འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 163 · folio 268a

གྱིས་བརླབ་པ་དག་གིས་ཕྱིར་མ་བཅོས་པའི་གང་ཟག་གིས་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་མི་བྱ་བ་སྟེ། དེ་མྱོང་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །གང་དག་གིས་དེ་ཁ་ན་མ་ཐོ་བ་དེ་ཕྱིར་མ་བཅོས་པར་ཤེས་བཞིན་དུ་དེ་དང་ལྷན་ཅིག་ལས་

ཉམས་སུ་མྱོང་བར་བྱེད་པ་དེ་དག་ལ་ཡང་ཉེས་བྱས་སུ་འགྱུར་རོ། །གསོ་སྦྱོང་དང་དགག་དབྱེ་བྱེད་པ་དག་ནི་མ་གཏོགས་སོ་ཞེས་བྱ་བ་ནི། དེ་གཉིས་ཉམས་སུ་མྱོང་བ་ལ་ནི་ཉེས་བྱས་སུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་གིས་

ཇི་སྲིད་དུ་གཞི་དེས་མ་བཤགས་ཤིང་སོ་སོར་མ་བཤགས་པར་གསོལ་བ་དང་གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །མཚམས་གཞན་ན་གནས་པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་

ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་ནམ་གང་ཟག་མཚམས་གཞན་ན་གནས་པ་ནི་ལས་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ཏེ། བྱིན་ལེན་ལ་སོགས་པ་བྱས་ཀྱང་མ་བྱས་པ་ཉིད་དུ་ཤེས་པར་བྱའོ། །དེར་སོང་ན་ཚོགས་པའི་ཡན་ལག་ཉམས་སོ་ཞེས་བྱ་བ་ནི། འདུན་པ་དང་

ཡོངས་སུ་དག་པ་དང་དགག་དབྱེ་ལེན་པས་གང་ཟག་གཞན་ལས་དེ་དག་བླངས་ནས་དགེ་འདུན་གྱི་ནང་དུ་མ་བརྗོད་པར་མཚམས་གཞན་དུ་སོང་ན་ཚོགས་པའི་ཡན་ལག་ཅེས་བྱ་བ་འདི་ལྟ་སྟེ། འདུན་པ་དང་ཡོངས་སུ་དག་པ་དང་དགག་དབྱེ་བླངས་པ་དེ་ཉམས་པ་ཡིན་ནོ། །

དེ་ལྟ་བས་ན་ཉམས་པའི་ཉེས་པ་སྤང་བའི་ཕྱིར་འདུན་པ་ལ་སོགས་པ་ལེན་པ་དེས་ནམ་མཁའ་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པའི་བསླབ་པའི་གཞི་བཅའ་བ་མཛད་དོ། །འདིར་གཞུང་ནི་གླེང་གཞི་དག་ལས། བཙུན་པ་དགེ་སློང་དག་གིས་འདུད་པ་བླངས་

ཏེ། སྟེང་གི་ནམ་མཁའ་ལ་མཆིས་ན་འདུན་པ་འཚལ་ཏེ་མཆིས་ཞེས་བརྗོད་པར་བགྱིའམ། འཚལ་ཏེ་མ་མཆིས་ཞེས་བརྗོད་པར་བགྱི། ཉེ་བ་འཁོར་ཁྱེར་ཏེ་མ་འོངས་ཞེས་བརྗོད་པར་བྱ་སྟེ་ཡང་བླང་བར་བྱའོ། །བཙུན་པ་དགེ་སློང་ཡོངས་སུ་དག་པ་ལེན་པས་ཡོངས་སུ་

Vol. 163 · folio 268b

དག་པ་བླངས་ཏེ། སྟེང་གི་ནམ་མཁའ་ལ་འཚལ་ཏེ་མཆིས་ན་ཡོངས་སུ་དག་པ་འཚལ་ཏེ་མཆིས་ཞེས་བརྗོད་པར་བགྱིའམ། འཚལ་ཏེ་མ་མཆིས་ཞེས་བརྗོད་པར་བགྱི། ཉེ་བ་འཁོར་ཁྱེར་ཏེ་མ་འོངས་ཞེས་བརྗོད་པར་བྱ་སྟེ། ཡང་བླང་བར་བྱའོ་ཞེས་གསུངས་པ་དང་། ཞུ་བ་

ལས་ཀྱང་ཡོངས་སུ་དག་པ་བླངས་ནས་མཚམས་ཀྱི་སླད་རོལ་ན་མཆིས་ན་ཡོངས་སུ་དག་པ་རྒྱུན་ཆད་པར་བརྗོད་པར་བགྱིའམ། རྒྱུན་མ་ཆད་པར་བརྗོད་པར་བགྱི། བཀའ་སྩལ་པ། རྒྱུན་ཆད་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེའི་དམིགས་ཀྱིས་བསལ་

པ་ནི་དེས་འཇིགས་པས་མཚམས་ཀྱི་ཕྱི་རོལ་ནས་ཁྱེར་ཏེ་འོངས་པ་ལ་ནི་ཉེས་པ་མེད་དོ་ཞེས་གང་སྨོས་པ་དེ་ཡིན་པར་ཤེས་པར་བྱའོ། །གཅིག་ཏུ་རྐང་པ་ཡ་གཅིག་ལ་གཅིག་ཏུ་ཡ་གཅིག་ན་གཉི་གར་གནས་པ་ཉིད་དོ་ཞེས་བྱ་བ་ནི། མཚམས་གཅིག་ཏུ་གང་གི་རྐང་

པ་ཡ་གཅིག་བཞག་ལ། མཚམས་གཅིག་ཏུ་རྐང་པ་ཡ་གཅིག་བཞག་ན་དེ་མཚམས་དེ་གཉི་གར་གནས་པ་ཉིད་ཡིན་པའོ། །ཐམས་ཅད་ནོན་པ་ལ་གནས་ན་ནོན་པ་ཉིད་དོ་ཞེས་བྱ་བ་ནི། མཚམས་དུ་མ་ནོན་པའི་རྫས་ལ་གནས་པ་གང་ཡིན་པ་དེས་ནི་ནོན་པའི་ཆོས་དེས་

མཚམས་ཇི་ཙམ་ནོན་པ་ཉིད་ཡིན་པའི་མཚམས་དེ་དག་ཐམས་ཅད་དུ་གནས་པ་ཉིད་ཡིན་ནོ། །དུ་མར་གནས་པར་ཁས་བླངས་པ་ལ་ནི་འཆགས་པ་ཁོ་ནའོ་ཞེས་བྱ་བ་ནི། གང་གི་གནས་དུ་མར་གཅིག་ཏུ་རྐང་པ་ཡ་གཅིག་ཏུ་བཞག་ལ་གཅིག་ཏུ་ཡ་གཅིག་གཞག་པའམ།

ཐམས་ཅད་ནོན་པ་ལ་གནས་པས་དབྱར་གནས་པར་ཁས་ལེན་པ་དེ་ལ་ནི་གནས་པར་ཁས་བླངས་པ་མི་འཆགས་པ་མ་ཡིན་ཏེ། འཆགས་པ་ཁོ་ན་ཡིན་ནོ། །གནས་མལ་དུ་མ་མནོད་པར་རིགས་པ་ཉིད་དེ་ཞེས་བྱ་བ་ནི། སྔར་བསྟན་པའི་ཚུལ་གྱིས་མཚམས་དུ་མར་གནས་

པའི་དགེ་སློང་གིས་མཚམས་དེ་དག་གི་ཁོངས་སུ་གཏོགས་པའི་གཙུག་ལག་ཁང་གང་དག་ཡིན་པ་དེ་དག་གི་གནས་མལ་ཐམས་ཅད་ནོད་པར་བྱེད་ན་མི་རིགས་པ་མ་ཡིན་ཏེ། རིགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དེས་གཙུག་ལག་ཁང་ཐམས་ཅད་དུས་མཉམ་

Vol. 163 · folio 269a

པར་གནས་པར་བྱ་བའམ། འོན་ཏེ་ཅི་དགར་གནས་པར་བྱ་ཞེ་ན། དེའི་ཕྱིར་དེས་ཅི་དགར་གནས་པར་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེས་གཙུག་ལག་ཁང་གང་དུ་དུས་ཇི་སྲིད་གནས་པར་འདོད་པ་དེ་སྲིད་དེར་གནས་པར་བྱ་བ་ཉིད་ཡིན་ནོ། །རྒྱལ་བ་ནི་མི་མཐུན་

པ་ཉིད་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་མཚམས་ཀྱི་ནང་ན་བཞུགས་ལ། དགེ་འདུན་འདུས་པར་རྗེས་སུ་མ་ཞུགས་པར་དགེ་འདུན་གྱི་ལས་བྱེད་པ་ནི་མི་མཐུན་པ་ཉིད་དུ་མི་འགྱུར་ཏེ། དེ་ནི་དཀོན་མཆོག་གཞན་ཡིན་པས་དགེ་འདུན་གྱི་

ལས་མི་མཐུན་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་སྐོང་བར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། རྒྱལ་བ་ནི་དགེ་འདུན་གྱི་ཁ་སྐོང་བར་བྱེད་པ་ཉིད་མ་ཡིན་ཏེ། ཁ་སྐོང་བར་བྱེད་པ་རྒྱལ་བས་ཁ་བསྐང་སྟེ་ལས་དག་མི་བྱ་བ་ཉིད་ཡིན་ནོ། །དེས་བྱ་བ་ལས་མ་ཡིན་

པས་མི་འཆགས་སོ་ཞེས་བྱ་བ་ནི། ལས་དེས་བསྙེན་པར་རྫོགས་པ་ལ་སོགས་པ་བྱ་བ་རྣམ་པར་གཞག་པ་གང་ཡིན་པ་དེ་ལས་མ་ཡིན་པས་བྱ་བས་ན་མི་འཆགས་པའོ། །འདིར་གཞུང་ནི་བསྙེན་པར་རྫོགས་པར་བགྱི་བ་ལ་གསོལ་བ་དང་བཞིའི་ལས་མི་བགྱིད་ན། བསྙེན་

པར་རྫོགས་ཞེས་བརྗོད་པར་བགྱིའམ། བསྙེན་པར་མ་རྫོགས་ཞེས་བརྗོད་པར་བགྱི། བཀའ་སྩལ་པ། བསྙེན་པར་མ་རྫོགས་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བསྙེན་པར་རྫོགས་པར་བྱ་བའི་སྐབས་སུ་གསུངས་པ་ཡིན་མོད་ཀྱི། ཐམས་ཅད་ལ་འདྲ་

བས་འདིར་སྤྱིར་མདོར་བྱས་སོ། །ཕལ་ཆེར་བྱས་པ་ཉིད་ཡིན་ཡང་ལས་ཡོངས་སུ་མ་རྫོགས་པའི་ཕྱིར་དེ་མ་བྱས་པ་ཉིད་ཡིན་པར་དོགས་པ་བསལ་བའི་ཕྱིར། ཚིག་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། གསོལ་བའི་བདག་ཉིད་དམ་བརྗོད་པའི་བདག་ཉིད་

ཀྱི་ཚིག་ཕལ་ཆེར་བྱས་པ་ཉིད་ཅེས་བྱ་བ་སུམ་གཉིས་བརྗོད་ཟིན་ན་སུམ་ཆ་བརྗོད་པའི་ཚེ་ན་རིལ་གྱིས་བརྗོད་ཟིན་པ་ཉིད་ཡིན་ནོ། །གསོལ་བ་དང་བརྗོད་པ་དག་ལ་དོན་གྱི་སྐབས་གསུམ་ཡོད་དེ། དང་པོར་ནི་རང་གི་ངོ་བོ་ཙམ་བརྗོད་པ་སྟེ། དཔེར་ན། དགེ་འདུན་བཙུན་པ་རྣམས་

Vol. 163 · folio 269b

གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མིང་འདི་ཞེས་བགྱི་བ་ལས་བསྙེན་པར་རྫོགས་པར་འཚལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་བར་ཆད་ཀྱི་ཆོས་རྣམས་ཀྱང་

ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན་ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི་བྱ་བ་བརྗོད་པ་སྟེ། དཔེར་ན་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ་ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི་བྱེད་པ་

བརྗོད་པ་སྟེ། དཔེར་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་དོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་དོན་

གྱིས་སྐབས་གཉིས་བྱས་པ་ཉིད་ན་ལས་ཕལ་ཆེར་བྱས་པ་ཉིད་དུ་ཤེས་པར་བྱའོ། །ཅི་ཚིག་ཐམས་ཅད་ལ་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་འོག་མ་མེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཚིག་གང་ལ་ཚིག་འོག་མ་མེད་པ་དེ་ནི་འོག་མ་མེད་པ་སྟེ།

དཔེར་ན་གསོལ་བ་འབའ་ཞིག་གི་ལས་ལ་ནི་དེ་ཉིད་འོག་མ་མེད་པ་ཡིན་ནོ། །གསོལ་བ་དང་གཉིས་ཀྱི་ལས་ལ་ནི་ལས་བརྗོད་པའི་འོག་མ་མེད་པ་ཡིན་ནོ། །གསོལ་བ་དང་བཞིའི་ལས་ལ་ནི་ལས་བརྗོད་པ་གསུམ་པ་འོག་མ་མེད་པ་ཡིན་ཏེ། དེ་དག་ལ་ཚིག་ཕལ་ཆེར་

བྱས་པ་ཉིད་ན་བྱས་པ་ཉིད་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །འདིར་གཞུང་ནི་གླེང་གཞི་དག་ལས་མཚམས་བཅད་པ་ལས་བཙུན་པ་རེ་ཞིག་མཚམས་འགུམ་པ་ན་དགེ་སློང་ལས་བགྱིད་པ་སྲོག་ཆད་ཅིང་དུས་བགྱིས་པར་གྱུར་ན། མཚམས་བཀུམ་པར་བརྗོད་པར་བགྱིའམ་མ་

བཀུམ་པར་བརྗོད་པར་བགྱི། ཉེ་བ་འཁོར་གལ་ཏེ་མཚན་མ་དག་བརྗོད་པར་གྱུར་ན་ནི་ལས་ཕལ་ཆེར་བྱས་པས་བཅད་པར་བརྗོད་པར་བྱའོ། །བཟློག་པས་ནི་མ་བཅད་པར་བརྗོད་པར་བྱའོ། །དགེ་སློང་མའི་མཚམས་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཐམས་

Vol. 163 · folio 270a

ཅད་དུ་རུང་བས་འདི་སྤྱིར་མདོར་བྱས་སོ། །མཚན་མ་དག་མ་བརྗོད་པ་ཉིད་ན་མ་བཅད་པ་ཡིན་ནོ་ཞེས་བྱ་བ་ནི། ཕལ་ཆེར་བྱས་པ་ཉིད་ཡིན་ན་བྱས་པ་ཉིད་ཡིན་དུ་ཟིན་ཀྱང་མཚམས་ཀྱི་སྐབས་སུ་ནི་ཕྱོགས་བཞིའི་མཚན་མ་དག་མ་བརྗོད་ན་མཚམས་བཅད་པའི་

ལས་མ་བྱས་པ་ཉིད་ཡིན་ནོ། །ཡོངས་སུ་གནས་པས་ནི་ཉེ་བར་གནས་པའི་སྡོམ་པ་ལས་གཞན་པའོ་ཞེས་བྱ་བ་ནི། ཡོངས་སུ་གནས་པ་ནི་ཚངས་པར་སྤྱོད་པ་ཉེ་བར་གནས་པའི་སྡོམ་པ་ལས་གཞན་པའི་ལས་བྱས་པ་ཉིད་ན་ལས་བྱས་པ་ཉིད་ཡིན་པའོ། །འདིར་གཞུང་ནི་དགེ་སློང་

བྲམ་ཟེའི་བུ་མོས་ཞུས་པ་ལས་ཡོངས་སུ་གནས་པས་དགེ་སློང་གནས་ནས་འབྱིན་ན། གནས་ནས་ཕྱུང་བར་བརྗོད་པར་བགྱིའམ། ཉེ་བ་འཁོར་གནས་པའི་སྡོམ་པ་མ་གཏོགས་པར་ལས་ཐམས་ཅད་བྱས་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་དཔེ་ཙམ་དུ་

ཟད་དེ་དགེ་འདུན་ལྷག་མ་སྤྱོད་པ་ལ་གནས་པ་གཞན་དག་ལ་ཡང་ཆོ་ག་འདི་རིག་པར་བྱའོ། །སྨྱོན་པས་བཏོན་པ་ཡང་ངོ་ཞེས་བྱ་བ་ནི། སྨྱོན་པས་སོ་སོར་ཐར་པའི་མདོ་གདོན་བ་བྱས་པ་ཡང་བྱས་པ་ཉིད་ཡིན་པའོ། །འདིར་གཞུང་ནི་སྨྱོན་པས་སོ་སོར་ཐར་པའི་མདོ་འདོན་

ན་སོ་སོར་ཐར་པའི་མདོ་བཏོན་པར་བརྗོད་པ་བགྱིའམ། བཀའ་སྩལ་པ། བཏོན་པར་བརྗོད་པར་བགྱིའོ། །གསོ་སྦྱོང་བགྱིས་པར་བརྗོད་པར་བགྱིའམ། བཀའ་སྩལ་པ། བྱས་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྨྱོན་པ་ནི་དཔེ་ཙམ་དུ་ཟད་དེ་དེས་ན་རང་བཞིན་

ཉམས་པ་ཐམས་ཅད་ཀྱང་འཕངས་པ་ཡིན་ཏེ་འདྲ་བའི་ཕྱིར་རོ། །དབྱེན་རྗེས་སུ་སྒྲུབ་པ་ནི་གསོལ་བ་དང་འདྲའོ་ཞེས་བྱ་བ་ནི། བསྙེན་པར་མ་རྫོགས་པ་ལ་སོགས་པའི་རྒྱུ་གང་དག་གིས་གསོལ་བའི་ལས་བྱས་པ་མི་འཆགས་པ་དེ་བཞིན་དུ་རྒྱུ་དེ་དག་ཉིད་ཀྱིས་དགེ་འདུན་གྱི་

དབྱེན་གྱིས་སྦྱོར་བ་རྗེས་སུ་སྒྲུབ་པ་ཡང་མི་འཆགས་པ་སྟེ། དཔེར་ན་བདག་ཉིད་རིགས་པ་མ་ཡིན་པས་ཚུལ་ཤིང་དག་ལེན་པ་དང་། འདྲིམ་པར་བྱེད་པ་རིགས་པ་མ་ཡིན་པས་གཞན་རིགས་པ་མ་ཡིན་པ་དག་ལེན་དུ་འཇུད་པ་དང་། ཆོས་དང་ཆོས་མ་ཡིན་པ་དག་ལོག་པར་

Vol. 163 · folio 270b

སྒྲོགས་པར་བྱེད་ན། དབྱེན་རྗེས་སུ་བསྒྲུབ་པ་མི་འཆགས་པ་ལྟ་བུའོ། །འདིར་གཞུང་ནི་ཞུ་བ་ལས་གནས་ནས་ཕྱུང་བ་དང་ལྔས་དགེ་འདུན་འབྱེད་ན་དགེ་འདུན་མ་ཕྱེ་བར་བརྗོད་པར་བྱའོ། །རྐུ་ཐབས་སུ་གནས་པ་དང་དགུས་དགེ་འདུན་འབྱེད་ན་དགེ་འདུན་མ་ཕྱེ་བར་

བརྗོད་པར་བྱའོ། །མཚན་གཉིས་པས་ཚུལ་ཤིང་ལེན་ཏམ་རྗེས་སུ་སྒྲོགས་ན། དགེ་འདུན་བྱེ་བར་བརྗོད་པར་བགྱིའམ། དགེ་འདུན་མ་ཕྱེ་བར་བརྗོད་པར་བགྱི། བཀའ་སྩལ་པ། དགེ་འདུན་མ་ཕྱེ་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་མཚན་མི་མཐུན་པ་

ཉིད་ནི་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་ནི། དབྱེན་རྗེས་སུ་སྒྲུབ་པ་འདི་ལ་ཕོ་རྣམས་ལ་ནི་མོ་ཉིད་ཡན་ལག་མ་ཡིན་ལ། མོ་རྣམས་ལ་ཡང་ཕོ་ཉིད་ཡན་ལག་མ་ཡིན་ནོ། །འདིར་གཞུང་ནི་གཏམ་གྱི་གཞི་ལས། ཉེ་བ་འཁོར་དགེ་སློང་ཁོ་ནས་དགེ་སློང་གི་དགེ་འདུན་འབྱེད་པར་

འགྱུར་གྱི། དགེ་སློང་མས་ཀྱང་མི་འགྱུར། དགེ་སློབ་མས་ཀྱང་མི་འགྱུར། དགེ་ཚུལ་གྱིས་ཀྱང་མི་འགྱུར། དགེ་ཚུལ་མས་ཀྱང་མི་འགྱུར་མོད་ཀྱི། འོན་ཀྱང་དགེ་འདུན་དབྱེ་བའི་ཕྱིར་བརྟུལ་བར་ནི་འགྱུར་རོ། །དགེ་སློང་མ་ཁོ་ནས་དགེ་སློང་མའི་དགེ་འདུན་འབྱེད་པར་

འགྱུར་གྱི། དགེ་སློང་གིས་ཀྱང་མི་འགྱུར། དགེ་སློབ་མས་ཀྱང་མི་འགྱུར། དགེ་ཚུལ་གྱིས་ཀྱང་མི་འགྱུར། དགེ་ཚུལ་མས་ཀྱང་མི་འགྱུར་མོད་ཀྱི། འོན་ཀྱང་དགེ་འདུན་དབྱེ་བའི་ཕྱིར་བརྟུལ་བར་ནི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བཞད་གད་ཀྱི་དངོས་པོས་ནི་གང་

གིར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི། བཞད་གད་ཀྱི་དངོས་པོ་ཞེས་བྱ་བ་ཀུ་རེའི་བསམ་པ་ལས་བྱས་པ་ཐམས་ཅད་ནི་གང་གི་ཡན་ལག་ཏུ་ཡང་མི་འགྱུར་བའོ། །འདིར་གཞུང་ནི་དགེ་འདུན་གྱི་དབྱེན་གྱི་སྐབས་སུ་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། གང་གིས་

འཕྱར་གཡེང་གི་བསམ་པས་རྗེས་སུ་སྒྲོགས་ཤིང་ཚུལ་ཤིང་ལེན་དུ་སྩོལ་ན་དགེ་འདུན་བྱ་བར་བརྗོད་པར་བགྱིའམ། ཉེ་བ་འཁོར་མི་བྱའོ། །ལས་བགྱིད་པ་ལས་ལྟུང་བ་ཅིར་འགྱུར། དབྱེན་གྱི་སྐབས་ཀྱི་ཉེས་པ་སྦོམས་པོར་འགྱུར་རོ། །གལ་ཏེ་དགེ་འདུན་གྱིས་ཤེས་ན་

Vol. 163 · folio 271a

དགེ་འདུན་ཐམས་ཅད་ལ་ཡང་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྗེས་སུ་སྒྲོགས་ཤིང་ཞེས་བྱ་བའི་སྒྲ་ནི་ལས་བརྗོད་པ་ལ་བྱའོ། །མི་འཆགས་པའི་བློས་དབྱེན་དང་གནས་ནས་འབྱིན་པ་དག་ནི་སྦོམ་པོའོ་ཞེས་བྱ་བ་ནི་དབྱེན་གྱི་

ལས་དང་གནས་ནས་དབྱུང་བའི་ལས་མི་འཆགས་པར་ཤེས་བཞིན་དུ་མི་འཆགས་ཀྱང་བླའི་འོན་ཀྱང་བྱའོ་སྙམ་པའི་བློས་དབྱེན་དང་གནས་ནས་དབྱུང་བའི་ལས་བྱེད་དམ་དེའི་ཡན་ལག་གི་དངོས་པོ་སྒྲུབ་ན་ཐམས་ཅད་དུ་དབྱེན་གྱི་ཕྱོགས་ཀྱི་སྦོམ་པོར་འགྱུར་བའོ། །དགེ་

འདུན་དུ་མ་གྱུར་པ་ཉིད་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། གྲོགས་མེད་པ་ཉིད་དུ་བྱེད་པའམ་གཅིག་དང་ལྷན་ཅིག་གམ། གཉིས་དང་ལྷན་ཅིག་ཏུ་དབྱེན་དང་གནས་ནས་འབྱིན་པ་དག་བྱེད་ན་ཉེས་བྱས་སུ་འགྱུར་བའོ། །འདི་ནི་རྩེད་མོའི་རྣམ་པ་ཡིན་གྱི། རྗེས་སུ་བསྒྲུབ་པའི་

རྣམ་པ་ནི་མ་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་ནི་གཅིག་གིས་གཅིག་གནས་ནས་འབྱིན་ན་ཉེས་བྱས་སོ། །གཅིག་གིས་གཉིས་སམ། གཅིག་གིས་མང་པོའམ། གཅིག་གིས་བཞིའམ། གཉིས་ཀྱིས་གཉིས་སམ། གཉིས་ཀྱིས་མང་པོའམ། གཉིས་ཀྱིས་

བཞིའམ། གཉིས་ཀྱིས་གཅིག་གམ། མང་པོས་མང་པོའམ། མང་པོས་བཞིའམ། མང་པོས་གཅིག་གམ། མང་པོས་གཉིས་གནས་ནས་འབྱིན་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཐ་དད་པར་གནས་པ་དག་ལས་གཞན་པ་ཁ་སྐོང་བར་འོས་པ་མ་

ཡིན་པ་དག་གི་ཚོགས་ཀྱིས་གསོལ་བ་དང་བརྗོད་པ་དག་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཐ་དད་པར་གནས་པ་དག་ལས་གཞན་པ་ཁ་སྐོང་བར་འོས་པ་མ་ཡིན་པ་མཚམས་མེད་པ་བྱས་པ་ལ་སོགས་པའི་ཚོགས་ཀྱིས་གསོལ་བ་དང་བརྗོད་པ་དག་བྱས་པ་ཉིད་ནི་བྱས་པ་ཉིད་མ་ཡིན་

ནོ། །འདིར་ཐ་དད་པར་གནས་པ་དག་ཅེས་བྱ་བ་གང་ཡིན་པར་ཤེས་པར་བྱ་ཞེ་ན། འདི་ལྟར་ཁ་སྐོང་བར་འོས་པ་མ་ཡིན་པ་ཐམས་ཅད་ཀྱང་རྣམ་གྲངས་ཀྱིས་ཐ་དད་པར་གནས་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་འདིར་ཆོས་མ་ཡིན་པའི་ཕྱོགས་ཁས་བླངས་པ་ནི་ཐ་དད་པར་

Vol. 163 · folio 271b

གནས་པ་ཉིད་ཡིན་པས་ཐ་དད་པ་ཉིད་དུ་གྱུར་པ་ཡིན་པར་རིག་པར་བྱའོ། །གསོ་སྦྱོང་དང་དགག་དབྱེ་དག་ལ་ཇི་ལྟར་བརྗོད་པར་བྱ་ཞེ་ན། བསྙེན་པར་རྫོགས་པ་དང་བཅས་པ་མ་ཉམས་པ་དག་གིས་བསླབ་པ་དག་ལ་གུས་པར་བྱ་དགོས་ལ། གསོ་སྦྱོང་དང་དགག་དབྱེ་དག་བྱ་བ་གང་

ཡིན་པ་དེ་ནི་བསླབ་པའི་ཡན་ལག་དང་བསླབ་པ་རྗེས་སུ་སྐྱོང་བར་གྱུར་བ་དག་ཡིན་པས་དེའི་ཕྱིར་ཁ་སྐོང་བར་འོས་པ་མ་ཡིན་པས་གསོ་སྦྱོང་དང་དགག་དབྱེ་དག་བྱས་པ་ནི་མ་བྱས་པ་ཉིད་ཁོ་ན་ཡིན་ནོ། །རང་གི་འོས་པའི་དགེ་འདུན་གྱིས་ཉམས་སུ་མྱོང་བ་མི་འགྲུབ་པ་ཉིད་ན་

མ་ཡིན་ནོ་ཞེས་བྱ་བ་ནི། ལས་དེ་ལ་རང་གི་འོས་པའི་དགེ་འདུན་བཞིའི་ཚོགས་ལ་སོགས་པའི་དགེ་འདུན་གང་ཡིན་པ་དེ་ལས་དེ་ཉམས་སུ་མྱོང་བ་མ་གྲུབ་པ་ཉིད་ན་ལས་དེ་བྱས་པ་ཉིད་མ་ཡིན་པའོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་འདུན་གྱིས་ལས་དེ་མ་ཐོས་ན་ལས་དེ་

བྱས་པ་ཉིད་མ་ཡིན་ནོ། །རང་གི་ཞེས་སྨོས་པས་ནི་དགེ་འདུན་ཉུང་བ་བསལ་ཏོ། །འོས་པ་ཞེས་སྨོས་པས་ནི་དང་པོར་ཉམས་པ་ལ་སོགས་པ་འོས་པ་མ་ཡིན་པ་དག་བསལ་ཏོ། །ཅི་ལས་ཐམས་ཅད་མ་ལུས་པའམ་ཞེ་ན། དེའི་ཕྱིར་གསོལ་བ་ཐོས་ན་དེ་གྲུབ་པ་ཉིད་ཡིན་ནོ་ཞེས་བྱ་བ་

སྨྲས་ཏེ། དགེ་འདུན་དང་ཉན་དུ་གཞུག་པ་གང་ཞེ་ན་བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པས་གསོལ་བ་ཙམ་ཐོས་ན་ཡང་ཉམས་སུ་མྱོང་བ་དེ་གྲུབ་པ་ཉིད་ཡིན་ཏེ། དེ་ཙམ་ཐོས་པས་ལས་དེ་བྱས་པ་ཉིད་ཡིན་ནོ། །སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངག་པ་འདྲ་བས་རབ་ཏུ་

འབྱིན་དུ་བཅུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བའི་སྐལ་བ་དང་ལྡན་པའི་རང་བཞིན་ཅན་གྱི་གང་ཟག་གང་ཁྱིམ་ནས་འབྱུང་བའི་སྐབས་མི་རྙེད་ན། སྐལ་བ་དང་ལྡན་པའི་རང་བཞིན་ཅན་གྱི་གང་ཟག་དེ་ལ་མངག་པ་འདྲ་བས་རབ་ཏུ་འབྱིན་དུ་འཇུག་

པ་གང་ཡིན་པ་དེ་ནི་ཆོ་ག་མ་ཡིན་པ་མ་ཡིན་ཏེ་ཆོ་ག་ཡིན་པ་ཁོ་ནར་བལྟ་བར་བྱའོ། །མངག་པ་འདྲ་བས་ཞེས་བྱ་བ་ནི། རབ་ཏུ་དབྱུང་བར་བྱ་བ་དེའི་གན་དུ་མངག་པ་རབ་ཏུ་དབྱུང་བ་གང་ཡིན་པ་དེ་ཉིད་བདག་ཡིན་ལ། བདག་གང་ཡིན་པ་དེ་ཉིད་རབ་ཏུ་དབྱུང་བ་དེ་ཡིན་ནོ་ཞེས་བྱ་བའི་སྒོ་

Vol. 163 · folio 272a

ནས་རབ་ཏུ་དབྱུང་བ་ཉིད་དང་འདྲ་བ་སྟེ་དེས་སོ། །དགེ་སློང་མས་རབ་ཏུ་དབྱུང་བར་བྱ་བ་དེའི་གན་དུ་མངག་པ་ཡང་དེ་དང་འདྲ་སྟེ། དེས་རབ་ཏུ་འབྱིན་དུ་གཞུག་པ་ནི་ཆོ་ག་ཡིན་ནོ། །འདིར་གཞུང་ནི་དེ་ལྟ་བས་ན་མངག་པ་དེ་ལྟ་བུ་བསྙེན་པར་རྫོགས་པར་བྱའོ། །བསྙེན་པར་རྫོགས་

པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་བའི་སྐབས་ཀྱིས་ཆོས་བྱིན་གྱི་སྐབས་རྗེས་སུ་གནང་བ་ཡིན་ནོ། །འདི་ལ་རབ་ཏུ་འབྱིན་དུ་གཞུག་པའི་རྣམ་པར་གཞག་པ་གང་ཞེ་ན། དེའི་ཕྱིར་མངག་པ་དེ་ལ་དེའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཞུ་བ་དང་

སྐྱབས་སུ་གཏང་བ་དང་། དགེ་བསྙེན་གྱི་སྡོམ་པ་དང་། རབ་ཏུ་དབྱུང་བ་དང་། ཁས་བླངས་བ་ལ་སོགས་པ་མཁན་པོ་ལ་སོགས་པས་སྐལ་བ་དང་ལྡན་པའི་རང་བཞིན་ཅན་གྱི་རབ་ཏུ་དབྱུང་བ་དེ་ལ་བྱ་བ་གང་ཡིན་པ་དེ་དག་མངག་པ་དེ་ལ་རྗེས་སུ་བསྒྲུབ་པར་བྱ་སྟེ། མངག་པ་དེས་

མཁན་པོ་ལ་སོགས་པ་ལས་ལུང་མནོས་ཏེ་དེར་སོང་ནས། རབ་ཏུ་དབྱུང་བ་དེ་ལ་དེ་དག་བསྒོ་བར་བྱ་བ་ཡིན་ཏེ། འདིར་རྣམ་པར་གཞག་པ་དེ་ནི་དེ་ཡིན་ནོ། །འདི་ལྟར་མངག་པའི་ལས་ཀྱིས་བསླབ་པ་སྦྱིན་པ་དེ་ནི་སློབ་དཔོན་དང་འདྲ་བས། དེའི་ཕྱིར་འདིར་མངག་པ་ཡང་བསྙེན་

པར་རྫོགས་པས་བྱ་བར་རྣམ་པར་གཞག་གོ། །ཅི་བྱེ་བྲག་མེད་པར་རམ་ཞེ་ན། དེའི་ཕྱིར་བུད་མེད་ལ་ནི་བུད་མེད་དང་སྐྱེས་པས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་དབྱུང་བར་བྱ་བ་བུད་མེད་ལ་ནི་མངག་པ་བུད་མེད་ཀྱིས་ཀྱང་བྱར་རུང་། སྐྱེས་པས་ཀྱང་བྱར་རུང་ངོ་། །སྐྱེས་པ་ལ་ནི་སྐྱེས་པ་

ཁོ་ནས་སོ་ཞེས་བྱ་བ་ནི། བུད་མེད་ཀྱིས་མི་བྱ་སྟེ། མཐུ་དང་ལྡན་པའི་ཡུལ་ལ་དམན་པ་དབང་མེད་པའི་ཕྱིར་རོ། །དེ་ལ་མངག་པས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་གསོལ་བ་དང་ཁས་བླང་བ་དག་དེའི་མིང་ཁོ་ནས་བྱའོ་ཞེས་བྱ་བ་སྨྲས་ཏེ། མིང་འདི་ཞེས་བྱ་བ་དེ་རབ་ཏུ་

འབྱུང་བར་གསོལ་ལོ། །རབ་ཏུ་འབྱུང་བ་ཡང་དག་པར་ལེན་ཏོ་ཞེས་དེ་ལྟར་དེའི་མིང་གིས་བྱའོ། །རབ་ཏུ་འབྱུང་བ་ཞུ་བ་ཡང་མངག་པས་དེའི་མིང་ཁོ་ནས་དགེ་འདུན་ལ་ཞུ་བར་བྱའོ། །བསྙེན་པར་རྫོགས་པ་མན་ཆད་གོང་མ་ཡང་ངོ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་གོང་མ་བསྙེན་པར་

Vol. 163 · folio 272b

རྫོགས་པ་མན་ཆད་ཀྱང་སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངག་པ་དང་འདྲ་བའི་གང་བྱ་བ་དེ་མི་རིགས་པ་མ་ཡིན་ཏེ་རགས་པ་ཁོ་ན་ཡིན་པའོ། །འདིར་གོང་མ་ཞེས་བྱ་བ་ནི་སྔར་རབ་ཏུ་བྱུང་བ་ཞེས་སྨོས་པས་དགེ་ཚུལ་གྱི་སྡོམ་པ་སྦྱིན་པ་བསྟན་པའི་གོང་མ་དགེ་ཚུལ་མའི་སྡོམ་པ་

སྦྱིན་པ་དང་། བསླབ་པའི་སྡོམ་པ་སྦྱིན་པ་དང་། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་དང་། བསྙེན་པར་རྫོགས་པར་བྱ་བ་དག་གོ། །མི་ནོད་ནི་བྱིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། བསླབ་པ་སྦྱིན་པ་དང་། བསླབ་པ་གསོལ་བ་དང་། སྡོམ་པ་སྦྱིན་པ་དག་ལ་ལས་བྱེད་

པ་ན་དེ་དག་འདི་སྐད་ཅེས་བདག་ལ་བསླབ་པ་མ་སྦྱིན་ཅིག་བདག་བསྙེན་པར་རྫོགས་པ་མ་བྱེད་ཅིག་ཅེས་མི་ནོད་ན་སྦྱིན་པར་བྱེད་དུ་ཟིན་ཀྱང་བྱིན་པ་ཉིད་དུ་མི་འགྱུར་བའོ། །དེ་ལ་གསོལ་བ་ཉམས་སོ་ཞེས་བྱ་བ་ནི། མི་ནོད་པ་དེ་ལ་དེས་སྔར་གསོལ་བ་གང་ཡིན་པ་དེ་ཡང་ཉམས་པ་

ཡིན་ཏེ། དེའི་ཕྱིར་བླང་བའི་འདོད་པ་དེ་ཡང་གསོལ་བར་བྱ་བ་ཉིད་ཡིན་ནོ། །སྔར་བཞམས་ཏེ་བསྒོ་བ་ཉིད་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི། དེ་དག་ལ་བཞམས་ཏེ་བསྒོ་བར་བྱའོ་ཞེས་གསུངས་པ་དེ་ཉིད་ཆོ་ག་ཡིན་པར་ཤེས་པར་བྱ་སྟེ། དེས་དེ་མ་བསྒྲུབས་ན་ཆོ་ག་ལས་འདས་ན་ལས་མི་

འཆགས་སོ་ཞེས་བསྟན་པས་བསྒོ་བར་བྱ་བ་ལ་ཡང་སྔར་བཞམས་ཏེ་མ་བསྒོ་ན་ལས་མི་འཆགས་སོ། །གནས་ནས་དབྱུང་བ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། གནས་ནས་དབྱུང་བ་ལ་ཡང་སྔར་བཞམས་ཏེ་བསྒོ་བ་ཉིད་ཆོ་ག་ཉིད་ཡིན་པ་སྟེ། དེས་ན་གནས་ནས་དབྱུང་བ་ལ་ཡང་བཞམས་

ཏེ་བསྒོ་བ་མ་བྱས་པར་ལས་མི་འཆགས་སོ། །དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ་ནི་ཕ་རོལ་གྱི་སེམས་གཏད་པ་ཉིད་གཙོ་བོ་ཡིན་ནོ་ཞེས་བྱ་བ་ནི། དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བ་དག་ལ་ཕ་རོལ་གྱིས་སེམས་གཏད་པ་ཉིད་གཙོ་བོ་ཡིན་ཏེ་

གང་གི་ཕྱིར་དེ་ལྟར་མ་ཡིན་པ་དེའི་ཕྱིར་སེམས་གཏོད་པར་བྱེད་པ་དག་གིས་སེམས་གཏད་ན། ལས་བྱེད་པས་དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་མ་བརྗོད་ཀྱང་ལས་མི་འཆགས་པར་དོགས་པར་མི་བྱའོ། །སོགས་པ་ཞེས་སྨོས་པའི་སྒྲས་ནི། དགེ་འདུན་བཙུན་པ་

Vol. 163 · folio 273a

རྣམས་གསན་དུ་གསོལ། བཙུན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་གསན་དུ་གསོལ། ཚེ་དང་ལྡན་པ་དག་སེམས་སྡུས་ཤིག །སེམས་སྡུས་ཤིག་ཅེས་བྱ་བ་སྔགས་དག་བསྡུ་བར་རིག་པར་བྱའོ། །དོན་གྱི་སྐབས་དག་གིས་གོ་རིམས་འཁྲུགས་

པས་ནི་མི་འཆགས་པ་མ་ཡིན་ནོ་ཞེས་བྱ་བ་ནི། གསོལ་བའི་བདག་ཉིད་དམ་བརྗོད་པའི་བདག་ཉིད་ཀྱི་ཚིག་གི་གོ་རིམས་འཁྲུགས་པ། དཔེར་ན་མིང་འདི་ཞེས་བགྱི་བ་འདི་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ་ཞེས་བརྗོད་པར་བྱ་བ་ལ། དགེ་འདུན་

ལས་མིང་འདི་ཞེས་བགྱི་བ་འདི་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་གསོལ་ཏེ་ཞེས་བྱ་བ་ལྟ་བུའི་ཚིག་གི་གོ་རིམས་འཁྲུགས་པས་ནི་ལས་མི་འཆགས་པར་མི་འགྱུར་རོ། །དེ་ཡང་ཚིག་གི་ཕྲད་སྔ་ཕྱི་འཁྲུགས་པས་གོ་བར་བྱེད་པ་མ་ཡིན་ན་ནི་མི་འཆགས་སོ། །གོ་བར་བྱེད་

པ་ཡིན་ན་ནི་འཆགས་སོ། །དེ་ནི་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པའི་ཚིག་མེད་པ་དང་། དོན་གྱི་སྐབས་དག་གི་གོ་རིམས་འཁྲུགས་པ་དེ་ནི་མི་བྱ་བ་ཉིད་དེ། དེ་ནི་ཟུར་ཆག་པ་ཡིན་པས་དེ་ལྟར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །མཚན་གཞན་ལ་

བརྟེན་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་ཞེས་བརྗོད་པར་བྱ་བ་ལ་དགེ་སློང་མ་ཉིད་དུ་བརྗོད་པ་དང་། དགེ་སློང་མ་ཞེས་བརྗོད་པར་བྱ་བ་ལ་དགེ་སློང་ཉིད་དུ་བརྗོད་པ་ལ་སོགས་པ་ནི་ལས་མི་འཆགས་པ་མ་ཡིན་པའོ། །འདི་སྐད་བསྟན་ཏེ། མཚན་གཞན་བརྗོད་པས་ནི་ལས་མི་

འཆགས་པར་མི་འགྱུར་ཏེ། རྗོད་པ་ལ་ཉེས་བྱས་སུ་ནི་འགྱུར་རོ། །དགེ་སློང་དང་དགེ་སློང་མ་ཉིད་དག་གི་ལས་གཞན་བྱེད་པས་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་ཉིད་ལ་དགེ་སློང་མ་ཉིད་ཀྱི་ལས་བྱེད་པ་མི་འཆགས་པ་མ་ཡིན་ལ། དགེ་སློང་མ་ཉིད་ལ་དགེ་སློང་ཉིད་ཀྱི་ལས་བྱེད་པ་

ཡང་མི་འཆགས་པ་མ་ཡིན་པའོ། །དེ་ལྟ་བས་ན་དགེ་སློང་བསྙེན་པར་རྫོགས་པར་བྱ་བའི་ལས་ལ་དགེ་སློང་མ་རྣམས་ཀྱི་བསྙེན་པར་རྫོགས་པར་བྱ་བའི་ལས་ཀྱི་ཆོ་ག་གང་ཡིན་པ་དེ་བྱེད་ན་ཉམས་པ་ཅུང་ཟད་ཀྱང་མེད་ཀྱི། དགེ་སློང་མའི་དགེ་འདུན་བ་སོགས་པ་ལ་སོགས་པ་ལྷག་པ་དག་

Vol. 163 · folio 273b

ཡོད་པར་ཟད་དེ། ལྷག་པ་དག་གིས་ནི་མ་བྱས་པ་ཉིད་མ་ཡིན་པས་དེའི་ཕྱིར་དགེ་སློང་མའི་ལས་ཀྱིས་ནི་དགེ་སློང་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །འདི་ལྟར་དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་ལ་ནི་དགེ་སློང་གི་དགེ་འདུན་གཙོ་བོ་ཡིན་པས་དགེ་སློང་མའི་དགེ་འདུན་བ་སོགས་པ་ནི་

ཚུལ་དང་མཐུན་པ་ཙམ་དུ་བྱ་བར་ཟད་པའི་དགེ་སློང་གི་ལས་ཀྱིས་ཀྱང་དགེ་སློང་མ་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །དེ་ལྟར་ཡང་དགེ་སློང་རྣམས་ལས་དགེ་སློང་མས་བསྙེན་པར་རྫོགས་པ་དག་དགེ་སློང་མའི་དངོས་པོ་བཙལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་གཞུང་ནི་

སིལ་བུ་དག་ལས་བཙུན་པ་རེ་ཞིག་དགེ་ཚུལ་དགེ་སློང་མའི་ལས་ཀྱིས་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་བསྙེན་པར་རྫོགས་པར་བརྗོད་པར་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་

རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལས་ཀྱི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བ་ལ་སོགས་པའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ། །ལས་ཀྱི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བམ་པོ་དྲུག་ཅུ་གཅིག་པ། ད་ནི་ཕྱིར་བཅོས་

པའི་བཞི་བསྡུ་བའི་ཕྱིར། གཞི་མ་ཞི་བར་ཤེས་ནས་གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཇོག་པ་ལ་ནན་ཐུར་གྱི་ལས་བྱའོ་ཞེས་བྱ་བ་སྨྲས་ཏེ། ནན་ཐུར་གྱི་ལས་ཀྱི་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པའི་གཞི་དེ་མ་ཞི་ཉེ་བར་མ་ཞི་ཞིང་དེས་ཡོངས་སུ་མ་བཏང་

ཕྱིར་མ་བཅོས་པར་ཤེས་ཤིང་རྣམ་པར་ཤེས་ལ་ཡིད་ཆེས་ཤིང་མངོན་པར་ཡིད་ཆེས་པར་འགྱུར་ནས། གླེང་བ་པོས་ཀྱང་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པ་དེ་ལེགས་པར་སོ་སོར་ཤེས་པར་བྱས་ཤིང་། གླེང་བར་བྱ་བ་དེ་ཡང་དགེ་འདུན་གྱིས་མངོན་སུམ་དུ་འཇོག་ན། དེའི་ཚེ་དགེ་

འདུན་གྱིས་དེ་ལ་ནན་ཐུར་གྱི་ལས་བྱའོ། །དགེ་འདུན་ཐམས་ཅད་ཀྱིས་རང་གིས་གླེང་བར་ནི་མི་བྱའོ། །གང་ལ་གླེང་བ་པོ་མ་བྱུང་བ་དེ་ལ་ཅི་དགེ་འདུན་གྱིས་བཏང་སྙོམས་སུ་བྱའམ། འོན་ཏེ་གླེང་བ་པོ་བསླང་སྟེ་འཇུག་པར་བྱ་ཞེ་ན། དེའི་ཕྱིར་གླེང་བ་པོ་རང་མ་བྱུང་ན་དགེ་འདུན་གྱིས་

Vol. 163 · folio 274a

བསླང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིར་ལུང་ནི་བསྐྲད་པར་བྱ་བའི་ལས་ལས་ལམ་ཕྱེད་དུ་སོང་ལ། འགྲོ་འགྱོགས་དང་ནབ་སོ་གཉིས་ཀྱི་གླེང་བ་པོ་དགེ་སློང་བསྐོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་ཐམས་ཅད་གཤེ་བ་གང་ཡིན་པ་དེ་ནི་མི་རིགས་

ཤིང་མི་མཛེས་པས་དེའི་ཕྱིར་གླེང་བར་བྱ་བ་རྣམ་པ་དེ་ལྟ་བུ་མངོན་སུམ་དུ་གྱུར་པ་ལ་ནན་ཐུར་གྱི་ལས་བསྡིགས་པ་ལ་སོགས་པ་བདུན་པོ་དག་བྱའོ། །ནན་ཐུར་ཞེས་བྱ་བ་ནི། འོག་ཏུ་བཞག་ཅིང་བཤུང་བ་ཉིད་དུ་རྣམ་པར་གཞག་པར་ཞེས་བྱ་བའི་ཐ་ཚིག་གོ། །འདུ་བ་མི་སྟེར་ན་གྲགས་

པ་ཙམ་གྱིས་སོ་ཞེས་བྱ་བ་ནི། གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཇོག་ན་ཞེས་སྨོས་པ་དེ་གཉིས་ཀྱི་དམིགས་ཀྱིས་བསལ་བ་ཡིན་ཏེ། འདི་ལྟར་གལ་ཏེ་མངོན་སུམ་ཉིད་མི་སྟེར་ན་དེའི་ཚེ་སོ་སོར་ཤེས་པར་བྱ་བ་ལ་སོགས་པ་བྱར་མི་ནུས་པས་དེའི་ཕྱིར་འཐབ་ཀྲོལ་བྱེད་པ་

ཉིད་ལ་སོགས་པ་རྒྱུ་གྲགས་པ་ཙམ་གྱིས་མངོན་སུམ་གྱི་དངོས་པོ་མི་བསལ་བར་བསྡིགས་པ་ལ་སོགས་པའི་ལས་བྱའོ། །མ་མཐོང་བ་ལ་ནི་ཁས་ལེན་པ་ཡན་ལག་མ་ཡིན་ཏེ། ཡོད་པ་ཉིད་རྣམ་པར་བཤིག་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་གི་ཚེ་ལྟུང་བ་མ་མཐོང་བས་གནས་ནས་དབྱུང་

བའི་ལས་བྱེད་པའི་མ་མཐོང་བ་དེ་ལ་ནི་གྲགས་པ་དང་མངོན་སུམ་གྱི་དངོས་པོ་དེ་གཉིས་ཡན་ལག་ཡིན་གྱི་ཁས་ལེན་པ་ནི་ཡན་ལག་མ་ཡིན་ཏེ། འདི་ལྟར་བྱས་པ་ཡང་དག་པའི་ལྟུང་བ་མ་མཐོང་ཞིང་ལྟུང་བ་ཡང་དག་པ་མ་མཐོང་བ་དེ་ལ་གལ་ཏེ་དེ་བདེན་ཡང་དག་སྟེ། བདག་གིས་

ལྟུང་བ་མ་མཐོང་ངོ་ཞེས་ལེན་ན་དེས་ལྟུང་བ་མཐོང་ཞིང་ཁས་བླངས་པ་ཡིན་པས་རྒྱུ་དེ་ཡོད་པ་ཉིད་རྣམ་པར་བཤིག་པའི་ཕྱིར་དེ་ལ་ནན་ཐུར་གྱི་ལས་མི་བྱ་བ་ཉིད་ཡིན་པས་དེའི་ཕྱིར་དེ་ཁས་ལེན་པ་ནི་ཡན་ལག་མ་ཡིན་ནོ། །སྐབས་མི་འབྱེད་ན་ཡང་མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་ནི།

སྐབས་མི་འབྱེད་ན་ཡང་གྲགས་པ་དང་། མངོན་གསུམ་གྱིས་དངོས་པོ་དེ་གཉིས་ཡན་ལག་ཡིན་གྱི་ཁས་ལེན་པ་ནི་ཡན་ལག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མི་རིགས་པའི་ཕྱིར་རོ། །འདིར་རྒྱུ་གཉིས་ཀྱིས་མི་རིགས་ཏེ། སྐབས་མི་འབྱེད་པའི་གང་ཟག་དེ་ལ་གླེང་བ་ཉིད་ཀྱང་མི་

Vol. 163 · folio 274b

བྱ་ན་ཁས་ལེན་པ་ལྟ་ག་ལ་ཡོད་དེ། དེའི་ཕྱིར་རྒྱུ་གཅིག་གིས་ཀྱང་མི་རིགས་ལ། གང་སྐབས་འབྱེད་པར་མི་བྱེད་པ་དེ་ལ་ཇི་ལྟར་བྱས་ཀྱང་སྐབས་རྙེད་ཅིང་གླེང་བ་ལ་ཁས་བླང་ངོ་སྙམ་དུ་སེམས་པར་མི་འགྱུར་བས་དེའི་ཕྱིར་རྒྱུ་གཉིས་པ་དེས་ཀྱང་མི་རིགས་སོ། །གླེང་བ་པོ་རང་མ་ལངས་

ན་བསྐོ་བས་བསླང་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གླེང་བ་པོ་རང་མ་ལངས་ན་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེའི་སྔགས་ནི་ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་རེ་ལྡེ་རི་ལ་སོང་སྟེ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་དགེ་སློང་གི་ཆོས་མ་ཡིན་པ་

རྣམ་པ་མང་པོས་གླེང་བར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་འདི་རེ་ལྡེའི་རི་ལ་མཆིས་ཏེ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་དགེ་སློང་གི་ཆོས་མ་ལགས་པ་རྣམས་པ་མང་པོས་གླེང་བར་སྤྲོ་ན་ཞེས་བྱ་བ་ལ་སོགས་

པ་གསུངས་པ་ཡིན་ནོ། །རྒྱུ་གང་གིས་ནན་ཐུར་གྱི་ལས་བྱ་བ་དེ་སྤྱིར་བསྟན་ནས། ནན་ཐུར་བྱས་པ་ཇི་ལྟར་གྱུར་པ་ལ་བཟོད་པར་བྱ་བ་དེ་བསྟན་པའི་ཕྱིར་རོ། །གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིད་དང་དགེ་འདུན་གྱི་རྙེད་པ་མེད་པ་དང་། གནས་མེད་པར་བྱ་བར་སེམས་པ་ཉིད་དང་བླའི་གྲྭ་

དང་འོག་གཟུ་དང་ཉེ་དུའི་གང་ཟག་རྟེན་ཉིད་དང་། དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མི་འཛིན་པ་དང་། ཁྱིམ་པ་དང་། མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བ་དང་། མུ་སྟེགས་ཅན་ལ་བརྟེན་པ་དང་། ཆོ་ག་མ་ཡིན་པ་སྤྱོད་པ་དང་། དགེ་སློང་གི་བསླབ་པ་དག་ལ་མི་སློབ་

པར་མི་བྱེད་པ་དང་། སྐྲ་འགྲེང་བར་གྱུར་པ་དང་། སྐྲ་འཕྱར་བར་གྱུར་པ་དང་། དགེ་འདུན་ལ་སྤུ་སྙོལ་བར་བྱེད་པ་དང་། འབྱུང་བར་བསྐྱོད་པ་དང་། མཚུངས་པར་ཉེ་བར་སྟོན་པ་དང་། རྒྱུ་ལས་ཕྱིར་བཟློག་པ་བཟོད་པ་གསོལ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། མི་འཛིན་པ་

དང་ཞེས་བྱ་བ་ནི། ཚིག་གོང་མ་བཞི་པོ་དང་སོ་སོར་སྦྱར་ཏེ། གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིད་མི་འཛིན་པ་དང་། དགེ་འདུན་གྱི་རྙེད་པ་མེད་པ་དང་། གནས་མེད་པར་བྱ་བར་སེམས་པ་ཉིད་མི་འཛིན་པ་དང་། བླའི་གྲྭ་དང་འོག་གཟུ་དང་ཉེ་དུའི་གང་ཟག་རྟེན་ཉིད་དུ་མི་འཛིན་པ་དང་།

Vol. 163 · folio 275a

དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མི་འཛིན་པ་ཞེས་བྱ་བར་སྦྱར་རོ། །མི་བྱེད་པ་ཞེས་བྱ་བ་ཡང་ཚིག་གོང་མ་གསུམ་དང་སོ་སོར་སྦྱར་ཏེ། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བར་མི་བྱེད་པ་དང་། མུ་སྟེགས་ཅན་ལ་བརྟེན་པ་དང་། ཆོ་ག་མ་ཡིན་པ་སྤྱོད་

པར་མི་བྱེད་པ་དང་། དགེ་སློང་གི་བསླབ་པ་དག་ལ་མི་སློབ་པར་མི་བྱེད་པ་ཞེས་བྱ་བར་སྦྱར་རོ། །དེ་ལ་གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིད་མི་འཛིན་པ་ཞེས་བྱ་བ་ནི། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་གིས་གཤེ་བ་དང་། ཁྲོ་བ་དང་། སྤྱོ་བ་ཉིད་མི་འཛིན་པ་སྟེ་དེ་དག་མི་འཛིན་ཞིང་བཟོད་པ་

ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ་ཞེས་བྱ་བར་སྦྱར་རོ། །དགེ་འདུན་གྱི་རྙེད་པ་མེད་པ་དང་། གནས་མེད་པར་བྱ་བར་སེམས་པ་ཉིད་མི་འཛིན་པ་ཞེས་བྱ་བ་ནི་ཅི་ནས་ཀྱང་དགེ་འདུན་གྱི་རྙེད་པ་མེད་པར་བྱ་བ་དང་། དགེ་འདུན་གྱི་གནས་མེད་པར་བྱའོ་སྙམ་དུ་སེམས་

པ་ཉིད་མི་འཛིན་པ་སྟེ། འདིར་དགེ་འདུན་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ། དགེ་འདུན་དུ་གྱུར་ཀྱང་རུང་དགེ་འདུན་དུ་མ་གྱུར་ཀྱང་རུང་བའི་དགེ་སློང་བསྡུས་པའམ། རེ་རེ་ལ་དེ་ལྟར་སེམས་པ་ཉིད་མི་འཛིན་པ་སྟེ། དེ་ལྟར་མི་འཛིན་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་

གྱིས་བཟོད་པའི་ལས་བྱའོ། །བླའི་གྲྭ་དང་འོག་གཟུ་དང་ཉེ་དུའི་གང་ཟག་རྟེན་ཉིད་དུ་མི་འཛིན་པ་ཞེས་བྱ་བ་ནི། བླའི་གྲྭ་ཡང་རྟེན་ཉིད་དུ་མི་འཛིན། འོག་གི་གཟུ་བོ་ཡང་རྟེན་ཉིད་དུ་མི་འཛིན། ཉེ་དུ་ཁྱིམ་པ་དང་རབ་ཏུ་བྱུང་བའི་གང་ཟག་ཀྱང་རྟེན་ཉིད་དུ་མི་འཛིན་པ་སྟེ། དེ་དག་རྟེན་

ཉིད་དུ་མི་འཛིན་ཞིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མི་འཛིན་པ་ཞེས་བྱ་བ་ནི། དགེ་འདུན་རྟེན་ཁོ་ན་ཡིན་པར་འཛིན་པ་སྟེ། དེ་ལྟར་འཛིན་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །

ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བར་མི་བྱེད་པ་ཞེས་བྱ་བ་ནི། ཁྱིམ་པའི་རྒྱལ་མཚན་འཆང་བར་མི་བྱེད་པ་དང་། མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བར་མི་བྱེད་པ་སྟེ་དེ་འཆང་བར་མི་བྱེད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །མུ་

Vol. 163 · folio 275b

སྟེགས་ཅན་ལ་བརྟེན་པ་དང་ཆོ་ག་མ་ཡིན་པར་སྤྱོད་པར་མི་བྱེད་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་ལ་རྟེན་པར་མི་བྱེད་པ་དང་། སྤྱོད་པ་དང་སྤྱོད་ལམ་གྱི་རྣམ་པར་གཞག་པ་ཆོ་ག་མ་ཡིན་པ་དག་སྤྱོད་པར་མི་བྱེད་པ་སྟེ། དེ་དག་མི་བྱེད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་

ལས་བྱའོ། །དགེ་སློང་གི་བསླབ་པ་དག་ལ་མི་སློབ་པར་མི་བྱེད་པ་ཞེས་བྱ་བ་ནི། སྤོང་བས་བསྡུས་པའི་བསླབ་པ་དག་ལ་སློབ་པ་ཁོ་ནར་བྱེད་པ་སྟེ། དེ་ལྟར་བྱེད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །སྐྲ་འགྲེང་བར་འགྱུར་བ་ཞེས་བྱ་བ་ནི་སྐྲ་དག་གྱེན་དུ་རྣམ་པར་

འགྲེང་བར་གྱུར་པ་ཉིད་དོ། །སྐྲ་འཕྱར་བར་གྱུར་བ་ཞེས་བྱ་བ་ནི་སྐྲ་དག་ཐད་ཀར་རྣམ་པར་འཕྱར་བར་གྱུར་པ་ཉིད་དོ། །དེ་གཉིས་ཀྱིས་ནི་སྨ་བབ་པ་ཉིད་དུ་བསྟན་པ་ཡིན་ཏེ་འདི་ལྟར་སྨ་བབ་པ་ནི་སྐྲ་འགྲེང་བར་གྱུར་པ་དང་། སྐྲ་འཕྱར་བར་གྱུར་པ་ཡིན་ནོ་ཞེས་གྲགས་པའི་ཕྱིར་ཏེ། དེ་ལྟར་

གྱུར་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །དགེ་འདུན་ལ་སྤུ་སྙོལ་བར་བྱེད་པ་ཞེས་བྱ་བ་ནི། དགེ་འདུན་གྱི་ཡུལ་ལ་སྤུ་འཁུམས་པར་བྱེད་པ་སྟེ། དེ་ནི་རྒྱགས་པ་མེད་པ་ཉིད་དུ་བསྟན་ཏེ། འདི་ལྟར་རྒྱགས་པ་དང་བཅས་པ་ནི་སྤུ་དག་ཏེ་པོར་ཤིན་

ཏུ་སྤུངས་པར་སྟོན་པས་དེས་ན་འདི་ནི་དགེ་འདུན་ལ་རྒྱགས་པ་མེད་པ་ཉིད་དུ་བྱེད་པ་བསྟན་ཏེ། དེ་ལྟར་བྱེད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །འབྱུང་བར་བསྐྱོད་པ་ཞེས་བྱ་བ་ནི། ནན་ཐུར་བྱས་པ་ཉིད་ཅེས་བྱ་བ་རིགས་པ་མ་ཡིན་པ་དག་པ་མ་

ཡིན་པ་སྨད་པ་ཞེས་བྱ་བའི་གནས་སྐབས་ཀྱི་བྱེ་བྲག་དེ་ནས་རྣམ་པར་དག་པའི་ལམ་དུ་གནས་པར་འབྱུང་བ་ནི་འབྱུང་བ་ཞེས་བྱའོ། །དེ་སྒྲུབ་པར་བྱེད་པ་ནི་བསྐྱོད་པ་ཞེས་བྱ་སྟེ། དེ་ལྟར་བསྐྱོད་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །མཚུངས་པར་

ཉེ་བར་སྟོན་པ་ཞེས་བྱ་བ་ལ་མཚུངས་པ་ཞེས་བྱ་བ་ནི་ཡང་དག་པ་ཉིད་དུ་གྱུར་པར་འཇུག་པ་སྟེ། དགེ་འདུན་དང་འདྲེ་ཞིང་དགེ་འདུན་དང་ལྷན་ཅིག་མཚུངས་པར་འཇུག་པའོ། །དེས་ཉེ་བར་སྟོན་པ་ནི་གང་གིས་འདི་བདག་ཅག་དང་མཚུངས་པར་གྱུར་ཏོ་ཞེས་བྱ་བར་ཤེས་པར་

Vol. 163 · folio 276a

འགྱུར་བར་ལུས་འདུད་པ་དང་བཅས་པ་དང་རྗེས་དང་བཅས་པས་མཉེན་ཞིང་རྗེས་སུ་མཐུན་པའི་བྱ་བ་དང་མཛའ་བར་བྱས་པའི་སྤྱོད་པ་དང་ལྡན་ཞིང་གུས་པ་དང་རྗེས་གཉིས་ཀྱིས་བདག་ཉིད་དུ་གྱུར་པའི་ནང་དུ་གནས་ཤིང་ཐ་དད་དུ་གྱུར་པ་ལས་ཕྱིར་ལྡོག་པར་

སྟོན་པ་སྟེ། དེ་ལྟར་མཚུངས་པར་ཉེ་བར་སྟོན་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །རྒྱུ་ལས་ཕྱིར་ལྡོག་པ་ཞེས་བྱ་བ་ནི། འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པའི་རྒྱུ་གང་གིས་དེ་ལ་ནན་ཐུར་གྱི་ལས་བྱས་པར་གྱུར་པའི་རྒྱུ་དེ་ལས་ཕྱིར་ལྡོག་

པ་སྟེ། དེ་ལས་ཕྱིར་ལྡོག་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །བཟོད་པ་གསོལ་བ་ལའོ་ཞེས་བྱ་བ་ནི། ཇི་སྐད་སྨོས་པའི་རྣམ་པ་དེ་དག་དེ་ལྟར་གྱུར་དུ་ཟིན་ཀྱང་བཟོད་པ་མི་གསོལ་ན་དེ་ལ་དགེ་འདུན་གྱིས་བཟོད་པའི་ལས་མི་བྱའོ། །

འདི་ལྟར་ཇི་སྐད་སྨོས་པའི་རྣམ་པ་དེ་དག་ཐམས་ཅད་ལྟར་ཡང་གྱུར་ལ། དགེ་འདུན་ལ་བཟོད་པ་གསོལ་བའི་སྔགས་ལན་གསུམ་བཟླས་པ་ཡང་བྱེད་ན། དེའི་ཚེ་དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པར་བྱ་བའོ། །དེ་ལ་དགེ་འདུན་ལ་བཟོད་པ་གསོལ་

བའི་སྔགས་ལན་གསུམ་བཟླས་པར་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསོན་དུ་གསོལ། བདག་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ་མཚང་འདྲུ་བར་བགྱིད་པ་རྩོད་པར་བགྱིད་པ་འགྱེད་པར་བགྱིད་པ་རྩོད་པའི་གཞི་འགྱེད་པ་ལགས་ཏེ། དགེ་འདུན་གྱིས་བདག་

ལ་བསྡིགས་པའི་ཕྲིན་ལས་མཛད་ལགས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བཟོད་པ་བྱ་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དམར་སེར་ཅན་འདི་འཐབ་ཀྲོལ་བགྱིད་

པ་མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ་འགྱེད་པར་བགྱིད་པ་རྩོད་པའི་གཞི་བགྱིད་པ་ལགས་ཏེ། འཐབ་ཀྲོལ་བགྱིད་པ་མ་བཏང་བ་འདི་ལ་དགེ་འདུན་གྱིས་བསྡིགས་པའི་ཕྲིན་ལས་མཛད་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གསོལ་བའི་

Vol. 163 · folio 276b

ཞར་ལ་གཞན་བརྗོད་པར་བྱ་སྟེ། ལས་སྦྱིན་པ་དང་དབྱུང་བ་དང་བསྙེན་པར་རྫོགས་པར་བྱ་བ་དང་གཞིག་པ་དང་བསྲང་བ་ཡང་ངོ་ཞེས་བྱ་བ་ནི། ལས་ཀྱི་སྦྱིན་པའམ། ལས་ཀྱི་བདག་ཉིད་སྦྱིན་པ་འདི་ལྟ་སྟེ། ཁང་པ་དང་གཙུག་ལག་ཁང་བསྟན་པ་ལ་སོགས་པའི་ལས་

སྦྱིན་པ་དང་། དགེ་འདུན་ལྷག་མ་ལས་དབྱུང་བ་དང་། ཁྱིམ་གྱི་བསླབ་པ་གཞིག་པ་དང་། ལྷུང་བཟེད་ཁས་ཕུབ་པ་ཕྱིར་བསྲང་བ་དག་ཀྱང་དགེ་འདུན་ལ་གསོལ་བའི་སྔགས་ལན་གསུམ་ཟློས་པ་ལ་སྦྱིན་པར་བྱ་བ་ཁོ་ན་ཡིན་ནོ། །དེའི་སྔགས་ནི་དགེ་འདུན་བཙུན་

པ་རྣམས་གསན་དུ་གསོལ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བས་ཁང་པའི་གཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་ཞིག་བཙལ་ཏེ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་ཁང་པའི་བཞི་རུང་བ་རྩོད་པ་མ་མཆིས་པ་

བརྩམ་དུ་རུང་བ་བསྟན་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་ལག་གི་བླ་མིང་འདི་ཞེས་བགྱི་བ་ལ་ཁང་པའི་བཞི་རུང་བ་རྩོད་པ་མ་མཆིས་པ་བརྩམ་དུ་རུང་བ་བསྟན་པ་སྩལ་དུ་གསོལ་ཞེས་བྱ་བ་ལ་

སོགས་པ་གསུངས་པ་ཡིན་ནོ། །གཞི་མ་ཞི་བར་ཤེས་ནས་ཞེས་བྱ་བ་ལ་སོགས་པས་ནན་ཐུར་གྱི་ལས་ཀྱི་རྒྱུ་ཐུན་མོང་བ་བསྟན་ནས། ད་ནི་རྒྱུ་གང་ལ་ནན་ཐུར་གྱི་ལས་གང་དག་བྱ་བ་དེ་དག་གི་བྱེ་བྲག་བསྟན་པར་བྱ་སྟེ། འཐབ་ཀྲོལ་བྱེད་པ་ལ་ལས་ཀྱིས་བསྡིགས་

པར་བྱའོ་ཞེས་བྱ་བ་ནི། གང་ཟག་འཐབ་ཀྲོལ་བྱེད་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྡིགས་པར་བྱའོ། །དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དམར་སེར་ཅན་འདི་དག་ནི་འཐབ་ཀྲོལ་བགྱིད་པར་མཚང་འདྲུ་བར་བགྱིད་པ་རྩོད་

པར་བགྱིད་པ་འགྱེད་པར་བགྱིད་པ་རྩོད་པའི་བཞི་བགྱིད་པ་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་ལ་སྨད་པའོ་ཞེས་བྱ་བ་ནི། དགེ་འདུན་ལྷག་མའི་ལྟུང་བ་རྒྱུན་དུ་འབྱིན་ཅིང་སྔ་མ་ཕྱིར་མ་བཅོས་པར་

Vol. 163 · folio 277a

ཡང་དང་ཡང་དུ་འབྱིན་པ་ལ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སྨད་པར་བྱའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགེ་ལྡན་ལྟུང་བ་རྒྱུན་དུ་བགྱིད་པ་འདི་དགེ་འདུན་ལྷག་མའི་ལྟུང་བ་རྒྱུན་དུ་བགྱིད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་

ཡིན་ནོ། །ཁྱིམ་སུན་འབྱིན་པ་ལ་ནི་བསྐྲད་པའོ་ཞེས་བྱ་བ་ནི། ཁྱིམ་སུན་འབྱིན་པ་མ་བཏང་བ་ལ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྐྲད་པར་བྱའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་ན་བ་སོ་འདི་གཉིས་ཁྱིམ་སུན་

འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ལགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེའི་ཕྱིར་འདུ་བ་མི་སྦྱིན་པ་དང་། སྐབས་མི་འབྱེད་པ་དག་ལ་ཡང་ངོ་ཞེས་བྱ་བ་ནི། བསྐྲད་པར་བྱ་བ་དེའི་ཕྱིར་འདུ་བ་མི་སྦྱིན་པ་དང་། སྐབས་མི་འབྱེད་པ་དག་ལ་ཡང་གནས་

ནས་བསྐྲད་པའི་ཕྱིར་གསོལ་བ་དང་བཞིའི་ལས་བྱའོ། །འདི་སྐད་བསྟན་ཏེ། གལ་ཏེ་ཁྱིམ་སུན་འབྱིན་པར་བྱེད་པ་དེ་བསྐྲད་པའི་ལས་བྱ་བའི་ཕྱིར། དགེ་འདུན་གྱི་ནང་དུ་འདུར་མི་བཏུབ་པའམ། སྐབས་མི་འབྱེད་དུ་ཟིན་ཀྱང་གྲགས་པ་ཙམ་གྱིས་དགེ་འདུན་གྱིས་བསྐྲད་

པའི་ལས་བྱ་བ་ཁོ་ན་ཡིན་ནོ། །དེ་མཐོང་ངོ་ཞེས་ཟེར་བ་ཡང་ངོ་ཞེས་བྱ་བ་ནི། ཁྱིམ་སུན་འབྱིན་པ་དེ་དགེ་འདུན་གྱི་ནང་དུ་འདུས་ཤིང་སྐབས་འབྱེད་དུ་ཟིན་ཀྱང་ལྟུང་བ་དེ་མ་མཐོང་ངོ་ཞེས་ཟེར་ན། དེ་ལྟར་ན་ཡང་གྲགས་པ་ཙམ་གྱིས་དགེ་འདུན་གྱིས་བསྐྲད་པའི་ལས་བྱའོ། །

འདི་སྐད་བསྟན་ཏེ། གལ་ཏེ་ཁྱིམ་སུན་འབྱིན་པ་དེ་བདག་ཉིད་ལ་ཁྱིམ་སུན་འབྱིན་པ་ཉིད་མ་མཐོང་ངོ་ཞེས་ཟེར་ན། དེ་ལྟ་ན་ཡང་གྲགས་པ་ཙམ་གྱིས་དགེ་འདུན་གྱིས་བསྐྲད་པའི་ལས་བྱ་བ་ཁོ་ན་ཡིན་ཏེ། ཁྱིམ་པ་ལ་བརྙས་ཐབས་བྱེད་པ་ལ་ནི་ཕྱིར་འགྱེད་པའོ་ཞེས་བྱ་བ་ནི། ཁྱིམ་པ་

ལ་མཐོ་བཙམས་པ་ནི་བརྙས་ཐབས་བྱེད་པ་སྟེ། གང་ཁྱིམ་པ་ལ་བརྙས་ཐབས་བྱེད་པ་དེ་ནི་དགེ་སྦྱོང་གི་ཆོས་ལས་འདས་པ་ཡིན་པས་དེ་ལས་ཕྱིར་བཟློག་པའི་ཕྱིར་དེ་ལ་ནི་ཕྱིར་འགྱེད་པའི་ནན་ཐུར་གྱི་ལས་བྱའོ། །ཕྱིར་འགྱེད་པ་ཞེས་བྱ་བ་ནི་ཁྱིམ་པའི་ཆད་པ་བསལ་བའི་ཕྱིར་དགེ་

Vol. 163 · folio 277b

སློང་དེ་ལ་ཇི་སྲིད་དུ་ཁྱོད་ཀྱིས་ལས་ཀྱི་མཐའ་འདི་མ་གཏོང་གི་བར་དུ་ཁྱོད་ཀྱི་ཡུལ་ལས་ངེད་ཀྱི་མཛའ་གཅུགས་ཀྱི་དངོས་པོ་དང་དགའ་བའི་དངོས་པོ་ཕྱིར་བསྡུ་ཞིང་ངེད་ཕྱིར་འགྱེད་པར་བྱའོ་ཞེས་གསོལ་བ་དང་བཞིའི་ལས་ཀྱིས་བསྐོ་བའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། །དགེ་སློང་དམ་པ་འདི་ཁྱིམ་པ་ལ་བརྙས་ཐབས་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་དམ་པ་ཁྱིམ་པ་ལ་བརྙས་ཐབས་བགྱིད་པ་ལ་སླར་འགྱེད་པའི་ཕྲིན་ལས་

མཛད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ལ་བཟོད་པ་གསོལ་བའི་ལས་ཀྱི་གནས་སུ་དེ་ལ་བཟོད་པ་གསོལ་དུ་གཞུག་གོ་ཞེས་བྱ་བ་ནི། ཕྱིར་འགྱེད་པའི་ལས་འདི་ལ་བཟོད་པ་གསོལ་བའི་ལས་ཀྱི་གནས་སུ་ཁྱིམ་པ་དེ་ལ་བཟོད་པ་གསོལ་དུ་གཞུག་པ་

ཡིན་པར་བལྟ་བར་བྱ་བའོ། །འོན་ཀྱང་གསོལ་བ་བྱས་ཏེ་དེ་ཁྱིམ་པ་ལ་བཟོད་པ་གསོལ་དུ་གཞུག་པར་བྱ་སྟེ། ཁྱིམ་པས་བཟོད་པ་ཉིད་བཟོད་པ་བྱས་པར་ཡིན་པར་ཤེས་པར་བྱའོ། །ལྟུང་བ་གྲགས་པ་ཕྱིར་མ་བཅོས་པ་བསྡམས་པས་ཕྱིར་བཅོས་སུ་མི་རུང་བ་དང་། མ་མཐོང་ངོ་ཞེས་ཟེར་

ཞིང་ཕྱིར་འཆོས་པ་རྗེས་སུ་བསྒྲུབ་པར་མི་འདོད་པ་དང་སྡིག་པ་ཅན་གྱི་ལྟ་བ་མི་གཏོང་བ་ལ་ནི་གནས་ནས་དབྱུང་བ་བྱའོ་ཞེས་བྱ་བ་ནི། ཕྱིར་མི་འཆོས་པས་གནས་ནས་དབྱུང་བ་དང་། མ་མཐོང་བས་གནས་ནས་དབྱུང་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་

དབྱུང་བ་གསུམ་གོ་རིམས་བཞིན་དུ་བསྟན་ཏོ། །དེ་ལ་ལྟུང་བ་གྲགས་པ་ཕྱིར་མ་བཅོས་པ་བསྡམས་པས་ཕྱིར་བཅོས་སུ་མི་རུང་བ་ཞེས་བྱ་བས་ནི་ཕྱིར་མི་འཆོས་པས་གནས་ནས་དབྱུང་བ་བསྟན་ཏེ། ལྟུང་བ་གྲགས་པ་ཞེས་བྱ་བ་ནི་ལྟུང་བ་དེ་གནས་ནས་འབྱིན་པར་བྱེད་པས་ཤེས་པར་གྱུར་པ་གང་

ཡིན་པའོ། །ཕྱིར་མ་བཅོས་པ་ཞེས་བྱ་བ་ནི་ལྟུང་བ་གྲགས་པ་དེ་ཞེས་བྱ་བར་སྦྱར་ཏེ། ལྟུང་བ་དེ་ཕྱིར་མ་བཅོས་ཤིང་མ་བཤགས་ཞེས་བྱ་བའི་ཐ་ཚིག་གོ། །བསྡམས་པས་ཕྱིར་བཅོས་སུ་མི་རུང་བ་ཞེས་བྱ་བ་ནི། གལ་ཏེ་འདི་ལྟར་ལྟུང་བ་འདི་བསྡམས་པས་ཕྱིར་བཅོས་སུ་མི་རུང་གི་བཤགས་པར་བྱ་བ་མ་ཡིན་

Vol. 163 · folio 278a

ནོ་ཞེས་བྱ་བར་དགེ་འདུན་གྱིས་ཤེས་པ་སྟེ། དེ་ལྟར་ཤེས་ཀྱང་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་མི་འཆོས་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བར་བྱའོ། །དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལ་ལྟུང་བ་

བྱུང་ཡང་དེ་ཆོས་བཞིན་དུ་སླར་མི་འཆོས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་སླར་མི་འཆོས་པ་དེ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །

མ་མཐོང་ཞེས་ཟེར་ཞིང་ཕྱིར་འཆོས་པ་རྗེས་སུ་བསྒྲུབ་པར་མི་འདོད་པ་ཞེས་བྱ་བས་ནི་མ་མཐོང་བས་གནས་ནས་དབྱུང་བ་བསྟན་ཏེ། མ་མཐོང་ཞེས་ཟེར་ཞིང་ཕྱིར་འཆོས་པ་རྗེས་སུ་བསྒྲུབ་པ་མི་འདོད་པའི་གང་ཟག་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བར་བྱའོ། །དེའི་སྔགས་ནི་

དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལ་ལྟུང་བ་བྱུང་སྟེ། དེ་ལ་དགེ་སློང་རྣམས་ཀྱིས་གླེངས་ཤིང་དྲན་པར་བགྱིས་ཀྱང་ལྟུང་བ་མ་མཐོང་ངོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་

འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་མི་མཐོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྡིག་པ་ཅན་གྱི་ལྟ་བ་མི་གཏོང་ཞེས་བྱ་བས་ནི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བ་བསྟན་ཏེ། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་

མི་གཏོང་བ་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་གནས་ནས་དབྱུང་བ་བྱའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདི་ཉིད་དུ་ལྟུང་བ་འདི་

ཕྱིར་བཅོས་པར་གྱིས་ཤིག །དགེ་འདུན་འདི་ཉིད་ཀྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་ནན་ཐུར་གྱི་ལས་བདུན་པོ་དག་ལས་གང་ཡང་རུང་བ་བྱས་པའི་རྗེས་ལ་ལས་བྱེད་པའི་དགེ་འདུན་གྱིས་གང་ལ་བྱས་པའི་གང་ཟག་དེ་ལ་དེ་སྐད་

Vol. 163 · folio 278b

བསྒོ་བར་བྱའོ། །འདི་ཉིད་དུ་ཞེས་བྱ་བ་ནི་གནས་ཉིད་དུའོ། །ལྟུང་བ་འདི་ཕྱིར་བཅོས་པར་གྱིས་ཤིག་ཅེས་བྱ་བ་ནི། གནས་འདི་ཉིད་དུ་ལྟུང་བ་འདི་ཕྱིར་བཅོས་པར་བྱའོ། །གནས་གཞན་དུ་འཆོས་སུ་མི་གནང་བར་བསྟན་པ་ཡིན་ནོ། །དགེ་འདུན་འདི་ཉིད་ཀྱིས་ཁྱོད་བག་ཡངས་སུ་བྱེད་

པར་འགྱུར་རོ་ཞེས་བྱ་བ་ནི། དགེ་འདུན་འདི་ཉིད་ལ་རག་ལས་པ་ཡིན་གྱི། དགེ་འདུན་འདིས་མ་གནང་ན་འཚམས་གཞན་གྱི་དགེ་འདུན་གྱིས་བག་ཡོངས་སུ་བྱེད་པར་མི་འགྱུར་བར་བསྟན་པ་ཡིན་ནོ། །ལྟུང་བ་བཅབ་པར་མི་བྱའོ་ཞེས་བྱ་བ་ནི། རང་གི་ལྟུང་བའི་དབང་དུ་བྱས་པ་ཡིན་གྱི་གཞན་གྱི་

འཆབ་པའི་ཉེས་པ་ནི་བསྟན་ཟིན་པའི་ཕྱིར་རོ། །དགེ་འདུན་ལྷག་མ་འབའ་ཞིག་ཏུ་མ་ཟད་ཀྱི་རང་གི་ལྟུང་བ་ཐམས་ཅད་ཀྱང་གང་ཟག་གི་མདུན་དུ་ལན་གསུམ་མཐོལ་ཤིང་བཤགས་པར་བྱ་བ་ཡིན་ནོ། །དེའི་སྔགས་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་

འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོ་ལོ་འཆགས་སོ། །མི་འཆབ་པོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ལན་གསུམ་དུ་བཟླས།

ལྟུང་བ་མཐོང་ངམ། མཐོང་ངོ་། །ཕྱིན་ཆད་སྡོམ་མམ། སྡོམ་མོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ་ཞེས་གསུངས་པ་ཡིན་ནོ། །གང་ལ་མཐོལ་བར་བྱ་བའི་གང་ཟག་མེད་ན་ནི་དེ་སྲིད་དུ་མ་མཐོལ་བ་ལ་ཉེས་པ་མེད་དོ། །དེ་ལྟར་ཡང་འདིར་གཞུང་ནི་བཙུན་པ་རེ་ཞིག་ལྟུང་བ་དང་

བཅས་པ་དགེ་སློང་མ་མཆིས་པའི་གནས་ན་གནས་པས་གང་ལ་ཡང་མ་བརྗོད་ན་བཅབས་པར་བརྗོད་པ་བགྱིའམ། ཉེ་བ་འཁོར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་བ་ཡིན་ནོ། །ཐ་ན་མིང་གོ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གལ་ཏེ་རྒྱ་ཆེར་གོ་བར་བྱེད་མ་ནུས་ན་ཐ་ན་ལྟུང་བྱེད་

སྡེ་ལྔ་པོ་དག་ལས་གང་བྱུང་བའི་མིང་ཙམ་ཡང་གོ་བར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་བདག་ལ་ཕམ་པར་འགྱུར་བ་བྱུང་ངོ་ཞེའམ། སོ་སོར་བཤགས་པར་བྱ་བའི་རིགས་བརྗོད་པ་མ་བྱས་པ་གང་ཡིན་པ་དང་། དགེ་སློང་སྟན་དེ་ཉིད་ལ་འདུག་པ་དེས་ཚེ་དང་ལྡན་པ་བདག་ལ་

Vol. 163 · folio 279a

དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེའམ། ལྟུང་བྱེད་ཀྱི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྒྱ་ཆེར་གོ་བར་བྱ་བར་ཤིན་ཏུ་རིགས་མོད་ཀྱི། ཐ་ན་ལྟུང་བའི་མིང་ཡང་བརྗོད་པར་བྱ་བ་ཉིད་དོ། །དེའི་གཞུང་ཡང་བཙུན་པ་བདག་གིས་བསླབ་པ་མ་

ཕུལ་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཐ་མའི་མཐར་ཐུག་པའི་དབང་དུ་བྱས་ཏེ་མིང་ཙམ་གྱིས་རིག་པར་བྱ་བ་ཉིད་དུ་གསུངས་པ་ཡིན་ནོ། །ཉེས་བྱས་ནི་གང་ཡང་རུང་བས་སོ་ཞེས་བྱ་བ་ནི། ཉེས་བྱས་རིག་པར་བྱ་བ་

ཉིད་ལ་ནི་བདག་ལ་ལྟུང་བ་བྱུང་ངོ་ཞེའམ། བདག་གིས་ཁ་ན་མ་ཐོ་བ་བྱས་སོ་ཞེས་བྱ་བ་རྣམ་པ་གང་ཡང་རུང་བས་རིག་པར་བྱ་བ་ཉིད་ཡིན་ནོ། །དེ་དག་གང་ལ་རིག་པར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་རང་བཞིན་དུ་གནས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་རང་བཞིན་དུ་གནས་པ་ལ་རིག་པར་བྱ་

བ་ཉིད་ཡིན་ནོ། །འདིར་གཞུང་ནི་ཞུ་བའི་གང་ཟག་གི་གཞི་ལས། ཉེ་བ་འཁོར་རང་བཞིན་དུ་གནས་པ་མཚམས་ཀྱི་ནང་དུ་འདུག་པ་ལའོ་ཞེས་གསུངས་པ་ཡིན་ནོ། །ཅི་ལྟ་བ་ལས་རང་གི་ཕྱོགས་མ་ཡིན་པ་ཡང་རང་བཞིན་དུ་གནས་པ་ཡིན་ནམ་ཞེ་ན་དེའི་ཕྱིར། ལྟ་བ་ཐ་མི་དད་པ་ལའོ་ཞེས་བྱ་

བ་སྨྲས་ཏེ། གལ་ཏེ་ལྟ་བ་ཐ་མི་དད་པ་ཡིན་ན་དེའི་ཚེ་དེའི་མདུན་དུ་རིག་པར་བྱ་བ་ཉིད་ཡིན་པའོ། །རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་མ་བསྙིལ་བ་ཡང་དག་པར་སྡོམ་པ་དང་ཁྱིམ་པ་ཡང་དག་པར་སྡོམ་པ་ཡང་རང་བཞིན་དུ་གནས་པ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་བསྙེན་པར་རྫོགས་པ་དང་བཅས་

པ་ལའོ་ཞེས་བྱ་བ་སྨྲས་ཏེ། དེ་ལ་རིག་པར་བྱ་བ་ཉིད་ཡིན་ནོ། །དགེ་སློང་གིས་ཀྱང་དགེ་སློང་མ་ལ་རིག་པར་བྱ་བ་ཉིད་ཡིན་ལ། དགེ་སློང་མས་ཀྱང་དགེ་སློང་ལ་རིག་པར་བྱ་བ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་མཚན་མཐུན་པ་ལའོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་ན་འདྲ་བའི་ཕྱིར་བསྙེན་པར་མ་རྫོགས་

པས་ཀྱང་། བསྙེན་པར་མ་རྫོགས་པ་ལ་ལྟུང་བ་རིག་པར་བྱ་བ་དང་། བཤགས་པར་བྱ་བའམ་ཞེ་ན། དེའི་ཕྱིར་དེ་ཉིད་ལ་འདི་དང་འོག་མ་བཅས་ཏེའོ་ཞེས་བྱ་བ་སྨྲས་ཏེ། བསྙེན་པར་རྫོགས་པ་དང་བཅས་པ་དེ་ཉིད་ལ་དགེ་ཚུལ་ལ་སོགས་པས་ལྟུང་བ་རིག་པར་བྱ་བ་འདི་ཉིད་ལྟུང་བ་བཤགས་པར་བྱ་

Vol. 163 · folio 279b

བ་འོག་ནས་འབྱུང་བ་དང་བཅས་ཏེ་བྱའོ། །རིས་མཐུན་པའི་ཡུལ་ལ་ཅིའི་ཕྱིར་མི་རུང་ཞེ་ན། དེའི་ཕྱིར་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་དག་ནི་བསྙེན་པར་རྫོགས་པའི་དགེ་འདུན་གྱིས་ཡོངས་སུ་བཟུང་བ་ཙམ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱིར་དགེ་ཚུལ་ལ་སོགས་པའི་བྱ་བ་ཐམས་ཅད་ནི་བསྙེན་པར་རྫོགས་པ་ཉིད་

ལ་རག་ལས་པ་ཁོ་ན་ཡིན་པར་རྣམ་པར་གནས་སོ། །དེ་ལྟར་ཡང་རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དག་གིས་དགེ་འདུན་ལ་དགག་དབྱེ་བྱའོ་ཞེས་གསུངས་པ་ལས་ཤེས་སོ། །ཆོས་འདི་པ་ལ་དེ་བྱས་ན་བྱས་པ་ཉིད་དོ་ཞེས་བྱ་བ་ལ། ཆོས་འདི་པ་ཞེས་སྨོས་པས་ནི་བསྙེན་པར་རྫོགས་པ་མཚན་མི་

མཐུན་པ་དང་རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དང་། ཁྱིམ་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་ལྟ་བ་ཅན་ཐམས་ཅད་བསྡུ་སྟེ། ཆོས་འདི་པ་དེ་དག་ལ་ལྟུང་བ་རིག་པར་བྱ་བ་དེ་བྱས་ན་ཡང་བྱས་པ་ཉིད་ཡིན་ཏེ། དེ་ལ་རིག་པར་བྱས་ན་བཅབས་པར་མི་འགྱུར་རོ། །འོ་ན་དེ་ལྟ་ན་བསྙེན་པར་རྫོགས་

པ་དང་བཅས་པ་ལ་ཞེས་བྱ་བ་ལ་སོགས་པ་ངེས་པར་ཅིའི་ཕྱིར་བྱས་ཤེ་ན། སྔར་དེ་ལྟར་ངེས་པར་སྨྲས་པ་ནི་དགེ་འདུན་གྱིས་ཡུལ་ལ་མ་གུས་པ་སྤང་བའི་ཕྱིར་དེ་མི་རིགས་པར་བསྟན་པར་ཤེས་པར་བྱའོ། །འོ་ན་མདོ་འདི་ཅིའི་ཕྱིར་བྱས་ཤེ་ན། མ་བརྗོད་པ་བརྗོད་པར་བྱ་བའི་ཕྱིར་ཏེ། དེས་ན་མཚན་མི་མཐུན་

པ་བསྙེན་པར་རྫོགས་པ་དག་ལ་རིག་པར་བྱེད་ན་ཡང་བཅབས་པར་ནི་མི་འགྱུར་ལ། རིག་པར་བྱེད་པ་ལས་ཉེས་བྱས་སུ་ནི་འགྱུར་རོ། །བསྙེན་པར་མ་རྫོགས་པ་དག་ལ་རིག་པར་བྱེད་པ་དག་ལ་ནི་བཅབས་པར་ནི་མི་འགྱུར་ལ། གནས་ངན་ལེན་རིག་པར་བྱེད་པ་ལས་ནི་ལྟུང་བྱེད་དུ་འགྱུར་རོ། །གནས་ངན་ལེན་མ་ཡིན་

པ་བརྗོད་པ་ལས་ནི་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་མཚན་མཐུན་པ་དག་ལ་རིག་པར་བྱེད་པ་ལ་ནི་འཆབ་པར་ཡང་མི་འགྱུར་ལ་ལྟུང་བར་ཡང་མི་འགྱུར་ཏེ། འདིར་རྣམ་པར་གཞག་པ་ནི་དེ་ཡིན་ནོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པའི་གང་ཟག་གི་གཞི་ལས་དགེ་སློང་ལ་བརྗོད་ན་

བརྗོད་ཅེས་བགྱིའམ། ཉེ་བ་འཁོར་བརྗོད་ཅེས་བྱའོ། །དེ་བཞིན་དུ་དགེ་སློང་མ་དང་བསླབ་པ་བྱིན་པ་དང་། དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་བསྙེན་དང་དགེ་བསྙེན་མ་ལ་བརྗོད་ན་བརྗོད་པར་བགྱིའམ། ཉེ་བ་འཁོར་བརྗོད་ཅེས་བྱའོ་ཞེས་གསུངས་པ་ཡིན་ནོ། །མཚམས་གཞན་ན་གནས་པ་

Vol. 163 · folio 280a

ལ་ཡང་ངོ་ཞེས་བྱ་བ་ཡང་རིག་པར་བྱས་ན་བྱས་པ་ཉིད་ཡིན་པ་སྟེ། འདི་ནི་མཚམས་གཞན་ན་གནས་པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་དེའི་དམིགས་ཀྱིས་བསལ་བ་ཡིན་ནོ། །འདིར་གཞུང་ནི་དེ་བཞིན་དུ་དོག་ས་ལ་མཆིས་པ་ལ་ནམ་མཁའ་ལ་མཆིས་པས་

སམ། ནམ་མཁའ་ལ་མཆིས་པ་ལ་དོག་ས་ལ་མཆིས་པས་བརྗོད་ན་བརྗོད་ཅེས་བགྱིའམ། ཉེ་བ་འཁོར་བརྗོད་ཅེས་བྱ་སྟེ། བརྗོད་པ་ལ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བསྒོ་བ་ལས་བྱུང་བ་རྣམས་ནི་དགེ་འདུན་ཐམས་ཅད་ལའོ་ཞེས་བྱ་བ་ནི། བསྒོ་བ་ལས་བྱུང་བའི་ལྟུང་བ་རྣམས་ནི་དགེ་

འདུན་ཐམས་ཅད་ལ་རིག་པར་བྱ་བ་ཉིད་ཡིན་ཏེ། དགེ་འདུན་ལྷག་མ་ཐུན་མོང་བ་བཞི་པོ་དགེ་འདུན་འབྱེད་པ་དང་། དེའི་རྗེས་སུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བ་མི་གཏོང་བ་དང་། དགེ་འདུན་ལྷག་མ་ཐུན་མོང་མ་ཡིན་པ་བཞི་པོ་དཀོན་མཆོག་གཏོང་བ་དང་། འཐབ་ཀྲོལ་བྱེད་པ་

དང་། སྡེ་ཞིང་གནས་པ་དང་། སྡེ་ཞིང་གནས་སུ་འཛུད་པ་དག་དང་། ལྟུང་བྱེད་ཐུན་མོང་བའི་ལྟ་བའི་རྣམ་པ་མི་གཏོང་བ་དག་གིས་བསྒོ་བ་ལས་བྱུང་བའི་ལྟུང་བ་རྣམས་ཀྱི་ཕྱིར་བཅོས་ཤིང་བཤགས་པ་དང་། དེ་དག་གི་རིག་པར་བྱ་བ་ཉིད་ཀྱང་དགེ་འདུན་ཐམས་ཅད་ལ་བྱ་བ་ཡིན་ནོ། །འདིར་གཞུང་ནི་

དགེ་སློང་སྟན་དེ་ཉིད་ལ་འདུག་པ་དེས་ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱ་སྟེ། གལ་ཏེ་རྗོད་པར་བྱེད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་དེ་ལ་ཉི་མ་དེ་ཉིད་ལས་བརྩམས་ཏེ་འཆབ་པ་འབྱུང་ངོ་། །དགེ་སློང་དེས་ཚེ་དང་ལྡན་པ་དག་བདག་ལ་ལྟུང་བྱེད་བྱུང་ངོ་། །

ཞེས་བྱ་བའི་བར་དང་འབྱུང་ངོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སོ་སོར་བཤགས་པར་བྱ་བ་ནི་གནས་དེར་ཚོགས་པ་ལའོ་ཞེས་བྱ་བ་ནི། ཐམས་ཅད་ལ་ཞེས་བྱ་བར་སྦྱར་ཏེ། གནས་དེར་དགེ་སློང་གང་དག་ཚོགས་པ་དེ་དག་ཐམས་ཅད་འདིར་བསྡུ་བར་རིག་པར་བྱའི། དགེ་འདུན་ནི་མ་ཡིན་ནོ། །དེ་ལྟར་ཡང་

འདིར་གཞུང་ནི། གནས་ཀྱི་ནང་དུ་སོང་བས་དགེ་སློང་གང་དག་མཐོང་བ་དེ་དག་གི་དྲུང་དུ་ཅི་ནས་ཀྱང་གནས་ཁང་ལ་སོགས་པ་ན་འཁོད་པ་དག་ལ་ཡང་གྲགས་པར་འགྱུར་བ་དེ་ལྟར་ཐོས་པ་དང་བཅས་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བྱས་ན་གལ་ཏེ་ཁ་ཅིག་ལ་གཉིད་ལོག་པ་དང་དྲེལ་བ་ལ་སོགས་

Vol. 163 · folio 280b

པའི་དབང་གིས་གྲགས་པར་མ་གྱུར་ན་ཡང་ཉེས་པ་མེད་དོ། །འདིར་གནས་ཀྱི་གཞི་སྨོས་པ་ནི་འདུ་བའི་གནས་ཀྱི་དཔེ་ཡིན་ཏེ། ཕྱོགས་གང་དུ་དགེ་སློང་དག་འདུ་བ་དེར་ཅི་ནས་ཀྱང་དགེ་ཚུལ་ལ་སོགས་པ་ཐོས་པར་བྱ་བ་མ་ཡིན་པ་དག་གིས་ཐོས་པར་མི་འགྱུར་བ་དེ་ལྟར་བྱའོ། །འདི་ནི་དུས་ཅུང་ཞིག་གནས་པ་ལ་

ཡང་ཤེས་པར་བྱའོ། །དེར་འདི་ཇི་ལྟར་རིག་པར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་སུ་གྱུར་པ་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་བྱ་བ་སྨྲས་ཏེ། སྤྱད་པ་དེ་ངེས་པར་སྨད་པ་ཉིད་དང་ཟས་ལ་གདུ་བ་ཉིད་ཡིན་པའི་ཕྱིར་

སྨད་པ་ཡིན་ཏེ། འདི་ལྟར་ཟང་ཟིང་མེད་པའི་ཆོས་བསྒྲུབ་པའི་ཕྱིར་ཞུགས་པ་རྣམས་སྨད་པའི་གནས་དེ་ཉིད་ལ་རྒྱུག་པ་ནི་སྒྲུབ་པ་པོ་ལ་མི་རིགས་པ་ཡིན་ནོ། །འདི་ནི་སྨྲེ་སྔགས་འདོན་པའི་རྣམ་པ་བརྗོད་པས་སོ་སོར་བཤགས་པར་བྱ་བ་ཉིད་དུ་གསུངས་པ་ཡིན་གྱི་བཤགས་པ་ནི་མ་ཡིན་ནོ། །བཤགས་པ་ནི་

ཇི་ལྟར་ལྟུང་བྱེད་ཀྱི་ལྟུང་བས་གཅིག་གི་མདུན་དུ་བཤགས་པར་བྱ་བར་གསུངས་པ་དང་འདྲའོ། །དེ་ནི་སྔགས་དང་འདྲ་བ་མ་ཡིན་ནོ་ཞེས་བྱ་བ་ནི། རིག་པར་བྱ་བ་དེ་ནི་རང་གི་དོན་དུ་སྔགས་ལན་གསུམ་བརྗོད་པ་དང་འདྲ་བ་མ་ཡིན་ཏེ། ལན་གཅིག་བརྗོད་པས་ཆོག་གོ། །སྔགས་ནི་དགེ་སློང་གཞན་ལ་ལན་

གསུམ་བརྗོད་པར་བྱ་བ་དེའི་མདུན་དུ་ཙོག་པུར་འདུག་སྟེ་ཐལ་མོ་སྦྱར་བར་བྱ་བ་ཡིན་ནོ། །ཡིད་ཀྱི་དེ་ལས་ནི་བསྡམས་པ་བྱས་ན་ལྡང་ངོ་ཞེས་བྱ་བ་ནི། ཡིད་ཀྱི་ཉེས་བྱས་བསྡམ་པར་བྱ་བ་དོན་གྱི་ཕྱིར་གཞན་ཤི་བར་འདོད་པ་ཞེས་བྱ་བ་ལ་སོགས་པ་དེ་ལས་ནི་ཡང་མི་བྱའོ་སྙམ་དུ་བསམ་པ་ལས་ཕྱིར་བཟློག་པའི་

བསམ་པ་བྱས་ན་ལྟུང་བ་ལས་ཕྱིར་ལྡང་བར་འགྱུར་རོ། །གཞན་ལས་ནི་དེ་དང་བཅས་པའི་བཤགས་པའོ་ཞེས་བྱ་བ་ནི། ཡིད་ཀྱིས་ལྟུང་བ་དེ་ལས་གཞན་པ་བཤགས་པར་བྱ་བའི་ལྟུང་བ་ལས་ནི་བསྡམ་པར་བྱ་བ་དེ་དང་བཅས་པའི་བཤགས་པ་བྱས་ན་ལྡང་བ་སྟེ་དག་པ་དང་མ་དག་པ་དག་ནི་བསམ་པའི་

གཞི་ལས་བྱུང་བ་ཡིན་པས་བསྡམ་པར་བྱ་བ་མེད་ན་བཤགས་པས་ཅིར་ཡང་མི་འགྱུར་རོ། །འདིར་གཞུང་ནི་ཕྱིན་ཆད་སྡོམ་མམ། སྡོམ་མོ་ཞེས་གསུངས་པ་ཡིན་ནོ། །ཚིག་ཏུ་བརྗོད་པ་ནི་སེམས་བཟློག་པ་སྔོན་དུ་བཏང་བ་ཡིན་གྱི་གཞན་དུ་ན་བརྫུན་དུ་སྨྲ་བ་ཁོ་ནར་འགྱུར་རོ། །དེ་ལྟར་ཡང་བསམ་པས་ལྟུང་

Vol. 163 · folio 281a

བ་ལས་ལྡང་བར་སྨྲའི། ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གང་ལ་བཤགས་པར་བྱ་ཞེ་ན་དེའི་ཕྱིར། དེ་གཅིག་པུ་ལྟ་བ་ཐ་མི་དད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དེ་ཞེས་བྱ་བའི་སྒྲས་ནི་རང་བཞིན་དུ་གནས་པ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པའི་བྱེ་

བྲག་དང་ལྡན་པའི་ལྟ་བ་ཐ་མི་དད་པ་བསྟན་ཏོ། །གཅིག་པུ་ཞེས་སྨོས་པའི་སྒྲས་ནི་མང་པོ་དག་བསལ་ཏེ། འདི་ལྟར་གང་ཟག་གཅིག་ལ་བཤགས་པར་བསྒྲུབ་པ་བསྟན་ཏོ། །དེ་ལྟ་བས་ན་རང་བཞིན་དུ་གནས་པ་བསྙེན་པར་རྫོགས་པ་དང་བཅས་པ་དང་མཚན་མཐུན་པར་ལྟ་བ་ཐ་མི་དད་པ་ཞེས་གང་གསུངས་པ་

དེ་ལྟ་བུ་གཅིག་ལ་བཤགས་པར་བྱའོ། །ཅི་ཐམས་ཅད་ལའམ་ཞེ་ན་དེའི་ཕྱིར་ཁ་ན་མ་ཐོ་བ་མི་མཐུན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་མི་འདྲ་བ་ལ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཁ་ན་མ་ཐོ་བ་མི་མཐུན་པ་ཉིད་ཡིན་ཞེ་ན་དེའི་ཕྱིར་སྡེ་ཚན་ལས་སོ་ཞེས་བྱ་བ་སྨྲས་ཏེ། གང་གི་མདུན་དུ་བཤགས་པར་བྱ་བ་དེ་

དང་གལ་ཏེ་ལྟུང་བ་སྡེ་ཚན་ལས་མི་མཐུན་པ་ཡིན་ན་དེ་ལ་བཤགས་སུ་རུང་ངོ་། །འདིར་གཞུང་ནི་གླེང་གཞི་དག་ལས་བཙུན་པ་ལྟུང་བ་རིས་མཐུན་པ་ཞེས་ཀྱང་བགྱི། ལྟུང་བ་རིས་མི་མཐུན་པ་ཞེས་ཀྱང་བགྱི་ན། བཙུན་པ་ལྟུང་བ་རིས་མཐུན་པ་ནི་གང་ལགས། རིས་མི་མཐུན་པ་ནི་གང་ལགས། ཉེ་བ་འཁོར་

ཕམ་པར་འགྱུར་བ་གང་ཡིན་པ་དེ་ནི་ཕམ་པར་འགྱུར་བ་དང་རིས་མཐུན་པ་ཡིན་ལ། དེ་ལས་གཞན་པ་དང་རིས་མི་མཐུན་པ་ཡིན་ནོ། །དགེ་འདུན་ལྷག་མ་ནི་དགེ་འདུན་ལྷག་མ་དང་ངོ་། ལྟུང་བྱེད་ནི་ལྟུང་བྱེད་དང་ངོ་། །སོ་སོར་བཤགས་པར་བྱ་བ་ནི་སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ནི་ཉེས་པ་དང་ངོ་

ཞེས་གསུངས་པ་ཡིན་ནོ། །འདིས་ཉེས་བྱས་རང་དབང་ཅན་དག་བསྡུས་པར་རིག་པར་བྱ་སྟེ། ལྟུང་བ་གཞན་དང་འབྲེལ་བའི་ཉེས་བྱས་གང་ཡིན་པ་དེ་ནི་ལྟུང་བ་དེ་བཤགས་པ་ཉིད་ཀྱིས་དེ་ཡང་བཤགས་པར་བྱས་པར་འགྱུར་རོ། །ཅི་དེ་བཟླ་བར་མི་བྱ་བ་ཡིན་ནམ་ཞེ་ན་དེའི་ཕྱིར་མེད་ན་ལྟུང་བ་ལས་སོ་ཞེས་

བྱ་བ་སྨྲས་ཏེ། གང་གི་མདུན་དུ་བཤགས་པར་བྱ་བ་སྡེ་ཚན་ལས་ཁ་ན་མ་ཐོ་བ་མི་མཐུན་པ་མེད་ན་ལྟུང་བ་ལས་ཁ་ན་ཐོ་བ་མི་མཐུན་པའི་མདུན་དུ་བཤགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་སིལ་བུ་དག་ལས་བཙུན་པ་ལྟུང་བ་མཐུན་པས་ལྟུང་བ་མཐུན་པའི་མདུན་དུ་ལྟུང་བ་བཤགས་སུ་རུང་

Vol. 163 · folio 281b

ངམ་ཉེ་བ་འཁོར་མི་རུང་ངོ་། །རྐྱེན་དེ་ལྟ་བུ་དག་ཡོད་ན་རིས་མི་མཐུན་པར་བྱས་ཏེ་རུང་ངོ་ཞེས་གསུངས་པ་ཡིན་ནོ། །སྤོང་བ་ལས་ནི་སྤངས་པ་དང་བྲལ་བ་སྔོན་དུ་བཏང་བ་ལས་སོ་ཞེས་བྱ་བ་ནི། སྤངས་པའི་ལྟུང་བྱེད་ལས་ནི་རྫས་དེ་སྤངས་པ་དང་། སྤངས་པ་དེ་དང་ཞག་གཅིག་འབྲལ་བར་བྱ་བ་དེ་གཉིས་སྔོན་དུ་བཏང་སྟེ་

བཤགས་ན་ལྡང་བར་འགྱུར་རོ། །ཞག་དེ་ལ་ཆོས་གོས་གཞན་བྱིན་གྱིས་མི་བརླབ་པར་བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོས་མེད་པར་གནས་པར་བྱའོ། །ཆོས་གོས་གཞན་བྱིན་གྱིས་མི་བརླབ་པར་བྱིན་གྱིས་བརླབ་ཏུ་རུང་བ་དང་བྲལ་བར་མི་འགྱུར་རོ། །ལྷག་མ་དང་བཅས་པར་གཏོགས་པའི་སྦོམ་པོ་ལྕི་བ་ལས་ནི་དགེ་

འདུན་ལྔ་ལ་སོགས་པ་ཐམས་ཅད་ལའོ་ཞེས་བྱ་བ་ནི། ལྷག་མ་དང་བཅས་པར་གཏོགས་པ་ཞེས་བྱ་བ་ནི། འདིར་ཕྱིར་བཅོས་པའི་ལྷག་མ་དང་བཅས་པ་ཡིན་པའི་ཕྱིར་དགེ་འདུན་ལྷག་མའི་ལྟུང་བ་ཡིན་པར་ཤེས་པར་བྱའོ། །དེར་གཏོགས་པ་དེ་དང་འབྲེལ་པའི་སྦོམ་པོ་ལྕི་བ་ལས་ནི་མཚམས་དེར་གཏོགས་པའི་དགེ་འདུན་ལྔ་

ལ་སོགས་པ་ཐམས་ཅད་ལ་བཤགས་པས་ལྡང་བར་འགྱུར་རོ། །དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོ་ཡང་བ་ལས་ནི་གང་ཟག་གཅིག་ལ་བཤགས་པས་ལྡང་བར་འགྱུར་རོ། །ལྷག་མ་མེད་པར་གཏོགས་པའི་སྦོམ་པོ་ལྕི་བ་ལས་ནི་མ་བཅད་པ་ལྷག་པ་ལའོ་ཞེས་བྱ་བ་ནི། འདི་ལ་ཕྱིར་བཅོས་པའི་ལྷག་མ་མེད་པའི་

ཕྱིར་ལྷག་མ་མེད་པ་སྟེ། ཕམ་པར་འགྱུར་བ་དག་ཡིན་པར་ཤེས་པར་བྱའོ། །དེར་གཏོགས་པ་དེ་དང་འབྲེལ་པའི་སྦོམ་པོ་ལྕི་བ་ལས་ནི་མཚམས་དེར་གཏོགས་པའི་དགེ་འདུན་གནས་ཀྱི་གཞི་ནས་མཚམས་ཀྱི་ཕྱི་རོལ་དུ་མ་བཅད་པ་ལྔ་ལས་ལྷག་པ་དྲུག་གི་ཚོགས་ལ་སོགས་པ་ཐམས་ཅད་ལ་བཤགས་པས་ལྡང་

བར་འགྱུར་རོ། །དེས་ན་དགེ་སློང་ཉུང་བའི་གནས་སུ་ནི་གནས་གཞན་ནས་དགེ་སློང་གཉེར་ཏེ་དགེ་འདུན་དྲུག་གི་ཚོགས་སུ་ཚང་བ་ཡན་ཆད་ལ་བཤགས་པར་བྱའི། དེར་དགེ་འདུན་གཞན་གཞག་སྟེ་དྲུག་གི་ཚོགས་ལ་སོགས་པ་ལོགས་ཤིག་ཏུ་བཅད་པ་ལ་བཤགས་པར་མི་བྱའོ། །ཡང་བ་དེ་ལས་ནི་བཞི་ལ་

སོགས་པ་ལའོ་ཞེས་བྱ་བ་ནི། ལྷག་མ་མེད་པར་གཏོགས་པས་སྦོམ་པོ་ཡང་བ་དེ་ལས་ནི་མཚམས་དེར་གཏོགས་པའི་དགེ་འདུན་མ་བཅད་པ་བཞི་ལ་སོགས་པ་ཐམས་ཅད་ལ་བཤགས་པས་ལྡང་བར་འགྱུར་རོ། །སྦོམ་པོའི་ལྕི་བ་དང་ཡང་བ་ཇི་ལྟར་ཤེས་པར་བྱ་ཞེ་ན། ཁ་ན་མ་ཐོ་བ་མང་བ་ནི་ལྕི་བ་ཡིན་ལ། ཁ་ན་མ་

Vol. 163 · folio 282a

ཐོ་བ་ཉུང་བ་ནི་ཡང་བ་ཡིན་ཏེ། ཁ་ན་མ་ཐོ་བ་མང་བ་དང་ཉུང་བ་ཉིད་ནི་ཡུལ་དང་། བསམ་པ་ཤས་ཆེ་བ་དང་། ཤས་ཆུང་བ་གཉིས་ལས་ཤེས་པར་བྱ་སྟེ། དཔེར་ན་འཛག་སྣོད་དུ་ཁུ་བ་ཕྱུང་བ་ནི་ཡང་བ་ཡིན་ལ། དེ་བཞིན་དུ་རྩྭ་དང་ཕུབ་མ་ལ་སོགས་པ་རྐུ་

བ་ཡང་ཡང་བ་ཡིན། ལས་སུ་མི་རུང་བའི་ཡན་ལག་གི་རྣམ་པ་མཉེད་པ་ལ་སོགས་པ་ཡང་ཡང་བ་ཡིན་ནོ། །བསྟེན་པར་བྱ་བ་མཐུ་མེད་པར་ཁུ་བ་འབྱིན་པ་ནི་ལྕི་བ་ཡིན་ལ། དེ་བཞིན་དུ་ཡན་ལག་མ་ཚང་བའི་རྫས་མང་པོ་རྐུ་བ་ཡང་ལྕི་བ་ཡིན། ལས་སུ་རུང་བའི་ཡན་ལག་གི་རྣམ་པ་ལ་རྩོལ་བ་ལ་

སོགས་པ་ཡང་ལྕི་བ་ཡིན་ནོ། །འདིར་གཞུང་ནི་འདུལ་བྱེད་དག་ལས། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་ཉེས་པ་སྦོམ་པོ་ཇི་ལྟར་བཤགས་པར་བགྱི། ཉེ་བ་འཁོར་ཉེས་པ་སྦོམ་པོ་ནི་བཞི་པོ་འདི་དག་ཡིན་ཏེ། ཕམ་པར་འགྱུར་བས་ཀུན་ནས་བསླང་

བ་ལྕི་བ་དང་། ཕམ་པར་འགྱུར་བས་ཀུན་ནས་བསླང་བ་ཡང་བ་དང་། དགེ་འདུན་ལྷག་མས་ཀུན་ནས་བསླང་བ་ལྕི་བ་དང་། དགེ་འདུན་ལྷག་མས་ཀུན་ནས་བསླང་བ་ཡང་བའོ། །ཉེ་བ་འཁོར་དེ་ལ་ཕམ་པར་འགྱུར་བས་ཀུན་ནས་བསླང་བའི་ཉེས་པ་སྦོམ་པོ་ལྕི་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ནང་དུ་དགེ་འདུན་

ཐམས་ཅད་ཀྱི་མདུན་དུ་བཤགས་པར་བྱའོ། །ཕམ་པར་འགྱུར་བས་ཀུན་ནས་བསླང་བའི་ཉེས་པ་སྦོམ་པོ་ཡང་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ཕྱི་རོལ་དུ་དགེ་སློང་བཞིའི་མདུན་དུ་བཤགས་པར་བྱའོ། །དེ་ལ་དགེ་འདུན་ལྷག་མས་ཀུན་ནས་བསླང་བའི་ཉེས་པ་སྦོམ་པོ་ལྕི་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ཕྱི་རོལ་དུ་དགེ་སློང་ལྔའི་

མདུན་དུ་བཤགས་པར་བྱའོ། །དགེ་འདུན་ལྷག་མས་ཀུན་ནས་བསླང་བའི་ཉེས་པ་སྦོམ་པོ་ཡང་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ནང་དུ་དགེ་སློང་གཅིག་གི་མདུན་དུ་བཤགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མཐར་དེ་ལ་བཙལ་བ་རྐྱེན་མ་འབྱོར་བ་ཉིད་ན་ལས་བྱས་པ་དང་འདྲའོ་ཞེས་བྱ་བ་ལ། མཐར་ཞེས་བྱ་བ་

ནི། འཆི་བའི་སྲིད་པའི་གནས་སྐབས་ཀྱི་འཆི་བའི་སྐད་ཅིག་མ་ཐ་མར་རོ། །དེ་ལ་ཞེས་བྱ་བ་ནི་ཕྱིར་བཅོས་པ་ལའོ། །བཙལ་བ་ཞེས་བྱ་བ་ནི། དེའི་ཕྱིར་ལུས་དང་ངག་དག་གིས་བཙལ་བ་བརྩམས་པའོ། །རྐྱེན་མ་འབྱོར་པ་ཉིད་ན་ཞེས་བྱ་བ་ནི་བཤགས་པའི་རྐྱེན་མ་འབྱོར་པ་ཉིད་ན་སྟེ། དེའི་ཚེ་ན་ནི་ཕྱིར་བཅོས་པའི་

Vol. 163 · folio 282b

ལས་དེ་བྱས་པ་དང་འདྲ་བར་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ནས་དེ་ངོ་ཚ་དང་བཅས་པས་ཡུལ་གཞན་དུ་ཕྱིར་བཅོས་པར་བྱའོ་སྙམ་པའི་བསམ་པས། དེ་ཡུལ་གཞན་དུ་སོང་བའི་སྐབས་སུ་སྟག་གིས་སྲོག་དང་བྲལ་བར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། དགེ་སློང་དག་དེ་ནི་ལྟུང་བ་དེ་ལས་ལངས་པ་ཡིན་ཏེ། ད་ནི་བསམས་པས་ལྟུང་བ་ལས་ལྡང་བར་སྨྲའི། ཆད་པའི་ལས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །འདི་ལྟར་དགེ་འདུན་ལྷག་མའི་སྐབས་སུ་དེ་སྐད་གསུངས་མོད་ཀྱི་ལྟུང་བ་ཐམས་ཅད་བཤགས་པ་ལ་ཡང་རུང་བའི་ཕྱིར་

སྤྱིར་མདོར་བྱས་སོ། །སྨྱོས་པས་བྱས་པ་དེས་ཕྱིར་སངས་པ་འདུ་ཤེས་པ་ནི་ཉེས་བྱེད་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི། སྨྱོས་པ་ལ་སོགས་པས་རང་བཞིན་ལས་ཉམས་པའི་གནས་སྐབས་སུ་ཁ་ན་མ་ཐོ་བ་གང་བྱས་པ་ནི་དེས་ཕྱིར་སངས་ཤིང་དྲན་པ་རྙེད་པ་ན་བདག་གིས་དེ་ལྟ་བུ་ཞིག་བྱས་སོ་སྙམ་དུ་འདུ་ཤེས་པ་ན་ཉེས་

བྱེད་དང་འདྲ་བ་ཉིད་ཡིན་ཏེ། ཉེས་བྱེད་ཅེས་བྱེ་བ་ནི་ཉེས་པ་བྱེད་པས་ཉེས་བྱེད་དེ་ཉེས་བྱས་ལ་བྱའོ། །དེ་དང་འདྲ་བ་ཉིད་ཅེས་བྱ་བ་ནི་གང་ཟག་གཅིག་གི་མདུན་དུ་བཤགས་པར་བྱ་བའི་སྒོ་ནས་འདྲ་བ་སྟེ། བཤགས་པ་དེ་ཡང་ལོག་པ་བསལ་བར་བྱ་བའི་ཕྱིར་ཡིན་གྱི། ཕྱིར་བཅོས་པའི་ཕྱིར་ནི་མ་ཡིན་ཏེ། སྨྱོས་པ་དང་

སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་དག་ལ་ལྟུང་བ་མེད་པའི་ཕྱིར་རོ། །མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ་ཞེས་བྱ་བ་ནི་ལྡང་ངོ་ཞེས་བྱ་བར་ཤེས་པར་བྱ་སྟེ། མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་ལྡང་བར་འགྱུར་རོ། །མིང་དང་ལྡན་པས་ཞེས་བྱ་བ་ནི། ཉེས་པ་སྦོམ་པོ་དང་དགེ་

འདུན་ལྷག་མ་དང་སྤང་བའི་ལྟུང་བྱེད་དང་ལྟུང་བྱེད་འབའ་ཞིག་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཞེས་བྱ་བ་དག་གོ། །རིགས་དང་ལྡན་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པས་ཀུན་ནས་བསླང་བ་ལ་སོགས་པ་དང་། བསམས་བཞིན་དུ་ཁུ་བ་འབྱིན་པས་ཀུན་ནས་བསླང་བ་ལ་སོགས་པ་དང་།

འཆང་བས་ཀུན་ནས་བསླང་བ་ལ་སོགས་པ་དང་། བརྫུན་དུ་སྨྲ་བས་ཀུན་ནས་བསླང་བ་ལ་སོགས་པ་དང་། ཤམ་ཐབ་ཟླུམ་པོར་མ་བགོས་པས་ཀུན་ནས་བསླང་བ་ལ་སོགས་པ་དག་སྟེ། དེ་ལྟར་མིང་དང་རིགས་དང་ལྡན་པར་བརྗོད་པས་ལྟུང་བ་བཤགས་པར་བྱའོ། །བདག་ལ་བརྗོད་པ་ནི་སྔགས་ལས་ཤེས་པར་

Vol. 163 · folio 283a

བྱ་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བྱེད་བྱུང་སྟེ། བརྫུན་དུ་སྨྲ་བས་ཀུན་ནས་བསླང་བ་ལ་སོགས་པ་དགེ་འདུན་ལྷག་མ་ལ་ནི་དུས་འདི་སྲིད་ཅིག་བཅབས་པ་ཉིད་དམ། མ་བཅབས་པ་ཉིད་དང་ངོ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་

ལ་ནི་གཞན་དང་ལྡན་པར་བརྗོད་པར་བྱ་སྟེ། གལ་ཏེ་འཆབ་པ་འཛིན་པར་བྱེད་ན་ནི་དུས་ཇི་སྲིད་འཆབ་པར་བྱེད་པ་ཞག་གཅིག་བཅབས་པའམ་ཞག་གཉིས་བཅབས་པ་ལ་སོགས་པ་དེ་དང་བརྗོད་པར་བྱའོ། །གལ་ཏེ་འཆབ་པ་འཛིན་པར་མི་བྱེད་ན་ནི་མ་བཅབས་པ་ཉིད་དང་བརྗོད་པར་

བྱའོ། །དེ་ལས་སློང་བར་བྱེད་པ་ནི་དབྱུང་བའོ་ཞེས་བྱ་བ་ནི། དགེ་འདུན་ལྷག་མ་དེ་ལས་སློང་བར་བྱེད་པས་མིང་ནི་དབྱུང་བ་ཞེས་བྱ་བ་སྟེ། ལྟུང་བ་ལས་དབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །དབྱུང་བ་གང་ཞེ་ན། དེའི་ཕྱིར་དགེ་འདུན་ལས་ཞག་དྲུག་མགུ་བར་བྱ་བ་མནོས་ཏེ་

སྤྱད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་འབྱིན་པ་གང་གིས་དགེ་འདུན་ལས་ཞག་དྲུག་མགུ་བར་བྱ་བར་མནོས་ཏེ་སྤྱད་པ་དེ་ལྟུང་བ་དེ་ལས་སློང་བར་བྱེད་པ་གང་ཡིན་པ་དེ་ནི་དབྱུང་བ་ཡིན་ནོ། །འདི་སྐད་བསྟན་ཏེ། ཇི་སྲིད་དུ་ཞག་དྲུག་མགུ་བར་བྱ་བ་མ་སྤྱད་པ་དེ་སྲིད་དུ་

འབྱུང་བ་མི་སྲིད་དོ། །དགེ་སློང་མས་ནི་ཟླ་བ་ཕྱེད་དོ་ཞེས་བྱ་བ་ནི། དགེ་སློང་མས་ནི་གཉི་གའི་དགེ་འདུན་ལས་ཟླ་བ་ཕྱེད་མགུ་བར་བྱ་བ་མནོས་ཏེ་སྤྱད་པ་ལ་ལྟུང་བ་དེ་ལས་འབྱིན་པ་དབྱུང་བ་ཡིན་ནོ། །ལྕི་བའི་ཆོས་ལས་འདས་ན་ཡང་དེ་སྤྱད་པར་བྱ་བ་ཉིད་ཡིན་ནོ་ཞེས་

བྱ་བ་ནི། དགེ་སློང་མས་ལྕི་བའི་ཆོས་ལས་འདས་ན་ཡང་གཉི་གའི་དགེ་འདུན་ལས་ཟླ་བ་ཕྱེད་མགུ་བར་བྱ་བ་དེ་མནོས་ཏེ། སྤྱད་པར་བྱ་བ་ཉིད་ཡིན་ནོ། །ཡིད་མགུ་བར་བྱ་བའི་དངོས་པོ་ནི་མགུ་བར་བྱ་བའོ། །འདི་སྐད་བསྟན་ཏེ། དགེ་སློང་མས་ནི་དགེ་འདུན་ལྷག་མ་

འབའ་ཞིག་ལ་གཉི་གའི་དགེ་འདུན་ལས་ཟླ་བ་ཕྱེད་མགུ་བར་བྱ་བ་དེ་མནོས་ཏེ། སྤྱད་པར་བྱ་བར་མ་ཟད་ཀྱི། ལྕི་བའི་ཆོས་ལས་འདས་ན་ཡང་གཉི་གའི་དགེ་འདུན་ལས་ཟླ་བ་ཕྱེད་མགུ་བར་བྱ་བ་མནོས་ཏེ། སྤྱད་པར་བྱའོ། །བཅབས་པའི་ཉེས་པ་མེད་ན་དེ་འཆགས་སོ་ཞེས་བྱ་བ་ནི། གལ་ཏེ་དགེ་འདུན་ལྷག་མའི་ལྟུང་བ་

Vol. 163 · folio 283b

བཅབས་པའི་ཉེས་པ་མེད་ན་དེའི་ཚེ་མགུ་བར་བྱ་བ་དེ་འཆགས་པའོ། །སྤོ་བས་དེ་མེད་པར་འགྱུར་རོ་ཞེས་བྱ་བ་ནི། སྤོ་བ་ཞེས་བྱ་བ་ནི། ཇི་སྲིད་བཅབས་པའི་དུས་དེ་སྲིད་དུ་ཆད་པའི་ལས་ཀྱིས་ཀུན་དུ་གནས་པ་དེས་བཅབས་པའི་ཉེས་པ་དེ་འབྱུང་ཞིང་མེད་པར་འགྱུར་བ་སྟེ། ཇི་སྲིད་དུ་སྤོ་བས་བཅབས་པའི་ཉེས་པ་མེད་པར་མ་

བྱས་པ་དེ་སྲིད་དུ་མགུ་བར་བྱ་བ་མི་འཆགས་སོ། །བྱས་ན་ནི་འཆགས་སོ། །དེའི་རྗེས་སུ་འབྲང་བས་ལྟུང་བ་གཞན་དག་ལ་ཡང་སྔར་བཅབས་པའི་ཉེས་པ་ཕྱིར་བཅོས་པར་བྱ་ཞིང་ཕྱིས་ལྟུང་བ་ཕྱིར་བཅོས་པར་བྱ་བར་ཤེས་པར་བྱའོ། །སྤོ་བ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དགེ་འདུན་ལས་དུས་དེ་སྲིད་མནོས་ཏེའོ་ཞེས་བྱ་བ་སྨྲས་ཏེ།

ལྟུང་བ་འབྱིན་པར་བྱེད་པ་དེས་དུས་ཇི་སྲིད་དུ་བཅབས་པའི་དུས་དེ་སྲིད་དུ་སྤོ་བ་དགེ་འདུན་ལས་མནོས་ཏེའོ། །དེ་གཉིས་བྱེད་པ་ཉིད་ན་དགེ་འདུན་ལྷག་མ་དེ་བྱུང་ན་མནོས་ཏེ་བྱས་པ་དེ་གཉིས་ཞིག་པས་དེའི་ཕྱིར་གཞི་ནས་བརྩམས་པ་ཉིད་སྦྱིན་ནོ་ཞེས་བྱ་བ་ནི། དགེ་འདུན་ལྷག་མ་དེའི་ཕྱིར་བཅོས་པའི་ཕྱིར་སྤོ་བ་དང་མགུ་བར་བྱ་བ་དེ་

གཉིས་བྱེད་པ་ཉིད་ན་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་རིགས་མཐུན་པ་ཡང་བྱུང་ན། སྤོ་བ་ལ་གནས་པ་མནོས་པ་དང་མགུ་བར་བྱ་བ་སྤྱད་པ་མནོས་ཏེ་བྱས་པ་དེ་གཉིས་ཉམས་པ་ཡིན་ནོ། །དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་མི་འདྲ་བ་བྱུང་བས་ནི་མི་ཉམས་སོ། །གང་གི་ཕྱིར་དགེ་འདུན་ལྷག་

མའི་ལྟུང་བ་སྔ་མ་དང་འདྲ་བ་བྱུང་ན་སྤོ་བ་དང་མགུ་བར་བྱ་བ་མནོས་ཤིང་བྱས་པ་དེ་གཉིས་ཉམས་པ་དེའི་ཕྱིར་གཞི་ནས་བརྩམས་པ་ཉིད་སྦྱིན་པར་བྱ་སྟེ། དགེ་སློང་དེ་ལ་ཡང་གཞི་ནས་བརྩམས་ཏེ་སྤོ་བ་དང་། མགུ་བར་བྱ་བ་གཉིས་སྦྱིན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བརྩམས་པ་ནི་མཐར་ཐུག་པར་བྱ་བ་དང་འདྲའོ་

ཞེས་བྱ་བ་ནི། སྤོ་བ་དང་གཞི་ནས་སྤོ་བ་དང་ཡང་གཞི་ནས་བསླང་སྟེ་སྤོ་བ་དང་། མགུ་བར་བྱ་བ་དང་། གཞི་ནས་མགུ་བར་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་བརྩམས་པ་གང་ལ་དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་པ་བྱུང་ན་དེའི་ཚེ་སྤོ་བ་ལ་སོགས་པ་བརྩམས་པ་དེ་ནི་མཐར་ཐུག་པར་བྱ་བ་དང་

འདྲ་སྟེ། མཐར་ཕྱིན་པར་བྱ་བ་དང་འདྲ་ཞིང་ཡོངས་སུ་རྫོགས་པར་བྱ་བ་དང་འདྲ་བར་བལྟ་བར་བྱ་སྟེ། ཡོངས་སུ་མི་གཏོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དེ་མ་འཆགས་ན་དེའི་ཚེ་དང་པོ་ཡང་ཐ་དད་པར་བསླང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་བརྩམས་པ་ནི་མཐར་ཐུག་པ་དང་འདྲ་བ་དེའི་ཕྱིར་སྤོ་བ་ལ་སོགས་

Vol. 163 · folio 284a

པ་སྔར་བྱིན་པ་གང་ཡིན་པ་དེ་དགེ་འདུན་མ་ཚང་བ་ལ་སོགས་པའི་ཉེས་པས་མ་འཆགས་ཤིང་། དེ་མ་འཆགས་པའི་གནས་སྐབས་སུ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་རིགས་མཐུན་པར་བྱུང་ན་དེའི་ཚེ་དང་པོ་ཡང་དཔེར་ན་ལྟུང་བ་བར་མ་མ་བྱུང་ཡང་སྤོ་བ་དང་མགུ་བར་བྱ་བར་སྦྱིན་

པར་བྱ་དགོས་པས་དེ་བཞིན་དུ་སྤོ་བ་དང་མགུ་བར་བྱ་བ་ཐ་དད་པར་གཞི་ནས་བསླངས་ཏེ་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །ལྟུང་བ་བར་མ་ཕྱིར་བཅོས་པའི་ཕྱིར་གཞི་ནས་སྤོ་བ་ཉིད་ཀྱིས་དང་པོའི་གཞི་ནས་བསླང་སྟེ། སྤོ་བ་དང་མགུ་བར་བྱ་བ་སྦྱིན་པ་ལྟ་བུར་ནི་མི་བྱའོ། །འདི་སྐད་བསྟན་ཏེ། གང་གི་ཚེ་སྤོ་བ་སྔ་མ་མ་འཆགས་པ་དེའི་ཚེ་

དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་པ་བྱུང་ན། སྤོ་བ་སྦྱིན་པར་བྱའི། གཞི་ནས་སྤོ་བ་སྦྱིན་པར་ནི་མི་བྱའོ། །གང་གི་ཚེ་གཞི་ནས་སྤོ་བ་སྦྱིན་པར་མ་འཆགས་ན་དེའི་ཚེ་གཞི་ནས་སྤོ་བ་དེ་ཉིད་གཟོད་སྦྱིན་པར་བྱའི། ཡང་གཞི་ནས་བསླང་སྟེ་སྤོ་བ་སྦྱིན་པར་ནི་མི་བྱའོ། །གང་གི་ཚེ་ཡང་གཞི་ནས་བསླང་སྟེ་སྤོ་བ་

སྦྱིན་པ་མ་འཆགས་ན། དེའི་ཚེ་ཡང་གཞི་ནས་བསླང་སྟེ་སྤོ་བ་དེ་ཉིད་གཟོད་སྦྱིན་པར་བྱའི་མགུ་བར་བྱ་བ་སྦྱིན་པར་ནི་མི་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། གལ་ཏེ་དགེ་སློང་གིས་སྤོ་བ་ལ་སོགས་པ་བླངས་པ་ལ་རྐྱེན་གཞན་གང་ཡང་རུང་བས་སྤོ་བ་དེ་མ་འཆགས་པར་དེའི་སྐབས་སུ་དགེ་འདུན་ལྷག་མའི་

ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ན་དེའི་ཚེ་དེ་ལ་ཡང་སྤོ་བ་ཉིད་སྦྱིན་པར་བྱའི། གཞི་ནས་སྤོ་བ་སྦྱིན་པར་ནི་མི་བྱ་སྟེ། སྤོ་བ་སྔ་མ་ཤོས་མ་འཆགས་པའི་ཕྱིར་རོ། །བར་མ་དེ་ཉིད་ཕྱིར་བཅོས་པར་བྱའོ་ཞེས་བྱ་བ་ནི། སྤོ་བ་སྔ་མ་ཤོས་མ་འཆགས་པའི་སྐབས་སུ་དགེ་འདུན་ལྷག་མའི་ལྟུང་བ་བར་མ་ལྟུང་བ་

སྔ་མ་དང་འདྲ་བར་བྱུང་བ་དེ་ཡལ་བར་མི་འདོར་བར་ཕྱིར་བཅོས་པར་བྱ་བ་ཉིད་ཡིན་པའོ། །དེའི་ཕྱིར་དེའི་དོན་དུ་ཡང་བརྟེན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གང་གི་ཕྱིར་བར་མ་དེ་ཕྱིར་བཅོས་པར་བྱ་བ་དེའི་ཕྱིར་གཞི་ནས་བརྩམས་པས་གང་གི་ཚེ་ཡོངས་སུ་གནས་པ་ལ་སོགས་པ་མ་ཆགས་པ་ལེན་པར་

བྱེད་པ་དེའི་ཚེ་ལྟུང་བ་ཕྱིས་བྱུང་བ་དེ་ཕྱིར་བཅོས་པ་དེའི་དོན་དུ་ཡང་སྔར་བྱུང་བ་ཡང་སླར་བླང་བར་བྱ་སྟེ་ལྟུང་བ་དེ་དག་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་ཕྱིར་བཅོས་པའི་ཕྱིར་སེམས་བསྐྱེད་དེ་རྒྱུད་དང་འདྲ་བའི་ཚུལ་གྱིས་ཚིག་གཅིག་ཁོ་ནས་སྤོ་བ་ལ་སོགས་པ་བླང་བར་བྱའོ། །དཔེར་ན་རྒྱུད་ལན་ཅིག་བརྐྱང་བས་རྒྱུ་དེ་ལ་སྐད་དང་

Vol. 163 · folio 284b

སྦྱང་བ་ལ་སོགས་པའི་བྱ་བ་དུ་མ་ཅིག་ཅར་བྱེད་པ་དེ་བཞིན་དུ། ལྟུང་བ་ཐམས་ཅད་ཕྱིར་བཅོས་པའི་ཕྱིར་ལན་ཅིག་ཁོ་ནར་སྤོ་བ་ལ་སོགས་པ་བླང་བར་བྱའོ། །འདི་སྐད་བསྟན་ཏེ། ལྟུང་བ་སྔ་མ་ཕྱིར་བཅོས་པར་བྱ་བའི་ཕྱིར་སྤོ་བ་ལ་སོགས་པ་ལེན་པ་གང་ཡིན་པ་དེ་ནི་ལྟུང་བ་ཕྱི་མ་དག་ཕྱིར་བཅོས་པར་བྱ་བ་ཉིད་ཀྱི་ཕྱིར་

ཡང་བརྟེན་པར་བྱ་བ་ཉིད་ཡིན་པས་ལྟུང་བ་ཕྱི་མ་དག་གི་མིང་ཡང་དེར་བརྗོད་པར་བྱའོ། །དེ་བཅབས་པའི་དུས་ལྷག་པ་ཡང་དེར་གཞུག་པ་ཉིད་དོ་ཞེས་བྱ་བ་ནི། ལྟུང་བ་ཕྱིས་བྱུང་བ་དེ་བཅབས་པའི་དུས་ལྷག་པ་གང་ཡིན་པ་དེ་ཡང་ལྟུང་བ་སྔ་མ་བཅབས་པའི་དུས་དེ་ཉིད་དུ་གཞུག་ཅིང་བགྲང་བར་བྱ་བ་ཉིད་ཡིན་ནོ། །

རྣམ་པ་གང་གིས་གཞུག་པར་བྱ་ཞེ་ན་དེའི་ཕྱིར། གཞི་ནས་སྤོ་བའམ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པའི་ཇི་ཙམ་ལེན་པས་སོ། །དེ་ལ་ལྷག་པ་ཞེས་སྨོས་པས་ནི་བཅབས་པའི་དུས་མཉམ་པ་གང་ཡིན་པ་དང་ཉུང་བ་གང་ཡིན་པ་དེ་གཉིས་ལྷག་པའི་ནང་དུ་བགྲང་བར་མི་བྱའོ། །དེས་ན་གང་ལ་ལྟུང་

བ་སྔ་མ་བཅབས་པའི་དུས་ཟླ་བ་ཕྱེད་ཡོད་ལ། ལྟུང་བ་ཕྱི་མ་བཅབས་པའི་དུས་ཀྱང་ཟླ་བ་ཕྱེད་ཡོད་པ་དེ་ལ་ནི་ཟླ་བ་ཕྱེད་ཁོ་ན་སྤོ་བ་སྦྱིན་པར་བྱའོ། །གང་ལ་ལྟུང་བ་ཕྱི་མ་བཅབས་པའི་དུས་ཟླ་བ་གཅིག་ཡོད་པ་དེ་ལ་ནི་ཟླ་བ་གཅིག་ཁོ་ན་སྤོ་བ་སྦྱིན་པར་བྱ་སྟེ། དེས་ལྟུང་བ་སྔ་མ་ཟླ་བ་ཕྱེད་བཅབས་པ་དང་། ལྟུང་བ་ཕྱི་མ་

ཟླ་བ་གཅིག་བཅབས་པའི་ཉེས་པ་གཉི་ག་མེད་པར་འགྱུར་བར་ཤེས་པར་བྱའོ། །ཇི་ལྟར་ལྟུང་བ་ཕྱི་མ་བཅབས་པའི་དུས་ལྷག་པ་སྲིད་པར་འགྱུར་བ་བརྗོད་པར་བྱ་སྟེ། སྤྱོད་པ་ལ་ཞུགས་པ་ལ་མཐར་ཐུག་ནས་ལྟུང་བ་བར་མ་མ་བརྗོད་པ་དང་གཞན་དུ་ཡང་མ་བརྗོད་པས་སོ། །རྣམ་པ་གཞན་གྱིས་ཀྱང་འདི་ལྟ་སྟེ།

སྤོ་བའམ་གཞི་ནས་སྤོ་བར་བྱེད་པས་ལྟུང་བ་རིགས་མཐུན་པ་བྱུང་ནས། ཐབ་ཀྲོལ་བྱེད་པ་འོང་བའི་ཕྱིར་སྤོ་བ་ལ་སོགས་པ་བཏང་སྟེ། ཡང་ཕྱིར་ལེན་པ་དེས་བཏང་བའི་གནས་སྐབས་སུ་བཅབས་པའི་དུས་ཆེས་རིང་དུ་སྒྲུབ་པར་བྱེད་པའོ། །མནོས་ཏེའོ་ཞེས་སྨྲས་ན་དགེ་འདུན་གྱིས་སྤོ་བ་དང་མགུ་བར་བྱ་བ་

དེ་གཉིས་ཇི་ལྟར་སྦྱིན་པར་བྱ་བ་མ་བསྟན་པས་དེ་བརྗོད་པར་བྱ་སྟེ། དེ་གཉིས་ལས་ཀྱིས་སྦྱིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱིས་གང་ཟག་ལྟུང་བ་བྱུང་བ་དེ་ལ་ཡོངས་སུ་གནས་པ་དང་། མགུ་བར་བྱ་བ་དེ་གཉིས་གསོལ་བ་དང་བཞིའི་ལས་ཀྱིས་སྦྱིན་པར་བྱ་བའོ། །དེ་ལ་ཡོངས་སུ་གནས་པ་སྦྱིན་པའི་སྔགས་ནི།

Vol. 163 · folio 285a

དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། དགེ་

འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་

གནས་པ་སྩོལ་ཏོ། །འདི་ནི་གསོལ་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མགུ་བར་བྱ་བ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་

བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་

དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞི་ནས་ཡོངས་སུ་གནས་པ་དང་། གཞི་ནས་མགུ་བར་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་དག་ཀྱང་གསོལ་བ་དང་

བཞིའི་ལས་ཀྱིས་སྦྱིན་པར་བྱ་སྟེ། དེ་ལ་གཞི་ནས་ཡོངས་སུ་གནས་པ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ། ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་

མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལ་ཟླ་བ་ཕྱེད་སྤོ་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། ཟླ་བ་ཕྱེད་ཡོངས་སུ་གནས་

Vol. 163 · folio 285b

པ་སྩལ་ཏེ། འདི་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྟག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སླད་དུ་དགེ་འདུན་ལས་

གཞི་ནས་ཡོངས་སུ་གནས་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་སྩོལ་

ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞི་ནས་མགུ་བར་བྱ་བ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ།

ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། འདི་མགུ་བར་བགྱིད་བཞིན་པ་ལས་དགེ་

འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་

གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྩལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་སྦྱིན་པའི་

སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་

Vol. 163 · folio 286a

དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩལ་ཏེ། འདི་ཡོངས་སུ་གནས་པར་བགྱིད་

བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ནས་དགེ་འདུན་

གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་སྩོལ་ཏེ། འདི་གཞི་ནས་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ། བྱུང་ལ་བཅབས་པས་

དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་གསོལ་ནས། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་

བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་གསོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་གཞི་ནས་བསླང་སྟེ་

མགུ་བར་བྱ་བ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དེའི་སླད་དུ་དགེ་འདུན་

ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། འདི་མགུ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་

Vol. 163 · folio 286b

འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་གཞི་ནས་མགུ་

བར་བགྱི་བ་སྩལ་ཏེ། འདི་གཞི་ནས་མགུ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཡང་

གཞི་ནས་བསླང་སྟེ། མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་

བ་སྩལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡོངས་སུ་གནས་པར་བྱས་པ་ལས་མགུ་བར་བྱས་པ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་

བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་

དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་

བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། ཟླ་བ་ཕྱེད་ཡོངས་སུ་གནས་པ་བགྱིས་པ་ལ་

Vol. 163 · folio 287a

ཞག་དྲུག་མགུ་བར་བགྱི་བ་སྩལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞི་ནས་ཡོངས་སུ་གནས་པ་ལ་མགུ་བར་བྱ་བ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་

བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གསོལ་ན། དགེ་

འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩལ་ཏེ། འདི་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་

འདྲ་བ་ཡང་བྱུང་ལ། བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་

ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་ལགས། ལྟུང་བ་

བར་མའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་

ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་པ་ལ་ཞག་དྲུག་མགུ་བར་བགྱི་བ་སྩོལ་ཏོ། །འདི་ནི་གསོལ་བའོ་

Vol. 163 · folio 287b

ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པར་བྱ་བ་ལ་མགུ་བར་བྱ་བ་སྦྱིན་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་

པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་

ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པའི་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩལ་ཏེ། འདི་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་

ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པའི་དེའི་སླད་དུ་གཞི་ནས་

ཡོངས་སུ་གནས་པ་སྩལ་ཏེ། འདི་གཞི་ནས་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་

ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་

གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་ལགས། ལྟུང་བ་བར་མའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས། ལྟུང་བ་ཡང་

Vol. 163 · folio 288a

བཟླས་པའི་སླད་དུ་ཡང་གཞི་ནས་བསླངས་ཏེ། ཡོངས་སུ་གནས་པ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་

གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་

འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ། ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱི་བ་ལ་ཞག་དྲུག་མགུ་བར་བགྱི་བ་སྩོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། །།བམ་པོ་དྲུག་ཅུ་

གཉིས་པ། དབྱུང་བ་ཡང་ངོ་ཞེས་བྱ་བ་ཡང་དགེ་འདུན་གྱིས་གསོལ་པ་དང་བཞིའི་ལས་ཀྱིས་སྦྱིན་ནོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དེ་ལ་མགུ་བ་ཉི་ཚེ་བྱས་པ་དབྱུང་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་

ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་

ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ་

འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནོང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་བགྱིས་པ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་

Vol. 163 · folio 288b

དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། དགེ་འདུན་

གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་

བར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་པ་དབྱུང་བར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་

ཞག་དྲུག་མགུ་བར་བགྱིད་པ་དབྱུང་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་

གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་པ་ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །མགུ་བར་བྱ་བ་དང་གཞི་ནས་མགུ་བར་བྱ་བ་བྱས་པ་དབྱུང་བའི་སྔགས་ནི་

དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་

བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། འདི་མགུ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་

Vol. 163 · folio 289a

འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་

ཡང་བྱུང་ལ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་ཡང་བགྱིས་ལགས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བར་

གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནོང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་

བགྱིས་པ་དབྱུང་བ་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་

ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་བགྱི་བ་སྩལ་ཏེ། འདི་མགུ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་

བ་སྔ་མ་དང་འདྲ་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་

བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས་ལགས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་

Vol. 163 · folio 289b

ལས་དབྱུང་བ་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས་པ་དབྱུང་བར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་

འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས་པ་དབྱུང་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ་

དེ་བཞིན་དུ་ལན་གཉིས་ལན་གསུམ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས་པ་ཡང་ཕྱུང་ལགས་

ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །མགུ་བར་བྱ་བ་དང་གཞི་ནས་མགུ་བར་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་བྱས་པས་དབྱུང་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་

ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་

ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། འདི་མགུ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་

ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྩལ་ཏེ། འདི་གཞི་ནས་མགུ་བར་བགྱིད་

Vol. 163 · folio 290a

བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་དེའི་སླད་དུ། དགེ་འདུན་

ལས་ཡང་གཞི་ནས་བསླང་སྟེ། མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་

བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས་ལགས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱི་བ་ལགས། ལྟུང་བ་ཡང་བཟླས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་

དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་ཡང་གཞི་ནས་མགུ་བ་ཡང་བགྱིས། ལྟུང་བ་

ཡང་བཟླས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བ་ཡང་བགྱིས་པ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་

གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་

ཏེ། འདི་མགུ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ། དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་

Vol. 163 · folio 290b

ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྩལ་ཏེ། འདི་གཞི་ནས་མགུ་བར་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་དེའི་སླད་དུ་

གཞི་ནས་མགུ་བར་བགྱི་བ་སྩལ་ཏེ། འདི་གཞི་ནས་མགུ་བར་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་དེའི་སླད་

དུ་དགེ་འདུན་ལས་ཡང་གཞི་ནས་བཟླས་ཏེ་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་

བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས་ལགས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས་ལགས། ལྟུང་བ་ཡང་བཟླས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། དེའི་སླད་དུ་

དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བར་ཡང་བགྱིས་ལགས། ལྟུང་བ་ཡང་བཟླས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བ་ཡང་བགྱིས་པ་དབྱུང་བ་མཛད་ན། ཚེ་

དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས། ལྟུང་བ་ཡང་བཟླས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ། མགུ་བ་ཡང་བགྱིས་པ་དབྱུང་བར་

བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་

Vol. 163 · folio 291a

བ་དེའི་སླད་དུ་ཞག་དྲུག་མགུ་བ་ཡང་བགྱིས། ལྟུང་བ་བར་མའི་སླད་དུ་གཞི་ནས་མགུ་བ་ཡང་བགྱིས། ལྟུང་བ་ཡང་བཟླས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བ་ཡང་བགྱིས་པ་ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་

ཡིན་ནོ། །ཡོངས་སུ་གནས་པ་དང་མགུ་བ་བྱས་པའི་དབྱུང་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་

ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་

ཕྱེད་ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བ་བགྱི་བར་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་

ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་བགྱིས་པ་འདི་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་

ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་པ་ལགས། ཞག་དྲུག་མགུ་བར་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་

བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བར་ཡང་བགྱིས་པ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་

Vol. 163 · folio 291b

མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་འདི་ལ་ཟླ་བ་ཕྱེད་བཅབས་པས། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་

གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩལ་ཏེ་དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་བ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་

སུ་གནས་པ་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་བགྱིས་པ་འདི་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདི་

ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་ལགས། ཞག་དྲུག་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་

བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་པ་དབྱུང་བར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་

ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་ལགས་པ་དབྱུང་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་

གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་པ་ཕྱུང་ལགས་ཏེ། འདི་

Vol. 163 · folio 292a

ལྟར་ཅང་མི་གསུང་པས། དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་གནས་པ་དང་གཞི་ནས་ཡོངས་སུ་གནས་པ་དང་མགུ་བར་བྱས་པ་དབྱུང་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་

ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་

གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩལ་ཏེ། འདི་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་དགེ་སློང་

འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་

ལ་བཅབས་པ་དེའི་སླད་གཞི་ནས་ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། ཟླ་བ་ཕྱེད་བཅབས་པའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་

འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་

གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་པ་འདི་ལ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་

Vol. 163 · folio 292b

ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་ལགས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས། ཞག་དྲུག་མགུ་བ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་

ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་

མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་ཡང་བགྱིས་པ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་

ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་

ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩལ་ཏེ། འདི་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་

མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་

ཡོངས་སུ་གནས་པ་སྩོལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་

Vol. 163 · folio 293a

ཡོངས་སུ་གནས་པ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་

བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་པ་འདི་ལ་ཞག་དྲུག་མགུ་བར་བགྱིས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་

སླད་དུ་ཟླ་བ་ཕྱེད་གནས་པ་ཡང་བགྱིས་ལགས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས། ཞག་དྲུག་མགུ་བར་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བར་གསོལ་ན་དེའི་སླད་དུ་དགེ་འདུན་གྱིས་

དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། ཞག་

དྲུག་མགུ་བ་ཡང་བགྱིས་པ་དབྱུང་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ།

བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བར་ཡང་བགྱིས་པ་དབྱུང་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་ལན་གཉིས་ལན་གསུམ་དུ་བཟླས། དགེ་

འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བྱུང་ལ། བཅབས་

Vol. 163 · folio 293b

པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། ཞག་དྲུག་མགུ་བ་བགྱིས་པ་ཡང་བྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏེ་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་གནས་པ་དང་གཞི་ནས་ཡོངས་སུ་གནས་པ་དང་། ཡང་གཞི་ནས་བསླང་སྟེ་ཡོངས་སུ་

གནས་པ་དང་མགུ་བ་བྱས་པ་དབྱུང་བའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་

དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལ་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩལ་ཏེ།

འདི་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་

ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་སྩལ་ཏེ། འདི་གཞི་ནས་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་

བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལ་ཡང་གཞི་ནས་བསླང་སྟེ། ཡོངས་སུ་གནས་པ་གསོལ་

ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་

Vol. 163 · folio 294a

ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་

འདྲ་བ་ཡང་བཟླས་ཏེ་བྱུང་ལ། བཅབས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ། ཡོངས་སུ་གནས་པ་ཡང་བགྱིས་ལགས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་

པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་

ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས་པ་འདི་ལ་ཞག་དྲུག་མགུ་བར་བགྱིས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས་ལགས། དགེ་འདུན་

ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས་ལགས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་བ་བཅབས་པའི་སླད་དུ་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་ཡང་བགྱིས་ལགས།

ཞག་དྲུག་མགུ་པ་ཡང་བགྱིས་ལགས་ཏེ་དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་

དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་ནས་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པའི་སླད་དུ་ཡང་གཞི་

Vol. 163 · folio 294b

ནས་བསླང་སྟེ། ཡོངས་སུ་གནས་པ་ཡང་བགྱིས་ཞག་དྲུག་མགུ་བར་བགྱིས་པ་ཡང་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་

པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་

འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་སྩལ་ཏེ། འདི་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་

ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་དེའི་སླད་དུ་དགེ་འདུན་ལས་གཞི་ནས་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། བཅབས་པ་དེའི་སླད་དུ་གཞི་

ནས་ཡོངས་སུ་གནས་པ་སྩལ་ཏེ། འདི་གཞི་ནས་ཡོངས་སུ་གནས་པ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་

འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་ཡོངས་སུ་གནས་པ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་ཡང་གཞི་ནས་བསླང་

སྟེ། ཡོངས་སུ་གནས་པ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་ཡོངས་སུ་གནས་པ་ཡང་བགྱིས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པའི་སླད་དུ་གཞི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words