་ཐཱ་ག་ཏཱཥྩཱ་དྷི་ཏིཥྛ་སྭཱ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠ་ནཱ་

ཡཱཏྨཱ་ནཱཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭཱ་དྷི་ཏིཥྛ་མཱཾ། ལྷོའི་སྒོར་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས་དཔྲལ་བ་སལ་བཏུད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བྷི་ཥི་ཀ་ཡཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣཱ་བྷི་ཥིཉྩ་མཱཾ། དེ་ནས་རྡོ་རྗེའི་ཐལ་མོ་སྤྱི་བོར་བཟུང་ནས་ཞལ་ས་ལ་

བཏུད་དེ་ནུབ་ཀྱི་སྒོ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་པྲ་བརྟན་ཡཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ་མཱི། དེ་བཞིན་དུ་བྱང་དུ་མགོ་སྙིང་གར་བཏུད་ནས་ཐལ་མོ་སྦྱར་ཏེ་ས་ལ་རེག་ནས་ཕྱག་བཙལ་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎི་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་

མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་སྭ་མཱཾ། ཞེས་བརྗོད་ནས་ཕྱག་ལྔ་བཙལ་བར་བྱའོ། །དེའི་ཚེ་ཡང་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་དེ་བཞིན་ཉིད་དུ་བྱིན་གྱིས་རློབ་པར་བསྒོམ་པར་བྱའོ། །ད་ནི་དད་པ་རབ་ཏུ་བསྐྱེད། །དཀྱིལ་འཁོར་འདི་དེ་ཉིད་ལ་

ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཕུན་སུམ་ཚོགས་ཀུན་མངོན་གྱུར་ཏེ། །ཁྱོད་ཀྱི་དངོས་གྲུབ་སྦྱོར་ཉིད་ཀྱང་། །དམ་ཚིག་བསྲུང་བས་དངོས་གྲུབ་འགྱུར། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །

དེ་ནས་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་སྡིག་པ་སོ་སོ་ཡང་བཤགས་པར་བྱའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་དང་ནོར་བུ་དང་པདྨ་དང་ལས་ཀྱི་རིགས་ལ་ཞུགས་པའི་དེ་

Vol. 62 · folio 312a

བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་དང་ལྷ་རྣམས་ཐམས་ཅད་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་མིང་འདི་ཞེས་བགྱི་བ་མདུན་དུ་བགྱིས་ནས། རྡོ་རྗེ་དང་། ནོར་བུ་

དང་། པདྨ་དང་། ལས་ཀྱི་རིགས་ལ་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་གསང་སྔགས་དང་རིག་སྔགས་དང་ལྷ་ཐམས་ཅད་ཀྱི་མདུན་དུ་སྡིག་པ་ཐམས་ཅད་བདག་གིས་སོ་སོར་བཤགས་པར་བགྱིའོ། །ཕྱོགས་བཅུ་མཐའ་ཡས་པའི་འདས་པ་དང་

མ་བྱོན་པ་དང་ད་ལྟར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་རྣམས་དང་། སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་དགེ་བ་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་

ངོ་། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་འདེབས་སོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་སྐུ་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་

གསོལ་བ་འདེབས་སོ་ཞེས་པ་ནི་སྡིག་པ་བཤགས་པ་ལ་སོགས་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་བདག་ཉིད་དབུལ་ལོ། །དུས་ཐམས་ཅད་དུ་བདག་སོ་སོ་ནས་གཟུང་དུ་གསོལ། མགོན་པོ་ཐུགས་རྗེ་ཆེན་པོ་རྣམས་ཀྱིས་དམ་ཚིག་ཆེན་པོའི་

དངོས་གྲུབ་རྣམས་བདག་ལ་སྩལ་དུ་གསོལ་ལོ། །དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བར་གྱུར་ཅིག །འཇིག་རྟེན་དང་

འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པས་བདེ་བ་དང་བཅས་ཤིང་བདེ་བ་དང་བཅས་པའི་ཡིད་ཀྱིས་མིའི་མཆོག་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག །བདག་ཀྱང་དགེ་བའི་རྩ་བ་འདི་ཡི་མྱུར་དུ་སངས་རྒྱས་ནས་འགྲོ་བ་རྣམས་ལ་ཕན་པའི་ཕྱིར་འཇིག་

Vol. 62 · folio 312b

རྟེན་དུ་ཆོས་སྟོན་པར་གྱུར་ནས་སྡུག་བསྔལ་མང་པོས་མནར་བའི་སེམས་ཅན་རྣམས་སྒྲོལ་བར་གྱུར་ཅིག །བླ་མེད་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །བདག་ཉིད་དབུལ་བ་ལ་སོགས་པའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་

ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བསླབ་པ་རྣམ་གསུམ་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས། །བདག་གིས་སོ་སོར་བརྟན་པར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་

གསུམ་མཆོག་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང་། །དེང་ནས་བརྩམས་ཏེ་བདག་གིས་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །དེ་ཉིད་བདག་གིས་སོ་སོར་གཟུང་། །སློབ་དཔོན་དག་ཀྱང་བདག་གིས་གཟུང་། །རིན་ཆེན་རིགས་མཆོག་ཆེན་

པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཉིན་རེར་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་བདག་གིས་སྦྱིན། །པདྨའི་རིགས་ཆེན་དག་པ་ལ། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་བདག་གིས་སོ་སོར་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་

ཐམས་ཅད་ཡང་དག་ལྡན། །དེ་ཉིད་སོ་སོར་བདག་གིས་གཟུང་། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སེམས་དཔའ་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སྡོམ་པ་མ་ལུས་བཟུང་བགྱིས་ནས། །མ་བརྒལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་

བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་པའི་སྡོམ་པ་བཟུང་བ་སློབ་མས་བརྗོད་པར་བྱའོ། །དེ་ནས་སློབ་མས་འདི་ཉིད་ཀྱིས་གསོལ་བ་གདབ་པར་བྱ་སྟེ། མགོན་པོ་འཁོར་ལོ་ལྷ་དག་གིས། །དེ་ཉིད་སློབ་དཔོན་ལས་རྣམས་དང་། །འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། །

དམ་པ་བདག་ལ་སྩལ་དུ་གསོལ། །དེ་ནས་སློབ་མ་མི་བསྐྱོད་པའི་སྐུར་བསྒོམས་ནས་རྡོ་རྗེ་གནས་པའི་བུམ་པ་རྣམས་སེམས་མ་རྡོ་རྗེ་ལ་སོགས་པ་འཛིན་པ་ལྷག་པར་གྲོལ་བ་རྡོ་རྗེ་ཁུ་ཚུར་གྱིས་ཆུའི་དབང་བསྐུར་བ་འདིས་འཛིན་པ་ལས། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་

Vol. 62 · folio 313a

གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲཱ་བྷི་ཥིཉྩ་ཧཱུཾ་ཞེས་པས་ཆུའི་དབང་བསྐུར་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ནས་རིན་ཆེན་འབྱུང་ལྡན་གྱི་སྐུར་བསྒོམས་ནས། ཨོཾ་སརྦ་བུདྡྷ་ཙཱུ་ཌ་མ་ཎི་མ་ཧཱ་མུ་ཀུ་ཊ་ཏྲཱཾ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་

བཟུང་བའི་བུམ་པའི་ཆུས། ཨོཾ་བཛྲ་དྷཱ་ཏྭི་ཤྭ་རི་བཛྲི་ཎི་ཨ་བྷི་ཥིཉྩ་ཧཱུཾ། སྤྱི་གཙུག་ཏུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །ཨོཾ་བཛྲ་བཛྲི་ཎི་ཧཱུཾ། དཔྲལ་བའི་སྟེང་དུ་མི་བསྐྱོད་པ་སྐུ་མདོག་མཐིང་ག་ས་གནོན་གྱི་ཕྱག་རྒྱས་བཞུགས་

པའོ། །ཨོཾ་རཏྣ་བཛྲ་ཎི་ཏྲཾ་རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱས་བཞུགས་པའོ། །ཨོཾ་དྷརྨ་བཛྲི་ཎི་ཧྲཱིཿ། མགོ་བོའི་རྒྱབ་ཏུ་འོད་དཔག་མེད་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པའོ། །ཨོཾ་ཀརྨྨ་བཛྲི་ཎི་ཨཿ། རྣ་བ་

གཡོན་པའི་སྟེང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་མི་འཇིགས་པའི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ་ཞེས་པ་ནི། དབུ་རྒྱན་གྱི་དབང་བསྐུར་པ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སློབ་མ་འོད་དཔག་ཏུ་མེད་པའི་སྐུར་བསམས་ནས། སངས་རྒྱས་ཀུན་གྱི་རྡོ་རྗེ་ཡིས། །བདག་

གིས་དེ་རིང་ཁྱོད་དབང་བསྐུར། །དེ་འདིར་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུངས། །ཐུགས་ཀའི་དང་པོར་རྡོ་རྗེས་རེག་ནས་ལག་ཏུ་སྦྱིན་པར་བྱའོ་ཞེས་པ་ནི་རྡོ་རྗེའི་དབང་བསྐུར་བ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །སློབ་མ་དོན་ཡོད་གྲུབ་པའི་སྐུར་བསམས་

ནས། ཨོཾ་བཛྲཱ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མཱི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་སོ། །ལག་པ་གཡོན་པར་དྲིལ་བུ་སྦྱིན་པར་བྱའོ་ཞེས་པ་ནི་དྲིལ་བུའི་དབང་བསྐུར་བ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སློབ་མ་རྣམ་པར་སྣང་མཛད་དུ་བསམས་ནས། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་

ནཱ་མཱ་བྷི་ཥེ་ཀ་ཏཿ། ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ས་འོག་ས་སྟེངས་མཐོ་རིས་རྣམས་སོ། །ཨོཾ་མགོ་བོར་རྡོ་རྗེ་དང་དྲིལ་བུ་གཟུང་བར་བྱའོ་ཞེས་པ་ནི་མིང་གི་དབང་བསྐུར་བ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དབང་ལྔ་བསྐུར་

Vol. 62 · folio 313b

བས་སྔགས་ཀྱི་རྒྱུད་ཉན་པ་དང་བཤད་པ་ལ་དབང་བར་འགྱུར་རོ། །དབང་ལྔ་པོ་འདི་ཉིད་ལ་རིག་མའི་དབང་ཞེས་བརྗོད་པར་བྱ་སྟེ། ཐམས་ཅད་དུ་རྡོ་རྗེ་སེམས་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་བྱ་བ་ཡིན་པའི་ཕྱིར་རོ། །སླར་ཡང་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་གསོལ་བ་གདབ་པར་

བྱ་སྟེ། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་གྱུར་པ་ཡི། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །རྡོ་རྗེའི་གཏེར་གྱིས་བདག་ལ་སྩོལ། །སློབ་མ་ལ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་བསྒོམས་ཏེ། ཧཱུཾ་ཛ་བཛྲཾ། དེང་འདིར་སངས་རྒྱས་ཐམས་ཅད་

ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མ་བདག་པོའི་བདག །

བཅོམ་ལྡན་འདས་དང་པོའི་མཆོག་གི་སྐྱེས་བུའོ། །ཨ་ཡིག་ལས་སྐྱེས་པའི་དྲིལ་བུ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧྲཱིཿཧི་ཧི་ཧི་ཧི་ཧཱུཾ། ཞེས་བརྗོད་ནས་སློབ་མས་དྲིལ་བུ་གཟུང་པར་བྱའོ། །དེ་རིང་སངས་རྒྱས་ཐམས་ཅད་ཀྱི། །

ཤེས་རབ་དབྱངས་ཀྱི་རྗེས་འགྲོར་ཤེས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་འགལ་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡིས། །དམ་པ་ཡི་ནི་སྲིད་པར་བྱ། །ཞེས་

པ་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའོ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །འཁྱུད་པའི་ཚུལ་དུའོ་བྱའོ། །པདྨ་དཀྱིལ་འཁོར་ཞེས་སུ་བརྗོད། །ཡིད་ཀྱི་

དཀྱིལ་འཁོར་མཆོག་ཏུ་ནི། །ཡེ་ཤེས་གཞལ་ཡས་ཁང་པ་ཞེས། །ཐུགས་ནི་ཡང་དག་མཐོང་བར་བརྩེགས། །ཕུང་པོ་ལྔ་རྣམས་བསྡུས་པ་ཡིས། །སངས་རྒྱས་ལྔ་རྣམས་རབ་ཏུ་གྲགས། །ཞེས་པ་ནི་དཀྱིལ་འཁོར་གྱི་དེ་ཉིད་དོ། །དེ་ནས་ཆོས་ཀྱི་འཁོར་ལོ་

Vol. 62 · folio 314a

རྐང་པ་དག་གི་དབུས་སུ་བཞག་ནས་ལག་པ་གཡས་སུ་དུང་བྱིན་ནས་འདི་ཉིད་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ལྷན་ཅིག་པའོ། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་འཁོར་ལོ་བླ་མེད་པ། །ཀུན་ནས་ཡོངས་སུ་

བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །སྐྱོ་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །འཇིག་རྟེན་དུ་ནི་རྟག་ཏུ་སྟོན། །དེ་ཉིད། བྱས་གཟོ་སངས་རྒྱས་ཐམས་ཅད་ཀྱིས། །ཉེ་བར་ཕན་པ་

ཉིད་དུ་གསུངས། །རྡོ་རྗེ་འཛིན་པ་དེ་རྣམས་ཀྱིས། །ཁྱེད་ཀྱང་ཀུན་ནས་ཀུན་དུ་གསུངས། །སླར་ཡང་སློབ་མ་རྣམ་པར་སྣང་མཛད་ཀྱི་སྐུར་བསམས་ནས། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་དུ་ཐམས་ཅད་ནས། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་

ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་བཞིན་དུ་སློབ་མ་མི་བསྐྱོད་པའི་སྐུར་བསམས་ནས། གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེའི་འཁོར་ལོ་དང་། རིན་པོ་ཆེའི་འཁོར་ལོ་དང་། པདྨའི་འཁོར་ལོ་དང་སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར་ཞེས་བརྗོད་པའི་ཚིགས་སུ་བཅད་པ་ལྔས་སློབ་

མ་ལ་རྗེས་སུ་གནང་བ་སྦྱིན་པར་བྱའོ། །དེ་ལས་བྱུང་བ་གང་གྱུར་ཀུན། །སངས་རྒྱས་ཀུན་དངོས་བདག་ཉིད་པས། །རྡོ་རྗེ་མིང་གི་དབང་བསྐུར་བའི། །དེ་བཞིན་གཤེགས་པས་ལུང་བསྟན་བྱ། །སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །རྡོ་

རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱེད་འདིར་ལུང་བསྟན་བགྱི། །ཀྱེའི་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པས་ཁྱོད་ཀྱི་དམ་ཚིག་འགྲུབ་སྟེ། ཨོཾ་བྷུར་བྷུ་བ་སྭཿ། དེ་ལ་འདིར་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ནས་ཆོས་གོས་ཀྱི་གྲྭ་

བཟུང་བའི་ཁུ་ཚུར་གཡོན་པ་སྙིང་གར་བྱས་ཤིང་གཡས་པ་མི་འཇིགས་པའི་ཕྱག་རྒྱ་བྱའོ། །དེ་ནས་ཡང་དེ་ཉིད་སློབ་མ་རྣམས་ལ་བསྟན་པར་བྱའོ། །གང་འདི་དག་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་རྣམ་པ་ལ་ལུང་བསྟན་པར་བྱའོ། །དེའི་རྡོ་རྗེ་སེམས་དཔའ་

Vol. 62 · folio 314b

ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་རྣམས་ཏེ་དེ་ནི་རྡོ་རྗེ་འཛིན་པ་དང་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་ལ། དམ་ཚིག་གིས་སློབ་དཔོན་མཚུངས་པར་མགྲིན་གཅིག་ཏུ་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱའོ། །འདི་ལྟར་འདི་ཉིད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བ་མཆོག་གི་དངོས་གྲུབ་ཀྱི་གནས་འདི་ཡང་སྔགས་ཀྱི་སྟོབས་ཀྱིས་ཞེས་དེ་དད་པར་བྱའོ་ཞེས་པ་ནི་ལུང་བསྟན་པའོ། །དེ་ནས་དབུགས་

དབྱུང་བ་ནི་སྦྱིན་པར་བྱའོ། །ཨོཾ་མ་ཧཱ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཧཿ། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱེད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱེད་

ལ་མེད། །ཤིན་ཏུ་སྲིད་པ་གྲུབ་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱེད་འདས། །རྡོ་རྗེ་དམ་པའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །གང་གིས་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་ནི་ཐེ་ཚོམ་མེད། །དམ་ཆོས་སྤང་བར་བྱ་བ་ནི། །ནམ་དུའང་

བྱ་བ་མ་ཡིན་ཏེ། །མི་ཤེས་པ་ལ་དེ་ནས་ནི། །རྨོངས་པས་མཉན་པར་བྱ་བའང་མིན། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ནམ་ཡང་སྤང་བར་མི་བྱའོ། །སངས་རྒྱས་ཀུན་དང་མཚུངས་པའི་ཕྱིར། །སློབ་དཔོན་འདི་ནི་སྨད་མི་བྱ། །རང་གི་བདག་ཉིད་མནར་གྱུར་པའི། །དཀའ་ཐུབ་བྱེ་བྲག་

ཡོངས་སུ་སྤངས། །མ་འོངས་རྫོགས་སངས་རྒྱས་འགྱུར་བའི། །ཇི་ལྟར་བདེ་བས་བདེ་འགྱུར་གཟུང་། །ད་ནི་སྔགས་དང་རྒྱུད་དག་གིས། །ཁྱོད་ཀྱི་དཀྱིལ་འཁོར་སློབ་དཔོན་གཟུང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་

འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱོད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྔགས་ལ་སྒྲུབ་པ་པོ་རྣམས་སྦྱོར། །ཞེས་པ་ནི་དབུགས་དབྱུང་བ་སྦྱིན་པའོ། །དེ་ལྟར་འཇུག་བཞིན་པ་ཕྱིར་མི་ལྡོག་པའི་དབང་བསྐུར་བ་ནི། དེ་ལ་

Vol. 62 · folio 315a

འདིའི་རིམ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་གསོལ་བ་གདབ་པར་བྱའོ། །ཕྱི་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། འཁོར་ལོ་དང་། དུང་ལ་སོགས་པའི་ཉེར་སྤྱོད་རྣམས་ཚོགས་པར་གྱུར་ནས་ཤར་གྱི་སྒོར་སེང་

གེའི་ཁྲིའི་སྟེང་དུ་སློབ་མ་བླ་རེས་ཀྱི་འོག་ཏུ་བཞག་ལ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ནས་རྣམ་པར་སྣང་མཛད་དུ་རྣམ་པར་བསྒོམ་སྟེ། དེའི་ངོ་བོ་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལ་གནས་ནས་རང་གི་ཡི་དམ་གྱི་ལྷའི་རྣལ་འབྱོར་གྱིས་ཡང་དག་པར་བཀོད་དེ་དམ་ཚིག་

སེམས་དཔའི་ཐུགས་ཀའི་སྟེང་ནས་འོད་ཟེར་བྱུང་ནས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་ནམ་མཁའ་ཁྱབ་པས་བུམ་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་གཟུང་བ་རྣམས་ཀྱིས་སློབ་མ་ལ་དབང་བསྐུར་བར་བསམ་པར་བྱའོ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །

ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་པའི་ཚིགས་སུ་བཅད་པ་སློབ་དཔོན་རང་ཉིད་ཀྱིས་བརྗོད་ནས་སློབ་མ་ལ་དབང་བསྐུར་བར་བྱའོ་ཞེས་པ་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །བུམ་པའི་

དབང་གིས་ལུས་ཀྱི་དྲི་མ་རྣམ་པར་དག་ནས་བུམ་པའི་དབང་ཐོབ་པའི་སློབ་མས་གསང་བའི་དབང་ཞུ་བར་བྱ་སྟེ། ཁྱོད་ནི་སངས་རྒྱས་ཀུན་དང་རྡོ་རྗེ་སེམས་དཔའི་བདེ་སྒྲུབ་པ། །བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྲས་དང་བཅས་རྣམས་ལ། ཀུན་ནས་ཆགས་ཕྱིར་རང་གི་བདེ་བ་ཡིད་འོང་

བདེ་ཆེན་གྱིས། །ཤིན་ཏུ་གདུང་བ་དུས་རིང་པོ་ལ་སྟོང་ཉིད་བསྒོམ་པ་ཡིས། །ཀུན་ནས་ཆགས་པའི་རྒྱུ་ཡིས་ནི། །དྲི་མེད་སྤྱོད་པ་ཀུན་དུ་བཟང་། །བྱང་ཆུབ་རྒྱུར་ནི་ཆགས་པ་ཡིས། །དམ་ཚིག་རྡོ་རྗེ་རྣམ་པར་དག །འདིས་གསོལ་བ་བཏབ་པའི་རྡོ་རྗེ་སློབ་དཔོན་བླ་མ་ཆེན་པོས་སློབ་

མ་ལ་དབང་བསྐུར་བར་བྱའོ། །རང་གི་ཕྱག་རྒྱ་སློབ་མས་དབུལ་བར་བྱ་སྟེ། ཡང་ན་གཞན་ཡང་ཇི་ལྟར་རྙེད་པའི་གཟུགས་དང་ལང་ཚོས་བརྒྱན་པ་རྙེད་ནས་རིགས་ལྔའི་ཆ་དང་ལྡན་པར་བྱས་ནས་དེའི་པདྨ་ཡང་དག་པར་སྦྱངས་ཏེ། རང་གི་རྡོ་རྗེའི་རང་བཞིན་གྱིས་བྱའོ། །ཕྱི་

Vol. 62 · folio 315b

ནས་སྙོམས་པར་ཞུགས་ཏེ་བསྲུབ་ཅིང་སྲུབ་པའི་རིམ་པས་བདེ་བ་བཅིངས་ཏེ་སློབ་མ་ལ་བལྟས་ནས་མཚོན་པར་བྱ་སྟེ་མིང་མེད་དང་མཐེ་བོས་བྱང་ཆུབ་ཀྱི་སེམས་སློབ་མའི་ཁར་སྦྱིན་པར་བྱའོ་ཞེས་པ་གསང་བའི་དབང་བསྐུར་བའི་རིམ་པའོ།། །།གསང་བའི་དབང་བསྐུར་བ་ཐོབ་ནས་རྡོ་རྗེའི་དག་རྣམ་

པར་སྦྱངས་པར་བྱས་ནས་སེམས་ཀྱི་རྡོ་རྗེ་སྦྱངས་པའི་ཕྱིར་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་དཔང་པོར་མཛད་ནས་ལག་པ་དག་ཏུ་ལག་པ་སྦྱིན་པར་བྱའོ། །བླ་མ་རྡོ་རྗེ་

ཅན་གྱིས་ནི། །སློབ་མའི་མགོ་བོར་ལག་པ་སྦྱིན། །གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་གསུངས། །རྡོ་རྗེ་འཁོར་ལོ་རིམ་སྦྱོར་བས། །བདེ་བ་དམ་པ་མྱོང་བར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །དེ་ཕྱིར་རིག་མ་འདི་ནི་མཆོག །

ཆོས་ཀུན་གཉིས་སུ་མེད་པར་ནི། །གཉིས་སུ་མེད་པ་ཉིད་ཀྱིས་མཚོན། །དེ་དང་བྲལ་ན་རྟག་ཏུ་ཁྱོད། །འཁོར་བ་ཡི་ནི་བྱ་བར་འགྱུར། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་

གྲུབ་མེད། །དྲི་ཆེན་དྲི་ཆུ་སོགས་ཟ་བ། །བུ་ཁྱོད་སྤྲོ་བར་བྱེད་དམ་ཅི། །དེ་བཞིན་ཁུ་ཁྲག་ཤ་རྣམས་དང་། །མི་མོ་ལ་གུས་དེ་བཞིན་གཞན། །བྷ་གའི་པདྨར་འོ་བྱེད་པའི། །བདེ་བ་ཇི་བཞིན་བུ་ཁྱོད་སྨྲོས། །ཐབས་ཀྱི་བརྗོད་པར་བྱ་བ་སྟེ། །ལྷ་མོའི་ཁུ་ཁྲག་སོགས་ཟ་

བར། །ཅི་ཡི་ཕྱིར་ན་བདག་མི་སྤྲོ། །མི་མོ་རྟག་ཏུ་གུས་པར་བྱ། །བྷ་གའི་འོ་ཡང་དེ་བཞིན་ནོ། །ཞེས་བརྗོད་པར་བྱའོ། །ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་གི་ཆོ་གས་སྟེན་བྱེད་པ། །དེ་ཡི་མདུན་དུ་བདག་གནས་སོ། །སངས་

རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་ཡང་དག་བཞུགས། །བྷཉྫ་མོ་ཀྵ་ཧོཿ། ཞེས་པས་རྡོ་རྗེ་བྱིན་གྱིས་བརླབས་ནས། སོར་མོས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩ་བསྐུལ་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རུ་ག་

Vol. 62 · folio 316a

བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བདེ་བ་བསྐུལ་བར་བྱའོ། །པདྨར་རྡོ་རྗེ་རབ་བཞག་ནས། །བྱང་ཆུབ་སེམས་ཀྱང་ལྟུང་མི་བྱ། །བསྐྱོད་པ་ལ་ནི་དགའ་བ་ཡིས། །སེམས་ནི་བསྐྱེད་ཅིང་བསྒོམ་པར་བྱ། །རྣལ་འབྱོར་ཅན་གྱི་བྱང་ཆུབ་སེམས། །ཇི་སྲིད་གཤེགས་པར་མི་བྱ་

བར། །གང་ཡང་དགའ་བདེ་སྐྱེས་ཐོབ་པ། །དེ་སྲིད་རྒྱུན་མི་འཆད་པར་ཐོབ། །བྱང་ཆུབ་སེམས་ནི་ལྷུང་བ་ལས། །དངོས་གྲུབ་ཀུན་གྱི་སྟེར་ནི་གང་། །ཕུང་པོ་རྣམ་ཤེས་བརྒྱལ་བ་ལས། །སྨད་དུ་མེད་པའི་དངོས་གྲུབ་གང་། །མཁའ་དབྱིངས་རྡོ་རྗེ་སྦྱོར་བ་ཡིས། །རེག་བྱ་ལས་ནི་

ངོ་མཚར་ཆེ། །བདེ་བ་སྐྱེས་པ་གང་དེ་ནི། །མཆོག་ཏུ་དགའ་བའི་བྱེད་པ་པོ། །སྣ་ཚོགས་དགའ་བའི་དབུས་སུ་ནི། །མཚན་ཉིད་བལྟས་ལ་བསྟན་པར་བྱ། །ཆུ་སྐྱེས་གདན་གྱི་ནོར་བུ་ཡིས། །ཟེའུ་འབྲུ་བཏབ་པའི་གནས་དག་ལ། །རྡོ་རྗེ་སྐྱིལ་ཀྲུང་གི་སེམས་ནི། །ནོར་བུའི་

མཐར་གྱུར་པ་ལས་བལྟ། །དེ་ལས་གང་སྐྱེས་ཡེ་ཤེས་ཏེ། །དེ་ཡི་ཡེ་ཤེས་དྲི་མེད་སྐུ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུས་ལ་ཡང་ནི་མི་དམིགས་ཏེ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང་། །དེ་བས་གནས་ཏེ་འགྱུར་བ་མེད། །ཐུན་ཚོད་ཡང་ན་ཉིན་ཞག་གམ། །ཟླ་ཕྱེད་ཟླ་

བ་ལོ་ཡིས་སམ། །བསྐལ་པ་བསྐལ་པ་སྟོང་ཕྲག་ཏུ། །དབང་བསྐུར་ཡེ་ཤེས་གནས་པར་བྱ། །བླ་མའི་ཐུགས་ལས་ངེས་འབྱུང་བའི། །སློབ་མའི་སྙིམས་འཇུག་བལྟས་ནས་ནི། །གཏི་མུག་དགའ་མ་ལ་སོགས་བཞི། །དེ་ཡི་སེམས་ལ་ངེས་གཞུག་བྱ། །སློབ་མས་དེ་ཡི་

ཆ་བཟུང་སྟེ། །ཆུ་སྐྱེས་ནང་དུ་སྤྲོ་བར་བྱ། །དེ་ནས་བཅུད་ལེན་སེམས་ཀྱིས་ནི། །བྱང་ཆུབ་མངོན་གྱུར་གཟུང་བར་བྱ། །ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཆོ་གའོ།། །།ད་ནི་ཡེ་ཤེས་སྦྱངས་པའི་ཕྱིར་ཇི་སྐད་གསུངས་པའི་ཆོ་གས་མངོན་སུམ་དུ་གཟུང་བའི་ཤེས་

རབ་ཡེ་ཤེས་ཀྱི་དབང་བསྐུར། དེ་བཞིན་དུ་འབྲས་བུར་གྱུར་པའི་དབང་བཞི་པ་རིན་པོ་ཆེ་བཤད་པར་བྱའོ། །གཞན་མ་ཡིན་པའི་དམ་ཚིག་བཤད་པའི་འཇིགས་པས་གཞན་དུ་གསུངས་པ། དབང་མ་བསྐུར་ཕྱིར་རྣལ་འབྱོར་པ། །རྣལ་འབྱོར་ཉིད་ནི་སླུ་བར་བྱེད། །མཁའ་ལ་ཁུ་

Vol. 62 · folio 316b

ཚུར་བསྣུན་པ་དང་། །རི་དྭགས་སྐམ་ནི་འཐུང་བྱེད་པས། །དེའི་ཕྱིར། ཇི་སྐད་གསུངས་བཞིན་ཆོ་གས་དབང་བསྐུར་སྦྱིན། །སློབ་མའི་མོས་པའི་ཡིད་ནི་ཡང་དག་བརྟག །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་ལྷག་མོས་ནས། །རིན་ཆེན་དབང་གི་དེ་ཉིད་ཚིག་གིས་སྦྱིན། །གཞན་དུ་མ་ཡིན་ཞེས་ཏེ་

ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། འདི་ལྟར་ལྷག་པར་མོས་པ་རྒྱ་ཆེན་པོས་གསར་བུའོ་ཞེ་ན་གསུངས་པ། ཆུ་སྐྱར་ལས་ནི་ཆུ་ཡིན་ཏེ། །དུ་བ་ལས་ནི་མེར་ཤེས་བཞིན། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་དག་ལས་ཤེས། །ཤིན་ཏུ་རབ་ཏུ་ཆུ་སྐྱེས་ཞལ། །དགའ་

བ་རབ་རྒྱས་ལུས་ལས་འཁྲུངས། །དེ་ཉིད་གཟིགས་པའི་མཁས་པ་ཡིས། །རྗེས་སུ་སློབ་མ་དམ་པས་ཟུངས། །ཞེས་སོ། །གང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དབང་བསྐུར་རྣམ་གསུམ་དབྱེར་མེད་པ། །རྒྱུ་ཉིད་ལས་ནི་རབ་ཏུ་གསུངས། །སློབ་དཔོན་གསང་བ་ཤེས་རབ་དང་། །

བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །སྐད་ཅིག་དགོད་དང་ལག་པས་ཐོབ། །དེ་ཡང་འཁྱུད་པ་རྒྱུད་ལ་སྟེ། །དགའ་དང་མཆོག་དང་དེ་བཞིན་དུ། །སྣ་ཚོགས་ལྷན་སྐྱེས་དེ་བཞིན་དུ། །སྣ་ཚོགས་དང་པོས་དགའ་བ་སྟེ། །མཆོག་དགའ་རྣམ་པར་སྨིན་པའོ། །ཁྱད་པར་དགའ་བ་

རྣམ་པར་ཉེད། །ལྷན་ཅིག་སྐྱེས་དགའ་མཚན་ཉིད་བྲལ། །སྣ་ཚོགས་རྣམ་པ་དུ་མར་བརྗོད། །འཁྱུད་དང་འོ་ལ་སོགས་པའོ། །རྣམ་སྨིན་དེ་ལས་ལྡོག་པ་སྟེ། །ཡང་དག་བདེ་བའི་ཡེ་ཤེས་སྤྱོད། །རྣམ་ཉིད་མཐུན་པར་གསུངས་པ་སྟེ། །བདེ་བའི་རང་བཞིན་ཀྱང་སྤྱོད་བྱེད། །

མཚན་ཉིད་དང་བྲལ་གསུམ་པོ་ལས། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །དེའི་ཕྱིར་གསུངས་པ། ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་པ། །གསུམ་པོ་སྤངས་ལས་དེ་ཉིད་ནི། །ལྷན་སྐྱེས་བྱང་ཆུབ་ཅེས་བརྗོད་དོ། །འདིར་དོན་

དེ་ཉིད་དཔལ་གསང་བ་འདུས་པ་ལས་ཀྱང་གསུངས་ཏེ། བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་སྦྱོར། །གང་དེ་བསྙེན་པར་གསུངས་པ་སྟེ། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཉེ་བར་སྒྲུབ་པ་ཞེས་བརྗོད་དེ། །ཧཱུཾ་ཕཊ་ཡི་གེ་ཡང་དག་ལྡན། །སྒྲུབ་པ་ལ་ནི་གཡོ་བར་གསུངས། །ངོ་བོ་ཉིད་ཀྱི་

Vol. 62 · folio 317a

རང་བདེ་ཞི། །སྒྲུབ་པ་ཆེན་པོ་ཞེས་བརྗོད་དོ། །བསྒྲུབ་བྱ་དང་ནི་སྒྲུབ་བྱེད་དག །རྡོ་རྗེ་རབ་ཞུགས་མཐའ་མར་དགའ། །ཤིན་ཏུ་བསྐྱོད་པའི་བྱང་སེམས་ཀྱིས། །མཐའ་ལ་མཆོག་ཏུ་དགའ་བའོ། །འཛག་ལས་ཆགས་པ་དང་བྲལ་བའི། །འདི་དག་གི་དབུས་ལ་གང་གི་

ཚེ་རང་གི་ཞི་བའི་བདེ་བར་གྱུར་པ་དེའི་ཚེ་བསྒྲུབ་བྱ་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པའི་དོན་དེ་ཉིད་ཀྱི་ཕྱིར་གསུངས་པ། ཐོག་མ་ཐ་མ་དག་མིན་དབུས། །སྲིད་དང་མྱ་ངན་འདས་པའང་མིན། །འདི་ནི་མཆོག་ཏུ་བདེ་ཆེན་ཏེ། །སོ་སོར་རང་གི་རིག་པ་ཡི། །སླར་ཡང་གསུངས་ཏེ། ཆགས་

བྲལ་ལས་ནི་མྱང་འདས་དང་། །མཆོག་ཏུ་དགའ་བ་སྲིད་པར་བཤད། །རབ་ཏུ་བདེ་བ་ཙམ་གྱིས་ཀྱང་། །ལྷན་ཅིག་སྐྱེས་པ་རྣམ་པར་སྤངས། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །སྐད་ཅིག་སྣ་ཚོགས་ཉིད་ནི་སྤངས། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་

གཟུང་བར་བྱ། །ཇི་སྲིད་བྱང་ཆུབ་མཐར་ཐུག་པར། །སེམས་ཅན་དོན་གྱི་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པ་སྟེ། དེའི་ཕྱིར་ཇི་ལྟར་རྣམ་པ་གསུམ་པོ་དབྱེར་མེད་པར་གསུངས་ཏེ། རྒྱུ་དང་འབྲས་བུ་གཞན་མིན་ཕྱིར། །རྣམ་གསུམ་སྔོན་དུ་རབ་ཏུ་གྲགས། །ཁྱད་པར་དགའ་བའི་དབུས་དག་

ཏུ། །བཞི་པའི་རྣམ་པར་གྲགས་པའི་ཕྱིར། །ཇི་ལྟར་ཞེ་ན་འདི་དག་གིས། །དབུས་མ་ལ་ནི་རབ་ཏུ་བཤད། །མཆོག་མཐའ་དབུས་མ་དགའ་བྲལ་དང་། །སྟོང་དང་སྟོང་མིན་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པའི་ཚིག་ལས་སྟོང་དང་སྟོང་མིན་ཇི་ལྟར་ཞེ་ན། ཐོག་མ་ཐ་མ་མེད་ཞི་བ། །འདི་

གསལ་ངོ་བོའི་བདག་ཉིད་རིག །སྟོང་དང་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་ཤེས་པར་བྱ། །ཞེས་པ་ནི་གྲུབ་པའི་མཐའོ། །དེ་ཐབས་གང་གིས་སྒྲུབ་པར་བྱེད་ན། དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ཐབས་ཀྱིས་རང་བྱིན་གྱིས་བརླབས་པའི་རིམ་པས་རྒྱས་པར་ཤེས་

པར་བྱ་སྟེ། འདི་དང་འདིས་མྱ་ངན་ལས་འདས་པ་གང་དང་གང་ལས་ན། སོ་སོ་རང་རིག་ཡེ་ཤེས་འདི། །ཇི་སྐད་གསུངས་བཞིན་འདས་པའི་ཡུལ། །དེ་ཡི་གོ་འཕང་ལ་གནས་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །གཞན་ཡང་གསུངས་ཏེ། ལྷན་ཅིག་སྐྱེས་པར་གསུངས་པ་ལས།

Vol. 62 · folio 317b

གཞན་ནི་གང་དུའང་རྙེད་མི་འགྱུར། །བླ་མའི་རིམ་པ་ཉེར་བསྟོད་དང་། །བསོད་ནམས་ཉིད་ལས་བདག་གིས་ཤེས། །བླ་མའི་ཞབས་ཀྱི་དྲིན་གྱིས་ནི། །རང་ཉིད་བསོད་ནམས་ཚེ་དགའ་དང་། །འཛིན་ལས་སྐྱེས་ཕྱིར་ཡེ་ཤེས་ནི། །ཇི་སྐད་གསུངས་བཞིན་འདས་སྤྱོད་ཡུལ། །དེ་བཞིན་

དུ་ཡང་གསུངས་ཏེ། བྱེད་པ་དང་བྲལ་འགྲོ་ལ་རྟག་ཏུ་ཤར། །བདེ་བའི་རྒྱལ་པོ་གཅིག་ཉིད་རྒྱལ་གྱུར་ཅིག །གང་ཞིག་གང་གིས་རྗོད་པར་བྱེད་པ་ཡང་། །ཐམས་ཅད་མཁྱེན་པ་ཚིག་གིས་ཕོངས་པར་གྱུར། །དེ་ཡི་དེ་ཉིད་བླ་མའི་གསུང་ལས་སློབ་མས་རྟོགས་པར་འགྱུར། །

ལྷན་སྐྱེས་གནས་སྐབས་བདུད་རྩི་རོ་ནི་གང་དུ་སྨྲས་ཤིང་ཇི་ལྟ་བུ། །བློ་ཡི་སྤྱོད་ཡུལ་མ་ཡིན་ཚིག་གི་སྤྱོད་པ་མ་ཡིན་ཞིང་། །རིང་དུ་གྱུར་ཏེ་བླ་མས་དངོས་པོའི་གཏམ་གྱི་འཇུག་པས་སྟོང་། །རྒྱུད་ཀྱི་རིམ་པས་སྙིང་རྗེ་ལ་སོགས་ཡོན་ཏན་གྱིས་ཞུགས་པ། །དད་པ་དང་ལྡན་སྙིང་ལ་གང་དུ་རང་

ཉིད་ཀུན་ནས་སྟེར་བར་བྱེད། །ཅི་སྟེ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཅི་ཞེ་ན། དེ་གསུངས་པ། དབང་པོ་རྣམས་ནི་རང་ཉིད་ཇི་བཞིན་ཡིད་ནི་ནང་ཞུགས་བཞིན། །ཚིག་ནི་ཉམས་བཞིན་འཇུག་པ་བཞིན་སྨྲ་ལུས་ནི་ཡང་དག་བདེ་བས་རྒྱལ། །དབང་པོའི་ཚོགས་ནི་ཉམས་ཤིང་འཇུག་མེད་

ཅིང་། །རྣམ་རྟོག་མ་རྫོགས་སྲིད་པའི་ས་བོན་ནོ། །དགའ་བའི་རང་བཞིན་འདི་ནི་ནམ་མཁའི་མེ་ཏོག་བསིལ་བའི་རོ་མྱོང་བ། །དབང་པོ་ཇི་ལྟར་རྣམ་པ་ཞི་གྱུར་ཉམས་པའི་རང་བཞིན་ནོ། །དེ་ཡི་འབྲས་བུ་ལྷན་ཅིག་སྐྱེས་པའི་དགའ་བ་ལུས་ཀྱི་མེ་ཏོག་བླ་མའི་ཞབས་ལ་དྲིས། །དེ་ཉིད་

གསུངས་པ། ཡུལ་རྣམས་མཉམ་དུས་གྱུར་པ་ཡི། །ཞི་བ་གང་དེ་ཕྱག་འཚལ་ལོ། །དབང་པོ་རྣམས་ནི་མཚུངས་པ་ཡིས། །གང་གིས་མངོན་པར་དགའ་བ་ཡི། །སྐུ་ནི་ཤིན་ཏུ་གཅིག་པུ་མཛེས། །གང་དུ་ཡང་ནི་སད་གྱུར་པ། །མཁས་པས་ཡིད་ལ་བཅག་པར་གྱིས། །དེའི་

ཕྱིར། བློ་ཡང་མཐའ་དག་རྣམ་རྟོག་བཅོམ་ནས་ནི། །གང་འདིར་བདེ་བ་དམ་པའི་སྟོབས་བྱེད་དོ། །མཁས་པས་དེ་ཡང་བྱ་བ་བྱ། །གཞན་ཡང་ཕུན་ཚོགས་བསམ་ཡོད་པས། །འདི་ལ་རེ་ཞིག་ཞལ་གྱི་བློ་གྲོས་རྒྱ་ཆེན་པོས་སོ། །དེའི་ཕྱིར་ཡང་དག་པའི་བླ་མ་དམ་པ་ལ་སློབ་

Vol. 62 · folio 318a

ལ་སློབ་མ་དམ་པས་གུས་པར་བྱའོ། །སྐུ་གསུམ་གྱི་རྗེས་སུ་འཇུག་པ་བདེ་བ་ཆེན་པོའི་ཚུལ་སོ་སོ་རང་གིས་རིག་པར་བྱའོ། །ཤེས་རབ་ཡེ་ཤེས་མཆོག་གི་དབང་། །བྱ་བ་བྱེད་པ་འདིར་བཤད་དོ། །དེ་རིང་བདག་སྐྱེས་འབྲས་བུར་

བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་པ་ནི་དབང་བཞི་པའི་ཆོ་གའོ།། །།ད་ནི་མེའི་བྱ་བ་བརྗོད་པར་བྱ་སྟེ། དེ་ལ་རྒྱས་པའི་ཐབ་ཁུང་གི་མཚན་ཉིད་ནི། ཁྲུ་དོའི་ཚད་ཀྱི་རང་བཞིན་ཅན་མེ་

ཐབ་ཀྱི་རྣམ་པར་བྱའོ། །དེ་ལ་ཡང་སྲེག་རྫས་ཀྱི་དངོས་པོ་དང་རྗེས་སུ་མཐུན་པའི་རིང་ཐུང་དང་ཟླུམ་པོ་བྱའོ། །ཕྱེད་དུ་བརྐོས་ལ་ཡང་ན་ཆ་གསུམ་དུ་བྱས་པའི་ཆ་གཉིས་བརྐོས་ལ་ཐབ་ཁུང་གི་ཆ་དྲུག་གི་ཆ་གཅིག་གི་ཚད་ཀྱིས་ཆུར་བྱ་ཞིང་སྟེགས་བུ་ཡང་འདི་ཡིས་སོ། །དེ་རྣམས་ཀྱི་ནང་གི་རི་

མོ་ནི་སྟེགས་བུའི་ཚད་ཀྱི་ཕྱེད་དོ། །ཕྱིར་ཡང་སྟེགས་བུ་བྱའོ། །དེའི་ཕྱི་རོལ་དུ་རྨིག་པ་དང་བ་རནྷ་ལ་སོགས་པ་ཇི་ལྟར་མཛེས་པར་བྱའོ། །ཐབ་ཁུང་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པ་བྲི་བར་བྱའོ། །དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བྲི་བར་བྱའོ། །ཕྱོགས་ཀྱི་རྩིབས་རྣམས་ལ་

མི་བསྐྱོད་པ་ལ་སོགས་པའི་མཚན་མ་རྣམས་བྲི་བར་བྱའོ། །སྟེགས་བུའི་ཕྱོགས་རྣམས་སུ་འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེའི་ཕྲེང་བའོ། །མཚམས་བཞི་རུ་ཟླ་བ་ལ་རྡོ་རྗེ་བྲི་བར་བྱའོ། །དེ་ཡང་ཐབ་ཁུང་གྲུ་བཞི་པའམ་རིན་པོ་ཆེ་ཆ་བརྒྱད་པའི་རྣམ་པ་ལྟ་བུའམ་པདྨའི་

རྣམ་པའམ་ཡང་ན་འཁོར་ལོའི་རྣམ་པ་བྱའོ། །དེ་ནས་ཐབ་ཁུང་གི་ནང་དུ་སྟེགས་བུ་རྣམས་ལ་ཨོཾ་བཛྲ་སཏྭ་ཨཿ། ཞེས་པ་འདིས་ལན་བདུན་མངོན་པར་བཟླས་པའི་ཤིན་ཏུ་རིང་བ་ཡང་མ་ཡིན་ཤིན་ཏུ་ཐུང་བ་ཡང་མ་ཡིན་པའི་ཀུ་ཤ་གཉིས་སློབ་དཔོན་གྱི་གཡོན་ནས་བརྩམས་ཏེ་གཡས་སྐོར་གྱིས་

ཤར་དུ་རྩེ་མོ་བསྟན་པ་དང་ལྷོ་རུ་རྩེ་མོ་དང་ནུབ་ཏུ་རྩེ་མོ་དང་བྱང་དུ་རྩེ་མོ་བསྟན་ནས་དགོད་པར་བྱའོ། །ཨོཾ་ཨ་མི་ཀུ་ཤཱ་དི་བྱཱཿས་བི་ཏྲཱ་བྲ་ཧྨ་དེ་བ་ཏཱཿ། བུདྡྷ་དྷརྨ་སཾ་གྷ་ར་ཏཱཿ། པྲྀ་ཐཱི་ཛཱ་ཏྭ་དི་ཡ་གརྦྷཱཿ། སརྦ་བིགྷྣཱཾ་ཤཱནྟིཾ་ཀུརྦནྟུ་སྭསྟི་སྭཱ་ཧཱ། ཨོཾ་ཀུ་ཤ་འདི་ནི་ལྷ་རྣམས་ཀྱི། །ལྷ་རྣམས་ཚངས་པའི་དག་བྱེད་

Vol. 62 · folio 318b

དེ། །སངས་རྒྱས་ཆོས་དང་དགེ་འདུན་མཉེས། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བགེགས་རྣམས་ཞི་བར་མཛད་དུ་གསོལ། །སྭསྟི་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤས་ཐབ་ཁུང་གི་ཕྱིར་དགམ་པར་བྱའོ། །དེ་ནས་པཱ་ལ་ཤ་དང་ཨུ་དུམྺཱ་ར་དང་། ཨ་ཤྭཏྠ་

དང་། ཨ་མྲ་དང་། ཀ་དཾ་པ་ཀཱ་དང་ཀཾ་ཀེ་ལི་དང་ཙཱུ་ཏ་དང་ཡཀྵཾ་ག་དང་པཀྵ་དང་བ་དྷ་ལ་སོགས་པའི་འོ་མ་ཅན་གྱི་ཤིང་ལས་བྱུང་བ་མཐེའུའི་ཚད་ཙམ་སྲིད་དུ་རིང་བ་འོ་མ་ཅན་དང་མངར་བ་དང་། རོ་བསྐ་བའི་བུད་ཤིང་རྣམས་ཕུང་པོར་བརྩིགས་ཏེ། དགེ་འདུན་དང་རྒྱལ་པོའི་ཕོ་བྲང་དང་རྒྱལ་པོ་ལ་

སོགས་པས་མཆོད་སྦྱིན་གྱི་ཤིང་བཙུགས་ཤིང་བསྲུབས་པ་ལས་བྱུང་བའི་མེ་པྲ་ཛྭ་ལྱ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ། ཞེས་པ་འདིས་མངོན་པར་བསྔགས་ནས་མེ་གཞག་པར་བྱའོ། །གཏོར་མ་ཆེན་པོ་ཡང་གཏོང་བར་བྱའོ། །རང་གི་གདན་གྱི་བྱ་བའི་ཆེད་དུ་གཡོན་གྱི་ཆར་མན་འཇིའི་སྟེང་དུ་དུང་ཆོས་གསུམ་

གཞག་པར་བྱའོ། །དེའི་སྟེང་དུ་བཟེད་ཞལ་གྱི་སྣོད་གསུམ་ཡང་གཞག་པར་བྱའོ། །དེ་ལ་གནས་པའི་དུང་དྲི་མ་མེད་པ་ལ་ཆུ་དང་མེ་ཏོག་དང་ཀུ་ཤའི་ཆུན་པོ་དང་བཅས་པ་ནི་བསང་གཏོར་གྱི་ཕྱིར་རོ། །སྦྲང་དང་འོ་མ་དང་མེ་ཏོག་དང་བཅས་པ་ནི་དབུས་སུ་གཞག་པར་བྱ་སྟེ་མཆོད་ཡོན་གྱི་

ཆེད་དུའོ། །དྲིའི་ཆུ་དང་འབྲས་ཡོས་དང་བཅས་པ་ནང་དུ་བཅུག་པ་ནི་ཞབས་བསིལ་དང་ཞལ་བསིལ་གྱི་ཆེད་དུའོ། །གཡས་ཀྱི་ཆར་ཡམ་ཤིང་དང་མེ་ཏོག་གོ། །མེ་ཏོག་བཟང་པོའི་ས་བོན་དང་། པྲི་ཡང་ཀུ་དང་། སུ་མུ་ཁའི་ས་བོན་དང་། ནཱ་ག་གེ་ཤར་དང་། པདྨ་དཀར་པོའི་ཀེ་ཤ་ར་

དང་། སྤོས་དཀར་དང་། གུར་གུམ་དང་། ག་པུར་དང་། ཙནྡན་དཀར་པོ་དང་། ཏིལ་གྱི་མར་ཁུ་དང་། ནིརྱཱ་ས་དང་། ཨ་ཀ་རུ་དང་། གུ་གུལ་དང་། རཀྟོ་ཏ་ལ་དང་། ཏིལ་ནག་པོ་དང་། འབྲས་བུ་དང་། བིལ་བའི་འབྲས་བུ་དང་། གོ་ལའི་འབྲས་བུ་དང་། འབྲས་ཡོས་དང་། སཱ་ལུ་དམར་པོ་

དང་། སོ་བ་དང་། ནས་དང་། གྲོ་དང་། སྲན་མ་མཱ་ཥ་དང་། འབྲས་མ་ཉམས་པ་དང་། ཞོ་དང་བུ་རམ་གྱི་བཟའ་བ་དང་། དཱུཪྺ་དང་། ཀུནྡ་སྦྱར་བ་དང་། ཀུ་ཤ་དང་། མངར་གསུམ་དང་། ཁུ་བའི་རིགས་དང་། བདུག་སྤོས་དང་། མེ་ཏོག་དང་། ཞལ་ཟས་དང་། དྲི་དང་མར་མེ་ལ་སོགས་པའི་

Vol. 62 · folio 319a

མཆོད་པ་དང་སྲེག་རྫས་རྣམས་དགོད་པར་བྱའོ། །དེ་ལ་མེ་འབར་བའི་དབུས་སུ་པཾ་ཡིག་ལས་སྐྱེས་པའི་པདྨར་བསམས་ལ། དེའི་སྟེང་དུ་རཾ་ཡིག་ལས་བྱུང་བའི་མེའི་དཀྱིལ་འཁོར་ལས་ཧཱུཾ་ཡིག་ལས་བྱུང་བའི་མེའི་ལྷ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི་གཡོན་ན་དབྱུག་པ་དང་སྤྱི་བླུགས་འཛིན་པ།

གཡས་ན་མཆོག་སྦྱིན་དང་བགྲང་ཕྲེང་འཛིན་པ། རྒྱན་དང་ན་བཟའ་སེར་པོ་བསྣམས་པ། མཆོད་ཕྱིར་ཐོགས་པ་དང་བཅས་པ། སྤྱན་གསུམ་པ་རལ་པའི་ཅོད་པན་ཅན་རྡོ་རྗེ་སེམས་དཔས་དབུ་བརྒྱན་པའི་མེ་ལྷ་དམ་ཚིག་སེམས་དཔའ་རྣམ་པར་བསྒོམ་པར་བྱའོ། །ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་སནྟ་མ། གྲྀ་

ཧི་ཏྭཱ་ཧུ་ཏི་མ་ཧཱ་རཾ་ཨ་སྨིན་སནྣི་ཧི་ཏོ་བྷ་བཱ་སྭཱ་ཧཱ། ཞེས་པ་འདིས་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲང་ངོ་། །ཨོཾ་ཨཱཿཊ་ཀི་ཛཿཞེས་པའི་སྔགས་འདིས་འདོད་པའི་རྒྱལ་པོའི་ཕྱག་རྒྱས་སྤྱན་དྲངས་ལ་བསང་གཏོར་བྱའོ། །ཨོཾ་ཨཱཿབཛྲ་ཡཀྵ་སརྦ་བཱ་པ་བིགྷྣཱཾ་མཱ་རཱན་བྷ་སྨིཾ་ཀུ་རུ་ཧཱུཾ་ཕཊ། ཡུངས་ཀར་ལྔའི་བཟའ་བ་ཡིས་སོ། །ཨོཾ་ཨཱཿབཛྲ་

ཀརྨ་སརྦ་ཀླེ་ཤོ་པ་ཀླེ་ཤཱགྣ་ཤཱནྟིཾ་ཀུ་རུ་ཧཱུཾ་ཕཊ། ཆུ་ཡིས་སོ། །ཨོཾ་ཨཱཿབཛྲ་རཀྵ་སརྦཱ་བ་ར་ཎ་མ་ལཱ་པ་ན་ཡ་ཧཱུཾ་ཕཊ། ཁམ་ཕོར་དཀར་པོས་སྦྱང་བར་བྱའོ། །ཨོཾ་ཨཱཿབཛྲ་སནྟི་སརྦ་པུཎྱ་ཛྙཱ་ན་སཾ་བྷཱ་རཱནྡྷ་ཀཱ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཟན་གྱིས་སྦྱང་བར་བྱའོ། །སྔགས་དེ་རྣམས་ཀྱིས་སྦྱང་བར་བྱའོ། །བསང་གཏོར་དང་མཆོད་

ཡོན་དང་ཞབས་བསིལ་དང་ཞལ་བསིལ་རྣམས་བྱས་ནས་དམ་ཚིག་པ་བལྟ་བར་བྱའོ། །ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་དི་བྱཱ་བི་ཥཱ་བི་ཥ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་མ་ཏི། ལག་པ་གཡས་པ་མི་འཇིགས་པ་སྦྱིན་པའི་རྣམ་པས་མཛུབ་མོ་གུག་པའི་རྣམ་པས་བཀུག་ནས་

གུང་མོའི་ཚིགས་གསུམ་པར་གཟུང་བར་བྱའོ། །མཐེབ་ཆེན་ལོགས་སུ་ལངས་པ་ནི་མེ་ལྷའི་དམ་ཚིག་གི་ཕྱག་རྒྱའོ། །ཨོཾ་བཛྲ་རཀྵ་ཧཱུཾ། བསང་གཏོར་གྱི་སྔགས་ནི། ཨོཾ་ཨགྣ་ཡེ་པྲ་བ་ར་སཏྐཱ་རཱ་ཡ་པྲོཀྵ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱ། བསང་གཏོར་གྱི་སྔགས་སོ། །ཨོཾ་ཨགྣ་ཡེ་པྲ་བ་ར་སཏྐཱ་རཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ།

མཆོད་ཡོན་གྱི་སྔགས་སོ། །ཨོཾ་ཨགྣ་ཡེ་པྲ་བ་ར་སཏྐཱ་རཱ་ཡ་པཱ་བྱཱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞབས་བསིལ་གྱི་སྔགས་སོ། །ཨོཾ་ཨགྣ་ཡེ་པྲ་བ་ར་སཏྐཱ་རཱ་ཡ་ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞལ་བསིལ་གྱི་སྔགས་སོ། །ཨོཾ་བཛྲ་ཏེ་ཛ་ཨཾ་ཞེས་པའི་སྔགས་ཀྱིས་མེའི་དམ་ཚིག་པ་གཞུག་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་

Vol. 62 · folio 319b

ཀཱ་ཡ་བི་ཤོ་དྷ་ཡ་ཧཱུཾ་སྭཱ་ཧཱ། དྲི་བཟངས་ལྔ་ལ་སོགས་པས་ཁྲུས་བྱ་ཞིང་ཕྱིའི་མེ་ཏོག་ལ་སོགས་པའི་མཆོད་པ་དང་། སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་དྲིལ་བུ་དཀྲོལ་བར་བྱའོ། །དེ་ལ་བསང་གཏོར་ནི་སྐུ་ཐམས་ཅད་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མཆོད་

ཡོན་ནི་སྤྱི་བོ་རུའོ། །ཞལ་བསིལ་ནི་ཞལ་བསིལ་བར་བྱའོ། །སློབ་དཔོན་གྱི་ལག་པའི་འདབ་མ་ཆ་བཞི་པའི་ཆ་གཅིག་ནི་སོར་རོ། །དེའི་ཚད་ཀྱིས་མི་མཉམ་པ་ནས་ལྷག་པར་སོར་སུམ་ཅུ་རྩ་བརྒྱད་ཀྱིས་ཚོགས་པའི་དགང་གཟར་གྱི་སྲིད་ཀྱི་ཚད་དོ། །དེ་ལ་སུམ་འགྱུར་གྱི་ཚད་ཀྱི་ས་འོག་ཏུ་རྡོ་རྗེ།

ཡུ་བའི་སྟེང་དུ་སོར་གསུམ་པའི་ཚད་ཀྱིས་རིན་པོ་ཆེའོ། །དེའི་སྟེང་དུ་མི་མཉམ་པ་ནས་ཀྱིས་ལྷག་པའི་སོར་བཞིའི་ཚད་ཀྱི་གྲུ་བཞི་པའི་ཁའོ། །དེའི་སུམ་ཆས་སྟེང་དུའོ། །མཐིལ་དུ་དབུས་སུ་ཆུ་སྐྱེས་འདབ་མ་བརྒྱད་པའི་ཟེའུ་འབྲུའི་སྟེང་དུ་གནས་པའི་རྡོ་རྗེ་རྩེ་ལྔ་པའོ། །མཐའ་སྐོར་དུ་

སོར་གཉིས་ཀྱི་ཁ་ཁྱེར་ཅན་ནོ། །དེའི་ཕྱི་རུ་དེའི་ཚད་བབས་པའི་མཆུ་པདྨའི་འདབ་མ་ལྟ་བུ། དེའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་སོར་གསུམ་པའོ། །ནང་ནས་བཅུད་ཀྱི་རྒྱུན་འབབ་པའི་བུ་ག་མཐེའུ་ཆུང་གི་ཚད་ཙམ་དབུས་ནས་བྱའོ། །དེ་དང་སོ་སོའི་ཁྱད་པར་ཡུ་བའི་སྟེང་དུ་ཟླུམ་པོ་སོར་གསུམ་པའི་

ཚད་དོ་ཞེས་པ་ནི་བླུགས་གཟར་རོ། །དགང་གཟར་རྗེས་སུ་མཐུན་པའི་ཡུ་བ་ལ་རྡོ་རྗེས་རིན་པོ་ཆེ་དག་གིས་མཚན་པས་བརྒྱན་པ་སོར་གཉིས་པ་པདྨའི་འདབ་མའི་རྣམ་པ་ལ་སོར་གཉིས་གཏིང་དུ་ཟས་པ་སྟེ། ལུས་ཀྱི་དགའ་བ་ལ་སོགས་པ་སྟེང་དུ་ས་སུ་རྡོ་རྗེས་མཚན་པ་ནི་བླུགས་

གཟར་རོ། །དགང་བླུགས་དེ་ཡང་གསེར་དང་ཟངས་མ་ལ་སོགས་པའི་རྫས་ལས་བྱུང་བའོ་ཞེས་པ་ནི་དགང་བླུགས་ཀྱི་མཚན་ཉིད་དོ། །དེ་ནས་མེའི་ཞལ་ནས་རཾ་ཡིག་ལས་ནས་འབྲུའི་ཚད་ཙམ་གྱིས་རྡོ་རྗེ་དཀར་པོ་རྣམ་པར་བསྒོམས་ལ། པུས་མོའི་བར་དུ་གནས་པའི་བླུགས་གཟར་གྱི་

མེ་ལྷའི་ཞལ་དུ་རང་གི་སྔགས་ཀྱིས་སྦྱངས་ཏེ་མར་གྱི་དགང་བླུགས་དབུལ་ལོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། དེ་ནས་མར་ལ་རྩེ་མོ་བསྙུགས་པའི་ཡ་མ་ཤིང་རིམ་པ་བཞིན་དུ་སྦྱིན་སྲེག་བྱའོ། །ཨོཾ་བཛྲ་ཨརྐཱ་ཡ་སྭཱ་ཧཱ། ཨརྐཱའི་འོ། །ཨོཾ་བཛྲ་སོ་མ་ཡ་སྭཱ་ཧཱ། པ་ལ་ཤའོ། །ཨོཾ་བཛྲོད་ག་རཱ་ཡ་སྭཱ་ཧཱ། སེང་ལྡེང་

Vol. 62 · folio 320a

གིའོ། །ཨོཾ་བཛྲ་བུདྷཱ་ཡ་སྭཱ་ཧཱ། ཨ་པ་མརྒཱའི་འོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའིའོ། །ཨོཾ་བཛྲ་ཡཀྵཱ་ཡ་སྭཱ་ཧཱ། ཨུ་དུམ་རའིའོ། །ཨོཾ་བཛྲ་ཤ་ནེ་ཤྩ་རཱ་ཡ་སྭཱ་ཧཱ། ས་མྱའིའོ། །ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། ཨ་ཤྭདྠའི་འོ། །ཨོཾ་བཛྲ་ལཱ་ཏཱ་ཡ་སྭཱ་ཧཱ། པཱ་ལ་ཤའི་འོ། །ཨོཾ་པྲ་ཧྨ་བི་ཛཱ་ཡ་སྭཱ་ཧཱ། ཚངས་པའི་ཤིང་

གིའོ། །ཨོཾ་མ་དྷུ་ནེ་སྭཱ་ཧཱ། སྦྲང་ཤིང་གིའོ། །ཨོཾ་ཨ་ཤྭ་ཀཱ་ཡ་སྭཱ་ཧཱ། མྱ་ངན་མེད་པའི་ཤིང་གིའོ། །ཨོཾ་སརྦ་པཱ་པཾ་པྲ་ཤ་མ་ན་ཡ་སྭཱ་ཧཱ། བེ་ཀཾ་ཀའི་འོ། །ཨོཾ་བཛྲ་ས་ཧ་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའི་འོ། །ཨོཾ་སརྦ་ཀླེ་ཤ་པ་ཤ་མ་ནཱ་ཡ་སྭཱ་ཧཱ། ཀ་དམྤ་དང་གཾ་བ་རི་ལ་སོགས་པ་རྣམས་ཀྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་

སྭཱ་ཧཱ། ཀུ་ཤ་རྣམས་ཀྱིའོ། །ཨོཾ་བཛྲཱ་ཡུ་ཥེ་སྭཱ་ཧཱ། དཱུཪྺ་ཀུནྡ་དང་བཅས་པའི་འོ། །ཨོཾ་སརྦ་པཱ་བི་ད་ཧ་ན་བཛྲཱ་ཡ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཏིལ་རྣམས་ཀྱིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་ཉམས་པ་རྣམས་ཀྱིའོ། །ཨོཾ་བཛྲ་བེ་གཱ་ཡ་སྭཱ་ཧཱ། ནས་རྣམས་ཀྱིའོ། །ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ། གྲོ་རྣམས་ཀྱིའོ། །

ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། སོ་བ་རྣམས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མོན་སྲན་གྲེའུའི་འོ། །ཨོཾ་བཛྲ་ལཱ་ཛཱ་ཡ་སྭཱ་ཧཱ། འབྲས་ཡོས་ཀྱིའོ། །ཨོཾ་སརྦཱ་རྠ་སིདྡྷཱ་ཡ་སྭཱ་ཧཱ། ཡུངས་ཀར་གྱིའོ། །ཨོཾ་སརྦ་སཾ་པཱ་དེ་སྭཱ་ཧཱ། ཞོ་དང་བུར་ཟན་འདྲེས་མའི་འོ། །ཨོཾ་བཛྲ་པྲི་ཡ་ཏ་མཱ་ཡ་སྭཱ་ཧཱ། པྲི་ཡ་ངྐུའི་མེ་ཏོག་རྣམས་ཀྱིའོ། །ཨོཾ་ཨཿབཛྲ་

དཪྴ་ནེཿཕ་ལཱ་ཡ་སྭཱ་ཧཱ། ཀོ་ལའི་འབྲུ་རྣམས་ཀྱིའོ། །ཨོཾ་ག་ག་ནེ་ག་ག་ནེ་པི་ལོ་ཀི་ཏེ་ཧཱུཾ་ཕཊ། ཏེ་ཛྭ་རཱ་ཛ། ཆེ་གེ་མོའི་པུཥྚིཾ་ཀུ་རུ་སྭཱ་ཧཱ། བིལ་བ་ལ་སོགས་པ་ཤིང་ཐོག་རྣམས་ཀྱིའོ། །དེ་ཉིད་གསུམ་གྱི་མཐར་སྭཱ་ཧཱ་སྦྱར་ཏེ་གཞན་རྣམས་ཀྱི་ཡང་སྦྱིན་སྲེག་བྱའོ། །ད་ནས་པུས་མོ་དག་གི་བར་དུ་གནས་པའི་གཡས་

གཡོན་པས་མར་གྱིས་གང་བའི་དགང་གཟར་ལ་སོགས་པ་དང་ལག་པ་གཡས་པས་བླུགས་གཟར་ཁ་འོག་ཏུ་བསྟན་པ་ལ་སོགས་པའི་ཚོགས་པ་གཡས་སུ་བསྐོར་བཞིན་པས་བདག་ཉིད་དམ་ལྷའི་སྐུར་གྱུར་པས། མེ་ལྷའི་ཞལ་དུ་འཇུག་བཞིན་པས་འབྱོར་པ་ཇི་ལྟ་བ་བཞིན་དུ་ལན་གཅིག་དང་གསུམ་དང་

ལྔ་དང་བདུན་དང་ཉི་ཤུ་རྩ་གཅིག་གི་བར་དུ་དགང་བླུགས་དབུལ་བར་བྱའོ། །སྔགས་ནི། ཨོཾ་ཨགྣ་ཡེ་དཱི་བྱཱ་བི་ཥཱ་བི་ཥ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་ཆེ་གེ་མོའི་པུཥྚིཾ་ཀུ་རུ་སྭཱ་ཧཱ། དེ་ལ་ཡང་འདིར་རྫས་ཐམས་ཅད་མེ་ལྷའི་ཞལ་དུ་དབུལ་བར་བྱའོ། །ཡམ་ཤིང་དང་ཀུ་ཤ་ལ་སོགས་པ་འོད་ཀྱི་དཀྱིལ་འཁོར་

Vol. 62 · folio 320b

ལའོ། །ཞལ་ཟས་དང་བཟའ་བ་ལ་སོགས་པ་ཕྱག་ཏུའོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འབར་བའི་ཕྲེང་བ་ལའོ། །དྲི་བཟང་ནི་ཐུགས་ཀར་རོ། །མར་མེ་དང་ལྷ་བཤོས་ནི་མདུན་དུའོ། །འདིས་འདི་ལ་སྦྱིན་སྲེག་གི་འབྲུ་དང་། གླང་པོ་ཆེ་དང་། ས་གཞི་དང་། ཞིང་འཕེལ་བར་བྱེད་དོ། །

ཐབ་ཀྱི་བྱ་བས་ནི་ཁྱིམ་འཕེལ་བར་བྱེད་དོ། །མར་གྱིས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་དོ། །ཡམ་ཤིང་གིས་ནི་དཔའ་བར་བྱེད་དོ། །ཀུ་ཤས་སྲུང་བར་བྱེད་དོ། །ཡུངས་ཀར་གྱིས་ཞི་བར་བྱེད་དོ། །འབྲས་མ་ཉམས་པས་རྒྱས་པར་བྱེད་དོ། །ཏིལ་གྱིས་སྡིག་པ་སེལ་བར་བྱེད་དོ། །སོ་

བས་དོན་གྲུབ་པར་བྱེད་དོ། །མོན་སྲན་གྲེ་འུས་སྟོབས་འཕེལ་ལོ། །ནས་ཀྱིས་མྱུར་བའི་ཤུགས་སོ། །དཱུཪྺས་ཚེ་འཕེལ་བར་བྱེད་དོ། །ཚེ་རིང་བ་དང་ནད་མེད་པ་གྲོ་ཡིས་བྱེད་དོ། །སྦྲང་དང་འོ་མས་ཤེས་རབ་རབ་ཏུ་སྟེར་རོ། །ཞོ་དང་བུ་རམ་འདྲེས་མའི་བཟའ་བས་བདེ་བ་ཐམས་ཅད་

སྟེར་རོ། །ཤིང་ཐོག་གིས་ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་དོ། །བིལ་བས་བུ་དང་ཚ་རྒྱུད་ལ་སོགས་པ་རྣམ་པར་འཕེལ་བར་བྱེད་དོ། །པདྨ་དང་ཨུཏྤ་ལ་ལ་སོགས་པའི་མེ་ཏོག་གིས་ཁ་དོག་དང་གཟི་བརྗིད་འཕེལ་བར་བྱེད་དོ། །ཙནྡན་ལ་སོགས་པས་དཔལ་འཕེལ་བར་བྱེད་དོ། །

དྲི་དང་སོ་རྩིས་བཀྲ་ཤིས་པར་བྱེད་དོ། །དེ་ནས་མེ་ལ་དགེ་བ་དང་མི་དགེ་བའི་མཚན་མ་ཡོངས་སུ་བརྟག་པར་བྱ་སྟེ། དེ་ལ་རྩེ་མོ་གཅིག་ཏུ་འབར་ན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་ངོ་། །རྩེ་མོ་བཞིར་གྱུར་ན་རྒྱས་པར་འགྱུར་རོ། །ཕུང་པོ་གཅིག་ཏུ་གྱུར་ན་དོན་ཆེན་པོ་སྟེར་རོ། །རྩེ་མོ་གཉིས་མི་

ཡོ་བར་གནས་ན་བར་མའོ། །ཆུ་ཤེལ་དང་ནོར་བུའི་འོད་དང་བ་མོ་དང་ཀུནྡ་དང་ཟླ་བའི་གཟུགས་དང་ཁ་དོག་རྣམས་ནི་སྡིག་པ་ཐམས་ཅད་རྣམ་པར་ཞི་བའོ། །གསེར་དང་པུཥྤ་རཱ་ག་ལྟ་བུས་ནི་དཔག་ཏུ་མེད་པའི་ཕུན་སུམ་ཚོགས་པར་བྱེད་དོ། །ཛ་བ་དང་མྱ་ངན་མེད་པའི་མེ་ཏོག་དང་བནྡུ་ཀ་

དང་ཀིཾ་ཤཱུ་ཀ་དང་ཨིནྡྲ་གོ་པ་དང་བྱི་རུ་དང་། གསེར་བཙོ་མ་ལྟ་བུས་ནི་རྒྱལ་སྲིད་དང་དབང་ཕྱུག་ལ་སོགས་པ་ལ་དབང་དུ་བྱེད་དོ། །དུ་བ་མེད་ཅིང་སྣུམ་པ་དང་བཻ་ཌཱུརྱའི་ཁ་དོག་ལྟ་བུས་ནི་ཚེ་འཕེལ་བ་དང་ནད་མེད་པ་བྱེད་དོ། །ཨ་ག་རུ་དང་ཙམ་པ་ཀ་དང་། ཀོ་ཤཱི་ར་དང་། ཨུཏྤལ་དང་། མཱ་ལཱ་ཏཱི་

Vol. 62 · folio 321a

དང་། པདྨ་དང་སྣ་མ་དང་། སིཧླ་དང་། ཙནྡན་དང་། ག་པུར་དང་གུར་ཀུམ་དང་། གླ་བ་ལ་སོགས་པའི་དྲི་བཟང་པོ་རྣམས་ཀྱིས་རིག་པའི་གནས་ལས་འཁོར་བྱེད་པ་རབ་ཏུ་སྟེར་རོ། །པི་ཝང་དང་གླིང་བུ་དུང་དང་ཟངས་དུང་དང་རྔ་བོ་ཆེ་ལ་སོགས་པའི་སྒྲའི་དབྱངས་ཀྱིས་བདེ་བ་ཐམས་ཅད་རབ་ཏུ་སྟེར་རོ། །རྒྱལ་

མཚན་དང་ཉ་དང་བུམ་པ་དང་པདྨ་དང་དུང་དང་རལ་གྲི་དང་། ཆུ་སྐྱེས་དང་། རྔ་ཡབ་དང་། རྩེ་གསུམ་པ་དང་། གླང་པོ་ཆེ་དང་། རྟ་དང་། བཀྲ་ཤིས་དང་། དཔལ་གྱི་བེའུ་དང་། དགའ་བ་འཁྱིལ་པ་དང་། མར་གྱིས་གང་བའི་དགང་བླུགས་དང་། གདུགས་དང་གཡས་སུ་འཁྱིལ་པ་དང་། རྡོ་རྗེ་བཟང་

པོའི་རྣམ་པས་ནི་དོན་ཆེན་པོའོ་ཞེས་པ་ནི་མེའི་དགེ་བའི་མཚན་མའོ། །གཡོ་ཞིང་འཁྲུག་པར་འབར་བ་དང་མེ་དུ་བ་ཆེན་པོས་ནི་ནད་རབ་ཏུ་མང་པོར་འགྱུར་རོ། །མདངས་མེད་ཅིང་མེ་སྟག་འཕྲོ་བ་གདོང་དང་རྩེ་མོ་རྣམ་པར་འཆད་ཅིང་འཕྲོ་ཞིང་འཚེགས་པས་ནི་འཆི་བར་འགྱུར་རོ། །གཡོ་ཞིང་

གཡོན་དུ་འཁོར་བ་དང་སྐད་ཅིག་རེ་རེ་ལ་གཡོན་སྐོར་དུ་འཁོར་ཞིང་འཁྱོག་པས་ནི་ས་གཞི་དང་རིགས་ཟད་པར་བྱེད་དོ། །རྩུབ་པ་དང་མདོག་ངན་པ་དང་ཤིན་ཏུ་འདྲེས་པ་དང་ནག་པོ་དང་སྔོ་བསངས་ཀྱང་དོན་རྣམ་པར་ཉམས་པར་བྱེད་དོ། །ཆུ་ལས་སྐྱེས་པའི་སྲོག་ཆགས་ཀྱི་དྲི་དང་དྲི་མི་ཞིམ་པ་དང་མ་ཧེ་དང་

བྱི་ལ་དང་ཁྱི་དང་ཅེ་སྤྱང་གི་དྲི་དང་ར་དང་བྱ་རོག་གི་དྲི་དང་རྡུལ་གྱི་དྲི་རྣམས་ཀྱིས་རྣམ་པར་འཇིག་པ་སྟེར་བར་བྱེད་དོ། །སྤྲིན་གྱི་སྒྲ་དང་ཁྱི་དང་ཙ་ཙྪ་ཊ་དང་ཚི་སཙྪ་མ་སིཾ་མི་སི་མཱ་ཡ་མཱ་ན་དང་མི་མཉམ་པའི་དབྱངས་དང་སྒྲ་དྲག་པོས་ནི་དོན་ཉམས་པར་བྱེད་དོ། །སྲམ་དང་གཡི་དང་སྦྲུལ་རྣམས་འཇིགས་པའི་

རྣམ་པར་བྱེད་ན་མེ་དང་དགྲ་ལ་སོགས་པའི་འཇིགས་པར་འགྱུར་རོ་ཞེས་པ་ནི་མི་དགེ་བའི་མཚན་མའོ། །གལ་ཏེ་མི་དགེ་བའི་མཚན་མར་གྱུར་ན་ལས་ཐམས་ཅད་པའི་བུམ་པའི་ཆུས་ལན་བདུན་དུ་བསངས་ལ་སླར་ཡང་མར་གྱི་དགང་བླུགས་ལན་བདུན་དབུལ་བར་བྱའོ། །དེ་ནས་མེ་འོད་དང་ལྡན་པར་བྱས་

ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེ་རྣམ་པར་བསྒོམས་ཏེ་འབར་བཞིན་པའི་རྣམ་པས་མེ་ལྷའི་ཐུགས་ཀར་ཆུ་སྐྱེས་དང་ཟླ་བའི་གདན་གྱི་སྟེང་དུ་དཀྱིལ་འཁོར་གྱི་བདག་པོའི་ས་བོན་ལས་བྱུང་བའི་མཚན་མ་དང་ས་བོན་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་ས་དང་

Vol. 62 · folio 321b

བཅས་པ་རྣམ་པར་བསྒོམས་ཏེ་ཡེ་ཤེས་སེམས་དཔའ་ཡང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པར་བྱས་ཏེ། འོ་མ་དང་འོ་མ་འདྲེས་པ་བཞིན་དུ་རོ་གཅིག་པར་ལྷན་ཅིག་བྱས་ལ་དབང་བསྐུར་བར་བྱ་སྟེ། བསང་གཏོར་དང་མཆོད་ཡོན་དང་ཞབས་

བསིལ་དང་། ཞལ་བསིལ་ལ་སོགས་པ་མཆོད་པ་དང་བསྟོད་པའི་མཐར་ཐུག་པ་བྱས་ཏེ་སྦྱིན་སྲེག་བྱའོ། །སྔོན་བཞིན་དུ་དེ་ནས་གང་བའི་དགང་བླུགས་རང་གི་སྙིང་གའི་སྔགས་ཀྱིས་ལན་གསུམ་མམ་ལྔའམ་ལན་བདུན་རྣམ་ཉི་ཤུ་རྩ་གཅིག་རྣམས་མར་གྱིས་གང་བའི་དགང་བླུགས་སྲོག་ཨ་ཝ་དྷཱུ་

ཏཱིར་གྱུར་པར་བྱས་ནས་སྦྱིན་བདག་དང་བཅས་པས་དབུལ་བར་བྱའོ། །བསང་གཏོར་དང་ཞལ་བསིལ་ཡང་བྱས་ནས་ཡང་དག་པར་མཆོད་ནས་བསྟོད་པ་ཡང་བྱའོ། །དེ་ནས་ཨོཾ་ཨཱཿས་མཱ་དྷི་པ་ལཱ་ཡ་སྭཱ་ཧཱ། ཤིང་ཐོག་འབུལ་བའི་སྔགས་སོ། །ཨོཾ་ཨཱཿབཛྲ་བཱ་ས་སེ་སྭཱ་ཧཱ། གོས་ཀྱིའོ། །ཨོཾ་ཨཱཿབཛྲ་ཏཱ་མཱུ་ལཱ་

ཡ་སྭཱ་ཧཱ། སོ་རྩིའོ། །ཨོཾ་སུ་པུཥྤེ་སུ་ཀུ་ལེ་བ་ལེ་ཛྭ་ལ་ནཱི་ཡེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། པདྨ་དང་ཨུཏྤལ་ལ་སོགས་པའི་མེ་ཏོག་ལ་སོགས་པ་རྣམས་ཀྱིའོ། །ཨོཾ་དྷརྨེ་དྷརྨྨ་རཱ་ཛེ་ད་ཧ་ད་ཧ་སརྦ་བིགྷྣཱཾ་པྲ་ཤཱནྟ་པུཥྤིཾ་ཀུ་རུ་སྭཱ་ཧཱ། ཙནྡན་ཡ་སོགས་པ་དྲི་བཟངས་རྣམས་ཀྱིའོ། །ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུཾ་སྭཱ་ཧཱ། བདུག་སྤོས་

ཀྱིའོ། །ཨོཾ་ཨཱཿབཛྲཱ་ལོ་ཀེ་ཧྲཱིཿསྭཱ་ཧཱ། མར་མེའིའོ། །དེ་ནས་དཀྱིལ་འཁོར་གྱི་བདག་པོ་དཀྱིལ་འཁོར་པ་དང་བཅས་པ་རང་གི་ལུས་ལ་རྣམ་པར་གཞུག་པར་བྱའོ། །སྔོན་མ་བཞིན་དུ་མེའི་ལྷ་རྣམ་པར་བསྒོམས་ཏེ་མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པས་མཆོད་ནས། ཨོཾ་ཨཱཿཧ་བྱ་བྷུ་ཀ་ཧ་བྱ་པ་རི་ཤིཥྚ་ན་

བྷུཾ་ཛ་བྷུཾ་ཛ་ཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་རྫས་རྣམས་དབུལ་བར་བྱའོ། །མར་གྱིས་གང་བའི་དགང་བླུགས་ཀྱང་དབུལ་ལོ། །སྔགས་ནི། ཨོཾ་ཨཱཿ ཀྱེ་བྱིན་ཟ་བ་སྦྱིན་བདག་མངོན་པར་འདོད་པའི་དོན་རྫོགས་པར་གྱིས་ཤིག།པུརྞྞ་ཧུ་ཏི་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། བསང་གཏོར་དང་ཞལ་བསིལ་ཡང་ནས་

ཡང་སྔོན་བཞིན་དུ་ཤིང་ཐོག་དབུལ་བར་བྱའོ། །ཕྱིའི་མཆོད་པ་དང་བསྟོད་པ་ཡང་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པའི་ལྷའི་སྤྲིན་ཚོགས་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་བཟུང་བ་རྣམས་ཀྱིས་སྦྱིན་བདག་ལ་དབང་བསྐུར་ཞིང་ཤིས་པ་

Vol. 62 · folio 322a

བརྗོད་པར་བྱའོ། །དེ་ནས་ཆད་ལྷག་གི་ཉེས་པ་བསལ་བའི་ཕྱིར་བཟོད་པ་གསོལ་བར་བྱའོ། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་པོ་ཁྱོད་ལ་འཇོམ་པ་མཛོད། །དེ་ནས་ཨོཾ་བཛྲ་སཏྭ་ཨཿཞེས་ལན་

མང་དུ་བརྗོད་ནས་ཡི་གེ་བརྒྱ་པ་བཟླས་པར་བྱའོ། །གཏོར་མ་ཕུལ་ནས་གཤེགས་ཏེ་ལངས་ནས་དབང་པོ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ལ་ཕྱི་རོལ་དུ་གཏོར་མ་དབུལ་བར་བྱའོ། །གཡས་བརྐྱང་གི་གོམ་སྟབས་ཀྱིས་ཞལ་ཤར་དུ་ཕྱོགས་པར་གནས་ཏེ་གཡོན་པའི་རྡོ་རྗེ་བསྟན་ནས་གཡས་པའི་རྡོ་རྗེ་རེད་པའི་

ཕྱོགས་སུ་ཡང་དག་པར་བཟུང་སྟེ་སྡིགས་མཛུབ་གཡས་པའི་ལྕགས་ཀྱུས་སྤྱན་དྲང་བར་བྱའོ། །སྤྱན་འདྲེན་པའི་ཕྱག་རྒྱའོ། །དེ་ནས་མཉམ་པའི་རྐང་སྟབས་ཀྱིས་གནས་ཏེ་སྡིགས་མཛུབ་ཀྱི་ལྕགས་ཀྱུ་དང་བྲལ་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །བསང་གཏོར་དང་མཆོད་ཡོན་དང་ཞབས་བསིལ་དང་ཞལ་བསིལ་

རྣམས་ཀྱང་ཕུལ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་སྒེག་མོ་ལ་སོགས་པ་བརྒྱད་པོ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །ཨོཾ་ན་མོ་བཛྲ་སྱ་ཙ་དི་ཤི་དི་ཤི་བཛྲ་པཱ་ཎེ་རཀྵ་རཀྵ་སྭཱ་ཧཱ། །ཞེས་པ་འདིས་གཏོར་མ་དབུལ་ལོ། །དེ་ནས་གཡོན་བརྐྱང་བའི་གོམ་སྟབས་ཀྱིས་གནས་

ཏེ་སྤྱན་འདྲེན་པའི་ཕྱག་རྒྱ་ལས་སྡིགས་མཛུབ་རབ་ཏུ་བརྐྱང་སྟེ་སླར་ཡང་བརྒྱ་བྱིན་གཤེགས་སུ་གསོལ། །འཆད་པར་འགྱུར་བའི་ཡང་སྤྱན་དྲངས་པ་དང་དམ་ཚིག་པ་གཤེགས་སུ་གསོལ་བ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་གཡས་བརྐྱང་དང་མཉམ་པ་དང་གཡོན་བརྐྱང་གི་གོམ་སྟབས་

རྣམས་སོ། །བསང་གཏོར་ལ་སོགས་པའི་མཆོད་པ་རྣམས་ཀྱང་སྔོན་བཞིན་དུའོ། །སྔགས་དང་ཕྱག་རྒྱ་རྣམས་ཀྱི་ཁྱད་པར་དུ་སྟེ། སྡིགས་མཛུབ་གཡས་པ་ཐབས་ཀྱི་རྣམ་པར་བཀུག་ནས་གུང་མོའི་རྩེ་མོ་ཚིགས་གསུམ་པར་བཟུང་ནས་མཐེ་བོང་ལག་པའི་

དབུས་སུ་གཞག་པར་བྱའོ་ཞེས་པས་སྤྱན་དྲང་ངོ་། །དེའི་ཕྱག་རྒྱ་ལས་མཐེ་བོང་མཛུབ་མོའི་ལོགས་སུ་བརྟེན་པ་ནི་དམ་ཚིག་གོ། །ཨོཾ་ཨེ་ཧྱེ་ཧི་ག་སི་ལ་ཛྭ་ལ་ཛྭ་ལ་ཧ་ཧ་ཤི་ཁི་ཏོ་ལི་བི་རཱུ་པཱཀྵ་སྭཱ་ཧཱ། དེའི་ཕྱག་རྒྱས་མཛུབ་མོ་དང་མཐེ་བོ་སོར་མོའི་གཏོགས་པ་ནི། སླར་གཤེགས་

Vol. 62 · folio 322b

པ་སྟེ་འདི་ནི་མེའིའོ། །མིང་མེད་དག་རྩེ་མོར་བྱས་ཏེ་ལྷག་མ་རྣམས་ཁ་ནང་དུ་ཕྱོགས་པས་རྡོ་རྗེ་བསྡམས་ནས་སླར་ཡང་མིང་མེད་སོ་སོར་བྱས་པའི་ལྕགས་ཀྱུས་སྤྱན་དྲང་བར་བྱའོ། །འདིའི་ཕྱག་རྒྱ་ལས་ལྕགས་ཀྱུ་དང་བྲལ་ནས་ཐུགས་ཀར་བཟུང་ནས་དམ་ཚིག་གིའོ། །ཨོཾ་

ཡ་མཱ་ཡ་སྭཱ་ཧཱ། དམ་ཚིག་གི་ཕྱག་རྒྱས་ཡོངས་སུ་བསྐོར་བ་ལས་གཤེགས་སུ་གསོལ་བར་བྱའོ། །འདི་ནི་གཤིན་རྗེའིའོ། །ཁུ་ཚུར་གཡོན་པ་རྐེད་པའི་ཕྱོགས་སུ་བཞག་སྟེ། སྡིགས་མཛུབ་བཀུག་ནས་ཁུ་ཚུར་གཡས་པའི་གུང་མོ་དང་མཛུབ་མོ་དང་རལ་གྲི་འདྲེན་པ་ནི་སྤྱན་འདྲེན་པའོ། །

འདི་ཉིད་ལས་གཡོན་པའི་སྡིགས་མཛུབ་བཀུག་པ་དང་བྲལ་བ་ནི་དམ་ཚིག་གིའོ། །ཨོཾ་སརྦ་བྷཱུ་ཏ་བྷ་ཡཾ་ཀ་ར་ཀུ་རུ་ཀུ་རུ་སྭཱ་ཧཱ། འདིའི་ཕྱག་རྒྱ་ཉིད་ལས་གཡོན་པའི་སྡིགས་མཛུབ་བརྐྱང་བ་ནི་གཤེགས་སུ་གསོལ་བ་སྟེ་བདེན་བྲལ་གྱིའོ། །ཁུ་ཚུར་གཡས་པའི་མཛུབ་མོ་དང་མཐེ་བོང་དག་

སྦྱར་ཏེ། ཁུ་ཚུར་གཡོན་པའི་སྡིགས་མཛུབ་ཀྱི་ལྕགས་ཀྱུའི་རྣམ་པས་སྤྱན་དྲང་བར་བྱའོ། །དེ་ཉིད་ཀྱི་ལྕགས་ཀྱུ་དང་བྲལ་བ་ནི་དམ་ཚིག་གིའོ། །ཨོཾ་ཏྲི་ཏྲི་པུ་ན་སྟྲི་སྟྲི་ཤི་ཁི་ཏོ་ལི་བི་རཱུ་པཱཀྵ་སྭཱ་ཧཱ། གཡོན་གྱི་སྡིགས་མཛུབ་རབ་ཏུ་བརྐྱང་བ་གཤེགས་སུ་གསོལ་ཏེ་

ཆུ་བདག་གིའོ། ཁུ་ཚུར་གཡོན་པ་བསྒྲེངས་ཏེ་གུང་མོའི་ཚིགས་གསུམ་པར་མཛུབ་མོ་འཁྱིལ་བའི་རྣམ་པར་གཟུང་བར་བྱའོ། །ཁུ་ཚུར་གཡས་པ་རྐེད་པའི་ཕྱོགས་སུ་བཞག་སྟེ་མཐེ་བོང་བཀུག་པ་ནི་སྤྱན་དྲང་བའོ། །དེ་ཉིད་དུ་མཐེ་བོ་གཡས་པ་རབ་ཏུ་བཅུག་པས་དམ་ཚིག་

གིའོ། །ཨོཾ་སུ་ས་ཁ་ཁཱུ་ཁ་ཁཱུཿསྭཱ་ཧཱ། འདི་ཉིད་ལས་མཐེ་བོ་རབ་ཏུ་བརྐྱང་བས་གཤེགས་སུ་གསོལ་བ་ནི་རླུང་གིའོ། །ནང་དུ་རྡོ་རྗེ་བསམས་པ་མཐེབ་ཆུང་གཉིས་རྩེ་མོར་བྱས་ལ། དེའི་ཕྱི་ནས་མིང་མེད་ཟུང་དག་སོ་སོར་བཟུང་ལ། གུང་མོ་གཉིས་རྩེ་མོར་བྱས་པ་རྡོ་

རྗེའི་རྣམ་པས་སྤྱན་དྲང་བར་བྱའོ། །འདི་ཉིད་ལས་གུང་མོ་གཉིས་རབ་ཏུ་བཅུག་པ་ནི་དམ་ཚིག་གིའོ། །ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། །སྤྱན་དྲངས་པའི་ཕྱག་རྒྱ་ལས་གུང་མོ་གཉིས་རབ་ཏུ་བརྐྱང་བ་ནི་གཤེགས་སུ་གསོལ་བའོ་ཕྱག་རྒྱ་སྟེ་ཀུ་བེ་རའིའོ། །མཐེ་ཆུང་

Vol. 62 · folio 323a

དང་མིང་མེད་དག་མཐིལ་དུ་རྡོ་རྗེ་བཟུང་ནས་གུང་མོ་ལ་བརྟེན་ལ་གུང་མོ་རྩེ་མོར་བྱས་ལ་རྒྱབ་ཏུ་མཛུབ་མོ་རབ་ཏུ་བརྐྱང་བ་ནི་སྤྱན་དྲང་བའོ། །དེ་ཉིད་དང་བྲལ་བ་ནི་དམ་ཚིག་གོ། །ཨོཾ་ཨཱི་ཤྭ་ནཱ་ཡ་སྭཱ་ཧཱ། སྡིགས་མཛུབ་རབ་ཏུ་བརྐྱང་

བ་ནི་གཤེགས་སུ་གསོལ་བ་སྟེ་དབང་ལྡན་གྱིའོ། །སྟེང་དུ་བལྟས་ཏེ་ཐལ་མོ་སྦྱར་ནས་མཛུབ་མོ་གཉིས་བཀུག་ནས་སྤྱན་དྲང་བའོ། །འདིར་དེ་ཉིད་ལས་མཛུབ་མོ་གཉིས་སྔོན་བཞིན་དུ་གནས་པ་ནི་དམ་ཚིག་གིའོ། །ཨོཾ་ཨུརྡྷཾ་བྲཧྨ་ཎེ་སྭཱ་ཧཱ། ཨོཾ་སཱུརྱ་གྲ་ཧཱ་དྷི་པ་

ཏ་ཡེ་སྭཱ་ཧཱ། ཨོཾ་ཙནྡྲ་ན་ཀྵ་ཏྲཱ་དྷི་པ་ཏ་ཡེ་སྭཱ་ཧཱ། སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་རབ་ཏུ་བརྐྱང་བ་ནི་གཤེགས་སུ་གསོལ་བ་སྟེ་ཚངས་པ་ལ་སོགས་པ་རྣམས་ཀྱིའོ། །ལག་པ་གཉིས་ཐལ་མོ་སྦྱར་ནས་མཐེ་བོང་དག་ཟླུམ་པོའི་རྣམ་པར་བྱས་ཏེ་འོག་ཏུ་བལྟས་

ནས་མཛུབ་མོ་དག་ལྕགས་ཀྱུའི་རྣམ་པས་སྤྱན་དྲང་བར་བྱའོ། །མཛུབ་མོ་ལྕགས་ཀྱུ་དང་བྲལ་བ་ནི་དམ་ཚིག་གོ། །ཨོཾ་ཨ་དྷིཿཔྲྀ་ཐྭི་དེ་བྱེ་སྭཱ་ཧཱ། ཨོཾ་ཨ་སུ་རེ་བྷྱཿསྭཱ་ཧཱ། ཨོཾ་ནཱ་གེ་བྷྱཿསྭཱ་ཧཱ། འདིར་དེ་ཉིད་ལས་མཛུབ་མོ་གཉིས་རབ་ཏུ་བརྐྱང་བ་ནི་གཤེགས་སུ་གསོལ་བ་སྟེ་

ས་ལ་སོགས་པ་རྣམས་ཀྱིའོ། །སླར་ཡང་དཀྱིལ་འཁོར་གྱི་ཁང་པར་རབ་ཏུ་ཞུགས་ཏེ་དཀྱིལ་འཁོར་རྣམས་ལ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། གཡས་སུ་བསྐོར་བ་ལན་གསུམ་བྱས་ཏེ། དབུ་རྒྱན་དང་གོས་ཀྱི་རྒྱན་ལ་སོགས་པ་རྣམས་གནས་

ཇི་ལྟར་གཞག་པར་བྱའོ། །དེ་ཉིད་ཇི་སྲིད་བྱ་བ་མ་རྫོགས་ཀྱི་བར་དུ་ཉི་མ་སོ་སོ་ལ་བྱའོ། །ད་ནི་སྦྱིན་སྲེག་འབུམ་གྱི་རྫས་ཀྱི་ཚད་བརྗོད་པར་བྱའོ། །ཏིལ་རྣམས་ནི་སྣོད་བརྒྱ་རྩ་བརྒྱད་དགོད་པར་བྱའོ། །མར་གྱི་བུམ་པ་རྣམས་ནི་ཉི་ཤུ་རྩ་ལྔ་དགོད་པར་བྱའོ། །

སོ་བ་དང་ནས་དང་གྲོ་རྣམས་ཀྱི་སྣོད་བཅུ་གཉིས་དགོད་པར་བྱའོ། །འབྲས་མ་ཉམས་པ་རྣམས་ཀྱི་སྣོད་དགུ་དགོད་པར་བྱའོ། །ཀོ་ལ་སྟེ་རག་ཆུང་གི་འབྲས་བུ་རྣམས་ཀྱི་དང་། འབྲས་ཡོས་དང་སྲན་མ་ཤ་རྣམས་ཀྱི་སྣོད་དག་བཅུ་དགོད་པར་བྱའོ། །རྫས་རང་

Vol. 62 · folio 323b

བ་སྟེ་བིལ་བ་རྣམས་ཀྱི་ཉི་ཤུ་རྩ་ལྔའོ། །རྫས་ལྷག་མ་རྣམས་ནི་ཇི་ལྟར་འབྱོར་པའོ། །ཡམ་ཤིང་རྣམས་ནི་གཟའ་ཉི་མའི་ཉིན་མོ་ཨརྐའི་བཅུ་གཉིས་སོ། །ནྱ་གྲོ་དྷའི་ཉི་ཤུ་རྩ་ལྔའོ། །ཟླ་བའི་ཉི་མ་ལ་པ་ལ་ཤའི་ཉི་ཤུའོ། །ཨ་མྲའི་བཅུ་བདུན་ནོ། །པ་བ་སངས་ཀྱི་

ཉི་མ་ལ་ཨུ་དུམྺཱ་རའི་བཅུ་དགུའོ། །ཀ་དམྤའི་བཅོ་བརྒྱད་དོ། །ས་སྐྱེས་ཀྱི་ཉི་མ་ལ་སེང་ལྡེང་གི་ཉི་ཤུ་རྩ་གཅིག་གོ། །ཥཱ་ལའི་ཉེར་དྲུག་གོ། །ལག་གི་ཉི་མ་ལ་ཨ་པ་མརྒའི་ཉི་ཤུ་རྩ་གཉིས་སོ། །བླ་ཀྵའི་བཅོ་ལྔའོ། །ཕུར་བུའི་ཉི་མ་ལ་ཨ་ཤྭཏྠའི་ཉི་ཤུ་རྩ་

བཞིའོ། །སྦྲང་ཤིང་གི་བཅུ་གསུམ་མོ། །སྤེན་པའི་ཉི་མ་ལ་ས་མྱའི་བཅུ་བཞིའོ། །མྱ་ངན་མེད་པའི་ཉི་ཤུ་རྩ་གསུམ་མོ། །ཡམ་ཤིང་ལྷག་མ་རྣམས་ཇི་ལྟར་འབྱོར་པའོ། །ད་ནི་ཆོ་ག་བཤད་པར་བྱ་སྟེ། དང་པོར་རེ་ཞིག་གཙུག་ལག་ཁང་ལ་སོགས་པའི་རབ་ཏུ་གནས་པར་བྱ་བར་འདོད་

པའི་སྦྱིན་བདག་གིས་སློབ་དཔོན་དག་དང་སློབ་དཔོན་གྱི་ཁང་པར་སོང་སྟེ་བཤད་པ་བཞིན་མཎྜལ་བྱས་ནས་དྲི་བཟང་དང་མེ་ཏོག་གི་ཕྲེང་བ་དང་སོ་རྩི་ལ་སོགས་པ་དང་གོས་ཟུང་དག་སོ་སོར་ཕུལ་ནས་གསོལ་བ་གདབ་པར་བྱའོ། །ཀྱེ་ཁྱབ་བདག་ཆེན་པོ་མགོན་པོ་སྟོན་པ་ཁྱོད་ཉིད་ལ་བདག་གསོལ་བ་

འདེབས་ཏེ། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་གདོན་ཅིང་སངས་རྒྱས་ཉིད་ལ་དགོད་པ་དང་ཁྱེད་རྣམས་ཀྱི་ཡང་མཆོད་པའི་ཕྱིར་གཙུག་ལག་ཁང་ལ་སོགས་པའི་རབ་ཏུ་གནས་པ་དང་དཀྱིལ་འཁོར་ཆེན་པོ་བྲི་བ་དང་སྦྱིན་སྲེག་གི་བྱ་བ་ཡང་ཁྱེད་ཀྱིས་མཛད་པར་ཞུ་

ཞེས་པས་གསོལ་བ་གདབ་པར་བྱའོ། །གང་བྱེད་པ་དེ་བསྒྲུབ་པར་བགྱིའོ་ཞེས་སོ། །དེ་ནས་དུར་ཁྲོད་བརྒྱད་ཀྱི་མཆོད་པ་བྱ་བའི་ཕྱིར་སློབ་དཔོན་གྱིས་བདག་པོའི་སྔགས་འབུམ་དང་དཀྱིལ་འཁོར་བའི་ཁྲི་ཕྲག་རེ་རེ་སོ་སོར་བཟླས་པར་བྱའོ། །དེ་ནས་དུར་ཁྲོད་

ཀྱི་མཆོད་པ་གསུངས་པ་རེ་ཞིག་ཤར་ཕྱོགས་སུ་ཚངས་མ་སེར་མོའོ། །ཨ་ཡིག་གི་ས་བོན་ལས་བརྒྱ་བྱིན་སེར་པོའོ། །སྔོན་དུ་འགྲོ་བའི་འཇིགས་བྱེད་ནག་པོའོ། །ནཱ་ག་ཀེ་ཤ་རའི་ཤིང་དང་། ཀླུ་པདྨ་ཆེན་པོ་སེར་པོ་རྣམས་ལ་གཏོར་མ་ཁྲག་དང་བ་དན་ལྔས་

Vol. 62 · folio 324a

མཚན་པ་དཀར་པོའི་ཚེས་དགུ་ལ་གཟའ་ཉི་མ་ལ་མཆོད་པར་བྱའོ། །ཨོཾ་ཧྲིཾ་ཤྲཱིཾ་ཧཱུཾ་ཧཿཔྲ་ཡཱ་གཱ་སེ་བིགྷྣཱཾ་བི་ནཱ་ཤཱ་ཡ་སྭཱ་ཧཱ། ཞིང་སྐྱོང་གི་སྔགས་སོ། །ཨོཾ་གཾ་ག་ཎ་པ་ཡ་ཏེ་ན་མཿསྭཱ་ཧཱ། ལོག་འདྲེན་གྱི་སྔགས་སོ། །ཨོཾ་ཀནྡྷ་ཡ་ན་མཿ། གཞོན་ནུའི་འོ། །ཨོཾ་མ་ཧཱ་ཀཱ་ལཱ་ཡ་ན་མཿ། ནག་པོ་ཆེན་པོའིའོ། །ཨོཾ་

བྲཧྨ་ནི་བྲཧྨ་ལོ་ཀཾ་ཨ་པ་ཏ་ར་ཤཱི་གྷྲཾ་ཧཱུཾ་ཕཊ་སྭཱ་ཧཱ། ལེགས་ལྡན་མ་སྤྱན་དྲངས་པའི་སྔགས་སོ། །ཨོཾ་ཕེཾ་ཕཊ་བྲཧྨ་ཎྱེ་ན་མཿསྭཱ་ཧཱ། མཆོད་པའི་སྔགས་སོ། །ཨོཾ་ཧཱུཾ་བྲཧྨ་ཙཎྜེ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ཨོཾ་ལཱི་ལ་ཛི་མཱུ་ཏ་སཾ་ཀཱ་ཥ་གྷོ་ར་དཾཥྚ་ཏ་ཡཱ་པ་ཧ་ཨུརྡྷ་ཀེ་ཤ་བི་རཱུ་པཱཀྵ་ཀྵེ་ཏྲ་པཱ་ལ་བྲི་ཧ་ཏ་སུ་ད་རེ་ཧཱུཾ་ཨེ་ཧྱེ་ཧི། བ་ལི་པྲ་ཏི་གྲྀཧྞ་

གྲྀཧྞ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཁ་ཁ་ཁཱ་ཧི་ཁཱ་ཧི། བྷུཾ་ཛེ་བིགྷྣཱཾ་བྷཻ་ར་བེ་ཎ་བ་ལི་པྲ་ཏི་གྲྀཧྞ་གྲྀཧྞ་ཧྲཱི་ཕཊ་སྭཱ་ཧཱ། ཞེས་པ་ནི་གཏོར་མའི་སྔགས་སོ། །བྱང་དུ་དྲག་མོ་དཀར་མོའོ། །ཀ་ཡིག་གི་ས་བོན་ལས་ལུས་ངན་སེར་པོའོ། །ཀོ་ལ་ཤི་རི་དང་། ཙཎྜ་བྷཻ་ར་བ་དམར་པོའོ། །པུཾ་ན་གའི་ཤིང་དང་ཀླུ་དུང་སྐྱོང་

སེར་པོ་རྣམས་ལ་ཤའི་གཏོར་མ་ཚེས་བཅུ་དང་གཉིས་པ་ལ་གཟའ་ཟླ་བའི་ཉི་མ་ལ་མཆོད་པ་བྱའོ། །ཨོཾ་ཧྲཱིཾ་ཤྲཱིཾ་ཧཱུཾ་ཧཿཀོ་ལ་ཤི་རི་བིགྷྣཱཾ་བི་ནཱ་ཤཱ་ཡ་ཕཊ་སྭཱ་ཧཱ། ཞིང་སྐྱོང་གིའོ། །ཨོཾ་དྲཱ་ཎཱི་རུ་དྲ་ལོ་ཀཾ་ཨ་ཝ་ཏ་ར་ཨ་ཝ་ཏ་ར་ཤཱི་གྷྲཾ་ཧཱུཾ་ཕཊ་སྭཱ་ཧཱ། སྤྱན་དྲང་བའོ། །ཨོཾ་ཕེཾ་ཕཊ་མ་ཧེ་ཤྭ་རཱི་ཡེ་ན་མཿསྭཱ་ཧཱ། རྩ་བའི་

སྔགས་སོ། །ཨོཾ་ཧཱུཾ་རུ་དྲ་ཙཎྜེ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྔོན་དུ་གསུངས་པའི་སྔགས་རྣམས་སོ། །མེར་གཞོན་ནུ་མ་དམར་མོའོ། །ཙ་ཡིག་གི་ས་བོན་ལས་མེ་དམར་པོའོ། །ཨཊྚཱཊྚ་དགོད་པའི་ཞིང་དུ་ཁྲོ་བོ་འཇིགས་བྱེད་ལྗང་གུའོ། །ཀ་རཉྫའི་ཤིང་དང་། ཀླུ་པདྨ་དཀར་པོ་

རྣམས་ལ་གཏོར་མ་ཨ་དྷ་མཎྜའོ། །ཚེས་གསུམ་མམ་བཅུ་གཅིག་ལ་གཟའ་བཀྲ་ཤིས་ལ་མཆོད་པ་བྱའོ། །ཨོཾ་ཧྲཱིཾ་ཤྲཱིཾ་ཧཱུཾ་སྭཱ་ཧཱ། ཨཊྚཱཊྚ་སྭཱ་ཧཱ། བིགྷྣཱ་ནཱ་ཤཱ་ཡ་ཕཊ་སྭཱ་ཧཱ། ཞིང་སྐྱོང་གིའོ། །ཨོཾ་ཙཀྐཽ་མ་རི་ཨུ་མཱ་ལོ་ཀཾ་ཨ་བ་ཏ་ར་ཨ་བ་ཏ་ར་ཤཱི་གྷྲཾ་ཕཊ་སྭཱ་ཧཱ། སྤྱན་དྲང་བའོ། །ཨོཾ་ཕེཾ་ཕཊ་ཀཽ་མཱརྱི་ན་མཿསྭཱ་ཧཱ། རྩ་

བའི་སྔགས་སོ། །ཨོཾ་ཧཱུཾ་རཏྣ་ཙཎྜེ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་དུའོ། །བདེན་བྲལ་དུ་ཁྱབ་མཇུག་མ་སྔོ་བསངས་སོ། །ཌ་ཡིག་གི་ས་བོན་ལས་སྲིན་པོའི་བདག་པོའོ། །རྒྱལ་བར་བྱེད་པ་དང་སྨྱོ་བྱེད་འཇིགས་བྱེད་ནག་པོའོ། །པ་ར་ཀཱ་ཌིའི་ཤིང་དང་ཀླུ་མཐའ་ཡས་སྔོན་པོ་རྣམས་ལ་

Vol. 62 · folio 324b

གཏོར་མ་པྲིཥྚི་ཀ་དང་པྲ་ཏི་སྭ་ར། ཚེས་བཅུ་བཞིའམ་བཅུ་གཉིས་ལ་གཟའ་ལག་གི་ཉི་མ་ལ་མཆོད་པ་བྱའོ། །ཨོཾ་ཧྲཱིཾ་ཤྲཱིཾ་ཧཱུཾ་ཨཿཛཱ་ཡཱནྟི་བིགྷྣཱཾ་བི་ནཱ་ཤཱ་ཡ་ཕཊ་སྭཱ་ཧཱ། ཞིང་སྐྱོང་གིའོ། །ཨོཾ་བེཥྞ་བི་ལོ་ཀཾ་ཨ་བ་ཏ་ར་ཨ་བ་ཏ་ར་ཤཱི་གྷྲཾ་ཧཱུཾ་ཕཊ་སྭཱ་ཧཱ། སྤྱན་དྲང་བའོ། །ཨོཾ་ཕེཾ་ཕཊ་བེཥྞ་བི་

ཡེ་ན་མཿསྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་ཧཱུཾ་བྷི་རི་ཙཎྜ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །ལྷོ་ཕྱོགས་སུ་ཕག་མོ་དམར་མོའོ། །ཏ་ཡིག་གི་ས་བོན་ལས་གཤིན་རྗེ་ཨེ་ཀཱཾ་བེ་ཀཱའོ། །ཐོད་པ་ཅན་དང་འཇིགས་བྱེད་དམར་སྐྱའོ། །

ཙཱུ་ཏའི་ཤིང་དང་། ཀླུ་རིགས་ལྡན་སྔོན་པོའོ། །ཚེས་ལྔ་འམ་བཅུ་གསུམ་ལ་གཟའ་བླ་མ་ལ་མཆོད་པ་བྱའོ། །གཏོར་མ་བ་དན་ལྔས་མཚན་པའོ། །ཨོཾ་ཧྲཱིཾ་ཤྲཱིཾ་ཧཱུཾ་ཧཿཨེ་ཀཾ་བྷ་ཀ་བིགྷྣཱཾ་བི་ནཱ་ཤཱ་ཡ་ཕཊ་སྭཱ་ཧཱ། ཞིང་སྐྱོང་གིའོ། །ཨོཾ་ཏ་བཱ་རཱ་ཧྲི་བྷུ་ལོ་ཀཾ་ཨ་ཝ་ཏ་ར་ཨ་བ་ཏ་ར་ཤཱི་གྷྲཾ་ཧཱུཾ་

ཕཊ་སྭཱ་ཧཱ། སྤྱན་དྲང་བའོ། །ཨོཾ་ཕེཾ་ཕཊ་བཱ་རཱ་ཧྱེ་ན་མཿསྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་ཧཱུཾ་བི་ཛ་ཡ་ཙཎྜེ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །ནུབ་ཏུ་དབང་ལྡན་མ་གུར་ཀུམ་གྱི་མདོག་ལྟ་བུའོ། །པ་ཡིག་གི་ས་བོན་ལས་སོ། །ཞིང་སྐྱོང་གི་ཆུ་

བདག་གིའོ། །རུ་རུ་བྷཻ་ར་བ་སེར་པོ་ལ་ཉའི་གཏོར་མའོ། །ཨ་ཤྭཏྠའི་ཤིང་དང་། ཀླུ་སྟོབས་ཀྱི་རྒྱུ་སྔོ་བསངས་ལ། ཚེས་དྲུག་གམ་བཅུ་བཞི་ལ་གཟའ་པ་བ་སངས་ཀྱི་ཉི་མ་ལ་མཆོད་པ་བྱའོ། །ཨོཾ་ཧྲཱིཾ་ཤྲཱིཾ་ཧཱུཾ་ཧཿར་ཎ་སྱཱཾ་བིགྷྣཱཾ་བི་ནཱ་ཤཱ་ཡ་ཕཊ་སྭཱ་ཧཱ། ཞིང་སྐྱོང་གིའོ། །ཨོཾ་པྲ་མ་ཧཾ་ན་ཏྲཱི་སུ་

ར་ལོ་ཀཾ་ཨ་བ་ཏ་ར་ཨ་བ་ཏ་ར་ཤཱི་གྷྲཾ་ཧཱུཾ་ཕཊ་སྭཱ་ཧཱ། སྤྱན་དྲང་བའོ། །ཨོཾ་ཕེཾ་ཕཊ་ཨིནྡྲཱ་ཎྱེ་ན་མཿསྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་ཧཱུཾ་གྷོ་ར་ཙཎྜེ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །རླུང་དུ་ཙཱ་མུཎྜཱི་དམར་མོའོ། །ཡ་ཡིག་གི་ས་བོན་ལས་ལྷ་མོ་མཁར་སྡུད་པའི་

འཇིགས་བྱེད་ཁ་དོག་དམར་པོའོ། །རླུང་སྔོ་བསངས་དང་ཨུ་དུམྺཱ་རའི་ཤིང་དང་ཀླུ་ནོར་རྒྱས་ཁ་དོག་དཀར་པོའོ། །ཚེས་བདུན་ནམ་བཅོ་ལྔ་ལ་གཟའ་སྤེན་པ་ལ་མཆོད་པ་བྱའོ། །གཏོར་མ་སིནྡྷུ་རས་བརྒྱན་པའོ། །ཨོཾ་ཧྲཱིཾ་ཤྲཱིཾ་ཧཱུཾ་ཧཿདེ་བི་ཀོ་ཊ་སྱེ་བིགྷྣཱཾ་བི་ནཱ་ཤཱ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཞིང་སྐྱོང་གིའོ། །ཨོཾ་ཡ་ཙཱ་

Vol. 62 · folio 325a

མུཎྜཱི་སུ་ར་ལོ་ཀ་ཨ་བ་ཏ་ར་ཨ་བ་ཏ་ར་ཤཱི་གྷྲཾ་ཧཱུཾ་ཕཊ་སྭཱ་ཧཱ། སྤྱན་དྲང་བའོ། །ཨོཾ་ཕེཾ་ཕཊ་ཙཱ་མཎྜཱ་ཡེ་ན་མཿསྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་ཧཱུཾ་ཀཱ་ལ་ཙཎྜེ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དབང་ལྡན་དུ་བཀྲ་ཤིས་ཆེན་མོ་དཀར་མོའོ། །ཤ་ཡིག་གི་ས་

བོན་ལས་འཇིགས་པར་བྱེད་པའི་འཇིགས་བྱེད་དེ་དམར་སྐྱའོ། །ཙ་རི་ཏྲའི་ཞིང་ངོ་། །ནྱ་གྲོ་དྷའི་ཤིང་དང་། དབང་ཕྱུག་དང་ཀླུའི་རྒྱལ་པོ་འཇོག་པོ་དམར་པོའོ། །ཚེས་བརྒྱད་དམ་གནམ་སྟོང་ལ་གཟའ་ཐམས་ཅད་ལ་མཆོད་པ་བྱའོ། །གཏོར་མ་ནི་ཁ་དོག་ཐམས་ཅད་པའོ། །ཨོཾ་ཧྲཱིཾ་ཤྲཱིཾ་ཧཱུཾ་ཨཿ

ཙ་རིཏྲ་ཡ་བིགྷྣཱཾ་བི་ནཱ་ཤཱ་ཡ་ཕཊ་སྭཱ་ཧཱ། ཞིང་སྐྱོང་གིའོ། །ཨོཾ་ཤ་མ་ཧཱ་ལཀྵི་སུ་ར་ལོ་ཀཾ་ཨ་བ་ཏ་ར་ཨ་བ་ཏ་ར་ཤཱི་གྷྲཾ་ཧཱུཾ་ཕཊ་སྭཱ་ཧཱ། སྤྱན་དྲང་བའོ། །ཨོཾ་ཕེཾ་ཕཊ་མ་ཧཱ་ལཀྵི་ན་མཿསྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་ཧཱུཾ་ཨ་གྲ་ཙཎྜེ་སྭཱ་ཧཱ། འཇིགས་བྱེད་ཀྱིའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་ནས་

དགེ་བའི་གཟའ་ཉེ་བར་མཚོན་ཏེ་ཚེས་གྲངས་དང་། རྒྱུ་སྐར་དང་ཡུད་ཙམ་བཟང་པོ་ལ་མེ་ཐབ་ཀྱི་རྡུལ་ཚོན་དང་སྟེགས་བུ་དང་། དབང་པོ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་ཀྱི་བུམ་པ་འཇོག་པའི་སྟེགས་སུ་ཕྱི་རོལ་དུ་གཏོར་མ་འཇོག་པའི་སྟེགས་བུ་རྣམས་ཀྱང་བྱའོ། །དེ་ལ་རྡུལ་

ཚོན་གྱི་སྟེགས་བུ་ནི། མཐེབ་ཆུང་གི་ཚད་ཀྱི་ཁྲུ་དྲུག་བྱའོ། །འདི་མི་དམའ་བར་བྱ་ཞིང་འདི་ལྷག་པས་དཀྱིལ་འཁོར་གྱི་རྗེས་སུ་འབྲངས་པས་འཕེལ་ལོ། །ཁྲུ་གང་གི་ཚད་ཀྱིས་འཇིག་རྟེན་སྐྱོང་བ་རྣམས་ཀྱི་བུམ་པའི་སྟེགས་བུའོ། །དེའི་ཚད་ཀྱི་ཕྱི་རོལ་དུ་གཏོར་མའི་སྟེགས་བུ་

བཅུ་བཞིའོ། །དཀྱིལ་འཁོར་གྱི་ཁང་པ་ལས་ཤར་ཕྱོགས་སུ་དབང་ལྡན་གྱི་མཚམས་སུ་ཁྲུས་ཀྱི་སྟེགས་བུ་ཁྲུ་བཞི་པའི་ཚད་ལ་དེའི་ཆ་ཕྱེད་ཀྱི་སྟེང་དུ་མཐོ་བར་བྱའོ། །བུམ་པ་སོ་སོ་ལ་མེ་ཏོག་དང་གཏོར་མ་དང་གདུགས་དང་དངུལ་གྱི་མིག་ཟུང་དང་གསེར་གྱི་ཐིག་

ལེ་དང་། མཚན་མ་རྣམས་དང་། གོས་དང་རིན་པོ་ཆེའི་ཐུམ་བུ་དང་། གོ་ཡུ་དང་། འབྲུ་ལྔ་དང་། སྨན་ལྔ་དང་། ལོ་མ་ལྔ་དང་། ཡུངས་ཀར་རྣམ་པ་ལྔའི་ཐུམ་བུ་དང་། དྲི་ལྔ་དང་། བདུད་རྩི་ལྔ་དང་། བའི་རྣམ་ལྔ་དང་། བ་དན་ལྔ་དང་། སྐུད་པ་རྣམས་སོ། །དབང་པོ་

Vol. 62 · folio 325b

ལ་སོགས་པ་རྣམས་ཀྱི་བ་དོ་ན་རྣམས་ནི་དེ་ལ་ཚངས་པ་དང་། དབང་པོ་དང་ས་དང་ལུས་ངན་པོ་རྣམས་ཀྱི་བ་དན་སེར་པོ་རྣམས་སོ། །གླུ་དང་དབང་ལྡན་དང་། ཟླ་བ་དང་ཆུ་བདག་རྣམས་ཀྱི་དཀར་པོ་རྣམས་སོ། །མེ་དང་ཉི་མ་དག་གི་དམར་པོའོ། །གཤིན་རྗེའི་ནག་པོའོ། །

སྲིན་པོའི་ནག་པོའོ། །རླུང་གི་ཁྲ་བོའོ། །ཐགས་བཟངས་རིས་ཀྱི་སྔོ་བསངས་སོ། །སྲིད་དུ་ཁྲུ་བཞི་པ་ཞེང་དུ་ཁྲུ་གང་གི་ཚད་དོ། །རིམ་པ་བཞིན་དུ་ཉི་མ་ལ་སོ་རྩིའི་ཐུམ་བུ་དང་གཏོར་མ་སྟོང་ཕྲག་གསུམ་བྱ་སྟེ། རྩོམ་པའི་ཉི་མ་ལ་བྱའོ། །ཉི་མ་སོ་སོ་ལ་གཏོར་མ་བརྒྱ་རྩ་བརྒྱད་བྱའོ། །ཞལ་ཟས་ཀྱང་

དེ་དང་མཉམ་པའོ། །མེ་ཏོག་རྣམ་པ་མང་པོ་རྣམས་དང་། མེ་ཏོག་གི་ཕྲེང་བ་བརྒྱུས་པ་དང་། དྲི་དང་བདུག་སྤོས་དང་། མར་མེ་རྣམས་ཀྱང་མང་པོ་རྣམས་སོ། །ཉི་མ་སོ་སོ་ལ་གུ་གུལ་སྲང་བཞི་དང་། གཏོར་མ་ཆེན་པོ་འབྲས་བྲེ་བདུན་གྱི་དང་། དེ་ལ་རྒྱུན་ལྔ་ནི་འོ་མ་ཕུལ་དོ་དང་། མཉྫ་ར་ཕུལ་དོ་དང་། ཆང་

ཕུལ་དོ་དང་། ཁྲག་ཕུལ་དོ་དང་། ཉ་དང་ཤའི་བཟའ་བ་དང་བཅའ་བ་སྣ་ཚོགས་པའི་མཆོད་པའོ། །ད་ནི་རྡུལ་ཚོན་གྱི་ཆ་བཤད་པར་བྱའོ། །རྡུལ་ཚོན་ནག་པོ་བྲེ་བཞི་དང་། རྡུལ་ཚོན་དཀར་པོ་བྲེ་གསུམ་དང་། ལི་ཁྲི་བྲེ་དོ་དང་། སྔོན་པོ་བྲེ་གང་དང་། རྡུལ་ཚོན་སེར་པོ་བྲེ་དོ་དང་། རྡུལ་ཚོན་

ལྗང་གུ་བྲེ་དོ་རྣམས་སོ། །སློབ་དཔོན་གྱི་མཆོད་པ་སོ་སོར་འབོལ་གདན་དང་། རྒྱབ་ཡོལ་དང་། གདུགས་དང་། རྐེད་པ་ལ་སྐ་རགས་དང་། མགོར་ཅོད་པན་དང་། གོས་རྣམས་དང་། གསེར་གྱི་ཐིག་ལེ་དང་། གསེར་གྱི་སོར་གདུབ་དང་། གསེར་གྱི་དོ་ཤལ་དང་། གསེར་

གྱི་དཔུང་རྒྱན་ལ་སོགས་པ་ཇི་ལྟར་ནུས་པའི་ཡོན་དང་བཅས་པས་སོ། །ཆོས་སྒྲོགས་པ་རྣམས་ལ་སོ་སོའི་མཆོད་པ་ལ་འབོལ་གདན་དང་། གདུགས་དང་། གོས་དང་། གསེར་གྱི་སོར་གདུབ་དང་། ཇི་ལྟར་ནུས་པའི་ཡོན་དབུལ་ལོ། །མེའི་ཐབ་ལ་ཡང་གོས་དམར་པོས་དཀྲི་བར་བྱའོ། །

མེ་ཏོག་གི་ཕྲེང་བ་རིང་པོ་ཡང་དཔྱང་བར་བྱའོ། །བུམ་པ་རྣམས་ལ་ཡང་མེ་ཏོག་གི་ཕྲེང་བ་རིང་པོ་དཔྱང་བར་བྱའོ། །ཏིལ་གྱི་སྣོད་དང་མཆོད་སྦྱིན་གྱི་བུམ་པ་ཟངས་མའི་སྣོད་དམ། ཉི་མ་སོ་སོ་ལ་ཇི་ལྟར་དད་པས་གསེར་གྱིས་ཀྱང་སྦྱིན་སྲེག་བྱའོ། །གཞུང་མངས་པའི་འཇིགས་པས་

Vol. 62 · folio 326a

རྒྱ་ཆེར་ནི་མ་བཤད་དོ་ཞེས་པའི་ཆོ་གས་སོ། །ད་ནི་སྟེགས་བུ་ལ་རེ་མིག་དགུའི་ཆ་བརྗོད་པར་བྱ་སྟེ། ད་ལ་ལྷའི་གནས་ཀྱི་ནང་ལ་རྒྱར་ཆ་བདུན་བདུན་དུ་ཕྱེ་བས་རེ་མིག་བཞི་བཅུ་རྩ་དགུར་འགྱུར་རོ། །དེ་ལ་དབུས་ཀྱི་རེ་མིག་ཚངས་པའི་གནས་སོ། །དེའི་ཕྱི་རུ་རེ་མིག་བརྒྱད་ལྷའི་ཆའོ། །དེའི་

ཕྱི་རོལ་དུ་རེ་མིག་བཅུ་དྲུག་མི་རྣམས་ཀྱི་ཆའོ། །དེའི་ཕྱི་རོལ་དུ་རེ་མིག་ཉི་ཤུ་ནི་ཡི་དྭགས་རྣམས་ཀྱི་ཆའོ། །དེ་ནས་རྩིག་པའི་མདུན་དུ་རེ་མིག་བཞིའི་མཐར་དེ་དང་མཉམ་པ་སྟེ་དུད་འགྲོའོ། །ནང་དུ་གྲུ་བཞི་པའི་རེ་མིག་དགུ་རྣམས་བྱའོ། །རེ་མིག་དགུ་པོ་དེ་རྣམས་ཀྱང་བྱེ་མ་རྣམས་ཀྱིས་རབ་ཏུ་བཀང་

ནས་བཅག་པར་བྱའོ། །དེ་ལ་རེ་མིག་དགུ་པོ་རྣམས་སུ་བདུད་རྩི་རྣམ་པ་ལྔ་དང་། སྨན་རྣམ་པ་ལྔ་དང་། དྲི་རྣམ་པ་ལྔ་དང་། རིན་པོ་ཆེ་རྣམ་པ་ལྔ་ཚོན་སྐུད་ལྔས་བཅིངས་ཏེ་བཅུག་ནས་དངུལ་ཆུས་ཡོངས་སུ་བཀང་སྟེ། ཟངས་མས་ཁ་བཀང་ནས་སྦྲང་གི་བུམ་པ་དགུ་གཞག་པར་བྱའོ། །ཡང་ན་

དབུས་དང་དབང་ལྡན་ལ་སོགས་པའི་ཟུར་གྱི་རེ་མིག་རྣམས་ཏེ་ལྔའོ། །ཡང་ནད་བུས་ཀྱི་རེ་མིག་གཅིག་པུའི་གཞག་པར་བྱའོ། །དེ་ལ་དུས་དབུས་སུ་རབ་ཏུ་གནས་པ་ནི་ལྷའི་སྔགས་ཀྱི་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་སོ། །ཕྱོགས་རྣམས་སུ་རང་གི་དེ་བཞིན་གཤེགས་པའི་སྔགས་ཀྱིས་སོ། །

དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་སྒོ་སྐྱོང་བཞི་པོ་རྣམས་ཀྱི་སྔགས་ཀྱིས་མངོན་པར་བསྔགས་ནས་གནས་པར་བྱའོ། །ཡང་ན་བརྒྱད་བརྒྱད་ཀྱི་ཆར་ཕྱེ་བས་རེ་མིག་དྲུག་ཅུ་རྩ་བཞི་རྣམས་སུ་འགྱུར་རོ། །དེ་ལ་དབུས་ཀྱི་རེ་མིག་བཞི་ནི་ཚངས་པའི་གནས་སོ། །དེའི་ཕྱི་རོལ་དུ་རེ་མིག་བཅུ་

གཉིས་ནི་ལྷ་རྣམས་ཀྱི་ཆའོ། །དེའི་ཕྱི་རོལ་དུ་རེ་མིག་ཉི་ཤུ་ནི་མི་རྣམས་ཀྱི་ཆའོ། །དེའི་ཕྱི་རོལ་དུ་རེ་མིག་ཉི་ཤུ་རྩ་བརྒྱད་ནི་ཡི་དྭགས་རྣམས་ཀྱི་ཆའོ། །ཡང་ན་ཆ་དགུར་ཕྱེ་བས་རེ་མིག་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་རོ། །དེ་ལ་དབུས་ཀྱི་རེ་མིག་དགུ་ནི་ཚངས་པའི་གནས་སོ། །དེའི་ཕྱི་རོལ་དུ་

རེ་མིག་བཅུ་དྲུག་ནི་ལྷ་རྣམས་ཀྱི་ཆའོ། །དེའི་ཕྱི་རོལ་དུ་རེ་མིག་ཉི་ཤུ་རྩ་བཞི་ནི་མི་རྣམས་ཀྱི་ཆའོ། །དེའི་ཕྱི་རོལ་དུ་རེ་མིག་སུམ་ཅུ་སོ་གཉིས་ནི་ཡི་དྭགས་རྣམས་ཀྱི་ཆའོ། །ད་ནི་བཞི་བཅུ་ཞེ་དགུ་དང་དྲུག་ཅུ་རྩ་བཞི་དང་བརྒྱད་ཅུ་གྱ་གཅིག་གི་རེ་མིག་རྣམས་ཀྱི་སོ་སོའི་རྣམ་དག་བརྗོད་པར་བྱའོ། །དེ་

Vol. 62 · folio 326b

ལ་ཚངས་པའི་ཐར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་པའི་རྣམ་པར་དག་པ་དབུས་ཀྱི་རེ་མིག་གཅིག་སྟེ་ཚངས་པའི་གནས་སོ། །དེའི་བྱ་བ་ཆོས་ཀྱི་སྐུའི་རྣམ་པར་དག་པ་དབུས་ཀྱི་རེ་མིག་བཞི་ཡིས་ཚངས་པའི་གནས་སོ། །ཐམས་ཅད་མཁྱེན་

པ་ཉིད་ཀྱི་རྣམ་པར་དག་པ་དབུས་ཀྱི་རེ་མིག་དགུའི་ཚངས་པའི་གནས་སོ། །དེ་ནས་དབང་ལྡན་ལ་སོགས་པའི་རེ་མིག་བརྒྱད་པོ་རྣམས་ནི་ཡུལ་འཁོར་སྲུང་དང་། སུམ་ཅུ་རྩ་གསུམ་དང་། འཕགས་སྐྱེས་པོ་དང་། མཚེ་མ་དང་། མིག་མི་བཟང་དང་། དགའ་ལྡན་དང་། ལུས་ངན་པོ་དང་། འཕྲུལ་

དགའི་གནས་རྣམས་ཀྱིའོ། །དེ་བཞིན་དུ་དབང་ལྡན་ལ་སོགས་པའི་རེ་མིག་བཅུ་གཉིས་པོ་རྣམས་ནི་ཡུལ་འཁོར་སྲུང་དང་ཚངས་རིས་དང་སུམ་ཅུ་རྩ་གསུམ་དང་། འཕགས་སྐྱེས་པོ་དང་། ཚངས་པ་མདུན་ན་འདོན་དང་། མཚེ་མ་དང་། མིག་མི་བཟང་དང་། འོད་གསལ་དང་ཚངས་པ་

ཆེན་པོ་དང་། དགའ་ལྡན་དང་། ལུས་ངན་པོ་དང་། དགེ་ཆུང་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གནས་ཀྱིའོ། །དེ་བཞིན་དུ་དབང་ལྡན་ལ་སོགས་པའི་རེ་མིག་བཅུ་དྲུག་རྣམས་ནི་ཡུལ་འཁོར་སྲུང་དང་། འོད་ཆུང་དང་། ཚངས་རིས་དང་། སུམ་ཅུ་རྩ་

གསུམ་དང་། འཕགས་སྐྱེས་པོ་དང་། ཚད་མེད་འོད་དང་། ཚངས་པ་མདུན་ན་འདོན་དང་། མཚེ་མ་དང་། མིག་མི་བཟང་དང་། འོད་གསལ་དང་། ཚངས་པ་ཆེན་པོ་དང་། དགའ་ལྡན་དང་། ལུས་ངན་པོ་དང་། དགེ་ཆུང་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་

རྣམས་ཀྱིའོ། །དེ་བཞིན་དུ་དབང་ལྡན་ལ་སོགས་པའི་རེ་མིག་ཉི་ཤུ་རྩ་བཞི་རྣམས་སུ་པྲི་ཡང་ཀུ་དང་། མཁར་བ་དང་། ཨ་མ་ལ་ཀཱི་དང་། ལུས་འཕགས་དང་། ནཱ་རཱི་ཀི་ལ་དང་། ཤྭེ་ཏ་དང་། ཡ་ན་དང་། ས་ཀཱ་ག་དང་། ཡ་བ་དང་། འཛམ་བུའི་གླིང་དང་། སིངྒ་ལ་དང་། མཆོག་སྦྱིན་དང་། ཧ་རི་ཀེ་

ལ་དང་། ནགྣ་པཱརྴ་ག་དང་། ཟངས་གླིང་དང་། གསེར་གླིང་དང་། བ་ལང་སྤྱོད་དང་། ཀླུ་དང་། བརྡྷ་མཱ་ན་དང་། རིན་པོ་ཆེ་དང་། ཀ་མ་རཾ་ག་དང་། རི་ཁྲོད་པ་དང་། སྒྲ་མི་སྙན་དང་། ཟླ་བའི་གླིང་རྣམས་ཀྱི་གནས་ནི་མི་རྣམས་གནས་པའི་འོ། །རེ་མིག་ཉི་ཤུའི་ནི་མཁར་བ་དང་། ས་ཀཱ་ག་དང་། ན་གྒ་པཪྵ་ཀ་དང་།

Vol. 62 · folio 327a

ཀ་མར་གའི་གླིང་རྣམས་སྤངས་པའོ། །རེ་མིག་བཅུ་དྲུག་རྣམས་ཀྱི་ནི་ཤྭེ་ཏ་དང་། མཆོག་སྦྱིན་དང་། བརྡྷ་མཱ་ན་དང་། གསེར་གླིང་རྣམས་ཀྱང་སྤངས་པ་ལས་སོ། །དེ་བཞིན་དུ་ཡི་དྭགས་རྣམས་ཀྱི་ཉི་ཤུ་རྩ་བཞི་དང་ཉི་ཤུ་རྩ་བརྒྱད་དང་། སུམ་ཅུ་སོ་གཉིས་ཀྱི་རེ་མིག་རྣམས་

སུ་ཙ་ཌ་ཀ་དང་། །པཱུ་ཏ་ན་ལ་སོགས་པའི་ཡི་དྭགས་རྣམས་གནས་པར་རིག་པར་བྱའོ། །དེ་ལ་གསུམ་པོ་རྣམས་ཀྱི་ནང་ནས་ཇི་ལྟར་མངོན་པར་འདོད་པར་བྱའོ། །དེ་ནས་རིན་པོ་ཆེའི་རྡོས་དགབ་པར་བྱའོ། །དེ་ཡང་རིན་པོ་ཆེའི་རྡོའི་སྟེགས་བུའི་ཚད་ནས་གསུམ་ལྷག་པའི་སོར་བཞི་པ་

གཉིས་བྱའོ། །དེ་ལ་རིན་པོ་ཆེའི་རྡོའི་རྒྱབ་ཏུ་ནས་གསུམ་ལྷག་པའི་སོར་གཉིས་ཀྱི་ཚད་གྲུ་བཞི་པ་རེ་མིག་བཅུ་གསུམ་བགོ་བར་བྱའོ། །དེ་ལ་ལྷ་དང་མི་དག་གི་དབུས་མ་དབུས་མའི་རེ་མིག་ལའོ། །དེའི་ཕྱི་རུ་ཕྱོགས་བཞིའི་རེ་མིག་རྣམས་སོ། །དེའི་ཕྱི་རོལ་དུ་ཕྱོགས་དང་མཚམས་

ཀྱི་རེ་མིག་བརྒྱད་རྣམས་སོ། །དེ་ལ་ཡང་དབུས་ཀྱི་རེ་མིག་ལ་ནས་དང་དངུལ་དྲི་མ་མེད་པ་དང་བྲི་ཧ་ཏི་དང་ཙནྡན་དཀར་པོ་རྣམས་ཀྱི་སྟེང་དུ་དངུལ་གྱི་པདྨ་ལ་གསེར་གྱི་སེང་གེའོ། །དེའི་སྟེང་དུ་རྡོ་རྗེ་ཕ་ལམ་གཞག་པར་བྱའོ། །ཨཿཨིཾ་ཨཿའདི་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །

དེའི་ཕྱི་རོལ་དུ་ཤར་གྱི་རེ་མིག་ཏུ་གྲོ་དང་། ལྡོང་རོས་དང་། ཀཎྜ་ཀ་རི་དང་གླ་བ་རྣམས་ཀྱི་སྟེང་དུ་དངུལ་གྱི་པདྨའི་སྟེང་དུ་གསེར་གྱི་གླང་པོ་ཆེ་བ་ར་ཎའོ། །དེའི་སྟེང་དུ་ཨིནྡྲ་ནཱི་ལ་གཞག་པར་བྱའོ། །ཧཱུཾ་གཾ་ཧཱུཾ་ཞེས་པ་འདི་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །ལྷོའི་རེ་མིག་ལ་འབྲས་

སོ་བ་དང་བ་བླ་དང་ས་ཧ་དེ་བ་དང་། གུར་གུམ་གྱི་སྟེང་དུ་དངུལ་གྱི་པདྨའི་སྟེང་དུ་གསེར་གྱི་རྟ་དང་དེའི་སྟེང་དུ་པུཥྤ་གཞག་པར་བྱའོ། །ཏྲཾ་བཾ་ཏྲཾ་ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །ནུབ་ཀྱི་རེ་མིག་ལ་ར་ཀཱ་ཏི་ལ་དང་མཚལ་དང་ས་ཧ་ངེ་པའི་དང་། ག་བུར་གྱི་སྟེང་དུ་

དངུལ་གྱི་པདྨའི་སྟེང་དུ་གསེར་གྱི་རྨ་བྱ་དེའི་སྟེང་དུ་པདྨ་རཱ་ག་གཞག་པར་བྱའོ། །ཧྲི་མཾ་ཧྲིཿཞེས་པ་འདིས་བརྒྱ་རྩར་ཡོངས་སུ་བཟླས་པར་བྱའོ། །བྱང་གི་རེ་མིག་ལ་སྲན་མ་ཤ་དང་སྤངས་མ་དང་གི་རི་ཀཎྞི་ཀ་དང་། སི་ལ་ཧའི་སྟེང་དུ་དངུལ་གྱི་པདྨའི་སྟེང་དུ་གསེར་གྱི་བྱ་ཁྱུང་དེའི་སྟེང་དུ་མར་ཀ་ཏ་

Vol. 62 · folio 327b

གཞག་པར་བྱའོ། །ཨ་ཀ་ཨ་ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །དེའི་ཕྱི་རོལ་དུ་རེ་མིག་བརྒྱད་རྣམས་ལ་ཤར་དུ་ཏིལ་དཀར་པོ་དང་མིག་སྨན་གྱི་ཁུ་བ་དང་མིག་སྨན་གྱི་རྩ་བ་དང་། ཨ་ཀ་རུ་རྣམས་ཀྱི་སྟེང་དུ་གསེར་གྱི་པདྨ་དེའི་སྟེང་དུ་དངུལ་གྱི་པདྨའི་སྟེང་དུ་དུད་གཞག་

པར་བྱའོ། །ཨོཾ་བཛྲ་བཛྲི་ཎི་ཧཱུཾ་ཞེས་པ་འདི་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །ལྷོ་རུ་སྲན་མུངྒ་དང་ཀོ་ཤི་ར་དང་ར་ལ་ཀའི་སྟེང་དུ་གསེར་གྱི་པདྨ་དེའི་སྟེང་དུ་དངུལ་གྱི་པདྨའི་སྟེང་དུ་མུ་མེན་གཞག་པར་བྱའོ། །ཨོཾ་རཏྣ་བཛྲ་ཎི་ཏྲཾ། འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་

བྱའོ། །ནུབ་ཏུ་འབྲས་སཱ་ལུ་དམར་པོ་དང་སོ་བ་དང་གསེར་དང་བཙག་དང་ལཀྵྨ་ཎིའི་རྩ་བ་དང་ཙནྡན་དམར་པོའི་སྟེང་དུ་གསེར་གྱི་པདྨ་དང་དེའི་སྟེང་དུ་དངུལ་གྱི་པདྨ་དང་དེའི་སྟེང་དུ་བྱི་རུ་གཞག་པར་བྱའོ། །ཨོཾ་དྷརྨ་བཛྲ་ཎི་ཧྲཱིཿའདིས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །བྱང་དུ་ཡུངས་

ཀར་དང་མཱ་ཀྵི་ཀ་དང་སྤང་སྤོས་དང་བིཥྞ་ཀྲན་ཏ་རྣམས་ཀྱི་སྟེང་དུ་གསེར་གྱི་པདྨ་དང་། དེའི་སྟེང་དུ་དངུལ་གྱི་པདྨ་དེའི་སྟེང་དུ་རིན་པོ་ཆེ་ལྗང་གུ་གཞག་པར་བྱའོ། །ཨོཾ་ཀརྨ་བཛྲ་ཎི་ཨཿཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །མེ་རུ་སྲན་ཀུ་ལཏྠ་དང་ལྷང་ཚེར་

དང་ཛཱ་ཏི་ཕ་ལ་དང་གྲེནྠིའི་ལོ་མའི་སྟེང་དུ་གསེར་གྱི་པདྨ་དང་དེའི་སྟེང་དུ་དངུལ་གྱི་པདྨའི་སྟེང་དུ་མུ་ཏིག་གཞག་པར་བྱའོ། །ཨོཾ་བཛྲ་ལཱ་སྱེ་ཧཱུཾ་ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །བདེན་བྲལ་དུ་ཟར་མ་དང་པྲི་ཡང་ཀུ་དང་བྷ་ཚོ་ར་ཀ་དང་། ཞ་ཉེའི་སྟེང་དུ་གསེར་གྱི་པདྨ་དང་དེའི་

སྟེང་དུ་དངུལ་གྱི་པདྨ་དང་དེའི་སྟེང་དུ་བྷིཥྨ་ཀཾ་གཞག་པར་བྱའོ། །ཨོཾ་བཛྲ་མཱ་ལེ་ཏྲཾ། འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །རླུང་དུ་ཏིལ་ནག་པོ་དང་སིནྡྷུ་ར་དང་སུག་སྨེལ་དང་སུ་ར་བྷཱི་རྣམས་ཀྱི་སྟེང་དུ་གསེར་གྱི་པདྨ་དང་དེའི་སྟེང་དུ་དངུལ་གྱི་པདྨ་དང་དེའི་སྟེང་དུ་བཻ་ཌཱུརྱ་གཞག་པར་

བྱའོ། །ཨོཾ་བཛྲ་གཱི་ཏི་ཧྲཱིཿཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །དབང་ལྡན་དུ་ཤྱ་མ་ཀ་དང་བཾ་ག་དང་ལི་ཤིའི་ཤིང་དང་པདྨ་རྣམས་ཀྱི་སྟེང་དུ་གསེར་གྱི་པདྨ་དང་དེའི་སྟེང་དུ་དངུལ་གྱི་པདྨ་དང་དེའི་སྟེང་དུ་ཤེལ་གཞག་པར་བྱའོ། །ཨོཾ་བཛྲ་ནྲྀ་ཏྱ་ཨཿའདིས་ལན་བརྒྱ་རྩ་

Vol. 62 · folio 328a

བརྒྱད་བཟླས་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་པར་དག་པ་ནི་རིན་པོ་ཆེའོ། །ཏིང་ངེ་འཛིན་གྱི་ཕུང་པོ་རྣམ་པར་དག་པ་ནི་སྨན་ནོ། །ཤེས་རབ་ཀྱི་ཕུང་པོ་རྣམ་པར་དག་པ་ནི་ཁམས་རྣམས་སོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམ་པར་དག་

པ་ནི་ས་བོན་གཞག་པའོ། །རྡོ་རྗེའི་ས་རྣམ་པར་དག་པ་ནི་རྡོ་རྗེ་གཞག་པའོ། །ཡེ་ཤེས་ལྡན་པའི་སའི་རྣམ་པར་དག་པ་ནི་ཨིནྡྲ་ནཱི་ལའོ། །ཀུན་དུ་བཟང་པོའི་སའི་རྣམ་པར་དག་པ་ནི་པུཥྤ་རཱ་གའོ། །ཆོས་ཀྱི་སྤྲིན་གྱིས་རྣམ་པར་དག་པ་ནི་པདྨ་རཱ་གའོ། །ལེགས་པའི་བློ་གྲོས་ཀྱི་སའི་

རྣམ་པར་དག་པ་ནི་མ་ར་ཀ་ཏའོ། །མི་གཡོ་བའི་སའི་རྣམ་པར་དག་པ་ནི་དུང་ངོ་། །རིང་དུ་གྱུར་པའི་སའི་རྣམ་པར་དག་པ་ནི་གསེར་རོ། །མངོན་དུ་གྱུར་པའི་སའི་རྣམ་པར་དག་པ་ནི་མུ་མེན་ནོ། །སྦྱང་དཀའ་བའི་སའི་རྣམ་པར་དག་པ་ནི་བྱི་རུའོ། །འོད་འཕྲོ་བའི་སའི་རྣམ་པར་དག་

པ་ནི་ཤེལ་ལོ། །འོད་བྱེད་པའི་སའི་རྣམ་པར་དག་པ་ནི་བཻ་ཌཱུརྱའོ། །དྲི་མ་མེད་པའི་སའི་རྣམ་པར་དག་པ་ནི་བྷཱིཥྨའོ། །རབ་ཏུ་དགའ་བའི་སའི་རྣམ་པར་དག་པ་ནི་མུ་ཏིག་གོ། །ཐབས་དང་ཤེས་རབ་ཀྱི་རྣམ་པར་དག་པ་ནི་གསེར་དང་དངུལ་གྱི་པདྨ་དག་གོ། །ཐམས་ཅད་ཀྱི་སྟེང་དུ་

ཟངས་མའི་གླེགས་བུས་དགབ་པར་བྱའོ་ཞེས་པ་ནི་རིན་པོ་ཆེ་དགོད་པའི་ཆོ་གའོ། །ད་ནི་སྟེགས་བུའི་མཚན་ཉིད་བརྗོད་པར་བྱ་སྟེ། བཞུགས་པར་བྱ་བའི་ལྷའི་ཕྱེད་དང་བཅས་པའི་མཐོ་བདུན་གྱིས་རིང་བའི་སྟེགས་བུའོ། །ཞེད་དུ་རྐང་པས་དམན་པའི་མཐོ་ལྔའི་ཚད་དོ། །སྲིད་ཀྱི་ཕྱེད་

ཀྱིས་སྟེང་དུའོ། །འདི་ལ་སྟེང་གི་ཇི་ལྟར་མཚུངས་པས་ཁྱད་པར་དུ་སྟེང་གི་ངེས་པའོ། །སྒོའི་དབུས་སུ་བལྟ་བའི་ལྷ་དགོད་པར་བྱའོ། །དེའི་ཕྱིར་གང་དུ་གསང་བའི་དབུས་སུ་ལྷ་སྐལ་བ་བཟང་པོ་རབ་ཏུ་སྟེར་བའོ། །ལྟེ་བའི་དབུས་སུ་དོན་རབ་ཏུ་སྟེར་བའོ། །སྙིང་གའི་དབུས་སུ་

ཆོས་རབ་ཏུ་སྟེར་བའོ། །མགྲིན་པའི་དབུས་སུ་ཤེས་རབ་རབ་ཏུ་སྟེར་བའོ། །མཛོད་སྤུའི་དབུས་སུ་ཐར་པ་རབ་ཏུ་སྟེར་བའོ། །སྟེགས་བུའི་ཚད་ལས་སེང་གེའི་ཁྲི་ཇི་ལྟར་མཛེས་པའི་ཁྱད་པར་ལ་བཞུགས་པས་སོ། །ལྷ་བཞེངས་པའི་ཆ་གསུམ་གྱི་ཆ་གཉིས་ཀྱི་ཚད་ལ་བྱའོ། །ཚེས་

Vol. 62 · folio 328b

གྲངས་དང་རྒྱུ་སྐར་དང་། གཟའ་དང་ཡུད་ཙམ་བཟང་པོ་རྣམས་ལ་ལྷ་དང་མི་དག་གི་དབུས་སུ་སྟེགས་བུ་གཞག་པར་བྱའོ།། །།ད་ནི་གཙུག་ལག་ཁང་གི་རབ་ཏུ་གནས་པ་བརྗོད་པར་བྱ་སྟེ། དེ་ལ་གཙུག་ལག་ཁང་ཟིན་ནས་ཞལ་བྱས་ནས་ཚོན་བཟང་པོས་ལྷ་ལ་སོགས་པ་སྣ་ཚོགས་

པས་བརྒྱན་པ་བཤད་པ་རྣམས་བྲི་བར་བྱའོ། །རིམ་པ་ཇི་སྙེད་པ་རྣམས་ལ་རྣམ་པར་རྒྱལ་བ་དང་སྟོབས་སྣ་ཚོགས་པར་དམིགས་པར་བྱའོ། །ཚོན་སྣ་ལྔའི་སྐུད་པ་ཡུངས་ཀར་གྱི་ཐུམ་བུ་དང་བྱང་ཆུབ་ཤིང་གི་ལོ་མ་དང་གཏོར་མ་དང་དཱུཪྺ་དང་། ཀུནྡ་སྦྱར་བའི་མེ་ཏོག་གི་ཕྲེང་

བས་རྩིག་པའི་ཕྱི་རོལ་ཡོངས་སུ་བསྐོར་བར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་བ་ཤུདྡྷོ་྅ཧཾ་ཞེས་བརྗོད་ནས་ནམ་མཁའ་བཞིན་དུ་རྣམ་པར་བསྒོམས་ལ་ཡ་ཡིག་ལས་རླུང་གི་དཀྱིལ་འཁོར། རཾ་ཡིག་ལས་མེའི་དཀྱིལ་འཁོར། བཾ་ཡིག་ལས་རྒྱ་མཚོ་ཆེན་པོ། །དེའི་

དབུས་སུ་ལཾ་ཡིག་སེར་པོ་ལས་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི་པའོ། །དེའི་སྟེང་དུ་སུཾ་ཡིག་ལས་རིན་པོ་ཆེ་བཞིའི་རང་བཞིན་གྱི་རི་རབ་རྣམ་པར་བསྒོམས་ཏེ། དེའི་སྟེང་དུ་ཧཱུཾ་ཡིག་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་ས་གཞི་རྣམ་པར་བསྒོམ་པར་བྱའོ། །དེའི་དབུས་བྷྲཱུཾ་དཀར་

པོ་ལས་བྱུང་བའི་འཁོར་ལོ་བྷྲཱུཾ་ཡིག་གནས་པའོ། །དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱི་སྐུའོ། །དེ་ཡོངས་སུ་གྱུར་པ་ལས་གཙུག་ལག་ཁང་གཞལ་ཡས་ཁང་དུ་རྣམ་པར་བསྒོམས་ནས་རྡོ་རྗེའི་ར་བ་ལ་སོགས་པས་མཚམས་བཅད་པ་ལ་སོགས་པ་བྱའོ། །ཨོཾ་ཧཱུཾ་ཧྲིཿབྷྲཱུཾ་ཁཾ་

བཛྲི་བྷ་བ་དྲྀ་ཌྷ་ཏིཥྛ་ཧཱུཾ་ཁཾ་འདིས་ལན་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བསང་གཏོར་དང་མཆོད་ཡོན་ལ་སོགས་པ་ཕུལ་ནས་བཀྲ་ཤིས་གང་ཞིག་ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་པ་སྔོན་དུ་འགྲོ་བས་བུམ་པའི་

ཆུས་དབང་བསྐུར་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་པར་བྱའོ། །།སོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། འདིས་ལན་བདུན་དུ་ལྷག་པར་གནས་པར་བྱའོ། །ཡེ་དྷརྨཱ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་ཀྱང་རབ་ཏུ་གནས་པར་བྱས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །

Vol. 62 · folio 329a

གཏོར་མ་ཆེན་པོ་ཡང་རབ་ཏུ་དབུལ་བར་བྱའོ།། །།ད་ནི་སྐུ་གཟུགས་བཞུགས་པར་བྱ་བའི་ཕྱིར་དེའི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ལ་སྐུ་གཟུགས་ཐམས་ཅད་སོར་བཅུ་གཉིས་ཀྱི་ཆ་ཡིས་ཞལ་ལོ། །དེ་དང་མཉམ་པ་ཞེང་དུའོ། །ཏིལ་དང་ཨ་མྲ་དང་བྱའི་སྒོ་ང་དང་། །

འཁོར་ལོའི་རྣམ་པ་འདྲ་བའི་དབྱེ་བས་ཞལ་གྱི་དབྱིབས་ནི་རྣམ་པ་བཞིའོ། །ཆ་གསུམ་དང་ཆ་གཉིས་དང་ཕྱེད་དང་བཅས་པའི་ཆ་གཉིས་དང་ཆ་གཅིག་གི་གོ་རིམས་ཀྱིས་འགྲམ་རྣམས་ལ་སྤང་བར་བྱའོ། །དེ་ལ་མོ་རྣམས་ཀྱི་སྐུའི་ཞལ་ལ་དེ་ཉིད་ཀྱི་དབྱིབས་ཆ་བརྒྱད་དང་། ནས་ཀྱི་ཆ་གཅིག་

གིས་སོ། །ཆ་བཞི་ཡིས་སྤྱི་བོའི་ཆ་སྟེ་དེ་གདུགས་ཀྱི་རྣམ་པའོ། །ཕྱེད་དང་བཅས་པའི་ཆ་བཞི་ཡིས་དཔྲལ་བ་ལའོ། །འཕྲེད་ལ་ཆ་བཅུ་ཡིས་སོ། །ནས་གཉིས་ལྷག་པའི་ཆ་བཞི་ཡིས་སྣའི་དཀྱུས་སོ། །ནས་གཉིས་ཀྱི་རྩེ་མོའི་རྒྱའོ། །འབྱུང་བའི་མཚམས་ནས་ཕྱེད་དང་བཅས་པའི་ཆ་

གཅིག་གོ། །རྒྱ་ཆེ་བ་ལ་ཆ་གཉིས་སོ། །ཆ་གསུམ་གྱི་ལོགས་དག་གི་སྟེང་དུའོ། །སྣའི་ཀ་བ་ལ་གསུམ་འཇུག་པའི་བུ་ག་ལ་ནས་གཉིས་སོ། །ཏིལ་གྱི་མེ་ཏོག་འདྲ་བར་བྱའོ། །དེའི་འོག་གི་ཆ་ལ་རྐང་པ་གཅིག་གིས་ལྷག་པའི་ཆ་གསུམ་མོ། །དེ་ལ་མཆུ་ལ་ནས་དྲུག་གོ། །དེ་ལ་མཉམ་

པར་མ་མཆུ་ལའོ། །ཆ་གཉིས་ཀྱི་རྒྱར་རོ། །ཕྱེད་དང་བཅས་པའི་ཆ་གཅིག་གིས་མ་མཆུ་ལའོ། །དེའི་སྟེང་དུ་ནས་གཉིས་ཀྱི་ཚད་ཀྱིས་སྨར་བྱའོ། །མ་མཆུའི་འབྱུང་ས་ནས་དྲུག་སྟེ། དེའི་དབུས་སུ་གཟུགས་བརྙན་གྱི་རེ་ཁཱ་བྱའོ། །ཆ་ཕྱེད་ཀྱིས་ཁའི་གྲུའོ། །ནས་གཉིས་ལྷག་པའི་

ཆ་གཅིག་གིས་ཀོ་སྐོའི་སྲིད་དོ། །འཕྲེད་དུ་ཆ་གཉིས་སོ། །ཆ་གཉིས་ཀྱིས་རྣ་བའི་རྒྱར་རོ། །ཆ་བཞི་ཡིས་དཀྱུས་སོ། །རྒྱབ་ནས་འབྱུང་ས་ནས་ཆ་གཉིས་སོ། །ཆ་གཉིས་ཀྱིས་རྣ་བའི་ནང་ཟུར་རོ། །དེའི་ཕྱེད་ཀྱིས་སྟེང་དུའོ། །རྣ་བའི་ཁུགས་ལ་ནས་གཉིས་སོ། །རྣ་བའི་བུ་ག་ལ་

ནས་གསུམ་མོ། །དེ་དང་མཉམ་པ་རྣ་བའི་གསང་བའོ། །རྣ་ཤལ་འཕྱང་བ་དང་བུག་པ་ནི་ཇི་ལྟར་མཛེས་པའི་རྣ་བ་གཉིས་པོ་དག་གི་དབུས་སུ་མགོ་ལ་ཆ་བཅོ་བརྒྱད་དོ། །རྒྱབ་ཏུ་ཆ་བཅུ་བཞིའོ། །སྨིན་མ་དག་གི་མཐར་ནས་བཞིའོ། །སྨིན་མའི་སྲིད་ལ་ལྔའོ། །སྨིན་མའི་རི་མོ་ལ་

Vol. 62 · folio 329b

ནས་ཕྱེད་དེ་ཡང་གཞུའི་རྣམ་པ་ལྟ་བུའོ། །མིག་གི་དཀྱུས་ལ་ཆ་བཞིའོ། །རྐང་པ་གཅིག་གིས་ལྷག་པའི་ཆ་གཅིག་གིས་ཞེང་དུའོ། །ཆ་གཅིག་གིས་མིག་གི་འབྲས་བུའོ། །དེའི་ཆ་གསུམ་གྱིས་དཀར་པོའི་ཆའོ། །རྣམ་པ་ནི་ཀུ་མུ་ཏ་དང་ཨུཏྤལ་དང་པདྨའི་འདབ་མ་དང་ཉའི་ལྟོ་བ་འདྲ་བར་བྱའོ། །

མིག་གི་མཐར་ཆ་གཉིས་སོ། །སྨིན་མའི་རེ་ཁཱ་དང་མིག་གི་བར་དུ་ཆ་གཉིས་སོ། །དཔྲལ་བ་དད་མིག་དང་མགོ་དང་ཀོ་སྐོའི་འབྱུང་བ་རྣམས་མཉམ་པའོ། །ཁའི་ཟུར་ནས་མིག་གི་འབྲས་བུ་དང་གློ་དག་ནས་རྣ་བར་ཐིག་དང་མགོ་བོ་ནས་སྨིན་མའི་རེ་ཁཱ་དག་དང་ཐིག་མཉམ་པ་དང་རྣ་བའི་

མདུན་དུ་ཟུར་དང་མིག་གི་དབུས་དག་ཐིག་གི་མཉམ་པའོ། །ཁའི་སྒོ་ལ་ཆ་བཞིའོ། །དེ་དང་མཚུངས་པ་མགྲིན་པའི་སྲིད་དོ། །ཕྲག་པའི་རྩ་བ་ནས་རྣ་བའི་རྩ་བ་ལ་ཆ་དྲུག་གོ། །ཀོ་སྐོའི་འོག་ནས་ཇི་ལྟར་མཛེས་པའི་ཤའི་འཁྱིལ་དུ་བྱའོ། །ཐོར་ཚུགས་དང་རལ་པའི་ཐོར་ཅོག་དང་

ཟུར་ཕུད་དང་། ཟུར་ཕུད་ལྔ་དང་། དབུ་རྒྱན་དང་། གཙུག་གི་ནོར་བུ་རྣམས་ཀྱི་ཚད་ཆ་བརྒྱད་ཀྱིས་མཐོ་བ་དང་དམའ་བར་བྱའོ། །ཅུང་ཟད་དགྱེས་པ་དང་མངར་བ་དང་། ལན་ཚྭ་བ་དང་ལྡན་པར་བྱ་བ་ནི་དགེ་བར་བྱེད་པའི་ཞལ་ལོ། །ཚ་བ་དང་། ཁ་བ་དང་། བསྐ་བ་དང་།

སྐྱུར་བ་དང་། ཁྲོ་བའི་ཞལ་དང་ལྡན་པ་ནི་མི་དགེ་བར་བྱེད་པའོ། །བསྟན་བཅོས་ཀྱི་མཚན་ཉིད་ལས་གཞན་པའི་ཞལ་གྱི་བྱེད་པས་སྦྱིན་བདག་མི་འཚོ་བར་བྱེད་པ་དང་བསྟན་བཅོས་ཀྱི་མཚན་ཉིད་ཀྱི་ཞལ་གྱི་བྱེད་པས་སྐྱེ་བོ་དང་ནོར་དང་རྣམ་པར་རྒྱལ་བ་དང་ཚེ་དང་ཕུན་སུམ་ཚོགས་པ་

རྣམ་པར་འཕེལ་ལོ།། །།ང་ནི་ལུས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ལ་རྐེད་པའི་འོག་ནས་ལྟེ་བའི་མཐར་ཐུག་པའི་བར་ལ་མཐོ་དོའོ། །ལྟེ་བའི་འོག་ནས་གསང་བའི་རྩ་བའི་བར་ལ་མཐོ་གང་། ནམ་ཚོང་སྟེང་མོ་ནས་འཕྲེད་དུ་ལོགས་དག་ཏུ་ནུ་མའི་བར་དག་དང་མགྲིན་

པའི་ལོགས་དག་ནས་དཔུང་མགོའི་རྩེ་མོ་དག་དང་། དེ་རྣམས་ཀྱི་ཚད་དུ་མཐོ་རེ་རེའོ། །ནུ་མ་དང་ལྟེ་བའི་བར་དུ་ཆ་བཅུ་བཞིའོ། །ཐལ་གོང་དག་དང་ནམ་ཚོང་སྟོད་མོ་དང་ལག་མ་རྣམས་ཐིག་མཉམ་པའོ། །དཔུང་པ་དག་གི་རྒྱར་བར་དུ་གདོང་གསུམ་མོ། །མཆན་ཁུང་རྩིབ་

Vol. 62 · folio 330a

ལོགས་དང་ནུ་མ་དག་གི་བར་ལ་ཆ་དྲུག་གོ། །ནུ་མའི་དཀྱིལ་ལ་ཆ་གཉིས་སོ། །ནུ་མའི་ཟླུམ་ལ་ནས་གཉིས་སོ། །ལྟེ་བའི་དཀྱིལ་འཁོར་ལ་ནས་གསུམ་མོ། །གཡས་སུ་འཁྱིལ་ཞིང་ལྟེ་བ་དམའ་བའོ། །གསང་བའི་གནས་ལ་ཆ་གསུམ་མོ། །ལོགས་དག་ཆ་

གཉིས་སོ། །འབྲས་བུ་ལ་ཆ་བཞི་སྟེ། །མཛེས་པ་རྒྱས་པ་ཟླུམ་པ་དག་གོ། །ཕི་ཙ་དག་གི་སྟེང་དུ་ཆ་བརྒྱད་དོ། །ལྟེ་བ་དང་གསང་བ་དག་གི་དབུས་སུ་བརླའི་རྩ་བའོ། །བརླ་དང་བྱིན་པ་འདི་གཉིས་ལ་ཚད་མཐོ་དོའོ། །པུས་མོའི་ལྷ་ང་ལ་བཞིའོ། །ལོང་བུ་དག་ལ་ཆ་གཉིས་སོ། །རྟིང་པ་

དག་ལ་ཆ་བཞིའོ། །རྐང་པ་དག་གི་ཞེང་དུ་ཆ་བརྒྱད་དོ། །སྲིད་དུ་ཆ་བཅུའོ། །ཕྱེད་དང་བཅས་པའི་ཆ་གཉིས་ཀྱིས་རྐང་པའི་མཐེ་བོ་ཆེའི་སྲིད་དུའོ། །དེ་དང་མཉམ་པ་རྩེ་མོའོ། །ནས་གཉིས་ཀྱིས་དམན་པ་ནི་གུང་མོའོ། །ནས་གསུམ་གྱིས་དམན་པ་ནི་མིང་མེད་དོ། །མཐེའུ་ཆུང་ནི་ཆ་

གཉིས་སོ། །མཐེ་བོ་ཆེའི་རྒྱར་ནས་བཅུ་གཅིག་གོ། །མཐེ་བོ་ཆེའི་རྩེ་མོའི་བར་དུ་ནས་གསུམ་མོ། །རྩེ་མོའི་ཞེང་དུ་ནས་དགུའོ། །གུང་མོ་དག་གི་ཕྱེད་དང་བཅས་པའི་ནས་བརྒྱད་དོ། །མིང་མེད་ལ་ཆ་གཅིག་གོ། །མཐེའུ་ཆུང་ལ་ནས་བདུན་ནོ། །སོར་མོ་གསར་དུ་སྐྱེས་པ་ལྟ་བུའོ། །སེན་

མོ་རྣམས་ཟླ་བ་ཕྱེད་པ་ལྟ་བུའོ། །རྐང་པའི་མཐིལ་མཉམ་པའོ། །དཔུང་པ་དག་གི་སྲིད་དུ་ཆ་བཅུ་དྲུག་གོ། །ལག་ངར་དག་གི་སྲིད་དུ་ཆ་བཅོ་བརྒྱད་དོ། །ལག་པའི་མཐིལ་ལ་ཆ་དྲུག་གོ། །དེ་དང་མཉམ་པ་ནི་གུང་མོའོ། །མཐེ་བོ་ནི་ཆ་བཞིའོ། །དེ་དང་མཉམ་པའི་མཐེའུ་ཆུང་ངོ་། །མིང་

མེད་དང་མཛུབ་མོ་དག་ནས་གསུམ་གྱིས་དམན་པའི་ཆ་དྲུག་གོ། །མཐེ་བོང་ཞེང་དག་ལ་ནས་གཅིག་ལྷག་མའི་ཆ་གཅིག་གོ། །དེ་ལས་ནས་ཕྱེད་ཀྱིས་དམན་པའི་གུང་མོའོ། །མིང་མེད་དང་མཛུབ་མོ་དག་ནི་ཆ་གཅིག་གོ། །མཐེའུ་ཆུང་ནི་ནས་བདུན་ནོ། །ནོར་བུ་འཆིང་བ་ནས་མཐེའུ་ཆུང་

རྩ་བ་ལ་ཆ་ལྔའོ། །དེ་དང་མཉམ་པ་ལག་མཐིལ་གྱི་རྒྱའོ། །ནོར་བུ་འཆིང་ནས་མཐེ་བོའི་རྩ་བར་ཆ་བཞིའོ། །མཛུབ་མོ་ལས་མཐེ་བོའི་རྩ་བར་ཆ་གསུམ་མོ། །མཐེ་བོ་ལ་ཚིགས་གཉིས་སོ། །སོར་མོ་ལྷག་མ་རྣམས་ནི་ཚིགས་གསུམ་དུ་བྱའོ། །ཐམས་ཅད་ཀྱི་ཚིགས་རྣམས་

Vol. 62 · folio 330b

མཉམ་པོ་རྣམས་སོ། །སོར་མོའི་ཚིགས་ཕྲ་ཞིང་ཤིན་ཏུ་ཟླུམ་པའི་རྣམ་པར་བྱའོ། །རང་རང་གི་སོར་མོའི་ཕྱེད་ཀྱིས་སེན་མོའི་ཞེང་ངོ་། །ཚིགས་ཕྱེད་ཀྱི་སྲིད་དུའོ། །སེན་མོ་རྣམས་ཀྱི་རྩ་བར་ཟླ་བའི་རེ་ཁཱ་བྱའོ། །ལག་མཐིལ་གྱི་ལོགས་དག་གི་སྟེང་དང་འོག་དག་ཏུ་ཆ་གཉིས་སོ། །དགེ་བའི་

རི་མོའི་རྩེ་མོ་མཛེས་པ་དང་། ལག་པའི་མཐིལ་མཉམ་པར་བྱའོ། །འདིར་དགེ་བའི་རི་མོ་ནི། དུང་དང་། འཁོར་ལོ་དང་། པདྨ་དང་། རྒྱལ་མཚན་དང་རྡོ་རྗེ་དང་། བཀྲ་ཤིས་དང་བུམ་པ་དང་དགའ་བ་འཁྱིལ་བ་དང་སྦྱིན་སྲེག་གི་ཐབ་དང་གོས་དང་ཟླ་བ་དང་། རྩེ་གསུམ་དང་། ནོར་བུ་

དང་། གདུགས་དང་། དཔལ་གྱི་བེའུ་དང་། ནས་དང་། ཕྲེང་བ་དང་། རྔ་ཡབ་དང་། ལྕགས་ཀྱུ་ལ་སོགས་པ་བྱའོ། །ད་ནི་ཟླུམ་སྐོར་གྱི་ཚད་བརྗོད་པར་བྱ་སྟེ། དེ་ལ་ཆུ་སུམ་ཅུ་རྩ་དྲུག་གིས་མགོའི་ཟླུམ་མོ། །མགྲིན་པའི་རྒྱ་ལ་ཆ་བརྒྱད་དོ། །དེ་སུམ་འགྱུར་ནི་ཟླུམ་མོ། །མཆན་

འོག་གི་དབུས་ལ་ཆ་ཉི་ཤུའོ། །ཟླུམས་སུ་ཆ་གཉིས་ཀྱིས་དམན་པའི་མཐོ་ལྔའོ། །གསུས་པའི་དབུས་ཀྱི་རྒྱལ་ཆ་བཅོ་ལྔའོ། །དེའི་འོག་ཏུ་ཆ་བཅུ་དྲུག་གི་ཚང་རའོ། །རྐེད་པ་ལ་ཆ་བཅོ་བརྒྱད་དོ། །མཐོ་གང་གིས་བརླའི་དབུས་ལའོ། །ཆ་དྲུག་གིས་བྱིན་པའི་དབུས་ལའོ། །ཆ་བཞི་

ཡིས་བྱིན་པའི་མཐར་རོ། །དེ་རྣམས་ཐམས་ཅད་ཀྱི་དེ་བཞིན་དུ་རང་རང་གི་རྒྱའི་སུམ་འགྱུར་གྱིས་ཡོངས་སུ་ཟླུམ་པའོ། །དེ་བཞིན་དུ་སོར་མོ་ཐམས་ཅད་དང་ལག་པ་དག་གི་རྩ་བ་དང་རྩེ་མོ་རྣམས་ལ་བརྒྱད་དང་དྲུག་དང་བཞིའི་ཆ་རྣམས་སོ། །རང་རང་གི་རྒྱའི་སུམ་འགྱུར་གྱིས་ཟླུམ་མོ། །

ཆ་གཉིས་ནས་རྒྱབ་ཀྱི་དང་སྤྱི་བོ་འབྱུང་ས་དང་རྒྱབ་ཀྱི་གྱེན་དུ་འགྲེང་བ་དག་ཐིག་མཉམ་མོ། །བརླའི་སྟེགས་བུ་དང་རྟིང་པ་དག་གི་ཐིག་མཉམ་མོ།། །།ད་ནི་སྐུ་གཟུགས་ཀྱི་ཡོན་ཏན་བརྗོད་པར་བྱ་སྟེ། བསྟན་བཅོས་ལས་གསུངས་པའི་མཚན་ཉིད་དང་ལྡན་པའི་རྒྱ་དང་སྲིད་

ཀྱིས་སྐུ་གཟུགས་ནི་གནས་རྟེན་པའི་བྱེད་པ་པོར་འགྱུར་རོ། །དབུ་གདུགས་ལྟ་བུས་ནི་ནོར་དང་འབྲུ་ཡང་དག་པར་འཕེལ་བར་འགྱུར་རོ། །སྨིན་མའི་རེ་ཁཱ་དང་དཔྲལ་བ་ཡངས་ཤིང་རྒྱ་ཆེ་བས་དཔལ་རབ་ཏུ་སྟེར་བར་འགྱུར་རོ། །ཤངས་མཛེས་པས་ནི་སྐྱེ་དགུ་རྣམས་ལ་བདེ་བ་

Vol. 62 · folio 331a

རབ་ཏུ་སྟེར་རོ། །འགྲམ་པ་སེང་གེའི་འདྲ་བས་ནི་ལོངས་སྤྱོད་ཆེན་པོ་རབ་ཏུ་སྟེར་བར་འགྱུར་རོ། །ཀོ་སྐོའི་དབྱིབས་ཤིན་ཏུ་ལེགས་པས་ནི་འདོད་པའི་བདེ་བ་དང་བཟའ་བ་དང་བཏུང་བ་རབ་ཏུ་སྟེར་བར་འགྱུར་རོ། །སྙན་གྱི་འདབ་མ་ལེགས་པས་ནི་སྣ་ཚོགས་པའི་ཐོས་

པ་མང་པོར་བྱེད་དོ། །མགྲིན་པ་ལེགས་པས་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ། །སེང་གེའི་དཔུང་པ་ལྟ་བུས་ནི་སྟོབས་དང་བརྩོན་འགྲུས་དང་ལྡན་པར་བྱེད་དོ། །ཀ་རི་ཀའི་རྣམ་པ་ལྟ་བུའི་ཕྱག་གིས་ལས་ཐམས་ཅད་རབ་ཏུ་འགྲུབ་བོ། །སྐུ་སེང་གེའི་དབྱིབས་འདྲ་བས་ན་ར་བྲུ་དང་

ཕུན་སུམ་ཚོགས་པ་འཕེལ་བར་བྱེད་དོ། །ཕྱ་ལ་ལེགས་པས་ནི་ལོ་ལེགས་པར་བྱེད་དོ། །བརླ་ཆུ་ཤིང་ལྟ་བུས་ནི་ཕྱུགས་འཕེལ་ལོ། །བྱིན་པ་ཨེ་ན་ཡའི་ལྟ་བུས་ནི་བུ་ལ་སོགས་པ་འཕེལ་ལོ། །ཞབས་ཤིན་ཏུ་དབྱིབས་ལེགས་པས་ནི་ཚུལ་ཁྲིམས་དང་རིག་པ་རབ་ཏུ་འཕེལ་བར་བྱེད་དོ། །

ད་ནི་ཉེས་པའི་སྐྱོན་བཤད་པར་བྱའོ། །ཕྱག་དང་ཞབས་དང་སྐུ་དང་ཡན་ལག་ཐུང་བས་མུ་གེ་དང་ཡུལ་འཁོར་འཇིག་པར་བྱེད་དོ། །རྒྱར་དམན་པས་སྐྱེ་དགུ་རྣམས་མུ་གེ་འབྱུང་བར་འགྱུར་རོ། །སྒུར་པོ་དང་སྐུ་དམན་པ་དང་ཤངས་དམན་པས་ནད་འབྱུང་བར་འགྱུར་རོ། །སྤྱན་ཆུང་བ་དང་

སྤྱན་གྱི་དཀྱིལ་འཁོར་ཟུར་མིག་དང་སྤྱན་ཡོ་བས་ནོར་ཟད་པར་འགྱུར་རོ། །གཟིགས་པ་མི་ལེགས་པ་དང་འོག་ཏུ་གཟིགས་པས་ནི་དོན་ཐམས་ཅད་ཉམས་པར་བྱེད་དོ། །ཤངས་དང་སྤྱན་དང་སྙན་དང་ཕྱག་སོར་རྣམས་ཐུང་བས་དངོས་གྲུབ་དང་ཕུན་སུམ་ཚོགས་པ་རྣམས་ཉམས་པར་བྱེད་དོ། །

མགྲིན་པ་དང་ཀོ་སྐོའི་བྱིན་པ་རྣམས་རིངས་པས་གནས་ནས་སྐྲོད་ཅིང་ཉམས་པར་བྱེད་དོ། །ཚིགས་དང་སེན་མོ་དང་རྐེད་སྐབས་རྣམས་སྦོམ་པས་སྡུག་བསྔལ་བར་འགྱུར་རོ། །འགྲམ་པ་དང་ངར་གདོང་དང་རྐང་པ་སྦོམ་པས་བགེགས་འབྱུང་བར་འགྱུར་རོ། །ཕྱལ་དང་འགྲམ་སྙེགས་

དམའ་བས་རྫས་དང་ལོངས་སྤྱོད་ཉམས་པར་འགྱུར་རོ། །སྙན་དང་དབུ་དང་ནུ་མ་རྣམས་ཡོ་བས་འཐབ་མོ་དང་དགྲ་ཡིས་འཚེ་བར་འགྱུར་རོ། །དབུའི་གནས་ཉམས་པས་ཆོམ་པོ་དང་བདུད་ལ་སོགས་པས་འཇིགས་པར་འགྱུར་རོ། །བརླ་དམན་པས་རིགས་འཆད་པར་འགྱུར་རོ། །ཤངས་

Vol. 62 · folio 331b

དང་དབུ་དང་སྙན་རྣམས་ཕྲ་མོས་བདུད་དང་མེ་དང་བགེགས་རྣམས་ཀྱི་བར་དུ་གཅོད་པའི་འཇིགས་པ་འབྱུང་བར་འགྱུར་རོ། །ཕྲག་པ་དང་དཔུང་པ་དང་ཕྱག་རྣམས་ཐུང་བས་མྱ་ངན་གྱི་སྡུག་བསྔལ་རབ་ཏུ་འབྱུང་བར་འགྱུར་རོ། །ཚིགས་དང་བཞུགས་གདན་བྱེ་བས་སྡུག་བསྔལ་གྱིས་

ཉེན་པར་འགྱུར་རོ། །སྤྱན་དང་མཆུ་དང་ཤངས་རྣམས་ཉམས་པས་མཐུ་ཉམས་པ་དང་མྱ་ངན་དང་བགེགས་འཕེལ་བར་འགྱུར་རོ། །སྟེགས་བུ་དང་བཞུགས་གདན་དང་རྟེན་ས་དང་གདུགས་རྣམས་ཆུང་ཞིང་དོག་པས་ཕུན་སུམ་ཚོགས་པ་ཉམས་པར་འགྱུར་བ་དང་། བདུད་

དགའ་བ་ཡང་དག་འབྱུང་བ་དང་དགའ་བ་དང་བྲལ་བར་ཡང་འགྱུར་རོ་ཞེས་པ་ནི་མཐོ་དགུའི་ཚད་ཀྱི་སྐུ་གཟུགས་ཀྱི་མཚན་ཉིད་དོ།། །།མཐོ་བཅུ་ལ་སོགས་པའི་མཚན་ཉིད་ཀྱང་དེ་ཉིད་མདོར་བསྡུས་ཏེ་བཤད་པར་བྱའོ། །དེ་ལ་མགོ་བོའི་ཆ་ནི་ཆ་བཞིའོ། །ཞལ་ནི་ཆ་བཅུ་གཉིས་སོ། །

མགྲིན་པ་ནི་ཆ་བཞིའོ། །ལུས་ནི་ཆ་ཉི་ཤུ་རྩ་དྲུག་གོ། །མདོམས་ནི་ཆ་བཞིའོ། །རྐེད་པ་ནི་ཆ་ལྔའོ། །བརླ་ནི་ཆ་ཉི་ཤུ་དྲུག་གོ། །པུས་མོ་ནི་ཆ་ལྔའོ། །རྗེ་ངར་ནི་ཆ་ཉི་ཤུ་རྩ་དྲུག་གོ། །ལོང་བུ་ནི་ཆ་གསུམ་མོ། །སྨད་ཀྱི་ཆ་ནི་ཆ་ལྔའོ། །ནམ་ཚང་གི་སྟོད་ཀྱི་ཆ་ནི་བཅུ་དགུའོ། །དཔུང་པའི་

ཆ་ནི་བཅོ་བརྒྱད་དོ། །ཕྱག་ངར་གྱི་ཆ་ནི་བཅུ་དྲུག་གོ། །ལག་མཐིལ་གྱི་ཆ་ནི་བཅུ་གཉིས་སོ། །ཆ་རྣམས་ཚོགས་པ་ལ་བརྒྱ་དང་ཉི་ཤུའོ། །ནས་ཀྱི་གྲངས་དགུ་བརྒྱ་དྲུག་ཅུའོ་ཞེས་པ་ནི་སངས་རྒྱས་དང་ཚངས་པ་དང་རྩཱ་རྩི་ཀ་དང་རི་པི་དང་བྲམ་ཟེ་དང་སྲིན་པོ་རྣམས་ནི་མཐོ་བཅུའི་

ཚད་དོ། །མགོའི་ཆ་ལ་ཆ་གསུམ་མོ། །ཞབས་ལ་ཆ་བཅུ་གཉིས་སོ། །མགྲིན་པ་ལ་ཆ་གསུམ་མོ། །ལུས་ལ་ཆ་ཉི་ཤུ་རྩ་གཉིས་སོ། །མདོམས་ལ་ཆ་གཅིག་གོ། །རྐེད་པ་ལ་ཆ་གསུམ་མོ། །བརླ་ལ་ཆ་ཉི་ཤུ་རྩ་གཉིས་སོ། །པུས་མོ་ལ་ཆ་གསུམ་མོ། །རྗེ་ངར་ལ་ཆ་ཉི་ཤུ་རྩ་

གཉིས་སོ། །ལོང་བུ་ལ་ཆ་གཅིག་གོ། །འོག་གི་ཆ་ལ་ཆ་གསུམ་མོ། །ནམ་ཚང་གི་སྟོད་ཀྱི་ཆ་ནི་བཅུ་གཅིག་གོ། །བར་ལྷུ་ནི་ཆ་བཅུ་བཞིའོ། །ལག་ངར་ནི་ཆ་བཅུ་དྲུག་གོ། །ལག་མཐིལ་ནི་ཆ་བཅུ་གཉིས་སོ། །ཆའི་ཚོགས་པ་ལས་དགུ་བཅུ་གོ་དྲུག་གོ། །ནས་ཀྱི་གྲངས་བདུན་

Vol. 62 · folio 332a

བརྒྱ་དྲུག་ཅུ་རེ་བརྒྱད་དོ་ཞེས་པ་ནི་ལྷ་རྣམས་ཀྱི་མཚན་ཉིད་མཐོ་བརྒྱད་པའི་ཆག་ཚད་དོ། །མགོ་ལ་ཆ་གསུམ་མོ། །གདོང་པ་ལ་ཆ་གཉིས་སོ། །མགྲིན་པ་ལ་ཆ་གསུམ་མོ། །ལུས་ལ་ཆ་བཅུ་དགུའོ། །མདོམས་ལ་ཆ་གཅིག་གོ། །རྐེད་པ་ལ་ཆ་གཉིས་སོ། །བརླ་ལ་ཆ་

བཅུ་དགུའོ། །པུས་མོ་ལ་ཆ་གསུམ་མོ། །རྗེ་ངར་ལ་ཆ་བཅུ་དགུའོ། །ལོང་བུ་ལ་ཆ་གཅིག་གོ། །རྟིང་པ་ལ་ཆ་གཉིས་སོ། །ནམ་ཚང་གི་སྟོད་ལ་ཆ་བཅུ་བདུན་ནོ། །བར་ལྷུ་ལ་ཆ་བཅུ་གཉིས་སོ། །ལག་ངར་ལ་ཆ་བཅུ་བཞིའོ། །ལག་མཐིལ་ལ་ཆ་གཅིག་པའོ། །ཆའི་ཚོགས་པ་ལ་

བརྒྱད་ཅུ་རྩ་བཞིའོ། །ནས་ཀྱི་གྲངས་ནི་དྲུག་བརྒྱ་བདུན་ཅུ་དོན་གཉིས་སོ། །མིའི་ཚད་དེ་མཐོ་བདུན་པ་ཞེས་སོ། །མགོ་ལ་ཆ་གཉིས་སོ། །གདོང་པ་ལ་ཆ་བཅུ་གཉིས་སོ། །མགྲིན་པ་ལ་ཆ་གཉིས་སོ། །ལུས་ལ་ཆ་བཅུ་དྲུག་གོ། །མདོམས་ལ་ཆ་གཅིག་གོ། །རྐེད་པ་ལ་ཆ་གཉིས་སོ། །

བརླ་ལ་ཆ་བཅུ་དྲུག་གོ། །པུས་མོ་ལ་ཆ་གཉིས་སོ། །རྗེ་ངར་ལ་ཆ་བཅུ་དྲུག་གོ། །ལོང་བུ་ལ་ཆ་གཅིག་གོ། །རྟིང་པ་ལ་ཆ་གཉིས་སོ། །ནམ་ཚང་གི་སྟོད་ལ་ཆ་བཅུ་དགུའོ། །བར་ལྷུ་ལ་ཆ་གཅིག་པའོ། །ལག་ངར་ལ་ཆ་བཅུ་གཉིས་སོ། །ལག་མཐིལ་ལ་ཆ་བརྒྱད་དོ། །ཆའི་ཚོགས་

བདུན་བརྒྱ་ལྔའོ། །ནས་ཀྱི་གྲངས་ལྔ་བརྒྱ་བདུན་ཅུ་དོན་དྲུག་གོ་ཞེས་པ་ནི་མཐོ་དྲུག་པ་སྟེ། དམག་དཔོན་རྣམས་ཀྱི་མཚན་ཉིད་དོ། །མགོ་ལ་ཆ་གསུམ་མོ། །གདོང་པ་ལ་ཆ་བཅུ་གཉིས་སོ། །མགྲིན་པ་ལ་ཆ་གསུམ་མོ། །ལུས་ལ་ཆ་ཉེར་གཅིག་གོ། །བརླ་ལ་ཆ་བཅུ་གསུམ་མོ། །

པུས་མོ་ལ་ཆ་གསུམ་མོ། །རྗེ་ངར་ལ་ཆ་བཅུ་གསུམ་མོ། །ལོང་བུ་ལ་ཆ་གཅིག་གོ། །རྟིང་པ་ལ་ཆ་གསུམ་མོ། །ཆའི་ཚོགས་ལ་བདུན་ཅུ་དོན་གཉིས་སོ། །ནས་ཀྱི་གྲངས་ལྔ་བརྒྱ་བདུན་ཅུ་དོན་དྲུག་གོ་ཞེས་པ་ནི་མཐོ་དྲུག་པ་སྟེ། ཁྲོ་བོ་རྣམས་ཀྱི་གཟུགས་ཀྱི་མཚན་ཉིད་དོ། །མགོའི་ཆ་

ལ་ཆ་བཞིའོ། །གདོང་ལ་ཆ་བཅུ་གཉིས་སོ། །མགྲིན་པ་ལ་ཆ་གསུམ་མོ། །ལུས་ལ་ཆ་བཅུ་གཉིས་སོ། །བརླ་ལ་ཆ་བཅུ་གཉིས་སོ། །པུས་མོ་ལ་ཆ་གཉིས་སོ། །རྗེ་ངར་ལ་ཆ་བཅུ་གཉིས་སོ། །ལོང་བུ་ལ་ཆ་གཉིས་སོ། །རྟིང་པ་ལ་ཆ་གསུམ་མོ། །ཆའི་ཚོགས་པ་དྲུག་ཅུའོ། །ནས་

Vol. 62 · folio 332b

ཀྱི་གྲངས་ནི་བཞི་བརྒྱ་བརྒྱད་ཅུའོ་ཞེས་པ་ནི་མཐོ་ལྔའི་མཚན་ཉིད་དོ། །མཁའ་འགྲོ་མ་རྣམས་གཟུགས་སོ། །མགོ་བོའི་ཆ་ལ་ཆ་གཅིག་གོ། །གདོང་ལ་ཆ་གཅིག་པའོ། །མགྲིན་པ་ལ་ཆ་གཅིག་གོ། །ལུས་ལ་ཆ་བཅུ་གཉིས་སོ། །མདོམས་ལ་ཆ་གཅིག་གོ། །བརླ་ལ་ཆ་དགུའོ། །

པུས་མོ་ལ་ཆ་གཅིག་གོ། །རྗེ་ངར་ལ་ཆ་དགུའོ། །ལོང་བུ་ལ་ཆ་གཅིག་གོ། །རྟིང་པ་ལ་ཆ་གཉིས་སོ། །ནམ་ཚང་གི་སྟོད་ལ་ཆ་བརྒྱད་དོ། །བར་ལྷུ་ལ་ཆ་དྲུག་གོ། །ལག་ངར་ལ་ཆ་བརྒྱད་དོ། །ལག་པའི་མཐིལ་ལ་ཆ་བདུན་ནོ། །ཆའི་ཚོགས་པ་བཞི་བཅུ་ཞེ་བརྒྱད་དོ། །ནས་ཀྱི་གྲངས་

སུམ་བརྒྱ་བཞིའོ། །མཐོ་བཞིའི་མཚན་ཉིད་མིའུ་ཐུང་རྣམས་ཀྱི་གཟུགས་སོ། །མགོ་བོའི་ཆ་ལ་ཆ་གཉིས་སོ། །གདོང་པ་ལ་ཆ་བཅུ་གཉིས་སོ། །ལུས་ལ་ཆ་བཅུ་གཉིས་པའོ། །བརླ་ལ་ཆ་དགུའོ། །པུས་མོ་ལ་ཆ་གཅིག་གོ། །རྗེ་ངར་ལ་ཆ་གཅིག་པའོ། །ལོང་བུ་ལ་ཆ་གཅིག་

གོ། །རྟིང་པ་ལ་ཆ་གཅིག་གོ། །ཆའི་ཚོགས་པ་བཞི་བཅུ་ཞེ་བརྒྱད་དོ། །ནས་ཀྱི་གྲངས་བརྒྱ་གྱ་བཞིའོ། །མཐོ་བཞི་པའི་མཚན་ཉིད་ནག་པོ་ཆེན་པོའི་གཟུགས་སོ། །གདོང་ལ་བཅུ་གཉིས་སོ། །ལུས་ལ་ཆ་བཅུ་གཉིས་སོ། །བརླ་དང་ཕུས་མོ་དང་རྗེ་ངར་རྣམས་ལ་ཆ་བཅུ་

གཉིས་སོ་ཞེས་པ་ནི་མཐོ་གསུམ་པའི་མཚན་ཉིད་ལོག་འདྲེན་གྱི་གཟུགས་སོ། །མེ་ཏོག་དང་དྲི་ཐམས་ཅད་དང་། ཙནྡན་དང་། དཱུཪྺ་དང་། རྡོ་དང་། ལྕགས་དང་། ཞ་ཉེ་དང་། བཱཾ་གཱི་དང་། ལྕགས་གསུམ་དང་། ལྕགས་ལྔ་དང་། ལྕགས་ཐམས་ཅད་དང་། འཁར་བ་དང་། ར་

གན་དང་། མུ་མེན་དང་། གསེར་དང་། རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་དང་། ཤེལ་དང་། འབྲས་སཱ་ལུའི་ཟན་གྱི་རང་བཞིན་དང་སའི་རང་བཞིན་རྣམས་ལ་གྲངས་ཀྱི་གོ་རིམས་བཞིན་དུ་ཐར་པ་དང་། དབང་དང་ཐར་པ་དང་། ཚེ་དང་། དངོས་གྲུབ་དང་། རྒྱལ་སྲིད་དང་། མཐུ་

ཆེན་པོ་དང་། དགྲ་ཆོམས་པ་དང་། དྲག་པོའི་མངོན་སྤྱོད་ཀྱི་ལས་དང་བསད་པ་དང་། ནོར་འབྱུང་བ་དང་། འདོད་པའི་དོན་ཐམས་ཅད་གྲུབ་པ་དང་བསྐྲད་པ་དང་། རྒྱས་པ་དང་། ཞི་བ་དང་། བཟའ་བ་དང་། མདོག་ཐམས་ཅད་ཕུན་སུམ་ཚོགས་པ་དང་། ཕུན་སུམ་ཚོགས་པ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words