འབྲེལ་པ་མདོར་བསྟན་པ

Sanskrit title (Tibetan script, as in the text) སཾ་བནྡྷ་ཨུདྡེ་ཤ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 194 · folio 69a

༄༅༅། །རྒྱ་གར་སྐད་དུ། སཾ་བནྡྷ་ཨུདྡེ་ཤ།། བོད་

སྐད་དུ། འབྲེལ་པ་མདོར་བསྟན་པ། གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་ཞིག་ཕ་རོལ་ཕྱིན་པ་རྫོགས། །གང་གསུང་འགྲོ་ལ་སྟོན་པར་མཛད། །བདེ་བར་གཤེགས་པ་བྱ་བ་བྱས། །སྐྱོབ་པ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་བསམ་གཏན་གྱིས་བསྟེན་ལ། །ངག་གི་འབྱོར་པ་རྣམས་སྐྱེ་བ། །ཁྱབ་བདག་

བདུད་བཞིའི་དགྲ་སྟོན་པ། །འཇམ་པའི་དཔལ་གྱིས་རྒྱལ་བྱེད་ཤོག །གང་ཞིག་ཡོན་ཏན་བརྗོད་ལ་ཆགས། །སྐྱོན་དང་ལྡན་ལ་ཆགས་དང་བྲལ། །ཡོན་ཏན་སྐྱོན་དག་འབྱེད་མཛད་པོ། །གཟུ་བོར་གནས་དེ་ལ་ཕྱག་འཚལ། །འབྲེལ་བ་སྒྲ་ཡི་བསྟན་བཅོས་ཀྱི། །དོན་མཆོག་གཅེས་པར་གནས་པ་སྟེ། །རིག་པ་བཞི་ལ་

ཉེར་མཁོ་བ། །གསལ་བར་ཉེ་བར་བསྟན་པར་བྱ། །གང་དུ་དོན་གང་ཏི་སོགས་དང་། །ཏ་བྱ་སོགས་དང་དེ་ཕན་ནམ། །ཚིག་སྡུད་ཀྱིས་ནི་བསྒྲུབ་པ་དེ། །བརྗོད་པ་དེ་ལས་དང་པོར་འགྱུར། །བརྗོད་པའི་དོན་གྱི་གྲངས་མཆོག་ཏུ། །ཏི་སོགས་རྣམས་ཀྱིས་འཛིན་པར་བྱེད། །རྟགས་གྲངས་རྣམ་པར་དབྱེ་རྣམས་ནི། །ཀྲྀཏ་

དང་དེ་ཕན་ཚིག་སྡུད་ཀྱིས། །མིང་གཉིས་ངག་གམ་མང་པོ་རྣམས། །གལ་ཏེ་ངག་ལ་ཚོགས་པ་ན། །ཡན་ལག་ཚོགས་པ་ལ་བརྟེན་གྲངས། །ཏི་སོགས་དང་ནི་ཁྱད་པར་ལའོ། །རང་བཞིན་ནམ་ནི་རྣམ་འགྱུར་དང་། །གང་དུ་གཉི་གའང་བརྗོད་ཉིད་ན། །རྗོད་པར་བྱེད་པས་རང་བཞིན་གྲངས། །འཛིན་བྱེད་རྣམ་འགྱུར་

གྱིས་མ་ཡིན། །གང་དུ་ཁྱད་པར་ཁྱད་པར་ཅན། །ལྷན་ཅིག་དོན་གཅིག་འགྱུར་བ་དེར། །རྟགས་ལ་སོགས་རྣམས་ཕལ་ཆེར་ནི། །ཁྱད་པར་ཅན་རྣམས་ཁྱད་པར་ལའོ། །རྟགས་དང་གྲངས་ནི་ཐ་དད་ནའང་། །དཔེ་དང་དཔེར་བྱ་ཉིད་ཡིན་ལ། །དཔེ་དང་དཔེར་བྱ་ཉིད་དག་གི། །རྣམ་དབྱེ་གཅིག་པ་ཁོ་ནའོ། །སྦྱར་བའང་

རྟོགས་པར་བྱ་བ་ལའང་། །ཁྱོད་བརྗོད་པ་ལ་དབུས་མའོ། །དེ་བཞིན་དེ་ལ་ཕྱི་མ་སྟེ། །དེ་ལས་གཞན་དུ་དང་པོར་འགྱུར། །གལ་ཏེ་གཅིག་ཚེ་བྱ་བ་དང་། །དུས་ཀྱི་ཚིག་རྣམས་རྟོགས་བྱེད་ན། །མིང་སོགས་བརྗོད་ལ་ཕ་རོལ་གྱི། །སྐྱེས་བུ་གང་དེ་བྱིངས་ལས་འགྱུར། །གང་ཚེ་དོན་དང་བྲལ་བ་ཡིས། །ཁྱོད་དང་ངེད་

Vol. 194 · folio 69b

དག་བསྟན་བྱར་འགྱུར། །གཉིས་པོ་དེ་དག་སྦྱོར་བ་ལ། །བྱིངས་ལས་དབུས་དང་ཕྱི་མ་མིན། །འགྲོ་དང་རྟོགས་དང་ཟས་དོན་ཅན། །སྒྲ་དོན་ལས་མེད་རྣམས་ཀྱི་གང་། །ཨིན་མེད་ལ་ནི་བྱེད་པོ་གང་། །ཨིན་ལ་ཡང་འདི་ལས་མིན་ཅན། །ཧྲྀ་ཀྲྀའི་ཨིན་མེད་བྱེད་པོ་གང་། །ཨིན་ལ་ཡང་ན་འདི་ལས་འགྱུར། །ཨ་བྷི་བཱདི་ཤའི་འང་། །

ཨཱདྨ་ནི་ཡུལ་ལ་དེ་བཞིན། །ནཱི་ཁཱ་དི་ཧྭཱ་དི་ཤ་བྷྭཱ་ཡ། །ཀྲཱནྡའི་བྱེད་པ་པོ་དེ་ལས་མ་ཡིན། །བ་ཧིའི་ཁ་ལོ་བ་མིན་རྒྱུ་ལའོ། །བྷཀྵིའི་བྱིངས་ལས་འཚེ་བ་མིན་པ་ལའོ། །ནཱི་དང་བ་ཧ་སོགས་ཀྱི་གཙོ། །དུ་ཧ་སོགས་ཀྱིས་སྒྲུབ་བྱེད་དེ། །ཨིན་མཐའ་རྣམས་ཀྱི་ལས་མཁས་བླངས། །བརྗོད་བྱ་སྦྱོར་བ་པོ་བྱེད་པོར། །བརྗོད་པར་བྱ་བ་

ཡོད་མིན་ལ། །གཞན་ཡང་ལས་ལས་སྐྱེས་པར་གསུངས། །ལས་གཞན་ཡང་དག་ཡོང་བ་ན། །དུས་སོགས་མ་བརྗོད་ན་ཡང་ངོ་། །གལ་ཏེ་གང་ཞིག་ཁྱད་པར་ཅན། །ཏི་སོགས་ཀྲྀ་ཏས་བརྗོད་ཉིད་ཅིང་། །བྱ་བ་ཁྱད་པར་གྱིས་མ་བརྗོད། །དེ་ཡང་བརྗོད་པར་འགྱུར་ཞེས་པའོ། །བརྗོད་པ་ཉིད་ནི་ཚིག་གཞན་གྱིས། །བརྗོད་པ་ཉིད་དུ་ལ་ལར་འགྱུར། །

ལ་ལར་བརྗོད་པ་མ་བརྗོད་ཉིད། །ལ་ལར་མ་བརྗོད་མ་བརྗོད་འགྱུར། །ཞེས་པ་འབྲེལ་པ་མདོར་བསྟན་པ་ཐུན་མོང་དུ་བསྟན་པ་སྟེ་དང་པོའོ།། །།པ་རསྨཻ་བྱེད་པ་པོ་བརྗོད། །ཨཱད་མ་ནི་ཚིག་དོན་གསུམ་རྣམས། །བྱིངས་ཀུན་པ་ལ་ཡ་ཎ་འདི། །དངོས་པོ་ལས་བསྒྲུབ་པ་ལ་འགྱུར། །བྱིངས་ཀུན་པ་ལ་བྱེད་པ་པོ། བསྒྲུབ་

ལ་རྣམ་འགྱུར་ཐམས་ཅད་རྣམས། །ཨ་དྱ་ཏ་ནཱིའི་རྣམ་དབྱེ་ལ། །སིཙ་སཎ་བྱེད་པོ་ལས་ལ་འགྱུར། །ཙཎ་ཨཎ་བྱེད་པ་པོ་ལ་འགྱུར། །ཨི་ཙ་ཕལ་ཆེར་དངོས་ལས་ལ། །ཤྭསྟ་ནཱི་སྱ་སིཙ་སྨོན་ལ། །ཨིཊ་ཨིཙ་བཞིན་དུ་དངོས་ལས་ལ། །ཏ་ནི་གྲ་ཧི་ཏྲཱྀ་ཤ་དབྱངས་མཐའ་ལས། ཚིགས་བཅད་ཕྱེད་ནི་བྱེ་བྲག་བཤད་པར་བྱ། །

ཨ་ཏི་པད་ཏི་པ་རོཀྵ། །ཨ་དྱ་ཏ་ནཱི་ཧྱསྟནཱི། །བཞི་རྣམས་འདས་པའི་དུས་ལ་འགྱུར། །བརྟ་མཱ་ན་ད་ལྟར་ལའོ། །བྷ་བི་ཥྱ་ཏི་སྨོན་པ་ཡང་། །དེ་ལས་འབྱུང་འགྱུར་ལ་འགྱུར་རོ། །སང་ལ་ཤྭ་སྟ་ནཱི་རྟག་ཏུའོ། །དེ་ཉིད་གཞན་དུའང་བྱེ་བྲག་བཤད། །ཆོ་ག་སོགས་ལ་བདུན་པ་དང་། །ལྔ་པའོ་བསྒོ་དང་སྨོན་ལམའང་

དེ། །སྒྲ་གཞན་སྦྱོར་ལ་རང་གི་ནི། །སྤྱོད་ཡུལ་རྣམས་ལས་གཞན་དུའང་འགྱུར། །ཞེས་པ་ཏི་སོགས་བསྟན་པ་སྟེ་གཉིས་པའོ།། །།དངོས་ལས་ལ་ཀྲྀ་ཏ་རྣམས་འགྱུར། །ལས་དང་བྱེད་པོར་ཀ་ལི་མའོ། །ལ་ལར་གཞན་ལའང་ཀྲྀ་ཏྱ་རྣམས། །ཁ་ལའི་དོན་དག་དངོས་ལས་ལ། །ཨཱ་ཤི་ཏ་ཉེ་ཚིག་བྷཱུ་ལས། །

Vol. 194 · folio 70a

དངོས་དང་བྱེད་ལ་ཁ་འགྱུར་རོ། །བྱེད་ལ་ཀྲཾ་ཉ་ལས་ཁྱུཊ྄འོ། །ལས་ལ་ཊཀྲ་ས་ཀ་ཀྭིཔྲ་ཀྱང་བལྟ། །ཀྟ་འགྲོ་བའི་དོན་ལས་བྱུང་ལ། །དངོས་ལས་བཞི་བྱེད་པོ་ལ་འགྱུར། །གལ་ཏེ་ལས་མེད་ལས་བྱེད་པའམ། །གཞི་དང་དངོས་དག་ལཀྟ་འགྱུར། །དངོས་པོ་གཞི་དང་ལས་རྣམས་ལ། །ཟ་བའི་

དོན་ལས་ཀྟ་རབ་གྲགས། །ལས་བརྗོད་འདོད་པ་མེད་པ་ཡི། །བྱིངས་ལས་དངོས་པོ་ཙམ་ལའོ། །ཤླིཥ་ཤིཉ་བས་ཛྲཥ་ཨསྠཱ་དང་། །ཛ་ན་རུ་ཧ་ལས་ཕ་རོལ། །ཀྟ་གསུམ་ལ་འགྱུར་དེ་བཞིན། །རྩོམ་ལའོ་ལྷག་ལས་ལ་བཤད། །འདི་ཡི་དེ་མ་ཐག་བརྗོད་པ། །ཐམས་ཅད་ལས་ཀྱང་བྱེད་པོ་ལའོ། །དངོས་ལ་མང་པོ་གྷཉ྄་

སོགས་རྣམས། །དེ་རྣམས་འགའ་ཞིག་བྱེད་དྲུག་ལ། །རྫས་བཞིན་ཀྲྀཏའི་དངོས་པོར་འགྱུར། །དེས་ན་གཉིས་ཚིག་ལ་སོགས་ཀྱང་། །མང་པོར་ཡོད་ལའང་ལས་ནི། །དངོས་དོན་དུ་བྱས་ཀྲྀཏ་རྣམས་སོ། །གལ་ཏེ་བྱེད་པོ་གཅིག་བྱ་བ། །གཅིག་མིན་དེ་ཚེ་སྔོན་དུས་ལས། །དངོས་ལཀྟཱ་སོགས་སོ་འདི་ལ། །བྱ་བ་ཕ་རོལ་དེ་དོན་ཏུམ། །

ཝུ་ཎ་ཏྲྀ་ཙ་ལ་སོགས་ཐམས་ཅད་རྣམས། །བྱེད་པ་པོ་ནི་བརྗོད་པར་བསྟན། ཤནཏྲྀངྲ་ཨཱན་དང་ཀྭན་སུ་ཡང་། །བྱ་བ་གཞན་དང་ལྟོས་བཅས་འགྱུར། །བྱིངས་དོན་འབྲེལ་ལ་ཀྲྀཏ་རྣམས་ནི། །དུས་གཞན་རྗོད་པར་བྱེད་པར་འགྱུར། །སྔ་མ་ཕྱེད་དང་ལྷན་ཅིག་གོ། །ཞེས་པ་ཀྲྀཏ་མདོར་བསྟན་པ་སྟེ་གསུམ་པའོ།། །།

དོན་གང་ལ་ནི་ཏི་སོགས་སོགས། །དེ་རྣམས་སྒྲུབ་པར་མི་བྱེད་དེ། །མ་བརྗོད་པ་ངེར་ལ་སོགས་ལ། །ཇི་ལྟ་ཇི་ལྟར་གཉིས་པ་སོགས། །ལས་ལ་གཉིས་པ་རབ་བརྗོད་དེ། །བྱེད་པོ་བྱེད་དྲུག་ལ་གསུམ་པ། །བྱེད་པ་ལ་ཡང་དེ་ཉིད་འགྱུར། །བཞི་པ་ཡང་དག་རབ་སྦྱིན་ལས། །འབྱུང་ཁུངས་ལ་ནི་ལྔ་པ་སྟེ། །འབྲེལ་པ་

ཙམ་ལ་དྲུག་པ་སྟེ། །ལས་དང་བྱེད་པོ་ཀྲྀཏ་སྦྱོར་ལ། །གཉིས་དག་ཐོབ་ན་བྱེད་པོར་མིན། །གྷཉ་སོགས་ཀྱི་ཡང་ནའོ་ཨ་ཀ་དང་། །ཨ་ཡིག་ལའི་གཉིས་ཀ་ལ་ཡང་འགྱུར། །ཀྲྀ་ཏྱ་རྣམས་ཀྱི་འདི་འདྲར་གཉིས་ཀ་ལའང་། །མ་ཡིན་བྱེད་པོ་འབའ་ཞིག་ལ་ཡང་ནའོ། །ནིཥྛཱ་ཨུཏ་མཐའ་མི་ཟད་ཨུ་ཀ་ཏྲིན། །ཤན་ཏྲྀ་ཨཱ་ན་

ཀྭན་སུ་འབྱུང་འགྱུར་གྱི། །ཨིན་ཝ་ཎུ་དེར་ཚུལ་ཀི་བུ་ལོན་ལ། །ཎི་ནི་རྣམས་སྦྱོར་བ་ལས་དེ་མ་ཡིན། །དངོས་ལ་ཀྟའི་བྱེད་པོར་ཡང་ན་སྟེ། །ཤན་ཏྲྀང་བརྗོད་དྭིཥའི་ལས་ལ་ཡང་། །ཀྲྀཉའི་འབད་ལ་ཀྲྀཏ་དང་ཀུན་བཤད་ལའོ། །ཧྲྀཉ྄་གྱིའང་རྗེས་སུ་བྱེད་ལ་དེ་བཞིན་ནོ། །དྲན་དང་འཚེ་དོན་དག་གི་དེ་བཞིན་ཏེ། །ཚིམ་པའི་དོན་གྱི་

Vol. 194 · folio 70b

བྱེད་ལའང་ཡང་ནའོ། །བཞི་ལ་འཇུག་བཞིན་པ་ཡི་ཀྟ་ཡི། །བྱེད་པ་པོ་དང་ལས་དག་ལ་དེའོ། །བཞི་ལ་བདུན་པར་ཤེས་པར་བྱ། །ཀྟ་ཨིན་རང་བཞིན་གྱི་ལས་ལ། །བྱ་གང་བྱ་བའི་རྟགས་ལའང་། །དེ་ལས་མི་གུས་ལ་དྲུག་པ་ལའང་། །ངེས་པར་དགར་བ་ལ་དེ་བཞིན། །ལས་རབ་བརྗོད་དང་ཨ་ན་ལ། །གཉིས་པའོ་ས་མ་

ཡ་སོགས་དང་། །ཨུ་པ་རི་སོགས་ཨ་བྷྱ་སྟ། ཨུ་བྷ་ཡོ་སོགས་ཏས་མཐའ་ཡིས། །གཙོ་འདྲ་ཡོངས་སུ་བརྗེ་བ་ལ། །པྲ་ཏིས་སྦྱོར་བ་ལས་ལྔ་པ། །ཨ་དྷིས་ཇོ་བོ་ལ་བདུན་པ། །ཨུ་པས་ལྷག་པ་ལས་ཀྱང་དེ། །བྲི་ཐག་ནཱ་ན་སྦྱོར་བ་ལས། །གསུམ་པ་དང་ནི་ལྔ་པ་ཡང་། །སྟོ་ཀ་སོགས་སེམས་ཅན་མིན་ལས་བྱེད་ལ། །

བུ་ལོན་རྒྱུ་ལས་ཡོན་ཏན་ལས་ཡང་ནའོ། །གང་གི་དོན་དུ་ཅུང་ཟད་ཉིད་གྱུར་པ། །ཡང་དག་རབ་སྦྱིན་པ་ལས་བཞི་བར་འགྱུར། །གང་ལ་ཁྲོ་བ་དེ་ལས་དང་། །ན་མས་ལ་སོགས་པ་ལ་འདི། །འགྲོ་དོན་རྣམས་ཀྱིས་ལས་ལ་ལམ། །མིན་པར་གཡོ་བ་ལ་རྣམས་བཤད། །མ་ནྱི་ཏའི་འང་ནཱ་བ་སོགས། །མིན་ལ་མི་གུས་

རྟོགས་བྱ་ནའོ། །རྀ་ཏེ་སྦྱོར་ལས་ལྔ་པ་དང་། །གཉིས་པ་ཡང་སྟེ་འདི་གཉིས་སོ། །བི་ནཱ་སྦྱོར་ལས་དེ་དང་ནི། །གསུམ་པའང་ཁྱད་པར་དུ་འགྱུར་རོ། །མཚན་ཉིད་རྒྱུ་དང་ལྷན་ཅིག་གི། །དོན་སྦྱོར་བ་ལས་གསུམ་པའོ། །ཧེ་ཏུས་དྲུག་པའོ་རྒྱུ་དོན་རྣམས། །སཪྺ་ནཱ་མི་ལས་ཐམས་ཅད། །ལས་ལ་སོགས་རྣམས་བརྗོད་འདོད་

པས། །རབ་ཏུ་སྦྱོར་ལས་བརྟག་པར་བྱ། །ཞེས་པ་ཀཱ་ར་ཀ་མདོར་བསྟན་པ་སྟེ་བཞི་པའོ།། །།གང་དུ་གཉིས་པ་སོགས་མིང་དང་། །ཕ་རོལ་ཚིག་གིས་སྡུད་པ་དེ། །དེ་ཡི་སྐྱེས་བུ་ཞེས་བཤད་གང་། །ཕ་རོལ་དེ་ཕལ་ཆེར་ཕ་རོལ། །ཁྱད་པར་ཅན་དང་ཁྱད་པར་ནི། །གལ་ཏེ་དེ་གཉིས་དོན་གཅིག་ལ། །དེ་

ནི་ལས་འཛིན་བྱེད་པ་དེར། །ཕལ་ཆེར་སྔོན་མ་ཁྱད་པར་རོ། །གང་ཞིག་དེ་ཕན་དོན་དང་ནི། །ཀུན་སྡུད་པའམ་ཕྱི་ཚིག་ལ། །གང་དུ་གྲངས་དང་འགྲང་བྱའི་ཚིག །བསྡུས་པ་བ་གཉིས་པར་འགྱུར་རོ། །གཉིས་དག་དེ་ཡི་སྐྱེས་བུ་སྟེ། །དེས་ན་དེ་བརྟེན་བྱ་བའོ། །གང་དུ་གཅིག་མིན་གཞན་དོན་ན། །དེ་ནི་འབྲུ་མང་

པོར་བརྗོད་བྱ། །གལ་ཏེ་གཡུལ་ལ་མཐུན་གཟུགས་ལ། །ཕྱོགས་རྣམས་མིན་དག་ཕྱོགས་། །མིང་དག་མིང་རྣམས་སྡུད་པ་ལ། །གཞན་དང་གཞན་ནི་སྦྱོར་བ་དང་། །ཀུན་སྡུད་པ་ལ་དང་དོན་དག །སྡུད་པར་བྱེད་པ་ཟླས་དབྱེར་འགྱུར། །དེར་དབྱངས་རབ་ཉུང་ཕལ་ཆེར་སྔོན། །གཉིས་ཀྱི་གང་ཞིག་མཆོད་

Vol. 194 · folio 71a

ཐ་ཡང་། །གང་དུ་རྣམ་དབྱེ་སོགས་ལ་ནི། །གྲངས་མེད་དེ་མི་ཟད་འགྱུར་བརྗོད། །རཱ་མཛ་མིན་དང་མི་མིན་ལས་ཕ་རོལ། །ས་བྷཱ་དྲུག་པས་དེ་ཡི་སྐྱེས་བུ་ཅན། །མ་ནིང་ཨ་ཤྭ་ལ་བརྗོད་བྱའང་། །མང་པོ་སྔོན་མ་ཅན་ཚཱ་ཡཱ། །སེ་ནཱ་སུ་རཱ་ཤཱ་ལཱ་དང་། །ནཱི་ཤཱ་ཚཱ་ཡ་འདི་ཡང་ནའོ། །ཨུ་པ་ཀྲ་མ་ཨུ་པ་

ཛྙཱ། །དང་པོ་གསལ་བྱེད་རྟག་ཏུའོ། །རཱ་ཏ་ཨ་ཧན་སྐྱེས་པར་ཤེས་བྱ་སྟེ། །ཨ་ཧའང་པུཎྱསུ་ད་ནི་མིན་ལས། །གྲངས་མེད་ལ་ཕ་རོལ་པ་ཐཱ་མ་ནིང་། །ཀུ་ལས་བིལ་ས་ཡང་ན་ཞེས་པར་བསྟན། །ཞེས་པ་བསྡུ་བ་མདོར་བསྟན་པ་སྟེ་ལྔ་པའོ།། །།འབྲེལ་པ་བྱེད་དྲུག་ཚོགས་པ་དང་། །དངོས་པོར་རིགས་དང་གཞན་ལ་

ཡང་། །དེ་ཕན་དྲག་པ་རྣམས་བཤད་དོ། །སྡུད་པའི་མཐའ་དང་གྲངས་མེད་པའང་། །ཞེས་པ་དེ་ཕན་མདོར་བསྟན་པ་སྟེ་དྲུག་པའོ།། །།འབྲེལ་པ་མདོར་བསྟན་པ་ཞེས་བྱ་བ་ཀཱ་ཡསྠ་ཙཱཾ་ཀ་དཱ་སས་མཛད་པ་རྫོགས་སོ།། །།སྟག་སྡེ་བ་སེང་གེ་རྒྱལ་མཚན་གྱི་སྲས་ཀྱི་ཐུ་བོ་སྐད་གཉིས་སྨྲ་བ་རྣམས་ཀྱི་མཆོག །ཤོང་

སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བཤད་པའི་སྲོལ་ལ་བརྟེན་ནས་ལེགས་པར་སྦྱར་བ་བརྡ་སྤྲོད་པའི་ཚུལ་ཅུང་ཟད་རིག་པ་དཔལ་ལྡན་བློ་གྲོས་བརྟན་པས། དགེ་བའི་བཤེས་གཉེན་རྟོགས་ཤིང་དཔོན་པོ་དང་། བདེ་བ་ཆོས་ཀྱི་བཟང་པོ་ལ་སོགས་པས་མཐུན་རྐྱེན་བསྒྲུབས་པ་ལ་བརྟེན་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

འདིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག །འདིར་འབད་དགེ་བས་འགྲོ་བ་ཀུན། །གཉིས་མེད་གསུང་བས་བསྟན་པ་ཡི། །བརྗོད་མེད་དེ་ཉིད་རབ་རྟོགས་ནས། །ངག་གི་དབང་ཕྱུག་ཉིད་གྱུར་ཅིག། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words