འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 160 · folio 235a

པས་འགྲེང་ནའོ་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་ལྕི་བའི་འཇུག་པ་ལ་ལྟུང་བ་མེད་པ་ནི་རིགས་པ་མ་ཡིན་པའམ། ན་སྨད་པ་དེ་བས་ན་མཐར་ཐུག་པའི་རྩེ་གཅིག་པ་ཉིད་ནི་འདིར་གནས་ཀྱི་ཚིག་དང་སྔ་མ་ནི་འདུག་པའི་ཚིག་གོ། །སྟན་ལ་གནས་ཤིང་འདུག་པའི་ཉེས་པ་འདི་ནི་གཞན་ཏེ་འདུག་

པ་ལ་ཡང་སྔ་མའོ་ཞེས་རིག་པར་བྱའོ། །མངོན་སུམ་དུ་བརྣགས་པའི་གནས་ལ་ཉེས་བྱས་ལ་རྣམ་པར་གནས་པ་ཉིད་དུ་རིག་པར་བྱ་བ་ཡིན་ནོ། །ཅི་གནས་ཐམས་ཅད་ན་འགྲེང་བའི་དགེ་སློང་ལའམ་ཞེ་ན། དེའི་ཕྱིར་སྐྱབས་ཡོད་པར་རོ་ཞེས་བྱ་བ་སྨོས་ཏེ། རྩིག་པའམ་རིབ་མའམ་ཡོལ་བའམ་མུན་

ནག་ལ་སོགས་པའི་བདག་ཉིད་ཅན་གེགས་སུ་གྱུར་པའི་མིག་གི་ཡུལ་གང་ཡིན་པ་དེ་བསྒྲིབས་པ་སྟེ། དེ་བས་ན་མུན་ནག་གང་ལ་གནས་པ་ལ་སྣང་དུ་རུང་བ་ཉིད་མ་ཡིན་པ་དེ་ནི་བསྒྲིབས་པར་ཤེས་པར་བྱ་བ་ཡིན་ནོ། །ཅི་དགོས་པ་གང་ཡང་རུང་བ་གནས་པ་ཡིན་ནམ་ཞེ་ན། དེའི་ཕྱིར་གལ་ཏེ་འཇིགས་པའི་

དབང་གིས་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །འདིར་གཞུང་ནི་གལ་ཏེ་འཇིགས་པར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །མངོན་སུམ་དུ་བརྣགས་པས་འདུག་པ་ལ་ཡང་འཇིགས་པའི་དབང་གིས་ལྟུང་བ་མེད་ཅེས་བྱ་བ་འདིའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །འཇིགས་པས་གནས་

པས་ཀྱང་མཐོ་བཙམས་པའི་སེམས་ལ་མངོན་དུ་ཕྱོགས་པར་གྱུར་པ་འདིར་ཤིན་ཏུ་ཚར་བཅད་པ་ལ་རྩེ་གཅིག་པར་གནང་བར་བྱའོ། །ཅི་གནས་དེར་འགྲེང་པ་ཐམས་ཅད་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་ཚོར་བྱ་དང་ཚོར་བྱེད་ཉིད་ཀྱིས་མ་ཚོར་ན་ཉེས་བྱས་ཀྱིའོ་ཞེས་བྱ་བ་སྨོས་ཏེ།

དེ་དང་འདྲ་བའི་རྫས་བྱུང་བ་ཉིད་ལ་སོགས་པ་གང་དུ་སྒྲིབ་པ་སྒྲ་བཟུང་བ་ལ་ཡང་སྒྲིབ་པ་རྣམ་པ་ཐམས་ཅད་དུ་རིག་པར་བྱ་བ་ཉིད་ལ་གནས་པ་གང་ལ་ཚོར་བ་བྱེད་པ་པོ་ཉིད་ལ་ཡང་དག་པར་སྦྱོར་བ་མེད་པའི་གནས་སྐབས་དེ་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཞེས་བྱ་བའི་དོན་ཏོ། །གནས་གཞན་ལ་སེམས་གཏོད་པ་

ཡང་ངོ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་པོ་ཉིད་གནས་ནས་གནས་གཞན་དུ་སེམས་གཏོད་པ་སྟེར་བ་ལ་མཐོང་བའམ་ཐོས་པས་དང་ད་ལྟར་བྱུང་བར་གྱུར་པའི་མངོན་སུམ་དུ་བརྣགས་པ་དང་དབེན་པར་བརྣགས་པ་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་དོ། །བསླབ་པའི་གཞི་འདི་གཉིས་ཀྱང་འདི་ནས་བརྩམས་ནས་ལྷག་མར་

Vol. 160 · folio 235b

གྱུར་པའི་གཞུང་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །འོ་ན་ནི་ཅི་ཙམ་ལ་འདི་དག་གིས་གནས་པ་གཅིག་པ་ཉིད་ཅེས་བྱ་བ་འདི་ལ་བརྗོད་པར་བྱ་སྟེ། འདི་ལ་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ནི་གནས་ཀྱི་མཐའ་ཡིན་ནོ་ཞེས་བྱ་བ་ནི། འདི་དག་གི་མིག་གི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ནི་གནས་

ཀྱི་མཐའ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཛོད་ལ་འདི་ལྟར་སོ་སོར་གནས་པ་ཉིད་ཐོབ་པ་བསྐྱེད་པར་བྱ་སྟེ། མཛོད་ནི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཁྱིམ་གཅིག་པར་གྱུར་པ་ཉིད་ལ་ཁྱམས་ཀྱི་བདག་ཉིད་ཅན་གྱི་ཁང་ཁྱིམ་དང་ལྷན་ཅིག་ཅེས་བྱ་བ་འདིས་ཤེས་པ་ཡིན་ཏེ། གཅིག་ཏུ་ཉེ་བར་སྤྱོད་

པའི་ཁང་པ་རྣམས་ལ་གཞན་སྒོ་བསྐྱབ་པ་ལ་ལྟ་བ་ལྟུང་བར་འགྱུར་བ་ཡིན་ཏེ། དེ་ལ་གནས་ནས་གཞན་ཉིད་བསྟན་པའི་དོན་དུ་བརྗོད་པར་བྱ་སྟེ། ཁྱིམ་གཞན་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི་ཉལ་པོ་བྱེད་པར་ཤོམ་པ་ཡང་ཞེས་བྱ་བ་འདིས་གལ་ཏེ་གཟའ་གཅིག་པ་ཉིད་ཀྱི་བདག་ཉིད་ཅན་གྱི་གནས་བརྗོད་

པ་ཉིད་ཀྱི་ཕྱིར་གཉེན་འདུན་ཐ་དད་པ་ཉིད་ལ་ཚིག་འདི་ཤེས་པར་བྱའོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་དོ།། །།ཕོ་ཡང་རུང་མོ་ཡང་རུང་བ་ལའོ་ཞེས་བྱ་བ་ནི་རྟགས་འདི་དང་རབ་ཏུ་བྱུང་བ་འདི་མེད་པའི་གཅེར་བུའོ་ཞེས་འབྱུང་བ་དང་སྦྱར་རོ། །འདི་ལ་འདིའི་རྣམ་པར་

བརྗོད་པ་སྟེ། དེ་ལྟར་གྱུར་པའི་གཅེར་བུའི་གང་ཟག་ལ་ཡང་བྱེད་པ་པོ་ཉིད་དོ། །དེ་ལྟ་བུར་གྱུར་པ་ལ་ཡང་ངོ་ཞེས་བྱ་བ་ཅི་བུད་མེད་དུ་གྱུར་པའམ་སྐྱེས་པར་གྱུར་པ་གཅེར་བུ་ལ་ཐམས་ཅད་ཡང་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ཉེ་དུ་དང་རབ་ཏུ་བྱུང་བ་ལ་ཡང་ལྟོས་པ་དང་ནད་པ་མ་གཏོགས་སོ་ཞེས་བྱ་བ་

སྨོས་སོ། །འདིར་གཞུང་ནི་དགེ་སློང་འགའ་ཞིག་གཅེར་བུ་པ་ལ་རང་གི་སུག་པ་ནས་བཟའ་བ་དང་བཅའ་བ་སྩལ་ལ་ལྟུང་བར་ཡང་མི་འགྱུར་བ་འགའ་ཞིག་མཆིས་སམ། ཡོད་དེ་ཉེ་དུ་ལ་བྱིན་པ་དང་། རབ་ཏུ་བྱུང་བ་ལ་ལྟོས་པ་དང་ནད་པ་ལ་བྱིན་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ཇི་

ལྟ་བུར་གྱུར་པ་ཞིག་ཡིན་ཞེ་ན། དེའི་ཕྱིར་རྟགས་འདི་དང་རབ་ཏུ་བྱུང་བ་འདི་མེད་པའི་གཅེར་བུའོ་ཞེས་བྱ་བ་སྨོས་ཏེ། གང་ལ་རྟགས་འདི་མེད་པའི་རྟགས་ཙམ་གྱི་རབ་ཏུ་བྱུང་བ་གང་ཡིན་པ་དེ་སྟེ་རབ་ཏུ་བྱུང་བ་མ་ཡིན་པ་དང་རྟགས་འདི་ལ་རབ་ཏུ་བྱུང་བ་ལ་ཉམས་པ་ཉིད་དུ་འགྱུར་བ་ཡིན་ཏེ། དང་པོ་འདི་

Vol. 160 · folio 236a

པའི་རབ་ཏུ་བྱུང་བ་ནི་གཅེར་བུ་པ་ཉིད་དོ། །དེ་བས་ན་གཅེར་བུ་པ་ཞེས་བྱ་བ་འདི་ལས་འདི་པའི་རབ་ཏུ་བྱུང་བ་མ་ཡིན་པར་དགག་པ་གྲུབ་པ་ཉིད་དོ། །ཅི་ཞིག་ལྟ་བུར་གྱུར་པའི་གཅེར་བུ་པ་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ལུས་སམ་ལུས་དང་འབྲེལ་པར་རོ་ཞེས་བྱ་བ་སྨོས་ཏེ། འདིར་

ཅི་ཞིག་ཅེས་བྱ་བ་འདི་ལ་རང་གིས་བྱིན་ན་ཞེས་བྱ་བ་གསུངས་ན་དེ་ལ་གང་བྱིན་ན་ཞེ་ན། དེའི་ཕྱིར་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་དག་གི་ཞེས་བྱ་བ་སྨོས་སོ། །ཅི་རྣམ་པ་གང་ཡང་རུང་བ་ཞིག་གམ་ཞེ་ན། དེའི་ཕྱིར་རུང་བ་དག་གོ་ཞེས་བྱ་བ་སྨོས་སོ། །དེ་དག་སུ་ལ་རུང་བ་ཞེ་ན། དེའི་ཕྱིར་རང་

དང་དེ་ལའོ་ཞེས་བྱ་བ་སྨོས་ཏེ། རང་ཞེས་བྱ་བ་ནི་ལྟུང་བའི་ཚིག་གོ། །དེ་ལ་ཞེས་བྱ་བ་ནི་ཡང་དག་པར་བྱིན་པར་བྱ་བ་གཅེར་བུ་པ་ལའོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་གིས་གཅེར་བུ་པའམ་གཅེར་བུ་མ་ལ་བཅའ་བར་བགྱི་བ་དང་བཟའ་བར་བགྱིར་རུང་བ་མ་ལགས་པར་སྩོལ་ན་

ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །གལ་ཏེ་དེ་ལ་རུང་བ་མ་ལགས་པ་དེ་འདྲ་བའི་བཅའ་བར་བགྱི་བ་དང་། བཟའ་བར་བགྱི་བ་སྩལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གང་ཞིག་དེ་ལ་མ་ཡིན་ཞེས་བྱ་བ་འོག་མའི་དྲི་བ་ལས་གསུངས་ན་སྔ་རོལ་དུ་དགེ་སློང་ལ་མི་རུང་བ་གང་

ཡིན་པ་དེ་བཟུང་བ་ཞེས་བྱ་བ་ངེས་པའོ། །ཅི་དོན་གང་ཡང་རུང་བའི་ཕྱིར་སྦྱིན་ནམ་ཞེ་ན། དེའི་ཕྱིར་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་དབྲལ་བ་ཉིད་ཀྱི་ཕྱིར་མ་གཏོགས་སོ་ཞེས་བྱ་བ་སྨོས་སྟེ། འདིར་གཞུང་ནི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་དབྲལ་བར་འདོད་པ་ནི་ལྟུང་བ་མེད་དོ་ཞེས་གསུངས་

པ་ཡིན་ནོ། །ཅི་ཞིག་རྗེས་སུ་བསྒྲུབ་ན་གཅེར་བུ་པ་ལ་སྦྱིན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་རང་གིས་བྱིན་ནའོ་ཞེས་བྱ་བ་སྨོས་སོ། །མི་རུང་བ་དག་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་རང་དང་དེ་ལ་མི་རུང་བའི་བཅའ་བ་དང་བཟའ་བ་དག་སྦྱིན་པ་ལ་ནི་ཉེས་བྱས་ཏེ། འདི་དག་སྦྱིན་དུ་འཇུག་ན་ཤིན་

ཏུ་ན་སྨད་པ་ཉིད་དེ་འདི་ནི་མཚོན་པ་ཙམ་ཡིན་ནོ། །འདིར་གཞན་ལ་ཡང་དངོས་གཞི་མ་ཡིན་པར་བྱས་པ་སྦྱིན་པ་ཐམས་ཅད་དུ་སྦྱིན་པར་བྱས་ལ་གོས་ལ་སོགས་པ་ལ་ཉེས་བྱས་སུ་རྟོགས་པར་བྱའོ། །སྦྱིན་དུ་འཇུག་ན་ཡང་ངོ་། །རང་གིས་ཞལ་ཏ་བྱས་ནའོ་ཞེས་བྱ་བ་ནི་རང་གིས་ལུས་སམ་དེ་འབྲེལ་པ་

Vol. 160 · folio 236b

ལ་མི་རུང་བའི་བཅའ་བ་དང་བཟའ་བ་དག་ལ་ཉེས་བྱས་སོ། །དེ་ལ་གཅེར་བུ་པ་ལ་ཡོངས་སུ་འཚོལ་བར་བྱེད་ན་ཉེས་བྱས་སོ། །མངོན་གསུམ་དུ་སྦྱིན་པ་ལ་འདི་དང་འབྲེལ་པ་མ་ཡིན་ནོ། །རང་གིས་ཞལ་ཏ་བྱས་ན་སྦྱིན་དུ་འཇུག་པ་ལ་དེ་དང་འབྲེལ་པ་ཉིད་ལ་གུས་པ་ཉིད་དུ་འགྱུར་བ་ཡིན་ནོ། །དེ་བས་ན་

རང་གིས་ཞལ་ཏ་བྱས་ནས་སྦྱིན་དུ་འཇུག་པའི་དབང་དུ་བྱས་ནས་ཉེས་བྱས་འདི་བརྗོད་པར་རིག་པར་བྱའོ། །བགོ་བཤའ་བྱེད་ན་ཡང་ངོ་ཞེས་བྱ་བ་ནི་བགོ་བཤའ་བྱེད་པའི་ངོ་བོས་བཅའ་བ་དང་བཟའ་བ་དག་ལ་ལུས་སམ་དེ་དང་འབྲེལ་པ་ལས་གཞན་དུ་ཉེས་བྱས་སོ། །གང་ཞིག་སློང་བ་འབྲས་བུ་དང་

བཅས་པའི་ངོ་བོ་གཞན་དུ་འཇོག་པ་གདོལ་པ་བཞིན་དུ་དེ་སྦྱིན་པས་ན་དེ་ལ་ཉེས་པ་མེད་དོ། །བགོ་བཤའ་བྱ་བའི་ཚུལ་གྱིས་འདིར་ཡོངས་སུ་ཚོལ་བར་བྱེད་པར་འགྱུར་བ་ཉིད་ཡོད་པ་ཡིན་ནོ། །དེ་བས་ན་འདིར་ཉེས་པ་མེད་པ་ཉིད་མེད་དོ། །འདིར་གཞུང་ནི་ཞུ་བ་ལས་གཅིག་ཏུ་བགོ་བཤའ་བྱ་སྟེ་ཟ་ན་ཉེས་

བྱས་སོ། །གཞན་གྱིས་རང་གི་དོན་དུ་བགོ་བཤའ་བྱེད་དུ་འཇུག་པ་ལ་ཉེས་བྱས་ལས་ཤིན་ཏུ་ན་སྨད་པ་ཉིད་ཅེས་གསུངས་པ་ཡིན་ནོ། །མི་རུང་བའི་བཟའ་བར་བྱ་བ་དང་བཅའ་བར་བྱ་བ་དག་ལ་མདོ་སྔ་མ་དག་གིས་ཤེས་པར་བྱའོ། །གཅེར་བུ་པ་ལ་སྦྱིན་པའི་ལྟུང་བྱེད་དོ།། །།གང་དུ་དམག་ལ་

ལྟ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་གཡུལ་ལ་རྣམ་པར་དགའ་བའི་དམག་ལ་ལྟ་བའི་དོན་ཉིད་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། ཞུགས་པ་ལ་ཞེས་བྱ་བ་དང་འབྲེལ་ལོ། །བསོད་སྙོམས་ལ་སོགས་པའི་དོན་དུ་བྱུང་བས་དམག་ལ་ལྟ་བར་བྱེད་ན་ཡང་ལྟུང་བྱེད་དོ། །ཅི་རྒྱུ་མཚན་གང་ཡང་རུང་བས་བལྟའོ་

ཅོག་ལའམ་ཞེ་ན། དེའི་ཕྱིར་རྒྱལ་པོ་དང་བཙུན་མོ་དང་གཞོན་ནུ་དང་ཞང་བློན་དང་ཁྲོམ་གྱི་རུ་སྣ་དང་། གྲོང་རྡལ་གྱི་མི་དང་ལྗོངས་ཀྱི་མིས་བཀུག་པ་དང་བར་ཆད་བྱུང་བའི་དབང་ཉིད་མ་གཏོགས་སོ་ཞེས་བྱ་བ་སྨོས་སྟེ། འདི་རྣམས་ཀྱིས་ཀྱང་བརྗོད་དེ་བར་དུ་གཅོད་པའི་རྒྱུ་མཚན་ལ་ཉེ་བར་ལྟུང་བ་དོར་ནས་ཞེས་བྱ་

བའི་དོན་ཏོ། །སྟོབས་ཀྱིས་བཟུང་ནས་ཁྱེར་བ་ནི་བར་དུ་གཅོད་པ་ཉེ་བར་ལྟུང་བ་ལ་ཁོངས་སུ་བསྡུས་པར་རིག་པར་བྱའོ། །ཉེ་བར་འཚེ་བ་དང་དགེ་འདུན་ནམ་གང་ཟག་གམ་མཆོད་རྟེན་ལ་སོགས་པ་ལ་བར་དུ་གཅོད་པ་ཉིད་ནི་ཤེས་པར་བྱ་བ་མ་ཡིན་ནོ། །རྗེས་སུ་བསྒྲུབ་པ་གང་ལ་ལྟུང་བ་འདི་ཡིན་ཞེ་ན། དེའི་

Vol. 160 · folio 237a

ཕྱིར་འཕགས་པའི་ཉེན་ཀོར་གྱི་མཐའ་ལས་འདས་ཏེ་མཐོང་ནའོ་ཞེས་བྱ་བ་སྨོས་ཏེ། གནས་གང་ན་འཕགས་པའི་གནས་དེའི་ཉེ་འཁོར་གང་ཡིན་པ་དེའི་མཐའ་གང་ཡིན་པ་དེ་ལས་འདས་ཏེ་མཐོང་བ་ཆོས་གོས་ཀྱི་ཉེན་ཀོར་གང་ཡིན་པ་དེ་ནི་འདིར་ཉེན་ཀོར་དུ་རིགས་པ་ཡིན་ནོ། །གྲོང་དང་འབྲེལ་

པ་དོར་ནས་འདིར་ཐོགས་པ་དང་བཅས་པའི་ཁྱིམ་བཞིན་དུ་མ་བསྒྲིབས་པ་ལ་ཉེས་པ་མེད་པ་ལྟར། དགེ་སློང་གླང་པོ་ཆེའི་ཚོགས་ལྟ་བའི་ཕྱིར་འགྲོ་ན་ཇི་སྲིད་དུ་མིག་གིས་མ་མཐོང་གི་བར་དུ་ནི་ཉེས་བྱས་སོ། །མིག་གིས་མཐོང་བར་གྱུར་ན་ནི་ལྟུང་བྱེད་དོ། །དེ་བཞིན་དུ་རྟའི་ཚོགས་དང་ཤིང་རྟའི་ཚོགས་དང་

རྐང་ཐང་གི་ཚོགས་དང་ཞེས་བྱ་བ་ལ་སོགས་པ་ལྟུང་བ་བསྟན་པ་ལ་མཐོང་བ་ཙམ་ལ་དངོས་གཞིར་གསུངས་སོ། །དེའི་སྔ་རོལ་དུ་ཉེན་ཀོར་གྱི་མཐའ་མ་ལས་མ་འདས་པར་དེའི་དོན་དུ་འཇུག་པ་ལ་དེའི་བཞིན་བསྒྱུར་བ་ཙམ་གྱིས་མཐོང་བ་ལ་ནི་ཉེས་བྱས་སུ་གཏོགས་པར་བྱའོ། །དམག་ལ་ལྟ་བའི་ལྟུང་

བྱེད་དོ།། །།གང་དུ་དམག་གི་ནང་དུ་གནས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དེ་དག་མེད་པར་དེར་ཉིན་མཚན་གཉིས་ལས་ལྷག་པར་འདུག་ནའོ་ཞེས་བྱ་བ་སྨོས་ཏེ། དེ་དག་མེད་པར་ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པས་བཀུག་པ་དང་བར་ཆད་ཉེ་བར་བྱུང་བའི་དབང་ཉིད་དོ། །དེར་ཞེས་

བྱ་བ་ནི་གཡུལ་ལ་མངོན་པར་དགའ་བའི་དམག་ལའོ། །ཉིན་མཚན་གཉིས་ལས་ཞེས་བྱ་བ་ནི་ཉིན་མོ་དང་མཚན་མོ་དག་ལའོ། །དེ་ལས་གང་དུ་ལྷག་པར་འདུག་ནའོ་ཞེས་བྱ་བ་འདི་ནི་ཉིན་མཚན་དག་གོ། །ཉིན་མཚན་གྱི་མཐར་ཡང་འདུལ་བའི་ཐ་སྙད་དོ། །དེ་བས་ན་འདི་ལ་ཡང་དངོས་གཞིའི་

རྣམ་པར་གཞག་པའོ། །འདིར་ཡང་གང་ཞིག་རྣམ་པར་གནས་པ་ལ་སྐད་ཅིག་མའི་རྗེས་སུ་མཐུན་པ་ཉིད་མ་ཡིན་ནོ། །དེའི་ཕྱིར་འདིར་སྦྱོར་བ་ཐོབ་པ་འདུན་ནས་རྣམ་པར་གནས་པ་ཡིན་གྱི་ལྟུང་བ་མེད་པ་ནི་མ་ཡིན་ནོ། །ཁ་ན་མ་ཐོ་བ་དང་བཅས་པའི་རྗེས་སུ་སྒྲུབ་པ་ལ་དུས་ནམ་གྱི་ཚེ་བྱས་པ་ཁ་ན་མ་ཐོ་བ་མེད་

པ་མ་ཡིན་ནོ། །ཉིན་མཚན་གཞན་པོ་འདི་ལ་ནི་ཉིན་མཚན་གཞན་ལ་ཞུགས་པ་ཡང་མ་ཡིན་ཏེ། དེ་བས་ན་ཉིན་མཚན་སོ་སོར་འདིར་ཁ་ན་མ་ཐོ་བར་རིག་པར་བྱའོ། །དགོས་པ་མེད་ན་སྔ་མ་ལ་ཡང་ངོ་ཞེས་བྱ་བ་ནི་རིགས་པའི་ཚུལ་གྱིས་དགོས་པ་མེད་ན་སྔ་མ་ཡང་ཉིན་ཞག་གསུམ་པར་འདུག་པ་

Vol. 160 · folio 237b

ལས་གནས་པ་གང་ཡིན་པ་དེ་ལ་ཡང་ཞེས་བྱ་བའི་དོན་ཏོ། །མཐར་ནི་དངོས་གཞི་སྟེ་སྔ་རོལ་དུ་ནི་ཉེས་བྱས་ཞེས་བྱ་བ་འདི་ལ་འདིར་སྔ་མ་བཞིན་དུ་རྟོགས་པར་བྱའོ། །འདིར་གཞུང་ནི་དགེ་སློང་ལ་དེ་འདྲ་བའི་རྐྱེན་ཡོད་པར་གྱུར་ན་རྩོམ་པའི་དམག་ལ་ལྟ་བའི་ཕྱིར་ཉེ་བར་འགྲོ་བར་བྱའོ་ཞེས་གསུངས་པ་

ཡིན་ནོ། །ལེགས་པའི་ངོ་བོ་འདོད་པའི་དོན་མེད་པ་ན་དམག་གི་ནང་དུ་སོ་སོར་ཉམས་སུ་མྱོང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་གསུངས་པ་དེའི་ཚིག་གི་བརྗོད་པའོ། །དམག་གི་ནང་ན་གནས་པའི་ལྟུང་བྱེད་དོ།། །།དཔུང་གི་ཡན་ལག་རྣམས་ནི་བྱེད་པ་པོ་ཉིད་དོ་ཞེས་བྱ་བ་ནི་གཡུལ་ལ་མངོན་པར་དགའ་བའི་

དམག་གི་དཔུང་གི་ཡན་ལག་གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་རྐང་ཐང་དང་རྒྱལ་མཚན་ལ་སོགས་པ་རྣམས་ཀྱི་དམག་ལ་ཞེས་བྱ་བར་སྦྱར་རོ། །འདིར་མཚོན་པའི་ནི་བརྩམས་པའི་གཡུལ་ངོ་རྣམས་ཀྱི་ཡན་ལག་ཏུ་རྣམ་པར་གནས་པ་ཡིན་ཞེས་བྱ་བ་ཐམས་ཅད་ཁོངས་སུ་བསྡུ་བའོ། །ཅི་དེ་ཐམས་ཅད་ལ་འདི་རྣམས་

བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ཕྱིར་བར་ཆད་ཀྱི་དབང་གིས་འགྲོ་བ་མ་ཡིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། སྤངས་ནས་ཞེས་བྱ་བ་བརྗོད་པ་དག་ལ་ལྟུང་བ་མེད་དོ། །རྒྱུ་དག་ལས་གཅིག་ནི་འདིར་རྒྱུ་ཉིད་དེ་བར་ཆད་ཀྱི་དབང་གིས་ལྟུང་བ་ཉིད་དེ། རྒྱལ་པོ་ལ་སོགས་པ་ལས་སྨོས་པ་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་

དོན་ཏོ། །འདིར་གཞུང་ནི་བར་ཆད་བརྒྱད་པོ་དག་ལས་བར་ཆད་གང་ཡང་རུང་བ་ཉེ་བར་གནས་པར་གྱུར་ན་ཉེས་པ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་དེ་ཙམ་དུ་ཟད་ཀྱི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་དོན་དུ་འགྲོ་བ་ལ་ཡང་འདིར་ཉེས་པ་མེད་པ་ལ་སྦྱོར་བ་ཞེས་བྱ་བ་ནི་བར་ཆད་ཙམ་ལ་

ཡང་དག་པར་བརྟེན་པའོ། །བསྡུས་པ་དང་སོ་སོ་དག་གོ་ཞེས་བྱ་བ་ནི་གཡུལ་གྱི་ཡན་ལག་རྣམས་ལ་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དཔུང་གི་ཚོགས་སམ་དམག་གི་ཚོགས་ཡང་དག་པར་བསྟན་པ་ཞེས་བྱ་བ་འདི་ལ་ཐམས་ཅད་དུ་བཟུང་ནས་བསྡུས་པའོ། །འདིར་དཔུང་གི་ཚོགས་ནི་དཔུང་གི་ཚོགས་

ལ་རིག་པར་བྱ་སྟེ། ཚོགས་དང་འབྲེལ་པ་ཉིད་ཀྱིས་རྣམ་པ་བཞི་པོ་རྣམས་ཀྱི་ཚིག་གོ། །ཚོགས་རྣམས་ནི་བཞི་སྟེ། འབྲུའི་ཁ་ལྟ་བུ་དང་། ཤིང་རྟའི་དབྱིབས་ལྟ་བུ་དང་། ཟླ་ཁམ་གྱི་རྣམ་པ་ལྟ་བུ་དང་། ནམ་མཁའི་ལྡིང་གི་འདབ་མ་ལྟ་བུའོ། །བཤམས་པ་ལ་ཡང་རྣམ་པ་བཞི་སྟེ། ཟླ་བའི་

Vol. 160 · folio 238a

རྣམ་པ་ལྟ་བུ་དང་། ཤིང་རྟའི་དབྱིབས་ལྟ་བུ་དང་། གཡུལ་ངོ་རྣམ་པ་ལྟ་བུ་དང་། ནམ་མཁའ་ལྡིང་གི་འདབ་མ་ལྟ་བུའོ། །ཟླ་བའི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི་མདུན་དུ་ཡང་རུ་དངར་རྒྱབ་ཏུ་ཡང་རུ་དངར་གློར་ཡང་རུ་དངར་ལ་དབུས་ན་རྒྱལ་པོ་འདུག་པའོ། །ཤིང་རྟའི་

དབྱིབས་ལྟ་བུ་ཞེས་བྱ་བ་ནི་མདུན་དུ་ཡང་རུ་དངར་གློར་ཡང་རུ་དངར་ལ་རྒྱབ་ན་རྒྱལ་པོ་འདུག་པའོ། །གཡུལ་ངོའི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི་མདུན་དུ་ཡང་རུ་དངར་རྒྱབ་དུ་ཡང་རུ་དངར་ལ་དབུས་ན་རྒྱལ་པོ་འདུག་པའོ། །ནམ་མཁའ་ལྡིང་གི་འདབ་མ་ཞེས་བྱ་བ་ནི་གློར་ཡང་རུ་དངར་ལ་མདུན་ན་རྒྱལ་

པོ་འདུག་པའོ། །ཚོགས་དང་དམག་ཚོགས་ཀྱི་སྒྲ་དག་ལ་རྣམ་གྲངས་ཉིད་ཀྱི་ཕྱིར་དོན་གཅིག་པ་ཉིད་དུ་ཤེས་པར་བྱའོ། །དེ་ལྟ་བས་ན་འདི་ལྟ་སྟེ། དམག་གི་ཚོགས་སོ་སོ་ཉམས་སུ་མྱོང་བར་བྱ་ཞེས་བྱ་བ་འདིའི་བཤད་པ་ནི། ཚོགས་ལ་ལྟ་བ་སོ་སོར་ཉམས་སུ་མྱོང་བར་བྱ་ཞེས་གསུངས་པ་ཡིན་ནོ། །

རྣམ་པ་ཅི་འདྲ་བ་འདི་རྣམས་ལ་ཁ་ན་མ་ཐོ་བ་གང་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྟ་གོན་བྱས་པ་རྣམས་ཀྱིའོ། །དངོས་ལ་དངོས་གཞིའོ། །སྦྱོར་བ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་སྨོས་ཏེ། ལྟ་གོན་མ་བྱས་པ་དེ་ལ་ནི་གཉིས་ཀ་ལ་ཡང་ཉེས་བྱས་ཁོ་ནའི་བྱེད་པ་པོ་ཉིད་ཡིན་ནོ། །གླང་པོ་ཆེ་ལ་སོགས་པ་རྣམས་

ལ་གོ་བསྐོན་པ་ཉིད་ནི་སྟ་གོན་བྱས་པ་ཉིད་དུ་རིག་པར་བྱའོ། །ཤིང་རྟ་བཤམས་པ་དང་རྒྱལ་མཚན་བསྒྲེང་བ་དང་། གཞུ་བདུངས་པ་དང་། མདའ་མདའུ་ཅན་བདར་བ་དང་རལ་གྲི་ཕྱུང་བ་ཉིད་ལ་སོགས་པ་ཡིན་པར་རིག་པར་བྱའོ། །གཉི་ག་ལ་ཡང་ཞེས་བྱ་བ་ནི་དངོས་གཞི་དང་སྦྱོར་བ་ལའོ། །ཅི་འདིར་

དངོས་གཞི་ལ་ཞེས་བྱ་བ་བདུན་ལྟུང་བའི་མཚན་མ་ཉིད་ཀྱིས་དངོས་གཞི་བརྗོད་པ་ཡིན་ནམ་ཞེ་ན། དེའི་ཕྱིར་རེག་པ་དང་བཤམ་པ་དཀྲུག་པ་དང་ལྟ་བའི་ཕྱིར་འཕགས་ཤིང་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་བ་ལྟ་བུ་ནི་དངོས་གཞི་དག་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རིན་པོ་ཆེ་སྨོས་པ་ཞེས་བྱ་བས་མཚོན་

ཆ་ལ་རེག་པའི་ལྟུང་བ་གང་ཡིན་པ་དེ་ནི་འཆད་པར་འགྱུར་ཏེ། དེ་ལས་ཡུལ་གཞན་ཡིན་པ་དེ་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ། །འདིར་བཤམས་པ་ནི་གནས་ནས་འཕོ་བར་རྣམ་པར་གནས་པ་ཡིན་ནོ། །དཀྲུགས་པས་ཞེས་བྱ་བ་ནི་ལྟ་བའི་དོན་དུ་དཀྲུགས་ནས་ཉེ་འཁོར་གྱི་མཐའ་ལས་འདས་པ་གང་ཡིན་

Vol. 160 · folio 238b

པ་དེར་ལྟ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དགེ་སློང་གིས་གླང་པོ་ཆེ་གོ་བསྐོན་པ་བཤམ་པར་བྱེད་ཅེས་བྱ་བ་ནི་ཁ་ཅིག་གིས་གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་རྐང་ཐང་རྣམས་ལ་བཤམ་པ་ཐོབ་པར་བརྗོད་པ་ཡིན་ནོ། །གཞན་དུ་ཡང་གླང་པོ་ཆེའི་ཚོགས་ལ་ལྟ་བའི་ཕྱིར་ཉེ་བར་འགྲོ་བར་བྱེད་ན་ཞེས་བྱ་བ་ལ་

སོགས་པ་གསུངས་པ་ཡིན་ནོ། །དགེ་སློང་གིས་གླང་པོ་ཆེ་གོ་བསྐོན་པ་ལ་རེག་ན་ཞེས་བྱ་བ་གསུངས་པ་ཡིན་ནོ། །ལྟ་བ་དང་རེག་པ་དག་ལ་གཉི་ག་ལ་ཡང་སྦྱོར་བ་ཞེས་བྱ་བ་འདི་གཉིས་བསྡུས་པའོ། །མ་ཆས་པ་ཉིད་ལ་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བའི་གཡུལ་ལ་མངོན་པར་དགའ་བ་ཉིད་མ་ཡིན་པ་ལའོ། །དེ་

བས་ན་འདིར་དམག་ལ་ཞེས་བྱ་བ་རྟོགས་པ་ཡིན་ནོ། །བསླབ་པའི་གཞི་གསུམ་པོ་དག་ལས་གཡུལ་ངོའི་ཕྱིར་མ་ཆས་པ་ཉིད་ལ་ནི་དམག་གི་དངོས་གཞིའི་གནས་སུ་ནི་ཉེས་བྱས་ལ། ཉེས་བྱས་ཀྱི་གནས་སུ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ་ཞེས་བྱ་བ་དེ་ལ་འདི་བྱེད་པའོ། །རྒྱལ་པོ་འམ་ཆོམ་རྐུན་པའི་

གྲོང་དུ་རྐྱེན་དེ་ལྟ་བུ་མ་གཏོགས་པར་འདིར་ཞུགས་པར་བྱ་བ་ཉིད་དུ་རིག་པར་བྱའོ། །མི་རུང་བ་དང་རྗེས་སུ་མི་མཐུན་པའི་རྒྱལ་པོའི་ནང་དུ་ཉེ་བར་འགྲོ་བའོ། །སྤྱོད་ཡུལ་ནི་རྣམ་པ་ལྔ་སྟེ། འབྲོག་དང་ཇི་སྲིད་དུ་རྒྱལ་པོའི་ཉེ་འཁོར་ཞེས་བྱ་བ་འདི་ཡང་འདིར་ལུང་དུ་རིག་པར་བྱའོ། །གླང་པོ་ཆེ་དང་རྟ་དང་

བྱ་གག་དང་བྱ་ལ་བ་ཀ་དང་། བྱ་བར་ཏ་ཀ་དང་། སྐྱེས་པ་དང་བུད་མེད་འཐབ་པ་ལ་སོགས་པ་བྱ་བ་དང་། བྱེད་དུ་གཞུག་པ་དང་བལྟ་བར་མི་བྱའོ་ཞེས་བྱ་བ་ནི་འདིར་གཞུང་ནི་ཕྲན་ཚེགས་དག་ལས་ལྷག་མ་དབང་དུ་བྱེད་པ་ནི་འདི་ཡིན་ཏེ། དེ་བས་ན་གཡུལ་ངོའི་ཡན་ལག་ཏུ་གྱུར་པ་གླང་པོ་ཆེ་ལ་སོགས་

པ་རྣམས་ནི་འདིར་མི་གཟུང་ངོ་། །དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་རྡེག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་དགེ་སློང་ཕ་རོལ་ལ་ལུས་སམ་དེས་འཕངས་པའམ་དེ་དང་འབྲེལ་པ་དག་གིས་ཡང་རུང་བ་ཐ་ན་རྐང་པའི་མཐེ་

བོའམ། ཡུངས་ཀར་རམ་རྩྭ་དག་གིས་བརྡེགས་ནའོ་ཞེས་བྱ་བ་སྨོས་ཏེ། རྙོག་པ་ཅན་གྱི་སེམས་ཀྱིས་དགེ་སློང་ཕ་རོལ་ལ་ཞེས་བྱ་བ་ནི་ཕྱི་མ་གསུམ་པོ་རྣམས་ལའོ། །རེག་ནའོ་ཞེས་བྱ་བ་ནི། བརྡེགས་ནའོ་ཞེས་བྱ་བ་རྗེས་སུ་བསྒྲུབ་པ་བཤད་པའོ། །རེག་ནའོ་ཞེས་བྱ་བ་ནི་མཐར་ཐུག་པའི་

Vol. 160 · folio 239a

ཚིག་གོ། །རྗེས་སུ་བསྒྲུབ་པ་འདི་ལ་འདི་བསྒྲུབ་པ་ལ་ཞེས་བྱ་བའི་དོན་ཏོ། །འདིར་མངོན་པར་ཞེན་པ་དང་ཁྲོས་པ་དང་དྲག་པོར་གྱུར་པ་དང་ཡིད་མི་བདེ་བ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཉེ་བའི་ཉོན་མོངས་པ་གཞན་གྱིས་ཀྱང་སྦྱིན་པ་ལ་ཁ་ན་མ་ཐོ་བ་ཉམས་པས་འདིར་བསྐྱེད་

པར་རྣམ་པར་གནས་པ་ཡིན་ནོ། །དེ་བས་ན་རྙོག་པའི་དངོས་པོ་ལ་བརྟེན་པའོ། །གང་གིས་བརྡེགས་པ་ལ་ཡིན་ཞེ་ན། དེའི་ཕྱིར་ལུས་སམ་དེས་འཕངས་པའམ་དེ་དང་འབྲེལ་པ་དག་གིས་སོ། །ལུས་སམ་དེས་འཕངས་པའམ་དེ་དང་འབྲེལ་པ་དག་གིས་སོ་ཞེས་བྱ་བའི་དོན་ཏོ། །འདིར་འགའ་ཞིག་ཏུ་ནི་ཤིན་

ཏུ་ཡང་མ་ཆད་པ་ལ་ན་སྨད་པར་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བ་འདི་བསྟན་པའི་དོན་དུ་གསུངས་པ་ནི་གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་པ་ཐ་ན་རྐང་པའི་མཐེ་བོ་ལ་སོགས་པ་གྲངས་ཇི་ལྟ་བ་བཞིན་དུའོ། །ལུས་ལ་སོགས་པ་རྣམས་ཀྱི་མཐར་ཐུག་པ་ལ་ཡང་དག་པར་རིག་པར་བྱའོ། །གང་ལ་

བརྡེགས་པར་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་ལའོ་ཞེས་བྱ་བ་སྨོས་ཏེ། ལྟུང་བ་འབྱིན་པ་པོ་ཡང་དགེ་སློང་ཡིན་ཏེ། དེར་བདག་ཉིད་ལ་ཡང་བརྡེགས་པ་ལ་ཞེས་བྱ་བ་ཐོབ་པའོ། །དེའི་ཕྱིར་གསུངས་པ་ནི་ཕ་རོལ་ལ་ཞེས་བྱ་བ་སྨོས་པ་ཡིན་ནོ། །འོག་མ་གསུམ་པ་ལ་ཡང་ཞེས་བྱ་བ་ནི་དེ་མ་ཐག་པའི་

གསུམ་ལ་བཟའ་བ་དང་། གནས་ངན་ལེན་འཆབ་པ་དང་ཟན་གཅོད་དུ་འཇུག་པ་ཞེས་བྱ་བ་བསླབ་པའི་གཞི་རྣམས་ལས་དགེ་སློང་ཕ་རོལ་པོ་ལ་ཡང་འདི་བལྟ་བར་བྱའོ། །ཅི་བརྡེག་པ་ཡོད་པ་ལ་གཞན་དེའི་འབྲས་བུར་གྱུར་པ་སྒྲུབ་པ་ལ་ཡིན་ནམ་འོན་ཏེ་བརྡེགས་པ་ཁོ་ན་ལ་ཡིན་ཞེ་ན། དེའི་ཕྱིར་རེག་

ནའོ་ཞེས་བྱ་བ་སྨོས་ཏེ། བརྡེག་པའི་བདག་ཉིད་ཅན་གྱི་རྗེས་སུ་བསྒྲུབ་པ་ཡོད་པ་ལ་རེག་པ་བསྒྲུབ་པ་ལ་ཞེས་བྱ་བའི་དོན་ཏོ། །ཅི་ལྟུང་བྱེད་གཅིག་ཏུ་འགྱུར་རམ་ཞེ་ན། དེའི་ཕྱིར་བརྡེག་སྤྱད་རེ་རེ་ལའོ་ཞེས་བྱ་བ་སྨོས་ཏེ། སོར་མོ་ལ་སོགས་པའི་བརྡེག་སྤྱད་ཇི་སྙེད་ཀྱིས་རེག་པར་གྱུར་པ་དེ་སྙེད་ཀྱི་ལྟུང་བྱེད་དུ་

འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མ་ཕོག་ན་ཉེས་བྱས་སོ་ཞེས་བྱ་བ་ནི་སོར་མོ་ལ་སོགས་པ་བརྡེག་སྤྱད་དག་གིས་མ་ཕོག་ན་ཉེས་བྱས་སོ། །བརྡེག་པར་བྱ་བ་གཞན་ཡིན་ལ། གཞན་ལ་བརྡེག་པར་མི་བྱའོ་ཞེས་བྱ་བ་ནི་སེམས་བརྡེག་པར་བྱ་བ་ཉིད་ལ་རང་གི་ལུས་ལ་བརྡེག་པ་འདི་བཀག་པའོ། །འདིར་

Vol. 160 · folio 239b

གཞུང་ནི་དེ་ལྟ་བས་ན་དགེ་སློང་གིས་བརྡེག་པར་བྱ་བ་གཞན་ཡིན་ལ། གཞན་ལ་བརྡེག་པར་མི་བྱའོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །ཀ་བ་ལ་བརྡེག་པར་མི་བྱའོ། །རྩིག་པ་དང་། ས་དང་ཤིང་ལྗོན་པ་དང་གཞན་ལ་ཡང་ངོ་ཞེས་བྱ་བ་ནི་ཕྲན་ཚེགས་རྣམས་ལ་འབྲས་བུ་ལ་སོགས་པ་དེ་དབབ་པའི་དོན་

དུ་འདིར་བརྡེག་པ་སྟེར་བ་ལ་སོགས་པ་འབྱུང་པོའི་ཚོགས་འཇིག་པའི་ཆོ་ག་ལ་དེ་ཁོངས་སུ་འདུས་པ་ཞེས་བྱ་བ་གཞན་འགོག་པ་ནི་འདིའི་ཡུལ་ལོ། །བུད་ཤིང་གི་དོན་དུ་ཤིང་ལྗོན་པ་དང་། མཎྜལ་གྱི་དོན་དུ་ས་བརྡུང་བ་ལ་སོགས་པ་འདི་ལྟ་བུ་ལ་ཡང་། ཅི་འདིས་བཀག་པ་ཉིད་ཡིན་ནམ་ཞེ་ན། མ་ཡིན་ཏེ་

ཞེས་བསྟན་པ་ནི་བརྡེག་པ་སྟེར་བའི་སྦོམ་པོ་ལ་འཇུག་པ་ལ་འདི་བཀག་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །དེ་ལྟར་ཡང་ཚེ་དང་ལྡན་པས་རི་ཤིང་གཤེགས་པ་འཇུག་པ་འབྱུང་བར་འགྱུར་རོ། །བརྡེག་པའི་ལྟུང་བྱེད་དོ།། །།གང་དུ་གཟས་པའི་ལྟུང་བྱེད་ཅེས་བྱ་བ་འདི་ལ་རྙོག་པ་ཅན་གྱི་སེམས་

ཉིད་ཅེས་བྱ་བ་ལ་སོགས་པ་ནས་གཟས་པ་ནའོ་ཞེས་བྱ་བ་ལ་སོགས་པའི་མཐའ་མ་ལ་ལྟོས་ནས་བརྗོད་པར་བྱ་སྟེ། དེའི་ཕྱིར་བརྡེག་པར་གཟས་པ་ནའོ་ཞེས་བྱ་བ་སྨོས་ཏེ། ཅི་འདིར་གཅིག་ཉིད་དུ་འགྱུར་རམ་ཞེ་ན། དེའི་ཕྱིར་རྫས་རེ་རེ་ལའོ་ཞེས་བྱ་བ་སྨོས་ཏེ། སོར་མོ་ལ་སོགས་པའི་རྫས་ཇི་སྙེད་གཟས་པ་

དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཟས་པའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཕམ་པར་གྱུར་པ་དང་དགེ་འདུན་ལྷག་མ་དག་བཅབ་པ་ཞེས་བྱ་བ་སྨོས་ཏེ། གནས་ངན་ལེན་ཅེས་བྱ་བ་འཆད་པར་འགྱུར་བ་དང་

དེ་དང་འདི་ལ་འབྲེལ་པའོ། །ཅི་བཅབ་པ་རྣམ་པ་ཐམས་ཅད་ལ་གནས་ངན་ལེན་དུ་འགྱུར་རམ་ཞེ་ན། དེའི་ཕྱིར་བདེ་བ་ལ་མི་རེག་པ་དང་དགེ་སྦྱོང་གི་ཚུལ་དང་ཚངས་པར་སྤྱོད་པའི་བར་ཆད་དང་། དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་མ་གཏོགས་པར་འཆབ་ནའོ་ཞེས་བྱ་བ་སྨོས་ཏེ། དབང་ཉིད་

ཅེས་བྱ་བའི་སྒྲ་ནི་བདེ་བ་ལ་མི་རེག་པ་ལ་སོགས་པ་ཐམས་ཅད་དང་སྦྱར་བར་བྱའོ། །བར་ཆད་ཅེས་བྱ་བའི་སྒྲ་ནི་དགེ་སྦྱོང་གི་ཚུལ་དང་། ཚངས་པར་སྤྱོད་པ་གཉིས་དང་སྦྱར་བར་བྱའོ། །བདེ་བ་ལ་མི་རེག་པའི་དབང་ཉིད་དང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་ཀྱི་དབང་ཉིད་དང་། ཚངས་པར་སྤྱོད་

Vol. 160 · folio 240a

པའི་བར་ཆད་ཀྱི་དབང་ཉིད་དང་། དགེ་འདུན་འཁྲུག་ཏུ་དོགས་པའི་དབང་ཉིད་མ་གཏོགས་པར་གཞན་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་དག་འཆབ་ན་ཞེས་བྱ་བའི་དོན་ཏོ། །དེ་ལ་འདིར་དགེ་སྦྱོང་གི་བར་ཆད་ལ་སོགས་པ་ནི་དཔེ་ཙམ་དུ་རིག་པར་བྱའོ། །གང་ཟག་གི་གཞི་འཁོར་དང་

བཅས་པས་འཆབ་པའི་ཆོ་ག་ཤེས་པར་བྱའོ། །དུས་གང་གི་ཚེ་བཅབས་ཤེ་ན། དེའི་ཕྱིར་ཉིན་མཚན་གྱི་མཐར་རོ་ཞེས་བྱ་བ་སྨོས་ཏེ། གང་གི་རྗེས་ལ་སྐྱ་རེངས་འཆར་ཀ་ཚུན་ཆད་ཅེས་བྱ་བའི་དོན་ཏོ། །སྔ་རོལ་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་ཉིན་མཚན་གྱི་མཐའི་སྔ་རོལ་དུ་འཆབ་པ་ལ་ནི་ཉེས་བྱས་སོ། །

ལྟུང་བ་གཞན་ཡང་ངོ་ཞེས་བྱ་བ་ཆུང་བ་ལ་དོན་འཐོབ་པ་ལས་ཕམ་པར་གྱུར་པ་དང་། དགེ་འདུན་གྱི་ལྷག་མ་དག་ལས་གཞན་པའི་ལྟུང་བྱེད་བཅབས་ན་ནི་ཉིན་མཚན་གྱི་མཐར་ཡང་ཉེས་བྱས་ལ་སྔ་རོལ་དུ་ཡང་ཉེས་བྱས་སོ། །གནས་ངན་ལེན་འཆབ་པའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་ཟན་

གཅོད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པར་ཆེད་དུ་བསམས་ཏེ་ཁྱིམ་པ་སྦྱིན་པ་པོ་ཟན་གཅོད་དུ་བཅུག་ནའོ་ཞེས་བྱ་བ་སྨོས་ཏེ། ཟན་གང་གི་སྦྱིན་པ་པོ་ཁྱིམ་པ་གང་ཡིན་པ་དེ་ནི་སྦྱིན་པ་པོ་ཁྱིམ་པའི་ཟན་ཏེ། དེ་གཅོད་པ་ནི་དགེ་སློང་གི་ཆེད་དུ་བསམས་

ཏེ་ཟན་གང་གིས་གཅོད་དུ་བཅུག་ན་ཞེས་བྱ་བའི་དོན་ཏོ། །ཅི་རྣམ་པ་ཐམས་ཅད་དུ་བཅུག་པ་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ནད་ཀྱི་གཉེན་པོའི་དོན་ཉིད་མ་གཏོགས་པ་ཞེས་བྱ་བར་སྦྱར་རོ། །གཅོད་དུ་བཅུག་པ་ནི་དེར་རང་གི་ཚིག་གིས་ཞེས་བྱ་བ་འཇུག་གོ། །དེ་ལྟ་བས་ན་སྤྲིང་ཡིག་དང་ལག་ཡིག་དང་ལག་རྩིས་

དང་། མངགས་པ་དང་བརྒྱུད་པ་དང་ཟུར་གྱིས་གཅོད་དུ་བཅུག་ན་ཉེས་བྱས་སོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་གསུང་དེ་འདིས་བསྡུས་པར་རིག་པར་བྱའོ། །སྦྱིན་བདག་ཁྱིམ་པ་དག་ཟན་གཅོད་པར་བྱེད་དུ་བཅུག་པ་འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་མུ་སྟེགས་ཅན་གྱི་ཁྱིམ་བདག་ཏུ་བྱེད་དུ་བཅུག་

ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་དོ།། །།སེང་གེ་ལ་རེག་པར་མི་བྱའོ་ཞེས་བྱ་བ་ནི་མེ་དང་འདྲ་བར་བསྙེན་པར་དཀའ་ཞིང་བཟོད་པར་དཀའ་བ་ཉིད་ཡིན་པའི་ཕྱིར་རེག་པར་བྱ་བ་མ་ཡིན་ཏེ། རིན་པོ་ཆེའམ་དེ་དང་མཉམ་པ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །དེ་

Vol. 160 · folio 240b

བས་ན་དེར་འཇུག་པའོ། །རིན་པོ་ཆེ་འམ་དེ་དང་འདི་མཉམ་པས་དེ་རེག་པ་བཀག་པ་ལ་དུས་བྱིན་གྱིས་བརླབ་པའི་རྣམ་པ་བསྟན་པའི་ཕྱིར། དེ་ལ་དུས་བྱིན་གྱིས་བརླབས་པའི་ངོ་བོ་གསུངས་པ་ནི་སྟོན་པ་དང་ཆོས་དང་དགེ་འདུན་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཆོས་དང་ལྡན་པའི་བྱ་བའི་དོན་ཉིད་

དང་ལྷུང་བཟེད་དང་ཚོན་གྱི་ལས་ལ་བརྟག་པ་ནི་དུས་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེ་རྣམས་ཀྱིས་ཆོས་དང་ལྡན་པའི་བྱ་བ་གང་ཡིན་པ་དེའི་དོན་ཉིད་ལ་རེག་པ་ལ་ལྷུང་བཟེད་དང་ཚོན་གྱི་ལས་ལ་བརྟགས་པ་ནི་དུས་བྱིན་གྱིས་བརླབས་པའོ། །འདིར་གཞུང་ནི་དུས་བྱིན་གྱིས་བརླབ་པར་བྱའོ་

ཞེས་གསུངས་པ་དང་། དེ་དག་གིས་གང་གི་དོན་དུ་བྱིན་གྱིས་བརླབ་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོན་པའི་བྱ་བ་དང་ཆོས་དང་དགེ་འདུན་དང་། སློབ་དཔོན་དང་མཁན་པོ་དང་། ཚངས་པ་མཚུངས་པར་སྤྱོད་པའི་བྱ་བས་མངོན་པར་བརྟེན་པ་ནི་བྱིན་གྱིས་བརླབ་པ་དང་། མངོན་

པར་འདུ་བྱེད་པ་སེམས་ཀྱིས་འདིར་རྣམ་པར་གནས་པ་ཡིན་ནོ། །ཆོས་དང་ལྡན་པའི་བྱ་བའི་དོན་གྱི་དབང་ཉིད་ཀྱིས་ནི་འདིར་འཇུག་པར་རིགས་པ་ཡིན་ཏེ། དེའི་ཕྱིར་ཆོས་དང་ལྡན་པའི་དོན་ཉིད་ཀྱི་ཚིག་གོ། །སློབ་དཔོན་དང་མཁན་པོ་དག་ལ་ནི་མ་ཡིན་ཏེ་ཚངས་པ་མཚུངས་པར་སྤྱོད་པ་དག་ལ་ཡང་མ་ཡིན་

ནོ། །དེ་བས་ན་འདིར་དེ་དག་གི་ཞེས་བྱ་བའི་ཚིག་གོ། །འདིར་ལྷུང་བཟེད་དང་ཚོན་གྱི་ལས་ཞེས་སྨོས་པས་ནི། རང་གི་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་བསྟན་ཏོ། །ལྷུང་བཟེད་ཀྱི་ལས་བྱའོ་ཞེ་འམ། ཚོན་གྱི་ལས་བྱའོ་ཞེས་ཡིད་ཀྱིས་བརྟག་པ་གང་ཡིན་པ་དེ་ནི་དུས་བྱིན་གྱིས་བརླབ་པ་ཡིན་ནོ། །ཡུན་རིང་དུ་

བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་དུས་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་དགེ་སློང་དག་ལྷུང་བཟེད་ཀྱི་ལས་དང་ཚོན་གྱི་ལས་དག་བྱེད་པ་ན་ཡང་དང་ཡང་བརྗེད་ངས་པས་མེ་ལ་རེག་ནས་དེ་དག་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་ཡུན་རིང་དུ་བྱིན་གྱིས་བརླབ་པར་བྱའོ་

ཞེས་བྱ་བ་དེ་འདིས་བསྡུས་པ་ཡིན་ནོ། །ཅི་ཞིག་བྱས་ན་མེའི་ཐ་སྙད་ཀྱི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་རྩེ་བ་ཉིད་ནའོ་ཞེས་བྱ་བ་སྨོས་སོ། །དེ་རྣམ་པ་གང་གིས་ཡིན་ཞེ་ན། རྩེ་བའི་ངོ་བོ་བསྟན་པའི་ཕྱིར་གཞན་ལ་གཏོང་བས་ཟླ་བ་དང་ཉི་མ་དང་མགལ་མེའི་འཁོར་ལོ་ལ་སོགས་པ་བྱེད་པས་སོ་ཞེས་བྱ་བ་

Vol. 160 · folio 241a

སྨོས་སོ། །ཅི་ཞིག་རྩེ་བ་ལ་ཞེ་ན། དེའི་ཕྱིར་མེའི་ཞེས་བྱ་བ་སྨོས་སོ། །ཅི་རྩེ་བ་འབའ་ཞིག་ལ་ལྟུང་བ་འདིར་འགྱུར་རམ་ཞེ་ན། དེའི་ཕྱིར་དུས་བྱིན་གྱིས་མ་བརླབས་པའི་དགེ་སློང་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པས་རེག་ནའོ་ཞེས་བྱ་བ་སྨོས་ཏེ། མེ་ལ་ཞེས་བྱ་བར་སྦྱར་རོ། །

ཇི་ལྟར་རེག་ན་ཞེ་ན་དེའི་ཕྱིར་རང་ངམ་བསྒོ་བས་སོ་ཞེས་བྱ་བ་སྨོས་ཏེ། ཅི་རྩེ་བས་རེག་པ་འབའ་ཞིག་ལ་ལྟུང་བ་འདིར་འགྱུར་རམ་ཞེ་ན་དེའི་ཕྱིར། སྦར་བ་དང་གསོད་པ་དང་རེག་པ་དང་མ་རེག་པའི་བུད་ཤིང་བསྐུལ་བ་དང་བཅས་པ་འདྲེན་པ་དང་མ་དག་མ་སྤུང་བ་དང་འབྲུ་བ་དག་ལའོ་ཞེས་བྱ་བ་སྨོས་སོ། །དུས་

བྱིན་གྱིས་མ་བརླབས་པའམ་ན་བའི་དབང་ཉིད་དུ་གནས་པ་མ་ཡིན་པའི་རང་ངམ་བསྒོ་བས་ཞེས་བྱ་བར་སྦྱར་རོ། །མེ་སྦར་ཏམ་གསོད་དམ་མེས་རེག་པའི་བུད་ཤིང་བསྐུལ་ཏམ། མེས་མ་རེག་པའི་བུད་ཤིང་བསྐུལ་ཏམ། མེ་དང་བཅས་པའི་བུད་ཤིང་འདྲེན་ཏམ་བསྐུལ་ཏམ། མདག་མ་སྤུངས་སམ་འབྲུ་བར་བྱེད་པ་

འདི་རྣམས་ལ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་མེ་སྦར་བར་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱི་མ་བརླབས་པར་སྦར་བར་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །སྦར་ཏམ་གསོད་པ་དག་ལ་ནི་འདི་ཡིན་ཏེ། བུད་ཤིང་མེས་རེག་པ་བསྐུལ་ཏམ། མས་མ་རེག་པའི་

བུད་ཤིང་བསྐུལ་ཏམ། མེ་དང་བཅས་ཤིང་འབྲེལ་པའི་བུད་ཤིང་ཕྱིར་དྲངས་སམ། མདག་མ་དག་སྤུངས་སམ་དེ་བཞིན་དུ་མགལ་བར་སྐུལ་བར་བྱེད་དམ། མགལ་བ་འདྲེན་པར་བྱེད་དམ། ཤིང་འཛུད་པར་བྱེད་ན་ཐམས་ཅད་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །མེས་མ་རེག་པའི་བུད་ཤིང་

བསྐུལ་ཏམ་ཞེས་བྱ་བ་གཞན་ཀློག་པ་འདི་བུད་ཤིང་བསྐུལ་བར་གྱུར་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་སྨོས་པ་དང་། འདིར་རང་གིས་བསྐུལ་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་དང་། འདིར་གཞན་ལ་བསྒོ་བ་ཞེས་བྱ་བ་མདོའི་ཚིག་ལས་རྟོགས་པར་བྱའོ། །མེ་མ་མུར་ནི་ཕྱེད་ཤི་བ་ཉིད་དོ་ཞེས་བྱ་བ་ཉེས་བྱས་བྱེད་པ་པོ་

ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་མེ་མ་མུར་ལ་རེག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །མེ་ལྕེ་དག་ཀྱང་ངོ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་ཕྱེད་ཤི་བ་ཉིད་ཅེས་བྱ་བའི་རྗེས་སྙེགས་པའི་ཕྱིར་སྨོས་སོ། །འདིར་གཞུང་ནི་མེ་མ་མུར་ལ་རེག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་

Vol. 160 · folio 241b

གང་ཞིག་མེ་མ་མུར་དང་མེ་ལྕེ་རྣམས་ལ་དེར་བུད་ཤིང་འཛུད་པ་དང་འབྱིན་པ་ནི་མེ་གཞན་གྱི་ཉེས་པ་ཁོ་ན་ཡིན་གྱི་དེར་ཅི་ཞིག་འདིར་བྱས་པས་ཉེས་བྱས་སུ་རྟོགས་པར་བྱ་ཞེས་བྱ་བ་འདིར་སྟོན་པ་ནི་དེར་བུད་ཤིང་འཇུག་པ་དང་འབྱིན་པ་ནི་མེ་གཞན་གྱི་ཉེས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། མེ་གཞན་དུ་འཛུད་པ་ནི་འདི་ཡིན་ཏེ།

མེ་མ་མུར་དང་མེ་ལྕེའི་འཇུག་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེའི་དབང་གིས་འདིར་ལྟུང་བ་འབྱུང་བ་མ་ཡིན་ནོ། །མེ་གཞན་གྱི་དབང་ཁོ་ནར་ལྟུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །འདིར་འཛུད་པ་ལ་ནི་ལྟུང་བྱེད་དུ་ཤེས་པར་བྱའོ། །སྐྲ་དང་ཁ་སྤུ་དང་སེན་མོ་དང་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་

རླུགས་པ་དང་། མོན་སྲན་སྡེའུ་དང་། མོན་སྲན་གྲེའུ་དང་ཏིལ་དང་འབྲུ་མར་དང་སྦྲང་རྩི་དང་མར་དག་ནི་བུད་ཤིང་གི་ཕྱེད་ཉིད་དོ་ཞེས་བྱ་བ་སྨོས་ཏེ། བུད་ཤིང་གི་ཕྱེད་དུ་གྱུར་པ་འདི་རྣམས་ལ་ནི་ཉེས་བྱས་ཏེ། འདི་རྣམས་ལ་ནི་འཇོག་པ་དང་འདོན་པ་དག་ལ་ཞེས་བྱ་བའི་དོན་ཏོ། །ཀློག་པ་ཁ་ཅིག་ལས་དགེ་སློང་གིས་

མེའི་ནང་དུ་སྐྲ་དང་སྤུ་དང་རུས་པ་དང་སེན་མོ་དག་འཇུག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གཞན་དུ་ན་ཡང་མེའི་ནང་དུ་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་དག་འཛུད་ན་ཉེས་བྱས་སོ་ཞེས་གསུངས་པ་དང་། ཞུ་བ་ལས་ཀྱང་བཙུན་པ་རེ་ཞིག་དགེ་སློང་གིས་ཏིལ་མར་དང་མོན་སྲན་སྡེའུ་དང་། མོན་

སྲན་གྲེའུ་ཞུགས་སུ་གསོལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །ཀློག་པ་ཁ་ཅིག་ལས་བཙུན་པ་རེ་ཞིག་དགེ་སློང་གིས་མར་དང་འབྲུ་དང་སྦྲང་རྩི་ཞུགས་སུ་སྩོལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རུས་པ་དང་མཆིལ་མ་བསྲེགས་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ཏེ།

དེ་དག་ནི་བསྡུས་ནས་སྨྲས་སོ། །དེ་དག་ཀྱང་དཔེ་ཙམ་དུ་ཟད་དེ་རྩྭ་དང་ཤིང་དང་རས་བལ་དང་བལ་དུ་གྱུར་པ་ཡང་དེ་དང་འདྲ་བར་བཅས་པའི་ཆོས་ཅན་ནོ། །གཞན་གྱི་བྱ་བ་གཞན་ལ་བྱིན་གྱིས་རློབ་པ་ནི་ཕྱེད་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བ་ལ། འདི་ནི་དོན་ཇི་ལྟ་བར་བྱིན་གྱིས་བརླབ་པར་བྱ་བ་མ་

ཡིན་ཏེ། དེ་ལྟ་བས་ན་འདི་ནི་ན་སྨད་པ་ཡིན་ནོ། །འདིར་གཞུང་ལ་ལ་དག་ལས་ནི་འདི་སྐད་ཅེས་དགེ་སློང་གིས་མཁན་པོའི་བྱ་བ་ལ་མེ་ལ་རེག་ཅིང་སློབ་དཔོན་ལ་བྱིན་གྱིས་རློབ་པར་བྱེད་ན་ཉེས་བྱས་སོ། །ཆོས་ཀྱི་བྱ་བས་དགེ་འདུན་ལ་བྱིན་གྱིས་རློབ་པར་བྱེད་ན་ཉེས་བྱས་སོ། །ཐམས་ཅད་ཕྱིན་ཅི་ལོག་ཏུ་

Vol. 160 · folio 242a

བྱིན་གྱིས་རློབ་པར་བྱེད་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །མེ་ལ་རེག་པའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་དད་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་གི་དོན་གྱི་ཆེད་ཀྱི་ལས་བྱས་པ་ལ་དད་པ་ཕུལ་བའི་ཕྱིར་བསྒྱུར་བའི་ཕྱིར་སྨྲས་ནའོ་ཞེས་བྱ་བ་སྨོས་

སྟེ། དགེ་སློང་དང་འབྲེལ་པའི་དོན་གྱིས་དགོས་པ་གང་ཡིན་པ་དེ་ནི་དགེ་སློང་གི་དོན་ཏོ། །དོན་དེའི་ཕྱིར་ལས་བྱས་པ་གང་ཡིན་པ་དེ་ནི་དགེ་སློང་གི་དོན་ཆེད་དོ། །དོན་གྱི་ཆེད་དེ་ལ་གསོལ་བ་དང་བརྗོད་པ་དང་དགག་དབྱེ་དང་བསྒོ་བའི་བདག་ཉིད་ཀྱིས་ལས་བྱས་པ་གང་ཡིན་པ་དེ་དོན་གྱི་ཆེད་ཀྱི་ལས་སོ། །

ལས་དེ་བྱས་པ་ལ་ཞེས་བྱ་བ་ནི་བྱས་ཟིན་པ་ལའོ། །ལས་བྱས་པ་དེ་ལ་དད་པ་ཕུལ་བ་ཕྱིར་བསྒྱུར་བའི་ཕྱིར་སྨྲས་པ་ནི་དགེ་སློང་དད་པ་སླར་བྱིན་ཅིག །ཁྱོད་ལ་མི་སྦྱིན་ནོ་ཞེས་དེ་སྐད་ཟེར་ཞིང་ཕྱིར་འཕྲོག་པ་སྟེ། དེ་བས་ན་དད་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཚོགས་པ་འདི་འཇིག་

པ་དགེ་འདུན་འབྱེད་པ་ཞེས་བྱ་བའི་ཁ་ན་མ་ཐོ་བའོ། །དད་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དོ།། །།ཟླ་བ་དང་ཉི་མ་མ་གཏོགས་པའི་སྣང་བ་དང་བཅས་པའི་གནས་ཀྱི་ཕྱོགས་སུ་ཉལ་བར་མི་བྱའོ་ཞེས་བྱ་བ་ནི། ཟླ་བ་དང་ཉི་མ་དག་མ་གཏོགས་པའི་སྣང་བ་ཟླ་བ་དང་ཉི་མ་དག་ལས་གཞན་པའི་སྣང་

བ་ཁྱིམ་གྱི་ཕྱོགས་གང་ན་ཡོད་པ་དེར་རོ། །ཁྱིམ་དེ་ནི་དེར་གང་ཞིག་སླར་བཀབ་པ་དང་ཡོངས་སུ་བསྐོར་བ་ཁྱིམ་གྱི་ཐ་མར་ཞེས་བྱ་བ་འདི་འཇུག་པས་ཁྱིམ་འདིའི་ངོ་བོ་རིག་པར་བྱའོ། །འདི་ཕྱོགས་ཀྱི་ཚིག་ནི་ཕྱོགས་གང་ན་སྣང་བ་མེད་པ་དེར་ཉལ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བར་སྟོན་ཏོ། །ཕྱོགས་དེ་ལས་

གཞན་དུ་ནི་ལྟུང་བ་མེད་ཅེས་བྱ་བའི་དོན་འདི་བསྒྲུབ་པའི་དོན་དུའོ། །འོ་ན་འདི་ལྟར་སྣང་བ་དང་བཅས་པ་ཉིད་ལ་ཕྱོགས་གཅིག་ཏུ་སྣང་བ་དང་བྲལ་བའི་ཕྱོགས་ལ་སྣང་དུ་རུང་བ་ཉིད་ཡོད་དོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འདི་ནི་ལོངས་སྤྱོད་ཅན་གྱི་ཡོ་ལང་སྤང་བའི་ཕྱིར་ཡིན་གྱི། ལྟ་བའི་ཕྱིར་བཀག་པ་ནི་མ་ཡིན་

ནོ། །འདིར་གླེང་གཞི་ནི་གཙོ་བོ་མ་ཡིན་ཏེ། ཟླ་བ་དང་ཉི་མ་དག་ལས་སྤང་བ་མ་ཡིན་པ་ཉིད་བརྗོད་པའི་ཕྱིར་རོ། །ཉལ་བར་མི་བྱའོ་ཞེས་བྱ་བ་ནི་གཉིད་ལོག་པ་ལས་འདའ་བར་བྱ་སྟེ། དེ་ཉལ་ན་མཚན་མོའི་མཐར་ནི་དངོས་གཞིར་འགྱུར་བའི་ཉེས་བྱས་སོ། །མདུན་རོལ་དུ་ནི་སྦྱོར་བར་འགྱུར་བའི་

Vol. 160 · folio 242b

ཞེས་བྱ་བ་འདི་འདིར་རྟོགས་པར་བྱའོ། །ཅི་རྣམ་པ་ཐམས་ཅད་ཉིད་ཀྱིས་དེ་ལྟ་ཡིན་ནམ་ཞེ་ན། དེའི་ཕྱིར་ནད་པ་དང་། ནད་གཡོག་གི་དབང་ཉིད་མ་གཏོགས་སོ་ཞེས་བྱ་བ་སྨོས་ཏེ། ནད་པའི་དབང་ཉིད་དང་ནད་གཡོག་གི་དབང་ཉིད་ཀྱིས་དེར་ཉལ་བ་ནི་མ་གཏོགས་སོ། །འདི་ལ་ཁ་ཅིག་ནི་ལྟུང་

བྱེད་ཅེའོ་ཞེས་བྱ་བ་ནི་འདིར་སྣང་བ་དང་བཅས་པའི་ཁྱིམ་གྱི་ཕྱོགས་སུ་ཉལ་བ་འདི་ལ་འདུལ་བ་འཛིན་པ་ཁ་ཅིག་ནི་ལྟུང་བྱེད་དུ་འདོད་དོ། །དེ་ནི་མི་རིགས་ཏེ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཉལ་ན་ཞེས་སྨོས་པ་ཡིན་ཏེ། དེ་བས་ན་དགེ་སློང་གིས་སྣང་བ་དང་བཅས་པའི་གནས་སུ་བསྙེན་པར་མ་

རྫོགས་པ་དང་ལྷན་ཅིག་ཉལ་བར་མི་བྱའོ། །ཉལ་ན་ལྟུང་བྱེད་དོ། །འདིར་གཞུང་ནི་ཀློག་པ་ཁ་ཅིག་ལས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་འདི་ལ་དེའི་འོག་ཏུ་ལྟུང་བྱེད་བཅའ་བར་མཛད་དེ། འདིར་སྣང་བ་དང་བཅས་པར་འཇུག་པ་འདི་ལ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་

བ་བསྡུས་པ་ནི་མ་ཡིན་ཏེ། རིགས་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །འདིར་ལྟུང་བྱེད་རྣམས་མི་རིགས་པས་འདི་དང་འབྲེལ་པའི་ལྟུང་བྱེད་དུ་རྣམ་པར་གཞག་པར་འགྱུར་བ་མ་ཡིན་ནོ། །ཉལ་བ་མ་ཡིན་པ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི་འདི་དག་ཐམས་ཅད་བསླབ་པའི་གཞི་རྣམས་ལ་དང་པོར་ཉལ་བ་དང་། བསླབ་

པའི་གཞི་རྣམས་ལ་ཉལ་བ་མ་ཡིན་པ་ལས་གཞན་པའི་སྤྱོད་ལམ་ལ་ནི་ཕྱེད་ཉིད་ནི་ན་སྨད་པ་བྱེད་པ་ཉིད་དོ། །ཉལ་བ་མ་ཡིན་པ་ལ་ཤིན་ཏུ་མ་ཆོག་པ་ཉིད་དེ་སྣང་བ་དང་གཉིད་འདའ་བར་བྱེད་པ་དང་མཚན་མོའི་མཐའ་ནི་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་དང་བཅས་པའི་དགེ་སློང་ལ་ནི་ཉེས་བྱས་སོ། །

བསྙེན་པར་མ་རྫོགས་པ་ལ་སོགས་པ་དང་ལྷན་ཅིག་ཏུ་ཉལ་བ་ལ་ལྟུང་བྱེད་དུ་མི་འགྱུར་ཏེ། ཉལ་བ་བརྟག་པར་བྱའོ་ཞེས་བྱ་བ་ལ་ཉལ་བའི་ཚིག་འདི་ནི་འདིར་གཞུང་ངོ་། །གང་གི་ཕྱིར་འདུག་པ་ལ་ནི་ཉལ་བའི་ཚིག་འཇུག་པ་ཡིན་ཏེ། རྨི་ལམ་དུ་གཉིས་པོ་ཡང་འདིར་ཡན་ལག་དང་ཡན་ལག་ཅན་དུ་གྱུར་པ་

མངོན་པར་འདོད་པ་སྟེ། དེ་ལྟར་ཡང་བུད་མེད་དང་ལྷན་ཅིག་ཏུ་ཉལ་བ་ལ་ནི་དབུགས་ཕྱུང་བ་དགེ་སློང་ཡིད་བརྟན་པ་མི་འཇོག་པར་གློས་འབེབས་སམ། གཉིད་ལོག་པར་བྱེད་ན་ཞེས་བྱ་བའི་ཡན་ལག་གཉིས་གསུངས་སོ། །ཉིན་མོ་ཐ་དད་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་དེ་ཡང་ཕྱེད་ཉིད་དེ་ཞེས་བྱ་བའི་རྗེས་

Vol. 160 · folio 243a

སྙེག་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཉིན་མོའི་འཇུག་པ་ལ་དེའི་རིགས་དང་མི་ལྡན་པ་མ་ཡིན་པ་ཞེས་བྱ་བ་འདིར་ཉེས་པ་དང་ལྡན་པ་ཉིད་ཤེས་པའོ། །སྣང་བ་ལ་ཡང་འདིར་ནི་ཉི་མའི་སྣང་བ་ཞེས་བྱ་བའི་ཚིག་གིས་སོ། །གང་གི་ཕྱིར་མཚན་མོ་ཉི་མའི་སྣང་བ་མེད་པས་

སོ། །དེ་བས་ན་འདིས་ཉིན་མོ་ཡང་སྣང་བ་དང་བཅས་པར་ཉལ་བས་ལྟུང་བ་བསྟན་པར་འགྱུར་རོ། །འཇུག་པ་འདི་གང་དེ་དང་འདྲ་བ་ཉིད་ནི་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཉལ་བ་དང་བུད་མེད་དང་ལྷན་ཅིག་ཏུ་ཉལ་བའོ། །དེ་ལྟ་བས་ན་འདིར་ཡང་ཉིན་མོ་ཡང་ལྟུང་བ་བསྐྱེད་པར་ཤེས་པ་ཡིན་ནོ། །

ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་གནས་ཀྱི་མཐའ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་སླར་གཡོགས་པ་དང་གང་ཞིག་སླར་བསྐོར་བ་འདི་ནི་གནས་ཀྱི་མཐའ་ཡིན་ནོ། །དེ་ཡང་ཐམས་ཅད་པས་དམན་པའི་གནས་དང་འདིའི་ཕྱོགས་གཅིག་མ་གཡོགས་པ་གང་ཡིན་པ་དེ་ཡང་གནས་ཉིད་དོ། །ཅུང་ཟད་

གཡོགས་ཤིང་ཐམས་ཅད་དུ་བསྐོར་བ་ལ་གཡོགས་པ་ལ་ཡང་མ་ཡིན་ནོ་ཞེས་བྱ་བ་འདིས་བྱས་པར་རིག་པར་བྱའོ། །གནས་ནི་རྣམ་པ་བཞི་སྟེ་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། གང་ཞིག་ཐམས་ཅད་གཡོགས་ཤིང་ཕལ་

ཆེར་བསྐོར་བ་ནི་བསྒོ་བཅུ་པའམ་སྒོ་བཅུ་གཉིས་པ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་ཁྱམས་ངོས་བཞི་པ་དང་། གང་ཞིག་ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ཁྱམས་ངོས་གསུམ་པའམ་འཁོར་གྱི་ཁྱམས་ལྟ་བུའོ་ཞེས་གསུངས་པ་ཡིན་ནོ། །གང་གིས་ངོས་བཞི་ལ་ཡང་བསྐོར་བ་

དང་འབྲེལ་པའི་ངོས་ཡོད་པ་དབུས་ན་མེད་པ་དེ་ནི་ཁྱམས་ངོས་བཞི་པའོ། །གང་གིས་ངོས་གསུམ་དང་དབུས་སུ་ངོས་གཅིག་གིས་གཡོགས་པ་ལ་བསྐོར་བ་མེད་པ་དེ་ནི་ཁྱམས་ངོས་གསུམ་པའོ། །ད་ལྟ་བས་ན་རྣམ་པ་བཞི་པོ་འདི་བསྡུ་བའི་ཕྱིར་མཐར་ཐུག་ན་ཞེས་སྨོས་སོ། །དེའི་སྒོའི་ངོས་དང་འབྲེལ་པའི་ཉེ་

འཁོར་གྱི་གནས་སུ་གྱུར་པ་ནི་དེའི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། སྒོ་ཡོད་པ་དེའི་གནས་སུ་གྱུར་པ་ནི་འབྲེལ་པ་སྟེ། དེའི་ཉེ་འཁོར་གང་ཡིན་པ་དེ་ལ་དེའི་གནས་སུ་གྱུར་པ་ཉིད་ནི་གཅིག་ཏུ་གྱུར་པ་ཉིད་དོ། །གནས་དེས་ཀུན་ནས་ཡོངས་སུ་བསྐོར་བའི་ཁྱམས་རིམ་པ་གསུམ་པ་ལ་ངོས་

Vol. 160 · folio 243b

གཡོགས་པ་གང་ཡིན་པ་དེ་ལྟ་བུར་གྱུར་པ་ནི་ཉེ་འཁོར་རོ། །དེ་ལ་འདི་དང་ལྷན་ཅིག་གཅིག་པ་ཉིད་ནི་གཅིག་པར་གྱུར་པ་ཉིད་དུ་ཤེས་པར་བྱ་བ་ཡང་མ་ཡིན་ནོ། །འདིར་ཚིག་ནི་ཉེ་འཁོར་དོར་ལ་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་དེའི་དོན་རྣམ་པར་གནས་པ་ཡིན་ཏེ། གཙུག་ལག་ཁང་གི་ཁྱམས་ཀྱི་

ཕྱིར་འདི་གསུངས་པ་ཡིན་ཏེ། གནས་མ་ཡིན་པར་གྱུར་པ་ལ་ནི་གནས་ཉིད་རིགས་པ་མ་ཡིན་གྱི། ཉེ་འཁོར་དང་བཅས་པ་ཉིད་ལྷན་ཅིག་ཏུ་གནས་པ་ཉིད་འགྱུར་བ་ཡིན་ཏེ། དེ་ལྟ་བས་ན་འདིར་འདི་རྣམ་པར་གཞག་པའོ། །ཉེ་འཁོར་དུ་བཅས་པ་མ་ཡིན་པ་ཉིད་ལ་ཉེ་བར་བརྟེན་པ་ཉིད་ལ་ཡང་འདི་དང་གཞན་ཡོད་

པ་ཡིན་ཏེ། གནས་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །ཁྱེར་གཞན་བར་དུ་མ་ཆོད་པ་སྒོ་དེ་དང་འབྲེལ་པ་ཡང་ཞེས་བྱ་བ་ནི་ཁྱེར་གཞན་ནི་གང་ཞིག་གནས་སུ་གྱུར་པ་འབྲེལ་པ་བར་དུ་མ་ཆོད་པ་ཁྱེར་ཏེ་དེ་ལ་ཁྱེར་གཞན་དང་མ་འདྲེས་པ་དེ་ལ་ཡང་གལ་ཏེ་ཡོད་ན་དེ་དང་འབྲེལ་པའི་སྒོ་གཞན་དུ་ཟིན་ཀྱང་དེ་དང་འབྲེལ་

པ་ཉིད་ནི་གཅིག་པར་འགྱུར་བ་ཉིད་དེ། ཁྱེར་གཞན་དང་ལྷན་ཅིག་ཏུ་ཞེས་བྱ་བའི་དོན་ཏོ། །ཉེ་འཁོར་གྱི་རྣམ་པ་ཉིད་ཀྱིས་འདི་ལ་དེ་དང་འབྲེལ་པ་ཉིད་ཤེས་པ་ཡིན་ཏེ་ཁྱེར་གཞན་ལ་ནི་མ་ཡིན་ནོ། །ཁྱེར་གཞན་གྱིས་བར་དུ་ཆོད་པ་ནི། གང་ཞིག་འདི་ལ་བར་དུ་ཆོད་པ་ཉིད་དེ་ལ་ཉེ་འཁོར་གྱི་རྣམ་པ་ཉིད་དོ། །དེ་

བས་ན་འདི་ལ་དེ་དང་འབྲེལ་པ་ཉིད་ནི་མ་ཡིན་ནོ། །ཉེ་འཁོར་དང་བཅས་པ་ནས་གནས་ཁང་ཙམ་གྱི་ཕ་རོལ་ན་ཐ་དད་པར་གྱུར་ཅིང་གནས་པ་མ་ཡིན་ནོ་ཞེས་བྱ་བ་ལ། ཉེ་འཁོར་དང་བཅས་པའི་གནས་ལ་ཚད་གང་ཡིན་པ་དེ་ཙམ་གྱི་བར་ནས་གཞན་ཐ་དད་པར་གྱུར་པ་གཅིག་གམ་དུ་མའི་གང་ཟག་གིས་ལྷག་པར་

གནས་པ་ལ་དེ་དང་འབྲེལ་པ་ཉིད་ནི་མ་ཡིན་ལ་གནས་ངེས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཡོགས་པ་གཅིག་ཆ་ཅན་བཀབ་པ་འདི་ཡིན་ཏེ་ཞེས་བྱ་བ་འདིར་ཧ་ཅང་ཐལ་བས་གནས་གཅིག་ཉིད་དུ་རྟོགས་པ་ཡིན་ནོ། །འདིར་ཁུངས་ནི་འགྲོན་པ་ལས་ཕྱི་རོལ་དུ་འབྱུང་བར་མི་བྱ་བར་འདི་འདི་ལྟར་འགྲོན་པ་དང་ཁོ་བོ་

གཉིས་སུ་གཅད་དོ་ཞེས་གསུངས་པ་ཡིན་ནོ། །གང་གི་ཕྱིར་འདི་ནི་མངོན་པར་སྐྱོབ་པའི་དབང་དུ་བྱས་པ་མ་ཡིན་ཏེ། འདི་ལ་ཉེས་པ་མེད་པའི་ཕྱིར་རོ། །ཐ་དད་པར་གྱུར་པ་བསྙེན་པར་མ་རྫོགས་པ་ལྷག་པར་གནས་པ་ཉིད་ནི་འདིར་གཙོ་བོ་མ་ཡིན་ཏེ། དུ་མ་ཉིད་ཀྱང་མ་ཡིན་ནོ། །དེ་ལྟ་བས་ན་གཅིག་ལ་ཡང་

Vol. 160 · folio 244a

འདིར་འཕགས་པར་བྱས་པ་ཡིན་ནོ། །ཤིང་ལྗོན་པའི་དྲུང་དང་རྩིག་པའི་བར་དང་ཚང་ཚིང་གི་དྲུང་དག་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི་གནས་ཀྱི་ཕྱེད་ཉིད་དེ་ཉེས་བྱས་སོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་ཤིང་ལྗོན་པའི་དྲུང་དུ་བསྙེན་པར་མ་རྫོགས་པ་དང་

ལྷན་ཅིག་མཆིས་ཤིང་ཉལ་བར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ། །དེ་བཞིན་དུ་རྩིག་པའི་བར་དང་དེ་བཞིན་དུ་ཤིང་དྲུང་དག་ཏུ་ཞེས་བྱ་བ་ནི་དཔེ་ཙམ་དུ་རིག་པར་བྱའོ། །མ་བསྐོར་བ་དང་མ་བཀབ་པ་དང་བསྐོར་བའི་སྣ་མ་ཕྲད་པ་དང་གཅིག་གམ་གཉིས་སམ་བསྐོར་བའི་སྣ་མ་ཕྲད་པ་དང་། བྱ་སྐྱིབས་

དང་ཤིང་ལྗོན་པ་ལ་སོགས་པ་དག་ཀྱང་རྣམ་པ་འདི་བཞིན་དུ་ཤེས་པར་བྱའོ། །གང་གི་ཕལ་ཆེར་སྐོར་བ་མེད་པ་དེ་ནི་འདིར་བར་དུ་བརྗོད་པར་རིག་པར་བྱའོ། །ཐིབས་པོ་དང་བཅས་པ་དག་བུད་མེད་དང་ལྷན་ཅིག་ཉལ་བ་ཡང་ངོ་ཞེས་བྱ་བ་ནི་ཐིབས་པོ་ཞེས་བྱ་བ་རྩྭའམ་ནགས་སམ་འོད་མའམ་ཚེར་མ་ལ་

སོགས་པ་དང་བཅས་པ་དག་གི་ནང་དུ་བུད་མེད་དང་ལྷན་ཅིག་ཉལ་ཡང་ཉེས་བྱས་ཉིད་དེ་ཤིང་གི་རྩ་བ་གཅིག་པུར་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཀུན་ནས་ཡོངས་སུ་བསྐོར་བ་ལ་ཡང་མ་གཡོགས་པ་དང་གསང་བར་གྱུར་པ་གཞན་དག་ཀྱང་འདིར་འཕངས་པར་རིག་པར་བྱའི། ཉེ་འཁོར་དང་བཅས་པ་གནས་

པ་ཙམ་ལས་གཞན་ཐ་དད་པར་གྱུར་པ་ལྷག་པར་གནས་པ་ལ་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་བུད་མེད་དང་ལྷན་ཅིག་ཉལ་བ་ལ་དམིགས་ཀྱིས་བསལ་བའི་བྱེ་བྲག་གང་ཞིག་བསྟན་པའི་ཕྱིར་འདི་ལ་ནི་བྱ་གག་འཕུར་ནས་བབ་པའི་ལམ་གྱིས་བར་དུ་ཆོད་པར་གྱུར་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བྱ་གག་

འཕུར་ནས་བབ་པའི་བར་གྱི་ལམ་གང་ཡིན་པ་དེ་ལ། འདིར་བུད་མེད་དང་ལྷན་ཅིག་བར་དུ་ཆོད་པར་གྱུར་པ་ཉིད་དོ། །ཉེ་འཁོར་དང་བཅས་ནས་གནས་ཁང་ཙམ་གྱི་ཕ་རོལ་ན་ནི་མ་ཡིན་ཏེ། དེ་ཙམ་གྱི་བར་ཆད་ཀྱིས་བར་དུ་ཆོད་པ་མེད་པ་དང་བར་དུ་ཆོད་པ་ལ་བར་དུ་མི་རྒྱུ་བའི་དབང་གིས་གནས་གཅིག་པ་

ཉིད་དུ་བརྟེན་པ་ཡིན་ནོ། །ཐ་དད་པར་གྱུར་པ་ཉིད་དུ་ལྷག་པར་གནས་པ་ཐ་དད་པར་གནས་པ་ཉིད་ཅེས་བྱ་བ་འདི་ལ་འདི་ནི་བྱེད་པ་པོའོ། །ནང་དུ་གཅིག་ཏུ་རྒྱུ་ཞིང་བར་ན་གནས་གཞན་མེད་པ་མ་ཡིན་པ་ཉིད་ལ་ནི་གཡོགས་པ་ཐམས་ཅད་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་བར་ན་གནས་གཞན་མེད་པ་

Vol. 160 · folio 244b

གཡོགས་པ་གང་ཡིན་པ་དེ་ནི་བར་ན་གནས་གཞན་མེད་པ་ཉིད་དོ། །གནས་མེད་པར་གྱུར་པའི་བར་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །འདིའི་གང་སླར་གཡོགས་ཤིང་ཡོངས་སུ་བསྐོར་བའི་མཐར་ཐུག་པ་ཉེ་འཁོར་དུ་གྱུར་པ་མ་ཡིན་པའི་གནས་གཞན་ཐམས་ཅད་ལ་གནས་ཐ་དད་པ་ཉིད་མ་ཡིན་ནོ། །རྒྱུ་

བའི་གོ་སྐབས་གང་འདི་ལ་གནས་པ་ཉིད་དུ་བྱེད་པའི་ཉེ་འཁོར་དང་ལྡན་པ་ལ་ཕལ་ཆེར་ལ་གཡོགས་པ་ཉིད་ཀྱིས་གནས་གཞན་མ་ཡིན་པ་ཉེ་བར་མེད་པ་ཉིད་དོ། །གནས་མ་ཡིན་པར་གྱུར་པའི་བར་གྱི་དེ་ལ་ནང་དུ་རྒྱུ་བ་འདི་ཡོད་པ་ཡིན་ཏེ། འབྱུང་བ་ཉིད་ཀྱིས་ནི་གོ་སྐབས་དེ་འདིར་འཇུག་པ་ཉིད་ནི་མ་

ཡིན་ནོ། །དེ་དང་ལྷན་ཅིག་ཏུ་གནས་པ་ཉིད་དེ་དང་ལྷན་ཅིག་ཏུ་གང་གི་ཕྱིར་དེ་བརྗོད་པ་ཐམས་ཅད་ལ་གནས་མ་ཡིན་པར་གྱུར་པ་ཉིད་ལ་རྒྱུ་བའི་ལམ་པ་ལའོ། །གལ་ཏེ་མ་ཡིན་ན་འདི་ལ་གཡོགས་པ་ཉིད་ལ་ནི་ལྟུང་བ་མེད་དོ། །གལ་ཏེ་གཡོགས་པ་ཉིད་ཡིན་ན་ཉེས་བྱས་སུ་རིག་པར་བྱའོ། །ཁྱམས་ངོས་བཞི་

དང་གསུམ་པ་དག་ལ་ནོར་དག་ལ་བར་ཆོད་དང་བཅས་པ་ཉིད་ཀྱིས་ཉེས་བྱས་སུ་རིག་པར་བྱའོ། །རང་གི་ཆར་གཏོགས་པའི་སྒོ་བཅད་པ་ལ་ནི་ཉེ་འཁོར་ཡང་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི་ལྟུང་བ་འབྱིན་པ་པོའི་ཆར་གཏོགས་པའི་སྒོ་གང་ཡིན་པ་བཅད་པས་བཅད་པ་ཉིད་ཀྱི་སྒོ་དང་ཉེ་འཁོར་ལ་ཡང་འདིར་བུད་

མེད་དང་ལྷན་ཅིག་ཏུ་ཉལ་བ་ལ་ཐ་དད་པ་ཉིད་དོ། །ཁང་བཟངས་ཀྱི་ཕྱོགས་ཀྱི་གཞན་ལ་གནས་ཁང་གཞན་སྒོ་ཁང་དང་བང་རིམ་པ་རྣམས་ལ་གོང་རིམ་ཉིད་དུ་སྨོས་དགོས་སོ། །ལྟུང་བ་འབྱིན་པར་བྱེད་པ་དགེ་སློང་གིས་བསྲུངས་པ་ཉིད་ནི་དེ་དང་འདྲའོ་ཞེས་བྱ་བ་ནི་ལྟུང་བ་འབྱིན་པར་བྱེད་པ་དགེ་སློང་གིས་

བསྲུངས་པ་ཉིད་དང་། བུད་མེད་ཀྱི་ཚོགས་ཀྱང་བདག་པོས་བསྲུངས་པ་ཉིད་དོ། །འདིར་བུད་མེད་དང་ལྷན་ཅིག་ཏུ་ཉལ་བ་གང་ཡིན་པ་དེ་རང་གི་ཆར་གཏོགས་པའི་སྒོ་བཅད་པས་བཅད་པ་ཞེས་བསྟན་པ་གང་ཡིན་པ་དེ་ནི་དེ་དང་འདྲ་བར་བལྟ་བར་བྱའོ། །འདི་ཡང་ཉེ་བར་སྤྱོད་པ་ལ་སོགས་པ་རྣམས་ལ་ཐ་དད་

པ་ཉིད་ཅེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་བང་རིམ་ཁ་ན་རྟག་ཏུ་ཉལ་བར་བྱེད་ཅིང་བུད་མེད་སྒོ་ཁང་ན་ཉལ་ན། དགེ་སློང་དེས་ཕྱི་སྒོ་གཅད་པར་བྱ་བའམ་དགེ་སློང་སྲུང་མ་གཞག་པར་བྱའོ། །ཕྱི་སྒོ་གཅོད་པར་མི་བྱེད་དམ་དགེ་སློང་སྲུང་མ་འཇོག་པར་མི་བྱེད་པར་གློས་ཕབ་སྟེ་གཉིད་ལོག་པར་བྱེད་

Vol. 160 · folio 245a

ན་ཇི་སྲིད་དུ་སྐྱ་རེངས་མ་ཤར་གྱི་བར་དུ་ནི་ཉེས་བྱས་སོ། །སྐྱ་རེངས་ཤར་ནས་ནི་ལྟུང་བྱེད་དོ། །བདག་པོས་བསྲུངས་པར་གྱུར་ན་ལྟུང་བ་མེད་དོ་ཞེས་བྱ་བ་འདི་ཡང་གསུངས་པ་ཡིན་ནོ། །གནས་ཐ་དད་པ་ཉིད་ལ་ནི་བདག་པོས་བསྲུངས་པ་ཉིད་ལ་ལྟུང་བ་མེད་པ་ཡིན་ནོ། །གནས་གཅིག་

པ་ཉིད་ལ་ནི་བདག་པོས་བསྲུངས་པ་ཉིད་ལ་ཡང་སྤྱོད་པ་ལས་བྱུང་བའི་ཆ་དང་། ལྷན་ཅིག་ཏུ་བུད་མེད་ལ་སོགས་པ་དང་འདུག་པའི་གེགས་བྱེད་པའི་བུད་མེད་དང་འབྲེལ་པའི་སྲུང་མ་ཉིད་ལ་ཡང་ལྟུང་བ་མེད་པ་ཡིན་པས་དེའི་ཕྱིར་འདིར་བདག་པོས་བསྲུངས་པ་ཉིད་ནི་དེ་བཞིན་དུ་འདིར་ལྟུང་བས་གོ་བར་བྱེད་པའི་བློ་ལ་

སྐབས་མེད་དོ། །དེ་བས་ན་འདིར་ཡང་གནས་ཐ་དད་པ་ཉིད་ལ་བདག་པོས་བསྲུངས་པ་ཉིད་ལ་ལྟུང་བ་མེད་དོ། །འདིར་བདག་པོས་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དོ། །རིམ་ཁང་གཞན་ལ་ནི་སྐས་སྟེང་དུ་བཏུལ་བ་ཉིད་དོ་ཞེས་བྱ་བ་ནི། རིམ་ཁང་གི་ཁྱེར་གཞན་ལ་ནི་སྐས་སྟེང་དུ་བརྟུལ་བ་ཉིད་ཀྱང་ངོ་། །

རང་གི་ཆར་གཏོགས་པའི་སྒོ་བཅད་པས་བཅད་པ་དང་འདྲ་བར་ལྟུང་བ་འབྱིན་པ་པོ་དགེ་སློང་གིས་བསྲུངས་པ་ཉིད་གཅིག་པུར་མ་ཟད་དེ། ཚོགས་ལ་བསྲུངས་པ་ཉིད་ཀྱང་ཞེས་བྱ་བའི་དོན་ཏོ། །གཞན་གནས་མ་ཡིན་པ་ཉིད་ལ་ནི་ན་སྨད་དོ་ཞེས་བྱ་བ་ནི་ཉེ་འཁོར་ལ་སོགས་པ་ལས་གཞན་དུ་གྱུར་པ་གང་ཡིན་པ་འདིར་

ཞུགས་པ་ཉིད་ཀྱིས་འདིར་བརྩམས་པ་ནི་གནས་མེད་པ་ཉིད་ལ་འདིར་ན་སྨད་པ་སྟེ། ཁ་ན་མ་ཐོ་བ་མེད་པ་ནི་མ་ཡིན་ནོ། །འདིར་གནས་སུ་གྱུར་པ་ཉིད་ལ་ནི་ཉེས་བྱས་ཡོངས་སུ་རྫོགས་པ་ཉིད་དོ། །གཞན་ལ་ནི་ཉེས་བྱས་པར་འགྱུར་བ་ཡིན་ནོ། །ཅི་ཞིག་བྱས་ན་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་

བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་མཚན་མོ་གསུམ་པ་ལ་ཉལ་ནའོ་ཞེས་བྱ་བ་སྨོས་ཏེ། འགལ་ཟླ་གཉིད་མ་ལོག་པ་ལ་དེ་དང་ལྷན་ཅིག་ཏུ་ཉལ་བ་བསྒྲུབ་པ་ཉིད་མ་ཡིན་ནོ། །དེ་བས་ན་དེ་དང་ལྷན་ཅིག་གཉིད་ལོག་པ་ལ་ནི་གཉིད་ཀྱི་ཁ་ན་མ་ཐོ་བ་ཉིད་དུ་བསྒྲུབ་

པའི་ཕྱིར་རོ། །གཅིག་ལ་ནི་ཉེས་བྱས་སོ། །སྤྱོད་ལམ་ནི་གཞན་གྱི་འདིར་ལྟུང་བྱེད་དུ་རྟོགས་པར་བྱའོ། །གཉིད་མ་ལོག་པ་ལ་གཅིག་ཏུ་བསྒྲུབ་པ་ཉིད་ཀྱིས་འདི་ལྟ་བུར་གྱུར་པ་གང་ལ་གཞན་དང་འདྲ་བ་ལྷན་ཅིག་ཉལ་བ་ལ་ནི་ལྟུང་བ་མེད་དོ། །ཁ་ཅིག་ནི་གཞན་དུ་ཡང་དགེ་སློང་གཉིད་ལོག་པ་ཉིད་ལ་ལྟུང་བ་

Vol. 160 · folio 245b

མེད་དོ་ཞེས་འདོད་པ་དེ་ནི་མི་རིགས་ཏེ། འདུག་པ་ལ་ནི་སྐྱོན་མེད་པའི་ཕྱིར་དང་ཉམས་པ་མེད་པའི་ཕྱིར་ཏེ། དེ་བས་ན་འདུག་པ་ལ་བསྒྲུབ་པས་སོ། །མཚན་མོའི་དུས་ལ་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་མཐར་རོ་ཞེས་བྱ་བ་སྨོས་ཏེ། སྐད་ཅིག་གང་གི་མཇུག་ཐོགས་སུ་སྐྱ་རེངས་འཆར་བ་དེར་རོ་ཞེས་བྱ་བའི་དོན་

ཏོ། །འདིར་གཞུང་ནི་གནས་བཞི་པོ་དག་ཏུ་སྐྱ་རེངས་འཆར་བར་བྱེད་ཅིང་། སྐྱ་རེངས་འཆར་ན་ལྟུང་བྱེད་དུ་འགྱུར་བ་ཁོ་ནར་གསུངས་པ་ཡིན་ནོ། །གང་ཞིག་ཇི་ལྟར་མཐར་རོ་ཞེས་བརྗོད་ཅེ་ན། ཉེས་པ་མེད་དེ། དེའི་ཕྱིར་སྒོ་ནས་འདི་བསྟན་པར་ནུས་པའི་ཕྱིར་རོ། །མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་

བྱ་བ་ནི་མཐའ་མ་ལས་མདུན་རོལ་དུ་གསུམ་དུ་གཏོགས་པའི་གཉིད་ལོག་པ་ལ་ནི་ཉེས་བྱས་སོ། །ཉིན་མོ་ཐ་དད་པ་ཉིད་ཀྱང་ངོ་། །དེ་བས་ན་གཞན་དུ་ཞག་གཞན་ལ་ཉེས་བྱས་བསྐྱེད་པ་ཞེས་བྱ་བར་རིག་པར་བྱའོ། །ལམ་གྱིས་དུབ་པ་རྨྱ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་མདུན་རོལ་དུ་ནི་གཉིད་ལོག་པ་ལ་ཉེས་

པ་མེད་པ་ཉིད་ལ་འདིར་བསྒྲུབ་པའོ། །གལ་ཏེ་བསྙེན་པར་མ་རྫོགས་པ་མེད་པའི་གནས་རྙེད་པ་མེད་ན་མཐར་ནི་ཉེས་པ་ཁོ་ནར་འགྱུར་ཞེས་ཤུགས་ཀྱིས་རྟོགས་པར་བྱའོ། །མཐར་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཡང་དེས་མདུན་རོལ་དུ་གཉིད་ལོག་པ་ཙམ་བྱས་སུ་ཟིན་ཀྱང་དེས་དུབ་པ་ལ་མཐར་ཡང་གཉིད་

ལོག་པ་ལ་ཉེས་པ་མེད་དོ། །དགེ་སློང་གིས་བྱར་མི་རུང་བ་ཡོད་ན་དེ་སྒྲུབ་པར་བྱེད་པ་དང་ལྷན་ཅིག་པའི་ནད་གཡོག་ལ་ཡང་ཞེས་བྱ་བ་ནི། དགེ་སློང་གིས་བྱར་མི་རུང་བ་བྱིན་པ་ལ་སོགས་པ་གང་ཡིན་པ་དེ་སྒྲུབ་པར་བྱེད་པའི་ཕྱིར་གང་ཞིག་དེར་འཛིན་པར་བྱེད་པར་གྱུར་པ་དེ་ཡང་ལྷན་

ཅིག་ཏུ་ཉལ་བ་ལ་མདུན་རོལ་དང་མཐར་ཡང་ཉེས་པ་མེད་དོ། །དེར་ནད་པ་དང་ནད་གཡོག་ལ་ཉེས་པ་མེད་པ་ཁོ་ན་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །དགེ་ཚུལ་དང་ཡང་ངོ་ཞེས་བྱ་བ་ནི་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ་མདུན་རོལ་དུ་མཐར་ཡང་ཉེས་པ་མེད་དོ། །གང་ལ་ཞེ་ན། དེའི་ཕྱིར་དེ་དང་

ལྡན་པ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་ཚུལ་དང་ལྡན་པ་ལའོ། །གནས་སྐབས་གང་གི་ཚེ་ཞེ་ན། དེའི་ཕྱིར་དགེ་སློང་སྡིག་ཅན་ཉེ་བར་གྱུར་པ་ཉིད་ནའོ་ཞེས་བྱ་བ་སྨོས་སོ། །ཅི་དེ་དང་ལྡན་པ་ཐམས་ཅད་ལའམ་ཞེ་ན། དེའི་ཕྱིར་དེ་སྤྱུག་པ་ལ་འབད་པ་བྱས་སམ་བྱེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། གང་གིས་དགེ་

Vol. 160 · folio 246a

སློང་སྡིག་ཅན་དེ་སྤྱུག་པའི་ཕྱིར་འབད་པ་སྔར་བྱས་པའམ་བྱེད་ཅིང་དེ་ལས་ཏེ། གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཇི་སྙེད་པ་བྱེད་པའི་ཕྱིར་ནུས་པ་ཉིད་དེ་སྙེད་པའི་འབད་པ་ལ་དེར་བརྩོན་པའོ། །དེས་མངོན་པར་འདུ་བྱས་པའི་སེམས་ཀྱིས་འཇིགས་པ་དག་ལས་

བརྩམས་ཏེ། ལུས་སམ་ངག་གིས་ལྡོག་པ་ཉིད་ལ་འདིར་འབད་པ་མ་བྱས་པ་ཉིད་ནི་མ་ཡིན་ནོ། །ཅི་དུས་གང་ཡང་རུང་བ་ལ་ཉེས་པ་མེད་པ་ཡིན་ནམ་ཞེ་ན། དེའི་ཕྱིར་གནས་པར་ཁས་བླངས་ན་དུས་ཕྱི་མ་དང་སྔ་མའི་གཉིས་པ་དག་ལ་བབ་པ་ནའོ་ཞེས་བྱ་བ་སྨོས་ཏེ། ཕྱི་མར་ཁས་བླངས་པའི་དུས་སུ་གྱུར་

པ་སྔ་མའི་གཉིས་པོ་དག་ནི་དབྱར་ཟླ་ཐ་ཆུངས་ཉ་ནས་སྟོན་ཟླ་ར་བའི་ཉའི་བར་དུ་ཁས་བླངས་པ་སྔ་མ་དང་ཕྱི་མ་ལ་གནས་པར་གྱུར་པ་ལ་ཞེས་བྱ་བའི་དོན་ཏོ། །དེས་ལྷག་པར་གནས་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་དབྱར་གནས་པར་ཁས་བླངས་པ་ལ་ཟླ་བ་གཉིས་ལས་ལྷག་པར་

གནས་པར་མི་བྱ་བ་ཉིད་ཡིན་ནོ། །ཕྱི་མར་ཁས་བླངས་པ་ལ་ད་ལྟར་བྱུང་བའི་ཕྱིར་འདིའོ། །གནས་པར་ཁས་བླངས་པ་སྔ་མ་ཤོས་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི་དེས་ཞེས་བྱ་བར་སྦྱར་བར་བྱའོ། །སྔ་མ་མི་བསྲུང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་ཟླ་བ་གཉིས་པོ་དག་གི་སྔ་རོལ་དུ་ཁས་བླངས་པ་སྔ་མ་ཤོས་མི་བསྲུང་

བར་བྱ་བ་ཉིད་དོ། །དེ་དགེ་ཚུལ་ཉེ་བར་མ་བཞག་པ་གཞག་པར་མི་བྱའོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་དགེ་སློང་སྡིག་ཅན་གནས་པར་གྱུར་པའི་གནས་ལ་གནས་པར་གྱུར་པའོ། །ལམ་དུ་དགེ་ཚུལ་གཉིད་བྲོ་བས་རྨྱ་བར་གྱུར་ན་མདུན་དུ་བཏང་སྟེ་འགྲོ་བར་བྱའོ། །གལ་ཏེ་བྲུ་བ་ཚ་བར་གྱུར་ན། དེ་ལ་

ནང་པར་གྱི་དུས་སུ་ཁ་ཟས་སྦྱིན་པར་བྱའོ་ཞེས་བྱ་བ་ནི་དེ་ལ་ཁ་ཟས་ནང་པར་ཁྱེའུ་སུས་ཀྱི་དུས་སུ་སྦྱིན་པར་བྱའོ། །གལ་ཏེ་དྲོ་ཀར་ཡང་ན་དེའི་ཚེ་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་དྲོ་ཀར་ཡང་བཀྲེས་པར་གྱུར་ན། དེའི་ཚེ་ཡང་དེ་ལ་དྲོ་ཟན་སྦྱིན་པར་བྱའོ། །བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་

བའི་ལྟུང་བྱེད་དོ།། །།བཟློག་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་དེའི་ཐ་མར་ཞེས་བྱ་བའི་མཐར་ཇི་ལྟར་རིགས་པར་བཀའ་བསྒོ་བ་ཉེ་བར་བརྩམས་པའི་བསླབ་པའི་གཞིར་གཏོགས་པ་སྤྱིའི་ཆོ་ག་ལ་ཉེ་བར་གནས་པ་ལ་ལྟོས་ན་གང་ལ་ལྟ་བར་གྱུར་པ་མི་འདོར་བའི་ལྟུང་བྱེད་ཅེས་བྱ་བ་འདིའི་བྱེ་བྲག་བརྗོད་

Vol. 160 · folio 246b

པ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་བྱ་བ་ལ་སོགས་པར་འཇུག་པའི་ཚིག་མི་གཏོང་བ་ལའོ་ཞེས་བྱ་བ་སྨོས་ཏེ།

ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གང་ཞིག་གསུངས་པ་འཇུག་པའི་ཚིག་ཉིད་མི་གཏོང་བ་ཞེས་བྱ་བའི་དོན་ཏོ། །བར་དུ་གཅོད་པའི་ཆོས་རྣམས་ནི་ཀུན་ནས་ཉོན་མོངས་པའི་ཆོས་སུ་རིག་པར་བྱའོ། །འདིར་སོགས་པའི་སྒྲ་ནི་ལྟ་བ་དང་འབྲེལ་པ་གཞན་རྣམས་ལ་ཡང་ཉེ་བར་བསྡུས་པའི་དོན་ཏོ། །ལྟ་

བ་དང་འབྲེལ་པ་ཐམས་ཅད་ལ་ཆོ་ག་འདི་འཇུག་པ་སྟེ། དེ་རྣམས་ཐམས་ཅད་ལོག་པའི་ལམ་དུ་རྟོགས་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །དེ་ལ་གསོལ་བས་སྨད་པ་ཉིད་བྱ་ཞིང་དེའི་འོག་ཏུའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ལས་ཀྱི་མཐའ་མི་གཏོང་བ་ལ་ལྟུང་བྱེད་དེ། འགྱུར་བ་ནི་སྨད་པ་ཉིད་འདི་གསོལ་པའི་

ལས་ཀྱི་འོག་ཏུ་བྱའོ། །དེ་ལ་སྨད་པ་ཉིད་དུ་བྱས་པས་མི་གཏོང་བར་འགྱུར་ན་དེའི་འོག་ཏུ་ཕངས་པར་བྱེད་པར་རིག་པར་བྱའོ། །འདི་ནི་སྐྲོད་པས་སྨད་པ་ཉིད་ལ་རྣམ་པར་གཞག་པ་སྨད་པ་ཉིད་དུ་བྱེད་པ་སྤངས་པ་ཉིད་དུ་རིག་པར་བྱའོ། །ལྟ་བར་གྱུར་པ་མི་གཏོང་བའི་ལྟུང་བྱེད་དོ།། །།སྤངས་པའི་རྗེས་སུ་ཕྱོགས་

པའི་ལྟུང་བྱེད་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་ཤེས་གཙོ་བོ་ཞེས་བྱ་བ་སྨོས་ཏེ། འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱའོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་དེ་སྐད་སྨྲས་པ་སྤངས་པའི་ཕྱིར་བཅོས་པ་ཉིད་མ་བྱས་པའི་དགེ་སློང་ལའོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་འདི་

ལྟར་བདག་ཇི་སྲིད་དུ་བར་དུ་གཅོད་པའི་ཕྱིར་མི་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་འདིར་དེ་ཉིད་སྨྲས་པའོ། །དེ་སྐད་སྨྲ་བ་ཉིད་ཕྱིར་བཅོས་པ་ཉིད་མ་བྱས་པ་ཞེས་བྱ་བ་ནི། རྗེས་སུ་ཕྱིར་བཅོས་པ་ཉིད་མ་བྱས་པ་མི་གཏོང་བ་ཉིད་ཅེས་བྱ་བ་སྟེ། སྤངས་པ་ཉིད་ཀྱིས་བཟོད་པ་གསོལ་བ་ཉིད་མ་བྱས་པའོ་ཞེས་བྱ་བ་

རྣམ་པར་འབྱེད་པ་ལས་སོ། །དེ་བཞིན་དུ་ལྟ་བ་མ་བཏང་བའི་ལྟུང་བ་མ་བཤགས་པ་ཡང་ཁ་ན་མ་ཐོ་བ་འདི་འབྱུང་བའི་རྒྱུ་མ་ཡིན་ཏེ། འོན་ཀྱང་བླངས་པ་ཉིད་དོ། །མ་བཏང་བ་དང་མ་བཤགས་པ་འདི་དག་སྨོས་པ་ནི་མ་བླངས་པ་ནི་ཁ་ན་མ་ཐོ་བ་འདི་མི་སྐྱེད་པའོ། །མེད་པ་དག་ལ་བླངས་པ་ཉིད་ལ་སྤང་བར་བྱ་བ་

Vol. 160 · folio 247a

ཉིད་སྐྱེ་བ་འབྱུང་བ་ཡིན་ནོ། །དེ་ལྟར་ཡང་བཏང་བའི་མ་བཤགས་པ་ཉིད་ལ་ཁ་ན་མ་ཐོ་བ་འདི་མི་བསྐྱེད་པ་ཡིན་ནོ། །དེ་ལྟ་བས་ན་འདིར་མ་བཏང་བ་ཉིད་ནི་མ་བྱས་པ་ཉིད་དོ། །ལྟ་བ་བརྟེན་པ་མི་གཏོང་བ་ཉིད་དང་ལྟུང་བྱེད་ལ་ནི་མ་བྱས་པ་ཉིད་དོ། །དགེ་སློང་ལའོ་ཞེས་བྱ་བ་ནི་བསྙེན་པར་མ་

རྫོགས་པ་ལ་གང་དུ་ཡིན་ཞེ་ན། འདིར་རབ་ཏུ་བྱུང་བ་ཉིད་རྣམ་པར་གཅད་པའི་དོན་དུ་ཁྱིམ་པ་འམ་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ནི་མ་ཡིན་ནོ། །སྨོན་ལམ་དང་ལས་འདི་དག་ལ་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རྣམ་པར་གཅོད་པ་འདི་ཡང་འདིར་རྣམ་པ་གཞན་ལ་ནི་མི་འདོད་པ་ཉིད་ཀྱི་ཕྱིར་རྣམ་པ་གཞན་རྗེས་སུ་རྣམ་པར་

གཞག་པའི་ཕྱིར་རོ། །ཀུན་དུ་སྤྱོད་པ་གང་ལ་དེ་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་ལུང་འབོགས་པ་དང་དམིགས་ཀྱིས་དྲི་བ་དང་། གནས་དང་རྗེས་སུ་སྟོན་པ་དང་གདམས་ངག་སྦྱིན་པའོ་ཞེས་བྱ་བ་སྨོས་ཏེ། འདིར་སོ་སོར་སྦྱིན་པའི་སྒྲ་ལས་མངོན་པར་སྦྱོར་བར་བྱའོ། །ལྟ་བ་སྨྲ་ནའོ་ཞེས་བྱ་བ་ལ། འདིར་གཞུང་

ནི་ཞུ་བ་ཁ་ཅིག་ལས་དགེ་སློང་གིས་སྤངས་པའི་དྲུང་དུ་ལྟ་བ་སྨྲ་ན་ལོངས་སྤྱོད་ལས་བྱུང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཟང་ཟིང་གི་ལོངས་སྤྱོད་བྱེད་ནའོ་ཞེས་བྱ་བ་ནི་ལྷུང་བཟེད་དང་ཆོས་གོས་ཞེས་བྱ་བ་ལ་སོགས་པའི་གཞི་ཕྱི་མའི་ཚིག་གོ། །འདི་ལ་གཅིག་པ་ཉིད་ཀྱི་ཕྱིར་འདུག་པ་ཉིད་

དག་ལ་འདིར་ཐོབ་པ་ལ་བསྡུས་པ་འདི་ཡིན་ནོ། །བསྙེན་བསྐུར་བདག་གིར་བྱེད་ནའོ། །གནས་སུ་ལྷན་ཅིག་ཉལ་ན་ཡང་ངོ་ཞེས་བྱ་བ་སྟེ། དུས་ནམ་གྱི་ཚེ་ལྷན་ཅིག་ཏུ་ཉལ་ཞེ་ན། དེའི་ཕྱིར་མཐར་རོ་ཞེས་བྱ་བ་སྨོས་སོ། །གང་གི་མཐར་ཞེ་ན་དེའི་ཕྱིར་མཚན་མོའི་འོ་ཞེས་བྱ་བ་སྨོས་ཏེ། གནས་སྐབས་འདི་ལ་

འདུག་པ་འདིའི་ཡོངས་སུ་རྫོགས་པར་འགྱུར་བ་ཉིད་དོ། །གཞན་གྱིས་སྤྲུལ་ན་ཡང་ཞེས་བྱ་བ་ནི་འདི་ཆོས་རྣམ་པར་གཏན་ལ་དབབ་པ་ལས་རྟོགས་པ་ཡིན་ཏེ། འདི་དང་ལྷན་ཅིག་ཏུ་ཉེ་བར་གནས་པའི་བྱེད་པ་པོ་ཡོ་བྱད་ཉེ་བར་བསྡུ་བའོ། །དེ་དང་འདྲ་བའི་ཆུ་དང་སོ་ཤིང་ལ་སོགས་པ་དེ་དང་ལྷན་ཅིག་ཏུ་འདུ་འཛི་བྱེད་

ན་ཕྱིན་ཅི་ལོག་ཏུ་རིག་པར་བྱའོ། །ཕེབས་པར་སྨྲ་བ་དང་སྨོས་འདྲིན་དག་ལ་དེར་གཏོགས་པའི་གཙོ་བོ་ཉིད་དུ་བྱེད་པ་ནི་འདུ་འཛིར་གྱུར་པ་ཉིད་དོ། །གཞན་དག་ལ་ནི་ཉེས་བྱས་སུ་རྟོགས་པར་རིག་པར་བྱའོ། །ཅི་རྣམ་པ་ཐམས་ཅད་དུ་གཞན་གྱིས་སྤྲུལ་པ་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ནད་དང་ལྟ་བ་དང་བྲལ་

Vol. 160 · folio 247b

བར་འདོད་པའི་དོན་གྱིས་ནི་མ་གཏོགས་སོ་ཞེས་སྨོས་ཏེ། ནད་པར་གཏོགས་པ་དེའི་དོན་དང་ལྟ་བ་དང་བྲལ་བར་གཏོགས་པའི་དོན་གྱིས་སྤྲུལ་པ་གང་ཡིན་པ་དེ་ནི་མ་གཏོགས་སོ་ཞེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་འཆལ་པ་ལ་ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་བླང་བའི་རྣམ་པར་གཞག་པ་ལས་འདའ་བར་བྱ་

བ་ཞེས་བྱ་བ་དེ་ལ་ཁ་ན་མ་ཐོ་བ་རྣམ་པར་གཞག་གོ། །དེ་བས་ན་དེ་ལ་ཚུལ་ཁྲིམས་འཆལ་བའི་ཕྱིར་འདིར་འཇུག་པ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་ཤིན་ཏུ་ཚུལ་ཁྲིམས་འཆལ་བ་མཁན་པོ་དང་སློབ་དཔོན་དག་ལ་ཉེ་བར་གནས་པར་བྱ་བ་ཉིད་དུ་གསུངས་སོ། །ཚུལ་ཁྲིམས་འཆལ་བའི་ལྕི་བ་ཉིད་ཡོངས་སུ་སྤོང་བའི་དོན་

དུ་སོ་སོར་བསྐོར་བར་བྱའོ། །སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དོ།། །།དེ་དག་ལ་གཞམ་པ་དང་ལས་ཀྱིས་མི་བསྒོ་བར་མི་བྱའོ་ཞེས་བྱ་བ་འདིས་གང་ཞིག་ལྟ་བ་དང་འབྲེལ་པ་རྣམས་ལ་ཆོ་ག་འདི་བྱ་བ་ཉིད་དུ་བསྟན་པ་དེ་ནི་དགེ་ཚུལ་ཡོད་པར་གྱུར་པ་ཉིད་ཀྱི་ཕྱིར་འདི་ལ་གལ་ཏེ་དགེ་སློང་གི་ཁོངས་སུ་

སྡུད་ན། དེ་ལ་ལས་ཀྱི་མཐའ་ལ་མི་གཏོང་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་ལྟོས་ནས་བརྗོད་པར་བྱ་སྟེ། ཚིག་དེ་ཉིད་ལ་ཞུགས་པ་མི་གཏོང་ན། དགེ་ཚུལ་བསྙིལ་བར་བྱའོ་ཞེས་བྱ་བ་སྨོས་ཏེ། ཚིག་དེ་ཉིད་ཞུགས་པ་དེ་ལྟར་བདག་གིས་ཇི་སྲིད་བར་དུ་གཅོད་པའི་ཕྱིར་ནུས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པའི་

ཚིག་གང་ལ་ཡོད་པ་དེ་ནི་ཚིག་དེ་ཉིད་ལ་ཞུགས་པའོ། །དེའི་དངོས་པོ་མི་གཏོང་ན་དགེ་ཚུལ་དེ་བསྙིལ་བར་བྱའོ། །འདིར་འདོད་པ་ཞེས་བྱ་བ་ནི་དཔེ་ཙམ་ཡིན་པར་རིག་པར་བྱའོ། །དེ་བས་ན་ལྟ་བ་ཐམས་ཅད་ཡོད་པར་བྱེད་པའི་ཚིག་བསྡུས་པ་ཡིན་ནོ། །འདི་མ་ཡིན་ཞེས་བྱ་བ་ནི་ཞུགས་པའོ། །བསྟན་པ་ལ་

གང་ཞིག་ཚུལ་འདིར་ལེགས་པར་ཞུགས་པ་ལ་ཡང་ལེགས་པར་གནས་པ་དེའི་ཆོས་དང་ལྡན་པ་དག་གིས་སྨད་པར་བྱ་བ་སྟོབས་དང་ལྡན་པ་ལ་གང་དུ་ཡང་མི་འཇུག་པ་དེ་ལས་འདིར་སྨོད་པར་བྱ་བ་རྣམ་པར་གཞག་པར་བྱ་བ་མ་ཡིན་ནོ། །དགེ་འདུན་ལ་ཐ་དད་པར་བྱེད་པ་ནི་གསལ་བའོ། །དགེ་འདུན་ཀུན་ནས་ལྟུང་

བ་ལས་འབྱུང་བའོ། །འདི་ལ་ཀུན་ནས་ལྟུང་བ་ཉིད་ཀྱིས་དགེ་འདུན་ལ་ཁོངས་སུ་སྡུད་པ་ཡོད་པ་མ་ཡིན་ཏེ། འདུག་པའི་དབུས་སུ་གནས་པ་ལ་ནི་འཁོར་གྱི་དབུས་ཀྱི་དངོས་པོ་ཉིད་ལ་ཡོད་པ་མ་ཡིན་ཏེ། དེ་བས་ན་བསྙིལ་བར་བྱའོ་ཞེས་བྱ་བ་འདི་ལ་སྤང་བར་བྱ་བའི་ལས་ལ་བརྟགས་པ་ཡིན་ནོ། །གཞག་པར་བྱའོ་

Vol. 160 · folio 248a

ཞེས་བྱ་བ་ནི་རྟོགས་པར་བྱ་བ་གསལ་བ་ཉིད་མ་ཡིན་ནོ། །སོ་སོའི་དངོས་པོ་ལ་ངེས་པར་ལྡན་པ་ཉིད་ཀྱང་མ་ཡིན་ནོ། །འདིའི་ལས་བྱེད་པ་ལ་རྟོགས་པ་བསྒྲུབ་པ་མ་ཡིན་ནོ། །དེ་བས་ན་འདིར་རྟོགས་པ་བསྒྲུབ་པ་ལ་དེའི་ཆོ་ག་བརྗོད་པར་བྱ་སྟེ། ཁྱོད་ལ་དང་པོར་གསོལ་བ་དང་བཞིའི་ལས་

སོ། །དེའི་འོག་ཏུ་བསྙིལ་བ་རྩོམ་མོ་ཞེས་བྱ་བ་དང་། གསོལ་བ་བྱས་སོ། །ལས་བརྗོད་པ་དང་པོ་དང་གཉིས་པ་ཡང་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་མཐར་དགེ་སློང་གིས་དེ་ལ་བསྒྲགས་པར་བྱའོ་ཞེས་བྱ་བ་སྨོས་ཏེ། དང་པོར་ཞིས་བྱ་བ་ནི་གསོལ་བ་ལའོ། །དེའི་འོག་

ཏུ་ཞེས་བྱ་བ་ནི་བསྙིལ་བའི་ལས་ལའོ། །བསྙིལ་བའོ་ཞེས་བྱ་བ་ནི་ལས་ལ་ཞེས་བྱ་བར་སྦྱར་རོ། །རྩོམ་པ་ཞེས་བྱ་བ་ནི་རྩོམ་པ་སྟེ་འདི་ནི་དང་པོའི་ཆའོ། །རྩོམ་པ་དེ་ཡང་གང་ཞེ་ན། དེའི་ཕྱིར་གསོལ་བ་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བྱ་བ་སྨོས་ཏེ། འདི་ནི་གཅིག་སྟེ་

གཞན་བཤད་པ་ནི་ལས་བརྗོད་པ་དང་པོ་ཡང་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་འདི་ལྟ་བུ་འདི་ཞེས་བྱ་བས་སོ། །དེའི་འོག་ཏུ་ལས་བརྗོད་པ་གཉིས་པ་ཡང་བྱས་ཟིན་གྱི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བྱ་བས་སོ། །རེ་རེའི་མཐར་ཞེས་བྱ་བ་ནི་གསོལ་བ་དང་ལས་བརྗོད་པ་དང་

པོ་དག་སོ་སོ་རེ་རེའི་མཐའ་ནས་བརྩམས་ཏེ་མཐར་མི་འགྲོ་བར་ལྡོག་པ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་དགག་པའི་དོན་དུ་བརྗོད་པར་བྱའོ། །བཏང་ན་ཕྱི་མ་མི་བྱའོ་ཞེས་བྱ་བ་སྨོས་ཏེ། སྔ་མ་ཉིད་ཀྱིས་སོ་སོར་ལྡོག་པ་ཡོད་པ་ལ་ཕྱི་མ་མི་བྱའོ། །བརྡའི་བྱེད་པ་ཡང་ཆོ་ག་འདིས་རྟོགས་པར་བྱའོ། །

ཐམས་ཅད་དུ་འབྲེལ་པ་བྱེད་པ་ལ་སོགས་པའི་དོན་གྱི་ལས་ལ་མི་བསྒོ་བ་དང་སྨད་པར་བྱ་བ་དང་སྤང་བ་དང་བསྙིལ་བ་རྣམས་ཉིད་ལ་སྔར་བཤད་པའི་ཆོ་གའི་དངོས་པོ་ལ་ལྟོས་ནས་ཆོ་ག་རིག་པར་བྱའོ། །བསྙིལ་བ་སྡུད་པའི་ལྟུང་བ་བྱེད་པ་པོ་ཉིད་ནི་གང་ཡིན་ཅི་ཞིག་སྤྱད་ན་ཞེས་བྱ་བ་འདི་ལ་སྔར་བཤད་པ་ལ་མངོན་པར་བརྟེན་

ནས་དེ་སྐད་སྨྲ་བ་པ་འབྱུང་བ་ལ་སླར་བྱས་པས་དགེ་སློང་ལ་ཞེས་བྱ་བ་འདིའི་གནས་སུ་གང་དུ་འདུ་ཤེས་བྱ་བ་ལ་སྨོས་པ་ནི་དགེ་ཚུལ་བསྙིལ་བ་ཉིད་དུ་གྱུར་པའི་གནས་སྐབས་ལ་སྟེ། བསྙེན་པར་མ་རྫོགས་པ་ལ་འདི་ལྟ་བུ་ཉིད་ཡིན་ན་ཞེས་བྱ་བའི་དོན་ཏོ། །ཉེས་བྱས་འདི་ཡོད་ལ་དོར་བ་རྣམ་པར་གཞག་པའོ། །བསྙིལ་

Vol. 160 · folio 248b

བ་སྡུད་པའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སྔོན་པོའམ་དམར་པོའམ་ངུར་སྨྲིག་གིས་ཁ་མ་བསྒྱུར་བ་རང་གི་གོས་ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་དང་། སྣོད་དང་རྐང་པའི་འབོབ་དང་སྐེ་རགས་དག་གི་བགོ་བ་ལ་སོགས་པ་ཡོངས་སུ་

ལོངས་སྤྱོད་ནའོ་ཞེས་བྱ་བ་སྨོས་ཏེ། ཚོན་ཆེན་པོ་བརྒྱད་པོ་རྣམས་སྤངས་ནས་གཞན་གང་ཡང་རུང་བ་འགའ་ཞིག་ལས་གོས་ཁ་བསྒྱུར་བར་བྱའོ་ཞེས་བྱ་བ་ཕྲན་ཚེགས་དག་ལས་སྨོས་སོ། །འདིར་ཡང་འདག་པ་ཞེས་བྱ་བ་ལས་གང་ཞིག་འདི་ལ་དམར་པོས་ཞེས་བྱ་བ་རྣམ་པར་འབྱེད་པ་ཀློག་པ་ཁ་ཅིག་ལས་འདིར་ཡང་འདོན་

པ་ཡིན་ཏེ། ཚོན་ཆེན་པོ་རྣམ་པ་བརྒྱད་ཀྱིས་ཁ་སྒྱུར་བར་བྱེད་ལ་ལི་ཁྲི་དང་། མཐིང་ཤུན་དང་རྒྱ་སྐྱེགས་དང་། མཚལ་དང་། གུར་གུམ་དང་། བཙོད་དང་། རྨ་ཤིང་དང་། ལེ་བརྒན་རྩིས་ཁ་སྒྱུར་བར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་དོག་ཆེན་པོ་བརྒྱད་མ་གཏོགས་པ་གཞན་

གང་ཡང་རུང་བ་འགའ་ཞིག་གིས་གོས་ཁ་བསྒྱུར་བར་བྱ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་འདིར་སྔོན་པོ་ལ་སོགས་པ་ནི་དཔེ་ཙམ་དུ་རྟོགས་པར་བྱ་བའོ། །དེ་ལ་སྔོན་པོས་ཞེས་བྱ་བ་ནི་སྐྱེ་བ་ཕུན་སུམ་ཚོགས་པའི་ཚོན་ལ་དཔེར་རིག་པར་བྱའོ། །དམར་པོས་ཞེས་བྱ་བ་ནི་ས་ལས་འབྱུང་བའི་ཁམས་ལའོ། །རྨ་ཤིང་

ཞེས་བྱ་བ་ནི་སྐྱེ་བ་ཕུན་སུམ་ཚོགས་པའི་མེ་ཏོག་དང་འབྲས་བུ་ལ་སོགས་པའི་ཚོན་ལས་བསྐྱེད་པའོ། །ཁ་མ་བསྒྱུར་བ་ཞེས་བྱ་བ་ནི་ཚོན་གྱིས་སོ། །དེ་བས་ན་གང་ཡང་རུང་བས་ཁ་མ་བསྒྱུར་བའི་རང་གི་གོས་ལ་ཞེས་བྱ་བ་ནི་གཞན་གྱི་གོས་ཉེ་བར་ལོངས་སྤྱོད་པ་ལ་ན་སྨད་པ་ཉིད་དེ་ཁ་ན་མ་ཐོ་བ་སྟོབས་དང་ལྡན་པ་

ཉིད་ཀྱི་ཕྱིར། བདག་ཏུ་བྱས་པ་དང་དཀྲིས་པར་མངོན་པར་བརྟེན་པ་ཉིད་ཤིན་ཏུ་སྟོབས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་སོ་སོར་ཁྱིམ་པའི་གོས་བགོ་བ་བཀག་པའི་ཚུལ་གྱིས་ཏེ་གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་བུའི་ལྟུང་བྱེད་ལ་འབྱུང་བ་སྲིད་པ་མ་ཡིན་ནོ། །གོས་སར་པ་སོ་སོར་རྙེད་པས་ཞེས་བྱ་བ་ལ།

གང་ཞིག་སོ་སོར་རྙེད་པའི་ཚིག་བྱས་ཞེས་བྱ་བ་འདིའི་རྗེས་ལ་ཡང་རང་གི་ཚིག་སྨོས་པ་དེ་ལས་སོ། །སར་པ་ཞེས་བྱ་བ་ལ་སར་པ་ནི་རྣམ་པ་གཉིས་ཏེ། སར་པ་ལས་ཀྱང་སར་པ་དང་སོར་སོར་རྙེད་པ་ལས་ཀྱང་སར་པ་སྟེ། དོན་འདི་ལ་ནི་སོར་སོར་རྙེད་པ་ལས་སར་པ་མངོན་པར་འདོད་པ་ཞེས་བྱ་བ་འདིར་གཞུང་དུ་

Vol. 160 · folio 249a

རྣམ་པར་གནས་པ་ཡིན་ནོ། །རྙིང་པ་ལ་ཡང་ཁ་མ་བསྒྱུར་བ་ལ་བགོ་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཡང་གང་ཞིག་ཀློག་པ་ལས་འབྱུང་བ་ཡིན་ཏེ། དོན་འདི་ལ་ནི་སར་པ་ལས་སར་པ་མངོན་པར་འདོད་པ་ཞེས་བྱ་བ་འདི་ལས་ཉམས་པ་ཉིད་དོ། །དེ་ལྟ་བས་ན་སོ་སོར་རྙེད་པ་ལས་གང་ཞིག་ཐོག་མ་ཉིད་གང་

ཡིན་པ་དེས་ཆོས་གོས་དང་པོ་སོ་སོར་རྙེད་པས་འདི་ཞེས་བྱ་བ་འདིའི་དོན་ཏོ། །འདིར་ཐམས་ཅད་དཀྲིས་པ་དང་། དུས་འབྱུང་བ་དང་ཕྱེ་མ་ལ་སོགས་པ་ལ་ཉེས་པར་བགོ་བར་བྱ་བའི་གོས་བགོ་བར་བྱེད་པར་ནུས་པ་ཉིད་ནི་མ་ཡིན་ཞེས་བྱ་བ་འདི་བསྟན་པའི་དོན་དུ་སྨོས་པ་ནི་ཐ་ན་ལྷུང་བཟེད་ཀྱི་ཁ་གཡོགས་དང་ཞེས་བྱ་

བ་ལ་སོགས་པའོ། །འདིར་ལྷུང་བཟེད་ཀྱི་ཁ་གཡོགས་ཀྱིས་བསོད་སྙོམས་ཉེ་བར་གཡོགས་པ་བརྗོད་པ་མཐོང་བ་ཡིན་གྱི། གཞན་དུ་ནི་རྗེས་སུ་གནང་བ་མ་ཡིན་པ་ཉིད་ཀྱི་ཕྱིར་འདིར་ཞུ་བའི་གཞུང་ཁ་ཅིག་ལས་ལྷུང་བཟེད་ཀྱི་དྲ་བ་ལ་སོགས་པ་རྐང་པ་བཀྲུ་བའི་སྣོད་དུ་སྦྱར་དུ་རུང་ངམ་ཞེ་ན། རུང་ཞེས་གསུངས་པ་ནི་

ཆུ་ཚགས་འདིར་རིགས་པར་གྱུར་པ་ཉིད་ཀྱི་ཕྱིར་བསྡུས་པ་ཡིན་ཏེ། རྒྱུ་བ་འདི་ཆུ་གཟུང་བ་ལ་ཁ་བསྒྱུར་བ་དང་བཅས་པ་ཉིད་དོ། །གཟུང་བ་དང་ལྡན་པ་ཉིད་དང་འདི་ལ་བྱིན་ལེན་བྱ་བ་ཉིད་དང་། ཉེ་བར་གནས་པ་ཉིད་དང་དུས་མ་ཡིན་པ་ཉིད་ལ་གཟུང་བར་བྱ་བ་དང་ཉེ་བར་གནས་པ་ཉིད་ཡོད་ཀྱང་ལོངས་སྤྱད་པར་བྱ་བ་

ཉིད་མ་ཡིན་ནོ། །དོན་འདི་ནི་ཕལ་ཆེར་ཉམས་པ་མ་ཡིན་ནོ། །དེ་ལྟ་བས་ན་ཡོ་བྱད་དང་ཆོས་གོས་སྦྱིན་པ་འདི་དང་འདི་ལ་ཁ་མ་བསྒྱུར་བ་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །བགོ་བ་ལ་སོགས་པ་ཞེས་བྱ་བ་ནི་བསོད་སྙོམས་སོ་སོར་གཡོགས་པ་ཡང་སྟེ། བགོ་བ་དང་གཡོགས་པ་དང་ཉིད་ལ་ནི་མ་ཡིན་ཞེས་བྱ་བའི་དོན་

ཏོ། །འདིར་ཚད་དང་ལྡན་པ་ཉིད་ཀྱང་མ་ཡིན་ཞེས་བྱ་བ་འདི་འཇུག་པའོ། །སྐེ་རགས་དག་ལ་ཡང་གལ་ཏེ་ཉེས་པ་ཡོད་ན་ཚད་དང་མི་ལྡན་པའི་གོས་ལ་སོགས་པ་ལ་ཡང་འབྱུང་བའི་ཕྱིར་འོས་པ་མ་ཡིན་ཞེས་གསུངས་སོ། །སྡེ་པ་གཞན་གྱིས་ན་རུང་བར་བྱ་མི་དགོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་

མ་དང་དགེ་ཚུལ་དང་དགེ་སློབ་མ་དང་དགེ་ཚུལ་མའི་སྡེ་པའི་འཁོར་རྣམས་ནི་དེ་ནི་འདིར་སྡེ་པ་ཞེས་བྱ་བའི་སྒྲར་འགྱུར་རོ། །དེ་ལས་སྡེ་པ་གཞན་གང་ཡང་རུང་བའི་གོས་རང་སྤྱོད་པ་ལ་ནི་ཡང་གཟོད་རུང་བར་བྱ་མི་དགོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱིམ་པས་བརྐུས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གཟོད་

Vol. 160 · folio 249b

རུང་བར་བྱ་མི་དགོས་པ་ཉིད་ཅེས་བྱ་བར་སྦྱར་རོ། །འདིར་མདོ་དེ་གཉིས་ཀྱི་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་གི་གོས་རུང་བར་བྱས་པ་གང་ཡིན་པ་དེ་ནི་དགེ་སློང་མ་རྣམས་ལ་ཡང་རུང་བར་བྱས་པ་ཉིད་ཡིན་ལ། དེ་བཞིན་དུ་སྡེ་པ་ལྔ་པོ་ཐམས་ཅད་ལ་ཡང་རུང་བར་བྱས་པ་ཉིད་ཡིན་ནོ། །དགེ་སློང་གིས་རྒྱལ་

པོའམ་ཕྱིར་རྒོལ་བ་གཞན་དག་གོས་བརྐུས་པར་གྱུར་པ་ཞིག་གལ་ཏེ་སླད་ཀྱིས་ཐོབ་པར་གྱུར་ན་ཡང་རུང་བར་བགྱི་འཚལ་ལམ་ཉེ་བ་འཁོར་མི་དགོས་ཏེ། སྔ་མ་ཉིད་དུ་རུང་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཁ་དོག་ཆེན་པོར་ཁ་བསྒྱུར་བའི་གོས་བརྟེན་པར་མི་བྱའོ་ཞེས་བྱ་བ་ལ། འདིའི་གཞུང་ནི་

བཤད་ཟིན་ཏོ། །འདིར་བརྒྱད་ཀྱི་ཚིག་ནི་དཔེ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ། །དེ་བས་ན་འདིར་ཉེ་བར་མ་བསྡུས་སོ། །ཁྱིམ་པའི་གོས་ཀྱང་མི་བྱའོ་ཞེས་བྱ་བ་ནི། བགོ་བ་བརྟེན་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །འདིར་ཕྲན་ཚེགས་དག་ལས་དང་པོའི་གཞུང་ངོ་། །གཙུག་ལག་ཁང་གི་ནང་དུ་ངུར་སྨྲིག་

གིས་གཡོགས་ཏེ་བརྟེན་པར་བྱའོ་ཞེས་བྱ་བ་ནི་འདིར་གནས་ཁང་གཙུག་ལག་ཁང་ནས་ཕྱིར་མི་འབྱུང་བར་བགོ་བར་བྱའོ་ཞེས་གསུངས་པ་ཡིན་གྱི་གནས་ཁང་ལ་ནི་མ་ཡིན་ནོ། །གཞན་མ་ཡིན་པ་ལ་ཡང་གཙུག་ལག་ཁང་ཉིད་མ་ཡིན་ནོ། །དེ་བས་ན་འདི་ལ་སོར་སོར་བཟུང་བ་མ་བྱས་སོ། །ཁྱིམ་པའི་གོས་ཇི་ལྟ་བུ་

ལ་གཙུག་ལག་ཁང་གི་ནང་དུ་བགོ་བ་བརྟེན་པར་བྱ་བ་ཡིན་ནམ་ཞེ་ན། དེའི་ཕྱིར་ངུར་སྨྲིག་གིས་གཡོགས་ཏེ་བརྟེན་པར་བྱའོ་ཞེས་བྱ་བ་སྨོས་ཏེ། མལ་ཆའི་སྟེང་དུ་བརྟེན་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི་དེའི་ཕྱིར་གཞན་དུ་ནི་བཏགས་པའོ། །ལམ་དུ་གོས་བརྙས་པ་ནི་ཐུན་མོང་ཉིད་ཡིན་ནོ་ཞེས་བྱ་བ་ནི་བརྙས་པ་གཅིག་

གིས་ཐོབ་པ་ཡང་འདི་ནི་ཐུན་མོང་བ་ཉིད་དུ་བསྟན་པའོ། །སུ་དང་ཐུན་མོང་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་གྲོགས་དག་དང་ཡང་ངོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟ་བུ་དག་དང་ཞེ་ན། དེའི་ཕྱིར་དགེ་སློང་དང་དགེ་ཚུལ་དག་དང་ངོ་། །གཅིག་པུ་ཉིད་ཡིན་ན་རྒན་རབས་ནས་བརྩམས་ཏེ་ཇི་སྲིད་སླེབས་པའི་སྟེང་དུ་གཡོགས་སོ་ཞེས་

བྱ་བ་ནི་གོས་བརྙས་པ་ནི་ཞེས་བྱ་བ་དང་སྦྱར་རོ། །དམིགས་ཀྱིས་མ་བསྔོས་ན་གཞན་ལས་གྱོན་ཏེ་བཙག་པར་མི་བྱའོ་ཞེས་བྱ་བ་ནི། གོས་ཐུན་མོང་བ་བགོས་ནས་ཞེས་བྱ་བ་མི་བརྗོད་པ་དམ་པ་རྣམས་ཀྱིས་རྗེས་སུ་གནང་བ་ལ་དེ་ལ་ཡང་ཁོངས་སུ་བསྡུ་བ་སྒྲུབ་པའི་དོན་དུ་གང་ཞིག་ཐུན་མོང་ཉིད་དུ་སྦྱིན་པ་སྟེ། དེ་དང་

Vol. 160 · folio 250a

འདི་ཞེས་བྱ་བ་བྱེ་བྲག་ཏུ་ནི་མ་ཡིན་ཏེ། དེ་ནི་དམིགས་ཀྱིས་མ་བསྔོས་པའོ། །བསོད་ནམས་འདོད་པས་མགྲོན་དུ་བོས་ན་ཁ་ཚར་མ་བཅད་པ་མན་ཆད་སར་པ་ལ་མི་རྟག་པས་ཉེན་པར་གྱུར་པའི་ཡིད་ལ་བྱེད་པས་སྟེང་དུ་བརྫི་བར་བྱའོ་ཞེས་བྱ་བ་ལ། དུས་ནམ་གྱི་ཚེ་ན་བརྫི་བར་བྱ་ཞེ་ན། དེའི་ཕྱིར་

མགྲོན་དུ་བོས་ནས་ཞེས་བྱ་བ་སྨོས་ཏེ། ཐོ་འཚམས་པར་བྱེད་པའི་བསམ་པས་ནི་མ་ཡིན་ཏེ། འོན་ཀྱང་བསོད་ནམས་འདོད་པས་སོ། །ཅི་ཞིག་བརྫི་བར་བྱ་ཞེ་ན། དེའི་ཕྱིར་སར་པ་ལ་ཞེས་བྱ་བ་སྨོས་ཏེ། གོས་ཞེས་བྱ་བ་དང་སྦྱར་རོ། །ཁ་ཚར་མ་བཅད་པ་ཞེས་བྱ་བ་ནི་འདིར་ཇི་སྲིད་ཀྱི་སྒྲ་དང་འབྲེལ་པ་སྟེ། ཇི་

སྲིད་དུ་ཁ་ཚར་མ་བཅད་པ་མན་ཆད་ཅེས་བྱ་བའི་དོན་ཏོ། །ཅི་གང་ཡང་རུང་བས་ཡིན་ནམ་ཞེ་ན། དེའི་ཕྱིར་མི་རྟག་པས་ཉེན་པར་གྱུར་པའི་ཡིད་ལ་བྱེད་པས་སོ་ཞེས་བྱ་བ་སྨོས་སོ། །ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དོ།། །།གང་དུ་ཅི་ཞིག་བྱས་ན་ལོངས་པ་བཞིར་གཏོགས་པའི་ལྟུང་བྱེད་དུ་འགྱུར་

ཞེ་ན། དེའི་ཕྱིར་རིན་པོ་ཆེ་རང་གི་མ་ཡིན་པ་དང་། དེར་སྨོས་པ་ལ་རེག་གམ་རེག་ཏུ་བཅུག་ན་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གང་དུ་ཞེས་བྱ་བའི་དྲི་བ་འདི་ལ་རེག་གམ་རེག་ཏུ་བཅུག་ན་ཞེས་བྱ་བའི་ཚིག་གིས་སོ། །ཅི་ཞིག་བྱས་ན་ཞེས་བྱ་བའི་དྲི་བ་འདི་ལ་རིན་པོ་ཆེ་རང་གི་མ་ཡིན་པ་དང་། དེར་སྨོས་པ་

ཞེས་བྱ་བའི་ཚིག་གིས་སོ། །དེར་ཞེས་བྱ་བའི་སྒྲས་ནི་དེར་སྨོས་པ་ལ་རིན་པོ་ཆེར་བཟུང་སྟེ་རིན་པོ་ཆེ་དང་མཉམ་པ་དེ་ཞེས་བྱ་བའི་དོན་ཏོ། །དེར་རང་ལ་རང་བཞིན་གྱིས་དངོས་པོ་ཉིད་ཀྱི་ཕྱིར་རང་གི་རིན་པོ་ཆེའི་རང་བཞིན་གྱི་ཆོ་ག་རྣམ་པར་གཞག་པ་ཞེས་བྱ་བའི་ཆོ་ག་འདིར་རང་བཟུང་བ་ཉིད་ཀྱི་ཕྱིར་འདིར་དག་པའི་ལྟུང་བྱེད་ལ་

རང་མ་ཡིན་པའི་ཚིག་ཏུ་བྱས་སོ། །དེར་སྨོས་པ་ལ་ཞེས་བྱ་བ་འདི་ལ་རང་མ་ཡིན་པ་ཞེས་བྱ་བ་རྟོགས་པར་བྱ་སྟེ། འདིར་གཉིས་ཀ་ཡང་བྱེད་པ་པོར་རིག་པར་བྱའོ། །རང་གི་དང་རང་གི་མ་ཡིན་པ་ཤིན་ཏུ་སྟོབས་དང་ལྡན་པ་ནི་ཤིན་ཏུ་རྒྱགས་པའི་གནས་སོ། །གང་གི་ཕྱིར་རང་གི་ཤིན་ཏུ་རྒྱགས་པའི་གནས་ལ་བདག་

ཏུ་བྱ་བའི་རིན་པོ་ཆེར་སྨོས་པ་ལ་ཉེས་བྱས་སུ་གཏོགས་པར་རིག་པར་བྱའོ། །རིན་པོ་ཆེར་སྨོས་པ་ཞེས་བྱ་བ་དེ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་དེ་ནི་གཡུལ་དུ་སྤྱད་པའི་མཚོན་ཆ་དང་རོལ་མོར་སྤྱད་པའི་ལག་ཆའོ་ཞེས་བྱ་བ་སྨོས་ཏེ། གཡུལ་དུ་དགོས་ཤིང་དེ་འབྲེལ་བའི་མཚོན་ཆ་ནི་གཡུལ་དུ་སྤྱད་པའི་མཚོན་ཆའོ། །

Vol. 160 · folio 250b

དེ་བཞིན་དུ་རོལ་མོར་སྤྱད་པ་ཡང་ངོ་། །དེ་གཉིས་ཇི་ལྟ་བུ་ཞིག་གང་གི་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་དགོས་པའི་ཕྱིར་རུང་བར་གྱུར་པ་ནི་དངོས་གཞིའོ། །གྱུར་པ་མ་ཡིན་པ་ནི་ཉེས་བྱས་ཀྱིའོ། །གཙུག་ལག་ཁང་དང་ཉེ་འཁོར་ན་འདུག་པ་ལ་བདག་གིར་བྱ་བ་དང་མ་འབྲེལ་པར་རྫས་ཆུད་མི་ཟ་བར་བྱ་བའི་སེམས་

ཀྱིས་ནི་མ་གཏོགས་སོ་ཞེས་བྱ་བ་སྨོས་སོ། །དེ་གཉིས་གནས་གང་ལ་ཡང་རུང་བ་ན་འདུག་པ་བྱེད་པ་པོ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་གཙུག་ལག་ཁང་དང་དེའི་ཉེ་འཁོར་ན་འདུག་པ་ནི་མ་གཏོགས་ཏེ་ཞེས་བྱ་བའི་ཚིག་གིས་སོ། །ཅི་སེམས་གང་ཡང་རུང་བས་འདི་མ་གཏོགས་པར་སེམས་གང་ཡང་རུང་བ་དེ་ལ་འདི་

བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་བདག་གིར་བྱ་བ་དང་མ་འབྲེལ་པར་རྫས་ཆུད་མི་ཟ་བར་བྱ་བའི་སེམས་གང་ལ་ཡོད་པ་དེའི་ཕྱིར་འདིའོ། །གཙུག་ལག་ཁང་དང་དེའི་ཉེ་འཁོར་ན་འདུག་པ་ནི་མ་གཏོགས་ཏེ་ཞེས་བྱ་བ་འདིའི་དོན་ཏོ། །དེ་བསྐྱང་བའི་ཕྱིར་རེག་པ་དང་རེག་ཏུ་བཅུག་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་

དེ་ཙམ་བཤད་དོ། །དེ་ལ་འདི་ལྟར་ཡོངས་སུ་བསྐྱང་བར་བྱ་ཞེས་བྱ་བ་མ་བསྟན་པས་དེ་རྗོད་པར་བྱེད་པ་ནི། དེ་ཡལ་བར་མི་དོར་ཞེས་བྱ་བ་ནི་གཙུག་ལག་ཁང་ན་འདུག་པའམ། གཙུག་ལག་ཁང་གི་ཉེ་འཁོར་ན་འདུག་པ་ཞེས་བྱ་བ་དང་སྦྱར་རོ། །རིན་པོ་ཆེ་འམ་རིན་པོ་ཆེར་སྨོས་པ་དེ་ཡལ་བར་མི་དོར་

ཏེ། དེ་བསྲུང་བའི་ཕྱིར་འདོད་པ་དེ་ཐོབ་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །བདག་པོ་ལས་འཁྱམས་པར་གྱུར་ན་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པའོ། །བསྲུང་བའི་དོན་དུ་འདོད་པ་ཐོབ་པར་བྱ་བ་ཇི་ལྟར་དེ་ཡལ་བར་མི་འདོར་བར་བྱ་ཞེ་ན། དེའི་ཕྱིར་ཞག་བདུན་ནམ་བརྒྱད་དུ་བསྡུ་སྐྱོགས་བྱའོ་ཞེས་བྱ་བ་སྨོས་ཏེ།

འགྲོ་བའི་ལམ་གཡོགས་སུ་འམ་ལོ་མའི་ཚོགས་དག་གིས་གཡོགས་པར་བྱའོ། །བདག་པོ་རྟགས་ཐམས་ཅད་ལ་མ་བབ་པར་ཁོ་བོའི་ཡིན་ནོ་ཞེས་ཟེར་བ་ལ་སྦྱིན་པར་མི་བྱའོ་ཞེས་བྱ་བ་སྨོས་ཏེ། རྫས་དེའི་རྟགས་གང་ཡིན་པ་དེའི་ཐོག་ཏུ་ཕེབས་པར་གྱུར་པའི་དོན་གྱིས་མ་ཕེབས་པར་མུན་སྤྲུལ་ཙམ་དུ་ཁོ་བོའི་ཡིན་ནོ་

ཞེས་ཟེར་བ་དེ་ལ་གྱ་ཚོམ་དུ་སྦྱིན་པར་མི་བྱའོ། །འོངས་པར་མ་གྱུར་ན་དེའི་འོག་ཏུ་དགེ་འདུན་གྱི་མཛོད་དུ་གཞུག་པར་བྱའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་བདག་པོའི་འོ། །དེའི་འོག་ཏུ་ཞེས་བྱ་བ་ནི་ཞག་བདུན་ནམ་བརྒྱད་རྣམས་ལས་སོ། །འདིར་དུས་ཡུན་ཇི་སྲིད་དུ་གཞུག་ཅིང་བཅང་བར་ཞེ་ན། དེའི་ཕྱིར་ཟླ་བ་

Vol. 160 · folio 251a

དྲུག་གི་མཐའ་ཚུན་ཆད་དུ་བཅང་བར་བྱའོ་ཞེས་བྱ་བ་སྨོས་སོ། །དུས་དེ་ལ་ཡང་བདག་པོ་མ་འོངས་ན་དེའི་འོག་ཏུ་གང་ཞིག་བྱ་བ་དེ་སྨོས་པ་ནི། དེའི་ཕྱིར་འོག་ཏུ་མ་འོངས་ན་སངས་རྒྱས་སམ་དགེ་འདུན་གྱི་རིས་གང་ནས་རྙེད་པ་དེར་སྤྱད་དུ་རུང་ངོ་ཞེས་བྱ་བ་སྨོས་ཏེ། ས་རིས་གང་ནས་ཞེས་བྱ་བ་ནི་

སངས་རྒྱས་སམ་དགེ་འདུན་གྱི་ས་རིས་ཀྱི་ཡུལ་གང་གི་ནང་ནས་སོ། །དེས་ཞེས་བྱ་བ་ནི་སངས་རྒྱས་སམ་དགེ་འདུན་གྱིས་སོ། །དགོས་པའི་ཕྱིར་རུང་བ་ཉིད་ལ་དངོས་པོ་དེའི་ཚིག་ཏུ་བརྗོད་པ་མ་ཡིན་པ་སྟེ། མི་རུང་བ་ཉིད་ལ་འདིའི་བྱ་བ་གང་ཡིན་པ་དེ་བརྗོད་པར་བྱ་སྟེ། དེ་རུང་བ་ཉིད་མ་ཡིན་ན་དེས་རུང་བ་བརྟན་པ་

ཉོ་བར་བྱའོ། །གལ་ཏེ་དེའི་ཚེ་བདག་པོ་འོངས་པར་གྱུར་ན་རྗེས་སུ་གནང་བ་གསོལ་ཏེ། མི་སྟེར་ན་སྦྱིན་པར་བྱའོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་དེའི་ཚེ་ཞེས་བྱ་བ་ནི་ཉོས་པ་ཉིད་དང་མ་ཉོས་པར་སྤྱོད་པའི་གནས་སྐབས་སུ་ཡང་དགོས་པར་གྱུར་པ་ཉིད་ནའོ། །མི་སྟེར་ན་ཞེས་བྱ་བ་ནི་རྗེས་སུ་གནང་བའོ། །སྦྱིན་པར་བྱའོ་

ཞེས་བྱ་བ་ནི་རྫས་དེའོ། །གལ་ཏེ་སྐྱེད་སློང་ན་ཁོ་བོ་ཅག་གིས་ཡོངས་སུ་བསྐྱངས་པ་གང་ཡིན་པ་དེ་ཉིད་དྲིན་ཆེ་བར་མི་སེམས་སམ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ། སྐྱེད་སློང་ན་ཞེས་བྱ་བ་ནི་དགོད་པའི་རྒྱུ་མཚན་གྱི་རྙེད་པའོ། །སྔར་རུང་བ་ཉིད་དུ་གྱུར་པ་ཞེས་གང་སྨོས་པ་དེ་ལ་གང་ལ་དགོད་པར་བྱ་བ་ཉིད་ཡིན་

ཞེ་ན། དེའི་ཕྱིར་བརྗོད་པར་བྱ་སྟེ། ནོར་བུ་ལ་སོགས་པ་ནི་བདར་བ་དང་། ཕུག་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་མུ་ཏིག་དང་བཻ་ཌཱུརྱ་ལ་སོགས་པ་དག་བསྡུས་པའི་དོན་དུའོ། །འདིར་གཞུང་ཁ་ཅིག་ལས་ནི་དགེ་སློང་གིས་ནོར་བུ་ལེན་ན་ནི་ཉེས་བྱས་སུ་འགྱུར་ལ། བདར་བ་ལེན་པར་

བྱེད་ན་ལྟུང་བྱེད་དོ། །ནོར་བུ་ཇི་ལྟ་བ་བཞིན་དུ་མུ་ཏིག་དང་བཻ་ཌཱུརྱ་དང་དུང་དང་མན་ཤེལ་དང་བྱི་རུ་དང་དངུལ་དང་ས་ལེ་སྦྲམ་དང་སྤུག་དང་རྡོའི་སྙིང་པོ་དང་། དམར་པོ་དང་གཡས་སུ་འཁྱིལ་པའི་བར་དུ་ཡང་རུང་ངམ་ཞེས་པའོ། །གཞན་ལས་ཀྱང་དགེ་སློང་གིས་ནོར་བུ་ལེན་ན་མ་ཕུག་པ་ལེན་ན་ཉེས་བྱས་སུ་འགྱུར་ལ།

ཕུག་པ་ལེན་པར་བྱེད་ན་ནི་ལྟུང་བྱེད་དོ། །ནོར་བུ་ཇི་ལྟ་བ་བཞིན་དུ་མུ་ཏིག་དང་བཻ་ཌཱུརྱ་དང་ཇི་སྲིད་གཡས་སུ་འཁྱིལ་བའི་བར་དུ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་གཉིས་ཀ་ལ་ཡང་ཇི་ལྟར་རིགས་པར་སྦྱར་བ་ཞེས་བྱ་བས་གཉིས་ཀ་བསྡུས་པ་ཡིན་ནོ། །མགུལ་རྒྱན་དང་གདུ་བུ་རྒྱན་ཅན་དང་དཔུང་རྒྱན་དང་དོ་ཤལ་དང་

Vol. 160 · folio 251b

སེ་མོ་དོར་གནས་པ་ཉིད་དུ་ཡང་ངོ་ཞེས་བྱ་བ་ནི་ས་ལེ་སྦྲམ་དང་དངུལ་ལས་བྱས་པ་ཉིད་གང་ཞིག་འདིར་དེ་ལ་འདི་ལྟ་བུར་འདུག་པའི་ངོ་བོ་མ་ཡིན་པ་ལ་འདི་དག་ལ་དངོས་གཞིའི་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པའི་དོན་དུ་བཟུང་བའོ། །པི་ཝང་དང་གླིང་བུ་དང་བ་ལ་རི་དང་མ་ཧཱ་ཏི་དང་སུ་གྷོ་ཥ་ཀ་རྣམས་ནི་རྒྱུད་

དང་བཅས་པ་ཉིད་ནའོ་ཞེས་བྱ་བ་ནི་རུང་བར་གྱུར་པ་ཉིད་ནའོ་ཞེས་བྱ་བ་སྟེ་འདིར་ཐམས་ཅད་དུ་སྦྱར་བར་བྱའོ། །འདིར་གཞུང་ནི་དགེ་སློང་གིས་པི་ཝང་ལེན་ན་རྒྱུད་དང་བཅས་པ་ལེན་ན་ལྟུང་བྱེད་དུ་འགྱུར་ལ་རྒྱུད་མེད་པ་ལེན་ན་ལྟུང་བ་ཉེས་པ་ཅན་དུ་འགྱུར་རོ། །པི་ཝང་ཇི་ལྟ་བ་བཞིན་དུ་གླིང་བུ་དང་བ་ལ་རི་དང་མ་ཧཱ་ཏི་དང་སུ་

གྷོ་ཥ་ཀ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །དུང་དང་རྔ་བོ་ཆེ་དང་རྔ་པ་ཊ་ཧ་དང་རྫ་རྔ་རྣམས་ནི་སྒྲ་འབྱིན་ནའོ་ཞེས་བྱ་བ་ནི་རུང་བར་གྱུར་པ་ཡིན་ནོ། །གཞན་ནི་རྒྱུད་དང་བཅས་པ་ཉིད་ནའོ་ཞེས་བྱ་བ་ནི་རུང་བར་གྱུར་པ་ཉིད་ཡིན་ནོ་ཞེས་བྱ་བར་འཇུག་གོ། །རལ་གྲི་དང་རལ་གྲི་ཁྱོག་པོ་དང་རལ་གྲི་སོ་གཅིག་

པ་དང་མདུང་དང་འཕང་མདུང་དང་ལྕགས་ཀྱུ་རྣམས་ནི་དེ་ཉིད་ཡིན་ནའོ་ཞེས་བྱ་བ་ནི་རལ་གྲི་ལ་སོགས་པ་རྣམས་ཀྱི་དེ་དག་ཉིད་ཡིན་ན་རལ་གྲི་ལ་སོགས་པ་རུང་བ་ཉིད་ལ་རུང་བ་ཉིད་ཅེས་བྱ་བའི་དོན་ཏོ། །མདའ་དང་ལྕགས་མདའ་དང་མདའ་ཕྱེད་ལྕགས་ལས་བྱས་པ་རྣམས་ནི་མདེའུ་དང་བཅས་པ་ཉིད་ཡིན་ནའོ་

ཞེས་བྱ་བ་ནི་རུང་བ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྐུ་གཟུགས་ནི་སྐུ་གདུང་དང་བཅས་པ་ཉིད་ཡིན་ནའོ་ཞེས་བྱ་བ་ནི་གང་གིས་འདི་འདྲ་བ་དེ་ནི་མཚོན་པར་བྱེད་པ་རྣམས་སོ། །འདིར་སོ་སོར་ཉེ་བར་གནས་པ་ཞེས་བྱ་བའི་དོན་ཏོ། །སྐུ་གདུང་དང་བཅས་པ་ཉིད་ཡིན་ན་ཡོངས་སུ་རྫོགས་པ་ཉིད་དེ་ལ་སོ་སོར་

ཉེ་བར་གཞག་པ་ཉིད་དོ། །ཉེ་བར་དགོས་པ་ཉིད་ལ་འདིའི་ངོ་བོ་ཉིད་ལྟར་སྐུ་གདུང་དང་བཅས་པའི་སྐུ་གཟུགས་བསྟན་པའོ། །རིན་པོ་ཆེའི་རང་བཞིན་ཉིད་ལ་སྐུ་གདུང་དང་བཅས་པ་ཉིད་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པའོ། །སྐུ་གདུང་དང་བཅས་པ་མ་ཡིན་ན་ནི་ཉེས་བྱས་སོ། །རིན་པོ་ཆེའི་རང་བཞིན་མ་

ཡིན་པ་ཉིད་ལ་སྐུ་གདུང་དང་བཅས་པ་ཉིད་ན་ནི་ཉེས་བྱས་སོ། །སྐུ་གདུང་མེད་པ་ཉིད་ལ་ནི་ལྟུང་བ་མེད་དོ། །འདིར་ལྕི་བ་ཡོངས་སུ་སྤང་བའི་དོན་དུ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་འདིར་རྣམ་པར་གཞག་པར་རིག་པར་བྱའོ། །མཆོད་རྟེན་རིན་པོ་ཆེ་ལས་བྱས་པ་ལ་ནི་དགོས་པ་ཉིད་མེད་པ་ནི་མ་ཡིན་ཏེ། དེ་བས་ན་

Vol. 160 · folio 252a

འདིར་ཡང་རིན་པོ་ཆེའི་རང་བཞིན་དང་སྐུ་གདུང་དང་བཅས་པ་ཉིད་དག་ལ་ལྟུང་བྱེད་དོ། །གང་ཡང་རུང་བ་གཅིག་མ་ཚང་ན་ནི་ཉེས་བྱས་སོ་ཞེས་བྱ་བ་རྟོགས་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་སྐུ་གཟུགས་དང་སྐུ་གདུང་དང་བཅས་པ་ཉིད་ལ་ནི་དེ་དག་གི་སྐུ་གདུང་དང་བཅས་པ་ཡང་རུང་། སངས་

རྒྱས་ཀྱི་སྐུ་གདུང་དང་བཅས་པ་ཡང་རུང་སྟེ། ཉེས་བྱས་སུ་འགྱུར་བ་ཉིད་དུ་རྟོགས་པར་བྱའོ། །སྲེད་མེད་ཀྱི་བུ་ལ་སོགས་པའི་གཟུགས་རིན་པོ་ཆེ་ལས་བྱས་པ་ཉིད་མ་ཡིན་པ་སྐུ་གདུང་དང་བཅས་པ་ཉིད་ནི་དེ་དག་གི་རུས་པ་དང་བཅས་པ་ཡང་རུང་སངས་རྒྱས་ཀྱི་སྐུ་གདུང་དང་བཅས་པ་ཡང་རུང་སྟེ་

ཉེས་པ་མེད་དོ། །རིན་པོ་ཆེ་ལས་བྱས་པ་ཉིད་ཡིན་ན་ནི་རྫས་ཙམ་གྱི་དབང་ལས་ཉེས་བྱས་སུ་འགྱུར་རོ། །དེ་ལ་སྟོན་པའི་འདུ་ཤེས་ཉེ་བར་གཞག་ན་ཉེས་པ་མེད་དོ་ཞེས་བྱ་བ་ནི་སྐུ་གཟུགས་དེ་དག་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག་སྟེ། རེག་གམ་རེག་ཏུ་བཅུག་པ་ནི་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ནོར་བུ་

མཆིང་བུ་དང་སོག་མའི་ཕྲེང་བ་དང་མཆུ་སྒྲེང་དང་རྫ་རྔ་ཁ་ཅིག་པ་དང་གཞུ་དང་མདའ་ལྟར་བཅོས་པ་རྣམས་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ལ། མདའ་ལྟར་བཅོས་པ་ཞེས་བྱ་བ་ནི་ལྟོང་ལ་སོགས་པ་དང་སྦྱར་བས་མདའི་རྣམ་པ་ཉིད་དུ་ཉེ་བར་གྱུར་པ་སྟེ། ཤིང་བུ་ལ་སོགས་པ་དག་ལས་ལྟོང་ཙམ་བཏོད་ཅིང་འོལ་བྱི་ཙམ་

མདའ་འདྲ་བ་བྱས་པ་ཡིན་པར་རིག་པར་བྱའོ། །འདིར་མཆིང་བུ་ལ་སོགས་པའི་ཚིག་ནི་དཔེ་ཙམ་དུ་ཟད་དེ། ས་ལས་བྱས་པའི་ནོར་བུ་དག་ཀྱང་ཕྱེད་ཉིད་དེ་ཉེས་བྱས་སུ་རིག་པར་བྱའོ། །གསེར་གྱི་སྟེགས་བུ་ནི་མི་རུང་བ་ཉིད་དོ་ཞེས་བྱ་བ་ལ། རྣམ་པ་འདི་ལྟ་བུ་ཉིད་ནི་མཁོ་བའི་ཡོ་བྱད་དུ་གྱུར་པ་ཉིད་མ་ཡིན་ཏེ།

གང་ཞིག་འདི་ལ་སྟེགས་བུ་ལ་སོགས་པ་ཉེ་བར་མཁོ་བའོ། །མི་རུང་བ་ཉིད་ལ་གྲུབ་པས་ཐམས་ཅད་དུ་གྱུར་པའི་ཡོངས་སུ་གྲུབ་པའི་དོན་ལའོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་དགེ་སློང་གསེར་གྱི་སྟེགས་བུ་ལ་འདུག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འཇིགས་པར་གྱུར་ན་རང་གི་ལ་མི་

གནོད་ན་དགེ་འདུན་གྱི་དང་མཆོད་རྟེན་གྱི་དབྱིག་དང་གསེར་སྦས་སམ་ཁྱེར་ཏེ་འགྲོ་བར་བྱའོ་ཞེས་བྱ་བ་ནི་གཞུང་ཁ་ཅིག་ལས་འདིར་སྦས་ནས་ཁྱེར་ཏེ་འགྲོ་བར་བྱའོ་ཞེས་འབྱུང་ངོ་། །གཞན་དུ་ནི་དགེ་སློང་གིས་དགེ་འདུན་གྱི་མི་ཟད་པའི་གཏེར་ཁྱེར་ཏེ། ཁྱིམ་པ་དང་དགེ་ཚུལ་དག་ལ་བྱིན་པ་དང་དེ་དག་གིས་ཁྱེར་སྟེ་བྲོས་

Vol. 160 · folio 252b

ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པ་ཡིད་ཆེས་པ་མ་ཡིན་པ་ལ་ཁྱིམ་པའམ། དགེ་ཚུལ་ལ་དགེ་འདུན་གྱི་མི་ཟད་པའི་གཏེར་རྣམས་ལག་ཏུ་སྦྱིན་པར་མི་བྱའོ། །གལ་ཏེ་ཡིད་ཆེས་པར་གྱུར་ན་ནི་སྦྱིན་པར་བྱའོ། །འོན་ཏེ་ཡིད་ཆེས་པར་མ་གྱུར་ན་དགེ་སློང་རང་གིས་ཁྱེར་ཏེ་འགྲོ་བར་བྱ་ཞིང་གང་

གི་ཚེ་གཙུག་ལག་ཁང་དེ་ཉིད་ན་གནས་པ་ཡིན་ན་དེའི་ཚེ་དེ་ཉིད་དུ་སྦྱིན་པར་བྱའོ། །འོན་ཏེ་གཙུག་ལག་ཁང་པ་ཞིག་ན་གནས་པ་མ་ཡིན་ན་གཙུག་ལག་ཁང་དེ་ཉིད་དུ་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེར་གཉིས་ཀ་ལྟར་ཡང་ཇི་ལྟར་ཉེ་བར་དགོས་པར་གྱུར་པ་རྟོགས་པ་ཕྱིར་འཐད་པ་ཡིན་ནོ། །དེ་བས་

ན་དེ་གཉིས་ཀ་ཡང་འདིས་བསྡུས་པ་ཡིན་ནོ། །རང་གི་ལ་མི་གནོད་ན་ཞེས་བྱ་བ་ནི་གལ་ཏེ་དགེ་འདུན་ནམ་མཆོད་རྟེན་གྱི་སྦ་བར་བྱ་བ་ལ་བདག་ཉིད་ཀྱི་དོན་ལ་མི་སྦ་བར་ཁྱེར་བ་དང་མ་ཁྱེར་བར་གནོད་པར་གྱུར་ན་ནི་དེ་ལྟ་བུ་མི་བྱའོ་ཞེས་བྱ་བའི་དོན་ཏོ། །རང་གི་ལ་ཞེས་བྱ་བ་ནི་ཆོས་དང་ལྡན་པ་དེའི་འོ། །གང་ཞིག་མེད་

པར་ལུས་གནས་པའམ་ཆོས་སྒྲུབ་པ་ལ་གནོད་པར་འགྱུར་བ་རྨོངས་པའི་ཡོ་བྱད་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ཤུགས་ཀྱིས་ཤེས་པར་བྱའོ། །དགེ་འདུན་གྱིས་ཞེས་བྱ་བ་ལ། འདིར་གཞུང་ནི་དེར་དགེ་སློང་རྣམས་ཀྱིས་དགེ་འདུན་གྱི་མི་ཟད་པའི་གཏེར་རྣམས་ཁྱེར་བ་དང་། དེ་དག་གི་ལྷུང་བཟེད་དང་ཆོས་གོས་

དང་འཁྱམས་ནས་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་མི་བྱ་སྟེ་གང་ཟག་ནི་ཕོངས་པར་འགྱུར་གྱི་དགེ་འདུན་ནི་མི་འགྱུར་བས་དེའི་ཕྱིར་དགེ་སློང་གིས་དང་པོར་རང་གི་ལྷུང་བཟེད་དང་ཆོས་གོས་བསྐུར་བར་བྱ་ཞིང་གལ་ཏེ་བསྲུང་བར་

ནུས་ན་ཕྱིས་དགེ་འདུན་གྱི་ལ་ཡང་འབད་པར་བྱའོ། །མཆོད་རྟེན་གྱི་ལ་ཡང་ཞེས་བྱ་བ་ནི་དེ་ཡང་གང་དུ་སྦས་ནས་འགྲོ་བ་ཀློག་པ་ལས་དེར་གསུངས་པ་རིང་བ་ཉིད་ཀྱི་ཕྱིར་འདིར་མ་བརྟགས་སོ། །བྱེད་པར་གྱུར་པ་གང་གིས་སྦས་ནས་སམ་ཁྱེར་ཏེ་འགྲོ་ཞེ་ན། དེའི་ཕྱིར་དད་པ་ཅན་གྱིས་ཏེ་འདི་པའི་རབ་ཏུ་བྱུང་

བ་མ་ཡིན་པ་ལ་འདི་བཟུང་བ་ཞེས་བྱ་བ་འོག་ནས་ཤེས་པར་བྱའོ། །དགེ་ཚུལ་གྱིས་སོ་ཞེས་བྱ་བ་ནི་སྡོམ་པ་ཉིད་ལ་དད་པས་དེའི་གནས་ལས་མཐའ་ཡས་པར་བྱས་པ་ཉིད་འདིས་ནི་དད་པ་ཅན་ཞེས་བྱ་བར་རིག་པར་བྱའོ། །མེད་ན་རང་གིས་སོ་ཞེས་བྱ་བ་ནི། དེ་གཉིས་གཅིག་ཀྱང་མེད་ན་རང་གིས་སྦས་སམ་

Vol. 160 · folio 253a

ཁྱེར་ཏེ་འགྲོ་བར་བྱའོ། །དེར་བསྐོ་བར་བྱ་བ་ནི། སྦ་བ་དང་བསྐུར་བར་བྱ་སྟེ་འཛིན་པར་སྦྱོར་བའོ། །དེར་བསྐོ་བ་ཡང་འདི་དང་ཤིན་ཏུ་ཞན་པ་ཉིད་ཀྱི་ཕྱིར་འགྲོ་བ་ཉིད་དུ་རིག་པར་བྱའོ། །བྲལ་ན་སྦྱིན་ནོ་ཞེས་བྱ་བ་ནི་འདིར་བྲལ་ན་སྦས་པའམ་ཁྱེར་བ་དེ་ཉིད་དུ་སྦྱིན་པའོ། །བྲུ་བ་ཡང་དེ་

དང་འདྲའོ་ཞེས་བྱ་བ་ནི་ཇི་ལྟར་སྦས་ཏེ་ཁྱེར་ནས་འགྲོ་བ་དེ་བཞིན་དུ་དད་པ་ཅན་ནམ། དགེ་ཚུལ་གྱིས་བྲུ་བའོ། །ཇི་སྲིད་དུ་དེ་གཉིས་མེད་ན་རང་གིས་སོ། །མི་མ་ཡིན་པའི་གནས་ན་གནས་ཏེ་དེ་དག་གི་བསོད་ནམས་ཀྱིས་བྱུང་བ་རིན་པོ་ཆེའི་རང་བཞིན་གྱི་ས་གཞི་དང་ཐེམ་སྐས་ལ་སོགས་པ་ལ་ནི་ཉེས་པ་མེད་དོ་ཞེས་

བྱ་བ་ནི་དེ་དང་འདྲ་བའི་འཇིག་རྟེན་སྒྲུབ་པར་བྱེད་པའི་བསོད་ནམས་ནི་འདིར་རིག་པར་བྱ་སྟེ་གཞན་རྣམས་ལ་ནི་མ་ཡིན་ནོ། །ཟན་གྱི་ཕྱིར་སྣོད་གཞན་མེད་ན་རིན་པོ་ཆེ་ལ་སོགས་པ་ཡང་ངོ་ཞེས་བྱ་བ་ནི་འདིར་ཕྲན་ཚེགས་དག་ལས་སྐྱོན་མེད་པའི་རིན་པོ་ཆེའི་རང་བཞིན་ལས་བྱས་པའོ། །ཡང་ངོ་ཞེས་བྱ་བའི་སྒྲ་ནི་མི་མ་ཡིན་

པའི་གནས་ན་གལ་ཏེ་དེ་དག་གི་བསོད་ནམས་ཀྱིས་བྱུང་བའི་དེ་རྣམས་ཀྱི། རིན་པོ་ཆེའི་རང་བཞིན་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བའི་རྗེས་བསྙེག་པའི་ཕྱིར་རོ། །འདུག་པའི་ཕྱིར་གནས་མལ་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་སྐྱོན་མེད་པའི་ཞེས་བྱ་བ་ལ་སོགས་པ་འདི་མེད་པ་ལ་གཞན་མེད་ན་ཞེས་བྱ་

བ་ལ་སོགས་པའི་རྗེས་བསྙེག་པའི་ཕྱིར་རོ། །འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་ལས། དགེ་སློང་དག་ལྷ་དང་ཀླུའི་གནས་དག་ཏུ་འགྲོ་བ་ན་དེར་རིན་པོ་ཆེའི་རང་བཞིན་གྱི་གདན་རྣམས་རྙེད་པར་གྱུར་ཏེ། དེ་རྣམས་ལ་འདུག་པར་མི་བྱེད་ཅིང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ནི་སེམས་ཅན་

དེ་རྣམས་ཀྱི་བསོད་ནམས་ལས་བྱུང་བ་ཡིན་པས་དེ་རྣམས་ལ་འདུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཡང་གཞན་ལ་མེད་པ་ཞེས་བྱ་བ་འདིར་མི་འདོད་ན་དེ་ལྟར་ཡང་འདི་ནི་རིགས་པར་གྱུར་པ་སྟེ། དེ་བས་ན་བརྟེན་པའོ། །བཞོན་པས་འགྲོ་བར་བྱའོ། །ཆོས་དང་ལྡན་པའི་ཆོས་ཉིད་ཀྱི་དབང་ཉིད་ཀྱིས་

སོ། །དེ་ལ་ཡང་ཆ་སྒེག་པ་དང་ལྡན་པ་ཉིད་ཀྱིས་མི་བྱའོ། །རྒས་པ་དང་ན་བ་དག་ལས་གཞན་པས་མི་བྱ་བ་ནི་ཀོ་ལྤགས་ཀྱི་ཕྲན་ཚེགས་རྣམས་ལས་འདི་སྐད་ཅེས་གསུངས་ཏེ། ཆོས་ཉན་དུ་གཞུག་པའི་ཕྱིར་རིན་པོ་ཆེ་ལས་བྱས་པའི་སེང་གེའི་ཁྲི་ལ་མི་རྟག་པས་ཉེན་པར་གྱུར་པའི་ཡིད་ལ་བྱེད་པས་འདུག་པར་བྱའོ་

Vol. 160 · folio 253b

ཞེས་བྱ་བ་ལ། ཆོས་བསྒྲག་པའི་དོན་དུ་ཞེས་བྱ་བ་ནི་འདིར་འདུག་ཅིང་ཉན་པ་པོ་རྣམས་ལ་ཆོས་བསྒྲགས་པར་བྱའོ་ཞེས་བྱ་བའི་དོན་ལ་བརྟེན་ནས་གནས་མལ་གྱི་བསླབ་པའི་གཞི་ལ་སོགས་པ་གསུངས་སོ། །དེ་ལ་སོགས་པའི་རྫས་ཀྱང་ཞེས་བྱ་བའི་མཐའ་ཅན་འདིར་དྲངས་པའོ། །འདིར་གཞུང་ནི་དེ་ནས་ཁྱིམ་བདག་

མགོན་མེད་ཟས་སྦྱིན་གྱིས་ཐོས་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་སེང་གེའི་ཁྲི་བཤམས་པ་དང་དགེ་སློང་དེ་དག་དེ་ལ་མི་འཁོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་བྱེད་ཐམས་ཅད་མི་རྟག་གོ་སྙམ་དུ་བསམས་ནས་དེ་ལ་འདུག་ནས་ཆོས་བཤད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་

དུ་དེ་བཤམས་པ་དང་གསེར་དང་དངུལ་གྱིས་སྤྲས་པ་དྲིལ་བུ་གཡེར་ཁ་གཤིབས་པའི་གོས་དག་ལ་ཁྱིམ་པའི་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་ཞེས་བྱ་བའི་སྒྲ་ནི་མི་རྟག་པས་ཉེན་པར་གྱུར་པ་ཡིད་ལ་བྱེད་པས་འདུག་པར་བྱའོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་རོ་སྙམ་དུ་ཤེས་པར་བྱས་ནས་

ཞེས་བྱ་བ་ནི་ཁྱིམ་པའི་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས་སོ། །འདིར་གཞུང་ནི་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་ཁྱིམ་གྱི་ནང་དུ་གསེར་གྱིས་སྤྲས་པ་གསེར་གྱི་དྲིལ་བུ་གཡེར་ཁས་གཤིབས་པའི་གོས་དག་བཤམས་པ་དང་། དགེ་སློང་དག་དེ་ལ་མི་འཁོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། འདུ་བྱེད་ཐམས་ཅད་མི་རྟག་གོ་སྙམ་དུ་བསམས་ཏེ། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་རྣམས་ལ་ཡོངས་སུ་ལོངས་སྤྱོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ནོར་བུས་སྤྲས་པ་གསེར་དང་དངུལ་གྱིས་བརྒྱན་པ་དག་ལ་ཡང་ངོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་སེང་གེའི་ཁྲི་

དེ་ལའོ། །དེ་ལྟ་བུའི་གོས་དག་ལ་འདུག་པ་འདི་ནི་དེའུ་རེ་མི་རྟག་པས་ཉེན་པར་གྱུར་པ་ཡིན་ནོ་སྙམ་པའི་ཡིད་ལ་བྱེད་པས་འདུག་པར་བྱའོ། །འདི་ལྟར་སེང་གེའི་ཁྲིའི་ཆོ་ག་ལ་གྲུབ་པ་མེད་དེ་དངོས་སུ་ཡང་བྱེ་བྲག་འདི་ལ་ཁྱད་པར་གྱི་གཞུང་ཡོད་པ་མ་ཡིན་ཏེ། འདི་བསྟན་པའི་ཕྱིར་མདོ་

འདི་བྱས་སོ། །དེ་དག་གྲུབ་པར་བྱའོ་ཞེས་བྱ་བ་ནི་སེང་གེའི་ཁྲི་ལ་གོས་རྣམ་པ་དེ་ལྟ་བུ་བཤམས་པ་དེ་དག་གོ། །ཁྱིམ་པ་དང་དགེ་ཚུལ་མེད་ན་སངས་རྒྱས་ཀྱི་སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་ཉེ་བར་གཞག་པ་རྣམས་ཀྱིས་ཆོས་དང་ལྡན་པའི་དོན་གྱི་དབང་ཉིད་ཀྱིས་རེག་པ་ལ་མི་རུང་བ་མེད་དོ་

Vol. 160 · folio 254a

ཞེས་བྱ་བ་ནི་འདིར་རིན་པོ་ཆེ་ཡང་སངས་རྒྱས་ཀྱི་སྐུ་གཟུགས་བརྗོད་པར་འདོད་པའོ། །དེའི་རྫས་ལ་ཡང་ངོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་གཟུགས་དེའི་རྫས་དང་རྒྱན་ལ་སོགས་པ་ལ་ཡང་ངོ་། །རྒྱན་གདགས་པ་བརྟེན་པར་མི་བྱའོ་ཞེས་བྱ་བ་ལ་འདིར་གཞུང་ནི་དེ་ལྟ་བས་ན་དགེ་

སློང་གིས་རྒྱན་དང་རྐང་རྒྱན་གདགས་པར་མི་བྱའོ། །འདོགས་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་བཞིན་དུ་ཚོན་སྣ་ལྔའི་སྔགས་སྐུད་གདགས་པར་མི་བྱའོ། །འདོགས་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །རྒྱན་འདོགས་པ་འདི་ལ་རྒྱན་དེ་ཐམས་ཅད་ནི་

དཔེ་ཙམ་ཡིན་གྱི་འདི་ཐམས་ཅད་བཅང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་འདི་སྟོན་པར་བྱེད་པའོ། །འདི་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན་ཏེ། དེ་བས་ན་དེ་བསྲུང་བའི་དོན་དུ་སྲུང་སྐུད་འདི་ཚོན་ལྔའི་རང་བཞིན་ཅན་ནི་མི་བྱ་བར་ཤེས་པར་བྱ་བ་མ་ཡིན་ནོ། །ཕྲན་ཚེགས་དག་ལས་དེ་ལ་

སོགས་པ་འདིར་རུང་བ་ཞེས་བྱ་བའི་ཕྱིར་མཐར་འདི་དྲངས་པའོ། །མ་མོ་ལས་ཀྱང་ཉན་ཐོས་ཀྱིས་ཀྱང་དོར་ན་ཞེས་གསུངས་པ་ཡིན་ནོ། །རྒྱན་བཅང་བར་བྱའོ་ཞེས་བྱ་བ་ལ། རྒྱན་རྣམ་པ་ཇི་ལྟ་བུ་ཞིག་ཅེ་ན། དེ་ཡི་ཕྱིར་གདགས་སུ་མི་རུང་བའོ་ཞེས་བྱ་བ་སྨོས་ཏེ། གདགས་པར་མི་འོས་པ་དང་མི་རུང་

བའོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་གང་ལས་བྱས་ཤེ་ན། དེའི་ཕྱིར་རོ་ཉེའམ་ཟངས་མའམ་ར་གན་ནམ་ཁར་བའམ་རྒྱ་སྐྱེགས་ཀྱི་ཚིགས་མའམ། ཤིང་ངམ་རྡོ་འམ་ས་འམ་བ་སོའམ་རྭ་དག་རྣམས་ལས་བྱས་པའོ་ཞེས་བྱ་བ་སྨོས་ཏེ། འདིའི་གཞུང་ནི་གཞུང་ཁ་ཅིག་ལས་དགེ་སློང་གིས་གསེར་

དང་དངུལ་དང་བཻ་ཌཱུརྱ་དང་ཤེལ་གྱི་རང་བཞིན་ལས་བྱས་པའི་རྒྱ་རྣམས་བཅང་བར་མི་བྱའོ། །སོར་གདུབ་ཀྱི་རྒྱན་ཡང་བཅང་བར་མི་བྱའོ། །འོན་ཀྱང་འདིར་རྒྱན་ནི་རྣམ་པ་ལྔ་སྟེ། ར་གན་ལས་བྱས་པ་དང་ཟངས་མ་ལས་བྱས་པ་དང་། ཁར་བ་ལས་བྱས་པ་དང་བ་སོ་ལས་བྱས་པ་དང་རྭ་ལས་བྱས་

པའོ་ཞེས་གསུངས་ཏེ། གཞན་དུ་ནི་དགེ་སློང་གིས་ཇི་སྲིད་གསེར་ལས་བྱས་པའི་བར་དུ་བཅང་བར་བྱའོ། །འོན་ཀྱང་རྒྱན་རྣམ་པ་བརྒྱད་པོ་རོ་ཉེ་དང་ཟངས་དང་ར་གན་དང་ཁར་བ་དང་རྒྱ་སྐྱེགས་ཀྱི་ཚིགས་མ་དང་ཤིང་དང་རྡོ་དང་ས་ལས་བྱས་པ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་རིན་པོ་ཆེ་

Vol. 160 · folio 254b

ལས་གཞན་པའི་རྫས་ཀྱི་དཔེ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་ནས་བྱས་པ་ཡིན་ནོ། །རྟགས་ནི་དགེ་འདུན་གྱི་ལ་ནི་དབུས་སུ་འཁོར་ལོ། །ངོས་གཉིས་སུ་རི་དགས། འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་བྲིའོ། །གང་ཟག་གི་ལ་ནི་རུས་པའི་ཀེང་རུས་སམ་མགོའི་ཐོད་པའོ། །སོ་མངས་ཀྱིས་སྐྲ་བཤད་

པར་མི་བྱའོ་ཞེས་བྱ་བ་ནི་ལོངས་པའི་དངོས་པོ་ཡིན་པའི་ཕྱིར་རྣམ་པ་འདི་འཇུག་པ་དངོས་པོའི་རྣམ་པར་ཡང་འདིར་དངོས་པོ་ཞེས་བྱ་བ་འདི་ཞུགས་པའོ། །དེ་ནི་དཔེའོ་ཞེས་བྱ་བ་ནི་སོ་མངས་ཞེས་བྱ་བ་འདི་ནི་གཞན་སྒྲུབ་པར་བྱེད་པའི་དཔེ་ཡིན་ཏེ། གཞན་གྱིས་ཀྱང་མགོའི་སྐྲ་བཤད་པས་མགོ་

བཤད་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །མེ་ལོང་གིས་བཞིན་བལྟ་བར་མི་བྱའོ། །ཆུ་ཡན་ཆད་ཀྱིས་སོ་ཞེས་བྱ་བ་ནི་ཐ་ན་ཆུ་ཡན་ཆད་ཀྱིས་ཀྱང་སྟེ། ཆུ་ཡན་ཆད་ནས་ཏིལ་མར་དང་མར་ལ་སོགས་པའི་རྫས་གཞན་གྱི་བར་མན་ཆད་ཀྱིས་ཀྱང་བལྟ་བར་མི་བྱ་ཞེས་བྱ་བའི་དོན་ཏོ། །ཆུ་བརྟག་པའི་ཆེད་

ཉིད་དང་རྨ་དང་གཉེར་མ་དང་སྐྲ་དཀར་བལྟ་བ་དང་སྔ་ཕྱིའི་མཚན་མ་བཟུང་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཆོས་དང་ལྡན་པའི་དོན་གྱི་རྒྱུ་མཚན་ཉིད་གཙོ་བོ་འདི་ཡིན་ཏེ། འདིར་མིག་གི་དྲི་མ་ལ་སོགས་པ་ལ་ཡང་དོན་ཡོད་པར་དགོངས་པས་གནང་དུ་རུང་བ་འཕངས་པའོ། །འཕྲལ་རིས་གསུམ་

བསྟེན་པར་མི་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་ཕྱོགས་དེ་ལ་འདི་ནི་དཔེ་ཙམ་ཡིན་ཏེ། དེ་ལྟར་རིགས་ཅན་གྱི་ཆ་ནི་རང་གིས་བྱས་པའམ་གཞན་གྱིས་བྱས་པ་རྣམ་པར་འབྱེད་པ་བྱ་བ་མ་ཡིན་ཏེ། དེ་བས་ན་དགེ་སློང་གིས་འཕྲལ་རིས་གསུམ་བསྟེན་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གི་ཝང་

གིས་བསྐུ་བ་བསྟེན་པར་མི་བྱའོ། །དྲི་དག་གིས་ཀྱང་མི་བྱའོ་ཞེས་བྱ་བ་ཡང་བསྐུ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །གསོ་བའི་ཆེད་དུ་ནི་གི་ཝང་གིས་བསྐུ་བ་བསྟན་པར་བྱའོ། །གང་ཞིག་དྲིས་པས་རྗེས་སུ་གནང་བ་དེ་ལ་གསོ་བའི་ཆེད་ཉིད་མ་གཏོགས་པར་གཞན་ནི་ཁོངས་སུ་བསྡུས་པར་རིག་

པར་བྱའོ། །བསོད་ནམས་འདོད་པས་རྐང་པ་གཉིས་ལ་ལུས་བསྐུ་བའི་དྲིས་སྐུད་པ་བསྟེན་པར་བྱའོ། །དེའི་མདུན་དུ་དོར་བར་མི་བྱའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་སྦྱིན་བདག་བསོད་ནམས་འདོད་པ་དེ་ལ་ཆོ་ག་གང་ཡང་འདི་སྐུད་པ་དང་འབྲེལ་པ་ཡོད་པ་མ་ཡིན་ཏེ། དེ་ཉིད་བརྗོད་པར་བྱ་

Vol. 160 · folio 255a

ཏེ། དེ་དག་བསྐུས་པ་དགེ་འདུན་གྱི་ནང་དུ་འདུ་བར་མི་བྱའོ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་དྲི་དག་གིས་སོ། །བསྐུས་པ་ཞེས་བྱ་བ་ནི་བྱུགས་པའོ། །ཁྱིམ་བདག་ལ་ཆོས་བསྟན་པར་མི་བྱའོ། །ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །མཇུག་ཏུ་ཁྲུས་བྱའོ། །དེ་དག་

བླང་བར་བྱའོ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་དྲི་དེ་དག་གོ། །ཕེང་བ་རྒྱུ་དག་ཀྱང་ངོ་ཞེས་བྱ་བ་ཡང་བླང་བར་བྱའོ། །མཆོད་རྟེན་ལ་དབུལ་བར་བྱའོ་ཞེས་བྱ་བ་ནི། དྲི་དང་ཕྲེང་བ་རྒྱུ་བླངས་པ་དེ་དག་གོ། །སུའི་མཆོད་རྟེན་ལ་ཡིན་ཞེ་ན། དེའི་ཕྱིར་ཉན་ཐོས་ཀྱི་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་

ཀྱི་འབའ་ཞིག་ལ་དབུལ་བར་མ་ཟད་ཀྱི་ཞེས་བྱ་བའི་དོན་ཏོ། །སྦྱིན་པར་བྱེད་པ་མངོན་པར་མ་དད་ན་མགོ་ལོགས་སམ་རྐང་པ་ལོགས་སུའོ་ཞེས་བྱ་བ་ནི་མཆོད་རྟེན་ལ་དབུལ་བ་སྦྱིན་པར་བྱེད་པ་མངོན་པར་མ་དད་ན་རང་གི་མགོ་ལོགས་ཀྱི་སྔས་སམ་རྐང་པ་ལོགས་ཀྱི་རྟེན་མར་གཞག་པར་བྱའོ། །ཇི་ལྟར་ཞེ་ན་

དེའི་ཕྱིར་སྒོའི་བྱང་ཏད་མ་ཡིན་པར་རོ་ཞེས་བྱ་བ་སྨོས་སོ། །འདིར་གཞི་གང་ལ་དབུལ་བ་ཡིན་ཞེ་ན། དེའི་ཕྱིར་རྩིག་པ་ཞེས་བྱ་བ་སྨོས་ཏེ་ཕྲེང་བའོ། །དེ་ལ་དམིགས་ཀྱིས་བསལ་བར་གྱུར་པའི་ཆོ་ག་གཞན་བརྗོད་པར་བྱ་སྟེ། དེར་ཁབ་བམ་ཚེར་མ་བཙུགས་པ་ལ་ཕྲེང་བ་བརྒྱུས་པ་དག་དཔྱང་

བར་བྱའོ་ཞེས་བྱ་བ་དེར་ཞེས་བྱ་བ་ནི་རྩིག་པའི་ངོས་བསྟན་པ་ལ་སྟེ་ཕྱེད་བརྐོས་པ་ལ་འཇུག་པ་ལ་ཞེས་བྱ་བའི་དོན་ཏོ། །ཚེར་མ་བཙུགས་པ་ལ་ཞེས་བྱ་བ་ནི་ཕྱེད་བཙུགས་པ་ལའོ། །མིག་ལ་ཕན་པའི་དྲི་ཞིམ་པོ་དུས་དུས་སུ་བསྣམ་པར་བྱའོ་ཞེས་བྱ་བ་ནི་ཆོ་ག་འདི་ནི་གཉིས་ཀ་དང་འབྲེལ་པར་རིག་

པར་བྱའོ། །བྲམ་ཟེ་སྲད་བུ་ཐོགས་པ་བསྟེན་པར་མི་བྱའོ། །སྔགས་སྐུད་ཀྱང་ངོ་ཞེས་བྱ་བ་ནི་སྔགས་སྐུད་ཐོགས་པ་བསྟེན་པར་མི་བྱའོ་ཞེས་སྦྱར་བར་བྱའོ། །བྱས་པ་ཉིད་ལ་ནི་གསོ་བའི་ཕྱིར་རྗེས་སུ་གནང་བ་ལ་བརྟན་ནས་གནས་ཀྱི་བྱེ་བྲག་བསྟན་པ་ནི་གསོ་བའི་ཕྱིར་ནི་དཔུང་བ་གཡོན་པར་རོ་

ཞེས་བྱ་བ་སྨོས་སོ། །སྔགས་སྐུད་ཐོགས་པ་ཡང་བསྟེན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གར་བབ་བབ་ཏུ་ནི་མི་དོར་ཞེས་བྱ་བ་ནི་སོས་པར་གྱུར་ནས་སྔགས་སྐུད་དེའོ། །གལ་ཏེ་ལྷག་མ་དང་བཅས་པར་གྱུར་ན་ཆོས་གོས་ཀྱི་ཐ་མའམ། སྐ་རགས་ལ་གདགས་སོ་ཞེས་བྱ་བ་ལ། གལ་ཏེ་ལྷག་

Vol. 160 · folio 255b

མ་དང་བཅས་པར་གྱུར་ན་ཞེས་བྱ་བ་ནི་གནང་ངོ་། །གལ་ཏེ་མ་གྱུར་ན་ཀ་བའམ། རྩིག་པའི་གསེབ་ཏུ་གཞུག་ཅེས་བྱ་བ་ལ། གལ་ཏེ་མ་གྱུར་ན་ཞེས་བྱ་བ་ནི་ལྷག་མ་དང་བཅས་པར་རོ། །རྩིག་པའི་གསེབ་ཏུ་ཞེས་བྱ་བ་ནི་དེའི་ནང་དུའོ། །གར་དང་གླུ་དང་རོལ་མོ་ཀུན་དུ་སྤྱད་པར་མི་བྱའོ། །བསླབ་པར་མི་

བྱའོ། །བཟླས་པར་མི་བྱའོ། །ལྟ་བའི་ཕྱིར་འགྲོ་བར་མི་བྱའོ། །དགེ་སློང་མ་ཀུན་དུ་གར་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི་གར་ནས་བརྩམས་ཏེ་དགེ་སློང་མས་མི་བྱའོ། །དགེ་སློང་མ་གར་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ཡན་ཆད་ཀྱི་སྒྲ་འཇུག་པའོ། །སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲག་པ་

དང་། རྒྱུན་ཆགས་གསུམ་པ་གདོན་པ་ལ་དབྱངས་ཀྱི་ང་རོ་བྱའོ་ཞེས་བྱ་བ་ནི་སྟོན་པའི་ཡོན་ཏན་བསྒྲག་པ་དང་། རྒྱུན་ཆགས་གསུམ་པ་གདོན་པ་ལས་གཞན་པའི་དབྱངས་ཀྱི་ང་རོ་བསྒྱུར་བ་ལ། གླུ་རྒྱང་གི་ཁོངས་སུ་གཏོགས་པར་རིག་པར་བྱའོ། །དེ་དག་དབེན་པའི་ཕྱོགས་སུ་བསླབ་པར་

བྱའོ་ཞེས་བྱ་བ་ལ། དེ་དག་ཅེས་བྱ་བ་ནི་དབྱངས་ཀྱི་ང་རོ་དེ་དག་དབེན་པའོ། །ཐོ་འཚམས་པ་དང་ཀུན་དུ་རྩེ་བ་དང་། ཀུན་དུ་ཅ་ཅོ་འདོན་པ་དང་། རྒོད་པ་དང་། དྲེགས་པ་དང་། ལུས་བརྡེག་པ་དག་མི་བྱའོ། །རྒོད་པའི་བསམ་པས་ལུས་དང་ངག་གི་རྣམ་པར་འགྱུར་བ་མི་བྱའོ་ཞེས་བྱ་བ་ནི་

འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་གིས་མཆིལ་ལྷམ་གཟུང་བར་མི་བྱའོ། །ལག་འགྲོས་མཁན་རབ་ཏུ་བྱུང་བ་ཞིག་རྐང་ཁྲུས་སར་དེའི་ཆུ་སྣོད་གཞག་ཏེ་རྐང་པ་གཉིས་བཀྲུས་ནས་ཁ་ཆུས་བཀང་སྟེ། རྨ་བྱའི་འགྲོས་ཀྱིས་འདུག་པ་དང་དྲུག་སྡེ་

དག་གིས་མཐོང་ནས་དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ལ་རོལ་མོ་མེད་པར་དགེ་སློང་གར་བྱེད་དེ། དེ་དག་གི་ཁས་གླུ་བླངས་པས་རོལ་མོའི་གླུ་བརྩམས་པའི་སྐབས་དེ་དགེ་སློང་དག་གིས་གསོལ་པ་ན། ཚེ་དང་ལྡན་པ་དག་ཅིའི་ཕྱིར་དགོད་པར་གྱུར་ཅེས་སྨྲས་པ་དང་། དེ་རྣམས་ཀྱིས་སྨྲས་པ་འདི་

ལ་བགད་དུ་ཅི་ཞིག་ཡོད། ཁྱེད་རྣམས་ཀྱིས་མཐོང་ངམ་དགེ་སློང་རོལ་མོ་མེད་ཀྱང་གར་བྱེད་པ་ཞེས་བྱ་བའི་སྐབས་འདི་ནས། ཇི་སྲིད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་དྲི་བ་མཛད་དེ་དགེ་སློང་བསམ་པ་གང་གིས་འདི་ལྟར་བྱས། བཙུན་པ་གནས་མལ་བསྐྱབ་པའི་དོན་ཅུང་ཟད་དང་དགོད་

Vol. 160 · folio 256a

པའི་བསམ་པ་ཅུང་ཟད་ཀྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བསྐྱབ་པའི་ཆེད་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ། །དགོད་པའི་བསམ་པས་བྱས་པ་ལ་ནི་ཉེས་བྱས་སོ། །དྲུག་སྡེ་དག་ལ་སྨྲས་པ། བསམ་པ་གང་གིས་ཁྱེད་ཀྱིས་དེ་ལྟར་བྱས། བཙུན་པ་

བསྡད་པའི་བསམ་པ་ཅུང་ཟད་དག་དང་། དགོད་པའི་བསམ་པ་ཅུང་ཟད་ཀྱིས་བགྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྡད་པའི་བསམ་པ་དག་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ། །གང་ཞིག་དགོད་པའི་བསམ་པས་བྱས་པ་དེ་ལ་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གང་ཞིག་འདིར་

རྩོམ་པ་གཅིག་པར་གྱུར་པ་ཉིད་ལ་ཡང་རིགས་མི་མཐུན་པས་བར་དུ་ཆོད་པ་དག་ལ་ལྟུང་བ་དང་ལྟུང་བ་མེད་པ་གཅིག་ཏུ་བསྟན་པའི་ཕྱིར་འདྲེས་པ་ནི་ཆར་སྡོམ་མོ་ཞེས་བྱ་བ་སྨོས་ཏེ། ཆ་ཤས་ཀྱིས་འདྲེས་པ་ཉིད་ལ་རིགས་མི་མཐུན་པའི་ཆ་རྣམས་ཀྱིས་འདིར་རིགས་མི་མཐུན་པར་བར་དུ་གཅོད་པ་ཉིད་ཀྱི་

དབང་གིས་ཐ་དད་པ་ཐམས་ཅད་རིགས་མཐུན་པའི་ཆ་རྣམས་ཆ་གཅིག་པ་ཉིད་ཀྱིས་མངོན་པར་འདོད་པ་ཉིད་དོ། །ཆ་གཅིག་པ་ཉིད་ལ་དེ་ཉིད་ལ་འཇུག་པ་གཅིག་པ་ཉིད་དོ། །འདིར་རིགས་གཞན་ཉིད་ཀྱིས་ཐ་དད་པའི་དངོས་པོའོ། །འདིར་རྩོམ་པ་གཅིག་པར་གྱུར་པ་ཉིད་ཀྱི་ཕྱིར། བར་དུ་གཅོད་པ་ཉིད་

མེད་པ་ལ་ཡང་གཅིག་ཉིད་དུ་རྣམ་པར་གཞག་པའོ། །བར་ཆད་འགའ་ཞིག་ནི་དམན་པ་སྟེ། གང་ཞིག་མེད་པས་དེ་བས་ན་ངེས་པར་གནས་པ་དང་ལྟ་བ་དང་སྤྲུགས་པ་ལ་སོགས་པ་རྣམས་ཀྱིས་སོ། །སྣོད་བརྒྱུད་པས་ཟས་ཀྱི་བྱ་བ་མི་བྱའོ་ཞེས་བྱ་བ་ནི། ཇི་ལྟར་ཆང་འཐུང་བ་དག་ཕན་ཚུན་སྐོམ་སྣོད་

བརྒྱུད་པས་ཆང་འཐུང་བར་བྱེད་པ་དེ་ལྟར་མི་བྱའོ། །མེ་ཏོག་རྣ་རྒྱན་བརྒྱུ་བར་མི་བྱའོ་ཞེས་བྱ་བ་ནི། བཟོ་རྗེས་སུ་བསྒྲུབ་པར་མི་བྱའོ་ཞེས་བྱ་བའི་སྤྲོས་པ་ཡིན་པར་རིག་པར་བྱའོ། །གདགས་པར་མི་བྱའོ་ཞེས་བྱ་བ་ནི་མེ་ཏོག་རྣ་རྒྱན་ཞེས་བྱ་བར་སྦྱར་རོ། །འདི་ནི་མཚོན་པ་ཙམ་ཡིན་ཏེ། འདིས་ཕྲེང་བ་

བརྒྱུ་ཞིང་འདོགས་པ་ཐམས་ཅད་ལ་དགག་པར་བྱས་པ་རྟོགས་པར་བྱའོ། །ངོ་སོ་ལས་བྱུང་བར་སྦྱིན་པར་མི་བྱའོ། །མི་རིངས་པར་རྒྱུག་པར་མི་བྱའོ། །མྱུར་བ་དང་མཆོངས་པར་མི་བྱའོ། །བརླ་དང་ལག་པ་ཉ་ལྟར་བསྐོར་བར་མི་བྱའོ། །ཆུར་གསེག་མ་དག་གདབ་པར་མི་བྱའོ། །ཆུར་རྫ་རྔ་ཁ་ཅིག་

Vol. 160 · folio 256b

པ་དང་རྔ་བོ་ཆེ་ལྟར་བརྡུང་བར་མི་བྱའོ། །རྫ་བ་ལ་ཕྱིལ་མོ་ཉུག་པར་མི་བྱའོ། །གླང་པོ་ཆེའི་སྐད་དང་། རྟའི་སྐད་དང་། ཁྱུ་མཆོག་གི་སྐད་དང་། ཁུ་བྱུག་གི་སྐད་མི་དབྱུང་ངོ་། །ཁས་དུང་དང་སིལ་ཁྲོལ་དང་རྔ་བོ་ཆེའི་སྐད་མི་བྱའོ་ཞེས་བྱ་བར་སྦྱར་རོ། །ལོངས་པའི་གཞིར་གཏོགས་པའི་ལྟུང་བྱེད་དོ།། །།

ཅི་ཞིག་བྱས་ན་ཁྲུས་བྱས་པའི་ལྟུང་བྱེད་དུ་འགྱུར་ཞེས་བྱ་བ་འདི་ལ་མདུན་རོལ་གྱི་གནས་ལ་ཞེས་འཆད་པར་འགྱུར་ཏེ། གང་གིས་མདུན་རོལ་ནས་ཞེས་བྱ་བའི་དྲི་བ་འདི་ལ་ཁྲུས་ཀྱི་ཞག་བཅོ་ལྔ་པོ་ལས་བྱ་བ་འཆད་པར་འགྱུར་རོ། །གང་ལས་ཤེ་ན། དུས་གཞན་དུ་གང་ཞག་བཅོ་ལྔ་པ་ལས་ཁྲུས་ཀྱི་

ཞག་གཅིག་བྱ་བ་འདི་ལ་བརྗོད་པར་བྱ་སྟེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་དབྱར་རྣམས་ཀྱི་དང་པོ་ལས་སོ་ཞེས་བྱ་བ་ནི་ལྷག་མ་ཅི་ཙམ་པས་ཞེས་བྱ་བའི་དྲི་བ་འདི་ལ་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། གང་གི་ཟླ་བ་ཕྱེད་དང་གཉིས་ལྷག་པའི་ལྷག་མ་ཞེས་བྱ་བའི་དྲི་བ་འདི་ལ་སོ་ག་རྣམས་

ཀྱི་ཞེས་བྱ་བ་སྨོས་སོ། །ཅི་སོ་གའི་ཟླ་བ་ཕྱེད་དང་གཉིས་ལས་ལྷག་པ་ལྷག་མའི་དུས་གཞན་ལ་ཡང་ཡིན་ནམ་ཞེ་ན། དེའི་ཕྱིར་དབྱར་རྣམས་ཀྱི་དང་པོ་ལས་སོ་ཞེས་བྱ་བ་སྨོས་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང་། དབྱར་རྣམས་ཀྱི་དང་པོའི་ཟླ་བ་ལས་དུས་གཞན་ལ་ཞེས་བྱ་བའི་

དོན་ཏོ། །ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ལ་ཚ་བའི་གཉེན་པོའི་ཕྱིར་འདི་རྗེས་སུ་གནང་ངོ་། །དེ་བས་ན་འདིར་ཁས་བླངས་པར་རྣམ་པར་གཞག་པར་ཤེས་པར་བྱ་བ་མ་ཡིན་ནོ། །ཅི་གནས་སྐབས་ཐམས་ཅད་དུ་དགེ་སློང་ལ་དེ་ལྟ་བུའི་དུས་ཀྱི་ཐ་མར་ཁྲུས་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རམ་ཞེ་ན། དེའི་ཕྱིར་

གོས་མེད་པའི་ཟས་གཉིས་པ་རྙེད་པའི་རྣམ་པ་གང་ཡིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། གོས་མེད་པའི་ཟས་གཉིས་པ་རྙེད་པ་ལ་རྣམ་པ་གང་ཡིན་པའི་དགེ་སློང་ལ་ལྷག་པར་གནས་ཏེ་ཟ་བ་ལ་ཁ་ན་མ་ཐོ་བ་དེ་ལྟ་བུ་ཞེས་བྱ་བའི་དོན་ཏེ། །ནད་པ་མ་ཡིན་པ་དང་ལས་མ་བྱས་པ་དང་ལམ་དུ་མ་ཞུགས་པ་

ཞེས་བྱ་བ་དེ་ལ་འདི་བསྟན་པའོ། །ཅི་གནས་སྐབས་གཞན་ཐམས་ཅད་ལ་ཡང་བབ་པ་ལ་ཡང་འདིར་འགྱུར་རམ་ཞེ་ན། དེའི་ཕྱིར་རླུང་གིས་མ་བསྐྱོད་པ་ལའོ་ཞེས་བྱ་བ་སྨོས་ཏེ། །འདིར་ཚད་ཇི་ཙམ་གྱིས་ན་བསྐྱོད་པ་ཡིན་པར་རིག་པར་བྱ་ཞེ་ན། དེའི་ཕྱིར་གོས་ཀྱི་གྲྭ་འགུལ་བ་ནི་དེའི་མཐའ་ཡིན་

Vol. 160 · folio 257a

ནོ་ཞེས་བྱ་བ་སྨོས་ཏེ། འདིར་བཏིང་བ་ནི་རྒྱུ་མཚན་ཉིད་དོ། །དེ་ཙམ་གྱིས་བསྒུལ་བ་ལ་སྟེ་འདིང་བ་ནི་མ་ཡིན་ནོ། །གང་ཇི་སྲིད་ཅེས་བྱ་བ་འདི་ལ་བཟུང་བ་ནི་དེའི་མཐའོ་ཞེས་བྱ་བ་ནི་བསྐྱེད་པའི་མཐའོ། །བཞི་པོ་འདི་རྣམས་ལས་གཞན་པའི་གནས་སྐབས་ཐམས་ཅད་

ལ་ཅི་ཡོད་པར་གྱུར་པ་ཡིན་ནམ་ཞེ་ན། ཆར་གྱིས་མ་ཕོག་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་གང་ཡང་རུང་བའི་ཆུས་ཕོག་པ་གང་ཡིན་པ་དེ་ནི་འདིར་ཆར་གྱིས་ཕོག་པ་ཡིན་ནོ། །དེ་ལྟར་ཡང་ཆུ་ཀླུང་རྒལ་བ་ལ་སོགས་པ་ལ་དུས་དེ་ཉིད་དུ་ལྷག་པར་གནས་ཏེ་ཁྲུས་བྱའོ་ཞེས་སྨོས་པ་ཡིན་ནོ། །ཆར་གྱིས་

ཕོག་པ་འདིའི་མཐའ་གང་ཡིན་ཞེ་ན། དེའི་ཕྱིར་དེའི་ཐིགས་པ་གཉིས་ཀྱིས་ཕོག་པའོ་ཞེས་བྱ་བ་སྨོས་སོ། །ཅི་གོས་ལ་ཡང་ཡིན་ནམ་ཞེ་ན། དེའི་ཕྱིར་ལུས་ལའོ་ཞེས་བྱ་བ་སྨོས་ཏེ། ཐ་ན་ཆུའི་ཐིགས་པ་གཉིས་སམ་གསུམ་གྱིས་ལུས་ལ་ཕོག་པར་གྱུར་ན་ཞེས་གསུངས་པ་ཡིན་ནོ། །འདིར་བསྒྲུབ་

པའི་ཚུལ་གྱིས་ནི་འདི་སྐད་བསྟན་པ་ཡིན་ཏེ། དེ་བས་ན་འདི་མ་བཟུང་ངོ་། །འདིར་རླུང་དང་ཆར་གྱིས་ཕོག་པའི་གཞན་གྱི་འདུ་ཤེས་འབྱུང་བ་ཡིན་ཏེ། འདིར་རླུང་ནི་རྒྱུ་མཚན་ཅན་གྱི་སྒྲིབ་པ་ནི། རྒྱུ་མཚན་ཉིད་མ་ཡིན་ཏེ་ཆར་གྱིས་འདི་ལ་སོ་སོར་བྱས་པ་ཉིད་ཀྱི་ཕྱིར་རོ། །ཆར་མི་བབ་ན་སྐམས་པ་

བཞིན་དུ་གཉེན་པོ་གོས་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདོད་པར་གྱུར་པའི་ཕྱིར་འདི་སྨོས་སོ། །ཕྱིར་འདོད་པ་འདི་བྱེ་བྲག་མེད་པར་འབྱུང་བ་ཡིན་ཏེ། གོ་སྐབས་མེད་པར་བྱས་པ་འདི་ཞེས་བྱ་བ་མ་བཟུང་བའོ། །གཞན་གྱི་དུས་སུ་ཁྲུས་ཀྱི་ཉིན་མོ་མ་ཡིན་པ་ཞག་བཅོ་ལྔའི་མདུན་རོལ་དུ་ཁྲུས་བྱེད་ནའོ་ཞེས་བྱ་

བ་ནི་གང་ཞིག་དུས་འདི་སྨོས་པ་དེ་ལས་གཞན་པའི་དུས་ལ་གང་ཞིག་བཅོ་ལྔ་པ་ཁྲུས་མ་ཡིན་པའི་ཞག་སྨོས་པ་དེའི་མདུན་རོལ་དུ་ཁྲུས་བྱེད་པ་ལ་ལྟུང་བྱེད་ཅེས་བྱ་བའི་དོན་ཏོ། །ཁྲུས་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་དབང་བསྐུར་བས་སམ་འཇུག་པས་སོ་ཞེས་བྱ་བ་སྨོས་ཏེ། ཆུས་ལུས་ཀྱི་ཚད་ཙམ་དུ་

བྱས་ན་ཁྲུས་ཡིན་ཞེ་ན། དེའི་ཕྱིར་ལྟེ་བར་སོན་ནའོ་ཞེས་བྱ་བ་སྨོས་ཏེ། དེ་ཡང་དབང་བསྐུར་བས་སྤྱི་བོ་ནས་བརྩམས་ཏེ་རྐང་མཐིལ་གྱི་བར་དུ་ཕྱོགས་གཞན་ནས་རྩོམ་པ་ཡོད་པ་ལ། གལ་ཏེ་ལྟེ་བའི་ལྟག་ཡན་ཆད་འཁྲུ་ཞིང་འོག་ཏུ་མ་སོན་པ་དང་ཆུས་འཁྲུ་ཞིང་ལྟག་ཏུ་མ་སོན་པ་ཡང་མ་ཆོག་པ་ཉིད་དོ། །

Vol. 160 · folio 257b

གལ་ཏེ་དེ་གཉིས་ཀ་ཡང་དུས་གཅིག་ཏུ་ཁྲུས་རྩོམ་པ་ན་གལ་ཏེ་མཉམ་དུ་འཇུག་པར་གྱུར་ན་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པ་གཅིག་གི་ཕྱེད་དུ་འགྱུར་རོ། །གལ་ཏེ་མ་ཡིན་ན་མ་ཆོག་པ་ཉིད་དོ། །དེ་བས་ན་གོང་མའམ་འོག་གི་ཆ་དག་ལ་ཐམས་ཅད་དུ་གྱུར་པ་ཉིད་ཅེས་བྱ་བ་འདི་ལ་ལྟེ་བར་ཞེས་སྨོས་པ་

ནི་གཙོ་བོ་ཡིན་ཏེ། དེ་ལྟ་བས་ན་མི་སྲིད་པ་ཉིད་ལ་ཡང་ལྟེ་བའི་ཕྱོགས་གཏམས་ཏེ་རྫོགས་པ་ལ་རྫོགས་པ་ཉིད་དོ། །འདིར་ལྟེ་བར་མ་ཕྱིན་པའི་མདུན་རོལ་དུ་ཅི་ཞིག་རྟོགས་པར་བྱ་ཞེ་ན། དེའི་ཕྱིར་མདུན་རོལ་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨོས་ཏེ། ཆུ་ལ་རེག་པའི་མདུན་རོལ་དུ་སྦྱོར་བར་བྱེད་པ་ནི། དེ་

སྦྱོར་བའི་ཉེས་བྱས་སུ་རྣམ་པར་གནས་པ་ཡིན་ནོ། །ཐམས་ཅད་ལ་དུས་དག་ཡོད་ཀྱང་བྱིན་གྱིས་མ་བརླབས་ན་ཞེས་བྱ་བ་ནི་དུས་དག་ལ་ཐམས་ཅད་དུ་བྱས་པ་གང་ཡིན་པ་བསླབ་པའི་གཞི་གཞན་དང་འབྲེལ་པ་དེ་ལ་དུས་དག་ཡོད་དུ་ཟིན་ཀྱང་བྱིན་གྱིས་མ་བརླབས་ཤིང་མངོན་སུམ་དུ་མ་བྱས་ན་ཉེས་

བྱས་སོ། །འདིར་གཞུང་ནི་ཞུ་བ་ལས། ཉེས་བྱས་ལས་ལྡང་བ་ནི་འདི་ཡིན་ཏེ། གང་ཞིག་རྒྱུར་གྱུར་པ་དུས་ཀྱི་གནས་སྐབས་སམ་གཞན་དེ་ནི་དུས་སོ། །ཞག་བཅོ་ལྔ་ན་ཁྲུས་ཀྱི་ཉིན་མོ་ལ་ཁྲུས་བྱ་བ་གང་ཡིན་པ་དེ་ནི་གྲགས་པ་ཡིན་པས་ན་འདིར་དུས་མེད་པའོ། །འདི་ནི་དུས་བྱིན་གྱིས་བརླབ་

པར་བྱ་བ་ལ་ཡུལ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །དོན་གཞན་ལ་གཞོལ་བར་ཆུ་ཉམས་སུ་མྱོང་བ་ནི་ཁྲུས་མ་ཡིན་ནོ། །དེའི་ཕྱིར་མ་བསམས་པར་བརྒལ་བ་དང་བརྒྱལ་བ་ལ་གདབ་པ་དག་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཁྲུས་ལ་རྩེ་གཅིག་པ་ཉིད་ཀྱི་ཆུ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཁྲུས་གཞན་

ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་དག་ཆུ་ཀླུང་རྒལ་བར་བྱེད་དོ་ཞེས་གསུངས་པ་དང་། འདིར་གཞུང་གཞན་ལས་ཀྱང་རྐྱལ་བ་ལ་ཆུས་དབང་བསྐུར་བ་དང་། ཟམ་པ་ལས་ལྟུང་བ་ཆུ་ཀླུང་ལས་རྒལ་བར་བྱེད་པ་དང་། ཆུས་གང་བ་ལ་མཆོང་བར་བྱེད་པ་ལ་ཡང་ལྟུང་བ་མེད་དོ། །

དེ་བཞིན་དུ་མདུན་རོལ་དུ་འགྲོ་ཞིང་རྒྱ་མཚོ་ལ་གཟིངས་ནས་འགྲོ་བ་རྣམས་ལ་བཤང་བ་དང་གཅི་བ་བྱེད་པ་ཡང་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་དང་དེའི་ངོ་བོ་གཞན་གྱི་རྐྱེན་རྣམས་ལ་ཆུ་ཉམས་སུ་མྱོང་བ་ལ་ཉེས་པ་མེད་པ་ཉིད་དུ་བསྟན་པའོ། །ཇི་སྲིད་དུ་ཁྲུས་ཞེས་བྱ་བ་ལ་སོགས་པ་རྣམས་

Vol. 160 · folio 258a

ཀྱིས་རིག་པར་བྱའོ། །ཨ་མྲ་པ་རན་ཏའི་ཡུལ་དག་ལ་འདི་ནི་འདི་མེད་པར་ཤེས་པར་བྱའོ་ཞེས་བྱ་བ་ལ། འདི་ཞེས་བྱ་བ་ནི་ཁྲུས་ངེས་པའོ། །འདིར་གཞུང་ནི་ཀོ་ལྤགས་ཀྱི་གཞི་དག་ལ་ཨ་མྲ་པ་རན་ཏའི་ཡུལ་དག་ཏུ་ནི་སྐྱེ་བོའི་ཚོགས་རྣམས་ལ་རྟག་ཏུ་ཁྲུས་བྱ་བ་རྗེས་སུ་གནང་ངོ་ཞེས་

གསུངས་པ་ཡིན་ནོ། །འདིར་ཡུལ་དེ་ཉིད་དུས་སུ་རིག་པར་བྱའོ། །དེའི་ཕྱིར་དེ་ཉིད་ཉེ་བར་བཞག་སྟེ། དུས་མ་ཡིན་པར་ཡང་ཁྲུས་ལ་འཇུག་པར་བྱའོ། །ཆོ་ག་བཙན་པོ་ཡོད་ན་བག་ཡངས་བྱ་བ་ལ་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི་བག་ཡངས་སུ་གྱུར་པའི་རྟོགས་པ་ནི་བག་ཡངས་སུ་གྱུར་པའོ། །ཆོ་ག་བཙན་པོ་གཞན་

ཡོད་ན་བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ། །འདིར་གཞུང་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་བུ་མོ་ལ་ཇི་སྐད་དུ་ཡུལ་མཐའ་འཁོབ་དག་ཏུ་འདུལ་བ་འཛིན་པ་དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བྱའོ་ཞེས་གསུངས་པ་དེ་ལ། བཙུན་པ་གལ་ཏེ་བཅུའི་ཚོགས་མཆིས་བཞིན་དུ་འདུལ་བ་འཛིན་པ་

དང་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བགྱི་ན་བསྙེན་པར་རྫོགས་ཞེས་བགྱིའམ། ཉེ་བ་འཁོར་བསྙེན་པར་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པས་རྣམ་པར་གནས་པ་ཡིན་ནོ། །ཚིག་འདི་ནི་ཆོ་ག་བཙན་པོ་ཡོད་ན་ཞེས་བྱ་བའི་ཚིག་གིས་ཏེ།

རྣམ་པར་གཞག་པར་བྱས་པར་གྱུར་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟ་བུའི་རིགས་ཅན་ལ་དབང་དུ་བྱེད་པ་ཉིད་ནི་འདིར་རོ། །ཁྲུས་བྱེད་པའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་དུད་འགྲོ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་གསོད་པའི་སེམས་ཀྱིས་དུད་འགྲོ་ལ་བསྣུན་ནའོ་ཞེས་བྱ་བ་སྨོས་ཏེ།

འདིར་གང་གི་ཚེ་བྱས་པ་ལ་གང་བསྐྱེད་པ་ཡིན་ཞེ་ན། དེའི་ཕྱིར་གཞི་དེས་དེའི་ཚེའམ་གཞན་གྱི་ཚེ་ཤི་ནའོ་ཞེས་བྱ་བ་སྨོས་ཏེ། གཞི་དེས་ཞེས་བྱ་བ་ནི་གསོད་པའི་སེམས་ཀྱིས་བསྣུན་པའི་གཞི་དེས་སོ། །དེའི་ཚེའམ་ཞེས་བྱ་བ་ནི་དུས་དེ་ཉིད་ཀྱི་ཚེའོ། །གཞན་གྱི་ཚེ་ཞེས་བྱ་བ་ནི་བསྣུན་པའི་དུས་ཀྱི་འོག་དུས་གཞན་གྱི་

ཚེ་ཤི་ནའོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་ཚེ་ཞེས་བྱ་བ་འདི་ནི་གཞི་དེས་ཞེས་བྱ་བ་བྱེ་བྲག་ཏུ་བསྟན་པའོ། །དེའི་ཚེའམ་ཞེས་བྱ་བ་འདི་ལ་ཡང་རྣམ་པར་དཔྱད་པར་བྱ་བ་མེད་པས་གང་ཞིག་འདིར་ཞུ་བ་ལས་སྦྱོར་བ་གཅིག་གིས་བྱས་ན་ཡང་གསོད་པར་བྱ་བ་ཇི་སྙེད་པ་རེ་རེ་ལ་ལྟུང་བྱེད་རེ་རེར་འགྱུར་རོ། །སེམས་

Vol. 160 · folio 258b

ཅན་རེ་རེ་དེ་དང་འབྲེལ་པ་ཞེས་བྱ་བ་འདིས་དེ་བསྡུས་པར་རིག་པར་བྱའོ། །ལུས་དེ་དང་འབྲེལ་པ་ནི་ཐ་མི་དད་དོ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་འདིར་གསོད་པའི་ཕམ་པར་འགྱུར་བ་ལ་རིག་པར་བྱའོ། །སེམས་ཅན་གྱི་གཟུགས་སེམས་ཅན་མ་ཡིན་པ་ལ་ནི་ཉེས་བྱས་བྱེད་པ་ཉིད་དོ་ཞེས་བྱ་བ་ནི་འདིར་གཞུང་ནི་ཞུ་བ་

ཁ་ཅིག་ལས་ཤིང་ལས་བྱས་པའམ་ས་ལས་བྱས་པའི་གཟུགས་ལ་བསྣུན་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ཏེ། འདི་ནི་རིག་པར་མ་གྱུར་པར་ཤེས་པར་མི་བྱའོ། །སེམས་ཅན་གྱི་འདུ་ཤེས་དང་འབྲེལ་པའི་འདུ་ཤེས་ལ་འདིར་དངོས་པོ་ལས་ཡོད་པར་གྱུར་པ་ཉིད་ཀྱིས་དུད་འགྲོའི་རྣམ་པ་ཉིད་ལ་ནི་འདིར་གཏོགས་པའི་

ཁ་ན་མ་ཐོ་བར་རིག་པར་བྱའོ། །གཞན་གྱི་རྣམ་པ་ཉིད་ལ་ནི་མི་གསོད་པ་དང་འབྲེལ་པའོ། །དུད་འགྲོ་གསོད་པའི་ལྟུང་བྱེད་དོ།། །།ཅི་ཞིག་རྗེས་སུ་སྒྲུབ་ན་འགྱོད་པ་བསྐྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཁྱོད་བསྙེན་པར་རྫོགས་པ་མ་ཡིན་ཞིང་ཕམ་པར་འགྱུར་བ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་དགེ་སློང་མ་

ཡིན་པའི་དོན་གྱིས་འགྱོད་པ་བསྐྱེད་ནའོ་ཞེས་བྱ་བ་སྨོས་ཏེ་ཞེས་བྱ་བ་ལ་སོགས་པ་དགེ་སློང་མ་ཡིན་པ་ཉིད་དུ་ཇི་སྲིད་བསྙེན་པར་རྫོགས་པའི་དངོས་པོ་ཉམས་པ་ཉིད་དུ་གསལ་བར་བྱེད་ཅིང་དགེ་སློང་མ་ཡིན་པ་ཉིད་དུ་གསལ་བར་བྱེད་པ་དེ་རྣམ་པར་རིག་པའི་རྫས་དེ་ཐམས་ཅད་ཀྱིས་ཚེ་དང་ལྡན་པ་ཁྱོད་ལ་དགེ་སློང་གི་

ཚུལ་ག་ལ་ཡོད་དེ་བྲམ་ཟེ་ཉིད་ཀྱང་ག་ལ་ཡོད། ཚེ་དང་ལྡན་པ་ནི་བྲམ་ཟེ་རབ་ཏུ་བྱུང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ཀྱང་ཞེས་བྱ་བའི་དོན་ཏོ། །འདིར་དགོས་པ་ནི་རིགས་དམིགས་ཀྱིས་བསལ་བ་ལ་རྣམ་པར་གཞག་པར་རིག་པར་བྱའོ། །མིའི་སྐྱོན་ནས་སྨྲ་བའི་བསམ་པས་གོ་བར་མི་བྱེད་ཅིང་དེ་ཁ་ན་མ་

ཐོ་བ་ཉམས་པའི་བསམ་པ་ཉིད་ནི་གཉིས་ཀའི་བསམ་པ་ཉིད་ལ་གཉིས་ཀ་ཞེས་བྱ་བའོ། །སུ་ལ་འགྱོད་པ་བསྐྱེད་ཅེ་ན། དེའི་ཕྱིར་དགེ་སློང་ལའོ་ཞེས་བྱ་བ་སྨོས་སོ། །ཅི་བསམ་པ་གང་ཡང་རུང་བས་སམ་ཞེ་ན། དེའི་ཕྱིར་བདེ་བ་ལ་མི་རེག་པ་བསྐྱེད་པའི་སེམས་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། །འདིར་

བདེ་བ་ལ་མི་རེག་པ་ཞེས་བྱ་བ་ནི་དགེ་སློང་ལ་ཡིད་ལ་གཅགས་པ་བསྐྱེད་པ་གང་ཡིན་པ་དེ་ཡིན་པར་རིག་པར་བྱའོ། །བཞད་གད་ཀྱིས་ཀྱང་འགྱོད་པ་བསྐྱེད་པའི་བསམ་པས་ཞེས་སྨོས་ཏེ། འདིར་ན་སྨད་པར་ཡོད་པར་འགྱུར་རམ་ཞེས་བྱ་བའི་དགོས་པ་སྲིད་པས་གནས་སྐབས་པ་དེ་བཟློག་པའི་ཕྱིར་བརྗོད་

Vol. 160 · folio 259a

པར་བྱ་སྟེ། བཞད་གད་ཀྱིས་ཀྱང་ཞེས་བྱ་བ་སྨོས་ཏེ། ཅི་འགྱོད་པ་སྐྱེས་པ་ཁོ་ན་འམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་འགྱོད་པ་མ་སྐྱེས་ན་ཡང་ངོ་། །གཞན་གྱིས་ནི་ཉེས་བྱས་སོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མ་ཡིན་པ་ཉིད་ཀྱི་ཕྱིར་གཞན་གྱི་འགྱོད་པ་བསྐྱེད་པ་ལ་ཉེས་བྱས་སོ། །འགྱོད་

པ་བསྐྱེད་པའི་ལྟུང་བྱེད་དོ།། །།ཅི་ཞིག་བྱས་ན་ག་ག་ཚིལ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་སློང་ལ་སོར་མོ་འམ་ཁུ་ཚུར་རམ་གྲེ་མོ་འམ་ཕྲག་པའམ་མགོ་འམ་རྐེད་པ་འམ་བརླ་འམ་པུས་མོ་འམ་བྱིན་པ་འམ་རྐང་པའམ། མཐེ་བོ་ལ་སོགས་པ་དག་གིས་ག་ག་ཚིལ་བྱེད་པས་རེག་ནའོ་ཞེས་བྱ་བ་

སྨོས་ཏེ། རེག་པའི་བྱེ་བྲག་ཉམས་སུ་མྱོང་བ་དང་། ཉམས་སུ་མྱོང་དུ་བཅུག་པ་དག་ལ་ནི་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེ་ལྟར་ན་ཡང་རང་གི་འམ་གཞན་གྱི་ལུས་ཀྱི་དབང་པོ་ཉམས་པ་ཉིད་ལ་རེག་ན་ནི་ཉེས་བྱས་ཀྱི་ཚིག་གོ། །དེ་ལྟ་བས་ན་སོགས་པ་ཞེས་བྱ་བའི་སྒྲས་ནི་རང་གི་ལུས་ཀྱི་ཡན་ལག་

གཞན་དག་ཀྱང་འཕངས་པ་ཡིན་གྱི། གོས་ལ་སོགས་པ་ནི་མ་ཡིན་ནོ། །ལུས་མ་ཡིན་པས་ལུས་མ་ཡིན་པ་ལ་རེག་པ་དང་སྐྲ་དང་སེན་མོ་དང་སོ་རྣམས་ལ་ནི་ལུས་ཀྱི་དབང་པོ་ཉམས་པ་ཉིད་ཀྱི་ཚུལ་གྱི་རྗེས་སུ་འབྲངས་པས་ཉེས་བྱས་སུ་རྟོགས་པར་བྱའོ། །ག་ག་ཚིལ་བྱེད་པ་འདི་ནི་མཚོན་པ་ཙམ་ཡིན་ཏེ།

འབྲེལ་པ་བྱེད་པའི་རྣམ་པ་ལའོ། །བཟོད་པ་དང་ཀུན་ནས་བཟོད་པ་དང་རེག་པ་ལ་ཡང་ཀུན་དུ་ཆགས་པ་མེད་པའི་སེམས་ཀྱིས་གལ་ཏེ་དེ་དང་འབྲེལ་པར་བྱེད་པའི་དེ་ལ་ཡང་འདིས་འཕངས་པའོ། །བག་འཁུམས་པར་མི་བྱེད་པའི་རྣམ་པས་ཀུན་དུ་ཆགས་པ་མེད་པའི་སེམས་ཀྱིས་རེག་པ་ལ་ལྟུང་བ་

མེད་པར་རིག་པར་བྱའོ། །ཅི་བསམ་པ་གང་ཡང་རུང་བས་རེག་ན་འམ་ཞེ་ན། དེའི་ཕྱིར་སྐྱི་གཡའ་བར་བྱ་བའི་སེམས་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། འདིར་སྐྱི་གཡའ་ཞེས་བྱ་བ་ནི་བག་འཁུམས་པར་རིག་པར་བྱའོ། །འདིར་ཀུན་དུ་འདོད་ཆགས་པ་དང་ལྡན་པའི་སེམས་ཀྱིས་རེག་པ་ལ་ནི་དགེ་འདུན་ལྷག་

མར་གཏོགས་པའི་ཁ་ན་མ་ཐོ་བའི་ཆོ་ག་དམིགས་ཀྱིས་བསལ་བའོ། །སྐྱི་གཡའ་བ་དང་ལྷན་ཅིག་འབྲེལ་པ་ལ་གསོད་པ་དང་རྡེག་པར་བྱེད་པའི་ལྟུང་བྱེད་དོ། །འདི་ལས་གཞན་པའི་སེམས་ལ་སྐྱི་གཡའ་བར་བྱ་བའི་སེམས་ཀྱི་སྒྲས་རྣམ་པར་གཞག་པའོ། །དེའི་ཕྱིར་རྨ་དང་སྦྲང་བུ་དང་འབྲུམ་བུ་དང་

Vol. 160 · folio 259b

སྨེ་བ་དང་སྤུའི་ཚུམས་བསྟན་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་སྐྱི་གཡའ་བའི་སེམས་ཀྱིས་རེག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་བ་དེའི་ཕྱིར་འདི་དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རེག་བྱེད་གཅིག་གམ་དུ་མ་ཉིད་ལའོ་ཞེས་བྱ་བ་ནི། འདིར་རྡེག་པར་བྱེད་པ་བཞིན་དུ་གསོད་པར་

བྱེད་པ་རེ་རེ་ལ་ལྟུང་བ་མེད་དོ། །འོན་ཀྱང་གསོད་བྱེད་དུ་མ་ཉིད་ལ་ཡང་ལྟུང་བ་གཅིག་ཁོ་ན་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །ལོངས་སྤྱོད་དུ་གྱུར་པའི་རྣམ་པར་གྱུར་པ་ཅན་གྱི་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ། ལོངས་སྤྱོད་ལ་ཡང་གསོད་པར་བྱེད་པ་རེ་རེ་ལ་ཐ་དད་པར་དབྱེ་བ་ནི་མེད་དེ་གནོད་པ་ཇི་ལྟ་བར་ཞེས་བྱ་བ་

འདིས་ཤེས་པའོ། །འདིར་གཞུང་ནི་དགེ་སློང་གིས་སོར་མོ་གཅིག་གིས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ། །དེ་བཞིན་དུ་གཉིས་སམ་གསུམ་མམ་བཞི་འམ་ལྔ་རྣམས་ཀྱིས་ཀྱང་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །གཞན་དུ་ཡང་སོར་མོ་གཅིག་གིས་ག་ག་ཚིལ་བྱེད་ན་ལྟུང་བྱེད་ཉིད་དུ་འགྱུར་རོ། །གཉིས་

སམ་གསུམ་མམ་བཞི་འམ་ལྔ་དག་གིས་ག་ག་ཚིལ་བྱེད་ན་ལྟུང་བ་ལྔའི་ལྟུང་བར་འགྱུར་རོ་ཞེས་བྱ་བ་འདིར་གཞུང་མཐོང་བ་ཡིན་ནོ། །བརྡེག་པའི་བསླབ་པའི་གཞིའི་རྗེས་སུ་འབྲངས་ནས་དེའི་རྣམ་པར་རྟོག་པར་བྱས་སོ་སྙམ་དུ་བདག་ཅག་སེམས་སོ། །ག་ག་ཚིལ་བྱེད་པའི་ལྟུང་བྱེད་དོ།། །།

ཅི་ཞིག་བྱས་ན་ཆུ་ལ་རྩེ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཆུའི་ཡུལ་ལ་རྩེ་བ་རྗེས་སུ་བསྒྲུབ་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་གང་དུ་ཁ་ན་མ་ཐོ་བ་ཇི་ལྟ་བུ་འདི་ཡིན་ཞེ་ན། དེའི་ཕྱིར་ཞུགས་ཤིང་ནུབ་པ་དང་འབྱུང་བ་དང་ངོགས་གཞན་དུ་རྒལ་བ་དང་རྒྱུན་ཕྱོགས་དང་རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་

བ་དང་ཆུ་ལ་རྔ་བོ་ཆེ་དང་། རྫ་རྔ་ཁ་གཅིག་པའི་སྒྲ་འབྱིན་པ་དང་གསེག་མ་འཁྲབ་པ་དང་འཕེན་པ་དང་འཁོར་ཡུག་དང་རྡོ་རྗེ་དང་ཁྲོན་པ་དང་རྦ་ཀློང་དང་ཆུ་སྲུབས་འདྲེན་པར་བྱེད་ན་དངོས་གཞིའོ་ཞེས་བྱ་བ་སྨོས་ཏེ། རྔ་བོ་ཆེ་ལ་སོགས་པ་ནས་ཆུ་སྲུབས་འདྲེན་པའི་མཐར་སོ་སོར་ཆུའི་སྒྲ་དང་འབྲེལ་པའོ། །རྒྱུན་

ཕྱོགས་ཀྱི་སྒྲས་ཀྱང་འབྱིན་པ་དང་སོ་སོར་འབྲེལ་པའོ། །བེམ་ཏོལ་གྱིས་རྡེག་ན་ཉེས་བྱས་སོ། །བུམ་པ་དང་ཕྲུ་བ་དང་རིལ་བ་དང་ཁམ་ཕོར་དང་། བུ་རམ་གྱི་ཁུ་བ་འཛག་པ་དང་སྲན་ཚོད་དང་འུ་ཤ་དང་ཐང་ཚ་བ་ཉིད་ཡོད་པ་ལ་ཡང་ངོ་ཞེས་བྱ་བ་ནི་འཇུག་ཏུ་རུང་བའི་གནས་དེར་ཞུགས་ཏེ་ནུབ་པ་ལ་སོགས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words