བྱ་བ་བསྡུས་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཀྲི་ཡ་སཾ་གྲ་ཧ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 62 · folio 333a
ཐམས་ཅད་དང་ཐར་པ་དང་། རྨོངས་པ་དང་། ཤེས་རབ་དང་། སྟོབས་རྣམས་རྣམ་པར་འཕེལ་བར་བྱེད་དོ། །ད་ནི་རས་རིས་དང་པུསྟ་ཀ་ལ་སོགས་པའི་བྱ་བ་བཅུ་མངོན་པར་བརྗོད་པར་བྱ་སྟེ། དེ་ལ་བྲམ་ཟེ་དང་། རྒྱལ་རིགས་དང་རྗེ་རིགས་དང་། དམངས་
རིགས་རྣམས་ཀྱི་ཁ་དོག་གིས་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་རྣམས་ཀྱིས་སོ། །གཞོན་ནུ་མ་རྣམས་ཀྱིས་བཀལ་བའམ་དཔའ་བོའི་རིན་གྱིས་ཉོས་པའི་སྣལ་མ་ལས་གྲུབ་པའི་རས་ལ་བྱ་སྟེ། སློབ་དཔོན་རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་ལྷ་འདྲི་བས་
རིགས་པའི་གཏོར་མ་འབུལ་བ་སྔོན་དུ་འགྲོ་བས་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་། སའི་སློབ་དཔོན་བསམ་གཏན་གྱི་གནས་སུ། ཨོཾ་ན་མཿསམནྟ་པུ་དྡྷཱ་ནཱཾ་སཾ་བོདྷ་ནི་བི་ཤུདྡྷ་ནཱ་མ་སརྦ་བིགྷྣཾ་ཧ་རནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་སོ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་པའི་སྔགས་ཀྱིས་བྱིན་
གྱིས་བརླབ་པར་བྱའོ། །དྲི་ལྔ་དང་། བདུད་རྩི་ལྔ་དང་། བའི་རྣམ་ལྔའི་ཆུས་ཡོངས་སུ་གང་བའི་ཆུ་འགྲམ་དུ་ལས་ཐམས་ཅད་པའི་བུམ་པའི་ཆུས་ལེགས་པར་རས་བཀྲུ་བར་བྱའོ། །རྣལ་འབྱོར་དང་རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་དུ་གསུངས་པའི་ལྷ་རྣམས་འདྲི་བར་གྱུར་ན། དུར་
ཁྲོད་དུ་ལྷུང་བའི་གོས་དང་དཔའ་བོའི་གོས་དང་རྡུལ་གྱིས་གོས་པའི་རས་ཀྱིས་རྡུལ་བྱུག་པ་དང་། དུར་ཁྲོད་ཀྱི་རས་དང་མིའི་པགས་པ་དང་ཐོད་པ་རྣམས་སོ། །དུར་ཁྲོད་ཀྱི་ཐལ་བ་དང་ཆང་དང་བུམ་པའི་ཆུས་ལེགས་པར་བཀྲུ་བར་བྱའོ། །སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་བྱང་
ཆུབ་སེམས་ཀྱི་བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་བཅུག་སྟེ། མཆོད་ཡོན་ཕུལ་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཁུ་ཚུར་གྱིས་སྐུད་པ་ཆོ་ག་ཇི་ལྟ་བ་བཞིན་དུ་དཀྲི་
བར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེའི་བདག་ཉིད་རི་མོ་མཁན་པོ་ཉི་མ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་དང་པདྨས་ལག་པ་གཡས་གཡོན་དུ་མཚན་པའོ། །ལག་པ་གཡས་ཡེ་ཤེས་ལྔའི་བདག་ཉིད་དུ་འཇུག་པའི་པིར་བཟུང་ནས་རེ་ཁཱ་ལ་སོགས་པ་བྲི་བར་བྱའོ་ཞེས་པ་ནི་རས་བྲིས་ཀྱི་ཆོ་
Vol. 62 · folio 333b
གའོ། །པུསྟ་ཀ་འདྲི་བར་གྱུར་ན་གཏོར་མ་སྔོན་དུ་འགྲོ་བས་ཡིག་མཁན་རྣམ་པར་སྣང་མཛད་ཀྱི་སྐུར་རྣམ་པར་བསྒོམས་ཏེ། དེའི་སྙིང་ག་དང་། མགྲིན་པ་དང་། མགོ་བོ་རྣམས་སུ་གོ་རིམས་བཞིན་དུ་རྡོ་རྗེ་དང་པདྨ་དང་འཁོར་ལོ་ལ་གནས་པའི་ཧཱུཾ་ཨཱཿཨོཾ་ཞེས་པ་འདིས་སྙིང་ག་ལ་སོགས་
པ་རྣམས་སུ་རེག་ནས་ལྷག་པར་གནས་པར་བྱའོ། །ལག་པ་གཡས་གཡོན་དག་ལ་ཉི་མ་དང་ཟླ་བ་དག་གི་སྟེང་དུ་རྡོ་རྗེ་དང་ཆུ་སྐྱེས་སྐད་ཅིག་གིས་བསམས་ལ་ཧཱུཾ་ཨཱཿཨོཾ་ཞེས་སོ། །དེ་ནས་རང་ཉིད་ཀྱང་ཏཱ་ལའི་ལོ་མ་དང་ཤུ་གུ་དང་གྲོ་ག་ལ་སོགས་པའི་དངོས་པོ་ལ་དྷཱིཿཡིག་ལས་ལག་
པས་བླངས་ནས་གསུང་རྡོ་རྗེའི་ཡི་གེ་རྣམ་པར་གྱུར་པར་བསམས་ལ། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པ་འདི་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་འདིས་ཀྱང་ངོ་། །སྣག་ཚ་ཡང་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རྡུལ་དུ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་
གཟུགས་སུ་རྣམ་པར་བསྒོམས་ནས། ཨོཾ་བཛྲ་དྷརྨྨ་ཧྲཱིཿསྭཱ་ཧཱ་ཞེས་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་སོ། །སྨྱུ་གུ་དང་པོ་མཆོག་གི་རྡོ་རྗེར་རྣམ་པར་བསམས་ནས། ཨོཾ་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སརྦ་ཛྙཱ་ན་པ་ཊ་ལཱ་པ་ཧཱ་རི་ཎི་ཧྲཱིཿསྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ལན་ཉི་ཤུ་རྩ་གཅིག་མངོན་
པར་བསྔགས་ནས་ཡིག་མཁན་ལ་གཏད་པར་བྱའོ། །ཡིག་མཁན་གྱིས་ཀྱང་གཏོར་མ་ཕུལ་ནས་ཡོངས་སུ་བྲི་བར་བྱའོ། །དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱའོ་ཞེས་པ་ནི་པུསྟ་ཀའི་ཆོ་གའོ། །སྐུ་གཟུགས་བཞེངས་པར་གྱུར་ན། གཏོར་མ་སྔོན་དུ་འགྲོ་བས་ཡིད་ཀྱིས་ལྷ་བཟོ་
བ་ལྷའི་བདག་པོའི་སྐུར་བསམས་ནས། སྔོན་མ་ཇི་ལྟ་བ་བཞིན་དུ་སྙིང་ག་ལ་སོགས་པ་རྣམས་སུ་ཧཱུཾ་ཨཱཿ ཨོཾ་ཞེས་པའི་ཡི་གེ་རྣམས་བལྟས་ནས་དེ་རྣམས་ས་བོན་དེ་ཉིད་ལྷག་པར་གནས་པར་བྱའོ། །དེ་ནས་རྣམ་པར་དག་པའི་ས་དང་སྦྲ་ཚིལ་ལ་སོགས་པ་སྐད་ཅིག་གིས་སྟོང་
པ་ཉིད་ཀྱིས་ལྷག་པར་གྲོལ་བར་སྙིང་གའི་ས་བོན་ལས་བཞེངས་པར་བྱ་བའི་ལྷའི་སྐུར་བསམས་ནས། དེ་བཞིན་གཤེགས་ཀྱི་རང་བཞིན་གང་། དེ་ཡི་རང་བཞིན་འགྲོ་འདི་སྟེ། །རང་བཞིན་མེད་པའི་དེ་བཞིན་གཤེགས། །འགྲོ་བ་འདི་ཡང་རང་བཞིན་མེད། །འདིས་དངོས་
Vol. 62 · folio 334a
པོ་རྣམ་པར་སྦྱང་བར་བྱའོ། །ནམ་མཁའ་ལ་དེ་བཞིན་གཤེགས་པ་ཐམས་ཅད་བལྟས་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཉེ་བར་བསྙེན་པར་བྱའོ། །མཁའ་ཁྱབ་ཀུན་དུ་འགྲོ་བ་ཡི། །སངས་
རྒྱས་བྱང་ཆུབ་སེམས་དཔའ་ཀུན། །སངས་རྒྱས་མཛད་པའི་གནས་འདི་ལ། །མཆོད་ཕྱིར་ཉེ་བར་གཤེགས་སུ་གསོལ། །ཞེས་བརྗོད་པར་བྱའོ། །དེ་ནས་བཞེངས་པར་བྱ་བའི་ལྷའི་ཐུགས་ཀའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་ལ་ཡེ་ཤེས་སེམས་དཔའ་
དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་སྟེ། བུམ་པའི་ཆུས་ཀྱང་ཁྲུས་བྱས་ནས་ཉེ་བར་སྤྱོད་པ་ལྔས་ཡང་དག་པར་མཆོད་པར་བྱས་ནས། ཨོཾ་བཛྲ་སཏྭ་ཨཱཿའདིས་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་བལྟས་ནས། ཨོཾ་བཛྲཱ་བེ་ཤ་ཧོཿའདིས་རྡོ་རྗེ་འབེབས་པའི་དམ་
ཚིག་གི་ཕྱག་རྒྱ་བཅིངས་ནས་ཡི་གེ་བརྒྱ་པས་ལན་གསུམ་དུ་བརྟན་པར་བྱའོ། །འདིར་ཡང་སྔོན་བཞིན་དུ་རིགས་ཀྱི་བདག་པོའི་ངོ་བོ་ཉིད་དུ་བཟོ་བོ་ལྷག་པར་གནས་པར་བྱས་ནས་དེ་ལ་དྲིའི་ཐིག་ལེ་དང་སོ་རྩི་ལ་སོགས་པ་བྱིན་ནས་གཏད་པར་བྱའོ། །ལས་མི་ལ་སོགས་པ་རྣམས་ཀྱང་སོ་རྩི་
ལ་སོགས་པས་ཚིམ་པར་བྱ་ཞིང་བརྟན་པར་བྱ་བ་རྣམས་ལ་ཡང་སྟོན་མོ་དང་གཏོར་མ་ལ་སོགས་པ་དབུལ་ལོ། །དེ་ནས་ལྷ་བསྒོམ་པ་རྣམ་པར་གཤེགས་ནས་སྦྱིན་བདག་ལ་ཤིས་པ་བརྗོད་པར་བྱའོ་ཞེས་པ་ནི་སྐྱེ་གནས་སྦྱངས་པའོ། །ད་ནི་མཆོད་སྡོང་གི་རང་བཞིན་ལྷའི་སྙིང་པོར་བྱེད་
པས་དེའི་སྙིང་གའི་ས་བོན་གསེར་གྱིས་བྲིས་པའི་ཡི་གེ་སྙིང་གར་གཞུག་ཅིང་སྦྱང་བར་བྱའོ། །གཞོན་ནུ་མས་བཀལ་བའི་སྐུད་པས་དཀྲིས་ནས་དེའི་ཕྱིས་རྣམས་ཀྱིས་བསྐོར་བར་བྱའོ། །སློབ་དཔོན་གྱིས་ཁྲུས་ཀྱང་བྱའོ། །དེ་ནས་ནམ་མཁའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ལ་
གནས་པའི་ཧོཿཡིག་དམར་པོ་གཉིས་ཀྱིས་བརྟེན་པའི་དེ་ཉིད་གསུམ་དང་བཅས་པའི་ལྷའི་ས་བོན་བལྟས་ནས། ཇི་ལྟར་རྫོགས་པའི་སངས་རྒྱས་རྣམས། །དགའ་ལྡན་གནས་སུ་རབ་བཞུགས་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་འདི་ལ་བཞུགས་པར་
Vol. 62 · folio 334b
ཞུ། །ཕྱོགས་རྣམས་མ་ལུས་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་རྡོ་རྗེ་ཆེ་གེ་ཞེས། །བདག་གིས་ལྷ་རྣམས་བསྐྲུན་པར་བགྱི། །སློབ་མ་རྣམས་ལ་བརྩེ་ཕྱིར་དང་། །སེམས་ཅན་སོ་སོའི་དོན་རྒྱུའི་ཕྱིར། །ས་བོན་ལས་བྱུང་ཡེ་ཤེས་ཆེ། །མཆོད་
ཕྱིར་ལྷག་པར་གནས་པར་མཛོད། །ཅེས་ལན་གསུམ་བརྗོད་པས་གསོལ་བ་བཏབ་ཅིང་མཆོད་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། ཨོཾ་བཛྲཱཾ་ཀུ་ཤ་པི་ཛ་ཨཱ་ཀཪྵ་ཡ་ཛཿ། ཨོཾ་བཛྲ་པཱ་ཤ་བི་ཛ་པྲ་བེ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བི་ཛ་བནྡྷ་ཡ་བཾ། ཨོཾ་བཛྲ་བེ་ཤྲཱ་བི་ཛ་ཏོ་ཥ་ཡ་
ཧོཿཞེས་པའི་སྔགས་ཀྱིས་དགུག་པ་ལ་སོགས་པ་བྱས་ནས། ས་མ་ཡ་སྟྭཾ་ས་མ་ཡ་ཧཾ་ཞེས་ལན་གསུམ་བརྗོད་པས་ལྷག་པར་གནས་པར་བྱའོ། །དེ་ནས་རང་གི་ས་བོན་ལས་ལྷ་རྣམས་རྫོགས་པར་བསྐྱེད་ནས་སྐྱེད་མོས་ཚལ་ཞེས་ཤེས་པའི་ཕྱིར་སྔགས་ཀྱང་བཟླས་པ་དང་ཡི་གེ་
བརྒྱ་པ་ཡང་བརྗོད་ནས་ཆོ་གས་མཆོད་པ་དང་གཏོར་མ་ཡང་དབུལ་བར་བྱའོ། །སྐྱེད་མོས་ཚལ་གྱི་ཆོ་གའོ།། །།ད་ནི་བླ་རེ་དང་གདུགས་དང་རྒྱལ་མཚན་དང་བ་དན་རྣམས་ཀྱིས་བརྒྱན་ནས་དེའི་དབུས་སུ་སྣ་ཚོགས་ཆུ་སྐྱེས་མངོན་པར་བྲིའོ། །ཡང་ན་ཁྲི་ལ་ཆུ་སྐྱེས་འདབ་མ་
བརྒྱད་པ་མངོན་པར་བྲིས། དེའི་ཕྱི་རོལ་ཏུ་བུམ་པ་བརྒྱད་དགོད་པར་བྱའོ། །དེ་ནས་དབང་ལྡན་དུ་རྣམ་པར་སྣང་མཛད་ཆེན་པོ་དང་རྡོ་རྗེ་སེམས་མ་དང་། རིན་ཆེན་རྡོ་རྗེ་མ་དང་། ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་རྣམས་ཀྱི་མཚན་མ་ལྔས་མཚན་པའི་བུམ་པ་གཅིག་གོ། །ཤར་
དུ་མི་བསྐྱོད་པ་དང་། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལེགས་པ་རྣམས་ཀྱི་མཚན་མ་ལྔས་མཚན་པའི་བུམ་པ་གཅིག་གོ། །མེར་རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་གར་མ་དང་། རྡོ་རྗེ་བདུག་སྤོས་མ་དང་། རྡོ་རྗེ་མེ་ཏོག་
མ་དང་། རྡོ་རྗེ་མར་མེ་མ་དང་། རྡོ་རྗེ་དྲི་མ་རྣམས་ཀྱི་མཚན་མ་བརྒྱད་ཀྱིས་མཚན་པའི་བུམ་པ་གཅིག་གོ། །ལྷོར་རིན་ཆེན་འབྱུང་ལྡན་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་ཏོག་དང་། རྡོ་རྗེ་བཞད་པ་དང་ལྔའི་མཚན་མས་མཚན་པའི་བུམ་པ་གཅིག་གོ། །བདེན་
Vol. 62 · folio 335a
བྲལ་དུ་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་འབེབས་པ་རྣམས་ཀྱི་མཚན་མ་བཞིས་མཚན་པའི་བུམ་པ་གཅིག་གོ། །ནུབ་ཏུ་འོད་དཔག་མེད་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་རྒྱུ་དང་། རྡོ་རྗེ་སྨྲ་བ་རྣམས་ཀྱི་མཚན་མ་ལྔས་མཚན་
པའི་བུམ་པ་གཅིག་གོ། །རླུང་དུ་བྱམས་པ་དང་། དོན་ཡོད་གཟིགས་དང་། ངན་སོང་ཐམས་ཅད་འཇོམས་པ་དང་། མྱ་ངན་དང་མུན་པ་ཐམས་ཅད་སེལ་བའི་བློ་གྲོས་དང་། སྤོས་ཀྱི་གླང་པོ་དང་། དཔའ་བར་འགྲོ་བ་དང་། ནམ་མཁའ་མཛོད་དང་། ཡེ་ཤེས་ཏོག་དང་། འོད་དཔག་མེད་
དང་། ཟླ་འོད་དང་། བཟང་སྐྱོང་དང་། དྲ་བ་ཅན་གྱི་འོད་དང་། རྡོ་རྗེ་སྙིང་པོ་དང་། མི་ཟད་པའི་བློ་གྲོས་དང་། སྤོབས་པ་བརྩེགས་པ་དང་། ཀུན་དུ་བཟང་པོ་རྣམས་ཀྱི་མཚན་མ་བཅུ་དྲུག་གིས་མཚན་པའི་བུམ་པ་གཅིག་གོ། །བྱང་དུ་དོན་ཡོད་གྲུབ་པ་དང་། རྡོ་རྗེ་ལས་དང་། རྡོ་རྗེ་བསྲུང་བ་དང་།
རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མཚམས་རྣམས་ཀྱི་མཚན་མ་ལྔས་མཚན་པའི་བུམ་པ་གཅིག་གོ། །ཆུ་སྐྱེས་འདབ་མ་བརྒྱད་པ་བྲིས་པའི་ཟེ་འབྲུའི་སྟེང་དུ་སྟེགས་བུ་ལ་ཟླ་བའི་དཀྱིལ་འཁོར་ལ་རས་བྲིས་ལ་སོགས་པའི་སྟེང་གཡོགས་པའི་སེང་གེའི་ཁྲི་ལ་བཞུགས་པའི་ལྷག་པར་མོས་པས་
སོ། །ཡང་ཁྲུས་ཀྱི་དཀྱིལ་འཁོར་དང་བྲལ་བས་ཡང་ངོ་། །དེ་བཞིན་དུ་གཞན་དུ་ཡང་ཁྲི་ལ་སོགས་པའི་རང་བཞིན་ལ་དེའི་མཎྜལ་ལ་རས་བྲིས་དང་པུསྟ་ཀ་དང་མཆོད་རྟེན་ལ་སོགས་པ་ཞལ་ཤར་དུ་མངོན་པར་ཕྱོགས་པས་སམ་གཞན་དུ་ཡང་རུང་སྟེ་བཞུགས་པར་བྱའོ། །གང་ལངས་
པ་དང་སྤྱོད་ལམ་གྱི་བར་མི་ཐོག་ཅིང་འོས་པས་སོ། །གཙུག་ལག་ཁང་དང་མཆོད་རྟེན་དང་དྲི་གཙང་ཁང་དུ་སྐུ་གཟུགས་ལ་སོགས་པ་ནམ་མཁའི་ཁྲུས་ཀྱི་སྟེགས་བུ་རབ་ཏུ་སྦྱོར་བས་གཉིས་པོ་ཇི་ལྟར་དམ་ཚིག་གི་ཉེས་པ་སྐུ་གཟུགས་ལ་སོགས་པའི་མདུན་དུ་བྱ་སྟེ་དེ་ལ་ཞལ་མངོན་པར་
ཕྱོགས་པས་སླར་ཡང་ཞབས་བསིལ་དང་མཆོད་ཡོན་ལ་སོགས་པ་འབུལ་བ་སྔོན་དུ་འགྲོ་བས་མཆོད་ཡོན་དབུལ་བའི་སྔགས་ཀྱིས་སྦྱང་བར་བྱའོ། །སྦྱང་བའི་སྔགས་དང་མེའི་བྱ་བ་དང་ལྡན་པས་སོ། །དེ་ནས་སྐུ་གཟུགས་ཀྱི་ཐུགས་ཀ་དང་མགྲིན་པ་དང་དཔྲལ་བ་རྣམས་སུ་ཧཱུཾ་ཨཱཿཨོཾ་ཞེས་
Vol. 62 · folio 335b
པའི་ཡི་གེ་རྣམས་བརྗོད་ནས་སྔོན་བཞིན་དུ་ཤེས་པར་བྱས་ནས་དྲི་ནི་ཐུགས་ཀར་དབུལ་ལོ། །མེ་ཏོག་གི་ཕྲེང་བ་དབུལ་དཀྲིས་ནས་མདུན་དུ་མཆོད་ཡོན་དབུལ་ལོ། །ཡོངས་སུ་བསྐོར་བཞིན་པའི་མར་མེས་ཨོཾ་བཛྲ་ཡཀྵ་ཧཱུཾ། འདིས་ལན་བདུན་མངོན་པར་བསྔགས་ནས་མར་དང་སྤོས་
དཀར་གྱི་བདུག་པས་བདུག་པར་བྱའོ་ཞེས་སྦྱང་བའི་རིམ་པའོ། །དེའི་རྗེས་ལ་རྡོ་རྗེ་ལས་ཀྱི་སྔགས་ཀྱིས་ལན་བདུན་མངོན་པར་བསྔགས་པའི་དཱུཪྺའི་ཆུན་པོས་ཟངས་མའི་སྣོད་ན་གནས་པའི་ཞོ་དང་འོ་མ་དང་། མར་དང་སྦྲང་དང་ཀ་ར་སྟེ་བདུད་རྩི་ལྔའི་རང་བཞིན་རྣམས་དཀྲུགས་ཏེ་
ཞོ་དང་འོ་མ་དང་མར་དང་བའི་ལྕི་བ་དང་ཆུ་སྟེ་བའི་རྣམ་ལྔ་རྣམས་ཀྱི་སྟེ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་པའི་ས་བོན་རྣམས་ལྷག་པར་གནས་པ་དང་། བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་ཞེས་པའི་སྔགས་ཀྱིས་ལྷག་པར་གནས་ལ་གང་ཞིག་རི་མོ་དང་རས་བྲིས་དང་པུསྟ་ཀ་དང་སའི་རང་བཞིན་ལ་སོགས་པ་རྣམས་ལ་དེ་
རྣམས་མེ་ལོང་གི་གཟུགས་བརྙན་གྱི་གཟུགས་ལའོ། །བྱམས་པ་ལ་སོགས་པའི་སྔགས་ཀྱིས་མངོན་པར་བསྔགས་པའི་བུམ་པའི་ཆུ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པས་ཁྲུས་བྱའོ། །བྱམས་མགོན་ལ་སོགས་བྱང་ཆུབ་སེམས་དཔའ་གང་རྣམས་ཀྱིས། །གང་ཡང་
གཙུག་ལག་ཁང་དང་སེམས་ཅན་རྣམ་དག་གྲགས། །སྐྱེ་དགུའི་རབ་རིབ་ཉེས་རྣམས་མ་ལུས་འཇོམས་གྱུར་པ། །དབང་བསྐུར་མཆོག་གི་བཀྲ་ཤིས་དེ་ནི་ཁྱེད་ལ་ཤོག །དེ་ནས་འཁར་བའི་སྣོད་དུ་གནས་པའི་ནྱ་གྲོ་དྷ་དང་། ཨུ་དུམྺཱར་ར་དང་། པླཀྴ་དང་། བྱང་ཆུབ་ཤིང་དང་། དྲིའི་
ཁུ་བ་དང་། འོ་མ་དང་ཤིང་རྣམས་ཀྱི་ཤུན་ལྤགས་རྣམས་ཀྱིས་མཉེས་ཤིང་སྦྱང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་དབང་པོས་སོ། །དེ་བཞིན་དུ་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཁཾ་ཁཿཞེས་པའི་སྔགས་ཀྱིས་སོ། །འཁར་བའི་སྣོད་དུ་གནས་པའི་དྲི་བཟངས་དང་མར་ཁུས་
མཉེ་ཞིང་སྤྱད་བར་བྱའོ། །འཁར་བའི་སྣོད་ལ་གནས་པའི་བྱུག་པས་བྱུགས་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་བཟླས་པའི་བུམ་པའི་ཆུས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་པས་ཁྲུས་བྱའོ། །དྲིལ་བུའི་ཕྱག་གི་ཞགས་པས་དགུག་དང་བཅིང་བས་མཆོག་དགུག་
Vol. 62 · folio 336a
སོགས། །སྣ་ཚོགས་ཉེས་པས་ལས་རྣམས་དོན་ལྡན་པས། །སྒོ་ནས་གཞུག་ཅིང་གཞན་ཡང་གླུ་དང་སྟོང་ཉིད་དང་། །དབང་བསྐུར་མཆོག་གི་བཀྲ་ཤིས་དེ་ནི་ཁྱེད་ལ་ཤོག །དེ་ནས་འཁར་བའི་སྣོད་ན་གནས་པའི་ཡུང་བའི་ཁུ་བས་བྱུགས་ནས་ཁྲུས་བྱའོ། །
ཙནྡན་དཀར་པོ་དང་། དམར་པོ་དང་གུར་ཀུམ་ལ་སོགས་པ་དང་། གྲནྠིའི་ལོ་མ་དང་ཨ་ག་རུ་དང་ག་པུར་དང་། གླ་བ་ལ་སོགས་པ་ཇི་ལྟར་རྙེད་པ་རྣམས་དང་། ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བུམ་པ་
བཟུང་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས་བུམ་པའི་ཆུས་ལྷ་རྣམས་ཁྲུས་བྱའོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །དེ་ལ་ཆགས་
པའི་ཆུ་རྣམས་གོས་འཇམ་པོས་ཕྱི་བར་བྱའོ། །དེའི་རྗེས་ལ་སློབ་དཔོན་གྱི་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་བསྐྱེད་ལ་མེ་ཏོག་དྲི་ཞིམ་པས་ཐལ་མོ་སྦྱར་ལ་ལུས་ཀྱིས་ཕྱག་འཚལ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏེ་བི་ལཱ་སྱ་ན་མི་ཏེ་ན་མཱ་མི་བྷ་ག་ཝཱན་ཏྭཾ་ཤྲཱི་ཆེ་གེ་མོ་བཛྲི་ཛཿཧཱུཾ་བཾ་ཧོཿ
པྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཧོཿས་མ་ཡ་སྟྭཾ་ཞེས་བརྗོད་ལ་སྙིམ་པའི་མེ་ཏོག་དབུལ་བར་བྱའོ། །དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བདག་པོའི་བདེན་པ་ཞུ་བར་བྱ་སྟེ། བཅོམ་ལྡན་རྡོ་རྗེ་ཆེ་གེ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་
ལ་བརྩེ་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེ་བདག་ཉིད་ཅན། །རབ་གནས་བགྱི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །ཁྱེད་ཀྱིས་བཀའ་དྲིན་གནང་བར་མཛོད། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་
ལྡན་དུ་ནི་རབ་བཞུགས་པས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་ལྟར་འདི་ལ་བཞུགས་སུ་གསོལ། །འདི་ལ་མགོན་པོ་རྟག་བཞུགས་ནས། །བདག་གི་མེ་ཏོག་ལ་སོགས་བཞེས། །བྱང་ཆུབ་སེམས་ཀྱི་དངོས་གྲུབ་ཕྱིར། །བརྩེ་བའི་དོན་ཕྱིར་རྗེས་སུ་ཟུང་། །སངས་རྒྱས་
Vol. 62 · folio 336b
འགྲོ་དོན་སྩོལ་མཛད་པ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གང་དག་གཞན་ཡང་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་རྣམས་དང་། །འབྱུང་པོ་བྱང་ཆུབ་བསྟན་གནས་དང་། །གང་ཡང་རྡོ་རྗེའི་སྤྱན་ལྡན་དང་། །སེམས་ཅན་བསྟན་ལ་མངོན་དགའ་རྣམས། །
བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །རབ་གནས་ཆོ་ག་དང་ལྡན་པ། །ཇི་ལྟར་ནུས་བཞིན་ཉེར་སྤྱོད་པས། །འགྲོ་རྣམས་དག་ཕྱིར་བདག་གིས་བགྱི། །བདག་དང་སློབ་མ་ལ་ཕན་ཕྱིར། །བརྩེ་བས་རྗེས་སུ་བཟུང་མཛད་ནས། །འཁོར་དང་བཅས་
པ་རྣམས་ནི་འདིར། །མཆོད་ཕྱིར་ཉེ་བར་བྱོན་པར་ཞུ། །དེ་ལྟར་ལན་གསུམ་དུ་བརྗོད་པས། སྙན་གསན་དབབ་པར་བྱས་ནས་ཡང་བསྟོད་པ་དང་བདུད་རྩི་མྱང་བར་བྱའོ། །དེ་ནས་འདིས་ལྷ་རྣམས་སྙན་གསན་ཕབ་ནས་བདག་ཉིད་རབ་ཏུ་དགའ་བར་བྱའོ། །དེང་བདག་སྐྱེ་བ་
འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་མཚུངས་པར་ནི། །བདག་ནི་ཐེ་ཚོམ་མེད་པར་གྱུར། །བྱང་ཆུབ་སེམས་ཉིད་གཅིག་པུ་ལས། །བདག་ནི་ཕྱིར་མི་ལྡོག་པར་འགྱུར། །དེང་བདག་ཐེ་ཚོམ་མེད་པར་ནི། །དེ་བཞིན་གཤེགས་
པའི་རིགས་སུ་སྐྱེས། །དེ་རིང་བདག་ཉིད་མཆོག་གྱུར་ཏེ། །བདག་གི་མཆོག་སྦྱིན་བླ་ན་མེད། །སངས་རྒྱས་ཀུན་གྱི་མངོན་སུམ་དུ། །བདག་གིས་སྙན་གསན་ཉེ་བར་ཕབ། །དེ་ནས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་རམ་ཡང་ན་ཁྲོ་བོའི་རྣལ་འབྱོར་གྱིས་མན་ངག་ཇི་ལྟ་བ་བཞིན་དུ་ཟས་
ལ་སོགས་པ་རྣམ་པར་སྦྱངས་ནས་ཐོད་པར་གཏོར་མ་དབུལ་བར་བྱའོ། །དེ་ནས་བུམ་པའི་ཆུས་གཏོར་ཏེ། རྡོ་རྗེ་སྲུང་བའི་སྔགས་ཀྱིས་ལན་གསུམ་བཟླས་ཏེ་མདུད་པ་གསུམ་དང་ལྡན་པས་སོ་སོའི་ལག་པ་གཡས་པའི་མཁྲིག་མ་ལ་བཅིངས་ཏེ་སློབ་མ་བསྲུང་བར་བྱའོ། །དེ་འདི་
ཉིད་ཀྱང་བསྒྲག་པར་བྱ་སྟེ། སྔགས་པས་འགའ་ཞིག་སྙིང་ག་ནི། །མཆོད་པ་ལ་སོགས་ཆོ་ག་བྱ། །གཡོ་མེད་པ་ཡིས་འདི་བྱས་ན། །མཆོད་སྦྱིན་ཆེན་པོའི་འབྲས་བུ་འབྱུང་། །ཞེས་སོ། །དེ་ནས་བསྲུང་བའི་དོན་དུ་ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པས་ཡོངས་སུ་བསྔགས་ནས་མལ་ལ་
Vol. 62 · folio 337a
སོགས་པའི་མཚམས་ཀྱི་མཐའ་བསལ་ནས་སོ། །དེ་ནས་ཉི་མ་གཞན་ལ་ནང་པར་སྔ་བར་དམ་ཚིག་ལ་ཞི་བའི་གཏོར་མ་ཕུལ་ནས་སྐུ་གཟུགས་ལ་སོགས་པ་དེ་ཉིད་དུ་བཞུགས་སུ་གསོལ་ལོ། །གཙུག་ལག་ཁང་ལ་སོགས་པ་རྣམས་ཀྱང་ཇི་ལྟར་གནས་པའི་
དམ་ཚིག་སེམས་དཔའ་བསྐྱེད་པར་བྱའོ། །པུསྟི་རྣམས་བསྲུང་བའི་ཚོགས་དང་སྟོང་པ་ཉིད་ཀྱི་མཐར་པདྨ་དམར་པོ་དང་ཉི་མ་ལ་ཧྲཱིཿཡིག་དམར་པོ་ལས་བྱུང་བའི་ཆུ་སྐྱེས་དང་ཧྲཱིཿཡོངས་སུ་གྱུར་པ་ལས་འོད་དཔག་མེད་ཀྱི་སྐུར་ཡོངས་སུ་གྱུར་པ་ལས་བསྲུང་བ་དང་དམ་ཚིག་སེམས་
དཔར་བསམ་པར་བྱའོ། །མར་མེ་མཛད་ལ་སོགས་པའི་གཙུག་ལག་ཁང་རྣམས་ཀྱི་ཡང་སྟོང་པ་ཉིད་ཀྱི་མཐར་པདྨ་དང་ཟླ་བ་ལ་བྷྲཱུཾ་ཡིག་དཀར་པོ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པ་དང་བྷྲཱུཾ་ལས་རྣམ་པར་སྣང་མཛད་དེ་ཡོངས་སུ་གྱུར་པ་ལས་མར་མེ་མཛད་ཀྱི་གཙུག་ལག་ཁང་གི་
གཟུགས་དང་དྲི་གཙང་ཁང་གི་གཟུགས་དང་། མཆོད་རྟེན་གྱི་གཟུགས་རྣམས་ཀྱང་དམ་ཚིག་སེམས་དཔར་བསྐྱེད་ནས་ཞབས་བསིལ་དང་། མཆོད་ཡོན་དང་ཞལ་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་སྦྱང་བར་བྱའོ། །དེའི་མཐར་ཆོ་ག་ལས་གསུངས་པའི་བདུད་རྩི་ལྔ་ལ་
སོགས་པས་དྲིལ་ཕྱི་ལ་སོགས་པ་བྱས་ནས་གུར་ཀུམ་ལ་སོགས་པ་ཇི་ལྟར་རྙེད་པ་ལ་མི་བསྐྱོད་པའི་སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པས་དབང་བསྐུར་བར་བྱའོ། །བཀྲ་ཤིས་གང་ཞིག་ལག་ན་རྡོ་རྗེ་རྒྱལ་པོའི་དཔལ་དེ་དང་། །རྡོ་
རྗེ་ཆགས་པ་མཆོག་ཏུ་ལེགས་པ་ཤིན་ཏུ་བཞད་པ་དང་། །མི་བསྐྱོད་རྒྱལ་པོ་བདེ་བར་གཤེགས་པའི་བདེ་བ་ཆེན་པོ་ཡི། །དབང་བསྐུར་མཆོག་ལ་དེ་ཡི་བཀྲ་ཤིས་དེ་རིང་འབྱུང་གྱུར་ཅིག །དེ་ནས་དེ་ཉིད་ཀྱི་རིམ་པས་དབང་བསྐུར་ནས་གོས་གཙང་མ་འཇམ་པོས་ཆུ་རྣམས་ཕྱི་བར་བྱའོ། །
དེ་ནས་ལག་པས་མཉེ་བར་བྱའོ། །དེ་ནས་སྐུ་གཟུགས་ཀྱི་དཔྲལ་པ་དང་། མགྲིན་པ་དང་། སྙིང་ག་དང་། སྤྱན་དང་། ཤངས་དང་། ལྗགས་དང་། མཚམས་ཀྱི་མཐའ་དང་། ལྟེ་བ་རྣམས་ལ་ཨོཾ་ཨཱཿཧཱུཾ་ཀྵིཾ་ཛཾ་ཁཾ་གཾ་སྐཾ་སཾ་ཞེས་པའི་ས་བོན་གྱི་ཡི་གེས་ལྷག་པར་གནས་པར་བྱའོ། །དེ་ནས་
Vol. 62 · folio 337b
གསེར་གྱི་ཐུར་མས་དངུལ་གྱི་སྣོད་དུ་གནས་པའི་མར་དང་སྦྲང་གིས་བྱུག་ཅིང་། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །ཁྱེད་ཀྱིས་མི་ཤེས་རབ་རིབ་ནི། །དེ་བཞིན་བདག་གིས་བསལ་བར་བགྱི། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནེ་སྭཱ་ཧཱ་ཞེས་བརྗོད་ནས་
མིག་སྨན་གྱིས་སྐུ་གཟུགས་ཀྱི་སྤྱན་དབྱེ་བར་བྱའོ། །པུསྟི་ལ་སོགས་པ་དང་རས་བྲིས་རྣམས་ཀྱི་མེ་ལོང་གི་གཟུགས་བརྙན་གྱི་རང་བཞིན་ལས་སྤྱན་གཡས་པ་དང་གཡོན་པ་དག་ལ་མ་དང་ཊ་ཡིག་དག་གི་ས་བོན་ལས་ཉི་མ་དང་ཟླ་བ་ལ་བལྟས་ལ་ཨོཾ་དཱིཔྱེ་ཙཀྵུ་ཤེ་ཧཱུཾ། མར་མེས་སླར་ཡང་ཨོཾ་
དཱིཔྱེ་ཙཀྵུ་ཤེ་ཧཱུཾ། མིག་གཡས་པའོ། །ཨོཾ་དྷརྨ་ཙཀྵུ་ཤེ་ཧཱུཾ། མིག་གཡོན་པའོ། །ཨོཾ་ཨཱཿཛྙཱ་ན་བཛྲ་ཛྙཱ་ན་ཙཀྵུཿཀུ་རུ། མེ་ལོང་གིས་སླར་ཡང་ཨོཾ་ཛྙཱ་ན་ཙཀྵུ་ཤེ་ཧཱུཾ་གཡས་པའོ། །ཨོཾ་བུདྡྷ་ཙཀྵུ་ཤེ་ཧཱུཾ་གཡོན་པའོ། །ཨོཾ་པྲཛྙཱ་ཙཀྵུ་ཤེ་ཧཱུཾ་རྡོ་རྗེ་ཡིས་སླར་ཡང་། ཨོཾ་པྲཛྙཱ་ཙཀྵུ་ཤེ་ཧཱུཾ་མིག་
གཡོན་པའོ། །ཨོཾ་བཛྲ་ཙཀྵུ་ཤེ་ཧཱུཾ་མིག་གཡས་པའོ། །ཨོཾ་ཨཱཿཛྙཱ་ན་ཙཀྵུཿཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཡེ་ཤེས་ཀྱི་མིག་ལྷག་པར་གནས་པར་བྱའོ། །དེ་ནས་མིག་དག་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་ཐམས་ཅད་ཁྱབ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ལྷའི་སྤྱན་རྣམས་ངེས་
པར་སྦྱར་བས་མོས་ཤིང་སྤྱན་དབྱེ་བར་བྱའོ། །དེའི་རྗེས་ལ་འབྲས་ཡོས་ལ་སོགས་པས་གང་བའི་དུང་ཆོས་ཀྱི་སྣོད་དུ་སྣ་ཚོགས་པའི་རིན་པོ་ཆེའི་ཁྱད་པར་གྱིས་ཀྱང་ཨོཾ་ཨཱཿཧྲཱིཿཔྲ་བ་ར་སཏྐཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་མཆོད་ཡོན་དབུལ་ལོ། །ཨོཾ་ཨཱཿགྷ་བཛྲ་གནྡྷེ་
ཧཱུཾ་ཞེས་པ་འདིས་ག་པུར་དང་། གླ་བ་དང་གུར་ཀུམ་ལ་སོགས་པའི་དྲི་བཟངས་རྣམས་ཀྱིས་ཡང་དག་པར་བྱུགས་ཏེ། ཨོཾ་ཨཱཿབོ་དྷྱཾ་ག་དྲྀ་ཌྷ་ཀ་བ་ཙ་བསྟྲེ་སྭཱ་ཧཱ་ཞེས་པ་འདིའི་སྔགས་ཀྱིས་གོས་སེར་པོ་གོན་པར་མོས་པར་བྱའོ། །ཨོཾ་ཨཱཿདཱིཔྱེ་བཱ་ས་སེ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ན་
བཟའ་སེར་པོ་དབུལ་བར་བྱའོ། །ཨོཾ་ཨཱཿཏི་ལ་ཀ་བྷུ་ཥ་ཎེ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ཙནྡན་དང་གུར་ཀུམ་ལ་སོགས་པའི་ཐིག་ལེ་བྱའོ། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་མ་དྷུ་པྲཱ་ཤ་ནེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་གསེར་ལ་སོགས་པའི་སྣོད་དུ་གནས་པའམ། ཨ་ཤྭ་ཧྠའི་ལོ་
Vol. 62 · folio 338a
མའི་སྣོད་དུ་མར་དང་སྦྲང་དང་ཀ་ར་དང་བཅས་པ་དེ་བཞིན་གཤེགས་པའི་སྐུ་ཁྱབ་པའི་དོན་དུ། ཨོཾ་སརྦ་ཏ་ཐ་ག་ཏ་ཙིནྟྱོ་མྲྀ་ཏ་བྷཱ་རི་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་འོ་མ་དབུལ་བར་བྱའོ། །དུག་མེད་པའི་ཕྱིར་སྨན་ལྔ་པོ་རྣམས་དབུལ་བར་བྱའོ། །ཉེར་སྤྱོད་
རྣམ་པ་ལྔས་མཆོད་ནས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱའོ་ཞེས་པ་ནི་བསྐྱེད་པའི་ལས་སོ། །དེའི་རྗེས་ལ་སློབ་དཔོན་གྱིས་ཨོཾ་བཛྲ་སཏྭ་ཨཱཿཞེས་པ་འདིས་མེ་ལོང་བསྟན་ནས་སྔོན་དུ་གསུངས་པའི་སྔགས་ཀྱིས་གི་ཝང་ལ་
སོགས་པའི་དྲིའི་ཐིག་ལེ་དབུལ་ལོ། །རང་གི་སྙིང་གར་ཟླ་བའི་སྟེང་དུ་ས་བོན་གྱི་ཡི་གེ་བཀོད་ལ་ལྷ་རྣམས་ཀྱི་ཡི་གེ་རྣམས་རབ་ཏུ་འབར་བས་མགོ་བོའི་སྟེང་དུ་དེའི་འོད་ཟེར་གྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་གང་བ་རྣམ་པར་བསྒོམས་ནས། སླར་ཡང་བཀུག་ནས་དེ་
ཉིད་ལ་རབ་ཏུ་ཞུགས་ཏེ་རང་གི་ཐུགས་ཀའི་མིང་གི་ཡི་གེ་རྣམས་ལས་བྱུང་ནས་སྐུ་གཟུགས་དང་ལྷ་རྣམས་ཀྱི་ཐུགས་ཀར་རབ་ཏུ་ཞུགས་ཏེ་དེ་བཞིན་དུ་དེ་ཉིད་སྤྲོ་བ་ལ་སོགས་པའི་རྣམ་པས། འཁོར་ལོའི་དབང་ཕྱུག་གི་སྔགས་ཀྱིས་བསྔགས་པའི་བུམ་པའི་ཆུས་བཀྲ་ཤིས་ཀྱི་
ཚིགས་སུ་བཅད་པ་དང་བཅས་པས་དབང་བསྐུར་བར་བྱའོ། །གང་ཞིག་སེམས་དཔའ་རིན་ཆེན་ཆོས་མཆོག་ལས་ཀུན་རྡོ་རྗེ་ཅན། །གང་ཞིག་ཕྱག་རྒྱའི་ཚོགས་པ་དང་ནི་བཅས་པའི་ལྷག་མཐོང་གི །རྣམ་པར་སྣང་མཛད་གང་གི་སྲིད་པའི་སྡུག་བསྔལ་འཇོམས་མཛད་
པ། །དེ་ཡི་བཀྲ་ཤིས་ཀྱིས་ནི་དེ་རིང་ཁྱེད་ལ་ཞི་བྱེད་ཤོག །ཨོཾ་ཆེ་གེ་མོ་བཛྲ་བྷ་ག་བཱན་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་དེའི་ཐུགས་ཀའི་རྡོ་རྗེ་ལ་དམིགས་ནས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་མཆོད་ཡོན་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ།
སོ་རྩི་ལ་སོགས་པ་དབུལ་བར་བྱའོ། །རྡོ་རྗེ་བསྲུང་བའི་སྔགས་ཀྱིས་ཡང་དག་པར་བསྲུངས་ནས་ལས་ཀྱི་མིང་གིས་བསྟོད་པ་ལ་སོགས་པ་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེས་མངོན་པར་བསྔགས་པའི་བུམ་པའི་ཆུས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པ་སྔོན་དུ་འགྲོ་བས་
Vol. 62 · folio 338b
དབང་བསྐུར་བར་བྱའོ། །དེ་ལ་ཚིགས་སུ་བཅད་པ་འདི་ལན་གསུམ་མོ། །རྡོ་རྗེ་སྲུང་དཔལ་མཆོག་སྦྱིན་སྤྱན་དང་ཕྱག་ན་རྡོ་རྗེར་བཅས། །ཁུ་ཚུར་དག་དང་བཅས་གྱུར་དེ་ཡི་དོན་ཡོད་གྲུབ་པ་ཡི། །བཀྲ་ཤིས་གང་ལ་ཕན་མཛད་མཆོག་གི་དོན་རྣམས་གྲུབ་མཛད་པ། །བཀྲ་
ཤིས་དེས་ནི་དེང་འདིར་ཁྱེད་ལ་ཞི་བར་བྱེད་གྱུར་ཅིག །ཨོཾ་བོ་དྷྱཾ་ག་དྲྀ་ཌྷ་ཀ་བ་ཙ་བསྟྲ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ན་བཟའ་སྣ་ཚོགས་དབུལ་བར་བྱའོ། །ལྕགས་ཀྱི་མེས་ཀྱང་བསྲུང་བར་བྱའོ། །གསེར་དང་དངུལ་དང་ཟངས་ལ་སོགས་པའི་སྣོང་དུ་གནས་པའི་སྦྲང་དང་ཡོངས་
སུ་སྨིན་པའི་ཨ་མྲ་ལ་སོགས་པ་དུས་ཀྱི་རྗེས་སུ་མཐུན་པའི་ཤིང་ཐོག་གོ། །ཨོཾ་ཨཱཿས་མཱ་དྷི་ཕཱ་ལ་ལེ་སརྦ་ཛི་ན་པུ་ཏྲ་པྲཱི་ཎ་ནེ་ཨཱཿཧཱུཾ་སྭཱ་ཧཱ་ཞེས་པས་ལྷག་པར་གནས་ཤིང་དབུལ་བར་བྱའོ་ཞེས་པ་ནི་ཤིང་ཐོག་འབྲིམ་པའོ། །དེ་ནས་རྡོ་རྗེ་གླུ་མས་མངོན་པར་བཟླས་པའི་བུམ་པའི་
ཆུས་ཁྲུས་བྱ་ཞིང་སྣ་ཚོགས་པའི་པི་ཝང་དང་གོས་ལ་སོགས་པ་དབུལ་བར་བྱའོ། །ཨོཾ་སརྦ་བོ་དྷྱཾ་ག་དྲྀ་ཌྷ་ཀ་བ་ཙ་བསྟྲེ་སྭཱ་ཧཱ་ཞེས་པས་དབུལ་ཞིང་ལྷག་པར་གནས་ལ་ལྕགས་ཀྱི་མེས་ཀྱང་བསྲུངས་ལ་གསེར་གྱི་ཐིག་ལེ་དང་གསེར་གྱི་བྱ་ཁྱུང་ལ་སོགས་པའི་ཕྲེང་བའི་མགུལ་རྒྱན་དང་
གསེར་གྱི་དཔུང་རྒྱན་དང་ཞབས་གདུབ་ལ་སོགས་པའི་རྒྱན་རྣམས་དབུལ་ལོ། །གསེར་གྱི་སྣོད་ལ་སོགས་པར་གནས་པའི་བཅའ་བ་ལ་དུ་ལ་སོགས་པ་ཁུར་བའི་རྣམ་པ་ལ་སོགས་པ་དང་། གཞིབ་པ་དང་མྱང་བ་དང་བཏུང་བ་དང་འོ་མ་དང་ཞོ་དང་འོ་མ་བསྡུས་པ་དང་
ཁུ་བ་ལ་སོགས་པ་བཏུང་བ་དང་། ནྱ་གྲོ་དྷ་དང་ཨ་མྲ་ལ་སོགས་པའི་གཞིབ་པ་དང་སྦྲང་དང་བུ་རམ་གྱི་ཁུ་བ་ལ་སོགས་པ་བལྡག་པ་དང་འདོད་སྤགས་སྣ་ཚོགས་བཀྲ་ཤིས་ཀྱི་ཁྲི་ལ་སོགས་པའི་སྟེང་དུ་རོ་དྲུག་གིས་མྱང་བའི་བཟའ་བ་དང་། མགུལ་པ་སྦྱོང་བའི་གོས་དམར་པོ་
དང་བྷཥྚ་ཙ་ཏྲ་ཀ་རྣམས། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱི། ཨོཾ་ཛ་བ་ལཾ་ད་དེ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་སྔགས་འདི་དག་གིས་ལན་བདུན་དུ་མངོན་པར་བསྔགས་ནས། ཨཾ་པ་ར་མཱན་ནེ་ས་མཱ་དྷི་དྷྱཱ་ན་པྲི་ཎ་ན་སྭཱ་ཧཱ་ཞེས་པའི་སྔགས་འདིས་དབུལ་བར་བྱའོ། །ཞལ་བསིལ་ཕུལ་ནས་མེ་ཏོག་དྲི་བཟང་པོའི་
Vol. 62 · folio 339a
ཕྲེང་བ་དབུ་ལ་དཀྲིས་ནས་སོ་རྩི་དང་མཆོད་ཡོན་ཕུལ་ནས་ལྷ་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ་ས་མ་ཡ་སྟྭཾ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས་སྙིང་གར་ཐལ་མོ་སྦྱར་ནས་
གསོལ་བ་གདབ་པར་བྱའོ། །བདེ་ཆེན་ཆགས་པ་ཆེན་པོ་ལ། །འགྲོ་ཀུན་ཞི་བའི་བདག་པོ་སྟེ། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་མཆོག་ཉིད། །བདེན་པ་འདི་ཡིས་མགོན་པོས་ནི། །
འདོད་དོན་བདག་ལ་ཡོངས་རྫོགས་བརྗོད། །ཆོས་ཀྱི་དབྱིངས་ལ་ལྷག་གནས་ལས། །དམ་ཚིག་དྲན་པ་ལས་ཀྱང་ནི། །བརྩེ་བས་སེམས་ཅན་ཐམས་ཅད་ལ། །དངོས་གྲུབ་ཐམས་ཅད་འབྱུང་བར་མཛོད། །ཅེས་པས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་བསྟོད་པར་བྱའོ་ཞེས་
པ་ནི་ཉེ་བར་འདྲེན་པའོ། །དེ་ནས་རྡོ་རྗེ་རྣོན་པོའི་ང་རྒྱལ་གྱིས་སློབ་དཔོན་གྱི་སྐུ་གཟུགས་ལ་སོགས་པ་ལ་རྡོ་རྗེ་ཆོས་ཀྱིས་མངོན་པར་བསྔགས་པའི་བུམ་པའི་ཆུས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པ་སྔོན་དུ་འགྲོ་བས་དབང་བསྐུར་བར་བྱའོ། །དེ་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་ཡིས་
སོ། །བཀྲ་ཤིས་གང་ཞིག་ཆུ་སྐྱེས་ཕྱག་ན་རྡོ་རྗེ་རྣོན་པོར་བཅས། །འཁོར་ལོའི་མཚན་དང་རབ་མཆོག་གསུང་བར་མཛད་པ་དེ་དང་དེའི། །འཇིག་རྟེན་དབང་ཕྱུག་བདེ་གཤེགས་བདེ་བའི་བདག་ཉིད་གང་ཡིན་པ། །དབང་བསྐུར་མཆོག་གིས་ཁྱེད་ལ་བཀྲ་ཤིས་དེ་ནི་འབྱུང་གྱུར་ཅིག །དེའི་
རྗེས་ལ་ཧཱུཾ་དང་ཨུ་ལས་གསེར་གྱི་སྤུ་གྲི་བཟུང་ནས། ཨོཾ་སརྦཱ་བ་ར་ཎ་བི་ཤོ་དྷ་ནེ་སརྦཱ་ཛྙཱ་ན་པཱ་ལཱན་ཙྪེ་ད་ཡ་ཧཱུཾ་སྭཱ་ཧཱ། ཞེས་པ་འདིའི་སྔགས་ཀྱིས་སེམས་ཅན་མཐའ་དག་གི་རྒྱུད་ལས་སྐྱེས་པའི་སྐྲ་རྣམས་བཞར་ནས་གཙུག་ཕུད་བརྟག་པར་བྱའོ། །དེ་ནས། ཨོཾ་དྷརྨ་ཤ་བྷཱ་བྱ་ཀརྞ་སྭཱ་ཧཱ་ཞེས་པས་
གསེར་གྱི་ཐུར་མས་སྙན་དབུག་པར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱིས་མངོན་པར་བསྔགས་པའི་བུམ་པའི་ཆུས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་དབང་བསྐུར་བར་བྱའོ། །དེ་ལ་ཚིགས་སུ་བཅད་པ་འདིས་སོ། །བཀྲ་ཤིས་གང་ཞིག་ནོར་བུ་འཛིན་དང་རྒྱལ་པོའི་འོད་དང་ནི། །དགེ་དང་བཅས་
Vol. 62 · folio 339b
ཤིང་མཆོག་ཏུ་བཞད་པའི་ཤིན་ཏུ་འཛུམ་མདངས་དང་། །དཔལ་གྱི་རིན་ཆེན་འབྱུང་ལྡན་རྒྱལ་བས་ངེས་པར་བསྟེན་པ་ཡིས། །ཁྱོད་ཀྱིས་དབང་བསྐུར་མཆོག་ལ་བཀྲ་ཤིས་དེ་ནི་འབྱུང་གྱུར་ཅིག །དེ་ནས་ལྕགས་ཀྱི་མེའི་བསྲུང་བས་ཡང་དག་པར་བསྲུངས་ནས་གུར་ཀུམ་གྱིས་ཡང་དག་
པར་བྱུགས་ནས་མར་གྱི་མིག་སྨན་དང་གསེར་གྱི་ཐིག་ལེ་དང་མུ་ཏིག་གི་དོ་ཤལ་དང་མགུལ་རྒྱན་དང་དཔུང་རྒྱན་དང་སྐ་རགས་དང་རྐང་གདུབ་རྣམས། ཨོཾ་སརྦཱ་བ་ར་ཎ་བ་པུ་ཥ་ཎེ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་དབུལ་ལོ། །ཨོཾ་བཛྲ་རཏྣ་ཏྲཱཾ་ཞེས་པའི་སྔགས་འདིས་དབུ་རྒྱན་དུ་བསྐྱེད་ལ། འདི་
དེ་སངས་རྒྱས་ཐམས་ཅད་ཀྱི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རིགས་ལྔ་ལས་བྱུང་དབུ་རྒྱན་ཏེ། །མཆོད་པའི་དོན་དུ་ཁྱེད་ལ་དབུལ། །ཨོཾ་སརྦ་བུདྡྷ་ཙཱུ་ཌ་མ་ཎི་མ་ཧཱ་མུ་ཀུ་ཊཾ་པྲ་ཏཱིཙྪ་ཧོཿའདིས་དབུ་རྒྱན་བསྐོན་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་བཅིངས་ནས། ཨོཾ་
བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ། སྔགས་འདིས་བརྟན་པར་བྱས་ནས་ཙཱུ་ཌའི་རྣམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ལྷ་རྣམས་ཀྱི་ཐུགས་ཀའི་ས་བོན་དང་མཚན་མ་ལས་བསྐྱེད་པས་ནམ་མཁའི་ཁམས་ཐམས་ཅད་ལྷ་རྣམས་ཀྱི་མཚན་མའི་གཟུགས་ཀྱིས་འཕྲོས་ནས་གཅིག་ཏུ་གྱུར་ཏེ་སླར་འོངས་ནས།
ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པའི་སྔགས་ཀྱིས་ལྷག་པར་གནས་ལ་མཚན་མ་ལྷ་རྣམས་ཀྱི་ཕྱག་ན་གནས་པར་བསམ་པར་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་མཚན་ཉིད་བླ་ན་མེད། །དངོས་པོ་མེད་པའི་ཆོས་རྣམས་ལ། །མཚན་མའི་དངོས་པོར་རབ་གྲགས་པ། །སེམས་
ཅན་དོན་སོགས་བྱ་བ་ལ། །ངེས་པར་ཡང་ནི་རྟག་ཏུ་བྱ། །གང་དང་གང་གི་ཡེ་ཤེས་ཀྱི། །སངས་རྒྱས་ཉིད་ནི་ཉེ་བར་བྱོན། །ཚིགས་སུ་བཅད་པ་འདི་དག་གིས་གསོལ་བ་གདབ་པར་བྱའོ། །དེ་ནས་བཛྲ་དྷརྨྨ་ཧྲཱིཿའདིའི་སྔགས་ཀྱིས་ལྷག་པར་གནས་ནས་མགུལ་དུ་ཚངས་སྐུད་
དབུལ་བར་བྱའོ། །དེ་བཞིན་དུ། ཨོཾ་བཛྲ་སཏྭཱི་བཾ་སྔགས་འདིས་ལྷག་པར་གནས་ནས་རྐེད་པ་ལ་མུཉྫའི་སྐེ་རགས་དབུལ་བར་བྱའོ། །ཨོཾ་བཛྲ་རཏྣ་ཨོཾ། སྔགས་འདིས་ལྷག་པར་གནས་པར་བྱས་ལ། ཕྱག་ཏུ་ཀེ་ཤུའི་དབྱུག་པ་གཏད་པར་བྱ་སྟེ་འདི་ནི་བརྟུལ་ཞུགས་བརྟན་པའོ། །དེ་
Vol. 62 · folio 340a
ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གཟུགས་ལ་སོགས་པ་རྣམས་ཀྱང་རང་བཞིན་མེད་པའི་བྱང་ཆུབ་སེམས་སུ་བརྗོད་པར་བྱའོ། །ཚིགས་སུ་བཅད་པ་འདི་དག་གིས་བརྟན་པར་བྱའོ། །བྱང་ཆུབ་སེམས་ཉིད་ལས་
བྱུང་བའི། །དུས་གསུམ་སངས་རྒྱས་ཀུན་གྱི་གཞི། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བསེ་རུ་སློབ་མའི་སྐྱེ་བོ་ཡང་། །རང་བཞིན་མེད་ཅིང་དམིགས་མེད་པ། །སེམས་ཅན་ཐམས་ཅད་རྒྱུ་གཅིག་པོ། །མཉམ་ཉིད་ཡེ་ཤེས་དེ་ཉིད་ནི། །བྱང་ཆུབ་སེམས་སུ་ཤེས་པར་བྱ། །
དེ་ནས་ཕྱིའི་མཆོད་པས་མཆོད་ནས་སྒེག་མོ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་ཐར་པའི་བརྟུལ་ཞུགས་དང་བ་ལང་གི་སྦྱིན་པ་ཡང་བྱས་ནས་ཡང་དག་པར་བསྐོར་བར་བྱའོ། །དེ་ནས་རང་གི་སྙིང་ག་ལ་གནས་པའི་ཨ་ཡིག་དམར་པོ་རྣམ་པར་བསྒོམས་ནས་ལྷའི་སྐུ་
གཟུགས་ལ་སོགས་པའི་ཕྱག་རྒྱའི་བདག་ཉིད་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གཟུགས་སུ་བསྐྱེད་ནས་རང་གི་སྙིང་ག་ལས་བྱུང་སྟེ། སྐུ་གཟུགས་ལ་སོགས་པའི་གཡོན་ལོགས་སུ་པདྨ་དང་ཟླ་བའི་གདན་ལ་དགོད་དོ། །ཨོཾ་བཛྲ་སཏྭ་ཨཿཞེས་པའི་སྔགས་ཀྱིས་དེའི་སྤྱི་བོ་རུ་རྡོ་རྗེ་
སེམས་དཔའི་དམ་ཚིག་གི་ཕྱག་རྒྱས་རྒྱས་བཏབ་ནས་ཆོ་ག་བཞིན་དུ་བག་མའི་རྗེས་སུ་གནས་པར་བྱའོ། །གང་དེར་རྡོ་རྗེ་སྒེག་མོ་མཆོག་གི་གླུ་མ་གར་བཅས་དང་། །གང་ཡང་མེ་ཏོག་བདུག་སྤོས་མར་མེ་མཆོག་དང་སྣ་ཚོགས་དྲི། །དྲི་མེད་སྙན་པའི་གླུ་དབྱངས་མཚུངས་མེད་མཆོད་
པ་རྣམས་ཀྱིས་ནི། །ཁྱེད་ཀྱིས་དབང་བསྐུར་མཆོག་ལ་བཀྲ་ཤིས་དེ་ནི་འབྱུང་གྱུར་ཅིག །ཅེས་པའི་ཚིགས་སུ་བཅད་པས་སྒེག་མོ་ལ་སོགས་པ་ལྷག་པར་གནས་པའི་བུམ་པའི་ཆུས་ཁྲུས་བྱའོ། །ཀཀྐོ་ལ་དང་ལི་ཤི་དང་ཛཱ་ཏི་ཕལ་དང་གུར་གུམ་དང་སིཧླ་དང་ག་པུར་རྣམས་ཀྱིས་
ཚོགས་པས་ཡང་དག་པར་བྱུག་གོ། །ལྷའི་གོས་དམར་པོ་ཕུ་ཐུང་མ་དང་དབུ་ལ་ཅོད་པན་དང་སྨད་གོས་དར་སྣ་ཚོགས་པ་དང་སྐ་རགས་ཀྱང་བཅིང་བར་བྱ་ཞིང་ན་བཟའ་ཕུལ་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས། ཤིང་ཏོག་པི་པི་ལིང་དང་། ཀ་པེད་དང་། བི་ལཱ་དང་། ཤྲཱིཾ་
Vol. 62 · folio 340b
གཱ་ཌ་ཀ་དང་ཨ་མྲ་དང་ཛཾ་བུ་དང་ཛམ་བཱི་ར་དང་ནཱ་རཾ་ག་དང་། རྒུན་འབྲུམ་ལ་སོགས་པ་དུས་དང་རྗེས་སུ་མཐུན་པའི་ཤིང་ཐོག་གི་རིགས་རྣམས་ཀྱིས་དབང་བསྐུར་བར་བྱའོ། །རིན་པོ་ཆེ་ལྔ་ལ་སོགས་པའི་ནོར་བུའི་རིགས་རྣམས་ཀྱིས་མཆོད་ཡོན་ཕུལ་ནས་བུད་མེད་དམ་སྐྱེས་བུ་
ཉེ་བར་གནས་པའི་དོན་དང་གླང་པོ་ཆེ་དང་རྟ་དང་བཞོན་པའི་དོན་དང་འཁོར་ལོ་དང་མདའ་གཞུ་དང་འདམ་བུའི་གདན་དང་མདའ་ཕྱེད་ལྕགས་ལས་བྱས་པ་ལ་སོགས་པ་རྣམས་སྐྱེ་བོ་གདུག་པ་ཅན་བསྲུང་བའི་དོན་དང་། ཁབ་དང་གྲི་གུག་དང་སྤུ་གྲི་ལ་སོགས་པ་དང་ཚེམ་
བུ་ལ་སོགས་པའི་དོན་དང་། འདོད་པའི་ཤིང་དང་ཁྱིམ་གྱི་ལོངས་སྤྱོད་ལ་སོགས་པ་མངོན་པར་འདོད་པའི་དོན་རྣམས་ཡི་གེ་གསུམ་གྱི་སྔགས་ཀྱིས་དབུལ་བར་བྱའོ། །ཡང་དག་པར་མཆོད་ནས་སྔོན་མ་བཞིན་དུ་གཤེགས་སུ་གསོལ་ལོ། །གསེར་དང་ཀརྐ་ཌཱི་དང་འོ་མའི་
རྒྱུན་དང་། དྲི་ཐམས་ཅད་དང་། མར་ཁུ་དང་། དཱུཪྺ་དང་། འབྲས་མ་ཉམས་པ་རྣམས་བཀྲ་ཤིས་པའི་དོན་དུ་དབུལ་ལོ། །ཨོཾ་ཡོ་ཛཱ་གྣ་ལེ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་སྦྱོར་བར་བྱེད་པའི་མེ་བག་མའི་དུས་ཀྱི་ཆོ་གས་ཡང་དག་པར་མཆོད་ནས་དེའི་མེའོ། །བསྐོར་བའི་དུས་
སུ་དཔལ་གྱི་འབྲས་བུས་དབུལ་བར་བྱའོ། །མར་མེ་དང་མདའ་དང་། ཉི་མས་ཀྱང་ཡང་དག་པར་བསྲུང་ངོ་། །མར་མེ་ཆེན་པོ་དང་། སྣང་གསལ་དང་། གསེར་དང་། ཀརྐ་ཌཱི་དང་། འོ་མའི་རྒྱུན་དང་། གསེར་གྱི་མེ་ཏོག་སྣོད་ན་གནས་པའི་མེ་ཏོག་གི་རིགས་ཀྱི་ཆར་དང་། ཨ་
ཀ་རུའི་བདུག་པས་ཀྱང་ཡང་དག་པར་མདུན་དུ་བྱའོ། །དེ་ནས་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་བག་མའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་འདིས། །ཤེས་རབ་སྣང་བའི་འོད་མཛད་མ། །སངས་རྒྱས་ཕྲིན་ལས་རབ་འཇུག་ཕྱིར། །
ཕྱག་གིས་ཕྱག་ནི་བཟུང་བར་མཛོད། །ལག་པ་འཛིན་པའོ། །དེ་ནས་རྡོ་རྗེ་བསྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མཚམས་དང་། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཡང་དག་པར་བསྲུངས་ལ། ཨོཾ་ཨཱཿཁཾ་བཱི་ར་ཧཱུཾ་ཞེས་པའི་སྔགས་ཀྱིས་དཀྱིལ་འཁོར་དུ་འཇུག་པར་མོས་པར་བྱའོ། །
Vol. 62 · folio 341a
སྔོན་དུ་གསུངས་པའི་རིམ་པའི་ཚད་བཞིས་བྱའོ། །དེ་ནས་རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །ད་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་པའི་ཚིགས་སུ་བཅད་པས་ཞུ་ཞིང་དཀྱིལ་འཁོར་དུ་འཇུག་
པའི་ཆོ་གའོ། །དེ་ནས་དྲི་གཙང་ཁང་དང་གཞན་ཡང་ལྷག་པའི་གནས་རྣམས་སུ་བཟོ་བོ་མཁས་པས་བྱས་པའི་སེང་གེའི་ཁྲི་མཛེས་པ་ལ་ཚེས་གྲངས་དང་། གཟའ་དང་། རྒྱུ་སྐར་དང་། ཡུད་ཙམ་བཟང་པོ་རྣམས་ལས་གནས་པར་གྱུར་པའི་སྐུ་གཟུགས་ལ་སོགས་པར་དགོད་པར་
བྱའོ། །སློབ་དཔོན་གྱི་ལག་པ་གཡས་པས་རྡོ་རྗེ་སྐུད་པ་རྣམ་པ་ལྔ་དང་མེ་ཏོག་གི་ཕྲེང་བ་བཟུང་ནས། ཨོཾ་ཧཱུཾ་ཧྲཱི། བཛྲཱི་བྷ་བ་དྲྀ་ཌྷ་ཏིཥྛ་བཾ་ཁཾ་ཧཱུཾ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། །འདིས་ལན་བརྒྱ་རྩ་བརྒྱད་བཟླས་ནས་ལྷག་པར་གནས་པར་བྱའོ། །ཡེ་དྷརྨྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་དུནྟེ་ཥཱནྟ་ཐཱ་ག་
ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ དེ་ཉིད་ཀྱིས་རབ་ཏུ་གནས་ལ། དེ་ནས་རང་གི་སྙིང་གའི་ས་བོན་ལས་ཡང་དག་པར་བྱུང་བའི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་མ་དང་། ལྷ་མོའི་ཚོགས་ཀྱིས་ནམ་མཁའ་ཡོངས་སུ་གང་བར་
བལྟས་ལ། རིག་མ་རྣམས་ཀྱི་ཕྱག་ན་བདུད་རྩིས་ཡོངས་སུ་གང་བའི་བུམ་པ་བཟུང་བའི་ཆུས། བཀྲ་ཤིས་གང་ཞིག་ལྷ་ཡི་རྣམ་པར་དག་མཛད་པ། །འཕགས་པའི་སྐྱེ་བོ་རྣམས་ཀྱིས་བསོད་ནམས་བྱ་བ་སྐྲུན་མཛད་པ། །འགྲོ་བ་མ་ལུས་ཀུན་ལ་བཅོམ་ལྡན་ཤཱཀྱ་སེང་གེ་ཡི། །ཁྱེད་ཀྱིས་
དབང་བསྐུར་མཆོག་ལ་བཀྲ་ཤིས་དེ་ནི་འབྱུང་གྱུར་ཅིག །ཅེས་པའི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་
ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ཨུ་ད་ཀཱ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དེ་ཉིད་མཆོག་གི་བླ་མ་དཀྱིལ་འཁོར་གྱི་བདག་པོའི་སྐུས་དབང་བསྐུར་ཞིང་འདིས་བརྟན་པར་ལྷག་པར་མོས་ཤིང་དབང་བསྐུར་བ་ནི་ཆུའི་དབང་ངོ་། །དེ་བཞིན་གཤེགས་
Vol. 62 · folio 341b
པ་ལྷས་ལྷག་པར་གནས་པའི་གོས་སམ་རིན་པོ་ཆེ་ལ་སོགས་པའི་དབུ་རྒྱན་ཨོཾ་ཏྲཱཾ་ཧཱུཾ་ཧྲཱིཿཨཿཞེས་བརྗོད་ནས་དཀྱིལ་འཁོར་གྱི་བདག་པོའི་སྐུ་རྡོ་རྗེ་འཛིན་པ་དེ་ཉིད་བླ་མ་ཉིད་དུ་བརྟན་པར་ལྷག་པར་མོས་པས་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ཀྱི་དབུ་ལ་བསྐོན་པར་བྱའོ། །རྡོ་རྗེ་སེམས་
མ་ལ་སོགས་པའི་ཕྱག་རྒྱའི་སྔགས་ཀྱིས་ལྷག་པར་གནས་པར་བྱའོ་ཞེས་པ་ནི་དབུ་རྒྱན་གྱི་དབང་ངོ་། །སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཡི། །དབང་གིས་དི་རིང་ཁྱོད་དབང་བསྐུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུང་། །ཞེས་བརྗོད་པ་ནི་རྡོ་རྗེ་སྟེ། །དེ་བཞིན་དུ་
རྡོ་རྗེ་སེམས་དཔའ་དེ་ཉིད་བསྐྱེད་པར་བསམས་ལ་སྦྱིན་པར་བྱའོ། །དེ་ཡང་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ཀྱིས་གཟུང་བར་ལྷག་པར་མོས་པ་ནི་རྡོ་རྗེའི་དབང་ངོ་། །ཨོཾ་བཛྲཱ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲས་མ་ཡ་སྟྭཾ་ཞེས་བརྗོད་ནས་དྲིལ་བུས་དེ་བཞིན་དུ་ལྷག་པར་མོས་པར་བྱའོ། །དེ་
ཡང་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ཀྱིས་བཟུང་བར་ལྷག་པར་མོས་པར་བྱའོ། །དྲིལ་བུའི་དབང་ངོ་། །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མཱ་བྷི་ཥི་ཀ་ཏ། ཨོཾ་ཆེ་གེ་མོ་བཛྲ་ཏ་ཐཱ་ག་ཏ་སྟྭཾ་བྷུར་བྷུ་བ་སྭཿཞེས་བརྗོད་ནས་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་དེ་ཉིད་ཇི་ལྟ་བ་བཞིན་དུ་སྐུ་
གཟུགས་ལ་སོགས་པའི་ལྷ་གང་གི་མིང་དུ་གྱུར་པར་ལྷག་པར་མོས་པར་བྱའོ་ཞེས་པ་ནི་མིང་གི་དབང་ངོ་། །སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ཀྱི་ཕྱག་ཏུ་རྡོ་རྗེ་དང་དྲིལ་བུ་དང་བཅས་པས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་དུ་རྣམ་པར་བསྒོམས་ནས། དེ་ནས་བཤད་
བཞིན་པའི་ཆུ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བའི་ཆོ་གས་དབང་བསྐུར་ཞིང་རང་རང་གི་རིགས་ཀྱི་སྤྱི་བོར་རྒྱས་གདབ་པར་བྱའོ། །རིགས་མི་ཤེས་པ་རྣམས་ལ་ཡང་ན་རྡོ་རྗེ་སེམས་དཔས་སོ། །དེ་ནས་ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལྷག་པར་གནས་
པར་བྱའོ། །ཨོཾ་ཧཱུཾ་ཧྲཱིཿབྷྲཱུཾ་ཁཾ་བཛྲཱི་བྷ་བ་དྲྀ་ཌཱ་ཏིཥྛ་བྷྲཱུཾ་ཁཾ་ཞེས་པ་འདིས་གཙུག་ལག་ཁང་དང་མཆོད་རྟེན་ལ་ཡང་ངོ་། །པུསྟི་རྣམས་ལ་ནི་ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པ་དང་ཨོཾ་ཧཱུཾ་ཧྲཱིཿབྷྲཱུཾ་ཁཾ་ཞེས་པའི་སྔགས་འདི་དག་གིས་སློབ་དཔོན་གྱི་དབང་ངོ་། །དེའི་རྗེས་ལ་འཁོར་ལོའི་
Vol. 62 · folio 342a
དབང་ཕྱུག་གི་སྐུ་རྡོ་རྗེ་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ་རྣམ་པར་སྣང་མཛད་ལ་སོགས་པའི་རིག་མ་དང་བཅས་པའི་དེ་བཞིན་གཤེགས་པའི་ཚོགས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རབ་ཏུ་ཞུགས་ཏེ། །ཁུ་བའི་སྐུ་གཟུགས་སུ་གྱུར་ཏེ་བདེ་
བ་ཆེན་པོ་ཉམས་སུ་མྱོང་ནས་རྡོ་རྗེ་དང་པདྨ་དག་ལས་བདུད་རྩིར་གྱུར། བྱང་ཆུབ་སེམས་ཀྱི་གཟུགས་ལ་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་བདེ་བ་ལ་རབ་ཏུ་ཞུགས་པར་བསམ་པར་བྱའོ་ཞེས་པ་ནི་གསང་བའི་དབང་ངོ་། །དེ་ནས་དེ་ཡིས་རྡོ་རྗེ་སེམས་དཔའི་ལྷ་མོ་གདན་དྲངས་
ནས་སྙོམས་པར་ཞུགས་པ་ལ་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ལ་ལྷན་ཅིག་སྐྱེས་པའི་དགའ་བའི་དམ་ཚིག་ཉིད་དུ་ལྷག་པར་མོས་པར་བྱའོ་ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེའི་རྗེས་ལ་རྡོ་རྗེ་འཛིན་པ་ཉིད་དུ་བསྒྲུབ་པའི་ཕྱིར་དབང་བཞི་པའི་རང་བཞིན་དུ་སྐུ་གཟུགས་
ལ་སོགས་པའི་ལྷ་རྣམས་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་དགེ་བ་ཆེན་པོ་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པར་ལྷག་པར་མོས་པས་སོ་ཞེས་པས་ནི་དབང་བཞི་པའོ། །དེ་ནས་ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུཾ་ཨོཾ་ཨཱཿབཛྲ་དཱི་པེ་ཧཱུཾཿཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾཿཨོཾ་ཨཱཿབཛྲ་ནཻ་བི་དྱེ་ཧཱུཾ་
ཞེས་པའི་སྔགས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་ནས་བསྟོད་པ་བྱའོ། །དེ་ནས་རྡོ་རྗེའི་ཐལ་མོ་སྦྱར་ནས་ལུས་ཀྱིས་ཕྱག་འཚལ་ནས་ཏིང་ངེ་འཛིན་གྱི་སྔགས་དང་ལྡན་པའི་དེ་ཁོ་ན་ཉིད་ཀྱི་བདེན་པ་མཉམ་པར་བྱའོ། །ནམ་མཁའ་ལས་བྱུང་མཚན་པའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །
དམ་ཚིག་སེམས་དཔའ་རྡོ་རྗེ་ཆེ། །ཆེ་གེ་རྡོ་རྗེ་དེང་བདག་བསྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་ལ་བསྒྲུབས། །ཉེས་པ་མེད་པ་རྟག་པ་ཁྱོད། །འདོད་ཆགས་ལ་སོགས་ཀུན་
ཆགས་མཛད། །བཅོམ་ལྡན་ཆགས་ཆེན་བདེ་བ་ཆེ། །དེ་ཉིད་ཁོ་ནས་བདག་ལ་བསྒྲུབས། །ཤིན་ཏུ་རྣམ་དག་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་ལ་བསྒྲུབས། །དངོས་གྲུབ་ཆེན་པོ་
Vol. 62 · folio 342b
ཀུན་གྱི་མཆོག །དབང་ཆེན་མཆོག་གི་ཕྱག་རྒྱ་ཡིས། །རྡོ་རྗེ་ཆེན་པོ་གསལ་བ་ལས། །རྡོ་རྗེ་སྙེམས་བདག་བདག་ལ་བསྒྲུབས། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་པ་མཆོག །
བདེན་པ་གང་དེས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་ལ། །བདེན་པ་གང་དེས་མགོན་པོ་ཁྱེད། །འདོད་པ་ཉིད་ནི་ཡོངས་རྫོགས་མཛོད། །དེ་ནས་འདི་དེ་མེ་ཏོག་ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་
པར་མཆོད་ལ་བསྟོད་པ་བྱས་ནས་ཆད་པ་དང་ལྷག་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་
ཧཱུཾ་ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿཞེས་པའི་ཡི་གེ་བརྒྱ་པ་ལན་གསུམ་བཟླས་པར་བྱའོ། །གང་འདི་རབ་ཏུ་གནས་པའི་ལྷ། །བསྐལ་པ་གཞན་དག་བསྐལ་པ་བརྒྱར། །ས་དང་མེ་དང་ཆུ་དང་རླུང་། །ཀུན་ནས་ལྷ་རྣམས་ཀུན་
གྱིས་བསྲུངས། །ཞེས་པས་བརྟན་པར་བྱའོ། །མ་རྙེད་ཡོངས་སུ་མ་ཤེས་དང་། །གཞན་ཡང་ནུས་པ་མ་མཆིས་པས། །བྱ་བ་ཉམས་པ་གང་བགྱིས་པ། །ཁྱེད་ལ་ཐམས་ཅད་བཟོད་པར་གསོལ། །རྫོགས་པའི་སངས་རྒྱས་ལྷ་རྣམས་དང་། །དེ་སྲས་རྣམས་ལ་བཟོད་པར་
གསོལ། །ཆོ་ག་ཆད་དང་ལྷག་པ་རྣམས། །ཚངས་སོགས་འཇིག་རྟེན་སྐྱོང་རྣམས་དང་། །ལྷ་རྣམས་ཀུན་ལ་བཟོད་པར་གསོལ། །སྐུ་གཟུགས་ཡུན་རིངས་གནས་གྱུར་ཅིག །གཡོན་གྱི་བདག་ལ་ཞི་བ་དང་། །རྒྱས་དང་བཀྲ་ཤིས་རྒྱུན་དུ་མཛོད། །སྦྱིན་བདག་གིས་ཀྱང་སྐུ་
གཟུགས་ལ་སོགས་པ་ལ་བསྐོར་བ་དང་། མཆོད་པ་དང་ཙནྡན་ལ་སོགས་པ་དབུལ་ལོ། །སློབ་དཔོན་ཀྱང་ཡང་དག་པའི་ཡོན་ལ་སོགས་པས་ཡོངས་སུ་མཉེས་པར་བྱའོ། །བྱ་བ་བསྡུས་པའི་རྣམ་པར་བཤད་པ་ལས་རབ་ཏུ་བྱེད་པ་དྲུག་པའོ།། །།རི་མོའི་ལས་དང་གཏོར་
Vol. 62 · folio 343a
སྟེགས་དང་། །གཎྜཱིའི་མཚན་ཉིད་དེ་ནས་ནི། །དེ་དང་དེ་རྣམས་རབ་གནས་དང་། །རབ་ཏུ་འབྱིན་པ་གཟིགས་དེ་བཞིན། །དེ་ལ་གཙུག་ལག་ཁང་ལ་སོགས་པ་ཚར་ནས་ཕྱི་དང་ནང་དུ་ཇི་ལྟར་གནས་པ་ལ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་
དང་རིག་པའི་ལྷ་མོ་རྣམས་དང་ཁྲོ་བོའི་ཚོགས་རྣམས་དང་རིག་འཛིན་མ་རྣམས་སོ། །སྒོ་སོ་སོར་མིག་དང་བུམ་པ་ཟུང་རྣམས་ཀྱང་བྲི་བར་བྱའོ། །དེ་ལ་ཡང་ལྷ་ཁང་གི་ཕྱིའི་རྩིག་པ་དག་དང་སྒོའི་གཡས་གཡོན་གྱི་ལོགས་དག་ལ་བུམ་སྣ་གདོང་བཅུ་པ་བྲི་བར་བྱའོ། །ཡང་ན་
གཞན་དག་བྲི་བར་བྱའོ། །དེ་དང་ཉེ་བར་རང་གི་མངོན་པར་འདོད་པའི་རིག་མ་ལྷ་མོ་རྣམས་སྣ་ཚོགས་པའི་མཆོད་པའི་རྣམ་པ་རྣམས་ཀྱང་། གྲྭ་སྒོའི་སྟེང་དུ་དེ་བཞིན་གཤེགས་པ་ལྔ་རྣམས་དང་འཁོར་རྣམས་དང་། ཁྲ་མའི་སྟེང་དུ་རང་ལུགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང་
ལྷག་མ་ལ་ཇི་ལྟར་མཛེས་པའི་རྒྱན་རྣམས་བྲི་བར་བྱའོ། །ནང་དུ་བཞུགས་པའི་ལྷའི་རྒྱབ་ལ་བྱང་ཆུབ་ཀྱི་ཤིང་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གློ་གཡོན་དང་གཡས་དག་ཏུ་ཆུ་བདག་དང་གནོད་སྦྱིན་གྱི་བདག་པོ་བྲི་བར་བྱའོ། །དེ་ལ་ཆུ་བདག་སྐུ་མདོག་དཀར་པོ་སྦྲུལ་གྱི་གདེངས་ཀ་
དགུ་ཡིས་བརྒྱན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་ཕྱག་གཉིས་པ། གཡོན་པ་དང་གཡས་པའི་ཕྱག་གིས་སྦྲུལ་གྱི་ཞགས་པ་དང་རིན་པོ་ཆེ་འཛིན་པའོ། །གནོད་སྦྱིན་གྱི་བདག་པོ་ནི་ཕྱག་ན་ན་ཀུ་ལི་དང་བི་ཛ་པཱུ་ར་ཀ་བསྣམས་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་བྲི་
བར་བྱའོ། །སྒོའི་གཡས་ལོགས་སུ་སྟོབས་པོ་ཆེ་དང་། ནག་པོ་ཆེན་པོ་དག་སྟེ། དེ་ལ་སྟོབས་པོ་ཆེ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་ནག་པོ་སྐུ་བོང་ཐུང་ཞིང་ལྟོ་བ་འཕྱང་བ་ཞལ་ཁྲོ་གཉེར་བསྡུས་ཤིང་སྤྱན་དམར་ཞིང་ཟླུམ་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་སྟག་གི་པགས་
པའི་ཤམ་ཐབས་ཅན་སྣ་ཚོགས་པདྨ་དང་ཉི་མ་དང་ཟླ་བའི་སྟེང་དུ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞུགས་པ། ཞལ་མཆེ་བ་གཙིགས་པ་ཀླུ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་སུ་གཡོན་གྱི་སོར་མོ་བཞི་བཅུག་པ། མཆན་གཡོན་དུ་ལག་པ་གཡས་པའི་
Vol. 62 · folio 343b
སོར་མོ་བཞི་བཅུག་པ་དེ་ལྟ་བུའི་གཟུགས་བྲི་བར་བྱའོ། །སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཞབས་གཡོན་བརྐྱང་པ་སྐུ་བོང་ཐུང་ཞིང་ལྟོ་བ་འཕྱང་བ་ཞལ་གཅིག་པ་ཕྱག་གཉིས་པ་སྤྱན་དམར་ཞིང་ཟླུམ་པ་སྐུ་མདོག་ནག་པོ་གྲི་གུག་དང་ཐོད་པ་བསྣམས་པ་དེའི་མཚན་ན་སྟེང་དུ་ལངས་པའི་
རྩེ་གསུམ་བསྣམས་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་མི་མགོའི་ཕྲེང་བས་སྐུ་ལ་བརྒྱན་པ། མཆེ་བ་གཙིགས་ཤིང་འཇིགས་པའི་ཉམས་ཅན་སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། ནག་པོ་ཆེན་པོའི་སྐུ་བྱའོ། །སྒོའི་གཡོན་ལོགས་སུ་འཕྲོག་མ་དང་རྒྱལ་པོ་དག་བྱའོ། །གཞན་
དག་ལ་གདོང་མངོན་པར་ཕྱོགས་པས་གནས་པར་བྱའོ། །དེ་ལ་རིན་པོ་ཆེའི་ཁྲིའི་སྟེང་དུ་རོལ་པས་གདན་ལ་བཞུགས་པ་སྐུ་མདོག་དཀར་མོ་དཔེ་མེད་པའི་བདེ་བའི་གཟུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དག་དགའ་བར་བྱེད་པའི་ཡན་ལག་ཅན་རིན་པོ་ཆེ་བསྣམས་ཤིང་
རིན་པོ་ཆེས་ལག་པ་ལ་མཚན་པ་ཅུང་ཟད་བཞད་པའི་ཞལ་ཅན་བུ་ལྔ་བརྒྱ་དང་རྩེ་བས་མངོན་པར་དགའ་བའི་གནོད་སྦྱིན་ཆེན་མོ་འཕྲོག་མ་བྲི་བར་བྱའོ། །རྒྱལ་པོ་ནི་ཡང་གྲགས་པ་མིའི་དབང་པོ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་སྐུ་མདོག་གུར་ཀུམ་ལྟ་བུ་སེང་གེའི་གདན་
ལ་རོལ་པའི་སྟབས་ཀྱིས་ཉེ་བར་བཞུགས་པའི་རི་མོ་བྲི་བར་བྱའོ། །རི་མོའི་ལས་སོ། །བཟོ་བོ་མཁས་པས་རྡོ་རིགས་བཟང་པོ་མཁྲེགས་པའི་རང་བཞིན་ལ་མཚན་ཉིད་ཀྱི་ཚད་དང་ལྡན་པའི་གཏོར་མའི་སྟེགས་བུ་བྱའོ། །དེ་ལ་རང་གི་ལྷག་པའི་ལྷའི་རྣལ་འབྱོར་དང་ལྡན་
པས་སློབ་དཔོན་གྱིས་སྐད་ཅིག་གིས་བྲུཾ་གྱི་ཡི་གེ་ལས་བསྐྱེད་ལ་སྔོན་དུ་གསུངས་པའི་གཟུགས་ལ་དམ་ཚིག་སེམས་དཔའ་བསྒོམས་ཏེ། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་གདན་དྲངས་ནས། དམ་ཚིག་སེམས་དཔའི་ནང་དུ་
བསྒོམས་ཏེ་ས་བོན་གྱིས་ལྷག་པར་གནས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ཏེ་ཡང་དག་པར་མཆོད་ནས། ཨོཾ་ཨཱཿབཛྲ་བ་རུ་ཎཱ་ཡ་ཨ་དྷི་ཏིཥྛ་བུཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་ཞོ་དང་བུ་རམ་
Vol. 62 · folio 344a
གྱི་བཟའ་བ་དང་འོ་མ་དང་ཆུ་དང་བཅས་པའི་གཏར་མ་དབུལ་ལོ། །ཨོཾ་ཨཱཿཧཱུཾ་ཧོཿབ་རུ་ཎཱ་ནཱ་གཱ་དྷི་པ་ཏི་ཨ་ནེ་ཀ་ནཱ་ག་ཤ་ཏ་ས་ཧ་སྲ་པ་རི་ཝ་རེ་བྷྱཿཨི་དཾ་བ་ལིཾ་གྲྀཧྣ་གནྡྷཾ་པུཥྤཾ་དྷཱུཾ་པཾ་དཱི་པཾ་ཨཀྵ་ཏཾ་ད་དཱ་མ་ཧེ་ཏེ་ཛ་ཨཱ་ག་ཏྱ་ས་པ་རི་བཱ་རཱཿཤཱི་གྷྲཾ་ཁ་དནྟུ་པི་བནྟུ་ཛཿཧཱུཾ་བཾ་ཧོཿ
སཾ་ཏྲིཔྟཿསརྦ་ཏྭཱ་ནཱཾ་ཙ་ཤཱནྟིཾ་པུཥྚིཾ་རཀྵ་ཤཱ་ར་ཎ་གུཔྟིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱ་ཧཱ། གཏོར་མའི་སྔགས་སོ། །ཨོཾ་ཨཱཿབཛྲ་བ་རུ་ཎཱ་དྷི་པ་ཏི་པུདྡྷ་ཤཱ་ས་ནཾ་རཀྵ་རཀྵ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་པར་བྱའོ་ཞེས་པ་ནི་ཆུ་བདག་གནས་པའོ། །
དེའི་རྗེས་ལ་སྐད་ཅིག་གིས་ཤྲིའི་ཡི་གེ་ལས་བསྐྱེད་པའི་སྔོན་དུ་གསུངས་པའི་རྣམ་ཐོས་སྲས་ཀྱིས་དམ་ཚིག་སེམས་དཔར་བསྐྱེད་ནས་དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ཏེ་དེའི་ནང་དུ་རྣམ་པར་བསྒོམས་ཏེ་རང་གི་སྙིང་གའི་
སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་དེ། ཨོཾ་ཨཱཿབཛྲ་བཻ་ཤྲ་བ་ཎཱ་ཡ་ཧཱུཾ་སྭཱཧཱ་ཞེས་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །བུ་རམ་དང་བཅས་པའི་བཟའ་བའི་གཏོར་མ་དབུལ་
བར་བྱའོ། །ཨོཾ་ཨཱཿཧཱུཾ་ཧོཿཡཀྵ་ཨ་དྷི་པ་ཏི་ཨི་མཾ་བ་ལིཾ་གྲྀཧྣ་གྲྀཧྣ་གནྡྷཾ་པུཥྤཾ་དྷཱུ་པཾ་དཱི་པཾ་ཨཀྵ་ཏཾ་ད་དཱ་མ་ཧེ་ཏེ་ཛོ་ཧཱ་གཏྱ་ས་པ་རི་བཱ་རཱཿ ཤཱི་གྷྲཾ་ཁ་དནྟུ་པི་བནྟུ་ཛཿཧཱུཾ་བཾ་ཧོཿསཾ་ཏྲིཔྟ་དཱ་ན་པ་ཏེ། སརྦ་སཏྭཱ་ནཱཾ་ཙ་ཤཱནྟིཾ་པུཥྚིཾ་རཀྵ་ཤཱ་ར་ན་གུཔྟིཾ་ཀུརྦ་ནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ཨོཾ་
ཨཱཿཤྲཱིཾ་བཻ་ཤྲ་ཝ་ཎ་ཡཀྵཱ་དྷི་པ་ཏི་བུདྡྷ་ཤཱ་ས་ནི་པུཥྚིཾ་ཀུ་རུ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པར་བྱའོ། །སྐད་ཅིག་གིས་ཧཱུཾ་གི་ཡི་གེ་ཡོངས་སུ་གྱུར་པ་ལས་སྔོན་དུ་གསུངས་པའི་སྟོབས་པོ་ཆེའི་སྐུ་ལ་དམ་ཚིག་སེམས་དཔའ་རྣམ་པར་བསྒོམས་ནས་དེ་དང་
མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ནས་དེ་བཞིན་གཤེགས་པ་ལ་སོགས་པས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ནས་རབ་ཏུ་གཞུག་པར་བྱའོ། །ཨོཾ་མ་ཧཱ་བ་ལ་ཧཱུཾ་ཕཊ་ཅེས་པའི་སྔགས་
Vol. 62 · folio 344b
ཀྱིས་ལན་བརྒྱ་རྩ་བརྒྱད་ལྷག་པར་གནས་པར་བྱའོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་རཏྣ་ཏྲ་ཡཱ་པ་ཀ་རི་ཎཾ་སཏྭཱཾ་ད་ཧ་པ་ཙ་བི་དྷྭཾ་ས་ཡ་ཛ་ཊི་ལམྦོ་དྷ་ར་ཨུཙྪུཥྨ་ཀྲོ་དྷ་ཧཱུཾ་ཕཊ་སྭཱ་ཧཱ། སྔགས་འདིས་ལན་ཉི་ཤུ་རྩ་གཅིག་ལྷག་པར་གནས་པར་བྱའོ། །དེ་ནས་གཏོར་མ་དབུལ་བར་བྱའོ། །ཨོཾ་
ཨཱཿསརྦ་ལོ་ཀ་པཱ་ལཱན་ས་པ་རི་བཱ་རཱ་ན་སརྦ་སཏྭཱཉྩ་ཀཱ་མ་དྷཱ་ཏུ་རཱུ་པ་དྷཱ་ཏུ་ཨ་རཱུ་པ་དྷཱ་ཏུ་མ་ནུ་ཥྱཱ་ན་སརྦ་དེ་བ་དྷི་དེ་བ་ཏཾ་ཙ་ས་པ་རི་བཱ་རཱན་ཨོཾ་མ་ཧཱ་བ་ལ་བྷཊྚཱ་ར་ཀ་པྲ་ཏཱིཙྪོ་པ་བྷུ་ཛྱ་ཨོཾ་ཨཱཿཔུཥྤཾ་དྷཱུ་པཾ་དཱི་པཾ་གནྡྷཾ་ནཻ་བི་དྱེ་སརྦ་པ་རི་པཱུ་ར་ཎཾམ་ཧཱ་བ་ལི་གྲྀཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཏོ་ཥ་ཡ་ཏོ་ཥ་ཡ། ན་མོ་
རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་ཨ་དྷི་པ་ཏ་ཡེ་ཧཱུཾ། ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བནྡྷ་བནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ནི་གཏོར་མའི་སྔགས་སོ། །ཨོཾ་མ་ཧཱ་བ་ལ་བྷཊྚཱ་ར་ཀ་སྦྱིན་བདག་ཆེ་གེ་མོ་ཞེས་པའི་སེམས་ཅན་གྱི་དོན་དང་འདོད་
པའི་དོན་དེ་ཧི་ད་དཱ་ཧ་པ་ཡ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ལན་བདུན་ལྷག་པར་གནས་པར་བྱའོ། །སྟོབས་པོ་ཆེ་གནས་པའོ། །དེ་ནས་སྐད་ཅིག་གིས་ཧཱུཾ་ཡིག་གི་ས་བོན་ལས་བསྐྱེད་པའི་སྔོན་དུ་གསུངས་པའི་ནག་པོ་ཆེན་པོའི་སྐུ་ལ་དམ་ཚིག་སེམས་དཔའ་རྣམ་པར་བསྒོམས་
ནས་དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ནས་དམ་ཚིག་སེམས་དཔའི་ནང་དུ་ཐིམ་པར་བསྒོམས་ནས་རང་གི་ས་བོན་གྱི་སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ཡང་དག་པར་
མཆོད་ནས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་ཨུ་པ་ཀ་རི་ཎེ་སརྦ་དུཥྚ་ཙིཏྟཱ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི་མཱ་ར་མཱ་ར་གྲྀཧྞ་གྲྀཧྞ་བནྡྷ་བནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཧཱུཾ་ཕཊ། འདིས་ལན་ཉི་ཤུ་རྩ་གཅིག་ཏུ་ཡོངས་སུ་བཟླས་པས་ལྷག་པར་གནས་པར་བྱའོ། །དེ་ནས་འདིས་གཏོར་མ་དབུལ་བར་
བྱའོ། །ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས་ནཱ་པ་ཀ་རི་ཎེ་ཀཱ་ལཱི་ཀ་རཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་བཱི་ར་ཡོ་གི་ནཱི་བཱི་ར་མ་ཧཱ་བི་ཀྲྀ་ཏ་དཾ་ཥྚཱ་རཱུ་པཱ་བྷིཿཀརྟི་ཀ་པཱ་ལ་དྷཱ་རཱི་ཎཱི་བྷིཿཔྲ་ཏཱིཙྪོ་པ་བྷུ་ཛྱ་ཨོཾ་ཨཱཿཔུཥྤཾ་དྷཱུ་པཾ་དཱི་པཾ་ནཻ་བི་དྱེ་སརྦ་པ་རི་པཱུརྞཾ་མ་ཧཱ་བ་ལི་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏོ་ཥ་ཡ་ཏོ་ཥ་ཡ་མ་ཧཱ་ཀཱ་ལ་སརྦཱ་རྠ་ཀཱ་མཾ་དེ་ཧི་དཱ་
Vol. 62 · folio 345a
ན་པ་ཏེ་ར་ད་དཱ་པ་ཡ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་བུདྡྷ་ཤཱ་ས་ན་སྱ་རཀྵ་ཀུ་རུ་སྭཱ་ཧཱ་ཞེས་པའི་སྔགས་ལན་བརྒྱ་རྩ་བརྒྱད་དུ་ལྷག་པར་གནས་པར་བྱའོ་ཞེས་པ་ནི་ནག་པོ་ཆེན་པོ་དགོད་པའོ། །དེའི་རྗེས་ལ་སྐད་ཅིག་གིས་རཾ་
ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་དེའི་དབུས་སུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་དམ་ཚིག་སེམས་དཔའ་སྔོན་དུ་གསུངས་པའི་གཟུགས་ལ་འཕྲོག་མར་བསྐྱེད་ནས་དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་
རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ནས་དམ་ཚིག་སེམས་དཔའི་ནང་དུ་བསྒོམས་ཏེ་རང་གི་སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ཡང་དག་པར་མཆོད་ནས། ཨོཾ་ཛ་ཡ་ཛ་ཡ་བི་ཛ་ཡ་བི་ཛ་ཡ་ཧ་ར་ཧ་ར་ཧཱུཾ་ཧཱུཾ་ཧཱུཾ་ཧཱ་རི་ཏཱི་སརྦ་དུཥྚ་
སྟཾ་བྷ་ཡེ་སྭཱ་ཧཱ། འདིས་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་པས་ལྷག་པར་གནས་པར་བྱའོ། །ཨོཾ་སྣི་ཀི་ན་ཌི་ནི་པྲི་ཡཾ་ཀ་ར་སརྦཱ་རྠ་ཀཱ་མཱན་དེ་ཧི་དཱ་ན་པ་ཏེར་ད་དཱ་པ་ཡ་སྭཱ་ཧཱ། འདིས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་འདིས་གཏོར་མ་དབུལ་བར་བྱའོ། །ཨོཾ་ཧཱ་རི་
ཏཱི་མ་ཧཱ་ཡཀྵི་ནི་པྲི་ཡཾ་ཀ་ར་མ་ཧཱ་ཡཀྵ་སེ་ན་པ་ཏི་པཉྩ་ཤ་ཏ་པུ་ཏྲ་ས་པ་རི་བཱ་རཱ་ཎཱཾ་ནཱ་ནཱ་ཤཱསྟྭ་ནི་རྡྷཱ་ཌྷ་རཿསརྦཱ་ལཾ་ཀ་ར་བི་བྷཱུ་ཥི་ཏཱཿཔྲ་ཏཱིཙྪོ་པ་བྷུ་ཛཿཨོཾ་ཨཱཿཔུཥྤཾ་དྷཱུ་པཾ་དཱི་པཾ་གནྡྷཾ་ནཻ་བི་དྱེ་ཙྪ་ཏྲ་དྷཱ་ཛ་བ་ཏཱ་ཀཱ་ཀུན་དུ་རཱ་དི་དྷཱུ་པཾ་སརྦ་པ་རི་པཱུ་ར་ཎ་གྲྀཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཏོ་ཥ་ཡ་ཏོ་ཥ་ཡ་ཧཱ་རི་ཏཱི་མ་ཧཱ་ཡཀྵི་
ཎི་སརྦ་ཀཱ་མཱརྠཱ་སཱ་དྷཱ་ནི་དེ་ཧི་དཱ་ན་པ་ཏེར་ད་དཱ་པ་ཡ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་ཧཱ་རི་ཏཱི་མ་ཧཱ་ཡཀྵི་ཎི་བུདྡྷ་པཱ་ཙཿཔྲ་ཏི་པཱ་ལ་ནི་ཧ་ར་ཧ་ར་བུདྡྷ་ཤཱ་སེ་ན་རཀྵཾ་ཀུ་རུ་སྭཱ་ཧཱ་ཞེས་པས་ལན་བརྒྱ་རྩ་བརྒྱད་བཟླས་པས་ལྷག་པར་གནས་པར་བྱའོ། །དེ་ནས་ཨོཾ་ཧཱ་རི་ཏཱི་ཏ་ཀི་མ་ཧཱ་ཡཀྵི་ཎི་པཉྩ་པུ་
ཏྲ་ཤ་ཏ་པ་རི་བཱ་རི་ཎི་བུདྡྷ་བཱ་ཙ་པྲ་ཏི་པཱ་ལ་ནི་ཧ་ར་ཧ་ར་སརྦ་པཱ་པཾ་སརྦ་ཡཀྵི་ཎི་པྲ་བེ་ཤ་ནི་ཨི་དཾ་པིཎྜ་ཀ་དྭ་ཡཾ་གྲྀཧྞ་གྲྀཧྞ་ཀྵོཾ་སྭཱ་ཧཱ་ཞེས་པས་ཆང་བུ་གཉིས་དབུལ་བར་བྱའོ་ཞེས་པ་ནི་འཕྲོག་མ་དགོད་པའོ། །དེའི་རྗེས་ལ་སྐད་ཅིག་གིས་ཛཾ་ཡིག་ལས་བསྐྱེད་པའི་རྒྱལ་པོ་དམ་ཚིག་སེམས་
Vol. 62 · folio 345b
དཔའ་སྔོན་དུ་གསུངས་པའི་སྐུར་བསྐྱེད་ནས་དེ་དང་མཚུངས་པའི་ཡེ་ཤེས་པ་དང་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ནས་ནང་དུ་བསྒོམས་ནས་རང་གི་སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ཞིང་ཡང་དག་པར་མཆོད་ནས། ཨོཾ་མ་ཧཱ་
ཡཀྵཱ་དྷི་པ་ཏེར་བུདྡྷ་ཤཱ་ས་ནཾ་རཀྵ་རཀྵ་ཀྵིཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་འདིས་གཏོར་མ་དབུལ་བར་བྱའོ། །ཨོཾ་མ་ཧཱ་ཡཀྵཱ་དྷི་པ་ཏི་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཀྵིཾ་སྭཱ་ཧཱ་ཞེས་པ་ནི་རྒྱལ་པོ་དགོད་པའོ། །དེ་ནས་རྡོ་རྗེ་བཞད་པའི་རེ་
མིག་ལ་གཏོར་མའི་སྟེགས་བུ་བཟང་པོས་ལེགས་པར་བཀོད་ནས་སྐད་ཅིག་གིས་ཧཱུཾ་ཡིག་ལས་བསྐྱེད་པའི་གཏོར་མའི་སྟེགས་བུར་རྣམ་པར་བསམས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་པའི་ཡེ་ཤེས་སེམས་དཔའི་རང་བཞིན་ཧཱུཾ་གི་ཡི་གེ་ལས་དེའི་ནང་དུ་བསྒོམས་
ནས་རང་གི་སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ཞིང་ཡང་དག་པར་མཆོད་ནས། ཧ་ཧོཿཧྲཱིཿཨོཾ་ཨཱཿཧཱུཾ་ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས། དེ་ནས་གཙུག་ལག་ཁང་གི་ནང་ན་གནས་པའི་རྡོ་རྗེ་མི་གཡོ་བ་ལ་སོགས་པ་
སྒོའི་ལྷག་པའི་བདག་པོ་ལ་སོགས་པ་རེ་མིག་གི་ལྷག་པའི་བདག་པོ་དང་དབང་དུ་བྱེད་པའི་ལྷག་པའི་བདག་པོ་དང་གནད་ཀྱི་ལྷག་པའི་བདག་པོ་རྣམས་ལ་དབུལ་བར་གསོལ་བར་བྱའོ། །གང་དུ་གཙུག་ལག་ཁང་གི་ནང་གནས་རྡོ་རྗེ་མི་གཡོ་བ་ཏྲི་བ་ཀ་རྡོ་རྗེ་ལྕགས་ཀྱུ་རྣམ་རྒྱལ་
གཤིན་རྗེ་མཐར་བྱེད་རྡོ་རྗེ་ཟས་དང་ཉེས་པ་ངེས་རྟོག་འདོད་པའི་རྒྱལ་པོ་མཐར་སྤྱོད་ཕྱག་ན་རྡོ་རྗེ་ཀརྞི་ཀ་དང་ཁྲོ་བོ་ཤེས་རབ་མཐར་བྱེད་པ་ལཱ་ལ་དང་རིན་ཆེན་གཙུག་ཏོར་དབྱུག་སྔོན་རྒྱལ་དཀར་རྡོ་རྗེ་རྒྱས་པ་འཇིག་རྟེན་གསུམ་པོ་རབ་སྒྲུབ་པདྨ་མཐར་བྱེད་འཇིགས་བྱེད་རབ་གཏུམ་མཆེ་
གཙིགས་སྟོབས་པོ་ཆེ་དང་རྐང་པ་སྐྱོད་བྱེད་རྡོ་རྗེ་འབེབས་པ་དཔའ་བོའི་རིམ་པ་བདུད་རྩི་འཁྱིལ་པ་རྡོ་རྗེ་བཞད་པ་རྡོ་རྗེ་རྣམ་འཇོམས་ནག་པོ་ཆེན་པོ་ཁྲོ་རྒྱལ་ཆེན་མོ་འཕྲོག་མ་ལ་སོགས་གཙུག་ལག་ཁང་བསྲུང་ལྷ་གནས་རྣམས་སུ་བདག་གིས་འདི་ནི་གསོལ་བགྱི་གཏོར་མའི་
Vol. 62 · folio 346a
སྟེགས་བུ་འདི་ནི་ཁྱེད་རྣམས་གཏོར་མ་ཉེ་བར་ལོངས་སྤྱོད་ཕྱིར་ན་བདག་གིས་དགོད་པར་བགྱི། དེ་ནས་དེ་ལ་ཟས་ལ་སོགས་པའི་ཕུང་པོ་བྱས་ནས་དཔུང་པ་བཟང་པོའི་རྒྱུད་ལས་གསུངས་པའི་ཚིགས་སུ་བཅད་པ་བརྗོད་པ་སྔོན་དུ་འགྲོ་བས་དྲི་བཟངས་དང་ཆུ་དང་ཁྲག་
དང་མ་ཛྙ་ར་དང་ཆང་དང་འོ་མའི་རྒྱུན་བླུགས་པ་སྔོན་དུ་འགྲོ་བས་གཏོར་མ་དབུལ་བར་བྱའོ། །གཏོར་མའི་སྟེགས་བུ་དགོད་པར་རོ།། །།དེ་ནས་ཡན་ལག་རྣམ་པ་བཞིའི་རྣམ་པར་དག་པས་གཎྜཱི་རྣམ་པ་བཞིའོ། །དེ་ཡང་ཀཱ་ཤཱ་རཱི་དང་། ནྱ་གྲོ་དྷ་དང་། ཨ་ཤྭདྠ་དང་། ཀེ་ཤ་ར་དང་
ཨུ་དུམྺཱ་རའི་ཤིང་རྣམས་ལས་བྱའོ། །དེ་ནས་དྲོད་རྣམ་པར་དག་པ་གཎྜཱི་ཆུང་བ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཅུ་རྩ་བཞིའི་རྣམ་པར་དག་པ་ཆ་བརྒྱད་ཅུ་རྩ་བཞི་པ་གསུམ་སྟེ་སྲིད་དུའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་དག་པས་ཁོར་ཡུག་ཏུ་ཆ་བཅུ་གཉིས་
ཏེ་ཟླུམ་པོའོ། །དེ་བཞིན་དུ་རྩེ་མོ་མངོན་པར་རྟོགས་པའི་རྣམ་པར་དག་པ་གཎྜཱི་གཉིས་པ་སྟེ། མངོན་པར་ཤེས་པ་ལྔ་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་རྩ་ལྔ་སྟེ་སྲིད་དུའོ། །ས་བཅུ་གསུམ་གྱི་རྣམ་པར་དག་པས་ཆ་བཅུ་གསུམ་པ་སྟེ་ཟླུམ་པོའོ། །རྣམ་པར་ཐར་པ་བརྒྱད་ཀྱིས་རྣམ་པར་
དག་པ་བརྒྱད་བརྒྱད་ཀྱིས་རྣམ་པར་བརྒྱན་པའོ། །དེ་བཞིན་དུ་བཟོད་པའི་རྣམ་པར་དག་པ་ནི་གཎྜཱི་གསུམ་པ་སྟེ། སྟོབས་བཅུ་དང་དགེ་བ་བཅུ་དང་དབང་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ཤེས་པ་བཅུ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣམ་པར་དག་པ་ཆ་བརྒྱད་ཅུ་རྩ་བདུན་ཏེ་
སྲིད་དུའོ། །སྒྲིབ་པ་མེད་པའི་རྣམ་པ་ལ་སོགས་པའི་དབྱངས་བཅོ་ལྔའི་རྣམ་པར་དག་པ་ཆ་བཅོ་ལྔ་ནི་ཟླུམ་པོའོ། །གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དག་པས་བརྒྱད་ཅུ་རྩ་གཉིས་སོ། །དེ་བཞིན་དུ་ཆོས་མཆོག་གི་རྣམ་པར་དག་པ་ནི་གཎྜཱི་བཞི་པ་སྟེ། ཉོན་མོངས་པ་དགུ་བཅུ་རྩ་
བརྒྱད་སྤངས་པའི་རྣམ་པར་དག་པས་ཆ་དགུ་བཅུ་རྩ་བརྒྱད་སྲིད་དུའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམ་པར་དག་པས་ཁོར་ཡུག་ཏུ་ཆ་བཅོ་བརྒྱད་དོ། །བདེན་པ་བཅུ་དྲུག་གི་རྣམ་པར་དག་པས་བརྒྱད་ཅུ་རྩ་དྲུག་གོ། །གཎྜཱི་རྣམ་པ་བཞི་ལ་རྩེ་མོ་རུ་ཆ་གཉིས་དང་ཆ་
Vol. 62 · folio 346b
གསུམ་དང་ཕྱེད་དང་བཅས་པའི་ཆ་གསུམ་དང་ཆ་བཞིའི་ཚད་ཀྱི་མཎྜུ་ཀའི་མགོ་བོ་བྱའོ། །མཎྜ་མ་སྙིང་པོའམ་གཙོ་སྟེ་མཎྜུ་ཀའི་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ནི་མཎྜུ་ཀའི་སྒྲས་བརྗོད་པར་བྱའོ། །གཎྜཱི་ཐམས་ཅད་ཀྱི་ཡང་ཆ་ལྔའི་དབུས་ཀྱི་ཆ་གཅིག་དམའ་བར་བྱའོ། །
ཁོར་ཡུག་ཏུ་ཆ་གཅིག་གིས་དམན་པའོ། །འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔའི་རྣམ་པར་དག་པའོ། །དེ་ལ་བླ་ན་མེད་པའི་མཆོད་པ་བདུན་རྣམ་པར་དག་པས་ཚོན་རིས་བདུན་ནོ། །འདི་རྣམས་ཀྱི་ནང་ནས་ཡིད་ལ་གང་འཐད་པ་དེ་བྱའོ། །གཎྜཱི་ཐིའུའི་ཚད་བརྗོད་པར་བྱ་
སྟེ། དེ་ལ་སྟེང་གི་ཆ་ལ་ཆ་བཅུ་སྟེ་གཟུངས་མ་བཅུའི་རྣམ་པར་དག་པའོ། །ཁོར་ཡུག་ཏུ་ཆ་དྲུག་གིས་ཟླུམས་ཏེ་རྗེས་སུ་དྲན་པ་དྲུག་གི་རྣམ་པར་དག་པའོ། །འོག་ཏུ་ཡེ་ཤེས་ལྔ་དེ་དང་མཚུངས་པའི་ཟླུམས་སོ། །ཕུང་པོ་ལྔའི་དག་པའོ། །གཎྜཱི་བརྡུངས་པའི་སྒྲས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་རང་བཞིན་དུ་བརྗོད་པར་འགྱུར་རོ། །གཎྜཱི་བརྡུངས་པའི་སྒྲས་བཀྲ་ཤིས་ཀྱི་ཚིགས་སུ་འབྱུང་བར་འགྱུར་རོ། །གང་དུ་གཎྜཱི་བརྡུངས་པའི་གཙུག་ལག་ཁང་དེ་རུ་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་ནད་ཐམས་ཅད་ཉེ་
བར་ཞི་བར་བྱེད་དོ། །བྱང་ཆུབ་ཏུ་ཡོངས་སུ་འགྱུར་བར་བྱེད་དོ། །རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ཀྱིས་བཀའ་དྲིན་ཡང་ཤིན་ཏུ་སྐྱེ་བར་འགྱུར་རོ། །དཀྱིལ་འཁོར་ལ་ཤིན་ཏུ་གུས་པར་འགྱུར་རོ། །རྒྱལ་པོ་ཆོས་
དང་ལྡན་པར་འགྱུར་རོ། །དེ་ལ་ཚོན་རིས་བདུན་གྱི་ཚོན་གྱི་རིམ་པ་བརྗོད་པར་བྱ་སྟེ། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། བཞི་ཚོགས་པ་དང་རྣམས་སོ། །དེ་ལ་སེར་པོ་ནི་དགེ་འདུན་ཕལ་ཆེན་པོའིའོ། །དམར་པོ་ནི་ཐམས་ཅད་ཡོད་
པར་སྨྲ་བའིའོ། །ལྗང་གུ་ནི་མང་པོས་བཀུར་བའིའོ། །སྔོན་པོ་ནི་གནས་བརྟན་པའིའོ། །གོང་དུ་གཉིས་པའི་ཆལ་བླུགས་པའི་ཆ་སྟེ་དམར་པོ་གསུམ་རྡོ་རྗེའི་རང་བཞིན་ནོ། །སྙིང་པོ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །ཐིའུ་ནི་ཤུ་ཤུར་སྟེ་ཁ་དོག་དམར་པོ་ཉིད་དོ། །དེ་
Vol. 62 · folio 347a
ནས་སློབ་དཔོན་རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱིས་སྐད་ཅིག་གིས་ཟླ་བ་ལ་གནས་པའི་དྷཱིཿཡིག་ལས་བསྐྱེད་པའི་གཎྜཱི་རྣམ་པར་བསྒོམས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་གཎྜཱི་གདན་དྲངས་ལ་དམ་ཚིག་སེམས་དཔའི་ནང་དུ་བསྒོམས་ནས་
རང་གི་ས་བོན་གྱིས་ལྷག་པར་གནས་པའི་བུམ་པའི་ཆུས་མངོན་པར་དབང་བསྐུར་ལ། ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་མ་ཏི་བི་ཛ་ཡེ་པྲཛྙཱ་པྲཛྙཱ་བ་ལིཾ་དྷཱ་ར་དྷཱ་ར་ཎི་སྭཱ་ཧཱ། །འདིས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་བའི་རྣམ་ལྔ་དང་བདུད་རྩི་ལྔ་དང་དྲི་ལྔ་ལ་སོགས་པས་
དབང་བསྐུར་ནས་སླར་ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས་བུམ་པའི་ཆུས་དབང་བསྐུར་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་ཨོཾ་བཛྲ་བྷཱ་ཥ་རཾ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ཀྱང་ལན་བདུན་ལྷག་པར་གནས་པར་བྱའོ། །དེ་ནས་བཾ་ཡིག་གི་ས་
བོན་ལས་སྐྱེས་པའི་ཐེའུར་རྣམ་པར་བསྒོམས་ལ། དེ་ནས་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ལ་དམ་ཚིག་སེམས་དཔའི་ནང་དུ་བསྒོམ་པར་བྱའོ། །རང་གི་སྔགས་ཀྱིས་ལྷག་པར་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ་མེ་
ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། ཨོཾ་བཛྲ་ཏཱིཀྵྞ་དྷཾ་སྭཱ་ཧཱ། འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །དེ་ནས་ལྕགས་ཀྱི་མེས་བསྲུང་བ་བྱས་ནས་མཆོད་ཡོན་ལ་སོགས་པ་ཕུལ་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་ལྷ་ཁང་གི་ནང་གི་
དབང་ལྡན་གྱི་ཟུར་དུ་རིན་པོ་ཆེའི་ཆུ་སྐྱེས་ཀྱི་སྟེང་དུ་བཞུགས་པར་བྱའོ། །ཡེ་དྷརྨཱ་ལ་སོགས་པའི་ཚིགས་སུ་བཅད་པས་རབ་ཏུ་གནས་པར་བྱའོ། །ཨོཾ་དྷཱིཿཧྲཱིཿཤྲུ་ཏི་སྨྲྀ་ཏི་མ་ཏི་བི་ཛ་ཡེ་སྭཱ་ཧཱ། འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །དགེ་སློང་གི་ཚོགས་ལ་གཎྜཱི་
བརྡུངས་པའི་ཉི་མ་ལ་རྒྱལ་པོ་ལ་སོགས་པའི་སྐྱེས་བུ་གཙོ་བོ་ལ་སོགས་པ་རྣམས་ཀྱིས་གསེར་དང་གོས་དང་སོ་རྩི་ལ་སོགས་པའི་ཡོན་གྱིས་བཀུར་སྟིར་བྱས་ནས་དཱུཪྺ་དང་སྦྱར་བའི་ཀུནྡ་དང་དྲི་བཟངས་དང་མེ་ཏོག་ལ་སོགས་པ་དང་། ཨ་ག་རུ་ནག་པོ་དང་པདུག་པ་ལ་སོགས་པ་རྣམས་
Vol. 62 · folio 347b
ཀྱང་ཕུལ་ལ། །དྲི་བཟང་པོའི་ཆུའི་རྒྱུན་སྦྲེང་བ་སྔོན་དུ་འགྲོ་བས་རྣམ་པར་དག་པའི་ཚུལ་ཁྲིམས་དང་ཤེས་རབ་དང་མཆོག་གི་སྙིང་རྗེ་དང་ལྡན་པའི་དགེ་སློང་གནས་བརྟན་རྣམས་ལ་སྙན་གསན་དབབ་པར་བྱའོ། །གནས་བརྟན་གདན་ལ་བཞུགས་པ་ལ་བརྗོད་པར་བྱ་སྟེ། མེ་ཏོག་ལ་
སོགས་པས་ཡང་དག་པར་མཆོད་ནས་གནས་བརྟན་ལ་སྙན་གསན་དབབ་པར་བྱའོ། །དེ་ནས་དགེ་འདུན་འཁོར་དང་བཅས་པ་ལ་སྟོན་མོ་དབུལ་བའི་ཕྱིར། གཎྜཱིའི་བསྟོད་པ་བརྗོད་པ་སྔོན་དུ་འགྲོ་བས་གཎྜཱི་བརྡུང་བར་བྱའོ།། །།ད་ནི་རབ་ཏུ་བྱུང་བ་བླང་བ་བརྗོད་པར་བྱ་སྟེ། དེ་
འདུལ་བ་ལས་གསུངས་པ་ལ་མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་བྱུང་བ་ཉེ་བར་བསྒྲུབ་པར་བྱའོ་ཞེས་སོ། །དགེ་སློང་རྣམས་ཀྱིས་རབ་ཏུ་བྱུང་བ་ཉེ་བར་བསྒྲུབ་པ་ཇི་ལྟར་ཤེས་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་ལ་ཞིག་རབ་ཏུ་བྱུང་དུ་ཉེ་བར་
འོངས་ན་གང་ལ། དེ་ལ་འདིར་དེའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དྲི་བར་བྱའོ། །དང་པོར་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གནས་ལྔ་སྟེ་དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་བྱའོ། །མཆོད་རྟེན་ལ་ཕྱག་འཚལ་ནས་སློབ་དཔོན་གྱི་མདུན་དུ་མཎྜལ་བྱས་ནས་
ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་ནས་འདི་བཞིན་དུ་བརྗོད་པར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་
མཆོག་ཆོས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ་དུའོ། །གཉིས་པ་ཡང་དེ་ནས་བསླབ་པའི་གནས་ལྔ་སྦྱིན་པར་བྱའོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་
འཚོའི་བར་དུ་སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས་བདག་སླར་ལྡོག་པར་བགྱིད་དོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་སྤོང་སྟེ་མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བགྱིད་དོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་འདོད་
Vol. 62 · folio 348a
པ་ལོག་པར་སྤྱོད་པ་སྤོང་སྟེ་འདོད་པ་ལོག་པར་སྤྱོད་པ་ལས་བདག་སླར་ལྡོག་པར་བགྱིད་དོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་བརྫུན་དུ་སྨྲ་བ་སྤོང་སྟེ་བརྫུན་དུ་སྨྲ་བ་ལས་སླར་ལྡོག་པར་བགྱིད་དོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་
འབྲུའི་ཆང་དང་བཙོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང་སྟེ་འབྲུའི་ཆང་དང་བཙོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་བདག་སླར་ལྡོག་པར་བགྱིད་དོ། །ལན་གསུམ་དུ་ཡང་ངོ་། །དེ་བཞིན་དུ་གསུམ་ལ་སྐྱབས་སུ་འགྲོ་བ་དང་བསླབ་པའི་
གནས་ལྔ་ལ་སོགས་པ་དགེ་བསྙེན་གྱི་བསླབ་པར་བདག་གཟུང་དུ་གསོལ་ལོ་ཞེས་སོ། །དེ་ནས་སློབ་དཔོན་ལ་མཁན་པོར་གསོལ་བ་གདབ་པར་བྱའོ། །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་རབ་ཏུ་དབྱུང་དུ་གསོལ་ཞེས་ལན་གསུམ་མོ། །དེ་ནས་སྐྲ་
བཞར་ནས་གཙུག་ཕུད་གཞག་པར་བྱའོ། །དེ་ནས་དེ་རིང་ནས་ཁྱོད་ཀྱང་ཁྱིམ་པའི་རྟགས་སྤོང་བ་གཙུག་ཕུད་འབྲེག་པར་སྤྲོ་འམ་རབ་ཏུ་འབྱུང་བར་ངེས་སམ་ཞེས་དྲི་བར་བྱའོ། །གལ་ཏེ་ངེས་སོ་ཞེས་ཟེར་ན་རྒྱ་མཚོ་བཞིའི་ཆུས་ཁྲུས་བྱ་སྟེ་དེའི་ཚེ་གཙུག་ཕུད་བྲེག་པར་བྱ་ཞིང་གོས་ངུར་
སྨྲིག་བསྐོན་པར་བྱའོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་ཁྱིམ་པའི་རྟགས་སྤང་ངོ་། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ་ཞེས་ལན་གསུམ་དུའོ། །དེ་ནས་རབ་ཏུ་བྱུང་བ་ལ་མངོན་པར་ཕྱོགས་པར་སེམས་པ་ནི་རབ་ཏུ་དབྱུང་བར་བྱའོ། །ཁྱིམ་པའི་མིང་
སྤངས་ཏེ་ཚོགས་པའི་ཚུལ་གྱིས་དགེ་སློང་གི་མིང་གདགས་པར་བྱ་བ་སྔོན་དུ་འགྲོ་བས་སྔོན་མ་བཞིན་དུ་ལན་གསུམ་སྐྱབས་སུ་འགྲོ་བ་བརྗོད་པར་བྱའོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་མིང་
འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །གསུམ་དུ་ཡང་ངོ་། །དེ་ནས་བསླབ་པའི་གནས་བཅུ་
Vol. 62 · folio 348b
སྦྱིན་པར་བྱའོ། །སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་སྟེ་སྲོག་
གཅོད་པ་ལས་སླར་ལྡོག་པར་བགྱིད་དོ། །དགེ་ཚུལ་གྱི་བསླབ་པ་ཡང་དག་པར་བླང་བར་བགྱིའོ། །དེ་བཞིན་དུ་དེ་ལྟར་བདག་ཡན་ལག་དང་པོ་འདིས་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་བགྱིད་དོ། །རྗེས་སུ་བསྒྲུབ་བོ། །ཇི་ལྟར་འཕགས་
པ་དགྲ་བཅོམ་པ་དེ་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་གྱུར་པ་བག་མེད་པའི་གནས་དང་། གླུ་གར་དང་རོལ་མོའི་སྒྲ་དང་། ཕྲེང་བ་དང་། དྲི་དང་བྱུག་པ་དང་ཁ་དོག་འཆང་བ་
དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་། གསེར་དངུལ་ལེན་པ་རྣམས་སྤངས་ཏེ། དེ་བཞིན་དུ་དེ་ལྟར་བདག་མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་ལས་ལྡོག་ཅིང་དགེ་ཚུལ་གྱི་བསླབ་པ་བདག་གིས་ཡང་དག་
པར་བླང་བར་བགྱིའོ། །བདག་མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་མི་ཚངས་པར་སྤྱོད་པ་ལས་སླར་ལྡོག་ཅིང་བསླབ་པའི་གནས་བདག་གིས་ཡང་དག་པར་བླང་བར་བགྱིའོ། །བདག་མིང་འདི་ཞེས་བྱ་བས་ཇི་སྲིད་འཚོའི་བར་དུ། བརྫུན་དུ་སྨྲ་བ་ལས་སླར་ལྡོག་ཅིང་བསླབ་པའི་
གནས་བདག་གིས་ཡང་དག་པར་བླང་བར་བགྱིའོ། །བདག་མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་ཅིང་བསླབ་པའི་གནས་བདག་གིས་ཡང་དག་པར་བླང་བར་བགྱིའོ། །བདག་མིང་འདི་
ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་གླུ་གར་དང་རོལ་མོའི་སྒྲ་ལས་སླར་ལྡོག་ཅིང་བསླབ་པའི་གནས་བདག་གིས་ཡང་དག་པར་བླང་བར་བགྱིའོ། །བདག་མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་ཕྲེང་བ་དང་དྲི་དང་བྱུག་པ་ལས་སླར་ལྡོག་ཅིང་བསླབ་པའི་གནས་བདག་གིས་ཡང་
Vol. 62 · folio 349a
དག་པར་བླང་བར་བགྱིའོ། །བདག་མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་ལས་སླར་ལྡོག་ཅིང་བསླབ་པའི་གནས་བདག་གིས་ཡང་དག་པར་བླང་བར་བགྱིའོ། །བདག་མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་
བར་དུ་དུས་མ་ཡིན་པའི་ཁ་ཟས་ལས་སླར་ལྡོག་ཅིང་བསླབ་པའི་གནས་བདག་གིས་ཡང་དག་པར་བླང་བར་བགྱིའོ། །བདག་མིང་འདི་ཞེས་བགྱི་བས་ཇི་སྲིད་འཚོའི་བར་དུ་གསེར་དངུལ་ལེན་པ་ལས་སླར་ལྡོག་ཅིང་བསླབ་པའི་གནས་བདག་གིས་ཡང་དག་པར་བླང་བར་
བགྱིའོ་ཞེས་ལེན་གསུམ་བརྗོད་ནས། བདག་ཡན་ལག་བཅུ་པ་འདིས་འཕགས་པ་དགྲ་བཅོམ་པ་དེ་རྣམས་ཀྱི་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་བགྱིད་དོ། །རྗེས་སུ་བསྒྲུབ་བོ། །དེ་ནས་ལྷུང་བཟེད་དང་ཆོས་གོས་སྦྱིན་པར་བྱའོ། །མཁན་པོ་དང་སློབ་དཔོན་ལ་
གསོལ་བ་གདབ་པར་བྱའོ། །དགེ་འདུན་གྱི་དཀྱིལ་འཁོར་འདུས་པ་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བ་གདབ་པར་བགྱི་སྟེ། དགེ་འདུན་གྱི་ཆོས་
གོས་འདི་དགེ་འདུན་ཡིད་ཆེས་པའི་ཕྱིར་དང་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བ་གདབ་པར་བགྱིའོ། །ཆོས་གོས་འདིས་རྒྱལ་པོའི་ཕོ་
བྲང་དུ་འཇུག་པར་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བ་གདབ་པར་བགྱི་སྟེ། ཆོས་གོས་འདིས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་སྲང་དང་ཚོང་དུས་སུ་འཇུག་པར་ལྷག་
པར་གནས་པར་བགྱིའོ། །དེ་བཞིན་དུ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བ་གདབ་པར་བགྱི་སྟེ། ལྷུང་བཟེད་དྲང་སྲོང་གི་སྣོད་འདི་བླང་པའི་སྣོད་ཟས་ལ་ཡོངས་སུ་སྤྱོད་པར་ལྷག་པར་གནས་པར་བགྱིའོ། །དེ་བཞིན་
Vol. 62 · folio 349b
དུ་སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བ་གདབ་པར་བགྱི་སྟེ་བླང་བའི་སྣོད་འདི་ཆུ་སྣོད་དུ་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བ་
གདབ་པར་བགྱི་སྟེ། བླང་བའི་སྣོད་འདི་ཆུ་སྣོད་དུ་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་ལ་གསོལ་བ་གདབ་པར་བགྱི་སྟེ། འདི་གསིལ་བྱེད་དུ་ལྷག་པར་གནས་པར་བགྱིའོ་ལན་གསུམ་
གསུམ་མོ། །དེ་བཞིན་དུ་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་མཁན་པོ་ལ་གསོལ་བ་གདབ་པར་བགྱི་སྟེ། དགེ་འདུན་གྱི་ཆོས་གོས་འདི་དགེ་འདུན་ཡིད་ཆེས་པའི་ཕྱིར་དང་། ཡོངས་སུ་ལོངས་སྤྱད་པའི་ཕྱིར་ལྷག་པར་གནས་པར་བགྱིའོ། །དེ་
བཞིན་དུ་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་མཁན་པོ་ལ་གསོལ་བ་གདབ་པར་བགྱི་སྟེ། ཆོས་གོས་འདིས་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་ལྷག་པར་གནས་པར་བགྱིའོ། །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་
མཁན་པོ་ལ་གསོལ་བ་གདབ་པར་བགྱི་སྟེ། ཆོས་གོས་འདིས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་སྲང་དང་ཚོང་དུས་སུ་འཇུག་པར་ལྷག་པར་གནས་པར་བགྱིའོ། །མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་མཁན་པོ་ལ་གསོལ་བ་གདབ་པར་བགྱི་སྟེ། ལྷུང་
བཟེད་དྲང་སྲོང་གི་སྣོད་འདི་བླང་བའི་སྣོད་ཟས་ལ་ཡོངས་སུ་སྤྱོད་པར་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་འཕགས་པའི་དགེ་འདུན་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་འཕགས་པའི་དགེ་འདུན་རྣམས་ལ་གསོལ་བ་གདབ་པར་བགྱི་སྟེ། བླང་བའི་
སྣོད་འདི་ཆུ་སྣོད་དུ་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་འཕགས་པའི་དགེ་འདུན་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་འཕགས་པའི་དགེ་འདུན་ལ་གསོལ་བ་གདབ་པར་བགྱི་སྟེ། འདི་གསིལ་བྱེད་དུ་ལྷག་པར་གནས་པར་བགྱིའོ། །ལན་
Vol. 62 · folio 350a
གསུམ་དུའོ། །དེ་ནས་སློབ་དཔོན་གྱིས་སྔགས་འདིས་ཆོས་གོས་རབ་ཏུ་སྦྱིན་པར་བྱའོ། །ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ་སརྦ་ཏ་ཐཱ་ག་ཏཱ་དྷིཥྛ་ཏྭཱཏ་མ་ཙཱི་པ་ར་སྭཱ་ཧཱ། དེ་ནས་བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཆོས་གོས་འདི་དགེ་འདུན་ཡིད་
ཆེས་པ་དང་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་བདག་གིས་གཟུང་བར་བགྱིའོ། །དེ་བཞིན་དུ་བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཆོས་གོས་འདིས་རྒྱལ་པོའི་ཕོ་བྲང་དུ་འཇུག་པའི་ཕྱིར་བདག་གིས་གཟུང་བར་བགྱིའོ། །བཙུན་པ་རྣམས་དགོངས་སུ་
གསོལ། བདག་མིང་འདི་ཞེས་བགྱི་བས་ཆོས་གོས་འདི་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་སྲང་དང་ཚོང་དུས་སུ་འཇུག་པའི་ཕྱིར་བདག་གིས་གཟུང་བར་བགྱིའོ། །བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དྲང་སྲོང་གི་སྣོད་ལྷུང་བཟེད་འདི་
སློང་བའི་སྣོད་ཟས་ལ་ཡོངས་སུ་སྤྱོད་པར་བདག་གིས་གཟུང་བར་བགྱིའོ། །བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་བླང་བའི་སྣོད་ཆུ་སྣོད་དུ་འདི་བདག་གིས་གཟུང་བར་བགྱིའོ། །བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་
འདི་ཞེས་བགྱི་བས་འདི་གསིལ་བྱེད་དུ་ལྷག་པར་གནས་པར་བགྱིའོ། །དེ་བཞིན་དུ་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྡོམ་པ་རྒྱ་ཆེན་པོ་རྣམས་ཀུན་ནས་ཐོབ་སྟེ་ལེགས་པའི་སྡོམ་པ་རྙེད་དོ། །བཙུན་པ་རྣམས་དགོངས་སུ་གསོལ།
བདག་མིང་འདི་ཞེས་བགྱི་བས་དགེ་འདུན་གྱི་ཚོགས་པ་རྙེད་ཅིང་ཐོབ་སྟེ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་སྨན་དུ་བགྱིས་ཏེ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་།
རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །ལན་གསུམ་དུའོ། །གཞུང་མངས་པའི་འཇིགས་པས་བསླབ་པ་གསུངས་པ་གཞན་རྣམས་ནི་མ་བྲིས་སོ་ཞེས་པ་ནི་རབ་ཏུ་སྦྱིན་པའི་ཆོ་གའོ། །པཎྜཱི་ཏ་ཆེན་པོ་རིགས་ཀྱི་སྦྱིན་པས་
Vol. 62 · folio 350b
མཛད་པའི་བྱ་བ་བསྡུས་པ་ལས་རབ་ཏུ་བྱེད་པ་བདུན་པའོ།། །།ཆོས་དབྱིངས་རྣམས་ཀྱི་མཚན་ཉིད་ནི། །ཤེས་ཤིང་བཞེངས་པར་བྱ་བ་དང་། །ཞིག་པ་གསོ་དང་ཉེ་བར་བསྡུ། །ཚོགས་ཀྱི་འཁོར་ལོ་མཆོད་བྱ་ལ། །ཆོས་ཀྱི་དབྱིངས་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱའོ། །དེ་ལ་འབྲས་
སྤུང་གི་རྣམ་པ་ནི་མཚན་སུམ་ཅུ་རྩ་གཉིས་ཀྱིས་རྣམ་པར་དག་པ་ཆ་སུམ་ཅུ་རྩ་གཉིས་ཀྱི་སྟེགས་བུའི་རྒྱར་བྱའོ། །དཔངས་སུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་དག་པས་ཆ་བཅུ་གཉིས་སོ། །སྟེགས་བུ་ནི་ཟླུམ་པོ་ལ་གྲུ་བཞི་པ་ཆ་བཅུ་གཉིས་ཆས་སམ་ཉི་ཤུའི་
ཟུར་དུ་བྱའོ། །དེའི་སྟེང་དུ་རྗེས་སུ་དྲན་པ་དྲུག་གི་རྣམ་པར་དག་པས་ཆ་དྲུག་པ་འདེགས་པའི་སྟེགས་བུ་བྱའོ། །དེ་ཡང་ཟླུམ་པོ་ཉིད་དུ་བྱའོ། །འདིར་ཡང་བུམ་པའི་དབུས་ལ་དེ་ཡང་བུམ་པའི་ཆོས་ཀྱི་སྐུའི་རྣམ་པར་དག་པ་མངོན་པར་ཤེས་པ་དྲུག་གི་རྣམ་པར་དག་པས་ཆ་དྲུག་པའི་ཐིག་
གིས་བུམ་པ་ཟླུམ་པོར་བྱའོ། །དེའི་སྟེང་དུ་ཐེག་པ་གསུམ་གྱི་དག་པས་ཆ་གསུམ་གྱིས་ཧར་མིའི་རྩེ་མོའི་མཐར་ཐུག་པའོ། །རྒྱར་འཕགས་པའི་བདེན་པ་བཞིའི་རྣམ་པར་དག་པས་ཆ་བཞི་པའོ། །འདིའི་རེ་རེའི་ལོགས་དག་ཏུ་ཡང་ཅུང་ཟད་ཚད་པས་ལྷག་པར་བྱའོ། །ཆ་གཅིག་གི་
སུམ་ཆས་ཧར་མིའི་སྟེང་འོག་ཏུའོ། །ཆ་གཅིག་གིས་མགུལ་རྒྱན་ཏེ་མགུལ་རྒྱན་གཉིས་ཀྱི་སྟེང་འོག་ཏུ་དེའི་ཚད་ཀྱིས་མགུལ་རྒྱན་གྱི་རིམ་པའི་སྟེང་འོག་ཏུའོ། །ལྷག་མ་རྣམས་ནི་མེ་ཏོག་འཛིན་པ་ཅན་ནོ། །ཐུང་བ་ནི་ཇི་ལྟར་མཛེས་པར་བྱའོ། །ཧར་མིའི་ཆ་དགུའི་གཅིག་གི་
ཚད་ཀྱིས་སྲོག་ཤིང་གི་རྩ་བའོ། །དེ་ཚད་མེད་པའི་གནས་བཞིའི་དག་པས་གྲུ་བཞི་པའོ། །དེའི་ཆ་དགུའི་གཅིག་གི་ཚད་ཀྱིས་སྲོག་ཤིང་རྩེ་མོའོ། །སེམས་བསྐྱེད་ཉི་ཤུ་རྩ་གཉིས་ཀྱི་རྣམ་པར་དག་པས་སྲོག་ཤིང་གི་སྲིད་དུ་ཆ་ཉི་ཤུ་རྩ་གཉིས་སོ། །འཇིག་རྟེན་སྐྱོང་བ་རྣམས་
ཧར་མི་དག་གི་མཐར་ནས་སྲོག་གི་དབུས་སོ། །གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་ཆ་གཅིག་གི་ཚད་ཀྱིས་འཇིག་རྟེན་སྐྱོང་བའི་སྟེང་འོག་ཏུའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་རྣམ་པར་དག་པས་ཆ་བརྒྱད་ཀྱིས་གདུགས་ཀྱི་ཕྲེང་བ་གནས་པའི་ཆའོ་
Vol. 62 · folio 351a
ཆ་བཅུ་གསུམ་གྱི་རྣམ་པར་དག་པས་དེ་ཡང་གདུགས་ཀྱི་འཁོར་ལོ་བཅུ་གསུམ་མོ། །དེའི་སྟེང་དུ་ཆ་ཕྱེད་ཀྱིས་ཆར་ཁབ་ཀྱི་གནས་སོ། །དེའི་སྟེང་དུ་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་དག་གི་རྣམ་པར་དག་པས་ཕྱེད་དང་བཅས་པའི་ཆ་གཅིག་གི་
ཚད་ཀྱིས་མགྲིན་པ་མཐོ་བའོ། །དེ་ཡང་མགྲིན་པ་ནས་སྲོག་ཤིང་གི་རྩེ་མོའི་མཐར་ཐུག་པ་རྒྱ་ལ་དེའི་ཕྱེད་དོ། །དེའི་སྟེང་དུ་བླ་ན་མེད་པའི་སྙིང་རྗེ་ཆེན་པོ་རྣམ་པར་དག་པས་གཙུག་ཏོར་རོ། །དེ་བཞིན་དུ་ལྷུང་བཟེད་ཀྱི་རྣམ་པ་ནི་སྟོབས་བཅུ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་
བརྒྱད་ཀྱི་རྣམ་པར་དག་པས་ཆ་ཉི་ཤུ་རྩ་བརྒྱད་ཀྱི་ཚད་ཀྱིས་འོག་གི་སྟེགས་བུའི་རྒྱ་རུའོ། །སྟོབས་ལྔའི་རྣམ་པར་དག་པས་ཆ་ལྔ་ནི་འདེགས་པའོ། །སྟེགས་བུའི་སྟེང་འོག་ཏུའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རྣམ་པར་དག་པ་ཆ་བདུན་ཏེ་བུམ་པའི་དཔངས་སོ། །ལྷག་མ་
རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་ཡན་ལག་དྲུག་གི་རྣམ་པ་ནི་ཤེས་པ་བཅུ་དང་དབང་བཅུ་གཉིས་དང་། མི་འཇིགས་པ་བཞིའི་རྣམ་པར་དག་པས་ཆ་ཉི་ཤུ་རྩ་དྲུག་གི་ཚད་ཀྱིས་འོག་སྟེགས་བུའི་རྒྱ་རུའོ། །གྲུ་བཞི་འབྱེད་པའི་རྣམ་པར་དག་པས་ཆ་བཞི་ཡིས་འདེགས་
པའི་སྟེགས་བུའི་སྟེང་འོག་ཏུའོ། །རྣམ་པར་ཐར་པ་བརྒྱད་ཀྱི་རྣམ་པར་དག་པས་ཆ་བརྒྱད་བུམ་པའི་སྟེང་དུའོ། །འདིར་ཡང་ལྷག་མ་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་བུམ་པའི་རྣམ་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་དང་། གཟུངས་མ་བཅུ་གཉིས་རྣམ་པར་དག་པས་ཆ་ཉི་
ཤུ་རྩ་བཞིས་འོག་གི་སྟེགས་བུའི་རྒྱ་རུའོ། །རྣམ་པར་དག་པ་གསུམ་གྱི་རྣམ་པར་དག་པས་ཆ་གསུམ་གྱིས་འདེགས་པའི་སྟེགས་བུའི་སྟེང་འོག་ཏུའོ། །གསུང་རབ་ཡན་ལག་དགུའི་རྣམ་པར་དག་པས་ཆ་དགུ་ཡིས་བུམ་པའི་སྲིད་དོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་
དུའོ། །དེ་ནི་རྣམ་པ་བཞི་ཀར་གྱི་ཡང་ཐུན་མོང་གི་རྣམ་པར་དག་པ་བརྗོད་པར་བྱའོ། །ཆ་བཅུ་དྲུག་ཡོངས་སུ་གང་བའི་རྣམ་པར་དག་པས་ཆ་བཅུ་དྲུག་གི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་ཡང་སྲོག་ཤིང་གནས་པའི་རྒྱལ་འབྱུང་བ་ཆེན་པོ་ལྔའི་སྟེང་དུ་སྦྱིན་པའི་ས་གཞིའོ།
Vol. 62 · folio 351b
དེ་ཡང་ཚུལ་ཁྲིམས་རྣམ་པ་བཅུ་དང་མི་དགེ་བ་བཅུ་སྤོང་བའི་རྣམ་པར་དག་པས་འོག་གི་སྟེགས་བུ་དང་རྩིག་པའི་རྒྱར་ཆ་བརྒྱད་ཀྱིས་བྱ་སྟེ་འགྲོ་བ་རྣམས་དང་རྗེས་སུ་མཐུན་པར་བྱའོ། །དེ་ཡང་འཕགས་པའི་རིགས་བཞི་རྣམ་པར་དག་པས་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་སྟེགས་
བུ་གདོང་བཞི་པོ་རྣམས་སོ། །བསམ་གཏན་བཞིའི་རྣམ་པར་དག་པ་ནི་རྟ་བབས་བཞི་པོ་རྣམས་སོ། །ཆོས་དང་ཟང་ཟིང་དང་མི་འཇིགས་པ་དང་བྱམས་པ་རྣམས་ཀྱི་སྦྱིན་པའི་རྣམ་པར་དག་པས་སྐུ་གཟུགས་ཀྱི་ལྷ་ཁང་བཞི་པོ་རྣམས་སོ། །མི་འཇིགས་པ་བཞིའི་རྣམ་པར་དག་པས་ཟུར་
བཞིའོ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་རྣམ་པར་དག་པ་བཞིའི་སྟེགས་བུའོ། །ཡང་དག་པར་སྤོང་བ་བཞིའི་རྣམ་པར་དག་པས་སྟེགས་བུ་གཉིས་པའོ། །དད་པ་ལ་སོགས་པའི་དབང་པོ་ལྔའི་རྣམ་པར་དག་པའི་སྟེགས་བུའོ། །དད་པ་ལ་སོགས་པའི་སྟོབས་ལྔའི་རྣམ་པར་
དག་པས་མགུལ་རྒྱན་ནོ། །མི་རྟག་པ་ལ་སོགས་པའི་སྒོའི་རྣམ་པར་དག་པས་སྒོ་བཞིའི་དང་མེ་ཏོག་འཛིན་པའོ། །ཟག་པ་མེད་པ་དང་བསམ་གཏན་དང་པོ་དང་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པར་དག་པས་མགུལ་རྒྱན་ནོ། །གཉིས་པ་དང་གསུམ་
པའི་བསམ་གཏན་གྱི་ས་དང་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པར་དག་པས་མགུལ་རྒྱན་གྱི་ཁོར་ཡུག་གིས་བརྒྱན་པའོ། །ཕྱིར་མི་འོང་བ་དང་བསམ་གཏན་བཞི་ལ་སོགས་པའི་ས་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཡན་ལག་རྣམ་པར་དག་པས་ཧར་མིའོ། །དྲན་པ་
དང་ཆོས་རབ་ཏུ་འབྱེད་པ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པར་དག་པས་འཇིག་རྟེན་སྐྱོང་བ་བཞིའོ། །མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་རྣམ་པར་དག་པས་ཆར་ཁབ་ཀྱི་གནས་སོ། །བདུད་བཞི་བཅོམ་པའི་རྣམ་པར་དག་པས་མགྲིན་པའོ། །
སྟོང་པ་ཉིད་དང་སྙིང་རྗེ་རྣམ་པར་དག་པས་ཉི་མ་དང་ཟླ་བ་གཉིས་དང་མེ་ལོང་དག་གོ། །ཚིགས་སུ་བཅད་པ་གཉིས་དང་ཡུལ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་རྣམ་པར་དག་པས་དྲིལ་བུ་གཉིས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡན་ལག་རྣམ་པར་དག་པས་གདུགས་
Vol. 62 · folio 352a
སོ། །ཆགས་པ་མེད་པའི་བདག་ཉིད་ཀྱི་སེམས་རྣམ་པར་གྲོལ་བའི་རྣམ་པར་དག་པས་རྒྱལ་མཚན་ནོ། །དེ་དང་ཡང་བཅོམ་ལྡན་འདས་མ་ལ་སོགས་པའི་གྲགས་པ་རྣམ་པར་དག་པས་བ་དན་ནོ། །ཟུར་གྱི་ཕྲེང་བ་དང་དབུས་ཀྱི་ཕྲེང་བ་དང་ཟུར་དང་དབུས་ཀྱི་
ཕྲེང་ཞེས་ཏེ་དེ་ལ་ཇི་ལྟར་མངོན་པར་འདོད་པ་བཞིན་བྱའོ། །རྨིག་པ་དང་བ་རཎྜ་ལ་སོགས་པ་རྣམས་ཀྱང་ཇི་ལྟར་མཛེས་པར་བྱའོ། །དེ་ནས་རྡོའི་རུས་སྦལ་ལ་སྔོན་དུ་གསུངས་པའི་རིམ་པའི་རིན་པོ་ཆེ་རྣམས་བཀོད་ལ་དེའི་སྟེང་དུ་གསེར་ལ་སོགས་པའི་འདབ་མས་མཆོད་སྡོང་གི་ཅ་
བ་བྱས་ནས་བྲུཾ་ཡིག་དཀར་པོ་ལས་འཁོར་ལོ་རྩིབས་བརྒྱད་པ། དེའི་སྟེང་དུ་ཨ་ཡིག་ལས་སྐྱེས་པའི་པདྨ་འདབ་མ་སྣ་ཚོགས་པ། དེའི་སྟེང་དུ་ཨོཾ་ཡིག་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱཿཡིག་ལས་སྐྱེས་པའི་དོན་དམ་པའི་ཡི་གེ་དྷཱིཿའི་རང་བཞིན་དུ་མཆོད་སྡོང་རྣམ་པར་
བསྒོམས་ནས་དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ནས་དེའི་ནང་དུ་བསྒོམ་མོ། །དེའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་གདན་དྲངས་ལ་བུམ་པའི་ཆུས་མངོན་
པར་དབང་བསྐུར་ཞིང་ཡང་དག་པར་མཆོད་པར་བྱས་ནས། ཨོཾ་ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡཱརྷ་ཏེ་ས་མྱཀྶ་མྦུདྡྷཱ་ཡ། ཏདྱ་ཐཱ། ཤཱུཀྵྨེ་ཤཱུཀྵྨེ་ས་མེ་ས་མ་ཡེ་ཤཱནྟེ་དཱནྟེ་ཨ་ས་མ་རོ་བྱ་ནི་རཱ་ལཾ་བེ་ནི་རཱ་ཀུ་ལེ་ནི་རྦཱ་ཎེ་ཡ་ཤོ་བ་ཏི་མ་ཧཱ་ཏེ་ཛེ་སྶརྦ་བུདྡྷཱ་དྷི་ནཱ་དྷིཥྛི་ཥྛ་ཏེ་སྭཱ་ཧཱ། སྔགས་འདིས་
ལན་ཉི་ཤུ་རྩ་གཅིག་ཏུ་ཡོངས་སུ་བཟླས་པར་བྱའོ། །ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ་ཞེས་པའི་སྔགས་འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་མཆོད་སྡོང་དགོད་པར་བྱའོ། །དེ་ནས་ཆོས་ཀྱི་དབྱིངས་གྲུབ་ནས་སློབ་དཔོན་རྡོ་རྗེ་སེམས་དཔའི་ང་རྒྱལ་དང་ལྡན་པས་སྔོན་དུ་གསུངས་པའི་རིམ་
པས་མཆོད་རྟེན་གྱི་སྙིང་པོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱ་སྟེ། སྔོན་དུ་གསུངས་པའི་དཀྱིལ་འཁོར་རྣམ་པར་བསྒོམ་མོ། །སྔོན་དུ་གསུངས་པའི་རབ་ཏུ་གནས་པའི་ཆོ་གས་རབ་ཏུ་གནས་པར་རྒྱལ་མཚན་གཟུགས་པ་རབ་ཏུ་བསྔགས་པས་འདིར་རྒྱལ་མཚན་
Vol. 62 · folio 352b
གྱི་མཚན་ཉིད་བརྗོད་པར་བྱ་སྟེ། རྒྱལ་མཚན་ནི་བུམ་པ་དང་དྲིལ་བུ་ལ་སོགས་པའི་རྣམ་པའོ་ཞེས་སོ། །དེ་ལ་བུམ་པའི་རྣམ་པའི་མཚན་ཉིད་ལ་ལྟོ་བའི་རྒྱར་ཆ་བཅུ་དྲུག་གོ །དེའི་སུམ་འགྱུར་གྱིས་ཟླུམ་སྐོར་དུའོ། །འཆི་མེད་ཀྱི་གནས་ཀྱི་རྒྱར་ཆ་ཉི་ཤུ་རྩ་གཅིག་གོ། །ཆ་དྲུག་གིས་
སྟེང་དང་འོག་ཏུའོ། །དེའི་འོག་གི་ཆ་ལ་སྟེང་དང་འོག་ཏུ་ཆ་ལྔའོ། །རྒྱར་ཇི་ལྟར་འཚམ་པར་བྱའོ། །འཆི་མེད་ཀྱི་གནས་དག་གི་ལྟོ་བའི་བར་གྱི་ཆར་ཆ་བཞི་པའོ། །དེ་དང་མཚུངས་ཤིང་དམའ་བའི་ཆས་རྒྱ་ལའོ། །ལྟོ་བ་ལས་སྟེང་དུ་ཁའི་ཆ་དྲུག་གོ། །ཁའི་རྒྱར་ཆ་བཅུ་གཅིག་
གོ། །མཆུ་འཕྱང་བ་ནི་ཆ་གཉིས་སོ། །མགྲིན་པའི་རྒྱར་ཆ་ལྔའོ། །ཆ་བརྒྱད་ཀྱིས་ནོར་བུའི་ཆའོ། །དེའི་ཕྱེད་དམན་པས་རྒྱའོ། །ནོར་བུ་དང་ཁ་དག་གི་བར་དུ་ཆ་གཉིས་ཀྱིས་མགུལ་དང་ཧར་མི་ཀ་ཡང་ཇི་ལྟར་མཛེས་པར་བྱའོ། །ལྷག་མ་རྣམས་ནི་བཟོ་བོས་ཇི་ལྟར་མཛེས་པར་
བྱའོ། །དེ་བཞིན་དུ་དྲིལ་བུའི་རྣམ་པ་ལ་ནི་སྟེང་དང་འོག་ཆ་བཞི་བཅུ་རྩ་དྲུག་གིས་བུམ་པའི་སྲིད་དུའོ། །དབུས་ཀྱི་ཟླུམ་ལ་བརྒྱ་རྩ་བརྒྱད་དོ། །ཁའི་རྩེ་མོ་དག་ཏུ་ཐུང་བ་དང་འཕེལ་བ་ཇི་ལྟར་རིགས་པར་བྱའོ། །བུམ་པ་ལས་འོག་ཏུ་ཚོགས་པ་ལ་ཆ་བཞི་བཅུ་རྩ་གཉིས་སོ། །རྣམ་པར་
དབྱེ་བ་ལ་བཅུ་དྲུག་གི་ཆས་འཆི་མེད་ཀྱི་གནས་ཀྱི་སྟེང་དང་འོག་ཏུའོ། །ཟླུམས་སུ་ཉིས་བརྒྱའོ། །དེའི་སྟེང་དུ་ཟ་མ་ཏོག་གི་སྟེང་འོག་ཏུ་ཆ་བཅུའོ། །ཟླུམས་སུ་ཇི་མཛེས་པའོ། །འོག་གི་ཆའི་སྟེང་འོག་ཏུ་ཆ་བཅུ་བཞི་པའོ། །འདིར་ཡང་ཟླུམས་སུ་ཇི་ལྟར་མཛེས་པར་རོ། །
ལྷག་མ་རྣམས་བཟོ་བོས་ཇི་ལྟར་མཛེས་པར་བྱའོ། །འོག་གི་འཆི་མེད་ཀྱི་གནས་དང་དཔྲལ་བའི་བུམ་པའི་སྲིད་དུ་ཆ་སུམ་ཅུ་པོ་རྣམས་སོ། །དེ་རྣམས་ཀྱི་རྣམ་པར་དག་པ་ནི་མཆོད་རྟེན་བཞིན་དུའོ། །དེ་ནས་རྒྱལ་མཚན་སྣ་ཚོགས་པའི་ཚད་ལ། དྲི་གཙང་ཁང་དང་ཁང་པ་
བརྩེགས་པ་དང་འདུ་ཁང་རྣམས་ཀྱི་སྒོའི་རིང་དུའོ། །ཁ་མིག་ལ་ནི་སྒོ་ཆ་ལྔ་ལ་ཆ་གསུམ་གྱིས་རིང་བའོ། །ཆ་གཉིས་ཀྱིས་ཀྱང་སྟེ་ཡང་ན་སྒོའི་ཕྱེད་དོ། །རྒྱལ་མཚན་གྱི་སྲིད་ཀྱི་ཆ་ལྔའི་ཆ་གསུམ་གྱི་ཚད་ཀྱིས་སྟེགས་བུའི་སྟེང་འོག་ཏུའོ། །དེ་ནས་སློབ་དཔོན་རྡོ་རྗེ་སེམས་དཔའི་
Vol. 62 · folio 353a
རྣལ་འབྱོར་གྱི་བདག་ཉིད་ཀྱིས་ཤིང་སྲ་ཞིང་མཁྲེགས་པ་སྤོས་དཀར་གྱི་ཤིང་ལས་བྱས་པའི་རྒྱལ་མཚན་དང་རྗེས་སུ་མཐུན་པའི་སྲོག་ཤིང་མཆོད་རྟེན་གྱི་སྲོག་ཤིང་གནས་ལ་གསུངས་པའི་རིམ་པས་དགོད་པར་བྱ་སྟེ། གསེར་ལ་སོགས་པ་ལས་བྱས་པའི་རྒྱལ་
མཚན་དགོད་པར་བྱའོ། །སྐད་ཅིག་གིས་བྲུཾ་ཡིག་ལས་སྐྱེས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་ཟླ་བ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཙུག་ལག་ཁང་ལ་ཁྱབ་པའི་སྐུ་དམ་ཚིག་སེམས་དཔའ་རྣམ་པར་བསྒོམས་ནས་དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་
གའི་ས་བོན་གྱི་འོད་ཟེར་གྱིས་གདན་དྲངས་ནས་དེའི་ནང་དུ་བསྒོམ་མོ། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་གདན་དྲངས་ནས་བུམ་པའི་ཆུས་མངོན་པར་དབང་བསྐུར་ལ་མཆོད་ཡོན་ལ་སོགས་པ་ཕྱིའི་མཆོད་པ་རྣམས་ཀྱིས་ཡང་དག་
པར་མཆོད་ནས་མེ་ཏོག་གི་ཕྲེང་བ་དང་ཚོན་སྐུད་སྣ་ལྔ་ལག་པས་ལེགས་པར་བཟུང་ནས། ཨོཾ་ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཤཱུཀྵྨེ་ཤཱུཀྵྨེ་ས་མེ་ས་མ་ཡེ་ཤཱནྟེ་ཤཱནྟེ་དཱནྟེ་དཱནྟེ་ཨ་ས་མ་རོ་པྱ་ནི་རཱ་ལཾ་བེ་ནི་རཱ་ཀུ་ལེ་ནིརྦཱ་ཎེ་ཡ་ཤོ་བ་ཏི་
མ་ཧཱ་ཏེ་ཛེ་སརྦ་བུདྡྷཱ་དྷིཥྛཱ་ནཱ་དྷིཥྛ་ཏེ་སྭཱ་ཧཱ། འདིས་ཤར་དུ་ཁང་པའི་སྟེང་དུ་དབུས་སུ་གནས་པའི་རྒྱལ་མཚན་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱི་པྟེ་ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། འདིས་ལེན་བདུན་མངོན་པར་བསྔགས་ནས་བདུགས་ལ་
མེ་ཏོག་བཟང་པོའི་ཕྲེང་བ་ལ་སོགས་པས་བརྒྱན་ནས་ལྕགས་ཀྱི་བསྲུང་བ་བྱས་ནས་ཤིང་ཐོག་གིས་མངོན་པར་དབང་བསྐུར་བར་བྱའོ། །ཀུནྡ་དང་དཱུཪྺ་སྦྱར་བ་བཟུང་ནས། ཡེ་དྷརྨྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱེནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཞེས་
པ་འདིས་རབ་ཏུ་གནས་པར་བྱའོ། །དེ་བཞིན་དུ་དེའི་གཡས་ལོགས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་བཛྲ་སཏྭ་སཱུ་ཀྵྨ་ཛྙ་ན་ཀྲོ་དྷ་ཨ་དྷི་ཏིཥྛ་ཧཱུཾ་ཕཊ། འདིས་ལན་ཉི་ཤུ་རྩ་གཅིག་ཏུ་ཡོངས་སུ་བཟླས་ནས། རྣམ་པར་སྣང་མཛད་ཀྱི་གཟུངས་ཀྱིས་སོ། །ཡོངས་སུ་སྤངས་པའི་ལྷག་མ་
Vol. 62 · folio 353b
རྣམས་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་ལྷོ་ཕྱོགས་སུ་གནས་པ་ལ་ཨོཾ་བཛྲ་སཱུ་ཀྵྨ་ཀཪྵ་ཀྲོ་དྷ་ཛྙཱ་ནཱ་མྲྀ་ན་མཱ་ཀཪྵ་ཡ་ཧཱུཾ་ཕཊ། ཅེས་པ་འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པར་བྱའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་དེ་ཉིད་ཀྱི་གཡོན་གྱི་ལོགས་སུ་གནས་
པའི་རྒྱལ་མཚན་ལ། ཨོཾ་བཛྲ་སཱུ་ཀྵྨ་རཱ་ག་ཀྲོ་དྷ་སརྦ་བུདྡྷཱ་ནུ་རཱ་ག་ཡ་ཏཱི་པྲ་ཧཱུཾ་ཕཊ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་སོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་དུ་གནས་པ་ལ། ཨོཾ་བཛྲ་སཱུ་ཀྵྨ་ཏུཥྚ་ཀྲོ་དྷ་ཏོ་ཥ་ཡ་སརྦ་བུདྡྷ་ན་ཧཱུཾ་ཧཱུཾ་ཕཊ། འདིས་ལན་
ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་པར་བྱའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་ཁང་མིག་གི་སྟེང་དུ་གནས་པའི་རྒྱལ་མཚན་ལ། ཨོཾ་དྷྭ་ཛ་ཀེ་ཡུ་རེ་ཛ་ཡ་ཛ་ཡ་བི་ཛ་ཡ་བཱ་ཧཱ་ནི་ཥཾ་ཀ་རི་པྲ་བྷཾ་ཀཱ་རི་བྷཾ་ཛ་སྟཾ་བྷ་སྟཾ་བྷ་མོ་ཧ་ཡ་མོ་ཧ་ཡ་བྷ་ག་བ་ཏཱི་ཛ་ཡ་བཱ་ཧ་ནི་ཛ་ཡོཏྟ་རི། མ་
ཐ་མ་ཐ་ཧ་ས་ཧ་ས་གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཧེ་ཧེ་ལ་གྷུ་ལ་གྷུ་ལཾ་བོ་དྷ་རི་ནེ་ཏྲ་ཙ་ཏུར་བཀྟྲེ་ཙ་ཏུ་ར་དཾཥྚྲེ་ཙ་ཏུར་བྷུ་ཛ་ཨ་སི་མུ་ས་ལ་ཙཀྲ་ཏྲི་ཤཱུ་ལ་བཛྲ་ཀ་བ་ཙ་དྷཱ་རི་ཎི་རཀྵ་རཀྵ་ཨི་མསྠཱ་ནཾ་བྷ་ཏཱི་ཧ་ན་ཧ་ན་པ་ཙ་པ་ཙ་དྷུ་ན་དྷུ་ན་བི་དྷུ་ན་བི་དྷུ་ན་སྥོ་ཊ་ཡ་སྥོ་ཊ་ཡ་བྷཾ་ཛ་བྷཾ་ཛ་བི་དྷྭཾ་ས་ཡ། བི་དྷྭཾ་ས་ཡ་སརྦ་ཤ་ཏྲཱུ་ན་ཊུ་ཊ་ཊུ་ཊ་ཏྲི་ཊ་ཏྲི་
ཊ་ཨུལྐ་མུ་ཁི་ཨུལྐ་དྷ་རི་ཎི་ཏྲཻ་ལོཀྱ་མ་ཐ་ནི་རཀྵ་རཀྵ་ཨི་མཾསྠཱ་ནི་ཙི་ལ་ཙི་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མུཉྩ་མུཉྩ། ཨཊྚཊྚ་ཧཱ་ས་ཧཱ་ས་ཡ་ཏྲ་ས་ཡ་བུདྡྷཱ་ས་ཏྱེ་ན་དྷརྨ་ས་ཏྱེ་ན་སཾ་གྷ་ས་ཏྱེ་ན་སཏྱ་བཱ་དི་ས་ཏྱེ་ན་བུདྡྷཱ་དྷརྨ་སཾ་གྷ་ས་ཏྱེ་མཱ་ཏི་ཀྲ་མ་ཐ་སཏྱ་བཱ་དི་སཏྱ་མཱ་ཏི་ཀྲ་
མ་ཐ། ལཾ་བོ་དྷ་རི་ཀུ་ཌ་ཀུ་ཌ་ཀུ་ཌཱ་ཥཱ་ཡ། རུ་དྲ་མ་ན་ཡ་བིཥྞུ་མཱ་ན་ཡ་ཙནྡྲ་སཱུརྱ་མ་ན་ཏྲཻ་ལོ་ཀྱཱ་དྷི་པ་ཏི་མ་ན་ཡ། སརྦ་ཡཀྵ་རཀྵ་ས་ཀུཾ་བྷཎྜ་མ་ཧོ་ར་གཱ་དཱི་ནཾ་མ་ན་ཡ། ཨི་མཾསྠཱ་ན་རཀྵ་རཀྵ་རཀྵ་པ་ཡ་ར་ཀྵ་པ་ཡ། ཙུ་ལུ་ཙུ་ལུ་པུཥྤ་མཱ་ལི་ནེ་རུནྡྷ་རུནྡྷ། ཛྷ་ནི་ཛྷ་ནི་ཛྷ་ཌི་ཛྷ་ཌི། ཙི་བི་ཙི་བི་བྷྲི་ཀུ་
ཊི་མུ་ཁི་པ་ར་སཻ་ནྱཾ་ཀུ་ལོཙྪ་ད་ན་ཀ་རི་ཧ། ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། དྷྭཾ་ས་དྷྭཾ་ས་ཧི་རི་ཎ་མ་ཏེ་ཛཾ་བུདྡྷཱ་བ་ལོ་ཀི་ཏེ་རཀྵ་རཀྵ་ཨི་མཾསྠཱ་ནཾ་སརྦ་ཏ་ཐཱ་ག་ཏཱ་བ་ལོ་ཀི་ཏེ་སྭཱ་ཧཱ། ཡོན་ཏན་གྱི་རྒྱལ་པོ་འོད་ཟེར་མཆོག་གི་རྒྱལ་པོ་ལ་སྭཱ་ཧཱ། ཟླ་བ་དང་ཉི་མ་དྲི་མ་མེད་པ་ལ་སྭཱ་ཧཱ། གཟའ་
Vol. 62 · folio 354a
དང་རྒྱུ་སྐར་ཐམས་ཅད་ཀྱི་འོད་མོག་མོག་པོར་མཛད་པ་ལ་སྭཱ་ཧཱ། གནས་འདི་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། འདིས་དེ་བཞིན་དུ་ཡོངས་སུ་གྲགས་པ་དང་། ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པ་ལ་སྭཱ་ཧཱ། འདིས་
ལན་བདུན་དུ་ཡོངས་སུ་བཟླས་པར་བྱའོ། །ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེ་བཞིན་ཉིད་ཀྱི་གཡས་ལོགས་ན་གནས་པའི་རྒྱལ་མཚན་ལ་ཨོཾ་ཛྙཱ་ནཱ་པ་ཏེ་ཏཱ་ར་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཏུ་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དེ་བཞིན་
ཉིད་དུ་དེའི་ལྷོ་ཕྱོགས་ན་གནས་པ་ལ་ཨོཾ་ཛྙཱ་ན་པདྨོ་ཀོ་ཤེ་སརྦ་དུཥྚ་བི་ནཱ་ཡཱ་ཀཱ་ན་མཱ་ར་ཡ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེ་ཉིད་ཀྱི་གཡོན་ལོགས་ཀྱི་རྒྱལ་མཚན་ལ་ཨོཾ་ཛྙཱ་ན་པདྨ་ཙཀྲེ་ཧཱུཾ། འདིས་ལན་ཉི་ཤུ་
རྩ་གཅིག་ཏུ་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་གནས་པ་ལ་ཨོཾ་ཛྙཱ་ན་བྷཱ་ཥེ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་བྱང་གི་ཁང་མིག་སྟེང་གི་
དབུས་ན་གནས་པའི་རྒྱལ་མཚན་ལ། ཨོཾ་བོ་དྷི་བོ་དྷི། སརྦ་ཏ་ཐཱ་ག་ཏཱ་གོ་ཙ་རེ། དྷར་དྷ་ར། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར། མ་ཧཱ་བོ་དྷི་རཏྣ་དྷ་ར། ཙུ་ལུ་ཙུ་ལུ། རསྨི་སཉྩོ་དཱི་ཏེ། སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་གུ་ཎ་ག་ག་ནེ་ཤུདྡྷ་གུ་ནཱ་བཱ་བྷཱ་ཥེ། མི་ལི་མི་ལི་ག་ག་ན་ཏ་ལ་པྲ་ཏིཥྛི་ཏེ།
ཤ་མ་ཤ་མ། པྲ་ཤ་མ་པྲ་ཤ་མ། སརྦ་ཀ་བཱ་ར་མུཏྟཱ་རྱཱ་དྷི་ཏིཥྛ་ཏེ། ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་དེའི་གཡས་ལོགས་ན་གནས་པའི་རྒྱལ་མཚན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་རཏྣ་མཱ་ལཱ་བྷི་ཥེ་ཀ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ལ་ལྷག་མ་སྔོན་
མ་བཞིན་དུའོ། །དེ་བཞིན་དུ་དེའི་གཡས་ལོགས་ན་གནས་པའི་རྒྱལ་མཚན་ལ། ཨོཾ་རཏྣ་སཱུརྱ་མ་ཎི་ཨ་ཝ་བྷཱ་ཥ་ཡ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཏུ་ཡོངས་སུ་བཟླས་ལ་ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་ཀྱི་རྒྱལ་མཚན་ལ། ཨོཾ་ཙིནྟ་
Vol. 62 · folio 354b
མ་ཎི་རཏྣ་དྷྭ་ཛ་སརྦཱ་ས་པ་རི་པཱུ་ར་ཎི་ཨཱ་ཀཱ་ཤ་གརྦྷ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་རཏྣ་ཨཊྚ་ཧཱ་ས་ཧ་མོ་ཧ་ཡ། སརྦ་སཏྭཱ་ན་ཧཱུཾ། འདིས་ལན་ཉི་
ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་ནུབ་ཕྱོགས་ཀྱི་ཁ་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་ན་མོ་བྷ་ག་བ་ཏེ་ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏ་ཡཱརྷ་ཏེ། སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏེ། ཨ་མི་
ཏོཏྦྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ་གཱ་མི་ནི་ཨ་མི་ཏཱ་ཡུརྡ་དེ། དྷརྨ་དྷཱ་ཏུ་ཛྙཱ་ན་ག་ག་ནོ་པཱ་ཡ་པྲ་ཤ་མ་ནེ། སརྦ་པཱ་པ་བི་ཤོ་དྷ་ནི་ཧུ་ལུ་ཧུ་ལུ་མ་ཧཱ་བོ་དྷཱི་མརྒ་སཾ་པྲ་ཏི་ཏེ། སརྦ་ཏ་ཐཱ་ག་ཏཱ་མུ་དྲེ་སྭཱ་ཧཱ། འདིས་ལན་བདུན་མངོན་པར་བསྔགས་ནས་ལྷག་མ་རྣམས་ནི་སྔོན་མ་
བཞིན་དུའོ། །དེ་བཞིན་དུ་དེའི་གཡས་ཕྱོགས་ལོགས་ན་གནས་པའི་རྒྱལ་མཚན་ལ། ཨོཾ་ཛྙཱ་ན་མ་ཎི་ནྲྀ་ཏྱ་པཱུ་ཛ་ས་མ་ཡ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་བཞིན་དུའོ། །དེ་བཞིན་དུ་དེའི་གཡས་ལོགས་ན་གནས་པ་ལ། ཨོཾ་ཛྙཱ་ན་
མ་ཎི་ཨི་དཾ་སྠཱ་ནཾ་རཀྵ་རཀྵ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་མ་བཞིན་དུའོ། །དེ་བཞིན་དུ་དེའི་གཡོན་ལོགས་ལ་གནས་པ་ལ། ཨོཾ་ཛྙཱ་ན་མ་ཎི་ཡཀྵ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་
བཞིན་དུའོ། །དེ་བཞིན་དུ་དེའི་གཡོན་ལོགས་ལ་གནས་པ་ལ། ཨོཾ་ཛྙཱ་ན་མ་ཎི་ཡཀྵ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་རྣམས་ནི་སྔོན་བཞིན་དུའོ། །དེ་བཞིན་དུ་དེའི་གཡོན་དུ་གནས་པ་ལ། ཨོཾ་ཛྙཱ་ན་མ་ཎི་མུཥྚི་བཾ། འདིས་ལན་ཉི་ཤུ་
རྩ་གཅིག་ཡོངས་སུ་བཟླས་ནས་ལྷག་མ་ནི་སྔོན་མ་བཞིན་དུའོ། །དེ་ནས་མེའི་མཚམས་ནས་ནུབ་ཏུ་གདོང་མངོན་པར་ཕྱོགས་པའི་ཁང་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་སརྦཱ་རྠ་སིདྡྷ་པྲ་ད་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་
Vol. 62 · folio 355a
བཞིན་དུའོ། །དེ་བཞིན་དུ་དེའི་གཡས་ལོགས་ན་གནས་པ་ལ། ཨོཾ་མ་ཎི་ནཱ་ག་བི་ཥ་ཀུ་རུ་སརྦ་སཏྭཱ་ནཱ་ཀཱ་ཤ་གརྦྷ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་གནས་པ་ལ། ཨོཾ་རཏྣ་ཏུཥྚི་
པྲཧླ་ད་ཡཱ་ཀཱ་ཤ་གརྦྷ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་ནི་སྔོན་མ་བཞིན་ནོ། །དེ་བཞིན་དུ་བྱང་དུ་གདོང་མངོན་པར་ཕྱོགས་པའི་ཁང་མིག་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་ཛྙཱ་ན་པདྨ་བུདྡྷཱ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་
སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡས་ལོགས་སུ་གནས་པ་ལ། ཨོཾ་ཛྙཱ་ན་བུདྡྷཱ་མུ་ཀུ་ཊ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་དུ་གནས་པ་ལ། ཨོཾ་ཛྙཱ་ན་པདྨ་བཛྲ་དྷ་ར་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་
བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་བདེན་བྲལ་གྱི་མཚམས་ནས་གདོང་བྱང་དུ་མངོན་པར་ཕྱོགས་པའི་ཁང་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་མ་ཧཱ་པྲ་ཙཎྜ་གྷཱ་གྷཱ་ཏཱ་ན་སརྦ་བ་ནི་པདྨ་དཾ་ཥྚཱ་ཀ་རཱ་ལ་ཀརྨྨ་ཀ་རི་ཧཱུཾ། འདིས་ལན་ཉི་ཤུ་
རྩ་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡས་ལོགས་སུ་གནས་པ་ལ། ཨོཾ་བཛྲ་རཏྣོཏྟ་མ་ཛྭཱ་ལ་ཡ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་གནས་པ་ལ། ཨོཾ་ཛྙཱ་ན་བུདྡྷ་ཧཱུཾ།
འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེའི་ཤར་དུ་གདོང་མངོན་པར་ཕྱོགས་པའི་ཁང་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་པདྨོ་ཏྟྲ་མཱ་བི་ཤ་ཧྲཱིཿའདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་
དུ་དེའི་གཡས་ལོགས་སུ་གནས་པ་ལ། ཨོཾ་པདྨ་ཛྙཱ་ན་ཧྲི་ད་ཡཱ་བི་ཥ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་ན་གནས་པ་ལ། ཨོཾ་པདྨ་ཛྙཱ་ནཱ་བྷི་ཥེ་ཀ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་
Vol. 62 · folio 355b
ནོ། །དེ་བཞིན་དུ་རླུང་གི་མཚམས་དང་ཤར་དུ་གདོང་མངོན་པར་ཕྱོགས་པའི་ཁང་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་ཛྙཱ་ན་དྷྱརྨེ་ཤྭ་ར་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡས་ལོགས་ན་གནས་པ་
ལ། ཨོཾ་པདྨོ་ཥྞི་བི་ཥ་ཧོཿའདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་གནས་པ་ལ། ཨོཾ་པདྨ་མ་ཀུ་ཊཱ་བྷི་ཥེ་ཀ་ས་མ་ཡ་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་
ལྷོར་གདོང་མངོན་པར་ཕྱོགས་པའི་ཁང་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་ཛྙཱ་ནཱ་མོ་གྷེ་ཤྭ་ར་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་ན་གནས་པ་ལ། ཨོཾ་རཏྣ་བཪྵ་ཡ་ཧཱུཾ། འདིས་ལན་ཉི་ཤུ་
རྩ་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་ན་གནས་པ་ལ། ཨོཾ་མ་ཎི་ཀ་བ་ཙ་བནྡྷ་ཡ་ཧཱུཾ། འདིས་ལན་ཉེར་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དབང་ལྡན་གྱི་མཚམས་ཀྱི་ལྷོར་གདོང་མངོན་པར་ཕྱོགས་པའི་ཁང་
མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་ཛྙཱ་ན་བི་ཤྭེ་ཤྭ་ར་ཧཱུཾ། འདིས་ལན་ཉེར་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡས་ལོགས་སུ་གནས་པ་ལ། ཨོཾ་མ་ནི་ཀརྨོཏྟ་མ་བཛྲ་རསྨ་ཡ་མ་ནུ་སྨ་ར་སརྦ་བུདྡྷ་ནཱ་ཀཪྵ་ཡ་པྲ་བེ་ཤ་ཡ་གྲ་
ཧ་ཡ་སརྦ་ཀརྨཱ་ཎི་ཀུ་རུ་སྭཱ་ཧཱ། འདིས་ལན་ཉེར་གཅིག་བཟླས་ནས་ལྷག་མ་སྔོན་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་གནས་པ་ལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་ཨ་བ་ལོ་ཀི་ཏ་མུརྡྷ་ནི་ཧཱུཾ། ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ །བིི་དྷ་ར་བི་དྷ་ར། ཙྪིནྡ་ཙྪིནྡ། བྷིནྡྷ་བིནྡྷ། ཧཱུཾ་ཧཱུཾ་
ཕཊ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་ནུབ་ཏུ་གདོང་མངོན་པར་ཕྱོགས་པའི་ཁང་མིག་གི་སྟེང་གི་དབུས་སུ་གནས་པའི་རྒྱལ་མཚན་ལ། ཨོཾ་བཛྲོ་ཥྞཱི་ཥ་ཧཱུཾ་ཕཊ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་མ་བཞིན་ནོ། །
Vol. 62 · folio 356a
དེ་བཞིན་དུ་དེའི་གཡས་ལོགས་སུ་གནས་པ་ལ། ཨོཾ་མ་ཎི་ཙིནྟཱ་ཀཱ་ཤ་གརྦྷ་སིདྡྷྱ་སིདྡྷྱ་བྷ་ག་བཱན་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ལྷག་མ་སྔོན་མ་བཞིན་ནོ། །དེ་བཞིན་དུ་དེའི་གཡོན་ལོགས་སུ་གནས་པ་ལ། ཨོཾ་རཏྣ་ཀུ་རཱ་ཀཪྵ་ཡ་སརྦཱ་ན། ཨཱ་ན་
ཡ་ཨཱ་ན་ཡ་ཤཱི་གྷྲཾ་ཏ་ཐཱ་ག་ཏ་སཏྱ་མ་ནུསྨ་ར་ཧཱུཾ། འདིས་ལན་ཉི་ཤུ་རྩ་གཅིག་མངོན་པར་ཡོངས་སུ་བཟླས་ན་ལྷག་མ་རྣམས་སྔོན་མ་ཇི་ལྟ་བ་བཞིན་དུ་བྱའོ། །དྲི་གཙང་ཁང་དང་ཁང་མིག་དང་འདུ་ཁང་རྣམས་ཀྱི་ཤར་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱི་སྔགས་ལན་ཉི་ཤུ་རྩ་
གཅིག་བཟླས་སོ། །ལྷོ་རུ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་ལན་ཉི་ཤུ་རྩ་གཅིག་བཟླས་སོ། །ནུབ་ཏུ་འོད་དཔག་མེད་ཀྱི་གཟུངས་ཀྱི་སྔགས་ལན་བདུན་བཟླས་སོ། །བྱང་དུ་རྡོ་རྗེ་སྙིང་པོ་རྒྱན་གྱི་གཟུངས་ཀྱི་སྔགས་ལན་བདུན་གྱིས་ལྷག་པར་གནས་པར་བྱའོ། །ཨོཾ་
སརྦ་ཏ་ཐཱ་ག་ཏ་མ་ཎི་ཤཏ་དཱི་པྟེ་ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། འདིས་དབུས་མ་ལན་བདུན་དུ་ལྷག་པར་གནས་པར་བྱས། ཡེ་དྷརྨཱ་ལ་སོགས་པའི་ཚིགས་སུ་བཅད་པས་རབ་ཏུ་གནས་པར་བྱའོ། །དེ་ནས་གསེར་ལ་སོགས་པ་ལས་གྲུབ་པའི་གདུགས་ལ་ཨ་ཡིག་
ལས་བྱུང་བ་ཨ་ཝ་དྷཱུ་ཏཱིའི་རང་བཞིན་གྱི་དབྱུག་པའོ། །ཧཱུཾ་ལས་བྱུང་བའི་རྩ་སུམ་ཅུ་སོ་གཉིས་འཆང་བའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་མཚན་མ་ཉོན་མོངས་པ་དང་སྡིག་པ་ཐམས་ཅད་འཇོམས་པའི་དམ་ཚིག་
སེམས་དཔའ་རྣམ་པར་བསྒོམས་ལ། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱིས་གདན་དྲངས་ནས་དེའི་ནང་དུ་བསྒོམ་སྟེ། བུམ་པའི་ཆུས་དབང་བསྐུར་ཞིང་མཆོད་ནས། ཨོཾ་ན་མཿསརྦ་བུདྡྷཱ་བོ་དྷི་སཏྭཱ་ནཱཾ་ཨཱ་ཙནྡྲ་ཙྪ་ཏྲ་བ་ལི་སྭཱ་ཧཱ། འདིས་
ལན་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་པར་བྱས་ལ་གདུགས་རབ་ཏུ་གནས་པར་བྱའོ། །དེ་བཞིན་དུ་ཨོཾ་ཡིག་ལས་བྱུང་བའི་གསེར་ལས་བྱས་པའི་དབྱུག་པ་ཤིན་ཏུ་མཛེས་པ་ལ་བཀྲ་ཤིས་པའི་རང་བཞིན་སྟོན་ཀའི་ཟླ་བའི་འོད་ལྟར་དཀར་བར་རྔ་ཡབ་རྣམ་པར་བསམས་
Vol. 62 · folio 356b
ལ་དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ལ་དམ་ཚིག་སེམས་དཔའི་ནང་དུ་བསྒོམ་མོ། །བུམ་པའི་ཆུས་དབང་བསྐུར་ལ་ཡང་དག་པར་མཆོད་ནས། ཨོཾ་ཙཱུ་རུ་ཙ་མ་རི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་ལྷག་པར་
གནས་པར་བྱའོ་ཞེས་པ་ནི་རྔ་ཡབ་རབ་ཏུ་གནས་པའོ། །དེ་བཞིན་དུ་སིཾ་ཡིག་ལས་སྐྱེས་པའི་སེང་གེ་དང་ཨ་ཡིག་ལས་བསྐྱེད་པའི་གཞན་གྱིས་མི་ཐུབ་པ་དང་། ཀ་ཡིག་ལས་བསྐྱེད་པའི་རིན་པོ་ཆེའི་བུམ་པ་དང་། མ་ཡིག་ལས་བསྐྱེད་པའི་ཉ་དང་རྨ་བྱ་དང་
རི་དགས་དང་ཆུ་སྲིན་ལ་སོགས་པ་དང་། ག་ཡིག་ལས་བསྐྱེད་པའི་ནམ་མཁའ་ལྡིང་དང་། པཾ་ཡིག་ལས་བསྐྱེད་པའི་པདྨ་དང་། ཨཱ་ཡིག་ལས་བསྐྱེད་པའི་མེ་ལོང་དང་། ཨ་ཡིག་ལས་བསྐྱེད་པའི་སྣ་ཚོགས་རྡོ་རྗེ་དང་། ཁྱུ་མཆོག་དང་ཧཱུཾ་ཡིག་ལས་བསྐྱེད་པའི་རྡོ་རྗེ་
དང་། ཏྲཾ་ཡིག་ལས་བསྐྱེད་པའི་རིན་པོ་ཆེ་དང་། ཧཾ་ཡིག་ལས་བསྐྱེད་པའི་ངང་པ་ལ་སོགས་པས་མཚན་པའི་དམ་ཚིག་སེམས་དཔར་བསྒོམས་ལ། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ལ་དམ་ཚིག་སེམས་དཔའི་ནང་དུ་
བསྒོམ་མོ། །བུམ་པའི་ཆུས་དབང་བསྐུར་ལ་ཡང་དག་པར་མཆོད་ནས། ཨོཾ་ཨཱཿབཛྲ་དྷྭ་ཛ་བ་ཏི་ཛ་ཡོཏྟ་རི་སྭཱ་ཧཱ། འདིས་ལན་བརྒྱ་རྩ་བརྒྱད་ལྷག་པར་གནས་པར་བྱའོ་ཞེས་པ་ནི་རྒྱལ་མཚན་གྱི་རབ་ཏུ་གནས་པའོ།། །།དེ་བཞིན་དུ་པཾ་ཡིག་ལས་བསྐྱེད་པའི་
རབ་ཏུ་གསལ་བར་བྱེད་པའི་རབ་ཏུ་ཚ་བར་སྐྱེས་པའི་བ་དན་དམ་ཚིག་སེམས་དཔའི་སྐུར་བསྒོམས་ལ། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ལ་དམ་ཚིག་སེམས་དཔའི་ནང་དུ་བསྒོམས་ནས་བུམ་པའི་ཆུས་
བསངས་ལ་ཡང་དག་པར་མཆོད་ནས། ཨོཾ་ཨཱཿབཛྲ་ཀེ་ཏུ་བཛྲ་པ་ཏཱ་ཀེ་ཨ་དྷི་ཏིཥྛ་པཾ་སྭཱ་ཧཱ། འདིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །འདི་ནི་བ་དན་རབ་ཏུ་གནས་བའོ།། །།དེ་ནས་དཀྱིལ་འཁོར་པ་དང་ལྷའི་གནས་ཀྱི་བདག་པོ་རྣམས་དང་འཇིག་
Vol. 62 · folio 357a
རྟེན་སྐྱོང་བ་དང་ལྟད་མོ་པའི་སྐྱེ་བོ་རྣམས་དང་བཟོ་བོ་དང་། སློབ་དཔོན་དང་ཆོས་སྒྲོགས་པ་ལ་སོགས་པའི་སྐྱེ་བོ་རྣམས་ཇི་ལྟར་འོས་པའི་མཆོད་པས་མཆོད་ནས་སྔོན་དུ་གསུངས་པའི་ཆོ་གས་གཏོར་མ་ཆེན་པོ་ཡང་དབུལ་བར་བྱའོ། །གང་དུ་
གྲོང་དང་གྲོང་ཁྱེར་དང་གཙུག་ལག་ཁང་ལ་སོགས་པ་རྣམས་སུ་མཆོད་རྟེན་དང་སྐུ་གཟུགས་དང་། རྒྱལ་མཚན་ལ་སོགས་པ་རྣམས་རྙིངས་པ་དང་གས་པ་དང་མེས་ཚིག་པ་དང་ཞིག་པ་ལ་སོགས་པ་ལ་ལྷ་རྣམས་གནས་པ་དེ་ལ་གནས་པའི་སེམས་ཅན་རྣམས་ཀྱི་ཡུལ་ཞིག་
ནས་ནགས་སུ་གྱུར་བ་དང་། འཁྲུག་པ་དང་མུ་གེ་དང་། སྐྱེ་བོས་སྟོངས་པ་ལ་སོགས་པའི་ཉེས་པ་རྣམས་འབྱུང་བར་འགྱུར་བའི་ཕྱིར་ན། ཞིག་པ་རྣམས་ཆོ་གས་གསོ་བར་བྱའོ། །དེ་ལ་སློབ་དཔོན་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་པས་མཆོད་ཡོན་
དང་མེ་ཏོག་དང་། བདུག་སྤོས་དང་། དྲི་དང་མར་མེ་དང་། ཞལ་ཟས་ལ་སོགས་པས་ཡང་དག་པར་མཆོད་ནས་འདིས་གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་རྡོ་རྗེ་ཆེ་གེ་མཆོག །རིག་པའི་རྒྱལ་པོ་ཁྱེད་ལ་འདུད། །མགོན་པོ་ལེགས་པར་བྱ་བའི་ཕྱིར། །ཞིག་
ལས་གསོ་བར་བདག་གིས་བགྱི། །སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །ཁྱེད་རྣམས་ལ་ནི་མཆོད་པར་བགྱི། །ཡེ་ཤེས་བདུད་རྩིའི་རང་བཞིན་གྱི། །བུམ་པའི་ནང་དུ་རབ་ཏུ་གཞུག །ཅེས་པས་སོ། །དེ་ནས་རང་ཉིད་ཀྱི་སྐུ་ལ་དེའི་སྙིང་གའི་ས་བོན་བལྟས་ལ་ལག་
པ་གཡོན་པས་བགྲང་ཕྲེང་འཛིན་ཞིང་དེ་དང་བཅིངས་པའི་སྐུད་པ་སྣ་ལྔ་རྡོ་རྗེ་དང་བཅས་པ་ལག་པ་གཡས་པས་བཟུང་ནས་རང་རང་གི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ལ་ཧོཿཡིག་གཉིས་ཀྱི་བར་དུ་ས་བོན་བུམ་པ་ལ་རབ་ཏུ་གཞུག་པར་བྱའོ། །དེ་
ནས་སྔོན་དུ་གསུངས་པའི་རིམ་པས་སྦྱིན་སྲེག་བྱས་ནས་ཁྱུ་མཆོག་ཐག་པས་བཏགས་ནས་སྣོད་ལ་སོགས་པ་རྣམས་ཀྱིས་བསྐྱོད་པར་བྱའོ། །དེ་ནས་དེ་ལ་བུམ་པ་ནི་གནས་དབེན་པར་བཞུགས་ལ་རྟག་ཏུ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་
Vol. 62 · folio 357b
བྱའོ། །གང་ཞིག་མཆོད་རྟེན་ལ་སོགས་པ་རྡོ་རྗེའི་རང་བཞིན་ཆག་པ་དང་གས་པ་དང་ཞིག་པ་མང་པོར་གྱུར་པ་དེ་རྣམས་གཙང་པོའི་ཆུ་ཆེན་པོ་ལ་ཟམ་པ་ལ་སོགས་པ་ནས་གཤེགས་པར་བྱའོ། །གང་དང་གང་ཞིག་སའི་རང་བཞིན་གྱི་མཆོད་རྟེན་ལ་སོགས་པ་གང་གིས་མངོན་
པར་འདུས་བྱས་པ་རྣམས་སླར་ཡང་སྦྱར་བར་མི་བྱ་བར་དེ་ལ་དེ་ཉིད་དུ་གཤེགས་པར་བྱའོ། །གང་དུ་གང་ཤིང་གི་རང་བཞིན་རྙིངས་པ་རྣམས་དེ་དང་དེ་མར་གྱིས་བརླན་པའི་གོས་ཀྱིས་ཡོངས་སུ་དཀྲིས་ལ་སྦྱིན་སྲེག་གི་མེ་ལ་བསྲེག་པར་བྱའོ། །གང་དུ་དེ་ཟངས་མ་ལ་
སོགས་པའི་རང་བཞིན་དེ་ཡོངས་སུ་བཞུ་ནས་སྔོན་མའི་ཚད་པས་མ་ཆད་པར་བྱའོ། །དེ་ནས་མཆོད་རྟེན་ལ་སོགས་པ་ཡོངས་སུ་གྲུབ་ནས་མཆོད་ཡོན་ལ་སོགས་པའི་མཆོད་པ་སྔོན་དུ་འགྲོ་བས་སྔོན་དུ་གནས་པའི་བུམ་པ་ལ་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོ་ཡེ་ཤེས་སེམས་
དཔའ་གདན་དྲངས་ནས་མཆོད་རྟེན་ལ་སོགས་པའི་དམ་ཚིག་སེམས་དཔའ་ནང་དུ་བསྒོམ་པར་བྱའོ། །དེ་ནས་བུམ་པའི་ཆུས་མངོན་པར་དབང་བསྐུར་ལ་རང་གི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་ཀྱིས་ལྷག་པར་གནས་པར་བྱས་ནས་སྔོན་དུ་གསུངས་པའི་རིམ་པས་མེའི་མཆོད་
པ་དང་རབ་ཏུ་གནས་པར་བྱའོ་ཞེས་པ་ནི་ཞིག་པ་གསོ་བའི་ཆོ་གའོ།། །།ད་ནི་དཀྱིལ་འཁོར་གཤེགས་སུ་གསོལ་བ་བརྗོད་པར་བྱ་སྟེ། དེ་ལ་སློབ་མ་རྣམས་ལ་མེའི་ལྷ་དང་། འཇིག་རྟེན་སྐྱོང་བ་དང་། འཕགས་པའི་བཟོ་བོ་དང་། ཆོས་སྒྲོགས་པ་ལ་སོགས་པ་རྣམས་
མཆོད་པར་བྱ་ཞིང་ལྟད་མོ་བ་རྣམས་སོ་རྩི་ལ་སོགས་པས་ཚིམ་པར་བྱ་ཞིང་། སློབ་མའི་ཞི་བ་དང་། རྒྱས་པ་རྣམ་པར་འཕེལ་བར་བྱ་བའི་ཕྱིར་མཐེ་བོང་གཡས་པ་ལག་པ་གཡོན་པས་བཟུང་ནས་རྫས་སོ་སོའི་དགང་བླུགས་ལན་གསུམ་མམ་བདུན་དུ་དབུལ་བར་བྱ་ཞིང་དབུལ་དུ་
གཞུག་གོ། །དེ་ནས་དཱུཪྺའི་ཀུནྡ་དང་། འབྲས་མ་ཉམས་པ་དང་། མར་མེ་ལ་སོགས་པ་ཕུལ་ནས་ཡོངས་སུ་གང་བའི་དགང་བླུགས་གསུམ་མམ་ལན་བདུན་གྱི་བར་དུ་ཕུལ་ནས་བཟོད་པ་གསོལ་བར་བྱའོ། །སྦྱིན་བདག་གི་ཚོགས་རྣམས་ལ་བུམ་པའི་ཆུས་དབང་བསྐུར་
Vol. 62 · folio 358a
ནས་ཤིས་པ་བརྗོད་པར་བྱའོ། །དེ་ནས་ལེགས་པར་བཀྲུས་པའི་སྣོད་དུ་སྦྱིན་སྲེག་གི་མར་གྱི་ལྷག་མ་སྦྲང་དང་། འོ་མ་དང་། ཕྱིའི་བུ་རམ་དང་། ཀ་ར་ལ་སོགས་པ་རྣམས་ཀྱིས་བསྲེས་ལ་བདུད་རྩི་རབ་ཏུ་བསྒྲུབ་པར་བྱ་སྟེ། །རང་གི་ལྷ་རྣམས་
ཀྱི་སྔགས་ཀྱིས་རབ་ཏུ་བསྒྲུབ་པར་བྱའོ། །ཕུད་ཀྱི་ཆ་གསེར་ལ་སོགས་པའི་སྣོད་དུ་བཞག་ལ། ཨོཾ་དི་བྱཱ་ནྣཾ་ས་མཱ་དྷི་པྲཱི་ཎ་ནེ་སྭཱ་ཧཱ། སྔགས་འདིས་ལྷ་ལ་སོགས་པ་རྣམས་ལ་དབུལ་བར་བྱའོ། །སྔོན་དུ་གསུངས་པའི་ཆོ་གས་ཕྱོགས་ཀྱི་གཏོར་མ་ཆེན་པོ་ཡང་
ཕུལ་ནས་དགེ་བ་ཡོངས་སུ་བསྔོ་བ་དང་། དཀྱིལ་འཁོར་གྱི་འཁོར་ལོ་བསྐོར་བ་གསུམ་བྱས་ལ་བཅོམ་ལྡན་འདས་ལ་མངོན་པར་ཕྱོགས་པར་གནས་ཏེ་ཡི་གེ་བརྒྱ་པ་ལན་གསུམ་དུ་བརྗོད་པས་བཟོད་པ་གསོལ་བར་བྱའོ། །རྫོགས་སངས་རྒྱས་དང་ལྷ་རྣམས་
དང་། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་བ་ཐེག་འབྱུང་རྣམས། །ཆོ་གའི་བྱ་རྣམས་བཟོད་པར་མཛོད། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླང་ཡང་འབྱོན་པ་ཉིད་དུ་ཞུ། །ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པ་འདིས་ཡེ་
ཤེས་ཀྱི་འཁོར་ལོ་གཤེགས་ནས་སྤྲུལ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཀྱི་ནང་དུ་བསྒོམ་མོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་མུཿཞེས་བརྗོད་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ལྷག་པར་མོས་པར་བྱས་ནས་དྲིལ་
བུ་དཀྲོལ་ཞིང་རྡོ་རྗེ་དང་བཅས་པའི་ལག་པས་ཚངས་པའི་ཐིག་གི་ལམ་གྱིས་གཙོ་བོའི་གནས་སུ་དབྱི་བར་བྱའོ། །སྦྱིན་བདག་གི་སྤྱི་བོར་རྡུལ་ཚོན་གྱི་ཕྱེ་མ་ཅུང་ཟད་ཙམ་བྱིན་ནས་པདྨ་ལ་སོགས་པ་ཡང་དབྱི་བར་བྱའོ། །དེ་ནས་སྒོ་རྣམས་དང་ཟུར་རྣམས་ཀྱང་ལག་
པ་ལ་གནས་པའི་རྡོ་རྗེས་ཉེ་བར་བཤིག་པར་བྱའོ། །དེའི་རྗེས་ལ་རྡོ་རྗེ་ལ་འཁྱུད་པའི་མཐེ་བོ་གཉིས་དང་རབ་ཏུ་ཞུགས་པའི་མཛུབ་མོ་གཉིས་ཀྱི་སྐམ་པས་འཁྱིལ་པའི་རྣམ་པར་བྱས་ཏེ་ཕུར་བུའི་རྩེ་མོར་དེ་ཉིད་ཀྱི་སྔགས་བརྗོད་ནས་ཕུར་བུ་རྣམས་གདོན་པར་
Vol. 62 · folio 358b
བྱའོ། །སྔགས་ནི་ཨོཾ་བཛྲ་ཀཱི་ལཱི་ཀཱི་ལཱ་ཡ་སརྦ་ཀཱི་ལཱན་བཛྲ་དྷ་རཱ་ཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཧོ། །དེ་ནས་ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦཱརྠ་སཱ་དྷ་ནི་སྭཱ་ཧཱ། འདིས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་འོ་མས་བཀྲུ་བར་བྱའོ། །ཕུར་བུའི་ལྷ་རྣམས་གཤེགས་ནས་དེང་རྣམས་དགང་བར་བྱའོ། ཞིང་
ལ་སོགས་པའི་དོན་དུ་སློང་བ་རྣམས་ལ་རྡུལ་ཚོན་ཅུང་ཟད་སྦྱིན་པར་བྱའོ། །རྡུལ་ཚོན་གཞན་ཐམས་ཅད་ནི་བུམ་པའི་ནང་དུ་བླུགས་ཏེ་བཟུང་ནས། གླང་པོ་ཆེའི་སྟེང་མ་འདོ་ལི་ལ་སྦྱིན་བདག་གིས་བྱིན་པའི་གོས་ཀྱིས་བརྒྱན་པའི་རྣལ་འབྱོར་མས་བཟུང་སྟེ། གདུགས་དང་བ་དན་
དང་རོལ་མོ་ལ་སོགས་པས་གདན་དྲངས་ནས་བའི་ལྕི་བས་བྱུགས་ཏེ་གཙང་པོ་ཆེན་པོའི་འགྲམ་དུ་འདུག་ནས་རྡུལ་ཚོན་དཀར་པོས་པདྨ་འདབ་མ་བརྒྱད་པ་བྲིས་ལ་པདྨའི་ཟེ་འབྲུ་ལ་ཨོཾ་ཨཱཿབ་རུ་ཎཱ་ཡ་ཧཱུཾ་སྭཱ་ཧཱ། ཤར་ལ་སོགས་པའི་པདྨའི་འདབ་མ་རྣམས་ལ། ཨོཾ་ཨཱཿཨཱ་ནནྡ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿ
པདྨཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཏཀྵ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབ་སུ་ཀི་ནེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿམ་ཧཱ་པདྨཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཤཾ་ཁ་པཱ་ལཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཀརྐོ་ཊཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཀུ་ལི་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་པ་འདིས་ཀླུ་རྣམས་བཀོད་ལ་ཡང་དག་པར་མཆོད་ནས། ཨོཾ་ཨཱ་ནནྡ་བཱ་སུ་ཀི།
ཏཀྵ་ཀ་ཀརྐྐོ་ཊ། པདྨ་མ་ཧཱ་པདྨ། ཤཾ་ཁ་པཱ་ལ་ཀུ་ལི་ཀ །བ་རུ་ཎ་ཡ། དེ་བ་ཏི། མ་ཧཱ་དེ་བ་ཏི། སོ་མ་ཤི་ཁཱི་མ་ཧཱ་སོ་མ་ཤི་ཁཱི། དཎྜ་དྷ་ར་མ་ཧཱ་དཎྜ་དྷ་ར་ཨ་བ་ལཱ་ལ། ཧུ་ལུ་ཧུ་ལུ། ནནྡོ་པ་ནནྡ་སཱ་ག་ར་མ་ཧཱ་སཱ་ག་ར། ཨ་ན་བ་ཏཔྟ་མ་ཧཱ་ཏཔྟ། ཤྲཱི་ཀཱནྟ་མ་ཧཱ་ཀཱནྟ་རཏྣ་ཀཱནྟ། སུ་རཱུ་པ་མ་
ཧཱ་སུ་རཱུ་པ། བྷ་དྲཱ་ཧི་ཀ །མ་ཧོ་ར་ག་ཤི་ལིམ་ཧཱ་ཤི་ལི་ཨཱ་གཙྪ་ཨཱ་གཙྪ། མ་ཧཱ་ནཱ་གཱ་དྷི་པ་ཏི་ཡོ་བྷུར་བྷུ་བཿཧཱུཾ་ཕཊ་སྭཱ་ཧཱ། འདིས་ཀླུ་རྣམས་ལ་འོ་མའི་གཏོར་མ་ཕུལ་ནས་མཆོད་པ་བྱས་ནས་ཀླུ་རྣམས་ལ་རྡུལ་ཚོན་རྣམས་ཡང་དག་པར་གཏད་པར་བྱའོ། །ཨོཾ་གཱི་ལི་གཱི་ལི་ཧཱུཾ་ཛཿསྭཱ་ཧཱ། སྔགས་འདིས་རབ་
ཏུ་དོར་བར་བྱའོ། །དེ་ནས་ཀླུ་རྣམས་ཀྱིས་བཀུར་སྟི་ཆེན་པོས་ས་འོག་གི་མཐིལ་དུ་གདན་དྲང་པར་བསམ་པར་བྱའོ། །གང་དུ་རྡུལ་ཚོན་ཁྱེར་བའི་བུམ་པ་ཆུས་ཡོངས་སུ་བཀང་ནས་དེ་བཞིན་དུ་ཁྱེར་བར་བྱས་ནས་དེས་ཞི་བར་བྱ་བའི་དོན་དུ་དཀྱིལ་འཁོར་ཁང་པ་ལ་སོགས་པ་བསང་ཞིང་
Vol. 62 · folio 359a
གཏོར་བར་བྱའོ། །བའི་ལྕི་བས་དཀྱིལ་འཁོར་གྱི་ཁང་པ་བྱུགས་ལ་གཞོན་ནུ་མའི་མཆོད་པ་བྱའོ། །སྦྱིན་བདག་གིས་སློབ་དཔོན་དང་སྒོ་ན་གནས་པའི་སློབ་དཔོན་དང་ལས་ཀྱི་རྡོ་རྗེ་དང་། བཟོ་བོ་རྣམས་ལ་ཇི་ལྟར་འོས་ཤིང་ཇི་ལྟར་ནུས་པའི་གོས་ལ་སོགས་པ་དང་།
སོ་རྩི་ལ་སོགས་པ་རྣམས་ཀྱིས་མཉེས་པར་བྱའོ་ཞེས་པ་ནི་དཀྱིལ་འཁོར་གཤེགས་སུ་གསོལ་བའི་ཆོ་གའོ།། །།དེ་ནས་མཚན་མོའི་དུས་ཀྱི་ཚོགས་ཀྱི་འཁོར་ལོའི་ཆོ་ག་བྲི་བར་བྱ་སྟེ། དེ་ལ་དབང་བསྐུར་ལ་གསུངས་པའི་བརྟུལ་ཞུགས་དང་ལྡན་པ་ཁྱིམ་ན་གནས་པ་དང་རྣལ་འབྱོར་མ་
རྣམས་དང་དམ་ཚིག་ཀུན་ནས་སྤྱོད་ཅིང་ཡོངས་སུ་སྐྱོང་བ་ཅན་ནོ། །སྐལ་བ་ཅན་དེ་རྣམས་ལ་ལས་ཀྱི་རྡོ་རྗེ་ཅན་གྱིས་སོང་ནས་དེ་རྣམས་ཀྱི་མདུན་དུ་མཎྜལ་བྱས་ནས་སྙན་གསན་དབབ་པར་བྱའོ། །ཡེ་ཤེས་སྐུ་ཅན་ཁྱེད་ལ་འདུད། །སྲིད་པ་ལས་སྒྲོལ་ཁྱེད་ལ་འདུད། །དི་རིང་བདག་ཁྱིམ་མཆོད་
དོན་ལ། །བདག་ནི་གསོལ་བ་འདེབས་བགྱིད་དོ། །ཞེས་པ་འདིས་སྙན་གསན་དབབ་པར་བགྱིའོ། །དེ་ནས་བྱོན་པ་ན་དེ་རྣམས་ཀྱི་ཞབས་ལ་དུརྺའི་ཀུནྡ་དང་། འབྲས་མ་ཉམས་པ་དང་ཙནྡན་ལ་སོགས་པའི་མཆོད་ཡོན་དབུལ་བར་བྱ་སྟེ། དེ་ཡང་དྲི་བཟངས་སོ། །ཨུ་ཤཱི་ར་དང་། བ་ལ་
ཀ་དང་། ཙནྡན་དཀར་པོ་དང་། སྤང་སྤོས་དང་། པྲི་ཡང་ཀུ་དང་ཆ་མཉམ་པ་རྣམས་ནི་ཡང་དག་པར་བཏགས་ལ་དེ་རྣམས་ཀྱིས་བསྲེས་པའི་དྲི་མ་མེད་པའི་ཆུས་ཁྲུས་བྱའོ། །རྒན་རིམས་བཞིན་དུ་གོ་རིམས་ཀྱིས་འཇུག་པར་བྱའོ། །ཡོངས་སུ་བརྟགས་པའི་གདན་རྣམས་ལ་འཇུག་པར་
བྱའོ། །འདིར་རྒན་པ་ནི་རིམ་པ་བཞིན་དུ་ལྔ་སྟེ་དབང་གིས་རྒན་པའི་གོ་རིམས་ནི་གཅིག་གོ། །བརྟུལ་ཞུགས་ཀྱིས་རྒན་པའི་གོ་རིམས་ནི་གཉིས་པའོ། །ཡེ་ཤེས་ཀྱིས་རྒན་པའི་གོ་རིམས་ནི་གསུམ་པའོ། །སྐྱེ་བས་རྒན་པའི་གོ་རིམས་ནི་བཞི་པའོ། །རིག་པས་རྒན་པའི་གོ་རིམས་
ནི་ལྔ་པའོ། །རྗེས་སུ་མཐུན་པའི་མེ་ཏོག་དྲི་བཟང་པོས་དྲི་དང་། ཕྲེང་བ་དང་སྣང་གསལ་དང་ལྡེ་གུ་དང་། མཆོད་ཕྱིར་ཐོགས་དང་ཞལ་ཟས་དང་། འབྲས་ཕྱེ་སེར་པོ་དང་གཏོར་མ་དང་སོ་རྩི་ལ་སོགས་པ་མང་པོ་དང་འབྲས་བུ་དང་། ཤིང་ཐོག་དང་ཕྱེ་མ་ལ་སོགས་པ་རྣམས་དང་། སྣ་ཚོགས་
Vol. 62 · folio 359b
པའི་ཆང་དང་། ཤའི་རྣམ་པ་རྣམས་ཡང་དག་པར་བསོགས་ནས། །དེ་ནས་ན་མོ་ནི་ཤཱ་བཻ་ར་བཱ་ཡ་ཙི་རི་ཙི་རི། སི་རི་སི་རི། ཀི་རཱ་ཏ་རུ་སེ་ཎ་ས་ར་པཱ་དཱི་ནཱཾ་ཏུཎྜཾ་བནྡྷཱ་ཡ་ཧཱུཾ་སྭཱ་ཧཱ། སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ཚོགས་པ་འདུས་པའི་གནས་ཀྱི་ཕྱི་རོལ་དུ་མཚམས་བཞིར་
གཏང་བར་བྱའོ། །དེ་ནས་སྔགས་འདིས་གཏོར་མ་དགོད་པར་བྱ་སྟེ། ཨཱཿཡིག་ལས་བྱུང་བའི་རྒྱ་མཚོའི་རང་བཞིན་དུ་གཏོར་མའི་སྣོད་དོ། །དེའི་སྟེང་དུ་ཟས་ནི་ཨོཾ་ཡིག་ལས་བྱུང་བའི་རི་རབ་ཀྱི་རང་བཞིན་ནོ། །ཧཱུཾ་ཡིག་ལས་བྱུང་བའི་རླུང་ལྔའི་རང་བཞིན་གྱི་བ་དན་
ལྔའོ། །སུ་ཡིག་ལས་བྱུང་བའི་ནོར་རྒྱས་ཀྱི་ངོ་བོ་མཆོད་ཕྱིར་ཐོགས་སོ། །ཧཾ་ཡིག་ལས་བྱུང་བའི་མེ་ཏོག་གི་ཕྲེང་བ་སྣ་ཚོགས་པའོ། །རཾ་ཡིག་ལས་བྱུང་བའི་མ་དང་ཊ་ཡིག་དག་གི་མིག་གི་རི་མོ་དག་གོ། །ཨོཾ་ཡིག་ལས་བྱུང་བའི་ཏིལ་ལ་སོགས་པའི་ཕྱེ་མའོ། །ཏྲཾ་ཡིག་ལས་
བྱུང་བའི་རཀྟའོ། །ཧྲཾ་ཡིག་ལས་བྱུང་བའི་ཉའོ། །ཁཾ་ཡིག་ལས་བྱུང་བའི་ཤའོ། །ཧཱུཾ་ཡིག་ལས་བྱུང་བའི་ཁ་དོག་ཐམས་ཅད་པའོ། །དེ་རྣམས་ཁྲག་དང་ཉ་དང་ཤ་དང་མིག་དང་མཆོད་ཕྱིར་ཐོགས་པ་དང་། བ་དན་གྱིས་མཚན་པ་རྣམས་ནི་གོ་རིམས་ཇི་ལྟ་བ་བཞིན་ནོ། །རབ་
ཏུ་འགྲོ་དང་ཆུ་བདག་ཀོ་ལཱའི་རི་དང་། ཨཊྚཱཊྚ་དགོད་རྒྱལ་བར་བྱེད་པ་ཉེ་བར་རྒྱལ་བྱེད་ཙ་རི་ཏྲ་དང་ཀོ་ཙཱི་ཆར་པ་རྣམས་རྒྱུད་ལས་གསུངས་པའི་རིམ་པས་དམ་ཚིག་གི་རི་ལུ་རྣམས་བསྒྲུབས་ནས་ཁར་བཅུག་སྟེ་ཆང་ལྷག་པར་གནས་པ་དང་། ལྕགས་ཀྱུ་ལྷག་པར་གནས་པ་ཡང་བྱའོ། །དེ་
ལ་ཀླུ་རིགས་བརྒྱད་ཀྱི་གཟུགས་ཀྱི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་སུཾ་ལས་གཏོར་མའི་སྣོད་ཀྱི་གདན་ནོ། །དེའི་སྟེང་དུ་བཾ་ཡིག་ལས་བྱུང་བའི་ཆུ་བདག་གི་རང་བཞིན་གྱི་སྣོད་དོ། །དེའི་ནང་དུ་ཧཱུཾ་ཡིག་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་རྣམ་པར་
བསྒོམས་ནས་མེ་ཏོག་གི་ཕྲེང་བ་དང་མཆོད་ཕྱིར་ཐོགས་ཀྱིས་མགུལ་དུ་བརྒྱན་ནས་ཙནྡན་གྱི་ལྡེ་གུ་དང་། གུར་ཀུམ་གྱིས་རྣམ་པར་བྱུགས་ནས་མིག་དང་སིནྡྷུ་རས་རྣམ་པར་བརྒྱན་པར་བྱའོ། །སླར་ཡང་ཆང་དེ་བཞིན་དུ་ལྷག་པར་གནས་པར་བྱའོ། །ཨཱཿཡིག་ལས་བྱུང་བའི་བདུད་
Vol. 62 · folio 360a
རྩིའི་རང་བཞིན། ཧ་ཡིག་ལས་བྱུང་བའི་ཁ་དོག་ཧོཿཡིག་ལས་བྱུང་བའི་རླུང་གིས་དྲི་ངན་པ་རྣམས་བསལ་ནས། ཨོཾ་ཨཱཿཧཱུཾ་འདིས་ལྷག་པར་གནས་པར་བྱའོ། །སླར་ཡང་ཧ་ཧོཿཧྲིཿཨཿསྭཱ་ཧཱ། འདིས་ལག་པ་གཡོན་པའི་མཐེ་བོ་དང་མིང་མེད་སྦྱར་ནས་དཀྲུགས་ཏེ་
དབུས་སུ་ཆོས་འབྱུང་མངོན་པར་བྲི་བར་བྱའོ། །ཨོཾ་ཨ་མྲྀ་ཏེ་ཨ་མྲྀ་ཏེ་སཾ་བྷ་བེ་ཨེ་ཧྱེ་ཧི་ཨ་མྲྀ་ཏེ་པྲ་བ་ཤཱ་ཡ་ཧྲཱིཿཧཱུཾ། འདིས་ལན་གསུམ་མམ་ཉི་ཤུ་རྩ་གཅིག་གིས་བདུད་རྩི་དགུག་པར་བྱའོ། །ཨོཾ་ཧཱུཾ་ཛུཾ་གྲུཾ་ཤྲུཾ་ཧྲཾ་སྭཱ་ཧཱ། འདིས་ལྕགས་ཀྱུ་ལྔ་ལྷག་པར་གནས་པར་བྱའོ། །གྲུབ་
པ་རྣམས་ཀྱི་སྔགས་བཟང་པོ། །དཔའ་བོའི་ཆོས་འདི་གཟུང་བར་གྱིས། །བྲམ་ཟེ་རྒྱལ་རིགས་གདོལ་པ་རྣམས། །རྣམ་པ་གཅིག་ཏུ་འཇུག་པར་གྱིས། །ཚིགས་སུ་བཅད་པ་འདི་བརྗོད་ཅིང་། །མི་མོ་ཞལ་གྱི་པདྨ་ཅུང་ཟད་དམར་ཞིང་ནུ་མ་མཁྲེགས་ཤིང་རྒྱས་པ་ཟུང་ལྡན་རྒྱན་རྣམས་
ཀུན་གྱིས་རྣམ་པར་བརྒྱན། །ཤིན་ཏུ་ཡོན་ཏན་རྒྱ་ཆེན་དང་ལྡན་ཡིད་ཀྱི་མི་མཐུན་ཕྱོགས་བོར་རྣམ་པར་དུལ་བཅས་བཙུན་མོས་བདུད་རྩི་སོ་སོར་དབུལ་བར་བྱའོ། །དེ་ནས། ལེགས་འོངས་ཆོས་ཀྱི་རྒྱལ་པོ་ལ། །རྣལ་འབྱོར་ཡིད་ནི་ཆགས་སྤངས་ནས། །གཉིས་དང་གཉིས་མིན་
རྣམ་གྲོལ་ཁྱོད། །དེ་ཉིད་གཅིག་པ་ཁྱོད་ཕྱག་འཚལ། །ཚིགས་སུ་བཅད་པ་འདིས་པད་སྐོར་སྔོན་དུ་འགྲོ་བས་བླང་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་མྲྀ་ཏེ་སྭཱ་ད་ན་བཛྲ་སྭཱ་བྷཱ་བཱཏྨ་ཀོ྅ཧཾ་ཞེས་བརྗོད་ནས་བདུད་རྩི་མྱང་བར་བྱའོ། །དེ་ནས་སྦྱིན་བདག་གིས་པུས་མོ་གཡས་པའི་ལྷ་ང་ས་ལ་
བཙུགས་ཏེ་སྙིང་གར་ཐལ་མོ་སྦྱར་ནས་བསྟོད་པ་བརྗོད་པར་བྱའོ། །འཁོར་ལོའི་མགོན་པོ་ཁྱོད་ལ་འདུད། །ཡེ་ཤེས་སྩོལ་མཛད་ཁྱོད་ལ་འདུད། །དག་པའི་གཟུགས་ཅན་ཁྱོད་ལ་འདུད། །སྲིད་པ་སྒྲོལ་མཛད་ཁྱོད་ལ་འདུད། །ན་མསྟེ་ཏུ་ན་མསྟེ་ཏུ་ན་མོ་ན་མཿ བདག་
ནི་གུས་པས་ཁྱོད་ཕྱག་འཚལ། །ཚོགས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །དེ་ནས་རང་རང་གི་ལྷག་པར་མོས་པའི་དབྱེ་བས་སོ་སོའི་ཏིང་ངེ་འཛིན་གསུམ་བསྒོམ་པ་དང་ལྡན་པས་གཏོར་མ་ཕུལ་ནས་རྡུལ་ཚོན་ཡང་དག་པར་གཤེགས་ཏེ། གང་ཇི་ལྟར་འདུས་པ་ལ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words