ཏིངའི་མཐའ
Sanskrit title (Tibetan script, as in the text) ཏི་ངནྟ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 194 · folio 65a
༄༅༅། །རྒྱ་གར་སྐད་དུ། ཏི་ངནྟ། བོད་སྐད་དུ། ཏིངའི་མཐའ།
གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་སེམས་ཡོན་ཏན་རྒྱ་མཚོ་ལ། །རྟག་ཏུ་གུས་པས་ཕྱག་འཚལ་ནས། །སྒྲ་མངོན་མི་ཤེས་རྣམ་ཤེས་པའི། །ཏི་ངའི་བྱེ་བྲག་བཤད་པར་བྱ། །དེ་ལ་བྱ་བའི་དོན་ལས་ཤེས་པའི་སྤྱིར་བཏང་ལ་བྱིངས་ལས་ཌུ་པ་ཙཥ་འཚེད་པ་ལའོ་ཞེས་པས་ཌུ་པ་ཙཥའོ། །ཌུ་ཡིག་ཌུ་འགྲོ་བ་ལས་ཀྟྲྀའོ། །
ཞེས་པ་རྟགས་ཀྱི་དོན་ཏོ། །ཥ་ཡིག་བྷིད་སོགས་དང་ཥི་འགྲོ་བ་ལས་ཨངའོ་ཞེས་པ་རྟགས་ཀྱི་དོན་ཏོ། །ཙ་ཡིག་ལས་ཨ་ཡིག་ཀླག་པའི་དོན་ཏོ། །པཙ་ཞེས་གནས་པ་ལ། ད་ལྟར་བ་ལ་ལཊ་འོ་ཞེས་པ་ལཊ་ཕ་རོལ་ཏུ་འགྱུར་རོ། །ཊ་ཡིག་ཊ་འགྲོ་བའི་ཏང་རྣམས་ཀྱི་ཨེའོ་ཞེས་པ་རྟགས་ཀྱི་དོན་ཏོ། །ལ་ཡིག་གི་ཨ་
Vol. 194 · folio 65b
ཡིག་པིང་ལས་ལཊའི་ཡང་ནའོ་ཞེས་པ་རྟགས་ཀྱི་དོན་ཏོ། །ལའི་གནས་སུ། ལའི་ཏིཔ་ཏས་ཛྷི་ཞེས་པ་ལ་སོགས་པའི་མདོས་ཏིང་། ཏས་ཛྷི། སིཔ྄། ཐས྄་ཐ། མིཔྲ། ཝསྲ། མསྲ་ཞེས་པ་འདི་རྣམས་སུ་བསྒྱུར་བར་འགྱུར་རོ། །ཏིཔྲ་སིཔྲ་མིཔ་རྣམས་ཀྱི་པ་ཡིག་གོ། །ཧལ྄་པིཏ་ལ་ཨུཏ་ཀྱི་ཨཽཏའོ་ཞེས་པ་རྟགས་ཀྱི་དོན་ཏོ། །ཛྷི་ཡིག་
ལས་ཨི་ཡིག་ཕྱུང་སྟེ། ཛྷ་ཡིག་ཛྷའི་ཨནྟའོ་ཞེས་པས་ཨནྟ་རུ་བསྒྱུར་རོ། །བྱེད་པ་པོ་ལ་ཤཔྲ་ཞེས་པས་བར་དུ་ཤཔའོ། །ཤ་ཡིག་ལས་ཨ་ཡིག་བཞག་སྟེ་ཤ་ཡིག །པིཏྲ་སྨོན་པའི་ལིང་མ་ཡིན་པ་ཏི་ང་ཤིཏ་ལའོ་ཞེས་པ་རྟགས་ཀྱི་དོན་ཏོ། །པ་ཡིག་ཤ་པ་ཤྱ་ནའི་ལས་སོ་ཞེས་པ་རྟགས་ཀྱི་དོན་ཏོ། །ཨཏའི་ཨཏ་ཨེང་ལའོ་
ཞེས་པ་ཕ་རོལ་གྱི་གཟུགས་སོ། །ཨཏའི་ཡན་ལ་ཨཱཏའོ་ཞེས་པས་རིང་པོ་ཉིད་དོ། །ས་སཛུཥ་དག་གི་རུའོ། །ཨུ་ཡིག་ཨཏ་ལས་ཧ་ཤ་ལའང་རུའིའོ་ཞེས་པ་རྟགས་ཀྱི་དོན་ཏོ། །རེ་ཕའི་རྫོགས་པ་ལ་རྣམ་པར་གཅད་བྱའོ། །པ་ཙ་ཏི། པ་ཙ་ཏཿ། པ་ཙནྟི། པ་ཙ་སི། པ་ཙ་ཐཿ། པ་ཙཱ་ཐ། པ་ཙ་མི། པ་ཙཱ་ཝཿ། པ་ཙཱ་མཿ།
ལཊའོ་ཨ་ཏང་རྫོགས་སོ།། །།ཏང་བརྗོད་པར་འདོད་ན། པ་ཙ་ཞེས་གནས་པ་ལ་ད་ལྟར་བ་ལ་ལཊའོ། །ཊ་ཡིག་དང་ཨ་ཡིག་དག་གི་སྔ་མ་བཞིན་དབྱི་བའོ། །ལའི་ཏིཔ་ཞེས་པ་ལ་སོགས་པའི་མདོས། ཏ། ཨཱ་ཏཱཾ། ཛྷ། ཐཱས། ཨཱ་ཐཱཾ། དྷྭ་མ། ཨིཊ། ཝ་ཧི། མ་ཧིང་ཞེས་པ་ཏང་རྣམས་སུ་བསྒྱུར་བར་འགྱུར་རོ། །
ཊ་ཡིག་ནི་ཨི་ཊའི་ཨཏའོ་ཞེས་པ་རྟགས་ཀྱི་དོན་ཏོ། །ང་ཡིག་ནི་སོ་སོར་བསྡུ་བའི་དོན་ཏོ། །བྱེད་པ་པོ་ལ་ཤ་པའོ། །ཤ་ཡིག་དང་པ་ཡིག་ནི་སྔར་བཞིན་དབྱི་བའོ། །ཛྷའི་ཨནྟའོ། །ཊ་འགྲོ་བའི་ཏང་རྣམས་ཀྱི་ཨེཏའོ་ཞེས་པས་ཨེ་ཉིད་དོ། །ཨཏ་ལས་ཨཱཏའོ་ཞེས་པས་ཨཏ་ལས་ཕ་རོལ་གྱི་ཨཱ་ཡིག་ཨི་ཏ་རུ་
བསྒྱུར་བར་འགྱུར་རོ། །ཨ་ལས་ཨཏ་ཨེངའོ་ཞེས་པས་ཨེ་ཉིད་དོ། །ཨམའི་འོ་ཞེས་པས་ཨེ་ཉིད་དོ། །ཐཱསའི་སེའོ། །ཡཉ་ལ་ཨཱཏའོ། །པཙ་ཏེ། པ་ཙཱ་ཏེ། པ་ཙནྟ། པཙ་སེ། པཙེ་ཐེ། པ་ཙེ་དྷྲེ། པ་ཙེ། པ་ཙཱ་པ་ཧེ། པ་ཙཱ་མ་ཧེ། ལཊའི་ཏང་རྫོགས་སོ།། །།པཙྲ་ཞེས་གནས་པ་ལ། ལྐོག་གྱུར་ལ་ལིཊའོ། །ཊ་
ཡིག་སྔར་བཞིན་དབྱིའོ། །ཨི་ཡིག་ལིཊའི་ཀྭ་སུའོ་ཞེས་པ་རྟགས་ཀྱི་དོན་ཏོ། །ལའི་ཏིཔ་ཞེས་པ་ལ་སོགས་པའི་མདོས། །ཏིཔ་ལ་སོགས་པ་རྣམས་སོ། །ཏིཔ་སིཔ་མིཔ་རྣམས་ཀྱི་པ་ཡིག་སྔར་བཞིན་དབྱིའོ། །ཨ་ཏང་རྣམས་ཎ་པྲ་ཨཏུ་སྲ། ཨུསྲ། ཐལ། ཨ་ཐུས། ཨ། ཎལ་བ་རྣམས་སོ་ཞེས་པ་ཎལ་ལ་
Vol. 194 · folio 66a
སོགས་པ་རྣམས་སུ་བསྒྱུར་བར་འགྱུར་རོ། །ལ་ཡིག་དབྱངས་ཀྱི་དོན་ཏོ། །ཎ་ཡིག་ཨཱཏ་ཨཻཙའི་དོན་ཏོ། །ཐ་ལའི་ལ་ཡིག་ཐལ་ལ་ཨིཊ་ལའོ་ཞེས་པ་རྟགས་ཀྱི་དོན་ཏོ། །ཉ་དང་ཎ་འགྲོ་བ་ལའོ་ཞེས་པས་ཨཱེ་ཉིད་དོ། །ཙང་ལིཊ་དག་ལ་ཞེས་པས་གཉིས་ཉིད་དོ། །ཧལ་དང་པོ་མིན་པའིའོ་ཞེས་
པ་ཙ་དབྱིའོ། །ཐུང་ངུའོ་ཞེས་པས་ཐུང་ངུ་ཉིད་དོ། །ཙུའི་ཀུའོ་ཞེས་པས་ཀུ་ཉིད་དོ། །ལིཊ་ལ་དང་པོ་མ་བསྒྱུར་བའི་ཧལ་གཅིག་པའི་དབུས་སུ་ཨཏའི་འོ་ཞེས་པས་ཨེ་ཉིད་དོ། །ཝལ་དང་པོའི་ཨིཊའོ། །སའི་སུ་ཉིད་དེ་རྣམ་པར་གཅད་པའོ། །པ་པཱ་ཙ། པེ་ཙ་ཏུཿ། པེ་ཙུཿ། པ་པ་ཀཱ། པེ་ཙུ་ཐུཿ། པེ་ཙ། པ་པཱ་ཙ། པེ་ཙི་
བ། པེ་ཙིམ། ལིཊའི་ཨ་ཏང་རྫོགས་སོ།། །།ལིཊ་ཏང་བརྗོད་པར་འདོད་ན། ལྐོག་གྱུར་ལ་ལིཊའོ། །ཊ་ཡིག་དང་ཨི་ཡིག་དང་ཨི་ཡིག་སྔར་བཞིན་དབྱིའོ། །ཀླགས་པ་ལ་རྣམ་པར་བཤད་པ་ལས་སོ་ཞེས་པ་ཏ་དཱ་ན་རྣམས་སོ། །ཏའི་ཨེ་ཤའོ་ཞེས་པས་ཨེ་ཤ་རུ་བསྒྱུར་བའོ། །ཤ་ཡིག་ཐམས་ཅད་བསྒྱུར་བའི་
དོན་ཏོ། །ལིཊའི་ཨིར་ཙའོ་ཞེས་ཛྷ་ཡིག་གི་ཨིར་ཙ་རུ་བསྒྱུར་བའོ། །ཙ་ཡིག་དབྱངས་ཀྱི་དོན་ཏོ། །ཊ་འགྲོ་བའི་ཏང་རྣམས་ཀྱི་ཨེ་ཏའོ་ཞེས་པས་ཨེ་ཉིད་དོ། །ཨཱམུའིའོ་ཐཱསའི་སེའོ། །ཝལ་དང་པོའི་ཨིཊའོ། །ལིཊ་ལ་དང་པོ་མ་བསྒྱུར་བའི་ཧ་ལ་གཅིག་པའི་དབུས་སུ་ཨེ་ཏའོ་ཞེས་པས་ཨེ་ཉིད་དོ། །གཉིས་སུ་སྦྱོར་བའང་
མི་འགྱུར་རོ། །ཨཏའི་ཨཏ་ཨེང་ལའོ། །ཀུ་ལས་ཀྱང་ཞེས་པ་ཥ་ཉིད་དོ། །པེ་ཙེ། པེ་ཙཱ་ཏེ། པེ་ཙི་ཏེ། པེ་ཙི་ཥེ། པེཙཱ་ཐེ། པེ་ཙཱ་དྷྭེ། པེ་ཙེ། པེ་ཙི་ཝ་ཧེ་པེ་ཙི་མ་ཧེ། ལིཊ་དང་རྫོགས་སོ།། །།ལུཊ་ཏང་རྗོད་པར་འདོད་ན་པ་ཙུ་ཞེས་པ་གནས་པ་ལ་དེ་རིང་མ་ཡིན་པ་ལ་ལུ་ཊའོ། །ཊ་ཡིག །ཊ་འགྲོ་བའི་ཏང་
རྣམས་ཀྱི་ཨེ་ཏ་ཅེས་པ་རྟགས་ཀྱི་དོན་ཏོ། །ཨུ་ཡིག་ནི་ལུཊའི་དང་པོ་རྣམས་ཀྱི་ཌཱ་རཽ་རས་རྣམས་སོ་ཞེས་པ་རྟགས་ཀྱོ་དོན་ཏོ། །ལའི་ཏི་པུ་ཞེས་པ་ལ་སོགས་པས་ཏིབ་སོགས་རྣམས་སོ། །པ་ཡིག་དབྱི་བ་སྔར་བཞིན་ནོ། །སྱ་ཏས་དག་ལྲི་ལུཊ་དག་ལའོ་ཞེས་པས་ཏཱས྄འོ། །ལུཊའི་དང་པོ་རྣམས་ཀྱི་ཌཱ་རཽ་རས་རྣམས་སུ་
བསྒྱུར་བའོ། །ཌ་ཡིག་ནི་ཌ་འགྲོ་བ་ལ་ཞེས་པ་རྣམས་ཀྱི་དོན་དོ། །ཌ་འགྲོ་བ་ལ་ཞེས་པ་མཐའི་ཨཙ་དང་པོ་ཨཱས་དབྱིའོ། །ཏཱས་ཨས་ཀྱིང་ལའང་དབྱིའོ་ཞེས་པས་དབྱིའོ། །ཙུའི་ཀུའོ་ཞེས་པས་ཙའི་ཀ་ཉིད་དོ། །སའི་རུ་ཉིད་ལ་སོགས་པ་སྔར་བཞིན་ནོ། །པཀྟཱ། པཀྟཱ་རཽ། པཀྟཱརཿ། པཀྟཱ་སིཿ། པཀྟཱསྠཿ། པཀྟཱ་སྠ།
Vol. 194 · folio 66b
པཀྟཱ་སྨིཿ། པཀྟཱསྺཿ། པཀྟཱསྨཿ། ལུཊའི་ཨ་ཏང་རྫོགས་སོ།། །།ཏང་བརྗོད་པར་འདོད་ན་པཙ་ཞེས་གནས་པ་ལ། དེ་ཉིན་མ་ཡིན་པ་ལུཊའོ། །ཊ་ཡིག་དང་ཨུ་ཡིག་དག་སྔར་བཞིན་དབྱིའོ། །ལའི་གནས་སུ་ཏ་དཱ་ན་རྣམས་སུ་བསྒྱུར་བ་དང་ཏཱས་སྔར་བཞིན་ནོ། །ཏང་རྣམས་ཀྱིའོ་ཞེས་པས་ཌཱ་རཽ་རས་རྣམས་སོ། །ཌཱ་ཡིག་
ནི་ཌ་འགྲོ་ལ་ཞེས་པ་རྟགས་ཀྱི་དོན་ཏོ། །མཐའི་ཨཙ་དང་པོའིའོ། །ཏས་ཨས་ཀྱིར་ལའང་དབྱིའོ། །ཨམའིའོ། །ཐཱསའི་སེའོ། །དྷ་ལ་སང་ལའོ་ཞེས་པས་དབྱིའོ། །ཨེ་ཏ་ལ་ཧའོ་ཞེས་པས་ས་ཡིག་གི་ཧ་ཡིག་གོ། །ཏཊ་འགྲོ་བའི་ཏང་རྣམས་ཀྱི་ཨེཏའོ། །ཨཏའི་ཨཏ་ཨེང་ལའོ། །ཙུའི་ཀུའོ། །སའི་རུ་ཉིད་དེ་རྣམ་
པར་གཅད་པའོ། །པཀྟཱ། པཀྟཱ་རཽ། པཀྟཱརཿ། པཀྟཱ་སི། པཀྟཱསཱ་ཐེ། པཀྟཱདྷྭེ། པཀྟཱ་ཧེ། པཀྟཱ་སྺ་ཧེ། པཀྟཱ་སྨ་ཧེ། ལུཊ་ཏང་རྫོགས་སོ།། །།པ་ཙ་ཞེས་གནས་པ་ལ་འབྱུང་འགྱུར་ལ་ལྲྀཊའོ། །སྔར་བཞིན་ཊ་ཡིག་དབྱིའོ། །རྀ་ཡིག་ནི་དེ་དག་ལྲྀ་ཊའིའོ་ཞེས་པ་རྟགས་ཀྱི་དོན་ཏོ། །ལའི་གནས་སུ་ཏིཔ་སོགས་
རྣམས་སོ། །སྱ་ཏཱསྲ་དག་ལྲྀ་ལུཊ་དག་ལའོ་ཞེས་པས་ས་རྐྱེན་ནོ། །ཙུའི་ཀུའོ། །ཀུ་ལས་ཀྱང་ཞེས་པས་ཥ་ཉིད་དོ། །ཛྷའི་ཨནྟའོ། །ཨཏའི་ཨཏ་ཨེང་ལའོ། །ཨ་ཏིའི་ཨཱཏ་ཡ་ཉལའོ། །སའི་རུ་དེ་ཉིད་རྣམ་པར་བཅད་པའོ། །པཀྵྱ་ཏི། པཀྵྱ་ཏ། པཀྵྱནྟི། པཀྵྱ་སི། པཀྵྱ་ཐཿ། པཀྵྱ་ཐ། པཀྵྱ་མ། པཀྵྱ་ཝཿ། པཀྵྱམཿ།
ལྼྀཊ་ཨ་ཏང་རྫོགས་སོ།། །།ཏང་བརྗོད་པར་འདོད་ན། པཙྲ་ཞེས་པ་གནས་པ་ལ་འབྱུང་འགྱུར་ལ་ལྲྀཊའོ། །སྔར་བཞིན་དུ་ཊ་ཡིག་དང་རྀ་ཡིག་དབྱིའོ། །ལའི་གནས་སུ་ཏ་ལ་སོགས་པ་རྣམས་སོ། །སྔར་བཞིན་སྱའོ། །ཙུའི་ཀུའོ། །ཀུ་ལས་ཀྱང་ངོ་། །ཛྷའི་ཨནྟའོ། །ཨཏའི་ཨ་ཏ་ཨེང་ལའོ། །ཊ་འགྲོ་ཏང་རྣམས་ཀྱི་
ཨེ་ཏའོ། །ཨཱ་མའིའོ། །ཨཏ་ལས་ཨཱཏའི་ཨིཏའོ། །སྔར་བཞིན་ཏ་ཡིག་དབྱིའོ། །ཨ་ལས་ཨཏ་ཨེངའོ། །ཐཱ་སིའི་སེའོ། །ཨཏའི་ཨཱཏ་ཡཉ་ལའོ། །པཀྵྱ་ཏེ། པཀྵྱ་ཏེ། པཀྵྱནྟེ། པཀྵྱ་སེ། པཀྵྱེ་ཐེ། པཀྵྱ་དྷྭེ། པཀྵྱ། པཀྵྱ་ཝ་ཧེ། པཀྵྱམ་ཧེ། ལྲྀཊའི་ཏང་རྫོགས་སོ།། །།པ་ཙ་ཞེས་པ་གནས་པ་ལ། །
བསྒོ་བ་ཁས་ལེན་དུས་ལ་བབ་པ་རྣམས་ལ་ལོཊའོ། །ཊ་ཡིག་དབྱི་བ་སྔར་བཞིན་ནོ། །ཨོ་ཡིག་ལོ་ཊའི་ཨིའི་ཨུའོ་ཞེས་པ་རྟགས་ཀྱི་དོན་ཏོ། །ལའི་གནས་སུ་ཏིབ་ལ་སོགས་པ་རྣམས་སོ། །སྔར་བཞིན་པ་ཡིག་དབྱིའོ། །བྱེད་པ་པོ་ལ་ཤཔའོ། །སྔར་བཞིན་ཤ་དང་པ་ཡིག་དག་དབྱིའོ། །ཛྷའི་ཨནྟའོ། །ཨཏའི་ཨཏ་
Vol. 194 · folio 67a
ཨེང་ལའོ། །ལོ་ཊའི་ཨིའི་ཨུའོ་ཞེས་པས་ཨི་ཡིག་གི་ཨུ་ཡིག་ཉིད་དོ། །ཏས་ཐས་ཐ་རྣམས་ཀྱི་ཏཱན་ཏ་རྣམས་ཏེ། ང་འགྲོ་བའི་འང་ངོ་། །སིའི་ཧི་ངའོ། །ཨ་ཏ་ལས་དབྱིའོ། མིའི་ཨཱ་ནིའོ། །ཝ་མ་དག་ལ་ཊཱ་པའོ། །ཊ་ཡིག་ཊ་ཀི་ཏ་དག་དང་པོ་ཐམ་དག་གོ་ཞེས་པ་རྟགས་ཀྱི་དོན་ཏོ། །པ་ཡིག་པ་
འགྲོ་བའི་དོན་ཏོ། །ཨ་ཀའི་ཨཀ་ལ་རིང་པོའོ། །ཝས་མས་དག་གི་དབྱིའོ། །པཙ་ཏུ། པཙ་ཏཱཾ། པཙནྟུ། པ་ཙ། པ་ཙཱ་ནི། པ་ཙ་ཏ། པ་ཙཱ་ནི། པ་ཙཱམ། ལོཊ་ཨ་ཏང་རྫོགས་སོ།། །།ཏང་བརྗོད་པར་འདོད་ན། པ་ཙ་ཞེས་གནས་པ་ལ་སྔར་བཞིན་ལོ་ཊའོ། །སྔར་བཞིན་ཨོ་ཡིག་དང་ཊ་དག་དབྱིའོ། །ལའི་
གནས་སུ་ཏང་རྣམས་སོ། །བྱེད་པ་པོ་ལ་ཤ་པའོ། །སྔར་བཞིན་པ་ཡིག་དང་ཤ་ཡིག་དག་དབྱིའོ། །ཊ་འགྲོ་བའི་ཏང་རྣམས་ཀྱི་ཨེ་ཏའོ། །ཨ་ཏ་ལས་ཨཱཏའི་ཨིཏའོ། །ཨ་ལས་ཨཏ་ཨེངའོ། །ཨཱ་མའིའོ། །ཛྷའི་ཨནྟའོ། །ཨཏའི་ཨཏ་ཨེང་ལའོ། །ཐཱསའི་སེའོ། །ཨེ་ཏའི་ཨཱ་མའོ། །ས་བ་ལས་བ་ཨམ་དག་གོ། །ཨིཊ་
ལ་སོགས་པ་རྣམས་ཀྱི་ཨཻཔྲའོ། །པ་ཡིག་པ་འགྲོ་བའི་བྱ་བའི་དོན་ཏོ། །ཨེ་ཙལའོ། །བ་མ་དག་ལ་ཊཱཔྲའོ། །སྔ་མ་བཞིན་ཊ་ཡིག་པ་ཡིག་དབྱིའོ། །ཨ་ཀའི་ཨཀ་ལ་རིང་པོའོ། །པཙ་ཏཱཾ། པ་ཙེ་ཏཱཾ། པ་ཙནྟཱཾ། པཙསྭ། པཙ་ཐཱཾ། པ་ཙདྷྭཾ། པ་ཙཻ། པ་ཙཱ་ཝ་ཧཻ། པ་ཙཱ་མ་ཧཻ། ལོཊའི་ཏང་རྫོགས་སོ།། །།པཙ་ཞེས་པ་གནས་
པ་ལ་དེ་ཉིན་མ་ཡིན་པ་ལ་ལངའོ། །ང་ཡིག་ཏས་ཐས་ཐ་རྣམས་ཀྱི་ཏཱཾ་ཏནུཏ་རྣམས་ཏེ་ང་འགྲོ་བའི་འང་ངོ་ཞེས་པ་རྟགས་ཀྱི་དོན་ཏོ། །ལ་ཡིག་ཨ་ཡིག་ལའང་དྲྀ་ཥ་ལས་ཀྱང་ཡང་ནའོ་ཞེས་པ་རྟགས་ཀྱི་དོན་ཏོ། །ལའི་གནས་སུ་ཏིཔ་སོགས་རྣམས་སོ། །ལུང་ལང་ལྼྀང་རྣམས་ལ་མང་མི་ལྡན་ན་ཨཊའོ་ཞེས་པས་ཨཊ་ཨཱ་ཀ་མའོ། །ཊ་
ཡིག་ཊ་ཀི་ཏ་དག་དང་པོ་ཐ་མ་དག་གོ་ཞེས་པ་རྟགས་ཀྱི་དོན་ཏོ། །བྱེད་པ་པོ་ལ་ཤཔའོ། །ཤ་ཡིག་པ་ཡིག་དག་སྔར་བཞིན་དབྱིའོ། །ཨིཏའི་ཨ་དང་ལའོ་ཞེས་པས་ཨི་ཡིག་དབྱིའོ། །ཏས་ཐས་ཐ་རྣམས་ཀྱི་ཏཱཾ་ཏཾ་ཏ་སྟེ་པ་ང་འགྲོ་བའི་འང་ངོ་། །ཛྷའི་ཨནྟའོ། །ཨཏའི་ཨཏ་ཨེང་ལའོ། །བརྩེགས་པའི་ཚིག་གོའོ་ཞེས་པས་ཏ་དབྱིའོ། །
མི་པའི་ཨམའོ། །ཨ་ཏའི་ཨཱཏ་ཡཉ་ལའོ། །བས་མས་དག་གི་དབྱིའོ། །སའི་རྣམ་གཅད་དོ། །ཨ་པཙཏ྄། ཨ་པ་ཏ་ཏཱན྄། ཨཙན྄། ཨ་པ་ཙཿ། ཨ་པ་ཙ་ཏཾ། ཨ་པ་ཙ་ཏ། ཨ་པ་ཙཾ། ཨ་པ་ཙཱ་ཝ། ཨ་པ་ཙཱ་མ། ལིང་གི་ཨ་ཏང་རྫོགས་སོ།། །།ཏང་བརྗོད་པར་འདོད་ན། པཙ་ཞེས་གནས་པ་ལ་སྔར་བཞིན་ལིངའོ། །
Vol. 194 · folio 67b
ང་ཡིག་དང་ཨ་ཡིག་དག་དབྱི་བ་སྔར་བཞིན་ནོ། །ལའི་གནས་སུ་ཏལ་སོགས་པ་རྣམས་སོ། །སྔ་མ་བཞིན་ཨཊ་སྟེ་ཊ་ཡིག་དབྱི་བའང་ངོ་། བྱེད་པ་པོ་ལ་ཤཔའོ། །ཤ་ཡིག་པ་ཡིག་དག་དབྱི་བ་སྔར་བཞིན་ནོ། །ཨཏ་ལས་ཨཱ་ཏའི་ཨི་ཏའོ། །ཨ་ལས་ཨཏ་ཨེངའོ། །ཛྷའི་ཨནྟའོ། །ཨ་ཏའི་ཨཏ་ཨེང་ལའོ། །ཨཏའི་ཡཉ་ལ་ཨཱཏའོ། །རྣམ་
པར་གཅད་པའོ། །ཨ་པ་ཙ་ཏ། ཨ་པ་ཙེ་ཏཱན། ཨ་པ་ཙནྟ། ཨ་པ་ཙ་ཐཿ། ཨ་པཙེ་ཐཱམ། ཨ་པཙ་དྷྭཾ། ཨ་པ་ཙེ། ཨ་པ་ཙཱ་ཝཧི། ཨ་པ་ཙཱ་མ་ཧི། ལང་གི་ཏང་རྫོགས་སོ།། །།པཙ་ཞེས་པ་གནས་པ་ལ། །སྒྲུབ་པ་དྲི་བ་དྲི་བ་དོན་དུ་གཉེར་པ་རྣམས་ལ་ལིངའོ། །ཨི་ཡིག་ལིངའི་སཱི་ཡུཊའི་ཞེས་པ་རྟགས་ཀྱི་དོན་ཏོ། །ང་
ཡིག་དབྱི་བ་སྔར་བཞིན་ནོ། །ལའི་གནས་སུ་ཏི་བ་ལ་སོགས་པ་རྣམས་སོ། །བྱེད་པ་པོ་ལ་ཤ་པའོ། །སྨོན་པ་མ་ཡིན་པ་ལ་ང་འགྲོ་བའོ་ཞེས་པ་ཡཱ་སུཊའོ། །ཊ་ཡིག་ནི་ཊ་ཀིད་དག་དང་པོ་མཐའ་མ་དག་གོ་ཞེས་པ་རྟགས་ཀྱི་དོན་ཏོ། །ཨུ་ཡིག་ནི་བརྗོད་པའི་དོན་ཏོ། །མཐའ་མིན་པའི་སའི་དབྱིའོ། །ཨ་ཏ་ལས་ཨི་ཡའོ་
ཞེས་པས་ཨི་ཡ་རུ་བསྒྱུར་བའོ། །ཨ་ལས་ཨཏ་ཨེངའོ། །ཡའི་བལ་ལ་དབྱིའོ། །ཨ་ཏང་ལ་ཨིཏའིའོ། །ཏས་ཐས་ཐ་རྣམས་ཀྱི་ཏཱཾ་ཏཾ་ཏ་རྣམས་ཏེ། ང་འགྲོ་བའིའང་ངོ་། །ཛྷིའི་ཛུསའོ། །ཛ་ཡིག་ནི་ཛུས་སུཀ་དག་གིའོ་ཞེས་པ་རྟགས་ཀྱི་དོན་ཏོ། །མི་པའི་ཨཾ་མོ། །བས་མས་དག་གི་དབྱིའོ། །རྣམ་པར་གཅད་
པའོ། །པཙ་ཏཾ། པ་ཙེ་ཡུ། པ་ཙེཿ། པ་ཙེ་ཏཾ། པ་ཙེ་ཏ། པ་ཙེ་ཡཾ། པ་ཙེ་བ། པ་ཙེ་མ། ལིང་ཏང་རྫོགས་སོ།། །།ཏང་བརྗོད་པར་འདོད་ན། པཙྲ་ཞེས་པ་གནས་པ་ལ་དེ་ཉིད་བཞིན་ལིངའོ། །ང་ཡིག་ཨ་ཡིག་ཨི་ཡིག་དག་དབྱི་བ་སྔར་བཞིན་ནོ། །ལའི་གནས་སུ་ཏ་ལ་སོགས་པ་རྣམས་སོ། །བྱེད་པ་པོ་ལ་
ཤཔའོ། །ལངའི་སཱི་ཡུཊའོ་ཞེས་པས་བན་དུ་སཱི་ཡུཊའོ། །ཨུ་ཡིག་དང་ཊ་ཡིག་དག་དབྱི་བ་སྔར་བཞིན་ནོ། །མཐའ་མ་ཡིན་པའི་ས་དབྱིའོ། །ཨ་ལས་ཨཏ་ཨེངའོ། །ཡའི་བལ་ལ་དབྱིའོ། །ཛྷའི་རནའོ། །ཨི་ཊའི་ཨཏའོ། །རྣམ་པར་གཅད་པའོ། །པ་ཙེ་ཏ། པ་ཙེ་ཡཱ་ཙ་ཏཱུཾ། པ་ཙེ་ཏན། པ་ཙེ་ཐཿ། པ་ཙེ་ཐཱཾ།
པ་ཙེ་དྡྷཾ། པ་ཙེ་ཡ། པ་ཙེ་ཝ་ཧི། པ་ཙེ་མ་ཧི། ལིང་ཏང་རྫོགས་སོ།། །།པཙ་ཞེས་པ་གནས་པ་ལ་སྨོན་པ་ལ་དེ་ཉིད་བཞིན་ལིངའོ། །ང་ཡིག་དང་ཨི་ཡིག་དག་དབྱི་བ་སྔར་བཞིན་ནོ། །ལའི་གནས་སུ་ཏིཔ་ལ་སོགས་པའོ། །ཨཏ་ངའི་ཡཱ་སུ་ཊ་ཀི་ཏའོ་ཞེས་པས་ཡཱ་སུཊའོ། །ཨུ་ཡིག་དང་ཊ་ཡིག་དབྱེ་བ་སྔར་
Vol. 194 · folio 68a
བཞིན་ནོ། །ཨ་ཏང་ལ་ཨི་ཏའི་འོ། །བརྩེགས་པ་དང་པོ་ཀ་ས་དག་གི་མཐའ་ལའང་ངོ་ཞེས་པས་དབྱེའོ། །ཏས་ཐས་ཐ་རྣམས་ཀྱི་ཏཱི་ཏཾ་ཏ་རྣམས་སོ། །ཇྷིའི་ཛུསའོ། །སྔ་མ་བཞིན་ཛ་དབྱིའོ། །མི་པའི་ཨ་མའོ། །ཝས་མས་དག་གི་དབྱེའོ། །རྣམ་པར་གཅད་པའོ། །པ་ཙྱཱ་ཏ། པ་ཙྱཱསྟཱཾ། པ་ཙྱཱ་
སུཿ། པ་ཙྱཱཿ། པ་ཙྱཱསྟཾ། པ་ཙྱཱསྟ། པ་ཙྱཱ་སཾ། པ་ཙྱཱ་སྭ། པ་ཙྱཱ་སྨ། སྨོན་པའི་ལིངའི་ཨ་ཏང་རྫོགས་སོ།། །།པཙྲ་ཞེས་པ་གནས་པ་ལ། ཏང་བརྗོད་པར་འདོད་ན། །དེ་ཉིད་བཞིན་ལིངའོ། །ཨ་ཡིག་ང་ཡིག་དག་སྔར་བཞིན་དབྱིའོ། །ལིའི་གནས་སུ་ཏ་ལ་སོགས་པའོ། །ལིངའི་སཱ་ཡུཊའོ། །ཊ་ཡིག་ཨུ་ཡིག་དག་
སྔར་བཞིན་ནོ། །ཙུའི་ཀུའོ། །ཀུ་ལས་ཀྱང་ཞེས་པ་ཥ་ཉིད་དོ། །ཡའི་བར་ལ་དབྱིའོ། །ཏ་ཐ་དག་ལ་སུཊའོ་ཞེས་པ་སུ་ཊའོ། །ཨུ་ཡིག་ཊ་ཡིག་དག་དབྱི་བ་སྔར་བཞིན་ནོ། །ཀུ་ལས་ཀྱང་ཥ་ཉིད་དོ། །སྟུའི་ཥྩུ་ཥྚུ་དག་གི་དེ་དག་གོ་ཞེས་པས་ཏའི་ཊ་ཉིད་དང་ཐའི་ཋ་ཉིད་དོ། །ཛྷའི་ར་ཎའོ། །ཨི་ཊའི་ཨཏའོ། །རྣམ་པར་
གཅད་པའོ། །པཀྵཱཥྚི། པཀྵཱ་ཡཱ་ཏཱཾ། པཀྵཱི་ཏན། པཀྵཱིཥྛཿ། པཀྵཱི་ཡཱསྠཱཾ། པཀྵཱི་དྷྲཾ། པཀྵཱི་ཡ། པཀྵི་ཡ། པ་ཀྵཱི་ཝ་ཧི། པཀྵཱི་མ་ཧི། སྨོན་པའི་ལིངའི་ཏང་རྫོགས་སོ།། །།པཙ་ཞེས་པ་གནས་པ་ལ་བྱུང་བ་ལ་ལུངའོ། །ཨུ་ཡིག་ནི་ལུང་ལང་ལྲྀང་རྣམས་ལ་མཱང་མི་ལྡན་ན་ཨ་ཊའོ་ཞེས་པ་རྟགས་ཀྱི་དོན། འདི་ཉིད་ཀྱིས་
ཨཊའོ། །ཊ་ཡིག་དབྱི་བསྔར་བཞིན་ནོ། །ལའི་གནས་སུ་ཏིཔ་ལ་སོགས་པའོ། །ལུང་ལ་སིཙའོ། །ཨི་ཡིག །ཛཱ་གྲི་ཎི་ཤྭི་མ་ཡིན་པ་རྣམས་ཀྱི་སི་ཙ་ལ་ཨཏ་ལ་ཨཱ་ཏ་ཨེཙའོ་ཞེས་པ་རྟགས་ཀྱི་དོན་ཏོ། །ཙ་ཡིག་ནི་ཨཱ་ག་མ་ནུ་ཏྟའི་དབྱངས་དགག་པའི་དོན་ཏོ། །ཙུའི་ཀུའོ། །ཀུ་ལས་ཀྱང་ཞེས་པ་ཥ་ཉིད་དོ། །ཨ་པའི་ས་ཙ་
ལས་ཨལའིའོ་ཞེས་པ་ཨཱིཊའོ། །ཊ་ཡིག་དབྱི་བ་སྔ་མ་བཞིན་ནོ། །ཨི་ཏའི་ཨི་ཏང་ལའོ། །ཏས་ཐས་ཐ་རྣམས་ཀྱི་ཏཱཾ་ཏཾ་ཏ་རྣམས་ང་འགྲོ་བའིའང་ངོ་། །ཛྷལ་ལས་ཛྷལའོ་ཞེས་པས་སི་ཅ་དབྱིའོ། །ཧ་ལ་ལས་ཨ་ཙའིའོ་ཞེས་པས་ཨ་ཉིད་དོ། །ཛྷིའི་ཛུསའོ། །ཛ་ཡིག་ནི་ཛུས་སུཀ་དག་ལའོ་ཞེས་པ་རྟགས་ཀྱི་དོན་ཏོ། །མ་པའི་ཨམའོ། །
ཝས་མས་དག་གི་དབྱིའོ། །རྣམ་པར་གཅད་པའོ། །ཨ་པཱ་ཀྵཱི་ཏ། ཨཔཱཀྟཱ། ཨ་པཱཀྵཱུ། ཨ་པཱཀྛཱིཿ། ཨ་པཀྟཾ། ཨ་པཱཀྟ། ཨ་པཱཀྵཾ། ཨ་པཱ་ཀྵཱ། ཨ་པཱཀྵྨ། ལུང་གི་ཨ་ཏང་རྫོགས་སོ།། །།ཏང་བརྗོད་པར་འདོད་ན། པཙྲ་ཞེས་གནས་པ་ལ། འབྱུང་བ་ལ་ལུང་ངོ་། །ཨུ་ཡིག་ང་ཡིག་དག་དབྱི་བ་
Vol. 194 · folio 68b
སྔར་བཞིན་ནོ། །ལའི་གནས་སུ་ཏ་ལ་སོགས་པའོ། །སྔར་བཞིན་ཨ་ཊའོ། །ཊ་ཡིག་དབྱི་བའང་ངོ་། །ལུང་ལ་སིཙའོ། །ཨི་ཡིག་དང་ཙ་ཡིག་དབྱི་བ་སྔར་བཞིན་ནོ། །ཙུའི་ཀུའོ། །ཀུ་ལས་ཀྱང་ཞེས་པས་ཥ་ཉིད་དོ། །ཛྷལ་ལས་ཛྷལའོ། །ཨཏ་མ་ཡིན་པ་ལས་ཏང་ལའོ་ཞེས་པས་ཨཏ་རུ་བསྒྱུར་བའོ། །ཨཔཀྟ།
ཨ་པཀྵཱ་ཏཾ། ཨཔཀྵ་ཏ། ཨ་པཀྵཱ་ཐཿ། ཨ་པཀྵཱ་ཐཱཾ། ཨ་པཀྵ་དྷྭཾ། ཨ་པཀྵི། ཨ་པཀྵཱ་ཧི། ཨ་པཀྵྨ་ཧི། ལུང་ཏང་རྫོགས་སོ།། །།པཙ་ཞེས་གནས་པ་ལ། ལིང་ལས་བྱ་བ་ཤོར་བ་ལ་ལྲྀངའོ། །རི་ཡིག་གི་སྱ་ཏཱས་དག་ལྲཾ་ལུཊ་དག་ལའོ་ཞེས་པ་རྟགས་ཀྱི་དོན་ཏོ། །དེ་ཉིད་ཀྱི་སྱའོ། །ང་ཡིག་དབྱི་བ་
སྔར་བཞིན་ནོ། །ལའི་གནས་སུ་ཏིཔ་ལ་སོགས་པར་བསྒྱུར་བར་འགྱུར་རོ། །སྔར་བཞིན་ཨཊ་ཨཱ་ག་མའོ། །ཊ་ཡིག་དབྱི་བ་སྔར་བཞིན་ནོ། །ཙུའི་ཀུའོ། །ཀུ་ལས་ཀྱང་ངོ་ཞེས་པས་ཥ་ཉིད་དོ། །ཨིཏའི་ཨ་ཏང་ལའོ། །ཏས་ཐས་ཐ་རྣམས་ཀྱི་ཏཱཾ་ཏཾ་ཏ་རྣམས་ཏེ་ང་འགྲོ་བའི་འང་ངོ་། །ཛྷའི་ཨནྟའོ། །ཨ་ཏའི་ཨཏ་
ཨེང་ལའོ། །བརྩེགས་པའི་ཚིག་གིའོ་ཞེས་པས་ཏ་དབྱིའོ། །མི་པའི་ཨ་མའོ། །ཨ་མ་ལ་སྔོན་མའོ། །ཨཏའི་ཡཉ་ལ་ཨཱ་ཏའོ། །ཝས་མས་དག་གི་དབྱིའོ། །རྣམ་པར་གཅད་པའོ། །ཨ་པཀྵྱཏ། ཨ་པཀྵ་ཏཱཾ། ཨ་པཀྵྱན྄། ཨ་པཀྵྱཿ། ཨ་པ་ཀྵྱ་ཏཾ། ཨ་པཀྵྱ་ཏ། ཨ་པཀྵྱམྲ། ཨ་པཀྵྱ་ཝ། ཨ་པ་ཀྵྱ་
མ། ལྼྀང་ཨ་ཏང་རྫོགས་སོ།། །།ཏང་བརྗོད་པར་འདོད་ན། པཙ་ཞེས་གནས་པ་ལ་དེ་ཉིད་བཞིན་ལྼྀང་འོ། །རི་ཡིག་དང་ང་ཡིག་དབྱི་བ་སྔ་མ་བཞིན་ནོ། །ལའི་གནས་སུ་བཀླགས་པ་ལ་རྣམ་པར་བཤད་པ་ལས་སོ་ཞེས་པ་ཏ་ངཱ་ན་རྣམས་སུ་བསྒྱུར་བའོ། །ལུང་ལང་ལྼྀང་རྣམས་ལ་མཱང་མི་ལྡན་ན་ཨཊའོ། །ཊ་ཡིག་
དབྱི་བ་སྔ་མ་བཞིན་ནོ། །སྱ་ཏཱས་དག་ལྼྀང་ལུཊ་དག་ལའོ་ཞེས་པས་སྱའོ། །ཙུའི་ཀུའོ། །ཀུ་ལས་ཀྱང་ཀྱང་ཞེས་པས་ཥ་ཉིད་དོ། །ཛྷའི་ཨནྟའོ། །ཨཏའི་ཨཏ་ཨེང་ལའོ། །ཨཏ་ལས་ཨཱ་ཏའི་ཨི་ཏའོ། །ཨ་ལས་ཨཏ་ཨེངའོ། །ཨཏ་ཡཉ་ལས་ཨཱཏའོ། །སའི་རུ་ཉིད་དེ་རྣམ་པར་གཅད་པའོ། །ཨ་པཀྵྱེ་ཏཾ། ཨ་པཀྵྱ་
ཏཾ། ཨ་པཀྵྱནྟ། ཨ་པཀྵྱ་ཐཿ། ཨ་པཀྵྱེཐཱཾ། ཨ་པཀྵྱ་དྷྭཾ། ཨ་པཀྵྱེ། ཨ་པཀྵྱ་ཝ་ཧི། ཨ་པཀྵྱཱ་མ་ཧི། ལྼྀང་ཏང་རྫོགས་སོ།། །།ཏིང་ངའི་མཐའ་རྫོགས་སོ། །དཔལ་གྱིས་བྱེད་པ་ཡིན་ནོ། །བོད་ཀྱི་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་བས་བལ་པོའི་ཡུལ་རོལ་པའི་གྲོང་ཁྱེར་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་
Vol. 194 · folio 69a
པའོ། །འགྲོ་བ་དུ་མ་ལ་ཕན་པར་གྱུར་ཅིག །ཤོང་སྟོན་ལེགས་བཤད་ལྡེ་མིག་བླངས། །ལེགས་སྦྱར་སྐད་ཀྱི་གཏེར་ཁ་ཕྱེ། །གཞུང་ལུགས་རྒྱ་ཆེན་རིན་ཆེན་རྙེད། །ལེགས་བཤད་དགའ་སྟོན་འགྱེད་ལ་དབང་།།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words