ཀ་ལཱ་པའི་འགྲེལ་པ་ཉུང་དུ་ལས་སློབ་མ་ལ་ཕན་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཀ་ལཱ་པ་ལ་གྷུ་བྲྀཏྟི་ཤི་ཥྱ་ཧེ་ཏ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 195 · folio 31b
༄༅༅། །རྒྱ་གར་སྐད་དུ། ཀ་ལཱ་པ་ལ་གྷུ་བྲྀཏྟི་ཤི་ཥྱ་ཧེ་ཏ་ནཱ་མ། བོད་སྐད་དུ། ཀ་ལཱ་པའི་འགྲེལ་པ་ཉུང་དུ་ལས་སློབ་མ་ལ་ཕན་པ་ཞེས་བྱ་བ།
སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེ་ནས་པ་ར་སྨཻའི་ཚིག་རྣམས་བརྗོད་པར་བྱའོ། །ཨ་ཐ་པར་སྨཻ་པ་དཱ་ནི། ཨ་ཐ་ཞེས་བྱ་བ་ནི་བཀྲ་ཤིས་པའི་དོན་ཏོ། །གཞན་གྱི་ཚིག་རྣམས་བཤད་དེ་ཞེས་བྱ་བ་ནི་དབང་དུ་བྱས་པ་སྟེ། འདི་རྣམས་ནི་སྔ་མ་དགུའོ། །དེ་ལ་བརྟ་མཱ་ན་ནི། འདི་རྣམས་ཏེ།
ཏི། ཏས྄། ཨནྟི། སི། ཐས། ཐ། མི། ཝས། མས། ཨི་ཏི། ན་བ་པཱ་རཱ་ཎྱཏྨ་ནེ། ཕྱི་མའི་རྐྱེན་དགུ་ནི་བདག་གི་ཚིག་རྣམས་ཏེ། འདི་ཡང་དབང་དུ་བྱས་པའོ། །གྲངས་ནི་འདི་རྣམས་སོ། །ཏེ། ཨཱ་ཏེ། ཨནྟེ། སེ། ཨ་ཐེ། དྷྭེ། ཨེ། བ་ཧེ། མ་ཧེ། ཨི་ཏི་ཞེས་བྱ་བ་འདི་ལྟར་བྱེད་པའི་ཚིག་
Vol. 195 · folio 32a
ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །ཏྲི་ཎཱི་ཏྲི་ཎཱི་པྲ་ཐ་མ་མ་དྷྱཱ་མོཏྟ་མཱ། གཞན་གྱི་ཚིག་རྣམས་དང་བདག་གི་ཚིག་ཅན་རྣམས་གང་ཡིན་པ་གསུམ་གསུམ་གྱི་ཚིག་དེ་རྣམས་ནི་དང་པོའི་སྐྱེས་བུ་དང་། སྐྱེས་བུ་བར་མ་དང་། སྐྱེས་བུ་མཆོག་ཅེས་བའི་མིང་དུ་འགྱུར་རོ། །
དེ་དག་ནི་འདི་རྣམས་ཏེ། ཏི། ཏས། ཨནྟི་ཞེས་བྱ་བ་ནི་དང་པོའི་སྐྱེས་བུའོ། །སི། ཐས། ཐ་ཞེས་བྱ་བ་ནི་སྐྱེས་བུ་བར་མའོ། །མི། བས། མསྲ་ཞེས་བྱ་བ་ནི་སྐྱེས་བུ་མཆོག་གོ། །དེ་བཞིན་དུ་བདག་གི་ཚིག་ཅན་རྣམས་ལ་ཡང་སྦྱར་རོ། །འདི་ལྟར་བྱེད་པའི་ཚིག་ཐམས་ཅད་ལ་སྦྱར་བར་བྱའོ། །ཡུགྤ་
དྷྭ་ཙ་ནེ་པ་རཿ པུ་རུ་ཥཱ་ཎཱ་མ། དང་པོ་དང་བར་མ་དང་། སྐྱེས་བུ་མཆོག་རྣམས་ཀྱི་མིང་གང་དུ་དུས་མཚུངས་པར་འཐོབ་པར་གྱུར་ན་དེ་ལ་ཕ་རོལ་ཏད་ལ་སི་སྦྱར་བས་ཏྱདའི་མདོས་དས་ཨ་ཐོབ། ཏས་ས་ཐོབ། ཨུཤྨད྄་ལ་སི་སྦྱར་བ་ཏྭཾ་ཙཱ། ཨ་སྨད྄་ལ་སི་སྦྱར་བས་ཧྭཾ་ཙཱ། པ་ཙ་ལ་སྐྱེས་བུ་མཆོག་གི་མང་
པོའི་ཚིག་མས་སྦྱར། བར་དུ་ཨཎ་སྦྱར། ན་ཕྱི། ཨ་དང་ཙ་སྦྱར། །ཨ་སྱ་ཝ་མོ་དཱིརྒས་ཙབྲ་སྲིངས་པའོ། །གཉིས་པ་ལས་ཀྱང་ཕ་རོལ་གྱི་དབང་ཡིན་པར་འགྱུར་བ་སྟེ། དེ་དང་པོའི་ཚིག་དང་། བར་པའི་ཚིག་གཉིས་ལས་བར་མས་ཐོབ་སྟེ། པ་ཙ་ལ་བར་མའི་བྱེད་ཚིག་གཉིས་པ་ཐས་དང་། བར་དུ་
ཨན྄སྦྱར་བའོ། །སྒྲུབ་པ་གོང་བཞིན་ནོ། །པ་ཙ་ཐའོ། །ནཱ་མཱི་པྲ་ཡུ་ཛྱ་མཱ་ནེ་པྲ་ཐ་མཿ། མིང་དང་རབ་ཏུ་ལྡན་པར་གྱུར་པའི་དྷཱ་ཏུ་ལ་དང་པོའི་སྐྱེས་བུ་འབྱུང་བ་སྟེ། བདག་གི་ཚིག་དང་། གཞན་གྱི་ཚིག་གི་མིང་མ་གཏོགས་པའོ། །ཏཏ྄་ལ་སི་སྦྱར་བ་ནི་མིང་དང་ལྡན་པ་སྟེ་དེ་དང་འབྲེལ་པས་པ་ཙ་ལ།
བརྟ་མཱ་ནའི་ཏི་དང་། ཨན྄བར་དུ་སྦྱར། ས་པ་ཙ་ཏིའོ། །ཏད་ལ་ཨཽ་སྦྱར་བས་དས་ཨ་ཐོབ་ཏ་དང་སྦྱར་ཏེ་ཨོ་ཀཱ་རེའི་མདོས། ཨཽ་སྦྱར་བ་དང་འབྲེལ་པས་པ་ཙ་ལ་གཉིས་པ་ཏས་སྦྱར། ཏཽ་པ་ཙ་ཏཿའོ། །ཏད་ལ་ཛས་སྦྱར་བས་པ་ཙ་ལ་ཨནྟིའོ། །ཏེ་པ་ཙནྟིའོ། །མིང་དང་ཡ་སྦྱར་བར་ཡང་འབྱུང་བར་འགྱུར་
བ་སྟེ། ཏི་ལ་སོགས་པའི་མིང་གོང་ན་མེད་ཀྱང་ངོ་། །པ་ཙ་ལ་ཏི་སྦྱར། བར་དུ་ཨན་སྦྱར། པ་ཙ་ཏིའོ། །པ་ཙ་ལ་ཏས་དང་ཨན་སྦྱར། པ་ཙ་ཏཿའོ། །པ་ཙ་ལ་ཨནྟི་སྦྱར་ཏེ། ཨན་སྦྱར་འབྲེལ་པ་མེད་པའི་ཨན་ཏིའི་ཨ་དབྱིའོ། །པ་ཙནྟིའོ།། །།འདིར་གཟུགས་བསྒྲུབ་པ་ནི་མ་བྲིས་ཏེ། ཨཱ་ཁྱཱ་
Vol. 195 · folio 32b
ཏའི་རབ་ཏུ་བྱེད་པའི་མདོ་འདི་ཉིད་དུ་བཤད་པའི་མཐུན་པའི་དཔེ་རྣམས་ཀྱི་སྒྲུབ་པ་ནི་མདོའི་དོན་དྲན་པས་རང་གི་བློས་གཟུགས་བསྒྲུབ་པར་བྱ་བར་འགྱུར་བའོ། །ཡུཥྨ་དི་མ་དྷྱཱ་མཿ། ཡུཥྨ་དིས་སྦྱར་བར་གྱུར་བའི་དྷཱ་ཏུ་ལ་སྐྱེས་བུ་བར་མ་འབྱུང་བར་འགྱུར་བ་སྟེ། ཡུཥྨ་ད་ལ་སི་སྦྱར་བ་དང་འབྲེལ་པས་པ་ཙ་
ལ་སི་སྦྱར་བ་དང་བར་དུ་ཨན྄་སྦྱར་བའོ། །ཏྭ་བ་ཙ་སིའོ། །ཡུཝམ྄་དང་འབྲལ་བས་པ་ཙ་ལ་ཐསྲ་དང་ཨན྄་སྦྱར་རོ། །ཡུ་བ་མྤ་ཙཥའོ། །ཡུ་ཡམ྄་དང་འབྲེལ་པས་པ་ཙ་ལ་ཐ་དང་ཨན྄སྦྱར་རོ། །ཡཱུ་ཡམྲ་པ་ཙ་ཐའོ། །མིང་དང་མ་འབྲེལ་པ་ལའང་འབྱུང་སྟེ། །པ་ཙ་ལ་སྐྱེས་བུ་བར་མའི་དང་པོའི་ཚིག་སྦྱར།
བར་དུ་ཨན྄་སྦྱར། པ་ཙ་སིའོ། །པ་ཙ་ལ་གཉིས་པ་ཐསྲ་དང་ཨན྄་སྦྱར་རོ། །པ་ཙ་ཐཿའོ། །པ་ཙ་ལ་ཐ་དང་། ཨན་སྦྱར། པ་ཙ་ཐ།། །།ཨསྨདྱུཏ་ཏམཿ། བདག་གི་ཚིག་ཅན་དང་རབ་ཏུ་འབྲེལ་པའི་དྷཱ་ཏུ་ལ་སྐྱེས་བུ་མཆོག་འབྱུང་བར་འགྱུར་བ་སྟེ། པ་ཙ་ལ་བརྟ་མཱ་ན་མེ་སྦྱར། བར་དུ་ཨན་སྦྱར་ན་ཕྱི། ཨ་
དང་ཙ་སྦྱར། ཨསྱ་ཝ་མོ་དཱིརྒས་ཙ་སྲིངས་པའོ། །ཨ་ཧེ་པ་ཙཱ་ཏིའོ། །པ་ཙ་ལ་ཝས྄་དང་ཨན྄་སྦྱར་བའོ། །ཨཱ་བཾ་པ་ཙེ་ཝའོ། །པ་ཙི་ལ་མས་དང་ཨན་སྦྱར་རོ། །པ་ཡ་པ་ཙ་མཿའོ། །བདག་གི་ཚིག་ཅན་དང་མ་འབྲེལ་པ་ལའང་འབྱུང་སྟེ། པ་ཙ་ལ་མི་དང་ཨན་སྦྱར་བས་པ་ཙ་མིའོ། །པ་ཙ་ལ་
བས྄་དང་ཨན྄་སྦྱར་བས། པ་ཙཱི་བཿའོ། །པ་ཙ་ལ་མས྄ དང་ཨན་སྦྱར་བས། པ་ཙཱ་མཿའོ། །ཨཱ་དཱ་པྲ་དཱ་དྷཽ་དཱ། ཌུ་དཱཉ་ཞེས་བྱ་བ་ནི་སྦྱིན་པའོ། །དཱཉ་ཞེས་བྱ་བའང་སྦྱིན་པའོ། །དེད་ཞེས་བྱ་བ་བསྲུང་བའོ། །དོ་ཞེས་བྱ་བ་དུམ་བུའོ། །གང་དེ་རྣམས་ཀྱི་ཐུན་མོང་གི་གཟུགས་དེ་དཱའི་ངོ་བོའི་དྷི་ཏུའོ། །
ཌུ་དཱཉ་ཞེས་བྱ་བ་ནི་སྦྱིན་པ་དང་། ཆགས་པ་དང་། དྷེ་ཊ་ཅེས་བྱ་བ་བཏུང་བ་སྟེ། འདི་དག་ནི་གང་ཐུན་མོང་གི་དྷཱའི་གཟུགས་ཏེ། འདི་དག་འདི་དཱ་དང་དྷ་དག་ཅེས་བྱ་བའི་མིང་ངོ་། །ངཱབ྄ཅེས་བྱ་བ་དཻཔ྄་ཅེས་བྱ་བ་སྦྱོར་བ་སྟེ། འདི་དག་མ་གཏོགས་པའོ། །དཱ་ལ་བརྟ་མཱ་ན་ཏེ་དང་། བར་དུ་ཨན྄།
ད་མ་ག་ཡ་ཏེའི་མདོས་ཨི་སྦྱར་བས། དཱི་ཡ་ཏེའོ། །དྷ་ལ་བརྟ་མ་ན་ཏེ་ལ་སོགས་པ་གོང་བཞིན་སྦྱར་བས། དྷཱི་ཡ་ཏེའོ། །ངཱའི་མིང་ཅན་གྱིས་ཨཱི་ཉིད་ཐོབ་སྟེ། དཱབ་མ་གཏོགས་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། དཱཔ་ལ་བརྟ་མཱ་ན་ཨནུ་ཏི་སྦྱར་བ་དང་། བར་དུ་ཡན྄་སྦྱར། ཡང་ངཱས྄་ཨི་མ་ཐོབ་པའོ། །པ་ནི་
Vol. 195 · folio 33a
བརྗོད་པའི་དོན་ཏེ། མདོ་འདིས་དབྱིའོ། །དཱ་ཡནྟེ་བྲི་ཧ་ཡཿའོ།། །།ཀྲཱི་ཡཱ་བྷཱ་བོ་དྷཱ་ཏུཿ སྒྲ་གང་བྱ་བ་གསལ་བར་བྱེད་པ་དེ་དྷཱ་ཏུ་ཞེས་བྱ་བའི་མིང་ཡིན་ནོ། །བྱ་བ་ནི་ལས་སུ་བྱ་བ་སྟེ། བྷཱུ་ཞེས་བྱ་བ་འབྱུང་བའམ་ཡོད་པའི་དོན་ཏེ་དྷཱ་ཏུ་ཞེས་བྱ་བར་སྔོན་གྱི་སློབ་དཔོན་གྱིས་མིང་དུ་བྱས་
པའོ། །དེ་ཡོད་ན་ཏི་ལ་སོགས་པའི་རྐྱེན་འབྱུང་བར་འགྱུར་རོ།། །།ཀཱ་ལེ། གང་འདི་ནི་འོག་ནས་འཆད་པའི་དུས་ཡིན་པ་སྟེ། དེ་དབང་བྱས་པ་ཞེས་པའི་ཚིག་གོ། །སཾ་པྲ་ཏི་ཝརྟ་མཱ་ནཱ། ད་ལྟར་གྱི་དུས་ཀྱི་དྷཱ་ཏུ་ལ་བརྟ་མཱ་ནཱ་འབྱུང་བར་འགྱུར་བ་སྟེ། པ་ཙ་ལ་བརྟ་མཱ་ན་ཏི། བར་དུ་ཨན྄་སྦྱར་བས། པ་ཙ་
ཏིའོ། །པ་ཋ་ལ་ཏི་དང་ཨན་སྦྱར་བས། པ་ཋ་ཏིའོ།། །།སྨཻ་ནཱ་ཏཱི་ཏི། སྨའི་སྒྲ་དང་འབྲེལ་བའི་དྷཱ་ཏུ་འདས་པའི་དུས་ལ་བརྟ་མཱ་ན་འབྱུང་བར་འགྱུར་ཏེ། སྨ་དང་འབྲེལ་པས་མ་ཏ་བི་ལ་བརྟ་མཱ་ན་ཏི་སྦྱར་ཡང་འདས་པའི་དུས་ཀྱི་དོན་བརྗོད་པའོ་ཞེས་སྨྲས་སོ་ཞེས་པའོ་ཞེས་མཁན་པོས་གསུངས་སོ་ཞེས་པའོ། །
འདི་ཡང་གོང་དང་འདྲའོ། །ན་ནུའི་སྒྲ་ཉེ་བའི་ཚིག་ཏུ་གྱུར་པའི་དྷཱ་ཏུ་འདས་པའི་དུས་ལ་བརྟ་མཱ་ན་འབྱུང་བར་གསུངས་ཏེ། ལྷས་བྱིན་གྱིས་རེ་ལྡེ་བྱས་ཞེས་བྱ་བའོ། །ན་ནུ་དང་འབྲེལ་པས་ཀཱ་ར་ལ་བརྟ་མཱ་ན་མི་སྦྱར་ཡང་འདས་པའི་དུས་བརྗོད་པའོ། །བདག་གིས་བྱས་སོ་ཞེས་བྱ་བའི་དོན་ཏོ།། །།
པ་རོ྅ཀྵཱ།། འདས་པའི་དུས་ཀྱི་དྷཱ་ཏུ་ལ་པ་རོ྅ཀྵཱ་འབྱུང་བར་འགྱུར་ཏེ། ལྐོག་ཏུ་གྱུར་པ། ཀྲི་ལ་པ་རོ྅ཀྵཱ་ཨཊ྄་སྦྱར་བས་རི་ཨརྲ་དུ་འཕེལ་ཚིག་གཉིས་ཀ་ཀྲི་བྱས་ཏེ། ཨ་བྱ་ས་ཏི་ཤམྲ་གྱི་མདོས་རི་ཕྱི། ཀ་ལས་ཙ་བྱས་པ་སྟེ་འདས་པའི་དུས་བརྗོད་པའོ། །ཙ་ཀཱ་ར་བཱ་མ་ནཾ་ཨུ་པ་མེའོ། །
ཧྲྀ་ལ་པ་རོ། ཀྵཱ་ཨཊ་སྦྱར་བས། རྀ་ཨཱར྄་དུ་འཕེལ་ཧྲྀ་གཉིས་པ་བྱ་སྟེ། རྀ་ཕྱི། ཧོ་ཙིའི་མདོས་ཧ་ལས་ཛ་བྱས་པའོ། །ཛ་ཧཱ་ར་པྲྀ་ཐི་བི་པ་ལེཿའོ། །བྷུ་ཏ་ཀ་ར་ཎ་བ་ཏྱཤྩ། དྷཱ་ཏུ་འདས་པའི་དུས་སུ་བྱུང་བར་གྱུར་པ་བྱ་བ་དང་ལྡན་པ་ལ། ཧྱ་སྟ་ནི་དང་། ཨཱདྱ་ཏ་ནི་དང་། ཀྲི་ཡཱ་ཏི་པ་ཏི་རྣམས་
འབྱུང་བར་འགྱུར་བ་སྟེ། ཧྱསྟ་ནིའི་དཔེ། ཀྲྀ་ལ་ཧྱ་སྟི་ནིའི་དི་སྦྱར་བས་རྀ་ཨཱར྄་དུ་འཕེལ། ཏ་ན་དེ་རུས། བར་དུ་ཨུ་ཐོབ། ཨུས་ཨོ་ཐོབ། ཨད྄་ཨཱ་དའི་མདོས་ཨ་ཐོག་མར་སྦྱར། ཨོ་དང་ར་སྦྱར། དས་ཏ་ཐོབ། ཨཱ་ཀ་རོ་ཏའོ། །ཨདྱ་ཏ་ནིའི་དཔེ་ནི། ཀྲི་ལ་ཨཱ་ཏྱ་ཏིའི་དི་སྦྱར་ཏེ། བར་དུ་སི་ཙ་
Vol. 195 · folio 33b
དང་། ཨིཊ྄་སྦྱར། རྀ་ཨཱར྄་དུ་འཕེལ་ཏེ་སྦྱར། ཨཱ་ཀཪྵི་ཏའོ། །ཀྲྀ་ཡ་ཏི་པ་ཏིའི་དཔེ་ནི། ཀྲྀ་ལ་སྱད྄་དང་། ཨིཊ་སྦྱར་བས་གོང་མ་བཞིན་ཨ་ཀཱ་རི་ཥྱ་ཏའོ། །བྷུ་ཏ་ཀ་ར་ཎ་ཞེས་བྱ་བ་ནི་ཨ་ཐོག་མར་བྱས་པའོ།། །།བྷ་བི་ཥྱ་ཏི་བྷ་བི་ཥྱ་ཏྱཱ་ཤཱིཿ་ཤྭསྟནྱཿ། མ་འོངས་པའི་དུས་རྗོད་པའི་བྱེད་པའི་ཚིག་ནི། བྷ་བི་ཥྱནྟ་
དང་། ཨཱ་ཤིཥ་དང་། ཤྭསྟ་ནཱི་སྟེ། འདི་རྣམས་ནི་མ་འོངས་པའི་དུས་ཀྱི་དྷཱ་ཏུ་ལ་འབྱུང་བར་འགྱུར་རོ། །བྷ་བི་ཥྱ་ནྟིའི་དཔེ་ནི། ཀྲི་ལ་སྱ་ཏི་དང་། ཨཱི་ཏ་སྦྱར་བས་རྀ་ཨཱར་དུ་འཕེལ་ཏེ་ར་དང་ཨི་སྦྱར། སས་ཥ་ཐོབ་པའོ། །ཀྲ་རི་ཥྱ་ཏིའོ། །ཨཱ་ཤིཥ྄་ཀྱི་དཔེ་ནི། བྷུ་ལ་ཡཱཏ་སྦྱར་བའོ། །བྷཱུ་ཡཱ་ཏའོ། །ཤྭསྟ་
ནཱིའི་དཔེ་ནི། པ་ཋ་ལ་ཏཱ་དང་ཨིཊ་སྦྱར་བའོ། །པ་ཋི་ཏཱའོ།། །།ཏཱ་སཾ་སྭ་སཾ་ཛྙ་བྷི་ཐྐཱ་ལ་བི་ཤེཥཿ། པ་རོ྅ཀྵཱ་དང་། ཧྱསྟ་ནཱི་དང་། ཀྲི་ཡ་ཏི་པཏྟི་དང་། བྷ་བིཥྱནྟཱི་དང་། ཨཱ་ཤིཥ་དང་། ཤྭསྟ་ནཱི་སྟེ་འདི་རྣམས་ནི་རང་ཉིད་ཀྱི་མིང་དུ་བྱས་པའོ། །འདས་པ་དང་འབྱུང་བར་འགྱུར་བའི་ཁྱད་པར་གྱི་
དུས་སུ་བྱའོ། །དེ་ལ་གང་མིག་ལ་སོགས་པའི་དབང་པོ་རྣམས་ལས་འདས་པ་དེ་ལ་ནི་པ་རོ྅ཀྵཱ་ཞེས་བྱའོ། །ཏྲི་པུ་རཾ་དང་ད་ཧ་ལ་ཨ་ཊ་སྦྱར་ཊ་ཕྱི། ཨ་དང་ཧ་སྦྱར། གཉིས་པ་དང་ད་ཧ་སྦྱར་ཏེ། ཧ་ཕྱི། ཨ་སྱ་པ་དའི་མདོས་དཱ་སྲིང་པའོ། །ཏྲི་བུ་རམ་ད་ངཱ་ཧ་རུ་དྲཿའོ། །ཤིན་ཏུ་བསྙེན་པ་ལ་
པ་རོ྅ཀྵཱ་འབྱུང་བར་གསུངས་ཏེ། དམངས་རིགས་ཀྱི་ལག་ནས་མ་ཟོས་ཞེས་བསྙེན་པའོ། །བུ་ཛ་ལ་བ་རོ྅ཀྵཱ་ཨེ་སྦྱར། བུ་ཛ་གཉིས་པ་བྱ་སྟེ་ཛ་ཕྱི། བྷུས་བུ་ཐོབ་པའོ། །བུ་བྷུ་ཛེ། ཁར་ཙང་ནས་བརྩམས་པའི་འདས་པ་ནི་དེ་ལ་ཧྱསྟ་ནཱི་འབྱུང་བའོ། །སྱ་ས་སཾ་ཧྲྀལ་ཧྱསྟ་ནཱི་དི་སྦྱར་བས་ཧའི་
ཐོག་མར་ཨ་སྦྱར། རྀ་ཨཱར྄་དུ་འཕེལ་ཏེ། ཨན་དང་སྦྱར་བའོ། །ཧྱ་ས་ས་ཧ་རཏ྄་འོ། །ཨདྱ་ཏ་ནིའི་དཔེ་ནི་འདས་པ་ཙམ་ཁོ་ན་སྟེ། དེ་ལ་ནི་ཁྱད་པར་དུ་བྱ་བ་མེད་དོ། །གང་དུ་བྱ་བ་འདས་པར་གྱུར་པ་སྟེ། བྱ་བ་མ་རྫོགས་པ་དེ་ནི་ཀྲྀ་ཡཱ་ཏི་པ་ཏྟི་འོ། །བྷུཛ྄་ལ་སྱཏ་སྦྱར་བས་བྷུ་བྷོར་འཕེལ།
ཛསུ་ཀ་ཐོབ། སས྄་ཥ་ཐོབ་སྟེ་སྦྱར་ཨ་ཐོག་མར་སྦྱར་རོ། །བྷ་བིཥྱནྟི་ནི་འབྱུང་བར་འགྱུར་བའི་དུས་ཐ་མལ་པ་སྟེ། དེ་ལ་ཁྱད་པར་དུ་བྱ་བ་ནི་མེད་དོ། །ཤིས་པར་བརྗོད་པ་དང་འབྲེལ་པའི་འབྱུང་བར་འགྱུར་བའི་དུས་ལ་ཨཱ་ཤིཥ་ཡི་རྐྱེན་འབྱུང་བའོ། །ཛཱི་བ་ལ་ཨཱ་ཤིཥའི་ཡཱཏ་སྦྱར་བས། ཛཱི་
Vol. 195 · folio 34a
བྱཏྦྷ་བཱན྄འོ། །སང་ནས་བརྩམས་པའི་འབྱུང་བར་འགྱུར་བའི་དུས་ལ་ནི། ཤྭསྟ་ནཱི་འབྱུང་བར་འགྱུར་བ་སྟེ། ཤྭ་ཨ་དྷྱི་ལ་རྐྱེན་ཏ་སྦྱར་བས་ཨི་ཨེར་འཕེལ་བའོ། །ཤོ་དྷྱེ་ཏའོ། །པྲ་ཡོ་ག་ཏ་ཤྩ། སྔོན་གྱི་སློབ་དཔོན་གྱིས་སྦྱར་བའི་དབང་གིས་ད་ལྟར་བ་ལ་སོགས་
པའི་དུས་རྣམས་ལ། བྱེད་པའི་ཚིག་རྣམས་ལ་ཀྱང་ཁྱད་པར་དུ་ཁོང་དུ་ཆུད་པར་བྱ་སྟེ། ཡཱ་བད྄་བྷུད་ལ་བརྟ་མཱ་ནཱའི་ཏེ་སྦྱར་བའོ། །ཡཱ་བཏྦྷུ་ཏྟེའོ། །པཱུ་རཱ་བྷུཏ་ལ་བརྟ་མཱ་ནའི་ཏེ་སྦྱར་བའོ། །པཱུ་རཱ་བྷུཏྟེའོ། པཉྩ་མྱ་ནུ་མ་ཏོ། །མངོན་པར་རྟོགས་པའི་དོན་གྱི་དྷཱ་ཏུ་ལ་བྱེད་པའི་ཚིག་ལྔ་པ་འབྱུང་བ་
སྟེ། ཨེ་བམ྄ ཨ་པ་ལ་བཉྩ་མིའི་ཏུ་སྦྱར་བས། ཨེ་བམ་པ་ལ་ཏུའོ། །ཨེ་བམ་བྷ་བ་ལ། པཉྩ་མི་ཏུ་སྦྱར་རོ། །ཨེ་བཾ་བྷ་བ་ཏུའོ། །ཨེ་བཾ་ཀུ་རུ་ལ་ཧི་སྦྱར་ཏེ་ཨུ་ཀཱ་རཙྪ་ས་ཧི་ཕྱི་བའོ། །ཨེ་བཾ་ཀུ་རུའོ། །ཏུ་དང་ཧིའི་སྒྲ་དག་གི་ཤིས་པར་བརྗོད་པར་ཤེས་པར་གྱུར་ན་འདི་ལ་ཏཱནྡྲ་གཞན་པར་ཡང་
གསུངས་ཏེ། ཛཱི་བ་ལ་པཉྩ་མིའི་ཏ་སྦྱར་བས། ཏུས་ཏ་ཏཎ་ཐོབ། ཎ་དང་ཏའི་ཨ་ཕྱི། ཛཱི་བ་རཱ་ཏྦྷ་བན྄འོ། །ཡང་ན་ཛཱི་བ་ལ་ཏུ་སྦྱར་བ་རྣལ་མར་གནས་པའོ། །ཛཱི་བ་ལ་པཉྩ་མིའི་ཧི་སྦྱར་བས་ཧིས་ཏ་ཏཎ་ཐོབ་སྟེ། ཎ་དང་ཏའི་ཨ་ཕྱི། ཛཱི་བ་ཏཱཏྟཱའོ། །ཡང་ན་ཛཱི་བ་ལ་ཧི་སྦྱར་བས་ཧེ་ར་ཀ་ར་ཨ་རནྟིའི་མདོས་ཧ་ཕྱི་བའོ། །ས་མརྠ་
ནཱ་ཤིཥོཤྩ། ནུས་མཐུ་དང་ཤིས་པར་བརྗོད་ཀྱི་དྷཱ་ཏུ་ལ་པཉྩ་མི་འབྱུང་བ་སྟེ། གཞན་གྱི་མིང་གི་དོན་ལ་བརྩོན་བ་ས་མརྠ་ཞེས་བྱའོ། །མ་ཐོབ་པ་ཐོབ་པར་འདོད་པ་ལ་ཨ་ཤིས་ཞེས་བྱའོ། །ས་མརྠ་ནཱ་ནི་འདིའོ། །ས་མུ་ཏྲམ་པི་བི་བཱ་ནི། ཨཱ་ཤིཥའི་དཔེ་ནི། ཙི་རམ་ཛཱི་བ་ལ་པཉྩ་མིའི་ཏུ་སྦྱར། ཙི་རཾ་ཛཱི་བ་
ཏུའོ། །བིདྷྱཱ་དི་ཥུ་སཔྟ་མི་ཙ། སྒྲུབ་པ་འམ། འཛུད་པ་དང་། སྤྱན་དྲང་བ་དང་། བོད་པ་དང་། གསོལ་བ་གདབ་པ་དང་། དྲི་བ་དང་། སློབ་མ་ལ་སོགས་པའི་དོན་རྣམས་དྷཱ་ཏུ་ལ་ལྔ་པ་དང་། བདུན་པ་ཡང་འབྱུང་ངོ་། །མི་ཤེས་པ་ཤེས་པར་བྱེད་པ་ནི་དྷིའོ། །ཡང་གཏོང་བའམ་འཛུད་བའོ། །
མེས་བསྲེག །རླུང་གིས་ཤིག །ཅེས་བསླབས་པ་ཤེས་པའི་དོན་ལ། མཐར་སཔྟ་མཱིའི་ཡདུ་སྦྱར་རོ། ཛུ་ཧུ་ཏུ་ལ་པཉྩ་མཱིའི་ཏུ་སྦྱར་རོ། །རེ་ལྔེ་གྱིས་ཤིག་ཅེས་འཛུད་པའི་དོན་ལ་སཔྟ་མིའི་ཡཱད྄སྦྱར་རོ། །ཀ་ཊཱཾ་ཀུ་ཡཱ་ཏའོ། ཀ་ཊཱཾ་ཀ་རས་ལ་པཉྩ་མིའི་ཏུ་སྦྱར་བས། ཀ་ཊཱཾ་ཀ་རོ་ཏུའོ། །ལྷ་ལ་
Vol. 195 · folio 34b
གཏོར་མ་དང་། མཚུན་ལ་གཏོར་བར་གསོལ་བའི་དོན་དུ་སྤྱན་དྲངས་བ་ནི་མི་མནྟྲ་ན་ཞེས་པའོ། །བྷུཀ྄ ལ་པཉྩ་མིའི་ཏམ྄སྦྱར་རོ། །བྷུཀྟཱཾ་བྷ་བན་ནོ། །བྷུཀ྄ ལ་སཔྟ་མིའི་ཨཱིཏ་སྦྱར་རོ། །བྷུ་ཀཱི་ཏའོ། །བོད་པ་ལ་ནི་ཨཱ་མནྟྲ་ཎ་ཞེས་བྱའོ། །ཨ་གཙྪ་ལ་པཉྩ་མིའི་ཏུ་སྦྱར་བ་སྟེ། ཨ་གཙྪ་ཏུའོ། །ཨ་གཙྪ་ལ་སཔྟ་
མི་ཨཱིཏ་སྦྱར་བའོ། །ཨ་གཙྪེ་ད་བྷ་བནའོ། །མཆོད་པའི་བྱ་བ་མངོན་དུ་བྱས་ཏེ་གསོལ་བ་གདབ་པའོ། །བྲམ་ཟེའི་ཁྱེའུ་བསླབ་པ་གསོལ་ཅིག་ཅེས་གསོལ་བ་འདེབས་པའི་དོན་ལ་མཐར་པཉྩ་མིའི་ཏཱམ་སྦྱར། མཱ་ན་བ་ཀ་མུ་པ་ན་ཡ་ཏཱམ྄འོ། །འདིའི་དོན་ཡང་གོང་མ་བཞིན་ཏེ་སཔྟ་མཱའི་
ཨཱིཏ྄་སྦྱར་བའོ། །ཨུ་བ་ན་ཡེ་ཏ་པའོ། །ཀུན་དུ་དྲི་བ་ནི་དཔྱོད་པའོ། །ཙི་བྱཱ་ཀ་ར་ཎ་ཞེས་འདྲི་བའི་དོན་ཏེ། མཐར་པཉྩ་མིའི་ཨཻ་སྦྱར་རོ། །ཀཱིཾ་བྱཱ་ཀ་རཱ་ཎ་མ་དྷྱ་ཡཻའོ། །ཅི་རིག་བྱེད་འདོན་ཏམ་ཞེས་འདྲི་བའོ། །ཨུ་པ་ཙྪནྡྷོ་དྷྱ་ཡཻའོ། །ཉེ་བའི་སྡེབ་སྦྱོར་འདོན་ཏམ་ཞེས་འདྲི་བའི་དོན་ལ་སཔྟ་མིའི་ཨཱི་ཡ་
སྦྱར་བའོ། །ཀིཾ་བེ་ད་མ་དྷི་ཡཱི་ཡའོ། །གང་ལ་ལ་ཞིག་འཇིག་རྟེན་རྒྱང་འཕེན་འདོན་ནམ་ཞེས་འདྲི་བ་དེ་ལ་སཔྟ་མི་ཨཱི་ཡ་སྦྱར་བའོ། །ཨུ་ཏ་ལོ་ཀཱ་ཡ་ཏཱ་མ་དྷི་ཡི་ཡའོ། །འདོད་པ་ནི་སློང་བ་སྟེ། བུ་མོ་སྩོལ་ཅིག་ཅེས་བྱ་བའི་དོན་ལ་པཉྩ་མིའི་འབྱུང་བས་པྲ་ཡཙྪ་ལ་ཏུ་སྦྱར་བའོ། །ཀ་ནྱཱཾ་པྲ་ཡཙྪ་ལ་
སཔྟ་མིའི་ཡཱད་སྦྱར་བ་སྟེ། ཡ་སཔྟ་སེ་ཙའི་མདོས་ཡས་ཨི་ཐོབ་པའོ། །པྲ་ཡཙྪེཏ྄འོ། །ཀྲཱི་ཡ་ས་མ་བྷི་ཧཱ་རེ་སཪྺ་ཀཱ་ལེ་ཥུ་མ་དྷྱ་མཻ་ཀ་བ་ཙ་ནཾ་པཉྩ་མྱཱཿ། ཡང་དང་ཡང་བསྣན་པའི་དོན་གྱི་དུས་ཐམས་ཅད་ལ་པཉྩ་མཱི་འབྱུང་བ་སྟེ། ལུ་ནི། དྷཱ་ཏུ་ལ་སྐྱེས་བུ་བར་མའི་གཅིག་གི་ཚིག་
འབྱུང་བར་འགྱུར་བའོ། །ལུ་ནི་གཉིས་པ་ལ་པཉྩ་མཱིའི་ཧི་གཉིས་སྦྱར་ཏེ། མཐར་ལུ་ན་ལ་ཝརྟ་མཱ་ནི་སྦྱར་བའོ། །ལུ་ནི་ལ་ཧི་སྦྱར་བ་འདི་ནི་འདས་པའི་དུས་དང་འབྲེལ་པས། མཐར་ཨདྱ་ཏ་ནཱི་དི་སྦྱར། འདི་ནི་མ་འོངས་པའི་དུས་དང་འབྲེལ་པས་བྷ་བིཥྱནྟི་སྱ་ཏིའི་མཐར་སྦྱར་བའོ།། །།
མཱ་ཡོ་གེ་དྱ་ཏ་ནཱི། མཱའི་སྒྲ་དང་འབྲེལ་པའི་དྷཱ་ཏུ་ལ་ཨ་དྱ་ཏ་ནཱི་འབྱུང་བར་འགྱུར་བ་སྟེ། མཱའི་སྒྲ་དགག་པའི་དོན་ཏོ། །དགག་པ་ནི་ད་ལྟར་དང་མ་འོངས་པའི་དུས་དག་ལ་འབྱུང་བར་འགྱུར་ན་འདི་ལྟར་ཨ་དྱ་ཏ་ནཱི་སྦྱར་བར་བྱ་སྟེ། ཀྲྀ་ལ་ཨ་དྱ་ཏ་ནཱིའི་དི་སྦྱར། སི་ཙ་དང་ཨིཊ་སྦྱར་བས་རྀ་ཨཱར་དུ་
Vol. 195 · folio 35a
འཕེལ། ཙ་ཕྱི། ས་ས་ཥ་ཐོབ་སྟེ་ཨཱི་དང་སྦྱར་དིའི་ཨི་ཕྱི། དས་ཏ་ཐོབ། སཱ་ཀཱཪྵིཏའོ། །ཧྲི་ལ་དི་སྦྱར་བ་ལ་སོགས་པ་གོང་མ་བཞིན་ནོ། །མ་ཧཱཪྵཱི་ཏ།། །།མཱ་སྨཱ་ཡོ་གི་ཧྱསྟ་ནཱི་ཙ། ཧྱསྟ་ནཱི་དང་། ཨ་དྱ་ཏ་ནཱི་ཡང་འབྱུང་བར་འགྱུར་ཏེ། མཱ་སྨཱ་དང་འབྲེལ་བས་ཀྲི་ལ་
ཧྱསྟ་ནཱིའི་དི་སྦྱར། ཏ་ན་དེ་རུའི་མདོས་ཨོ་སྦྱར་བ་ལ་སོགས་པ་གོང་བཞིན་ནོ། །མཱ་སྨཱ་ཀ་རོ་ཏ྄འོ། །མཱ་སྨཱ་ཀཱཪྵིཏ྄། འདི་ལ་ཨདྱ་ཏ་ནཱིའི་དི་དང་སི་ཙ་སྦྱར། ཨིཊ་སྦྱར་རོ། །ཝརྟཱ་མཱ་ནཱ། ཏི་ཏས྄། ཨནྟི། སི་ཐས་ཐ། མི་ཝས྄། མས྄། ཏེ་ཨ་ཏེ། ཨནྟེ། སེ། ཨཱ་ཐེ། དྷྭེ། ཨེ། ཝ་ཧེ། མ་
ཧེའོ། །ཏི་ལ་སོགས་པ་འདི་རྣམས་ཀྱི་མིང་ནི། ཝརྟ་མཱ་ན་ཞེས་བྱའོ། །བྷུ་ལ་བརྟཱ་མཱ་ན་ཏི་སྦྱར། བར་དུ་ཨན྄ སྦྱར། ན་མྱནྟ་ཡོར་དྡྷཱ་ཏུ་བི་ཀ་ར་ཎ་ཡོ་གེ་ཏི་གུ་ནའི་མདོས་བྷུ་བྷོར་གྱུར། བྷ་བ་ཏིའོ། །བྷུ་ལ་ཏས་སྦྱར་བ་གོང་མ་བཞིན་ནོ། །ཨོ་ཨ་ཝ་དང་། ཨ་སྦྱར་རོ། །བྷ་ཝནྟིའོ། །སཔྟ་མི་ནཱི་འདི་
རྣམས་ཏེ། ཡཱཏ་ཡཱ་ཏཱ་མ྄། ཡུས་ཡས། ཡཱ་ཏཱ་མ། ཡཱ་ཏ། ཡཱ་མ྄ཡཱ་ཝ། ཡཱ་མ། ཨའི་ཏ྄། ཨཱི་ཡཱ་ཏ་མ྄། ཨཱི་ར་ན྄། ཨཱི་ཐས྄། ཨཱི་ཡཱ་ཐམ྄། ཨཱི་དྷམ྄། ཨཱི་ཡ། ཨཱི་ཝ་ཧི། ཨཱི་མ་ཧིའོ། །མཏ་ལ་སོགས་པ་འདི་རྣམས་ཀྱི་མིང་སཔྟ་མི་ཞེས་བྱའོ། །ཀྲི་ལ་སཔྟ་མིའི་ཡཱཏ་སྦྱར།
སཪྺ་དྷཱ་ཏུ་ཀེའི་མདོས་རྀ་ཨཱར་དུ་འཕེལ། བར་དུ་ཨུ་སྦྱར། ཀ་རོ་ཏིའི་མདོས་ཀས་ཨུ་ཐོབ་སྟེ་སྦྱར། ཀུར྄་ཡཱ་མ྄འོ། །ཀྲི་ལ་ཡཱ་ཏམ྄སྦྱར་བས་གོང་བཞིན་ཏེ། ཀུ་ར྄ ཡཱ་ཏཱ་མ྄འོ། །ཀྲི་ལ་ཡུས྄་སྦྱར་བ་གོང་བཞིན་ཏེ། ཀུར྄ ཡུཿའོ། །པཉྩ་མཱི། ཏུ། ཏཱམ྄། ཨན྄་ཏུ། ཧི། ཏམ྄་ཏ།
ཨཱ་ནི། ཨཱ་ཝ། ཨཱ་མ། ཏཱམ྄། ཨཱ་ཏཱམ྄། ཨཱན྄། ཏཱམ྄། སྭ། ཨཱ་ཐཱམ྄། དྷྭཾ་ཨཻ། ཨཱ་ཝ་ཧེ། ཨཱ་མ་ཧེའོ། །ཏུ་ལ་སོགས་པ་འདི་རྣམས་ཀྱི་མིང་པཉྩ་མིའི་ཞེས་བྱའོ། །ཀྲྀ་ལ་ཏུ་སྦྱར་བས་རི་ཨཱར྄ དུ་འཕེལ། ཏ་ན་དེ་རུས་ཨུ་སྦྱར། ཨུ་ཨོར་གྱུར་པ་དང་སྦྱར། ཀ་རོ་ཏུའོ། །
ཀྲྀ་ལ་ཏམ྄ སྦྱར་བ་ལ་སོགས་པའོ། །ཀུ་རུ་ཏམ྄འོ། །ཀྲྀ་ལ་ཨན་དུ་སྦྱར། བར་དུ་ཨུ་སྦྱར། ནོ་བི་ཀ་ར་ཎའི་མདོས་ཨུས་ཝ་ཐོབ་སྟེ་སྦྱར། ཀུ་ཪྺ་ནྟུའོ། །ཧྱ་སྟ་ནཱི་འདི་རྣམས་ཏེ། དེ་ཏཱམ྄། ཨཱན྄། སི་ཏ་མ྄། ཏ། ཨམ྄། ཝ། མ་ཏ། ཨཱ་ཏཱ་མ྄། ཨནྟ། ཐས། ཨཱ་ཐཱམ྄།
Vol. 195 · folio 35b
དྷྭམ྄། ཨི། ཝ་ཧི། མ་ཧིའོ། །འདི་ལ་སོགས་པའི་མིང་ནི་ཧྱ་སྟ་ནཱི་ཞེས་བྱ་བའོ། །ཀྲྀ་ལ་ཧ་ཡ་སྟ་ནི་སྦྱར་བས་བར་དུ་ཨུར་འགྱུར། རྀ་ཨར་དུ་འཕེལ་ཏེ་སྦྱར། ཨ་ཀ་རོ་ཏའོ། །ཨེ་ཝ་མེ་ཝ་རྱ་ཏ་ནཱི། དེ་དང་འདྲ་བར་ཨ་དྱ་ཏ་ནིའི་བྱེད་པའི་ཚིག་ཀྱང་བརྗོད་པར་བྱ་སྟེ། ཀྲྀ་ལ་ཨཪྱ་ཏ་ནཱི་འདི་
སྦྱར་བས་ཨཏ་དྷཱ་ཏུ་ཨ་དིའི་མདོས་གོང་དང་ཨ་སྦྱར། །བར་དུ་སི་ཙ་དང་ཨིཏ་སྦྱར། རྀ་ཨར྄་དུ་འགྱུར་ཏེ་སྦྱར། ཨ་ཀཱ་ཪྵཱི་ཏའོ། །པ་རོ྅ཀྵཱ་ནི་འདི་རྣམས་ཏེ། ཨཏ་དང་པོ། ཨ་ཏུས྄། ཨུས྄། ཐལ྄། ཨ་ཐུས྄། ཨ། ཨཊ྄། ཝ་མ། ཨེ། ཨཱ་ཏེ། ཨཱི་རེ། སེ། ཨཱ་
ཐེ། དྷྭེ། ཨེ། ཝ་ཧེ། མ་ཧེའོ། །ཨཊ྄་ལ་སོགས་པའི་མིང་ནི་པ་རོ྅ཀྵཱ་ཞེས་བྱའོ། །ཀྲྀ་ལ་པ་རོ྅ཀྵཱའི་ཨཊ་སྦྱར་བས་ཀྲི་གཉིས་པ་བྱ་སྟེ་རྀ་ཕྱི། ཀས་ཙ་ཐོབ་རྀ་ཨར་དུ་འཕེལ་བ་དང་སྦྱར་རོ། །ཙ་ཀཱ་རའོ། །ཀྲྀ་ལ་ཨ་ཏུས྄ སྦྱར་བས་རི་ཨར྄་དུ་གྱུར་པའོ། །ཙ་ཀཱ་ར་ཏུཿའོ། །ཀྲྀ་ལ་ཨུས་
སྦྱར་བས་གོང་བཞིན་ཏེ། ཙཀ་རུཿའོ། །ཤྭ་སྟ་ནཱི་འདི་རྣམས་ཏེ། ཏཱ། ཏཱ་རཽ། ཏཱ་ར྄ས྄། ཏཱ་སི། ཏཱས་ཐཱས྄། ཏཱས྄་ཐ། ཏཱས྄མི། ཏཱས྄་ཝས྄། ཏཱས྄་མས྄། ཏཱ། ཏཱ་རཽ། ཏཱ་རྲས། ཏཱ་སེ། ཏཱ་སཱ་ཐེ། ཏཱ་དྷྭེ། ཏཱ་ཧེ། ཏཱ་ས྄་ཝ་ཧེ། ཏཱ་མ་ཧེའོ། ཏཱ་ལ་སོགས་པའི་མིང་ཤྭསྟ་ནི་ཞེས་
བྱའོ། །ཀྲྀ་ལ་ཤྭསྟ་ནི་ཏཱ་སྦྱར་བས་རི་ཨར་དུ་འགྱུར་ཏེ་སྦྱར། ཀརྟཱའོ། །ཨ་ཤིཥཱ་ནི་འདི་རྣམས་ཏེ། ཡཱ་ཏ྄། ཡཱ་ཏཱ་མ྄། ཡུས྄། ཡཱས྄ མཱས྄ ཏཱམ྄། ཡཱས྄ ཏ། ཡཱ་སམ྄། ཡཱས་ཝམ྄། ཡཱས྄མས྄། སཱིཥྚ། སཱི་ཡཱས྄། ཏཱམ྄། སཱི་རན྄། སཱིཥྛས྄། སཱི་ཡཱས་ཐཱ་མ། སི་དྷྭམ྄། སཱི་ཡ།
སི་ཝ་ཧི། སཱི་མ་ཧིའོ། །ཡཱ་ཏ྄་ལ་སོགས་པའི་མིང་ནི་ཨ་ཤཥི་ཞེས་པའོ། །ནཱི་ལ་ཨཱ་ཤཥིཨཱི་ཡཱཏ་སྦྱར་རོ། །ནཱི་ཡཱཏ྄འོ། །ནཱི་ལ་ཡཱ་སྟམ྄ སྦྱར། ནཱི་ཡཱསྟ་མ྄འོ། །ཎི་ཀཉ྄་ཞེས་བྱ་བ་ནི་ཐོབ་པའི་དོན་ཏོ། །སྱ་སཾ་ཧ་ཏཱི་ནི་ཏྱཱ་དཱི་ནི་བྷ་ཝི་ཥྱནྟི། སྱ་ཏི། སྱ་ཏས྄། སེནྟི། སྱ་སི། སྱ་ཐས྄། སྱ་ཐཱ། སྱཱ་
མི། སྱཱ་ཝས྄། སྱཱ་མས྄། སྱཱ་ཧེ། སྱནྟེ། སྱ་སེ། སྱ་ཐེ། སྱ་དྷྭེ། སྱ། སྱཱ་བ་ཧེ། སྱཱ་མ་ཧེའོ། །སྱའི་སྒྲ་དང་འབྲེལ་པའི་ཏི་ལ་སོགས་པའི་མིང་བྷ་བིཥྱནྟི་ཞེས་བྱའོ། །ཀྲི་ལ་སྱ་ཏི་སྦྱར། བར་དུ་ཨཱིཏ་སྦྱར་བས་རིས་ཨར྄་ཐོབ། ཨ་དང་ཀ་ར་དང་ཨི་སྦྱར། སས་ཥའོ། །ཀ་རི་ཥྱ་ཏིའོ། །
Vol. 195 · folio 36a
ཀྲྀ་ལ་སྱ་ཏས྄་སྦྱར། གོང་བཞིན། ཀ་རཥྱི་ཏཿའོ། །ཀྲྀ་ལ་སྱནྟི་སྦྱར་བས་གོང་བཞིན་ནོ། །ཀ་རི་ཥྱ་ནྟིའོ། །དྱཱ་དཱི་ནི་ཀྲཱྀ་ཡཱ་ཏི་པཏྟིཿ། སྱཏ྄། སྱ་ཏཱམ྄། སྱན྄། སྱ་སི། སྱ་ཏམ྄། སྱ་ཏ། སྱཱམ། སྱཱ་ཝ། སྱཱ་མ། སྱཏ྄། སྱ་ཏམ྄། སྱནྟ། སྱ་ཐཱས྄།
སྱེ་ཐཱམ྄། སྱེ་དྷྭམ྄། སྱེ། སྱེ་ཝ་ཧི། སྱཱེ་མ་ཧིའོ། །སྱ་གང་དང་ལྡན་པའི་དི་ལ་སོགས་པའི་མིང་ནི། ཀྲི་ཡཱ་ཏི་པཏྟི་ཞེས་བྱའོ། །ཀྲྀ་ལ་སྱད྄་སྦྱར། བར་དུ། ཨིཊ྄་སྦྱར། ཐོག་མར་ཨ་སྦྱར། རྀ་ཨཱར་དུ་འགྱུར་ཏེ་སྦྱར། ཨ་ཀ་རི་རཥྱཏ྄འོ། །ཀྲྀ་ལ་སྱའི་ཏམ་སྦྱར་བ་སོགས་
གོང་བཞིན། ཨ་ཀ་རིཥྱ་ཏམ྄འོ། །ཀྲྀ་ལ་སྱན་སྦྱར་བ་སོགས་པའོ། །ཨ་ཀ་རིཥྱན྄འོ། །ཥ་ཌཱ་དྱཱ་སརྠ་དྷཱ་ཏུ་ཀམ྄། བྱེད་པའི་ཚིག་དྲུག་རྣམས་ཀྱི་དང་པོའི་བྱེད་པའི་ཚིག་བཞི་ནི། ཝརྟ་མཱ་ནཱ་དང་། སཔྟ་མཱི་དང་། པཉྩ་མཱི་དང་། ཧྱསྟ་ནཱི་སྟེ། དེ་རྣམས་ཀྱི་མིང་སཪྺ་དྷཱ་ཏུ་ཞེས་བྱ་
བར་འགྱུར་རོ། །ཀ་ལཱ་པའི་འགྲེལ་པ་ཉུང་དུ་ལས་ཀུན་བཤད་པའི་རབ་ཏུ་བྱེད་པའི་རྐང་པ་དང་པོའོ།། །།པྲཏྱ་ཡཿཔ་རཿ། བསྟན་བཅོས་ལ་རྐྱེན་བཤད་པ་དང་། འོག་ནས་འཆད་པ་གང་ཡིན་པ་དེ་རང་བཞིན་གྱི་ཕ་རོལ་དུ་འགྱུར་བའོ་ཞེས་ཡོངས་སུ་བཤད་པ་སྟེ། ཀུ་མཱ་ར་ལ་ཨཱི་སྦྱར་
བས། ཀུ་མཱ་རཱིའོ། །འདིར་ཕ་རོལ་དུ་ཨཱི་འབྱུང་བ་སྟེ། གུཔྲ་ལ་སན྄་སྦར་བས་གུཔྲ་གཉིས་པ་བྱས་པའི་གས་ཛ་ཐོབ་སྟེ། ཛུ་གུཔ་ཏེའོ། །འདིར་ཕ་རོལ་དུ་སན྄་སྦྱར་བའོ། །ཀྲྀ་ལ་ཏ་བྱ་སྦྱར་བས། རྀ་ཨར་དུ་འགྱུར་ཏེ། ཏ་དང་སྦྱར། ཀརྟ་བྱ་མ྄འོ། །འདིར་ཕ་རོལ་དུ་ཏ་བྱ་སྦྱར་
བའོ། །གུཔྲ་ཏི་ཛྐིཏྦྷྱཿསན། གུཔ་ཞེས་བྱ་བ་ནི་སྦེད་པའོ། །ཏི་ཛ་ཞེས་པ་འདར་བའོ། །ཀི་ཏ་ཞེས་པ་གནས་སོ། །དེ་རྣམས་ཀྱི་དྷཱ་ཏུ་རྣམས་ལ་རྐྱེན་སན྄་འབྱུང་བར་འགྱུར་ཏེ། གུཔྲ་ལ་སན྄་སྦྱར་བས་གུཔྲ་གཉིས་པ་བྱ་སྟེ་ཕྱི། དྷཱ་ཏུའི་པ་དང་ས་སྦྱར། ཛུ་གུཔྶ་ཏེའོ། །ཏི་ཛ་ལ་ས྄ན་
སྦྱར་བས་ཏི་ཛ྄་གཉིས་པ་བྱས། ཛ྄་ཕྱི། དྷཱ་ཏུའི་ཛས་ཀ་ཐོབ། སས་ཥ་ཐོབ་བོ། །ཏི་ཏི་ཀྵ་ཏེའོ། །ཀིཏུ་ལ་སན་སྦྱིན་ཀི་ཏ་གཉིས་པ་བྱས། ཀས་ཙ་ཐོབ། ཙི་ཀཏྶིཏི་འོ། །སྨད་པ་དང་། བཟོད་པ་དང་། ནད་བཟློག་པའི་དོན་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་དྷཱ་ཏུ་རྣམས་ལ་རྐྱེན་
Vol. 195 · folio 36b
སན་འབྱུང་བར་འཐད་པའོ། །དངོས་དཔེ་གོང་མ་སྟེ། སན་སྦྱར་བས་དྷཱ་ཏུའི་དོན་བསྒྱུར་བའོ། །མཱ་ན་ཝ་དྷཱ་དཱ་ནཱ་ཤཱ་ནནྟྱོ་དཱིརྒྷ་ཤྩཱ་བྷྱཱ་ས་སྱ། མཱ་ན་ཞེས་པ་ནི་རྗེད་པའོ། །བྷ་ན་ཞེས་པ་ནི་འཆི་བའོ། །དཱ་ན་ཞེས་པ་ནི་གཏོང་བའོ། །ཤཱན་ཞེས་པ་འདར་བའོ། །དེ་རྣམས་ལ་རྐྱེན་སན྄་འབྱུང་བར་
འགྱུར་བ་དང་། ཨ་བྷྱས་བསྲིང་བ་ཡང་ངོ་། །མན྄་ལ་སན་སྦྱར་བས་མན་གཉིས་པ་བྱས་ན་ཕྱི། སན྄་ནི་བརྞ་སྱའི་མདོས་མ་གོད་མས་ཨི་ཐོབ་སྟེ་བསྲིང་ངོ་། །མི་མཱཾ་ས་ཏེའོ། །བྷ་ན་ལ་སན་སྦྱར་བས་བ་གཉིས་པ་བྱ་བ་ལ་སོགས་པ་གོང་བཞིན། བིབྷནྶ་ཏེའོ། །དན་ལ་སན྄་སྦྱར་བས་ད་
གཉིས་པ་བྱ་སྟེ་ཨི་ཐོབ་ནས་བསྲིངས་པའོ། །དཱི་དཱཾ་སཏིའོ། །ཤན྄ ལ་དན྄ སྦྱར་བས་གོང་བཞིན་ཤིདཱཾ་ས་ཏིའོ།། །།དྷཱ་ཏོརྠཱ་ཀརྨ་ཎ་ཏུ་མནྟཱ་དཙྪི་ཏི་ནཻ་ཀ་ཀརྟྲྀཀཱཏ། ཏུམ་གྱི་མཐའ་ཅན་གྱི་དྷཱ་ཏུའི་ལས་འདོད་པའི་དོན་ཡིན་པར་གྱུར་ན་རྐྱེན་སན྄་འབྱུང་བའམ། བྷུ་ཛ་ལ་ཏུམ་སྦྱར་བས་ཛས་ཀ་
ཐོབ་སྟེ། བྷོཀྟུ་མི་ཙྪ་ཏིའོ། །བྷུ་ཛ་ལ་སན྄་སྦྱར། བྷུ་གཉིས་པ་བྱས་བྷུས་བུ་ཐོབ། ཙ་བརྒ་སྱ་ཀི་ར་སྱ་བརྞེའི་མདོས་ཛས་ཀ་ཐོབ་པའོ། །བུ་བྷུཀྵ་ཏེའོ། །ཕྱོགས་གཅིག་ནི་བྷོགྲ་ཏུམ་ཨིཙྪ་ཞེས་བྱ་བའི་ཚིག་ཉིད་དོ། །བྷུ་ཛ་ཞེས་བྱ་བ་ནི་སྐྱོང་བ་དང་། ལོངས་སྤྱོད་པ་དག་སྟེ། བྱེད་
པར་འདོད་པའོ། །ཀྲྀ་ལ་སན་སྦྱར་བས་རྀས་རི་ཐོབ་རཱྀས་ཨིར་ཐོབ་སྟེ། ཨ་བསྲིང་། ཀྲྀ་གཉིས་པ་བྱ་སྟེ། ཀས་ཙ་ཐོབ་པའོ། །ཙ་ཀཪྵི་ཏེ། ཌུ་ཀྲི་ཉ་ནི་བྱེད་པའོ། །དོགས་པའི་དོན་ལ་སན་འབྱུང་བར་འགྱུར་བ་སྟེ། ཁྱི་འཆི་བར་འགྱུར་ཞེས་བདག་དོགས་པར་འགྱུར་བ་སྟེ། ཤྭཱ་མྲྀ་ལ་
སན་སྦྱར་བས། མྲི་གཉིས་པ་སྦྱར། རྀ་ཕྱི། དྷཱ་ཏུ་རི་རྀ་ཨུར་འགྱུར་ཏེ། སས་ཥ་ཐོབ་པ་དང་སྦྱར་རོ། །ཤྭཱ་མུ་མུཪྵ་ཏིའོ། །མྲིདྲ་ཞེས་བྱ་བའི་ནི་སྲོག་གཏོང་བར་བྱེད་པའོ། །ནཱམྣ་ཨཏྨེཙྪ་ཡཱཾ་ཡིན། མིང་གི་རྟགས་ཀྱི་ལས་བདག་འདོད་པའི་དོན་ལ་རྐྱེན་ཡིན྄་འབྱུང་བའམ། བདག་ཏུ་འདོད་
པ་སྟེ། པུ་ཏྲ་ལ་རྐྱེན་ཡིན་སྦྱར། ན་དང་ཨི་ཕྱི། ཨན྄་སྦྱར་ནས་ཡ་དང་མ་སྦྱར། ན་ནི་བརྞ་སྱའི་མདོས་ཊས྄་ཨི་ཐོབ་པའོ། །པུ་ཏྲི་ཡ་ཏིའོ། །བདག་སྣམ་བུ་འདོད་པ་སྟེ། པ་ཏྲ་ལ་ཡིན྄་ལ་སོགས་པ་སྦྱར་བ་སྔ་མ་བཞིན་ནོ། །པུ་ཏྲ་པ་ཏྲའི་སྒྲ་དག་ནི་རྟགས་སོ། །མའི་མཐའ་ཅན་དང་
Vol. 195 · folio 37a
ཚིག་ཕྲད་ལ། རྐྱེན་ཡིན་མི་འབྱུང་བ་སྟེ། འདི་བདག་ཉིད་འདོད་པ་ན་མས་མཆོད་པའི་དོན་ཡིན་ན། ཡིན་འབྱུང་བར་གསུངས་ཏེ། ན་མས་ལ་ཡིན྄་སྦྱར། ཨི་དང་ན་ཕྱི། ས་དས་ཡ་སྦྱར་རོ། །ན་མ་སྱ་ཡ་ཏི་ཤི་བམའོ། །བསྙེན་བཀུར་དང་རིམ་གྲོའི་དོན་མང་
ཡང་ཡིན་འབྱུང་སྟེ། བ་ཏི་བས་ལ་ཡིན་སྦྱར། ན་དང་ཨི་ཕྱི། ས་དང་ཡ་སྦྱར། བ་ཏི་བ་སྱ་ཡ་ཏི། རྟ་དང་གྱང་། ཁྱུ་མཆོག་འཁྲིག་པ་འདོད་པའི་དོན་ལ་ཐོག་མར་ཐོབ་པའི་ཡིན་འབྱུང་བར་གསུངས་ཏེ། ཨ་ཤྭ་ལ་རྐྱེན་ཡིན་སྦྱར། རྐྱེན་གྱི་ཐོག་མར་ས་ཐོབ། ན་དང་ཨ་ཕྱི། ས་དང་ཨ་
སྦྱར། ཨ་ཤྭ་སྱ་ཏིའོ། །བྲ་ཥ་ལ་རྐྱེན་ཡིན྄་སྦྱར། ས་ཐོབ་པ་གོང་བཞིན། འོ་མ་དང་ལན་ཚྭ་དག་ལྷག་པར་འདོད་པའི་དོན་ལས་ཐོག་མར་ཐོབ་པའི་ཡིན་འབྱུང་བར་འགྱུར་རོ། །ཀྵཱི་ར་ལ་ཡིན་སྦྱར་བས་ས་ཐོབ་པ་གོང་མ་བཞིན། ལ་བ་ན་ལ་ཡིན྄་སྦྱར། ས་ཐོབ་པའོ། །ལ་བ་ན་སྱ་ཏིའོ། །ཀཱ་མྱ་ཙ།
རྟགས་བདག་འདོད་པའི་དོན་ཅན་ལ། རྐྱེན་ཀཱ་མྱ་འབྱུང་བ་སྟེ། བདག་ཉིད་བུ་འདོད་པ་སྟེ། པ་ཏྲ་ལ་ཀཱ་མྱ་སྦྱར་བའོ། །ཤུ་བྷ་ལ་ཀཱ་མྱ་སྦྱར་བས་ཤུ་བྷ་ཀཱ་མྱ་ཏེའོ། །ཨུ་པ་མཱ་ནཱ་དཱ་ཙཱ་རེ། དེ་ལྟ་བུར་སྤྱོད་པའི་ལས་ཀྱི་རྟགས་ཀྱི་དོན་ལ་རྐྱེན་ཡིན་འབྱུང་བ་སྟེ། བུ་མ་ཡིན་པ་བུ་ལྟར་སྤྱོད་
པ་སྟེ། པུ་ཏྲ་ལ་རྐྱེན་ཡིན་སྦྱར། ན་དང་ཨི་ཕྱིས་ནས་ཨན་དང་སྦྱར། ཡིན་ནི་བརྞ་སྱས་ཏྲས་ཨི་ཐོབ་པའོ།། །།ཀཏྟྟ་རཱ་ཡིས་ལ་ལོ་པཥྩ། བྱེད་པ་པོའི་དཔེ་སྤྱོད་པའི་རྟགས་ཀྱི་དོན་ལ་རྐྱེན་ཨཱ་ཡི་འབྱུང་བ་སྟེ། ཨི་བརྗོད་དོན་ནོ། །ས་ཡང་དབྱི་བའོ། །ཙའི་སྒྲ་ནི་འདིར་རྗེས་སུ་སྨྲ་བ་སྟེ། ཇི་
ལྟར་སློང་དུ་འགྲོ་བ་ན་བ་ལང་ཁྱེར་ལ་ཤོག །ཅེས་བྱ་བ་སྟེ། དེས་ན་གང་དུ་ས་ཡོད་པ་དེ་དབྱི་བ་དང་། གང་དུ་ས་མེད་པ་དེར་ཡང་ཨཱ་ཡི་འབྱུང་བའོ། །བྱ་རོག་ཁྲ་ལྟར་སྦྱོད་པ་ཤྱེ་ན་ལ་རྐྱེན་ཨཱ་ཡ་སྦྱར། མས་མ་དཱིརྒྷས་སོ། །དམངས་རིགས་དང་བྲམ་ཟེ་ལྟ་བུར་སྤྱད་པ། བྲཧྨ་ཎ་ལ་ཨཱ་ཡ་སྦྱར་
བ་གོང་བཞིན། ཆུ་འོ་མ་ལྟ་བུར་སྤྱོད་པའོ། །པ་ཡས྄་ལ་ཨཱ་ཡ་སྦྱར་བས་གོང་མ་བཞིན། ཨཔྶར་ཡ་ཏེའོ། །ཡང་ན་བ་ཡས་ལ་ཨ་སྦྱར་བས་བྱཉྫན་ཨན་ཏད་ཨ་ཕྱི་སྟེ་ས་དང་ཡ་སྦྱར་བའོ། །ཨ་པ་རས་ལ་ཨཱ་ཡ་སྦྱར་བ་གོང་མ་བཞིན། དྲོད་དང་། རླངས་པ་དང་། དབུ་བ་རྣམས་འབྱུང་
Vol. 195 · folio 37b
བའི་དོན་ལ་རྐྱེན་ལ་ཨཱ་ཡ་སྦྱར་བས་གོང་མ་བཞིན་དུ་གསུངས་ཏེ། དྲོད་འབྱུང་བ་ཞེས་བྱ། ཨུཥྨ་ལ་རྐྱེན་ཨཱ་ཡ་སྦྱར་བས་ས་མ་ན་དཱིརྒྷའོ། །བཱཥྤ་ལ་ཨཱ་ཡ་སྦྱར་བས་གོང་མ་བཞིན། །ཕེ་ཎ་ལ་ཨཱ་ཡ་སྦྱར་བ་གོང་མ་བཞིན་ཕེ་ཎཱ་ཡ་ཏའོ། །ཨིནྐཱ་རི་ཏཾ་ཙ་དྷཱ་ཏྭརྠྠེ། དྷཱ་ཏུའི་དོན་ཅན་གྱི་མིང་བསྟན་
པར་བྱ་བ་ཡིན་ན་རྐྱེན་ཨིན་འབྱུང་བ་སྟེ། དེ་ཡང་མིང་ཀཱ་རི་ཏ་ཞེས་བྱའོ། །བསྟྲམ་རྟགས་ཡིན་ལ་ཀྲྀ་དྷཱ་ཏུའོ། །བསྟྲ་ཨིན་སྦྱར་བས་ཏྲའི་ཨ་ཕྱི་སྟེ་སྦྱར་ཨིས་ཨོ་ཐོབ། ཨེ་ཨ་ས་ཡ་དང་། ཨན྄་གྱི་ཨ་སྦྱར། བསྟྲ་ཡ་ཏིའོ། །ལ་བ་ཎ་མ྄་ནི་རྟགས་ཡིན། ཀྲྀ་ནི་དྷཱ་ཏུ་ཡིན་པས་བརྟཱ་མཱ་ནའི་ཏི་
སྦྱར། ལ་བ་ནམ྄་ཨན྄་ལ་སོགས་པ་སྦྱར་བས་གོང་མ་བཞིན། ལ་བ་ཎམ྄་ཀ་རོ་ཏིའོ། །དྷཱ་ཏོཤྩ་ཧེ་ཏོ། །རྒྱུའི་དོན་ཅན་གྱི་དྷཱ་ཏུ་ལ་རྐྱེན་ཨིན྄་འབྱུང་བ་སྟེ། དེ་ཡང་མིང་ཀཱ་རི་ཏ་ཞེས་བྱའོ། །ཀྲྀ་ལ་ཨིན་སྦྱར་ན་ཕྱི། ཨ་སྱ་པ་དྷཱ་བྲི་དྷཱི་དཱརྒྷཱའི་མདོས་རྀ་ཨཱར་དུ་འཕེལ། ར་དང་ཨི་སྦྱར་ཨིས་ཨེ་
ཐོབ་ཨེ་ཨཱ། ཡ་དང་ཨན་གྱི་ཨེ་སྦྱར། ཀཱ་ར་ཡ་ཏིའོ། །པ་ཙ་ལ་ཨིན་སྦྱར་བས་པ་བསྲིང་བ་ལ་སོགས་པ་གོང་མ་བཞིན་ནོ། །པཱ་ཙ་ཡ་ཏིའོ། །ཙུ་རཱ་དེཤྩ། ཙུ་ར་ལ་སོགས་པའི་དྷཱ་ཏུ་པ་ཐར་བརྗོད་པ་རྣམས་ལ་རྐྱེན་ཨིན་འབྱུང་བ་སྟེ། དེ་ཡང་མིང་ཀཱ་རི་ཏ་ཞེས་བྱའོ། །ཙུ་ར་ལ་ཨིན་སྦྱར་
བས་ཙུ་ཙོར་གྱུར་པ་ལ་སོགས་པ་གོང་མ་བཞིན་ནོ། །ཙོ་ར་ཡ་ཏིའོ། །ཙིན་ཏ་ལ་ཨིན་སྦྱར་བས་གོང་མ་བཞིན། ཙིནྟ་ཡ་ཏིའོ། །ལཀྵ་ལ་ཨིན྄་སྦྱར་བས་གོང་བཞིན། །ལཀྵ་ཡ་ཏིའོ། །ཙུ་ར་ཞེས་པ་རྐུ་བའོ། །ཙི་ཏི་ཞེས་བྱ་བ་དྲན་པའོ། །ལཀྵ་ཞེས་བྱ་བ་དམིགས་པའོ། །ཨི་ནི་ལིངྒ་སྱ་ནེ་ཀཱ་ཀྵ་
རཱ་སྱ་ནྱཱ་སྭཱ་སྟྭཱ་དེར་ལོ་པཿ དབྱངས་ཏུ་མའི་རྟགས་ཀྱི་ཕ་རོལ་ན་ཨི་ཡོད་ན་གང་དབྱངས་ཀྱི་ཡན་ལག་མཐའ་མའི་དང་པོ་དེ་དབྱི་བས་ཏེ། གླང་པོ་ལས་ཤིན་ཏུ་འདས་པ་སྟེ། ཨ་ཏི་ཧསྟ་ནི་ལ་རྐྱེན་ཨིན་སྦྱར་བས་མདོ་འདིས་སྟིའི་ཨི་དང་ན་ཕྱི་ནས་ཨིན་དང་སྦྱར་བ་དང་། ཨན྄་དང་སྦྱར་བའོ། །ཨ་
ཏི་ཧས་ཡ་ཏིའོ། །པི་ཝང་གིས་ཉེ་བར་གླུ་ལེན་པ། བི་ཎ་ལ་ཨིན་སྦྱར་བས། མདོ་འདིས་ཎའི་ཨ་ཕྱི་སྟེ་སྦྱར་བ་དང་། ཨན་སྦྱར་རོ། །བི་ན་ཡ་ཏིའོ། །སྦོམ་བ་དང་། ཐག་རིང་བ་དང་། ལང་ཚོ་དང་། ཐུང་ངུ་དང་། མྱུར་བ་དང་། ཕྲན་ཚེགས་རྣམས་ཀྱི་འོག་མཐའི་ཨནྟསྠ་དང་། དང་པོའི་
Vol. 195 · folio 38a
ཡན་ལག་དབྱི་བ་དང་། ནཱ་མི་ཡང་གུ་ཎ་བྱ་བར་གསུངས་ཏེ། སྦོམ་པོར་བརྗོད་པ་སྟེ། སྠུ་ལའི་མཐར་ཨིན་སྦྱར་བས། ཨནྟ་ལ་ཕྱི། ནཱ་མི་ཨུ་ཨོར་འགྱུར། ཨོ་ཨབ་དང་ཨི་སྦྱར་བ་དང་། ཨནྲ་སྦྱར་རོ། །སྠུ་ལ་པཱ་ཙཥྚིསྠ་བ་ཡ་ཏིའོ། །ཐག་རིང་བར་བརྗོད་
པ། དུ་ར་ལ་ཨིན་སྦྱར་བས་ར་ཕྱི། ཨུ་ཨོར་འགྱུར། ཨོ་ཨབ་ལ་སོགས་པ་སྔ་མ་བཞིན། ཡ་བ་ཡ་ཏིའོ། །ཧྲི་སྭ་བ་ལ་ཨིན྄་སྦྱར་བས། ཝ་ཕྱིས་ས་དང་ཨི་སྦྱར་ཏེ། ཨན་སྦྱར། ཧྲ་ས་ཡ་ཏིའོ། །དཀྵི་ཏྲ་ལ་ཨིན་སྦྱར་བས་ན་ཕྱི། ཨི་ཨེར་གྱུར་པ་ལ་སོགས་པའོ། །ཀྵེ་ད་ཡ་
ཏིའོ། །ར་ཤབྡ་རྀ་ཏོ་རླ་གྷོ་བྱཾ་ཛ་ནཱ་དེཿ གསལ་བྱེད་ན་ཕ་རོལ་ན་ཡོད་པའི་རི་སྲབ་མོའི་ཕ་རོལ་ན་ཨིན་ཡོད་ན་ར་གཞག་པ་སྟེ། མཐའི་ཐོག་པའི་དབྱངས་ཀྱང་དབྱིའོ། །རྒྱ་ཆེ་བར་བརྗོད་པ་སྟེ། པྲྀ་ཐུ་ལ་རྐྱེན་ཨིན་སྦྱར་བས་མདོ་འདིས་རྀས་ར་ཐོབ། མཐའི་དབྱངས་སུ་ཨུ་ཕྱི་བ་དང་།
ཨིསྲ་ཨེ་ཐོབ། ཨེ་ཨ་ཡ། ཡ་ཨན྄་གྱི་ཨ་སྦྱར་རོ། །པྲ་ཐ་ཡ་ཏིའོ། །འཇམ་པོར་བརྗོད་པ། མྲྀ་དུ་ལ་ཨིན྄་སྦྱར་བས་གོང་བཞིན། མྲ་ཏ་ཡ་ཏིའོ། །ཡང་བ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། བྲྀའི་ཕ་རོལ་ན་ཀྵ་མཐུག་པ་ཡོད་པས་རིས་ར་མ་ཐོབ། རྀ་ཉིད་ཡང་བ་ཡིན་ཡང་།
བྲིཀྵ་ཡ་ཏིའོ། །དྷཱ་ཏོ་རེ་ཀ་སྭ་ར་དྭྱ་ཤབ་ད་ཤྩེ་ཀྲི་ཡཱ་ས་མ་བྷི་ཧཱ་རེ། གང་དབྱངས་གཅིག་པའི་དྷཱ་ཏུ་གསལ་བྱེད་ཐོག་མ་ན་ཡོད་པ་བྱ་བ་ཡང་དང་ཡང་དུ་བྱེད་པའི་དོན་ཡིན་པར་གྱུར་ན་རྐྱེན་ཡའི་སྒྲ་འབྱུང་བ་སྟེ། དེའི་མིང་ཙེ་ཀྲི་ཡི་ཏ་ཞེས་བྱའོ། །ཡང་དང་ཡང་དུ་བྱེད་པའམ།
ལྷག་པར་བྱེད་པའི་དོན་ལ་ནི་ཀྲི་ཡ་ས་མ་བྷི་ཧ་ར་ཞེས་བྱའོ། །མཆོད་སྦྱིན་ཡང་དང་ཡང་དུ་བྱེད་པའམ། ལྷག་པར་བྱེད་པའམ། ཡ་ཛ་ལ་རྐྱེན་ཡ་སྦྱར་བས། ཡ་ཛ་གཉིས་པ་གོང་དུ་སྦྱར། ཛ་ཕྱི། དྷཱ་ཏུའི་ཡ་དང་ཛ་སྦྱར་ཏེ། དཱིརྒ་ནཱ་ག་མནྟ་སྱའི་མདོས་ཨ་གོང་མ་བསྲིང་བའོ། །
ཡཱ་ཡ་ཛྱ་ཏིའོ། །ཡང་དང་ཡང་དུ་ཀློག་པའམ། ལྷག་པར་ཀློག་པ། པ་ཋ་ལ་ཡ་སྦྱར་བ་གོང་མ་བཞིན། སུ་ཙི་དང་། སུ་ཏྲི་དང་། པུ་ཏྲི་རྣམས་ཨིན་གྱི་མཐའ་ཅན་དབྱངས་དུ་མ་རྣམས་ལ་རྐྱེན་ཡ་གསུངས་ཏེ། སུ་ཙི་ལ་ཡ་སྦྱར་བས་གོང་དུ་སུ་ཙི་གཉིས་པ་བྱས་ཙི་ཕྱི། དྷཱ་ཏུའི་
Vol. 195 · folio 38b
ཙའི་ཨི་ཕྱི་སྟེ་ཡ་དང་སྦྱར་རོ། །པུ་ཏྲི་ལ་ཡ་སྦྱར་བས་གོང་མ་བཞིན། སོ་སུ་ཏྲྱ་ཏེའོ། །མུ་ཏྲི་ལ་ཡ་སྦྱར་བས་མོ་མ་ཏྲྱ་ཏེའོ། །འཁྱོག་ཅིང་འགྲོ་བའི་དོན་ལ་རྐྱེན་ཡ་འབྱུང་བ་སྟེ། ཀུ་ཊི་ལ། འཁྱོག་ཅིང་འགྲོ་བའོ། །ཨཱ་ཊཱ་ལ་ཡ་སྦྱར་བས་དྭ་རཱ་དེ་རཱི་ཡ་སྱ་ཡའི་མདོས་ཊ་གཉིས་པ་བྱས་
ཏེ། ཡ་ཕྱི་བ་དང་། སྲིང་བ་གོང་མ་བཞིན། ཨཱ་ཊཱ་ཏྱཱ་ཏེའོ།། །།གུ་པུ་དྷུ་པ་བིཙྪ་པ་ཎི་པ་ནི་རཱ་ཡཿགུ་པུ་ནི་སྲུང་བའོ། །དྷུ་པ་ནི་ཀུན་དུ་གདུང་བའོ། །བི་ཚ་ནི་འགྲོ་བའོ། །པ་ཎ་ནི་ཐ་དད་དོ། །པ་ན་ཡང་ཐ་སྙད་དོ། །དེ་རྣམས་ལ་རྐྱེན་ཨཱ་ཡ་འབྱུང་བ་སྟེ། གུཔ྄་ལ་ཨཱ་ཡ་སྦྱར་བ་སྟེ།
ནཱ་མི་ནཤྩོ་པ་ཏིའི་མདོས་གུ་གོར་གྱུར་པའོ། །གོ་པཱ་ཡ་ཏིའོ། །དྷཱུ་པ་ལ་ཨཱ་ཡ་སྦྱར་བའོ། །དྷཱུ་པཱ་ཡ་ཏིའོ། །བི་ཚ་ལ་ཨཱ་ཡ་སྦྱར་བས། བི་ཚཱ་ཡ་ཏིའོ། །པ་ཎ་ལ་ཨཱ་ཡ་སྦྱར་བས། པ་ཎཱ་ཡ་ཏིའོ། །པ་ན་ལ་ཨཱ་ཡ་སྦྱར་བས། པཱ་ནཱ་ཡ་ཏིའོ། །ཏེ་དྷཱ་ཏ་ཝ། གོང་དུ་བཤད་པའི་
སན་ལ་སོགས་པའི་རྐྱེན་གྱི་མཐའ་ཅན་གྱི་ཚོགས་དེ་རྣམས་ཀྱི་མིང་དྷཱ་ཏུ་ཞེས་བྱ་བར་འགྱུར་རོ། །གུཔ྄་ལ་རྐྱེན་སན་སྦྱར་བས་གུཔ྄་གཉིས་པ་བྱས། པ་ཕྱི། གས་ཛ་ཐོབ། དྷཱ་ཏུའི་པ་དང་ས་སྦྱར། ཛུ་གུཔྲ་ས་ཏེའོ། །མང་ག་ལ་རྐྱེན་ཡིན་སྦྱར་བས། ཡིནུ་ནི་བརྞ་སྱའི་མདོ་ལས་ཨི་ཐོབ་
པའོ། །མངྒ་ལཱི་ཡ་ཏིའོ། །སུ་ཏྲ་ལ་རྐྱེན་ཀཱ་མྱེ་སྦྱར་བའོ། །ལ་བ་ཎ་ལ་རྐྱེན་ཡིན་སྦྱར་བས་ཨི་ཨེར་གྱུར་ཨོ་ཨ་ཡ། ཡ་དང་ཨན་གྱི་ཨ་སྦྱར། ལ་བ་ཎ་ཡ་ཏིའོ། །པ་ཙ་ལ་རྐྱེན་ཡ་སྦྱར་བས། པ་ཙ་གཉིས་པ་བྱས། ཙ་ཕྱི། དཱིརྒྷ་ནཱ་ག་མན་སྱའི་མདོས་པཱ་སྲིངས་པའོ། །པཱ་པ་ཙྱ་
ཏིའོ། །དྷཱ་ཏུ་ཞེས་བྱ་བ་ཡིན་ན་ཏི་ལ་སོགས་པ་འབྱུང་བའོ། །ཙ་ཀཱ་སྐཱ་སྲ་པྲ་ཏྱ་ཨནྟེ་བྷྱ་ཨམྤ་རོ྅ཀྵཱ་ཡཱམ། ཙ་ཀཱ་སྲྀ་ཞེས་བྱ་བ་འབར་བ་དང་། ཀཱ་སྲྀའི་སྒྲ་དག་སྨན་པར་བྱ་བའི་དྷཱ་ཏུ་འདི་དག་དང་། རྐྱེན་གྱི་མཐའ་ཅན་རྣམས་ཀྱིའང་ཕ་རོལ་ན་པ་རོཀྵཱ་ཡོད་ན་རྐྱེན་ཨཱམ་འབྱུང་བ་སྟེ། ཙ་
ཀཱ་སྲཾ་ལ་ཨཱམ྄་སྦྱར་བའི་ཕྱི་ནས། ཨཱམ་ཀྲྀའོ་མདོས་འོག་ཏུ་ཀྲྀ་བྱས་ཀྲྀ་གཉིས་པ་ཡང་བྱས། གོང་མའི་རྀ་ཕྱི། ཀས་ཙ་ཐོབ། འོག་མའི་རྀ་ཨར་ཐོབ། ཨ་དང་ཀ་ར་དང་ཨ། ཀི་ལ་སྦྱར། ཙ་ཀཱ་སཱཾ་ཙ་ཀཱ་ར། ཀཱ་སྲྀལ་ཨཱཾ་སྦྱར་བ་ཨེ་གོང་མ་བཞིན། ཀཱ་སཱཾ་ཅ་ཀྲི། རྐྱེན་གྱི་
Vol. 195 · folio 39a
མཐའ་ཅན་རྣམས་ལ་གུཔ་པ་སན་སྦྱར་གུ་གཉིས་པ་བྱས་ཏེ་ཨཱམ་སྦྱར་བས་གོང་མ་བཞིན། པུ་ཏྲ་ལ་རྐྱེན་ཀཱ་མྱེ་སྦྱར་ཏེ་ཨཱམ་སྦྱར་བས་གོང་མ་བཞིན། པུ་ཏྲ་ཀཱ་མྱཱཾ་ཙ་ཀཱ་རཱའོ། །པ་ཐ་ལ་ཡ་སྦྱར་ཏེ་ཨཱཾ་སྦྱར་བས་གོང་མ་བཞིན་པཱ་པཱ་ཐཱཾ་ཙཀྐེའོ། །གུཔ྄་ལ་ཨཱ་
ཡ་སྦྱར་ཏེ་ཨམ྄་སྦྱར་བ་ལ་སོགས་པའོ། །གོ་པཱ་ཡཱཾ་ཙ་ཀ་རཿའོ། །ནཱ་མྱཱ་དེརྒུ་རུ་མ་ཏོ྅ནྲཱྀཙྪཿ། །ཐ་མན་ནཱ་མི་ཡོད་པའི་དྷཱ་ཏུ་མཐུག་པ་དང་ཡང་ལྡན་ལ། ཕ་རོལ་ན་པ་རོ྅ཀྵཱ་ཡོད་ན་རྐྱེན་ཨཱམ་འབྱུང་བའོ། །རི་ཙ་ཞེས་བྱ་བ་ནི་དབང་པོ་ཉམས་པ་འམ་བརྒྱལ་བའི་ངོ་བོ་དག་སྟེ། དེ་ནི་མ་
གཏོགས་པའོ། །ཨཱིཀྵ་ལ་ཨཱམ་སྦྱར་བ་འོག་ཏུ་ཀྲྀ་གཉིས་པ་སྦྱར་བ་གོང་མ་བཞིན། ཨིཀྵཱ་ཙཀྐྲེའོ། །ཨུ་ཧ་ལ་ཨཱམ་སྦྱར་གོང་མ་བཞིན། ཨཱུ་ཏྲཱཾ་ཙཀྲའོ། །ཨབ྄་ཛ་ལ་ཨཱམ྄ སྦྱར་གོང་བཞིན། ཨུ་བ་ཛཱ་ཙ་ཀཱ་རའོ། །ཨ་ནྲྀཙྪ་ཨི་ཏི་ཀིམྲ་རྀ་ལ་ཨཱཏ་སྦྱར་བས་རྀ་གཉིས་པ་བྱས། ཨ་ཀཱ་ར་
རི་བརྞ་སྱའི་མདོས་རས་ཨ་ཐོབ། བར་དུ་ན་ཐོབ། དྷཱ་ཏུའི་ཨཱར་དུ་འགྱུར་ཏེ། ཨ་དང་ན། ར་དང་ཙ་སྦྱར་རོ། །ཨཱ་ནརྪ་ཏུའོ། །ཨ་སི་ད་ཡ་ཡི་ད་རེ་ཏྲ་བྷྱཤྩ། ཨ་པ་ཞེས་བྱ་བ་འདུག་གནས་ཏེ། ད་ཡ་ཞེས་པ་སྦྱིན་པ་དང་། འགྲོ་བ་དང་སྲུང་བ་རྣམས་ཏེ། ཨ་ཡ་ནི་འགྲོ་བའོ། །
ད་རི་ཏྲཱ་ནི་ངན་འགྲོའོ། །དེ་རྣམས་ཀྱི་ཕ་རོལ་ན་པ་རོ྅ཀྵཱ་ཡོད་ན་ཨཱམ་འབྱུང་བ་སྟེ། ཨ་ས་ལ་ཕ་རོལ་ན་པ་རོ྅ཀྵཱ། ཨེ་ཡོད་པས་ས་ལ་ཨཱམ་སྦྱར། ཨམ་ཀྲྀའི་མདོས་འོག་ཏུ་ཀྲྀ་གཉིས་པ་སྦྱར་རོ། །ཨཱ་སཱཾ་ཙཀྲེའོ། །ད་ཡ་ཨཱམ་སྦྱར་བ་གོང་བཞིན། ད་ཡཱམ་ཙཀྲེའོ། །ལཱ་ཡ་ཡ་ཨམ་
སྦྱར་བ་གོང་མ་བཞིན། པ་ཙ་ལཱ་ཡཱམ་ཙཀྲེའོ། །ཨ་པའི་གོང་དུ་བ་ར་སྦྱར་ཏེ། རས་ལ་ཐོབ་པའོ། །ད་རི་དྲཱ་ལ་ཨམ་སྦྱར་བ་གོང་བཞིན། ད་རི་དྲཱཾ་ཙ་ཀཱ་རའོ། །ཨུ་ཥ་བི་ད་ཛ་གྲྀ་བྷོ་བཱ། ཨུ་ཥ་ནི་ཚིག་པའོ། །བི་ད་ནི་རིག་པའོ། །ཛཱ་གྲྀ་ནི་གཉིད་སད་པའོ། །དེ་རྣམས་ཀྱི་ཕ་རོལ་ན་
པ་རོ྅ཀྵཱ་ཡོད་ན་ཨཱམ་འབྱུང་བའོ། །ཨུ་ཥ་ལ་ཨཱམ་སྦྱར་བ་པ་རོ྅ཀྵ་ཨཊ་སྦྱར་བས་འོག་ཏུ་ཀྲྀ་གཉིས་པ་བྱས་པ་ལ་སོགས་པའོ། །ཨོ་ཥཱ་ཙ་ཀཱ་རའོ། །བི་ད་ལ་ཨཱཾ་སྦྱར་བ་གོང་མ་བཞིན། བི་དཱཾ་ཙ་ཀཱ་རའོ། །ཛཱ་གྲྀ་ལ་ཨམ་སྦྱར་བས་རྀ་ཨར་དུ་འགྱུར་ཏེ་སྦྱར། ཕྱི་མ་གོང་མ་བཞིན།
Vol. 195 · folio 39b
ཛཱ་གཱ་རཾ་ཙ་ཀཱ་རའོ། །ཕྱོགས་གཅིག་ཨུ་ཥ་ལ་ཨཊ྄་སྦྱར་བས་ཨུ་གཉིས་པ་བྱས་ཨུ་གོང་མས་ཨུབ་ཐོབ་སྟེ་སྦྱར་རོ། །བཀྵེ་ཨུ་བོ་ཤའོ། །བི་ད་ལ་ཨཱཊ་སྦྱར་བས་བི་གཉིས་པ་བྱས་པའོ། །བི་བེ་དའོ།། །།བྷཱི་ཧྲཱི་བྷྲི་ཧུ་བཾ་སཪྺ་དྷཱ་ཏུ་ཀ་བཙྪ། ཉི་བྷི་ནི་འཇིག་པ་སྟེ། ཧྲཱྀ་ཞེས་པ་ངོ་ཚ་བའོ། །
ཌུ་བྷྲྀཉ་ཞེས་པ་འཆང་བ་དང་རྒྱས་པ་དག་གོ། །ཧུ་ཞེས་པ་སྦྱིན་པ་དང་། བཟའ་བ་སྟེ། འདི་རྣམས་ཀྱི་ཕ་རོལ་ན་བ་རོ྅ཀྵཱ་ཡོད་ན་ཨཱམ྄་འབྱུང་དུ་རུང་བ་སྟེ། དེ་ཡང་སཪྺ་དྷཱ་ཏུ་ཀ་ལྟ་བུའོ། །སཪྺ་དྷཱ་ཏུ་ཀ་ཕ་རོལ་ན་ཡོད་པའི་བྱ་བར་བཤད་པ་གང་ཡིན་པ་དེ་རྐྱེན་ཨཱམ་ལ་འབྱུང་བར་འགྱུར་བའོ། །
བྷི་ལ་ཨཱམ་སྦྱར་བས་སཪྺ་དྷཱ་ཏུ་ཀཱི་བྱ་བ་བྷི་གཉིས་པ་སྦྱར། བྷས་བ། ཨིས། ཨེ། ཨེ། ཨ་ཡ། ཡ་དང་ཨམ྄ སྦྱར་བ་དང་། ཨཱམ་ཀྲྀའི་མདོས་ཀྲྀ་གཉིས་སྦྱར་བ་ལ་སོགས་པ་རོ྅ཀྵཱ། ཨཊ྄་ཡོད་པས་སྔ་མ་བཞིན། བྷི་བྷ་ཡཱཾ་ཙ་ཀ་རའོ། །ཧྲི་ཨཱམ་སྦྱར་བ་སོགས་གོང་བཞིན། ཛཱིཧྲ་ཡཱཾ་
ཙ་ཀ་རའོ། །བྷི་ལ་ཨཱམ་སྦྱར་བ་སོགས་གོང་བཞིན། བི་བྷ་རཱཾ་ཀཱ་རའོ། །ཧུ་ལ་ཨཱམ་སྦྱར་བས་ཧུ་གཉིས་པ་སྦྱར། དྷཱ་ཏུའི་ཧུས་ཨཱུ་བ་ཐོབ་སྦྱར་བ་དང་། གཞན་སྔ་མ་བཞིན། ཕྱོགས་གཅིག་ནི་བྷི་ལ་ཨཊ་སྦྱར་བས་བྷི་གཉིས་པ་བྷྱས། ཨིས྄་ཨེ་ཐོབ། ཨེ་ཨ་ཡ། ཡ་དང་ཨ་སྦྱར།
པཀྵེ་བི་བྷ་ཡའོ། །ཧྲི་ལ་ཨཊ་སྦྱར་བས་གོང་བཞིན། ཛཱི་ཏྲ་ཡའོ། །བྷྲཱྀ་ཨཊ྄་སྦྱར་བས་བྷྲྀ་གཉིས་པ་སྦྱར། དྷཱ་ཏུའི་རྀ་ཨཱར྄་དུ་འཕེལ། སྦྱར་རོ། །བ་བྷཱ་རའོ། །ཧུ་ལ་ཨད་སྦྱར་བས་ཧུ་གཉིས་པ་སྦྱར་དྷཱ་ཏུའི་ཨུ་ཨོར་འགྱུར། ཨོ་ཨབའོ། །ཛུ་ཧཱ་བའོ།། །།ཨཱམའི་ཀྲྀཉ་ནུ་པྲ་ཡུ་ཛྱ་ཏེ། ཨཱམ་
གྱི་མཐའ་ཅན་གྱི་སྒྲའི་འོག་ཏུ་ཀྲྀཉ་སྦྱར་བ་བྱ་བ་སྟེ། དཔེ་རྣམས་ནི་སྔར་བཤད་པའོ། །ཨསྦྷུ་ཝཽ་ཙ་པ་རསྨཻ། ཨཱམ་གྱི་མཐའ་ཅན་གྱི་སྒྲའི་འོག་ཏུ་ཨཱས་དང་བྷུ་འདི་དག་ཀྱང་སྦྱར་བར་བྱ་སྟེ། བདག་གི་ཚིག་ཅན་གྱི་གནས་སུ་ཡང་། གཞན་གྱི་ཚིག་ཅན་གཞག་པར་བྱའོ། །
ཨཱིཀྵ་ཨམ་གྱི་མཐའ་ཅན་ཡིན་པས་ཨཱས྄་སྦྱར། ཕ་རོལ་གྱི་བདག་གི་ཚིག་ཅན་ཨེས྄་ཨེ་ཐོབ་སྟེ། ཨ་སྱ་སཪྺ་ཏྲའི་མདོས་ཨ་བསྲིང་། ཡ་གཉིས་པ་ཕྱི་ནས་ཨ་དང་སྦྱར། ཨཊའི་ཨ་དང་ས་སྦྱར། ཨཱིཀྵ་མཱ་པའོ། །ཨཱིཀཱི་ཨཱམ྄་གྱི་མཐའ་ཅན་ལ་བྷུ་སྦྱར་ཕ་རོལ་གྱི་ཨེས་ཨཱ་
Vol. 195 · folio 40a
ཐོབ། བྷུ་གཉིས་པ་བྱས། བྷུ་བོནྟ་ས་འོག་ཏུ་བ་ཐོབ་སྟེ། ཨེ་དང་སྦྱར་རོ། །ཨཱིཀྵ་བ་བྷུ་བའོ། །ཨཱིཀྵ་ནི་ལྟ་བའོ། །ཙ་ཀ་སཱ་མལ་ཨས་སྦྱར་བ་དང་། ཕ་རོལ་ན་ཨེ་ཡོད་པ་ལ་སོགས་པ་གོང་མ་བཞིན། ཙཱ་ཀཱ་སཱ་མཱ་སའོ། །ཙ་ཀཱ་སཱམ྄་ལ་བྷཱུ་སྦྱར་བ་དང་ཨེ་སྦྱར་བ་གོང་
མ་བཞིན། ཙ་ཀཱ་སཱ་བ་བྷུ་བ།། །།སི་ཛཱ་དྱ་ཏ་ནྱཱམ྄། དྷཱ་ཏུའི་ཕ་རོལ་ན་ཨ་དྱ་ཏ་ནཱི་རྣམས་ཡོད་ན་རྐྱེན་སི་ཙ་འབྱུང་བ་སྟེ། ཨི་དང་ཙི་དག་ནི་སི་ཙ་པ་ར་སྨཻའི་མདོ་འདིས་དབྱི་བར་བྱའོ། །ཀྲྀའི་མཐར་སྦྱར་པས་བར་དུ་སི་ཙ་སྦྱར། ཐོག་མར་ཨ་སྦྱར། རྀ་ཨར་དུ་འཕེལ། སས་ཥ་ཐོབ། ཨིད་ཐོབ་སྟེ།
ཨི་དང་སྦྱར། ཧྲི་དང་དི་སྦྱར་བས་བར་དུ་སི་ཙ་དང་ཨི་སྦྱར་བ་སོགས་གོང་བཞིན། ཨ་ཧཱཪྵིཊའོ། །ཌུ་ཀྲིཉ་ནི་བྱེད་པའོ། །ས་ཎ་ནི་ཌསྶི་ཌནྟཱ་ནཱ་མྱུ་བ་དྷཱད་དྲྀ་ཤཿ། དྷཱ་ཏུ་ཥིཊ྄ ཀྱི་མཐའ་ཅན་ནཱ་མིའི་ཉེ་བའི་ཚིག་ཏུ་འགྱུར་པ་ལ་ཨཊ་མ་གཏོགས་པའི་སན་རྐྱེན་དུ་འབྱུང་བ་སྟེ། དྲྀ་ཤིར྄་ཞེས་
བྱ་བ་ནི་ལྟ་བ་སྟེ་དྷཱ་ཏུ་འདི་མ་གཏོགས་པའོ། །བ་ཤའི། ཕ་རོལ་ན་དི་ཡོད་པས་བར་དུས་ན་སྦྱར། ན་ཕྱི། ཤ་དོ་ཀའི་མདོས་ཤས་ཀ་ཐོབ། སས་ཤ་ཐོབ་པ་དང་སྦྱར། ཨ་བིཀྵ་ཊའོ། །ཀྲི་ཤ་ལ་གོང་དུ་ཨ་སྦྱར་བ་ལ་སོགས་པ་གོང་བཞིན་ནོ། །ཨ་ཀྲི་ཀྵ་ཏའོ། །བུ་ཤ་ལ་གོང་དུ་
ཨ་སྦྱར་བ་ལ་སོགས་པའོ། །ཨ་བུཀྵཱ་ཏའོ། །བ་ཤ་ནི་འཇུག་པའོ། །ཀྲྀ་ཤ་ནི་རྣམ་པར་རྐོ་བའོ། །དུ་ཧ་ནི་འཇོ་བའོ། །དྲྀ་ཤ་མ་གཏོགས་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། དྲྀ་ཤ་ལ་དི་སྦྱར་བ་ཡོད་ཀྱང་བར་དུ་སན་མ་བྱུང་སྟེ། སི་ཙ་བྱུང་ནས་ཨིད་ཀྱང་སྦྱར། ཨ་དྲྀ་ཀྵ་དའོ། །ཤྲཱི་དྲུ་སྲུ་ཀ་མི་
ཀཱ་རི་ཏཱནྟེ་བྱ་ཤྩ་ཀརྟ་རི། དྲུ་ནི་འགྲོ་བའོ། །སྲུ་ཡང་འགྲོ་བའོ། །ཀ་མུ་ནི་འདོད་པའོ། །དེ་རྣམས་ཀྱི་དྷཱ་ཏུ་ཀཱ་རི་ཏའི་མཐའ་ཅན་རྣམས་ལ་ཕ་རོལ་ན་བྱེད་པ་པོའི་ཚིག་ཅན་ཨ་དྱ་ཏ་ནཱི་རྣམས་ཡོད་ན་རྐྱེན་ཙཎ་འབྱུང་བ་སྟེ། ཤྲི་ལ་དི་སྦྱར་བས་གོང་དུ་ཨ་སྦྱར། གོང་དུ་ཤྲི་གཉིས་པ་བྱས་པས་བར་
དུ་ཙཎ་ད་དྷཱ་ཏུ་ཤྲིའི་ཨིས་ཨི་ཡ་ཐོབ། ཡ་དང་ཨའི་ཙ་སྦྱར་རོ། །ཨ་ཤི་ཤྲི་ཙ་ཡ྄ཏའོ། །དྲུ་ལ་དི་སྦྱར་བས་ཙཎ་སྦྱར་བ་སོགས་གོང་བཞིན་ཨ་དུ་དྲུ་བཏྲའོ། །སྲུ་ལ་དི་སྦྱར་པ་སོགས་པའོ། །ཨ་སྲུ་སྲུ་བཏའོ། །ཀ་མུ་ལ་ཨ་དྱ་ཏ་ནཱིའི་ཏ་སྦྱར་བས་ཙན་སྦྱར་ཏེ་ཀ་གཉིས་པ་བྱས་ཨུ་ཕྱི་ནས་བ་
Vol. 195 · folio 40b
དང་ཙའི་ཨ་སྦྱར། ཨ་ཙ་ཀ་མ་ཏའོ། །ཀཱ་རི་ཏའི་མཐའ་ཅན་རྣམས་ལ་ཀྲྀ་ལ་དི་སྦྱར་བར་དུ་ཙན྄་སྦྱར། གོང་དུ་ཨ་དང་ཀྲྀ་གཉིས་པ་སྦྱར་ཏེ། ཨི་ཐོབ་པ་ལ་སོགས་པའོ། །ཨ་ཙི་ཀ་ར་ཏའོ། །ཧྲྀ་ལ་དི་སྦྱར་བར་དུ་ཙཎ་སྦྱར་གོང་བཞིན། ཨ་ཛཱ་ཧ་ར་ཏའོ། །ཨ་ཎཱ་སུ་ཝ་ཙི་ཁྱཱ་ཏི་ལེ་པི་སི་ཙ་ཏྭེ།
ཨ་སུ་ནི་གཏོང་བའོ། །ཝ་ཙ་ནི་སྨྲ་བའོ། །ཁྱཱ་ནི་གྲགས་པའོ། །ལི་པ་ནི་ཉེ་བར་སྟོན། ཥི་ཙ་འཛག་པའོ། །ཧྭེ་ཉ་ནི་འགྲན་པའོ། །འདི་རྣམས་ཀྱི་དྷཱ་ཏུའི་ཕ་རོལ་ན་བྱེད་པ་པོའི་ཚིག་ཅན་གྱི་ཨ་དྱ་ཏ་ནཱི་ཡོད་ན་རྐྱེན་ཨཎ་འབྱུང་བ་སྟེ། ཨ་པ་ལ་ཨ་དྱ་ཏ་ནིའི་ཏ་སྦྱར། བར་དུ་ཨཎ་སྦྱར་གོང་དུ་མ་སྦྱར།
ཨ་དྱ་དེའི་མདོས་ཐ་ཐོབ། ས་དང་ཨ་དང་ཨཎ་གྱི་ཨ་སྦྱར་ཨ་གོང་མ་བསྲིངས་ཏེ། པ་རི་དང་ཨི་ཝཪྞའོ། །ཝཙ་ལ་དི་སྦྱར་བས་ཨོ་ཐོབ་པའོ། །ཨ་བོ་ཙ་ཏའོ། །ཁྱཱ་ལ་དི་སྦྱར། གོང་དུ་ཨཱའོ། ཨ་ཁྱཱ་ཏའོ། །ལི་པ་ལ་དི་སྦྱར། གོང་དུ་ཨའོ། །ཨ་ཁྱཱ་ཏའོ། །ཨཱ་ལི་བཏའོ། །སི་ཙ་ལ་དི་སྦྱར།
གོང་དུ་ཨའོ། །ཨ་སི་ཙཏའོ། པུ་ཥཱ་དི་དྱུ་ཏཱ་དྱླྀ་ཀཱ་རཱ་ནུ་བནྡྷཱརྟིཤརྟི་ཤསྟི་བྷྱཤྩ་པ་ར་སྨཻ། པུ་ཥ་ནི་རྒྱས་པ་སྟེ། དེ་ལ་སོགས་པ་རྣམས་དང་། དྱུ་ཏ་ནི་འབར་བ་སྟེ། དེ་ལ་སོགས་པ་རྣམས་དང་དེ་བཞིན་དུ་ལྀའི་མཐའ་ཅན་གྱི་དྷཱ་ཏུ་རྣམས་དང་། དེ་བཞིན་དུ་ལ་ནི་འགྲོ་བ་དང་རྀ་སྲྀ་ཡང་འགྲོ་བའི་དོན་ཅན་
ནོ། །ཤཱ་སུ་ནི་རྗེས་སུ་སྟོན་པ་སྟེ། དེ་རྣམས་དང་ཕ་རོལ་ནི་བྱེད་པ་པོའི་ཚིག་ལ་ཨདྱ་ཏ་ནཱི་གཞན་གྱི་ཚིག་ཅན་ཡོད་ན་རྐྱེན་ཨན་འབྱུང་བར་འགྱུར་ཏེ། པུ་ཥ་ལ་སོགས་པ་རྣམས་ནི། པུ་ཥ་ལ་དི་སྦྱར་བས་བར་དུ་ཨན྄་འབྱུང་སྟེ། ཥ་དང་སྦྱར་གོང་དུ་ཨའོ། །ཨ་པུ་ཥཏའོ། །ཏུ་ཥ་ལ་དི་ལ་སོགས་
པ་གོང་བཞིན། ཨ་ཏུ་ཥ་ཏའོ། །ཤུ་ཥ་ལ་ཡང་གོང་བཞིན། ཨ་ཤུ་ཥཏའོ། །པུ་ཥ་ནི་རྒྱས་པའོ། །ཏུཥ་ནི་དགའ་བའོ། །ཤུ་ཥ་ནི་སྐེམས་པའོ། །དྱུ་ཏ་ལ་སོགས་པ་རྣམས་ལ། དྱུ་ཏ་ལ་དི་སྦྱར་བས་བར་དུ་ཨན་སྦྱར། གོང་དུ་ཨ་སྦྱར། ཨ་དྱུ་ཏ་ཏ྄འོ། །རུ་ཙ་ལ་དི་སྦྱར་བ་གོང་བཞིན། ཨ་རུ་
ཙན་ཏའོ། །དྱུ་ཏ་ནི་འབར་བའོ། །ལྀ་རྗེས་སུ་འབྲེལ་པ་རྣམས་ལ། གིམླ་ལ་དི་སྦྱར་བས། ལྀ་ཕྱི། བར་དུ་ཨན྄། ན་ཕྱི། གོང་དུ་ཨ་སྦྱར། ཨ་ག་མཏ྄འོ། །ཨ་དི་ལ་དི་སྦྱར་བས། གྷྀསླ་ཐོབ། གོང་དུ་ཨ་སྦྱར། ལྀ་ཕྱི། ཨན་དང་སྦྱར། ཨ་གྷ་སཏ྄འོ། །གམ྄་ལྀ་ནི་འགྲོ་བའོ། །
Vol. 195 · folio 41a
ཨ་དིའི་གྷ་སླྀ་གཞག་པ་སྟེ། ཨརྟི་སོགས་རྣམས་ལ། རྀ་ལ་དི་སྦྱར་བས་བར་དུ་ཨན྄་གོང་དུ་ཨ། རྀས་ཨར྄་ཐོབ། ཨ་གཉིས། ས་མ་ན་དཱིརྒྷ་ར་དང་ཨན྄་གྱི་ཨ་སྦྱར་ཨཱ་ར་ཏའོ། །སྲྀ་ལ་གོང་མ་བཞིན། ཨ་ས་རཏའོ། །ཤ་ཥ་ལ་དི་སྦྱར་ཤས྄། ཨི་ཐོབ་པ་ལ་
སོགས་པ་གོང་བཞིན། ཨ་ཤི་ཥཏའོ། །ཏྲི་པི་དང་། ཏྲེ་པི་དག་ལ་ཨན་འབྱུང་བར་གསུངས་པའམ། ཏྲི་པ་ལ་དི་སྦྱར་བས་བར་དུ་ཨན། གོང་དུ་ཨའོ། །ཨ་ཏྲི་པཏའོ། །ཡང་ན་ཏྲྀ་པ་ལ་དི་སྦྱར་བས་བར་དུ་སྀ་ཙ། གོང་དུ་ཨིང་། འོག་ཏུ་ཨིང་། སྀ་ཙ་ཕྱི། ས་མ་ན་དཱིརྒྷའོ། །ཏྲྀ་པ་ལ་སོགས་
པ་གོང་བཞིན། ཨ་ཏྲྀ་པཏའོ། །ཡང་ན་དྲྀ་ལ་ཨ་ཐོབ་པ་དང་། རྀ་རར་བྱས་པ་ལ་སོགས་པ་གོང་བཞིན། དྲྀ་པ་ནི་དགའ་བའོ། །དྲྀ་པ་ནི་མགུ་བའོ། །ཨི་རྗེས་སུ་འབྲེལ་པ་རྣམས་ལ་ཨན་འབྱུང་བར་གསུངས་པའམ། བྷི་དིར་ལ་ཨ་དྱ་ཏི་ནཱིའི་དི་སྦྱར། གོང་དུ་ཨ་སྦྱར། ཨིར་ཕྱི། །བར་དུ་ཨན་
སྦྱར། ན་ཕྱི། །ས་དང་སྦྱར་བས། ས་བྷ་དི་ཏ྄འོ། །ཡང་ན་སྀ་ཙ་སྦྱར། བྷི་བྷེར་འཕེལ་བའོ། །རུ་དྷིར་ལ་དི་སྦྱར། གོང་དུ་ཨ་སྦྱར། ཨིར་ཕྱི་ནས། ཨན་གྱི་ཨ་དང་དྷཱ་སྦྱར་བའོ། །ཨ་རུ་ངྷཏ྄འོ།། ཡང་ན་སི་དང་སྦྱར་བས་ཨིད་སྦྱར་བ་དང་། རུ་རཽར་འཕེལ་བའོ། །ཨི་ཛཱཏྨེ་ནེ་པ་
དེ་པ་ཐ་མེ་ཀ་བ་ཙ་ནེ། །པ་དག་དཽ་ཞེས་བྱ་བའི་དྷཱ་ཏུ་འདི་ལ་ཨི་ཙ་འབྱུང་བ་སྟེ། བྱེད་པ་པོའི་ཚིག་ཅན་ཨ་དྱ་ཏ་ནཱི་བདག་གི་ཚིག་ཅན་དང་པོའི་སྐྱེས་བུ་གཅིག་གི་ཚིག་ཕ་རོལ་ལན་ཡོད་པའོ། །པ་ད་ལ་དི་ཡོད་པས་གོང་དུ་ཨུཏ་སྦྱར། བར་དུ་ཨིཛ་སྦྱར། ཛ་ཕྱི་བའི་གོང་དུ་ཨ་སྦྱར་ཏེ། པ་བསྲིང་།
ད་དང་ཨི་སྦྱར་ཏེ། ཨིཙ་དང་ད་ལོ་པའི་མདོས་དི་ཕྱི། ཨུ་ད་པཱ་དིའོ། །པ་ད་ལ་དི་ཡོད་པས་གོང་དུ་སམ་སྦྱར་བ་སོགས་བཞིན་ས་མ་པ་དིའོ། །བྷཱ་བ་ཀརྨ་ཎོ་ཤྩ། །དྷཱ་ཏུ་ལ་ཨི་ཛ་འབྱུང་བར་འགྱུར་བ་སྟེ། དངོས་པོ་དང་ལས་ཀྱི་ཚིག་ཨ་དྱ་ཏ་དཱི་བདག་གི་ཚིག་ཅན་དང་པོའི་སྐྱེས་བུ་ཕ་རོལ་
ན་ཡོད་པར་གྱུར་ནའོ། །དང་པོའི་དཔེ་ནི། ཤིང་ལ་ཨ་དྱ་ཏ་ནི་སྦྱར། ང་ཕྱི། བར་དུ་ཨ་ཛི་སྦྱར་ཏེ། ཛ་ཕྱི། ཨི་ཨེ། ཨེ། ཨཡ། ཡ་དང་ཨི་སྦྱར། ཨ་དང་ཤ་སྦྱར། ཏ་ཕྱིའོ། །ཨ་ཤཱ་ཡི་བྷ་བ་ཏཱའོ། །ཨ་ས་ལ་ཏ་སྦྱར་བ་སོགས་གོང་བཞིན། ཨ་སི་བྷ་བ་ཏའོ། །ཤིང་ནི་
Vol. 195 · folio 41b
ཉལ་བའོ། །ཨཱ་ས་ནི་ཉེ་བར་འདུག་པའོ། །ལས་ཀྱི་དཔེ་ནི་ཀྲྀ་ཡ་ཏ་སྦྱར། གོང་དུ་ཨ། བར་དུ་ཨི་ཛ། རྀ་ཨཱར་དུ་འཕེལ་ཏེ་སྦྱར། པ་ཙ་ལ་ཏ་སྦྱར་བ་སོགས་གོང་བཞིན། ཌུ་ཀྲྀཉ་ནི་བྱེད་པའོ། །ཌུ་པ་ཙ་ཥ་ནི་འཚེད་པའོ། །དབྱངས་ཀྱི་མཐའ་ཅན་ལས་ཀྱི་བྱེད་པ་པོ་ལ་ཨི་ཛ་འབྱུང་
བར་གསུངས་པའམ། ལཱ་ལ་ལུ་ཏ་སྦྱར། གོང་དུ་ཨ་བར་དུ་ཨི་ཛ་སྦྱར་བས་ཨུ་ཨོར་འགྱུར། ཨོ་ཨ་བར་གྱུར་པ་དང་ཨི་སྦྱར་ཏ་ཕྱི། ཨ་ལཱ་བིའོ། །ཤིང་རང་ཉིད་རྔ་སླ་བ་ཞེས་པ་ནི་ལས་ཉིད་དེ་བྱེད་པའོ། །ཡན་ལུ་ལ་ཏ་སྦྱར་བས་གོང་དུ་ཨ། བར་དུ་སི་ཙའི་གོང་དུ་ཨིད་སྦྱར། ཨུ་
ཨོ། ཨོ་ཨབ། བ་དང་། ཨི་སྦྱར། སས་ཥ། ཏས་ཊ་ཐོབ་ཏེ་སྦྱར། ལཱུ་ཉ་ནི་གཅོད་པའོ།། །།སརྦ་དྷཱ་ཏུ་ཀེ་ལཎ྄། དྷཱ་ཏུའི་ཕ་རོལ་ན་སཪྺ་དྷཱ་ཏུ་ཀེ་དངོས་པོ་དང་ལས་སུ་བྱ་བ་ཡོད་ན་ཡཎ་འབྱུང་བར་འགྱུར་བ་སྟེ། ཤིང྄་ལ་ཝརྟ་མཱ་ནའི་ཏེ་སྦྱར། བར་དུ་ཡཎ྄སྦྱར། ཨི་ཨེ། ཨེ། ཨ་ཡ།
ཡ་དང་ཨ་སྦྱར། ཤ་ཡྱ་ཏེ་བྷ་བ་ཏེའོ། །ཨཱ་པ་ལ་ཏེ་དང་ཡཎ་སྦྱར། ཤིང་ནི་ཉལ་བའོ། །ཨ་པ་ནི་ཉེ་བར་འདུག་པའོ། །ཀྲྀ་ལ་ཏེ་སྦྱར། བར་དུ་ཡཎ་སྦྱར། རྀ་རར་གྱུར། ཡན་ཤི་ཤོའི་མདོས་ཨི་ཐོབ། ཀྲྀ་ཡ་ཏེ་ཀ་ཊཿའོ། །ཧྲཱི་ཏེ་ལ་སོགས་པ་གོང་མ་བཞིན། ཧྲཱི་ཡ་ཏེ་བྷཱ་རའོ། །ཌུ་ཀྲྀཉ་
ནི་བྱེད་པའོ། །ཧྲྀ་ཉ་ནི་འཕྲོགས་པའོ། །ཨནྦི་ཀ་ར་ནཤྐརྟ་རི། དྷྭ་ཏུ་ཕ་རོལ་ན་བྱེད་པ་པོའི་ཚིག་ཅན་སརླུ་དྷྭ་ཏུ་ཀེ་ཡོད་ན་ཨན྄་འབྱུང་བར་འགྱུར་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །བྷུ་ལ་ཝརྟ་མཱ་ནཱའི་ཏི་སྦྱར། བར་དུ་ཨསྲོ། ཨུས་ཨོ། ཨོ་ཨབ། བ་དང་ཨ་སྦྱར། གམ་ལ་ཏི་དང་
ཨན་སྦྱར། མས་ཚ་ཐོབ་པའོ། །གཙྪ་ཏིའོ། །བྷུ་ནི་ཡོད་པའོ། །གམླྀ་ནི་འགྲོ་བའོ། །བྷུ་ལ་ཡ་དི་སྦྱར། ཨུས་ཨོ། ཨོ་ཨབྲ། ཡས་ཨེ་ཐོབ་སྟེ་སྦྱར། བྷེ་བེཏའོ། །བྷུ་ལ་ཏུ་སྦྱར་བས་གོང་བཞིན་བྷ་བ་ཏུའོ། །བྱུ་ལ་དི་སྦྱར་བས་གོང་དུ་ཨ། བར་དུ་ཨན་སྦྱར། ཨ་བྷ་བཏྤའོ།། །།དི་བཱ་དེཪྻ་ན།
དི་བ་ལ་སོགས་པའི་དྷཱ་ཏུའི་ཚོགས་ཀྱི་ཕ་རོལ་ན་སརླྦ་དྷཱ། ཏུ་ཀེ་ཡོད་ན་ཡང་འབྱུང་བར་འགྱུར་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །དི་བུ་ལ་ཝ་རྟ་མཱ་ནཱའི་ཏི་སྦྱར། བར་དུ་ཨན་སྦྱར་ན་ཕྱི། ཨི་བསྲིང་བའོ། །དཱི་བྱ་ཏིའོ། །དི་བུ་ལ་ཡདྲ་སྦྱར། བར་དུ་ཡན྄་སྦྱར། ཡད་ཀྱི་ཡས་ཨི་ཐོབ་
Vol. 195 · folio 42a
སྟེ། ཨ་བརྞ་ཨི་བར་ན་ཨེའོ། །དི་བྱ་ཏུའོ། །དི་བུ་ལ་དི་དང་ཡན྄་སྦྱར། ཨ་དཱི་བྱད། སི་བུ་ལ་ཏི་དང་ཡན་སྦྱར། བུའི་ཨུ་ཕྱི། །སི་བསྲིང་། སི་བྱ་ཏིའོ། །ནྲི་ལ་ཏི་དང་ཡན་སྦྱར། ནྲེ་ཏྱ་ཏིའོ། །དེ་བུ་ཞེས་བྱ་བ་ནི་རྩེ་བའོ། །ཥི་བུ་ནི་སྐུད་པས་འཚེམ་
པའོ། །ནྲྀ་ནི་ལུས་རྣམ་པར་བསྐྱོད་པའོ། །བྷྲ་ཤི་དང་བྷ་ཤི་ནི་འབར་བའོ། །བྷྲ་མུ་ནི་གཡོ་བའོ། །ཀྲ་མུ་ནི་རྐང་པ་འདེགས་པའོ། །ཀླ་མུ་ནི་ཉོན་མོངས་པའོ། །ཏྲ་སི་ནི་སྐྲག་པའོ། །ཏྲུ་ཏྲ་ནི་གཅོད་པའོ། །ལ་ཥ་ནི་སྙིང་དུ་སྡུག་པའོ། །དེ་རྣམས་འབྱུང་བར་ཡང་གསུངས་ཏེ། བྷྲ་
ཤྲི་ལ་ཏི་སྦྱར། བར་དུ་ཡན་སྦྱར། རྀ་ཕྱི་སྟེ་སྦྱར། བྷྲ་ཤྱ་ཏེའོ། །བྷླ་ཤི་ལ་ཏི་དང་ཡན་སྦྱར་གོང་བཞིན། །བྷླ་ཤྱེ་ཏེའོ། །བྷཱ་མུ་ལ་ཏི་དང་ཡན་སྦྱར། བྷྲ་མྱེ་ཏིའོ། །ཀྲ་མུ་ལ་ཏི་དང་ཡན་སྦྱར། ཀྲཱ་མྱ་ཏིའོ། །ཀླ་མུ་ལ་ཏི་དང་ཡན་སྦྱར་བའོ། །ཀླ་མྱ་ཏིའོ། །ཏྲ་སི་ལ་ཏི་དང་།
ཡནྲ་སྦྱར། ཏྲ་སྱ་ཏིའོ། །ཏྲུ་ཊ་ལ་ཏི་དང་ཡནྲ་སྦྱར། ཏྲུ་ཊྱ་ཏིའོ། །ཕྱོགས་གཅིག་ལ་ནི། ལ་ཥ་ལ་ཏི་དང་ལན་སྦྱར། ལ་ཥྱ་ཏི། །བྷྲ་ཤྲི་ལ་ཨན་སྦྱར་བས་རི་ཕྱིས་ཏེ་སྦྱར། བྷྲ་ཥ་ཏེའོ། །བྷླ་ཤི་ལ་ཏེ་དང་ཨན་སྦྱར། བྷླ་ཤ་ཏེའོ། །བྷ་མུ་ལ་ཏི་དང་ཨན་སྦྱར། བྷྲ་མ་ཏིའོ། །
ཀྲ་མུ་ལ་ཏི་དང་ཨན་སྦྱར། ཀྲཱ་མ་ཏིའོ། །ཀླ་མུ་ལ་ཏི་དང་ཨན་སྦྱར། ཀླ་མ་ཏིའོ། །ཏྲ་སི་ལ་ཏི་དང་ཨན་སྦྱར། ཏྲ་ས་ཏིའོ། །ཏྲུ་ཊ་ལ་ཏི་དང་ཨནྲ་སྦྱར། ཏྲུ་ཊ་ཏིའོ། །ལ་ཥ་ལ་ཏི་དང་ཨནྲ་སྦྱར། ལ་ཥ་ཏིའོ། །ནུ་སྭ་དེཿ། ཥུཉ྄་ནི་འབྱུང་བའི་སྟེ། དེ་ལྟ་བུ་ལ་སོགས་
པའི་ཚོགས་ཀྱི་ཕ་རོལ་ན་བྱེད་པ་པོའི་ཚིག་ཏུ་གྱུར་པའི་སཪྺ་དྷཱ་ཏུ་ཀེ་ཡོད་ན་རྐྱེན་དུ་འབྱུང་པར་འགྱུར་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །སུ་ལ་ཏི་སྦྱར་བས་བར་དུ་ནུ་བྱུང་། ནཱ་མི་ཨན་ཏ་ཡའི་མདོས་ནོར་གྱུར་པའོ། །སུ་ནོ་ཏིའོ། །སུ་ལ་ཏས་དང་ནུ་སྦྱར། སུ་ནུ་ཏའོ། །
སུ་ལ་ཨནྟི་སྦྱར། བར་དུ་ནུ་ཐོབ། སུ་ནྭནྟིའོ། །སུ་ལ་ཡཱད་དང་ནུ་སྦྱར། སུ་ནུ་ཡཱ་ཏ྄འོ། །སུ་ལ་ནུ་དང་ཏུ་སྦྱར། སུ་ནོ་ཏུའོ། །སུ་ལ་དི་སྦྱར། གོང་དུ་ཨ། བར་དུ་ནུ་ཨ་སུ་ནོཏ྄འོ། །ཨཀྵ་ལ་ཕྱོགས་གཉིས་སུ་འཐད་དེ། ཨཀྵ་ལ་ཏི་སྦྱར་བས་བར་དུ་ནུ་ཐོབ་སྟེ་སྦྱར།
Vol. 195 · folio 42b
ཨཀྵྞོ་ཏིའོ། །ཡང་ན་ཨཀྵ་ལ་ཏི་སྦྱར་རོ། །ཤྲུ་བ་བ་ཤྲྀ་ཙ། ཤུ་ག་ཏཽ་ཞེས་བྱ་བ་དྷཱ་ཏུ་འདིའི་ཕ་རོལ་ན་བྱེད་པ་པོར་གྱུར་པའི་སཪྺ་དྷཱ་ཏུ་ཀེ་ཡོད་ན་ནུ་འབྱུང་བར་འགྱུར་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །ཤྲུ་བ་ལའང་ཤྲི་གཞག་པར་བྱའོ། །ཤྲུ་བ་ལ་ཏི་སྦྱར་བས་ཤྲི་ཐོག་
བར་དུ་ནུ། །ར་ཥེ་ཝརྞའི་མདོས་ཎའོ། །ཤྲི་ཎོ་ཏིའོ། །ཤྲུ་བ་ལ་ཡཱཏ་སྦྱར་བས་གོང་བཞིན། ཤྲི་ཡཱཏ྄འོ། །ཤྲུ་བ་ལ་དི་སྦྱར་བས་གོང་བཞིན། ཤྲི་ནོཏའོ། །སྭར་དྲུ་དྷཱ་དེཿ པ་རོ་ན་ཤབ་དཿག་སུ་དྷཱ་ལ་སོགས་པའི་ངྷ་ཏུའི་ཚོགས་ཀྱི་ཕ་རོལ་ན་བྱེད་པ་པོར་གྱུར་པའི་སཪྺ་དྷཱ་ཏུ་ཀེ་ཡོད་ན་
ནའི་སྒྲའི་རྐྱེན་དུ་འབྱུང་བར་འགྱུར་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །རུ་ཏི་ལ་ཏི་སྦྱར་བས་རུའི་མཐར་ན་ཐོབ། ཏས་དྷཱ་ཐོབ། །ངྷིས་དི་ཐོབ། རུ་ཎཱ་ངྷིའོ། །བྷི་དིར་ལ་ཏི་སྦྱར། བྷིའི་མཐར་ན་ཐོབ། ཨི་དང་ར་ཕྱི། དས་ཏ་ཐོབ། བྷི་ནཱཏྟིའོ། །ཚི་དིར་ལ་ཏི་སྦྱར་བས་གོང་བཞིན།
ཚི་ནཱིཏྟིའོ། །རུ་ངྷིར་ནི་སྒྲིབ་པའོ། །བྷི་དིར་ནི་རྣམ་པར་འཇོམས་པའོ། །ཚི་དིར་ནི་གཉིས་སུ་བྱེད་པའོ། །ཏ་ན་དེ་རུཿ། ཏ་ན་ལ་སོགས་པའི་ཚོགས་ཀྱི་ཕ་རོལ་ན་བྱེད་པ་པོའི་ཚིག་ཏུ་གྱུར་པའི་སཪྺ་དྷཱ་ཏུ་ཀེ་ཡོད་ན་རྐྱེན་ཨུ་འབྱུང་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །ཏ་ན་ལ་དི་སྦྱར་
བས། བར་དུ་ཨུ་སྦྱར། ཨུས་ཨོ་ཐོབ། ཏ་ན་ནོ་ཏིའོ། །ཏ་ན་ལ་ཡཱཏ྄་སྦྱར་བར་དུ་ཨུ་སྦྱར། ཏ་ནུ་ཡཱཏའོ། །ཏ་ན་ལ་ཏུ་དང་ཨུ་སྦྱར་གོང་བཞིན། ཏ་ནོ་ཏུའོ། །ཏ་ན་ལ་དི་སྦྱར་བས་གོང་དུ་ཨ་སྦྱར། བར་དུ་ཨུ་སྦྱར། ཨ་ཏ་ནོ་ཏའོ། །ས་ན་ལ་ཏི་དང་ཨུ་སྦྱར་བ་གོང་བཞིན། ས་ནོ་
ཏིའོ། །ཏ་ནུ་ནི་རྒྱ་ཆེ་བའོ། །ཏ་ནུ་ནི་དེཿ། ཀྲཱྀ་ལ་སོགས་པའི་ཕ་རོལ་ན་བྱེད་པ་པོར་གྱུར་བའི་སཪྺ་དྷཱ་ཏུ་ཀེ་ཡོད་ན་རྐྱེན་ནཱ་འབྱུང་བར་འགྱུར་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །ཀྲཱྀ་ལ་ཏི་སྦྱར་བས་བར་དུ་ནཱ་འབྱུང་བའོ། །ཀྲཱྀ་ནཱ་ཏིའོ། །ཀྲྀ་ལ་ཏས་སྦྱར་བར་དུ་ནཱ། ཨུ་པ་ཡེ་ཤམ་གྱི་
མདོས། ནཱས་ཨི་ཐོབ་བའོ། །ཀྲཱྀ་ཎི་ཏཿའོ། །ཀྲཱྀ་ལ་ཨིནྟ་སྦྱར། བར་དུ་ནཱ་སྦྱར། ཀྲཱྀ་ནཱནྟིའོ། །ཌུ་ཀྲཱྀཉ་ནི་རྫས་བརྗེ་བར་བྱེད་པའོ། །ཀྲྀ་ལ་ཡཱཏ་སྦྱར་བར་དུ་ནཱ་སྦྱར་ནཱས་ཨི་ཐོབ་པའོ། །ཀྲཱྀ་ནི་ཡཱཏའོ། །ཀྲྀ་ལ་ཏུ་དང་ན་སྦྱར། ཀྲཱྀ་ན་ཏུའོ། །ཀྲཱྀ་ལ་དོ་སྦྱར་བར་དུ་ནཱ་སྦྱར་གོང་དུ་ཨ་སྦྱར།
Vol. 195 · folio 43a
ཨ་ཀྲཱྀ་ཎཱ་ཏུའོ། །ཨ྄ན་བྱཉྩ་ནཱནྟ་དྷཽཿ། །ཀྲཱྀ་ལ་སོགས་པའི་གསལ་བྱེད་མཐའ་ཅན་གྱི་ཕ་རོལ་ན་རྐྱེན་ཧི་ཡོད་ན་རྐྱེན་ཨན་འབྱུང་བ་སྟེ། དེ་ཡང་མིང་བི་ཀ་ར་ཎ་ཞེས་བྱའོ། །པཱུ་ཥ་ལ་ཨན྄་སྦྱར་བས་ཧི་ཀ་ར་ཧེའི་མདོས་ཧ་ཕྱི་བའོ། །པཱུ་ཥ་ཎའོ། །མུ་ཥ་ལ་ཨན་སྦྱར་
བས་གོང་བཞིན། མུ་ཥ་ཎའོ། །ཨ་ཤལ་ཨན་སྦྱར་བས་དི་ཕྱི། ཨ་ཤན྄འོ། །གྲི་ཧཱ་ལ་ཨན་སྦྱར་བའོ། །གྲྀ་ཧཱན྄འོ། །བ་དྷཱ་ལ་ཨན་སྦྱར་པ། པ་དྷཱན྄འོ། །པུ་ཥ་ནི་རྒྱས་པའོ། །མུ་ཥ་ནི་རྐུན་པོའོ། །ཨ་ཤ་ནི་བཟའ་བའོ། །གྲ་ཧ་ནི་ཉེ་བར་ལེན་པའོ། །བན་དྷཱ་ནི་འཆིང་བས་སོ། །
ཨཱཏྨ་ནེ་པ་དཱ་ནི་བྷཱ་ཝ་ཀརྨ་ཎཻཿ། དངོས་པོ་དང་ལས་ཀྱི་དོན་ལ་བདག་གི་ཚིག་ཅན་འབྱུང་བར་འགྱུར་བ་སྟེ། དངོས་པོའི་དཔེ་ནི། ཤིང་ལ་བདག་གི་ཚིག་ཅན་ཏེ་སྦྱར། བར་དུ་ཡན་སྦྱར། ཨིས་ཨེ་ཐོབ། ཨེ་ཨཡྲ། ཡ་དང་ཡ་སྦྱར་རོ། །ཤ་མྱ་ཏེ་བྷ་ཝ་ཏཱའོ། །སུཔ་ལ་ཏི་དང་ཡན་
སྦྱར་རོ། །སུ་པྱ་ཙཏེ་བྷ་བ་ཏའོ། །ཤིང་ཞེས་པ་གཉིད་ལོག་པའོ། །ཥ་ནི་མལ་སྟན་ལ་ཉལ་བའོ། །ལས་ཀྱི་དཔེ་ནི། ཀྲཱྀ་ལ་ཏི་སྦྱར། བར་དུ་ཡན། ཡན་ཤི་ཥས་ཨི་ཐོབ། ཀྲྀ་ཡ་ཏི་ཀ་ཊཿའོ།། །།ཀརྨ་བཏ་ཀརྨ་ཀརྟ། ལས་ཀྱི་བྱེད་པ་པོ་ནི་ལས་ལྟ་བུར་འབྱུང་བ་སྟེ། གང་
ལས་རྣམས་ཀྱི་བྱ་བ་ཡན་ལ་སོགས་པ་དེ་རྣམས་ལས་ཀྱི་བྱེད་པ་པོ་ལ་འབྱུང་བར་འགྱུར་བ་སྟེ། གང་ཞིག་བྱ་བར་གྱུར་པའི་ལས། །རང་ཉིད་རབ་ཏུ་གྲུབ་པ་དང་། །བྱེད་པ་པོ་ནི་བདེ་བྱེད་པ། །ལས་ཀྱི་བྱེད་པོ་དེ་རིག་བྱ། ལཱུ་ལ་བྲརྔྨཱ་ན་ཏེ་སྦྱར་བས། བར་དུ་སཪྺ་དྷཱ་ཏུ་ཀི་ཡན་སྦྱར་ཏེ།
ན་ཕྱི། སུ་ལ་ཏེ་དང་ཡན་སྦྱར་རོ། །ལུ་ཀ་ནི་གཅོད་པའོ། །པུ་ཉ་ནི་འཕྱར་བའོ། །ཀརྟ་རི་རུཙ་དི་ནུ་བནྟེ་བྷྱཿ རུ་ཙི་ལ་སོགས་པ་ནི་འདྲ་སྟེ། དེའི་དྷཱ་ཏུ་རྣམས་དང་། ང་རྗེས་སུ་འབྲེལ་པའི་དྷཱ་ཏུ་རྣམས་བྱེད་པ་པོའི་དོན་ལ་བདག་གི་ཚིག་འབྱུང་བར་འགྱུར་བ་སྟེ། རུ་ཙ་ལ་
སོགས་པ་རྣམས་ལ། རུ་ཙལ་ཝརྟ་མཱ་ནཱའི་ཏེ་སྦྱར། ན་མི་ཤྩོ་པ་དའི་མདོས་ཨུ་ཨོར་གྱུར་པའོ། །རོ་ཙ་ཏེའོ། །བྲི་ཏུ་ལ་ཏེ་སྦྱར། རྀ་ཨར་དུ་འཕེལ། ཏ་ཏེ་དང་སྦྱར། བརྟ་ཏེའོ། །བྲྀ་དྷུ་ལ་ཏེ་སྦྱར། ཨུ་ཕྱི། རི་ཨར་དུ་གྱུར། ཨ་དང་ཝ་དང་། ཏེ་དང་ངྷ་སྦྱར། ཝརྡྷ་ཏེའོ། །
Vol. 195 · folio 43b
པྤ་ཝ་ལ་ཏེ་སྦྱར། པྤ་ཝ་ཏེའོ། །མུ་ཏ་ལ་ཏེ་སྦྱར་བས། ཨུ་ཨོར་འགྱུར། མོ་ཏ་ཏེའོ། །རུ་ཙ་ནི་འོད་འབར་བའོ། །བྲྀ་དུ་འཚོ་བའོ། །བྲྀ་དྷུ་ནི་འཕེལ་བའོ། །པྤ་དྷཱ་ནི་འགྲེན་པའོ། །མུ་ད་ནི་དགའ་བའོ། །རུ་ཙ་ལ་པ་རོ། །ཀྵ་ཨེ་སྦྱར་བས་གོང་དུ་རུ་ཙ་གཉིས་པ་བྱས། ཙ་
ཕྱི། རུ་རུ་ཙེའོ། །མུད་ལ་ཨེ་སྦྱར་བས་གོང་མ་བཞིན། མུ་མ་དེའོ། །ང་རྗེས་སུ་འབྲེལ་པ་རྣམས་ལ། ཤིང྄་ལ་ཏེ་སྦྱར། ང་ཕྱི། ཤིང་སརྦ། དྷཱ་ཏུ་ཀེའི་མདོས། ཨི་ཨེར་གྱུར། ཤེ་ཏེའོ། །པཱུང་ལ་ཏེ་སྦྱར་གོང་བཞིན། པཱུ་ཏེའོ། །ཤིང་ནི་གཉིད་ལོག་པའོ། །ཥུང་ནི་སྲོག་
ཆགས་མངལ་ནས་བཙའ་བའོ། །ཤིང་ལ་ཨེ་སྦྱར་བས་གོང་དུ་ཤི་གཉིས་པ་བྱས་ཨི་བསྟུངས་དྷཱ་ཏུའི་ཨིས་ཡ་ཐོབ། ཨེ་དང་སྦྱར། ཤི་ཤྱེའོ། །མ་ལ་ཏེ་སྦྱར་བས་གོང་བཞིན་མི་བཱི་ཏེའོ། །ཨུ་ཧང྄ལ་ཏེ་སྦྱར་ཨུ་དང་ང་ཕྱི། ཨན྄སྦྱར། རྫུ་ཧུ་ཏིའི་མདོས་ཨན྄་ཕྱི། ཧ་གཉིས་པ་བྱས། ནས་ཛ་
ཐོབ། ཛས་ཨི་ཐོབ། ཨུ་བ་ཡེ་ཤམ་གྱི་མདོས་ཧས་ཨི་ཐོབ་པོ། །ཛ་ཧཱི་ཏིའོ། །མཱང་ནི་མཇལ་བའོ། །ཨོ་ཧདྲ་ནི་འགྲོ་བའོ། །ཐུན་མོང་གི་ལས་ཀྱི་དོན་རྣམས་དྷཱ་ཏུ་ད་ལྟར་གནས་པར་གྱུར་ན། བདག་གི་ཚིག་ཅན་འབྱུང་བར་གསུངས་ཏེ། གང་དུ་ཅིག་ཤོས་དང་འབྲེལ་པའི་བྱ་བ་རྣམས་
གཞན་བྱེད་ཅིང་། གཞན་དང་འབྲེལ་པའི་ལས་ཅིག་ཤོས་བྱེད་པ་དེ་ལ་ཀརྨཱ་བྱསྟིར་ཞེས་བྱའོ། །བྱསྟི་ལཱུ་ན་ལ་ཝརྟ་མཱ་ནཱའི་ཏེ་སྦྱར། བྱསྟི་ལཱུ་ན་ཏེའོ། །བྱསྟེ་པཱུ་ན་ལ་ཏེ་སྦྱར། བྱསྟེ་པཱུ་ན་ཏེའོ། །ལཱུཉ་ནི་སྤྱོད་པའོ། །པཱུ་ཉ་ནི་འབྱར་བའོ། །འགྲོ་བའི་དོན་རྣམས་དང་འཚེ་བའི་དོན་རྣམས་ཀྱང་
འབྱུང་བར་མི་འགྱུར་ཏེ། བྱ་ཏི་གཙྪ་ལ་གཞན་གྱི་ཚིག་སྦྱར། བྱ་ཏི་གཙྪ་ཏིའོ། །བྱ་ཏི་གྭ་ནན་ལ་ཏི་སྦྱར། བྱ་ཏི་གྲ་ནནྟིའོ། །ནི་ཐོག་མར་སྦྱར་བའི་བི་ཤ་ལ་བདག་གི་ཚིག་ཅན་གསུངས་ཏེ། ནི་བི་ཤ་ལ་ཝརྟ་མཱ་ནཱའི་ཏེ་སྦྱར། ནི་བི་ཤ་ཏེའོ། །པ་རི་དང་ཨ་ཝ་དང་། བི་འདི་རྣམས་ཀྱི་ཕ་རོལ་གྱི་
ཀྲྀཉ་ལ་བདག་གི་ཚིག་ཅན་འབྱུང་བར་གསུངས་ཏེ། པ་རའི་ཕ་རོལ་ཀྲཱྀ་ཡོད་པས་ཏེ་སྦྱར་ན། ཀྲཱྀ་ཡ་ཏེ་ལ་ན་ཐོབ། ཨུ་བ་ཡེ་ཤམ་གྱི་ན་མི་ཐོབ་པར་རྀ་ཀྲཱྀ་ཎཱ་ཏེའོ། །ཨ་ཝའི་ཕ་རོལ་གྱི་ཀྲཱྀ་ལ་གོང་བཞིན། །ཨ་ཝ་ཀྲཱྀ་ཎཱ་ཏེའོ། །བི་དང་པཱ་ར་ཐོག་མ་ན་ཡོད་པའི་ཛི་ཛ་ཡ་ཞེས་བྱ་བ་ཉིད་ལ་བདག་གི་ཚིག་
Vol. 195 · folio 44a
ཅན་འབྱུང་བ་སྟེ། བི་ཛི་ལ་ཏེ་སྦྱར། བར་དུ་ཨན་སྦྱར། ཨི་ཨེ། ཨེ་ཡས། ཡ་དང་ཨ་སྦྱར། བི་ཛ་ཡ་ཏེའོ། །པཱ་ར་ཛི་ལ་ཏེ་སྦྱར་བ་སོགས་གོང་བཞིན། པཱ་ར་ཛ་ཡ་ཏེའོ། །ཨ་ནུ་དང་། པ་རི་དང་། སམ་གྱི་ཕ་རོལ་གྱི་ཀྲཱྀ་ཌཱི་བི་ཧ་ར་ཞེས་པ་འདི་ལ་
བདག་གི་ཚིག་ཅན་འབྱུང་བ་སྟེ། ཨ་ནུ་ཀྲཱྀ་ཌཱི་ལ་ཏེ་སྦྱར་བས། ཨཱི་ཕྱི། ཨན་སྦྱར། ཨ་ནུ་ཀྲཱྀ་ཌ་ཏེའོ། །པ་རི་ཀྲཱྀ་ཌཱི་ལ་ཏེ་སྦྱར་བ་སོགས་གོང་བཞིན། པ་རི་ཀྲཱྀ་ཌ་ཏེའོ། །སཾ་ཀྲཱྀ་ཌཱི་ལ་ཏེ་དང་ཨན་སྦྱར་རོ། །སཾ་ཀྲཱྀ་ཌ་ཏེའོ། །སཾ་དང་ཨ་ཝ་དང་པྲ་དང་བི་རྣམས་ཀྱི་ཕ་རོལ་ཥྛ་འགྲོ་བ་ལ་མི་འཇུག་
པ་ཞེས་བྱ་བ་འདི་ལ་བདག་གི་ཚིག་ཅན་འབྱུང་བ་སྟེ་སཾ་ཥྛ་ལ་ཏི་སྦྱར་བས་ཥྛ་ཏིཥྛའི་མདོས་ཏིཥྛ་ཐོབ་པའོ། །སཾ་ཏིཥྛ་ཏེའོ། །ཨ་ཝ་ཏིཥྛ་ལ་ཏེ་སྦྱར། ཥྛ་ས་ཏིཥྛ་ཐོབ་པའོ། །ཨ་ཝ་ཏིཥྛ་ཏེའོ། །པྲཥྛ་ལ་ཏེ་སྦྱར། གོང་བཞིན། པྲ་ཏིཥྛ་ཏེའོ། །པིཥྛ་ལ་ཏེ་སྦྱར། གོང་བཞིན། བི་ཏིཥྛ་ཏེའོ། །ནི་
དང་། སཾ་དང་། ཨུ་པ་དང་། བི་རྣམས་ཀྱི་ཕ་རོལ་གྱི་ཧྭེ་ཉ་ལ་བདག་གི་ཚིག་འབྱུང་བར་འགྱུར་བ་སྟེ། ནི་ཧྭེཉ་ལ་ཏེ་སྦྱར་བས། ཉ་ཕྱི། བར་དུ་ཨན྄་སྦྱར། ཨེ་ཨ་ཡ྄་སྦྱར། ནི་ཧྭ་ཡ་ཏེའོ། །སཾ་ཧྭེ་ཉ་ལ་ཏེ་སྦྱར་བས་གོང་བཞིན། སཾ་ཧྭ་ཡ་ཏེའོ། །ཨུ་པ་ཧྭེཉ་ལ་ཏེ་སྦྱར་བ་གོང་བཞིན།
ཨུ་པ་ཧྭ་ཡ་ཏེའོ། །བི་ཧྭེ་ཉ་ལ་ཏེ་དང་ཨན་སྦྱར། བི་ཧྭ་ཡ་ཏེའོ། །དེ་བཞིན་དུ་གཞན་ཡང་མཚན་ཉིད་ཀྱི་རྗེས་སུ་འབྲངས་ཏེ་ཚིག་ནི་ཁོང་དུ་ཆུད་པར་བྱའོ།། །།ཙེཀྲཱི་ཡཱི་ཏཱནྟཱཏ། ཙེ་ཀྲཱི་ཡི་ཏའི་དྷཱ་ཏུ་རྣམས་བྱེད་པ་པོའི་དོན་ལ་བདག་གི་ཚིག་འབྱུང་བར་འགྱུར་བ་སྟེ། པ་ཙ་ལ་མདོ་འདིའི་དོན་
ཏེ་ཡ་སྦྱར། གོང་དུ་པ་ཙ་གཉིས་པ་བྱས། ཙ་ཕྱི། དིརྒྷཱ་ན་གའི་མདོས་པ་གོང་མ་བསྲིང་། པཱ་པ་ཙྱ་ཏེའོ། །པ་ཋལ་ཏེ་དང་ཡ་སྦྱར་བ་གོང་བཞིན། པཱ་པཋྱ་ཏེའོ། །ཡཱ་ཡྱནྟཙྩ། དྷཱ་ཏུ་རྐྱེན་ཨ་ཡའི་མཐའ་ཅན་ལ་བདག་གི་ཚིག་འབྱུང་བར་འགྱུར་ཏེ། པནྜི་ཏ་ལ་ཨཱ་ཡ་སྦྱར་བས། ས་མ་
ན་དིརྒྷཱ་སྟེ། བརྟ་མཱ་ན་ཏེ་སྦྱར། པཎྜི་ཏཱ་ཡ་ཏེའོ། །བྲཧྨ་ཎ་ཡཱ་ཡ་སྦྱར་པ་དང་ཏེ་སྦྱར། །བྲཧྨ་ཎཱ་ཡ་ཏེའོ།། །།ཨིཾ་ཉ་ཡ་ཛཱ་དེ་རུ་བྷ་ཡམ྄། དྷཱ་ཏུ་ཨིན་གྱི་མཐའ་ཅན་དང་། དེ་བཞིན་དུ་ཉ་རྗེས་སུ་འབྲེལ་པ་དང་། ཡ་ཛ་དང་འདྲ་བ་རྣམས་ལ་བདག་གི་ཚིག་ཅན་དང་གཞན་གྱི་ཚིག་ཅན་གཉིས་
Vol. 195 · folio 44b
ཀ་འབྱུང་བར་འགྱུར་བ་སྟེ། ཨིན་གྱི་མཐའ་ཅན་ལ། པ་ཋ་ལ། ཨིན྄་སྦྱར། ཏི་སྦྱར། བར་དུ་ཨན྄་སྦྱར། ཨ་སྱ་པ་དྷཱ་དཱིརྒྷཱའི་མདོས་པ་བསྲིང་པས་སོ། །པཱ་ཋ་ཡ་ཏིའོ། །པཱ་ཋ་ལ་བདག་གི་ཚིག་ཏེ་སྦྱར་བས་སོ། །བྷུ་ཡིན྄་སྦྱར། ཨུ་ཨོར་གྱུར། ཨོ་ཨཝ། ཝ་དང་
ཨིན་སྦྱར། ཨན་དང་ཏི་སྦྱར་བ་གོང་མ་བཞིན། བྷ་ཝ་ཡ་ཏིའོ། །བྷཱུ་ལ་ཨིན྄་དང་ཏེ་སྦྱར། བ་དང་ཨན྄་སྦྱར། བྷཱ་ལ་ཡ་ཏེའོ། །ཀྲྀ་ལ་ཏི་དང་ཨིན་སྦྱར་བས་རྀ་ཨར་དུ་འཕེལ། ཨཱ་དང་ཀ་སྦྱར། ར་དང་ཨ་སྦྱར། ཀཱ་ར་ཡ་ཏིའོ། །ཀྲྀ་ལ་ཨིན་དང་ཏེ་སྦྱར་བ་ལ་སོགས་པའོ། །
ཀཱ་ར་ཡ་ཏེའོ། །ཉ་རྗེས་སུ་འབྲེལ་པ་རྣམས་ཀྲྀ་ཉ་ལ་ཏི་སྦྱར། བར་དུ་ཨུ། ཨུས་ཨོ་རྀས་ཨཱར་ཐོབ་ཨ་ཀ་ལ་སྦྱར་རོ། །ཀ་རོ་ཏིའོ། །ཀྲྀ་ཉ་ལ་ཏེ་སྦྱར། བར་དུ་ཨུ་རྀ་ཨཱར་དུ་འཕེལ། ཨས་ཨུ་ཐོབ། ཀ་དང་སྦྱར། ར་དང་ཨུ་སྦྱར་ཀུ་རུ་ཏེའོ། །ཧྲྀཉ྄་ལ་ཏི་སྦྱར། བར་དུ་ཨན།
རིས་ཨར་ཐོབ། ཧ་ར་ཏིའོ། །ཧྲྀ་ཉ་ལ་ཏི་སྦྱར། ཨན་སྦྱར། ཧ་ར་ཏེའོ། །ཌུ་ཀྲྀ་ཉ་ནི་བྱེད་པའོ། །ཧྲྀཉ་ནི་འཕྲོག་པའོ། །ཡ་ཛ་ལ་སོགས་པ་རྣམས་ལ། ཡ་ཛ་ལ་གཞན་གྱི་ཚིག་ཅན་བརྟ་མཱ་ནའི་ཏེ་སྦྱར། ཡ་ཛ་ཏིའོ། །ཡ་ཛ་ལ་བདག་གི་ཚིག་ཅན་ཏེ་སྦྱར། ཡ་ཛ་ཏིའོ། བ་ཧ་
ལ་ཏི་སྦྱར། བ་ཧ་ཏིའོ། །བ་ཧ་ལ་ཏེ་སྦྱར། བ་ཧ་ཏེའོ། །ཡ་ཛ་ཞེས་པ་ལྷའི་མཆོད་པའོ། །བ་ཧ་ནི་རྙེད་པའོ། །ཉེ་བར་བསྒྱུར་བའི་ཚིག་མེད་པའི་ཀྲ་མ་ཡ་གཉིས་འབྱུང་བར་གསུངས་ཏེ། ཀྲ་མ་ལ་ཏེ་སྦྱར་བས་སོ། །ཀྲ་མ་ཏེའོ། །ཀྲ་མ་ལ་ཏི་སྦྱར། ཀྲ་མ་ཏིའོ། །ཀྲ་མུ་ཞེས་
པ་གོམ་པ་འདོར་བའོ། །ཉེ་བར་བསྒྱུར་བ་མེད་པ་ཅིའི་ཕྱིར་སྨོས་ཤེ་ན། སཾ་ཀྲ་མ་ལ་རྟག་པར་ཏི་སྦྱར་རོ། །པཱུརྦ་བཏ་སནྟཱ་ཏ། སན་གྱི་ཐོག་མའི་དྷཱ་ཏུ་ལ། དྷཱ་ཏུ་བཞིན་དུ་བདག་གི་ཚིག་ཅན་དང་གཞན་གྱི་ཚིག་ཅན་འབྱུང་བར་ཡང་འགྱུར་བ་སྟེ། ཇི་ལྟར་དྷཱ་ཏུ་ཉི་ཚེ་ཇི་ལྟ་བ་དེ་བཞིན་དུ་
སན྄་གྱི་མཐའ་ཅན་ལའང་འབྱུང་བར་འགྱུར་ཏེ་ཞེས་པའི་དོན་ཏོ། །རུ་ཙ་ལ་སན྄་ཡོད་པས་གོང་དུ་གཉིས་པ་བྱས། ཨི་ཏི་སྦྱར་བས་ཙ་དང་སྦྱར། དྷཱ་ཏུའི་རུ་རེར་གྱུར། སས་ཥ་ཐོབ། རུ་རེ་ཙི་ཥ་ཏེའོ། །རུ་ཙ་ཞེས་པ་འབར་བའོ།། །།ཤི་ཥཱ་ཀརྟ་རི་པ་ར་སྨཻ་པ་དམྲ། གང་བདག་
Vol. 195 · folio 45a
གི་ཚིག་ཏུ་མ་བཤད་པ་དེ་ལས་ལྷག་མའི་དྷཱ་ཏུའོ། །བྱེད་པ་པོའི་དོན་ལ་གཞན་གྱི་ཚིག་ཅན་འབྱུང་བར་འགྱུར་ཏེ། བྷཱུ་ལ་ཏི་སྦྱར། བར་དུ་ཨན། ཨུ་ཨོར་གྱུར། ཨོ་ཨཝ། ཝ་དང་ཨ་སྦྱར། བྷ་ཝ་ཏིའོ། །ཡཱ་ལ་ཏི་སྦྱར་རོ། །ཡཱ་ཏིའོ། །བྷཱུ་ཞེས་
པ་ཡོད་པའོ། །ཡཱ་ནི་རྙེད་པའོ། །བྷཱུ་ལ་ཕ་རོ྅ཀྵཱ་ཨཊ྄་སྦྱར། གོང་དུ་བྷཱུ་གཉིས་པ་བྷས་པ་ཐོབ། བུ་བོ་བོན་ཏས། མཐར་ཝ་ཐོབ་སྟེ། ཨ་དང་སྦྱར་བ་བྷཱུ་ཝའོ། །ཡཱ་ལ་ཨཊ྄་སྦྱར། གོང་དུ་ཡཱ་གཉིས་པ་བྱས་ཏེ་བསྟུངས། ཨ་ཀ་ར་ཨ་ཏ་ཏཽའི་མདོས་ཨཏ་ཀྱི་ཨོ་ཐོབ་སྟེ་སྦྱར།
ཡ་ཡཽའོ། །བྷུ་ཛ་ཞེས་པ་སྐྱོང་བ་དང་། བཟའ་བ་དག་ཅེས་པའི་དྷཱ་ཏུ་ལ་འདི་ལས། བཟའ་བའི་དོན་ལ་བདག་གི་ཚིག་ཅན་གསུངས་ཏེ། བྷཱུ་ཛ་ལ་ཝརྟ་མཱ་ནཱའི་ཏེ་སྦྱར། སྭ་ར་ངྷུ་ཏ་ཏེའི་མདོས། བྷུའི་མཐའ་ན་ཐོབ། ཛས་ཀ་ཐོབ། ནས་ང་ཐོབ་སྟེ་སྦྱར། བྷུདྐེ་ཏེ་
བཟའ་བ་ཞེས་པའོ། །བཟའ་བ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། བྷུ་ཛ་ལ་ཏི་སྦྱར་བས་བྷུའི་མཐར་ན་ཐོབ་པ་ལ་སོགས་པ་གོང་བཞིན། བྷུདྐ་ཏི་ར་ཛ་བྷྲུ་མི་མའོ། །ཨ་བྷི་དང་། པྲ་ཏི་དང་། ཨ་དི་རྣམས་ཀྱི་ཕ་རོལ་གྱི་ཀྵི་བ་པྲེ་ཏ་ན་ཞེས་པ་འདི་ལ་གཞན་གྱི་ཚིག་ཅན་གསུངས་པ་སྟེ། ཨ་
བྷི་ཀྵི་པ་ལ་ཏི་སྦྱར། ཨ་བྷི་ཀྵི་པ་ཏིའོ། །པྲ་ཏི་ཀྵི་བ་ལ་ཏི་སྦྱར། པྲ་ཏི་ཀྵི་པ་ཏིའོ། །བི་དང་། ཨཱང་དང་། པ་ཏི་དང་། ཨུ་པ་རྣམས་ཀྱི་ཕ་རོལ་གྱི་ར་མ་ལ་གཞན་གྱི་ཚིག་འབྱུང་བར་འགྱུར་བའོ། །བི་ར་མི་ལ་ཏི་སྦྱར་རོ། །བི་ར་མ་ཏིའོ། །ཨཱ་ར་མ་ལ་ཏི་སྦྱར་རོ། །ཨཱ་ར་མ་ཏིའོ། །པ་
རི་ར་མ་ལ་ཏི་སྦྱར་རོ། །པ་རིམ་ཏིའོ། །ཨུ་པ་ར་མ་ལ་ཏི་སྦྱར་རོ། །ཨུ་པ་ར་མ་ཏིའོ། །ཀ་ལཱ་པའི་ཀུན་བཤད་པའི་རབ་ཏུ་བྱེད་པའི་འགྲེལ་པ་ཉུང་ངུ་ལས་རྐང་པ་གཉིས་པའོ།། །།དྭིརྦ་རྩན་མ་ན་བྷྱས་ས་སྱེ་ཀ་སྱེ་ར་ཀ་སྭ་ར་སྱཱ་དྱ་སྱ། དྷཱ་ཏུ་གང་གི་ཐོག་མ་ན་དབྱངས་ཡོད་ཅིང་དེ་ཚིག་གཉིས་པ་མ་བྱས་
པ་ལ་གཉིས་པའི་ཚིག་འབྱུང་བར་འགྱུར་བ་ཞེས་གསུངས་པ་སྟེ། ད་རི་དྲཱ་ལ་ཨཊ་སྦྱར་བས་ད་གཉིས་པ་བྱས་ཨཊ་ཀྱིས་ཨཽ་ཐོབ་སྟེ། དྲཱ་དང་སྦྱར་རོ། །དད་རི་དྲཽའོ། །ད་རི་དྲཱན་ནི་ངན་འགྲོ་དབུལ་བའོ། །ཛཱ་གྲཱི་ལ་ཨར་སྦྱར་བས་གོང་དུ་ཛ་གཉིས་པ་བྱས་ཏེ་བསྟུངས། རྀ་ཨཱར་དུ་འཕེལ།
Vol. 195 · folio 45b
ཨ་དང་ག་སྦྱར། ར་དང་ཨའོ། །ཛ་ཛཱ་གཱ་རའོ། །ཛ་གྲེ་ནི་གཉིད་སད་པའོ། །སྭ་རཱ་དེ་ཌྷི་ཏཱི་ཡ་སྱ། གང་དབྱངས་ཐོག་མ་ན་ཡོད་པའི་དྷཱ་ཏུའི་དབྱངས་གཅིག་པའི་ཡན་ལག་ཏུ་གྱུར་པའི་གཉིས་པ་དེའི་ཚིག་པར་འགྱུར་བའི་དབང་དུ་བྱས་པའོ། །ཨ་ཊི་ལ་དི་སྦྱར། བར་དུ་ཙན་སྦྱར།
ཊི་གཉིས་པ་བྱ་སྟེ། དྷཱ་ཏུའི་ཨི་ཕྱི་ནས། ཙའི་ཨ་དང་སྦྱར། ཨ་ཊི་ཊཏ྄འོ། །ཨ་ཊི་ལ་ཏི་དང་སན་སྦྱར། གོང་བཞིན། ཨ་ཊི་ཊིཥ་ཏི། ཀཎ྄་ཌུ་ལ་སོགས་པ་རྣམས་ཀྱི་གསུམ་པ་གཉིས་པའི་ཚིག་ཏུ་བྱ་བར་གསུངས་ཏེ། ཀཎ་ཌུ་ཡི་ལ་ཏི་དང་སན྄་སྦྱར་བས། ཡི་གཉིས་པ་བྱས་
པའོ། །ཀཎྜུ་ཡི་ཡིཥ་ཏིའོ། །མིང་གི་དང་པོའི་དང་པོ་དང་གཉིས་པ་དང་གསུམ་པ་ལ་གཉིས་པའི་ཚིག་འབྱུང་བ་སྟེ། པུ་ཏྲཱི་ལ་ཏི་དང་སན྄་སྦྱར་བས། དང་པོའི་པུ་གཉིས་པ་བྱས་པའོ། །པུ་པུ་ཏྲཱི་ཡི་ཥ་ཏིའོ། །པུ་ཏྲཱི་ལ་ཏི་དང་སན྄་སྦྱར་བས། ཏཱི་གཉིས་པ་བྱས་པའོ། །པུ་ཏྲི་ཏྲཱི་ཡི་ཥ་
ཏིའོ། །པུ་ཏྲཱི་ལ་ཏི་དང་སན་སྦྱར་བ། གསུམ་པ་ཡང་གཉིས་པའི་ཚིག་ཏུ་བྱས་པའོ། །པུ་ཏྲཱི་ཡི་ཡི་ཥ་ཏིའོ། །ན་ན་ཝ་ད་རཱསྶཾ་ཡོ་གང་ཡོ་ཡོ་ཡེ། དྷཱ་ཏུ་གཉིས་པ་དབྱངས་གཅིག་པ་དེའི་ཡན་ལག་ན་དང་། ཝ་དང་། ད་དང་། ཐོག་མར་གནས་པ་དང་། ལྡན་པ་ལ་གཉིས་པ་མི་བྱ་
བར་གསུངས་ཏེ། གང་གི་ཚེ་ཡ་དང་ལྡན་པ་དེའི་ཚེ་ནི་གཉིས་པ་བྱ་བར་གསུངས་སོ། །ཨུན྄་དི་ལ་ཏི་དང་སན྄་སྦྱར་བས་ན་དང་བཅས་པའི་ད་གཉིས་པ་མ་བྱས་ཏེ། རྐང་པ་གཉིས་པ་བྱས་པའོ། །ཨུནྡི་དི་ཥྱ་ཏིའོ། །འབྲས་ཆན་བསླངས་པའོ། །ཨུབ྄་ཛ་ལ་ཏི་དང་སན྄ སྦྱར་བས། ཛ་
གཉིས་པ་བྱ་སྟེ་གོང་བཞིན། ཨུབ་ཛ་ཛི་ཥ་ཏིའོ། །ཨུབ་ཛ་ནི་མན་མ་པའོ། །ཨར྄་ཅི་ལ་ཙི་དང་སན྄ སྦྱར་བས། ཙི་གཉིས་པ་བྱས་པའོ། །ཨརྩི་ཙི་ཥ་ཏིའོ། །ཨརྩ་ཞེས་པ་མཆོད་པའོ། །ཡ་མ་གཏོགས་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། ཨ་དྱ་ལ་ཏི་སྦྱར་བས། ར་དང་ཡ་བཅས་པ།
གཉིས་པ་དྱ་བྱ་སྟེ། གོང་མའི་ཡ་ཕྱིའོ། །ཨར་དྱ་ཏེའོ། པཱུ་རྦོ་བྷྱསཿ། དྷཱ་ཏུ་གཉིས་སུ་བྱས་པའི་གོང་མའི་ཆའི་མིང་ནི་ཨབྷྱ་ས་ཞེས་པའོ། །པ་ཙ་ལ་ཨཊ་སྦྱར་བས་པ་གཉིས་པ་བྱ་སྟེ། ཙ་དང་ཨ་སྦྱར། ཨ་སྱོ་པ་དྷཱ་དཱི་རྒྷའི་མདོས་བསྲིངས་པའོ། །པ་པཱ་ཅའོ། །པ་ཋ་ཡ་
Vol. 195 · folio 46a
ཨཊ་སྦྱར་བ་གོང་བཞིན། །བ་བཱ་ཋའོ།། །།དྷྭ་ཡ་མ་བྷྱསྟམ། གང་གི་ཚིག་གཉིས་སུ་བྱས་པའི་གཉིས་པ་དེའི་མིང་ཨ་བྷྱསྟ་ཞེས་བྱའོ། །དཱ་ལ་ཨནྟི་སྦྱར། ན་ཕྱི། བར་དུ་ཨན྄སྦྱར། དཱ་གཉིས་པ་བྱས། ཛུ་ཧུ་ཏྱ་དིས་ཨན་ཕྱི། །ཨ་གོང་མ་བསྟུངས།
འོག་མ་ཕྱི། དད་ཏིའོ། །ཌུ་དཱ་ཉ་ནི་སྦྱིན་པའོ། །ཛཀྵ་དིཥྩི། །ཛཀྵ་ལ་སོགས་པཱི་ཚོགས་ཚིག་གཉིས་པ་མ་བྱས་པ་ལ་ཡང་མིང་ཨ་བྷྱསྟ་ཞེས་བྱའོ། །ཛཀྵ་ནི་ཟ་བ་དང་། རྒོད་པའོ། །ཛཱ་གྲྀ་ཞེས་པ་གཉིས་སད་པའོ། །ད་རི་དྲཱ་ནི་ངན་འགྲོའོ། །ཙ་ཀཱ་སྲྀ་ནི་འབར་བོ། །ཤཱ་སུ་
ནི་རྗེས་སུ་བསྟན་པའོ། །དེ་རྣམས་ནི་ཛཀྵ་ལ་སོགས་པའོ། །ཛཀྵ་ལ་བརྟ་མཱ་ནཱི་ཨནྟི་སྦྱར། ཨ་ནའོ། །ཨའང་དབྱིའོ། །ཨན་ཀ་རཱི་མདོས་ན་ཕྱི། ཨ་དང་ཀྵ་སྦྱར། ཛཀྵ་ཏིའོ། །ཛཱ་གྲྀ་ཝརྟ་མ་ནཱི་ཨནྟི་སྦྱར་ན་ཕྱི། རམ་རི་ཝརྞས་རྀའི་ར་ཐོབ། ཨ་དང་ར་དང་ག་སྦྱར་རོ། །ཛཱ་གྲི་
ཏིའོ། །ཨ་བྷྱསྟ་ཡིན་པས་ན། མཐའི་ན་ཕྱིའོ། །ཙན་བ་རོ྅ཀྵཱ་ཙེ་ཀྲཱི་ཡི་ཏ་ས་ནནྟེ་ཥུ། ཙན་དང་། པ་རོཀྵཱ་ཕ་རོལ་ན་ཡོད་པ་དེ་བཞིན་དུ། ཙེ་ཀྲཱི་ཡི་ཏའི་མཐའ་ཅན་དང་། སན་གྱི་མཐའ་ཅན་ཡང་ཚིག་གཉིས་པར་འགྱུར་ཏེ། ཙནའི་མཐའ་ཅན་ནི་པཋ་ལ་ཧྱསྟ་ནཱི་དི་སྦྱར།
ཨན་སྦྱར། ན་ཕྱི། ཙན་སྦྱར་བས། ཙ་དང་ན་ཕྱི། ཙཱི་ཨ་ལུས། པ་ཋ་གཉིས་པ་བྱས། ཋ་ཕྱི། དྷཱ་ཏུའི་མཐའ་དང་ཨ་སྦྱར། གོང་མའི་ཨ་བསྲིངས་ཏེ། ཨ་དྷཱ་ཏུའི་མདོས་གོང་དུ་ཨ་སྦྱར། ཨ་པི་པཱ་ཋཏའོ། །པ་རོ྅ཀྵའི་དཔེ་ནི། ཀྲྀ་ལ་པ་རོ྅ཀྵཱ་ཨཊ་སྦྱར། གོང་དུ་ཀྲྀ་
གཉིས་པ་བྱས། ཨ་ཀ་ར་རི་བརྞའི་མདོས། ཀྲྀས་ཀ་ཐོབ། ཀས་ཙ་ཐོབ། རི་ཨར་དུ་འཕེལ་ཏེ། ཨཱ་དང་ཀ་སྦྱར། ར་དང་ཨཊ་ཡཱི་ཨ་སྦྱར་རོ། །ཙ་ཀཱ་རའོ། །ཙེ་ཀྲཱི་ཡི་ཏའི་མཐའ་ཅན་ནི། ཨཊ་ལ་ཙེ་ཀྲཱི་ཏཱི་ཡ་སྦྱར། སྭ་ར་དིརྦི་ཏྲོ་ཡ་སྱའི་མདོས། ཊྱ་གཉིས་པ་
བྱས། ཨ་བྷྱསྟ་ནན྄། ཨ་དི་ཤི་ཤམ྄་གྱི་མདོས། གོང་མའི་ཡ་ཕྱི། ཨ་ཊ་ཏྱ་ཏེའོ། །སན་གྱི་མཐའ་ཅན་ནི། པ་ཋ་ལ་སན྄་སྦྱར་བས། གོང་དུ་ཨིཊ་སྦྱར། པ་ཋ་གཉིས་པ་བྱས། སནྣི་བརྞ་སྱའི་མདོས། གོང་མས་ཨི་ཐོབ་པའོ། །པི་པ་ཋྀ་ཥ་ཏིའོ།། །།ཛུ་ཧོ་ཏྱཱ་དཱི་
Vol. 195 · folio 46b
ནཱཾ་སཪྺ་དྷཱ་ཏུ་ཀེ །ཛུ་ཧུ་ཏི་ལ་སོགས་པའི་དྷྭ་ཏུ་རྣམས་ཀྱི་ཕ་རོལ་ན་སརླྦ་དྷཱ་ཏུ་ཀེ་ཡོད་ན་ཚིག་གཉིས་པ་འབྱུང་བར་འགྱུར་བ་སྟེ། ཧུ་ནི་སྦྱིན་པ་དང་། བཟའ་བ་དག་གི་དོན་ཏེ། ཧུ་ལ་ཝརྟ་མཱ་ནཱའི་ཏི་སྦྱར་བས་མདོ་འདིས་ཧུ་གཉིས་པ་བྱས་ཧ་ཛིའི་མདོས་ཧས་ཛ་ཐོབ། ཧུ་ཧོར་གྱུར་པའོ། །
ཛུ་ཧོ་ཏིའོ། །བྷི་ལ་ཏི་སྦྱར་བས། བྷི་གཉིས་པ་བྱས། བྷས་བ་ཐོབ། བྷི་བྷེར་གྱུར་པའོ། །བྷི་བྷེ་ཏིའོ། །ཉི་བྷེ་ནི་གཉིས་པའོ། །ཨ་བྷྱ་ས་སྱཱ་དི་བྱཉྫ་ན་མ་ཁ་སེ་ཥྱམ྄། ཨ་བྷྱཱ་སའི་དང་པོའི་གསལ་བྱེད་གང་ཡིན་པ་དེ་གཞག་པར་བྱ་ཞིང་། གཞན་ནི་དབྱེ་བར་བྱའོ། །ཡ་ཛ་ལ་ཝརྟ་མཱ་ནཱའི་ཏི་
སྦྱར། བར་དུ་སན྄་སྦྱར། གོང་དུ་ཡ་ཛ་གཉིས་པ་བྱས། མདོ་འདིས་ཛ་ཕྱི། ཡ་ལུས། དྷཱ་ཏུའི་ཛས་ཀ་ཐོབ། སས་ཥ། སན྄་ནི་བརྞ་སྱའི་མདོས་ཡས་ཨི་ཐོབ་པའོ། །ཡི་ཡཀྵ་ཏིའོ། །པ་ཙ་ལ་ཏི་དང་སན་སྦྱར་བ་ལ་སོགས་པ་གོང་བཞིན། པི་པཱཀྵ་ཏིའོ། །དང་པོའི་དབྱངས་ཀྱང་གཞག་
བར་བྱ་སྟེ། ཨ་ཤ་ལ་པ་རོ྅ཀྵ་ཨཊ྄ སྦྱར། གོང་དུ་ཨ་ཤ་གཉིས་པ་བྱས་པའི་ཤ་ཕྱི། ཨ་གཉིས་པས་མ་ན་དཱིརྒྷའོ། །ཨཱ་ཤའོ། །ཤི་ཊ་པ་རོ། གྷོཥ། གང་སྒྲ་དང་ལྡན་པ་མ་ཡིན་པའི་ཨ་བྷྱཱས་ཤིཊཱི་ཕ་རོལ་ན་ཤིཊ་ཡོད་ན་དེ་གཞག་པར་བྱ་བ་སྟེ། ཤྩྱུ་ཏིར་ལ་ཨཊ་སྦྱར་བས་གོང་དུ་
ཤྩྱུ་གཉིས་པ་བྱ་སྟེ། ཤ་དང་ཡ་ཕྱིའོ། །ཙུ་ཤྩྱུ་ཏའོ། །ཤྩྱུ་ཏིར་ནི་འཛག་པའོ། །དྭི་ཏཱི་ཡཥྩྱུ་ཏུར་ཐ་ཡོ། །པྲ་ཐ་མ་ཏྲྀ་ཏཱི་ཡོ། ཨ་བྷྱཱ་སའི་གཉིས་པ་དང་བཞི་པ་གང་ཡིན་པ་དེ་དག་གོ་རིམས་ཇི་ལྟ་བ་བཞིན། དང་པོ་དང་གཉིས་པ་དག་ཏུ་འགྱུར་བ་སྟེ། ཁ་ནུ་ལ་ཡཊ་སྦྱར། གོང་དུ་ཁ་གཉིས་
པ་བྱས། ཁས་ཚ་ཐོབ། མདོ་འདིས་ཚས་ཙ་ཐོབ། ཙ་ཁ་ནའོ། །ཁ་ནུ་ནི་ངེས་པར་འཇོམས་པའོ། །བྷི་དིར་ལ་ཨཊ་སྦྱར་བས། ཨི་དང་ར་ཕྱི། བྷི་གཉིས་པ་བྱས། མདོ་འདིས་བྷས་པའོ། །བི་བྷེ་དའོ། བྷི་དིར་ནི་རྣམ་པར་འཇོམས་པའོ། །ཧོ་ཛསཿ། ཨ་བྷྱ་ས་གང་ཡིན་པ་དེའི་ཧ་ཛར་
འགྱུར་བ་སྟེ། ཨོ་ཧཱཀ་ལ་ཨཊ་སྦྱར། ཨོ་དང་ཀ་ཕྱི། གོང་དུ་ཧཱ་གཉིས་པ་བྱས། ཨཱ་ཀ་ར་ཨཊ྄་ཨཽའི་མདོས་ཨཊ྄་ཀྱིས་ཨཽ་ཐོབ། མདོ་འདིས་ཧ་གོང་མས་ཛའོ། །ཛ་ཧཽ། །ཨཽ་ཧཱཀ྄་ནི་གཏོང་བའོ། །ཀ་ཝརྒ་སྱ་ཙ་བརྒཿ། གང་ཨ་བྷྱ་སའི་ཀའི་སྡེ་ཚན། དེ་ཙའི་སྡེ་ཚན་དུ་གྱུར་
Vol. 195 · folio 47a
པའོ། །ཀྲྀ་ལ་ཨཊ་སྦྱར་གོང་དུ་ཀྲི་གཉིས་པ་བྱས། ཀྲྀས་ཀ ཀས་ཙ། དྷཱ་ཏུའི་རི། ཨཱར་དུ་འཕེལ། ཨཱ་དང་ཀ །ར་དང་ཨ་སྦྱར། ཙ་ཀཱ་རའོ། །ཊུ་ཀྲྀ་ཧ་ནི་བྱེད་པའོ། །ཁ་ན་ལ་ཨཊ་སྦྱར་བས་གོང་དུ་ཁ་གཉིས་པ་བྱས། ཁས་ཚ་ཐོབ། ཚས་ཙ་ཐོབ། ཙ་
ཁཱ་ནའོ། །ཁ་ན་ནི་ངེས་པར་འཇོམས་པའོ། །ན་ཀ་བ་ཏེཤྩེ་ཀྲཱི་ཡ་ཏི། ཀུང་གི་སྒྲ་ཞེས་བྱ་བ་འདིའི་དྷཱ་ཏུའི་ཕ་རོལ་ན་ཙེ་ཀྲཱི་ཡི་ཏ་ཡོད་ཀྱང་ཨ་བྷྱཱ་སའི་ཀ་ཙར་མི་འགྱུར་བ་སྟེ། ཀུ་ལ་ཡ་སྦྱར། གང་དུ་ཀུ་གཉིས་པ་བྱས། ཀུ་ཀོར་གྱུར། ཨུ་ཨུར་གྱུར། མཐར་ཏེ་དང་ཨེན྄་སྦྱར། ཡའི་
ཨ་ཕྱི། ཨན་གྱི་ཨ་དང་སྦྱར། ཀོ་ཀཱུ་ཡ་ཏེའོ། །ཧྲ་སྭཿ། གང་ཨ་བྷྱཱ་ས་རིང་བ་དེ་ཐུང་བར་འགྱུར་བ་སྟེ། དཱ་ལ་ཨཊ་སྦྱར་བས་གོང་དུ་དཱ་གཉིས་པ་བྱས་ཏེ། ད་བསྟུངས། ཨཊ྄་ཀྱི་ཨཽ་ཐོབ། ད་དཽའོ། པཱ་ལ་ཨཊ྄་སྦྱར་བས་གོང་མ་བཞིན། པ་པཽའོ། །ཊུ་དཱཉ་ནི་སྦྱིན་པའོ། །པཱ་ནི་
ཆུའོ། །ཨ་ཀཱ་རཿརྀ་ཝརྞ་སྱ། ཨ་བྷྱཱ་སའི་རི་གང་ཡིན་པ་དེ་ཨར་དུ་འགྱུར་བ་སྟེ། བྲྀ་ཏ་ལ་བ་རོ྅ཀྵཱའི་ཨེ་སྦྱར་བས། བྲྀ་གཉིས་པ་བྱས། མདོ་འདིས་རིས་ཨ་ཐོབ། །བ་བྲྀ་ཏེའོ། །བྲྀ་ཏུ་ནི་འཚོ་བའོ། །དཱིརྒྷ་ཨི་ན་པ་རོ྅ཀྵཱ་ཡ་མ་གྲུ་ཎེ། ཨི་ག་ཧ་ཞེས་བྱ་བ་གང་ཡིན་པ་འདིའི་
ཨ་བྷྱཱ་ས་དེ་རིང་བར་འགྱུར་བ་སྟེ། པ་རོ྅ཀྵཱ་གུ་ཎམ་ཡིན་པའི་རྐྱེན་ཕ་རོལ་ན་ཡོད་ནའོ། །ཨིན་ལ་པ་རོ྅ཀྵཱའི་ཨ་ཏུས་སྦྱར། སྭཱ་ར་དཽ་ཨི་བརྞ་ཨནྟ་སྱའི་མདོས་ཨིས་ཨི་ཡ་ཐོབ། ཡ་དང་ཨ་སྦྱར། མདོ་འདིས་ཨི་སྲིངས། ཨི་ཡཱ་ཏུཿའོ། །ཨི་ཎ་ལ་ཨུས་སྦྱར་བས་གོང་བཞིན།
ཨི་ཡུཿའོ། །ཨ་སྱཱ་དེསྶརྦཱ་ཏྲ། གང་ཨ་བྷྱཱ་སའི་ཨ་དེ་རིང་བར་འགྱུར་བ་སྟེ། བ་རོ྅ཀྵཱ་ཐམས་ཅད་ན་ཕ་རོལ་ན་ཡོད་ནའོ། །ཨཊ་ལ་པ་རོ྅ཀྵཱ། ཨཊ་སྦྱར། མདོ་འདིས་ཨ་བྷྱ་སའི་ཨ་སྲིངས་ཏེ་དྷཱ་ཏུའི་ཨ་དཱིརྒྷ་པ་ར་ལོ་པའི་མདོས་ཕྱི། ཨཱཊའོ། །ཨཊ་ལ་ཨུཊ་སྦྱར་བས།
ཨ་གཉིས་པ་བྱས་པ་ལ་སོགས་པས། ཨཱཊ་ཏུའོ། །ཨཊ་ལ་ཨུས་སྦྱར་རོ། །ཨཱ་ཊུཿའོ། །ཨཊུ་དང་པ་ཊ་ནི་འགྲོ་བའོ། །ཏ་མཱནྣཱ་ག་མཿཔ་ར་དེ་རནྟཤྩེ་ཏ་སཾ་ཡོ་གཿ། །ཨ་རིང་པོར་བྱས་པ་ཐོག་མ་ན་ཡོད་པ་དེ་ལས་ཕ་རོལ་གྱི་དང་པོར་ན་ཐོབ་པར་འགྱུར་བ་སྟེ། གང་འདི་
Vol. 195 · folio 47b
མཐའ་ན་ལྡན་པར་ཡོད་པར་གྱུར་ནའོ། །ཨཉ྄་ཛ་ལ་ཨཊ་སྦྱར་བས། ཨ་གཉིས་པ་བྱ་སྟེ། ཡ་མཱ་ན་དཱིརྒྷ་གཉིས་དང་ལྡན་པའི་དང་པོར་ན་ཐོབ་པའོ། །ཨཱ་ནཉྫའོ། །ཨཉ྄ ཛུ་ཞེས་པ་གསལ་བ་དང་། གཉེན་པ་དང་། འགྲོ་བ་རྣམས་སོ། །ལྡན་པ་མཐའ་ན་ཡོད་པ་
ཞེས་ཅིའི་ཕྱིར་སྨོས་ཤེ་ན། ཨ་ཤ་ལ་ཨཊ྄་སྦྱར་བས་གོང་དུ་ཨ་གཉིས་པ་བྱས། ཨ་གོང་མ་སྲིངས་པས། དཱིརྒྷཏ་པ་ར་ལོ་པའོ། །ཨཱ་ཤའོ། །ཨ་ཤ་ནི་སྟོན་མོའོ། །རྀ་ཀཱ་རེ་ཙ། ཨ་རིང་བར་བྱས་པར་གྱུར་པའི་ཕ་རོལ་གྱི་ཏིའི་དང་པོར་ན་ཐོབ་པར་འགྱུར་བ་སྟེ། རི་དྷཱ་ལ་
ཨ་ཏུས་སྦྱར་བས། གོང་དུ་རི་གཉིས་པ་བྱས་རིས་ཨ་ཐོབ་པ་བསྲིང་། མདོ་འདིས་དྷཱ་ཏུའི་རྀ་གོང་དུ་ན་ཐོབ་པའོ། །ཨཱ་ནྲི་དྷཱ་ཏུཿའོ། །རྀ་དྷུ་ནི་བསགས་པའམ་སོགས་པའོ། །ཨཤྣོ་ཏེཤྩ། ཨ་རིང་པོར་བྱས་པར་གྱུར་པ་དེ་ལས་ཕ་རོལ་གྱི་ཨ་ཤུ་བྱ་བ་ཏ་ཞེས་བྱ་བ་འདིའི་དང་པོར་ན་
ཐོབ་པར་འབྱུང་བ་སྟེ། ཨ་ཤུའི་གོང་དུ་བི་བྱས། མཐར་པ་རོ྅ཀྵཱ་ཨེ་སྦྱར་བས་ཨ་གཉིས་པ་བྱ་སྟེ་གོང་མ་བསྲིང་། འོག་མ་ཕྱི། བི་དང་། ཨི་བརྞ་ཡ་མ་ས་བརྞ་དང་ན་ཐོབ། བྱཱན་ཤེའོ། །བྷྱ་བ་ཏེརཿ། བྷུས་ཏཱཏ྄་ཡམ྄་ཞེས་པ་འདི་ལ་པ་རོ྅ཀྵཱ་ཡོད་ན། ཨ་བྷྱ་སཱི། །ཨ་གཞག་
པར་འབྱུང་བ་སྟེ། བྷུ་ལ་པ་རོ྅ཀྵཱ་ཨཊ་ཡོད་པས། གོང་གི་བྷུ་གཉིས་པས་བ་ཐོབ། བྷས་པ་བོ་བོ་བོན་ཏའི་མདོས་མཐར་ཝ་འབྱུང་ངོ་། །བ་བྷུ་བའོ། །བྷཱུ་ལ་ཨ་ཏུས་སྦྱར་བས་གོང་བཞིན་བ་བྷུ་ཁ་ཏྲུཿ།། །།ན་ཛི་བི་ཛི་བི་ཥཱཾ་གུ་ཎཿ སརྦ་དྷཱ་ཏུ་ཀེ། ནི་ཛིར་ནི་གཙང་སྦྲ་དང་། གང་
བའམ་རྒྱས་པའོ། །བི་ཛིར་ཐ་དད་པར་གྱུར་པའོ། །བི་ཥླི་ནི་ཁྱབ་པའོ། །དེ་རྣམས་ཨ་བྷྱཱ་ས་གུ་ཎར་འབྱུང་སྟེ། སཪྺ་དྷཱ་ཏུ་ཀེ་ཕ་རོལ་ན་ཡོད་ནའོ། །ནི་ཛིར་ལ་ཝརྟ་མཱ་ནཱི་ཏི་སྦྱར། ཨན྄་སྦྱར་བས་ནི་གཉིས་པ་བྱས། ཛུ་ཧ་ཏྱ་དིའི་མདོས་ཨན་ཕྱི། ཛས་ཀ་ཐོབ། མདོ་འདིས་
གོང་མ་གུ་ཎ་ཞེས་པར་གྱུར། །ན་མིན་ཤྩོ་པཱི་མདོས་ནི་འོག་མ་ཡང་གུཎའོ། །ནེ་ནེ་ཀྟིའོ། །ནི་ཛིར་ལ་སཔྟ་མཱི་ཡཏ་སྦྱར་བས་གོང་མ་བཞིན། ནི་ནི་ཛྱཏའོ། །ནི་ཛིར་ལ་པཉྩ་མཱ་ཏུ་སྦྱར། ནེ་ནེ་ཀྟུའོ། །ནི་ཛིར་ལ་ཧྱསྟ་ནཱི་དི་སྦྱར་བས། གོང་དུ་ཨ་སྦྱར། དེ་ཕྱི་བ་ལ་སོགས་
Vol. 195 · folio 48a
པ་གོང་མ་བཞིན། ཨ་ནེ་ནེ་ཀའོ། །དེ་བཞིན་དུ་བི་ཛིར་ལ་ཏི་དང་ཨན྄་སྦྱར་བས། ཨི་དང་ར་ཕྱི་བ་ལ་སོགས་པ་གོང་མ་བཞིན། བེ་བེ་ཀིཏའོ། །བི་ཥླྀ་ཏི་དང་། ཨན྄་སྦྱར་བས་གོང་བཞིན། བེ་བེཥྚའོ། །བྷྲྀ་ཉོ་ཧཱདྨ་དཱ་མི་ཏཿ། །ཌུ་བྷྲྀ་ཉ་ནི་འཛིན་པ་དང་། གང་
བའམ། དྱས་པ་དག་གོ། །ཨོ་ཧར་ནི་འགྲོ་བའོ། །མཱང་ནི་གཞལ་བའོ། །དེ་རྣམས་ཨ་བྷྱཱས་ཨི་ཉིད་འབྱུང་བ་སྟེ། སཪྺ་དྷཱ་ཏུ་ཀ་ཕ་རོལ་ན་ཡོད་ནའོ། །བྷྲྀ་ལ་ཏི་དང་ཨན་སྦྱར་བས་ཛུ་ཧོ་ཏིའི་མདོས་བྷྲྀ་གཉིས་པ་བྱས། བྷྲྀས་པ་དང་བྷས་པ་ཐོབ། མདོ་འདིས་ཨི་ཐོབ་པའོ། །བི་
བྷརྟིའོ། །ཧེ་ལ་དེ་དང་ཨན྄་སྦྱར་ད་མ་ག་ཡ་ཏིའི་མདོས་ཧཱིས་ཨི་ཐོབ་པ་སོགས་གོང་བཞིན་ནོ། །ཛི་ཧཱི་ཏིའོ། །མཱ་ལ་ཏེ་དང་། ཨན་སྦྱར་བས་གོང་བཞིན། མི་མཱི་ཏེའོ།། །།ཨརྟི་པི་པརྟོཤྩ། རྀ་དང་སྲི་ནི་འགྲོ་བའོ། །སྲྀ་ནི་སྐྱོང་བའོ། །དེ་རྣམས་ཨ་བྷྱ་སས་ཨི་ཐོབ་པར་འགྱུར་བ་སྟེ། སཱཪྺ་
དྷཱ་ཏུ་ཀ་ཕ་རོལ་ན་ཡོད་ནའོ། །རྀ་ལ་ཏི་དང་ཨན་སྦྱར། དེ་ཕྱི། རྀ་ཨར་དུ་གྱུར། གོང་དུ་ཨར་གཉིས་པ་བྱས། མདོ་འདིས་ཨ་གོང་མས་ཨི་ཐོབ། བར་དུ་ཡ་འབྱུང་བ་ཨ་འོག་མ་དང་སྦྱར་རོ། །ཨི་ཡརྟིའོ། །པྲཱི་ལ་ཏི་དང་ཨན྄་སྦྱར་བས་པྲི་གཉིས་པ་བྱས་ཏེ། ཨན྄་ཕྱི་བ་
སོགས་གོང་བཞིན། བི་བརྟིའོ།། །།ས་ནྱ་བརྞ་སྱ། སན྄་རྒྱུ་མཚན་དུ་གྱུར་བའི་ཨ་བྷྱཱ་ས་དེའི་ཨས་ཨི་ཐོབ་པར་འགྱུར་བ་སྟེ། པ་ཙ་ལ་ཏི་དང་སན་སྦྱར་བས་གོང་དུ་པ་ཙ་གཉིས་པ་བྱས། ཙ་ཕྱི། སན྄ནི་བརྞའི་མདོས་སས་ཨི་ཐོབ། ཙས་ཀ །སས་ཥ་ཐོབ་པའོ། །པི་པཀྵ་
ཏིའོ། །ཌུ་བ་ཙ་ཥ་ནི་འཚེད་པའོ། །ཝ་ཙ་ལ་ཏི་དང་། བར་དུ་སན྄སྦྱར་བས་གོང་བཞིན། བི་བཀྵ་ཏིའོ། །བི་བཀྵ་ཏིའོ། །བ་ཙ་ནི་སྨྲ་བའོ། །ཨུ་ཝརྞ་སྱ་ཛཱནྟ་སྠཱ་པ་ཝརྒ་པ་ར་སྱ་ཝརྞེ། ཨུའི་ཕ་རོལ་ན་ཛ་ཡོད་པ་དང་ཨནྟ་སྠ་ཡོད་པ་དང་། པའི་སྡེ་ཚན་ཡོད་ཅིང་། སན་ཡོད་ན་ཨི་ཉིད་འབྱུང་བར་
འགྱུར་བ་སྟེ། དེ་ཡང་ཛ་དང་། ཨནྟསྠ་དང་། པའི་སྡེ་ཚན་ལ་གལ་ཏེ་ཨ་ཡོད་པར་གྱུར་ནའོ། །ཛུལ་ཨིན་སྦྱར་བས་ཨུ་ཨོར་གྱུར། ཨུ་ཨ་ཝ། སན྄་སྦྱར་བས་ཛུ་གཉིས་པ་བྱས་ལ། དྷཱ་ཏུའི་ཛ། ཨ་མཐའ་ཅན་ཕ་རོལ་ན་ཡོད་པས་གོང་མའི་ཛུས་ཛི་ཐོབ་བོ། །སན྄་གྱི་
Vol. 195 · folio 48b
གོང་དུ་ཨིཊ྄་སྦྱར་བས་ཨེ་ཨ་ཡའི་ཡ་དང་སྦྱར། ཛི་ཛཱ་བ་ཡི་ཥ་ཏིའོ། །ཛུ་ནི་དྷཱ་ཏུའི་མདོས་ན་སྨོས་པའོ། །ལཱུ་ལ་ཨན་དང་སན་སྦྱར་བ་སོགས་གོང་བཞིན། ལི་ལ་བ་ཡི་ཥ་ཏིའོ། །ལཱུ་ཉ་ནི་གཅོད་པའོ། །པཱུ་ལ་ཨིན་དང་སན་སྦྱར་བ་སོགས་གོང་བཞིན། པི་པཱ་བ་ཡི་ཥ་ཏིའོ།།
བཱུ་དྷཱ་ནི་འཕྱར་བའོ། །ཡི་གེ་ཨ་ཞེས། ཅིའི་ཕྱིར་སྨོས་ཤེ་ན། ལཱུ་ལ་སན་སྦྱར་བས་ལཱུ་གཉིས་པ་བྱས་ཏེ། ལཱུ་ཨ་དང་ལྡན་པ་མེད་པའི་ཕྱིར་རོ། །ལཱུ་ལཱུ་ཥ་ཏིའོ། །སྲུ་ལ་སོགས་པ་འདི་རྣམས་ནི་ཐམས་ཅད་ཀྱང་འགྲོ་བའི་དོན་ཏོ། །དེ་རྣམས་ཨ་བྷྱཱ་སའི་ཨུ་གང་ཡིན་པ་དེའི་ཕ་
རོལ་ན་ཨནྟསྠཱ་ཨ་དང་ལྡན་པ་དང་། སན྄་ཡོད་ན་ཨི་འབྱུང་བར་ཡང་གསུངས་ཏེ། སྲུ་ལ་ཨིན་སྦྱར་ནས། སན་སྦྱར་བས། སྲུ་འགོ་མས་ཨི་ཐོབ། སྲུ་འོག་མས་ཨུ་ཨ་བཱ་དང་ཨི་སྦྱར་བས། གུ་ན་ཨེ་ཨ་ཡ། ཨ་དང་ཨི་སྦྱར་བས་ཥ་ཐོབ། སྲི་སྲ་ཝ་ཡིཥ་
ཏིའོ། །ཕྱོགས་གཅིག་ལ་ཨི་ཐོབ་པའོ། །སྲུ་ལ་ཨིན་དང་སན྄་སྦྱར་བ་སོགས་གོང་བཞིན། ཕྱོགས་གཅིག་ལ་ཨི་མ་ཐོབ་པའོ། །སུ་སྲ་ལ་ཝ་ཡིཥ་ཏའོ། །པཱུ་ལ་ཨིན྄་ལ་སོགས་པ་སྦྱར་བ་གོང་མ་བཞིན། ཕྱོགས་གཅིག་ལ་ཨི་མ་ཐོབ་པའོ། །གུ་ཎ་ཤྩེ་ཀྲཱི་ཨི་ཏེ། ཙེ་ཀྲཱི་ཡི་ཏ་
ཕ་རོལ་ན་ཡོད་ན་ཨ་བྷྱས་གུ་ཎར་འབྱུང་བ་སྟེ། ཙི་ལ་ཨི་སྦྱར་བས་ཙི་གཉིས་པ་བྱས་ན། མྱན་ཏྲ་ནམ་གྱི་མདོས་ཙི་འོག་མ་བསྲིང་། མདོ་འདིས་གོང་མའི་ཨི་ཨེར་འཕེལ། །ཙ་ཙཱི་ཡ་ཏེའོ། །ནཱི་ལ་ཡ་སྦྱར་བས་གོང་བཞིན། ནེ་ནཱི་ཡ་ཏེའོ། །དཱིརྒྷ་ནཱ་གཱ་མཱནྟ་སྱ། ཨ་བྷྱ་ས་གང་ལ་
ཐོབ་པའི་མཐའ་ཅན་མེད་པ་དེ་སྲིང་བ་སྟེ། བ་ཙ་ལ་ཡ་སྦྱར་བས་གོང་དུ་པ་གཉིས་པ་བྱས་ཏེ་བསྲིངས་པའོ། །པཱ་པ་ཙྱ་ཏེའོ།། །།ཝཉྩ་སྲཾ་སི་བྷཾ་སི་བྷཾ། སི་ཀ་སི་པ་ཏི་པ་དི་སྐནྡཱ་མནྡོ་ནི། བཉྩུ་ནི་འགྲོ་བའོ། །སྲནྶུ་དང་དྷྭནྶུ་བྷྲནྶུ་ནི་ཞིག་པའོ། །ཀས་ནི་འགྲོ་བའོ། །པ་ཏླྀ་ཡང་འགྲོ་བའོ། །
པ་དཱ་ཡང་འགྲོ་བའོ། །སྐན་དེར་ནི་སྐམ་པའོ། །དེ་རྣམས་ཀྱི་དྷཱ་ཏུའི་ཕ་རོལ་ན་ཙེ་ཀྲཱི་ཡི་ཏ་ཡོད་ན་ཨ་བྷྱ་ས་ལ་ནི་ཐོབ་པ་འབྱུང་བ་སྟེ། བཉྩི་ལ་ཡ་སྦྱར་བས་ཝ་གཉིས་པ་བྱས་ནས་ཕྱི། ནི་ཐོབ་ཡ་དང་ཙ་སྦྱར་བའོ། །ཝ་ནཱི་ཝ་ཙྱ་ཀེའོ། །སྲན་སི་ལ་ཡ་སྦྱར་བ་གོང་བཞིན། ས་ནི་
Vol. 195 · folio 49a
སྲ་སྱ་ཏེའོ། །དྷྭན་སི་ལ་ཡ་སྦྱར་བས་གོང་བཞིན། ད་ནཱི་དྷྭ་སྱ་ཏེའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་རོ། །ཨ་ཏོནྟོ་ནུ་སྭཱ་རོ་ར་ནུ་ནཱ་སི་ཀཱནྟ་སྱ། གང་ཨ་ནུ་ན་སེ་ཀའི་མཐའ་ཅན་གྱི་དྷཱ་ཏུའི་ཨ་བྷྱ་སའི་ཨའི་མཐའ་ཅན་ལ་རྗེས་སུ་འཇུག་པའི་དབྱངས་
ཐོབ་པར་འགྱུར་བ་སྟེ། ཙེ་ཀྲཱིའི་མཐའ་ཕ་རོལ་ན་ཡོད་པར་འགྱུར་ནའོ། །ཡ་མ་ལ་ཡ་སྦྱར་བས། གོང་དུ་ཡ་མ་གཉིས་པ་བྱས། མ་ཕྱི་མདོ་འདིས་གོང་མར་ཐིག་ལེ་ཐོབ། ཡཾ་ཡ་མྱ་ཏེའོ། །བྷ་ཎ་ལ་ཡ་སྦྱར་བས་གོང་མ་བཞིན། བཾ་བྷ་ཎྱ་ཏེའོ། །ཡ་མ་ནི་ཉེ་བར་སྡོམ་པའོ།
ཡ་མ་ཨུ་བར་མེའོ། །བྷ་ཎ་ནི་སྒྲའོ། །ཨའི་མཐའ་ཅན་ཞེས་ཅིའི་ཕྱིར་སྨྲོས་ཤེ་ན། ཏི་མ་ལ་ཡ་སྦྱར་བས་གོང་དུ་ཏི་གཉིས་པ་བྱས་ཏེ། ཨིའི་མཐའ་ཅན་ཡིན་པས་ཐིག་ལེ་མ་ཐོབ་པའོ། །ཏེ་ཏི་མྱ་ཏེའོ། །ཛ་པཱ་དི་ནཱཾ་ཙ། ཛ་པ་ནི་ཡིད་ལ་བཟླས་པའོ། །ཛ་བྷ་དང་ཛྲྀ་བྷི་དང་། ཛི་བྷི་ནི་
ལུས་ཀྱིས་གཡོ་བའོ། །དན་ཤ་ནི་མཐུས་འཚེ་བའོ། །བྷཉ་ཛོ་ནི་ཀུན་དུ་འཇོམས་པའོ། །པ་ས་ནི་ཀུན་དུ་འགྲོ་བའོ། །ཛ་ཡཱ་དཱི་ནཱཉྩ། ཛ་པ་ལ་སོགས་པ་དེ་རྣམས་ཀྱི་བྷྱ་སའི་ཕ་རོལ་ན། ཙེ་ཀྲཱི་ཏ་ཡོད་ན་རྗེས་སུ་འཇུག་པའི་དབྱངས་ཐོབ་པོ། །ཛ་པ་ལ་ཡ་སྦྱར་བས་ཛ་པ་གཉིས་པ་བྱས་
ཏེ། པ་ཕྱི། ཛ་ལ་ཐིག་ལེའོ། །ཛཾ་ཛ་པྱ་ཏེའོ། །ཛ་བྷ་ལ་ཡ་སྦྱར་བས་གོང་བཞིན། ཛཾ་ཛ་བྷྱ་ཏེའོ། །དན་ཤ་ལ་སྦྱར་བས་ན་ཕྱི། གོང་དུ་ད་གཉིས་པ་བྱས། གོང་བཞིན། དཾ་ད་ཤྱ་ཏེའོ། །བྷཉྫ་ལ་ཡ་སྦྱར་བས་གོང་བཞིན། བཾ་བྷ་ཛྱ་ཏེའོ། །པ་ས་པ་ལ་ཡ་སྦྱར་བས་གོང་བཞིན། པཾ་པ་སྱ་ཏེའོ། །
ཙ་ར་ཕ་ལོ་དུ་ཙྩ་པ་ར་སྱཱ་སྱ། ཙ་ར་ནི་འགྲོ་བའི་དོན་ཏོ། །ཕ་ལ་ནི་ངེས་པར་རྫོགས་པའོ། །དེ་རྣམས་ཀྱི་ཨ་བྷྱ་ས་ལ་རྗེས་སུ་འཇུག་པའི་དབྱངས་ཐོབ་པར་གྱུར་བ་སྟེ་ཕ་རོལ་གྱི་ཨ་ལ་ཨུ་ཡང་གཞག་པ་སྟེ། ཙེ་ཀྲཱི་ཡི་ཏ་ཕ་རོལ་ན་ཡོད་ནའོ། །ཙ་ར་ལ་ཡ་སྦྱར་བས་གོང་དུ་ཙ་གཉིས་པ་བྱས།
མདོ་འདིས་ཐིག་ལེ་ཐོབ་པ་དང་། ཙ་འོག་མས་ཨུ་ཐོབ། མདོས་བསྲིངས་པའོ། །ཙཾ་ཙུཪྱ་ཏེའོ། །ཕ་ལ་ལ་ཡ་སྦྱར་བས་གོང་མ་བཞིན། ཕཾཕུ་ལྱ་ཏེའོ། །རྀ་མད་ཏོ་རཱི། གང་ལ་རྀ་ཡོད་པའི་དྷཱ་ཏུ་དེའི་ཕ་རོལ་ན་ཙེ་ཀྲཱི་ཏ་ཡོད་ན་ཨ་བྷྱཱ་ས་ལ་རྀ་འབྱུང་སྟེ། ནྲྀ་ཏ་ལ་ཡ་སྦྱར་བས་གོང་དུ་ནྲྀ་
Vol. 195 · folio 49b
གཉིས་པ་བྱས་རྀ་ཕྱི། མདོ་འདིས་རཱྀ་ཐོབ། ན་རཱྀ་ནྲྀ་ཏྱ་ཏེའོ། །གྲ་ཧ་ལ་ཡ་སྦྱར་བས། གོང་དུ་གྲ་གཉིས་པ་བྱས། རྀ་ཕྱི་གས་ཛ་ཐོབ། བར་དུ་རྀ་འབྱུང་བའོ། །ཛ་རཱྀ་གྲྀ་ཧྱ་ཏེའོ། །ནྲྀ་ཏི་ལུས་བསྐྱོད་པའོ། །གྲ་ཧ་ནི་ཉེ་བར་ལེན་པའོ། །རྀ་རེ་ཕོ་ཙ་ལུ་ཀི་རྀ་མ་ཏོའི་དྷཱ་ཏུ་ལ་ཙེ་ཀྲཱི་ཡི་ཏ་ཕྱི་བ་
ཡོད་ན། ཨ་བྷྱ་སའི་མདུན་དུ་རཱི་དང་རྀ་དང་། ར་འདི་དག་ཐོབ་པ་འབྱུང་བ་སྟེ། ནྲྀ་ལ་ཙེ་ཀྲཱི་ཡི་ཏའི་ཡ་སྦྱར་ཏེ་ཕྱི་བས། གོང་དུ་ནྲྀ་གཉིས་པ་བྱས། ར་ཕྱི་བར་དུ་རྀ་ཐོབ་པ་ཨར་དུ་གྱུར་ཏེ་སྦྱར་ན་རཱི་ན་རྟིའོ། །ནྲྀ་ལ་ཡ་སྦྱར་བས་རྀ་ཐོབ་པ་གོང་བཞིན། ན་རྀ་ན་རྟིའཽ། །ནྲྀ་ལ་ཡ་སྦྱར་ཏེ་
ཕྱི་བས་ར་ཐོབ་པ་གོང་བཞིན། ན་ར་ནརྟིའོ།། །།ཨ་ལོ་པེ་ས་མཱ་ན་སྱ་སཾ། དྷལླ་གུ་ནཱི་ཙ་ཎྱུ་པ་རེ། མཉམ་པའི་ཡི་གེའི་མིང་ཅན་ཕྱི་བར་མ་གྱུར་བ་ཡོད་ལ་ཕ་རོལ་ན་ཡང་པ་ར་ཡི་གེ་ཡོད་ན་ཨ་བྷྱ་ས་ལ་སན་ལྟ་བའི་བྱ་བ་ནི་གང་སན་གྱི་བྱ་བར་བརྗོད་པ་དེ་འབྱུང་བར་འགྱུར་བ་སྟེ། ཨིན་དང་
ཙཎ་དག་ཕ་རོལ་ན་ཡོད་པར་གྱུར་ནའོ། །ཀྲི་ལ་དི་སྦྱར། བར་དུ་ཙ་ཎ་སྦྱར་བས་གོང་དུ་ཀྲི་གཉིས་པ་བྱས། ཀས་ཙ་ཐོབ། མདོ་འདིས་ཙས་ཨི་ཐོབ། དཱིརྒྷ་ལ་སོགས་པས་ཨི་བསྲིངས་པའོ། །གོང་དུ་ཨ་ཡར་སྦྱར། ཨ་ཙཱི་ཀ་ར་ཏའོ། །པ་ཋ་ལ་དི་དང་ཙན་སྦྱར་བ་སོགས་གོང་བཞིན། ཨ་
པཱི་བ་ཋ་ཊའོ། །ཌུ་ཀྲཱིཉ་ནི་བྱེད་པའོ། །པ་ཋ་ནི་གསལ་བར་སྨྲ་བའོ། །སན་གྱི་བྱ་བ་ལྟ་བུ་ནི་སན་ནྱ་བརྞ་སྱ་ཡ་ཞེས་པའི་མདོས། ཨི་ཉིད་དོ། །དཱིརྒྷ་ལ་གྷོཿ། མདོ་སྔ་མ་རྗེས་སུ་འཇུག་སྟེ། མཉམ་པའི་ཡི་གེ་ཕྱི་བར་མ་གྱུར་ཅིང་། ཕ་རོལ་ན་ཙ་ཎ་དང་ཨིན་ཡོད་པ་དང་། གང་ཡང་དེ་ན་
ཡོད་ན། ཨ་བྷྱ་ས་ཐུང་བ་རིང་བར་འགྱུར་བ་སྟེ། པ་ཙ་ལ་དི་སྦྱར། ཨིན་དང་ཙཎ་སྦྱར་བས། ཨི་ཐོབ་པ་མདོ་འདིས་བསྲིངས་པའོ། །ཨ་པཱི་བ་ཙ་ཏའོ། །ཌུ་བ་ཙ་ཥ་འཚེད་པའོ། །ཨ་ཏྭ་རཱ་དཱི་ནཱཾ་ཙ། ཏྭ་ར་སོགས་པའི་དྷཱ་ཏུ་རྣམས་ཀྱིས་ཨ་བྷྱ་སའི་མཐས་གང་ཡིན་པ་དེའི་ཕ་རོལ་ན་
ཨིན་དང་ཙན་ཡོད་ན། ཨ་ཐོབ་པར་འགྱུར་བ་སྟེ། ཏྭ་ར་ལ་ཨིན་དང་ཙན་སྦྱར་བས་རའི་ཨི་ཕྱི། ཙའི་ཨ་དང་སྦྱར། གོང་དུ་ཏྭ་གཉིས་པ་བྱ་སྟེ། མདོ་འདིས་ཏྭས་ཏའོ། །གོང་དུ་ཨ་ཡང་སྦྱར། ཨ་ཏ་ཏྭ་ར་ཏའོ། །ཉི་ཏྭ་ར་ནི་མྱུར་བའོ། །ག་ཎེ་རཱི་ཙ་ག་ཎ་ནི་གྲངས་ཏེ། འདིའི་དྷཱ་ཏུའི་
Vol. 195 · folio 50a
ཕ་རོལ་ན་ཙཎ་དང་ཨིན་ཡོད་ན་ཨ་བྷྱ་ས་ལ་ཨ་ཐོབ་པར་འགྱུར་བ་སྟེ། ཨཱི་ཡང་ཐོབ་བོ། །ག་ཎ་དི་དང་ཙཎ་སྦྱར་བས། ཎའི་ཨི་ཕྱི། གོང་དུ་ག་སྦྱར། གས་ཛ་ཐོབ། ཛས་མདོ་གོང་མ་ལྟར་ཨི་མ་ཐོབ་སྟེ། ཨ་ཐོབ་པའོ། །ཨ་ཛ་ག་ཎ་ཏའོ། །ག་ན་
ལ་དི་ལ་ཙན་སྦྱར་བས་གོང་མ་བཞིན་དང་། ཛས་ཨཱི་ཐོབ་བོ། །ཨ་ཛཱི་ག་ཎཏའོ། །ཨི་ཏི་ལོ་པོ་ག་བྷྱཱ་ས་མྱ། དབང་དུ་བྱས་པའི་ཚིག་གོ། །མདོ་འདི་ནས་བརྩམས་ཏེ་ལེའུ་ཡོངས་སུ་རྫོགས་ཀྱི་བར་དུ་ཨ་བྷྱཱ་ས་དབྱི་བའི་དབང་དུ་བྱས་ཏེ། ས་ནི་མཱི་མཱ་དཱ་ར་བྷ་ལ་བྷ་ཤ་ཀ་པ་ཏ་པ་དཱ་མི་
མཱིསྶྭི་ར་སྱ། མིཉ་ནི་འཚེད་པའོ། །མཱ་ནི་འཇལ་བའོ། །ཌུ་དཱ་ཉ་ནི་སྦྱིན་པའོ། །ར་བྷ་ནི་ཤིན་ཏུ་གསང་བའོ། །ཌུ་ལ་བྷཥ་ནི་ཐོབ་པའམ་རྙེད་པའོ། །ཤ་ཀླྀ་ནི་ནུས་པའོ། །པཏླྀ་ནི་འགྲོ་བའོ། །པ་ད་ཡང་འགྲོ་བ་སྟེ། དེ་རྣམས་ཀྱི་དྷཱ་ཏུའི་ཕ་རོལ་ན་ཨ་བྷྱཱ་ས་དབྱི་བར་འགྱུར་བ་སྟེ།
དབྱངས་ཀྱི་ཨིས་ཐོབ་པའོ། །མཱ་ལ་སན་སྦྱར་བས་གོང་དུ་མཱ་གཉིས་པ་བྱས་ཏེ་ཕྱི། དྷཱ་ཏུའི་མཱས་ཨི་ཐོབ། ཏ་དང་སན་གྱིས་སྦྱར་རོ། །ཨིཏྶ་ཏིའོ། །མཱ་ལ་པྲ་དང་སན་སྦྱར་གོང་བཞིན། པྲ་མིཏྶ་ཏིའོ། །དཱ་ལ་སན་སྦྱར་གོང་བཞིན། དིཏྶ་ཏིའོ། །དྷཱ་ལ་སན་སྦྱར་བ་སོགས་པའོ། །
དྷིཏྶ་ཏིའོ། །ར་བྷ་ལ་སན་སྦྱར་བས་ར་བྷ་གཉིས་པ་བྱ་སྟེ་ཕྱི། གོང་དུ་ཨཱང་བྱས་ཕྱི་བྷས་པ་ཐོབ་སྟེ་ར་ཨིའོ། །ཨ་རིཔྶ་ཏིའོ། །ལ་བྷ་ལ་སན་སྦྱར་བས་གོང་བཞིན་ལི་པས་ཏིའོ། །ཤཀླི་ལ་སན་སྦྱར་བས་ཤཀ་གཉིས་པ་བྱ་སྟེ་ཕྱི། ཨི་ཐོབ་ནས་ས་ཥའོ། །ཤིཀྵ་ཏིའོ། །པ་ཏ་ལ་
སན་སྦྱར་བ་སོགས་གོང་བཞིན། །པིཏྶ་ཏེའོ། །ཨིན་དང་བཅས་པའི་སན་ལ་ནི་མི་འཐད་དེ། བཏ་ལ་སན་དང་ཨིན་སྦྱར་བས་ཨ་བྷྱ་ས་དབྱི་བ་དང་། ཨིས་ཐོབ་པ་མ་བྱུང་བས་སོ། །པི་པ་ཏིཥ་ཏིའོ། །ར་དྷ་ནི་འཚེད་པའི་ཞེས་བྱ་བ་འདིའི་དབྱངས་ལ་སན་ཡོད་ན་ཨི་ཉིད་ཐོབ་པར་
གསུངས་ཏེ་ར་དྷ་ལ་སན་སྦྱར་བས། གོང་དུ་པྲ་ཏི་བྱས་ཨ་བྷྱ་ས་དབྱི་བ་དང་ཨིས་ཐོབ། པྲ་ཏི་རི་ཏ་ས་ཏིའོ། །ཨཱསྣོ་ཏེ་རཱིཿ། །ཨ་པ་ལྀ་ཁྱབ་ཅེས་པའི་དྷཱ་ཏུ་གང་ཡིན་པའི་དབྱངས་དེའི་ཕ་རོལ་ན་སན་ཡོད་ན་ཨི་ཉིད་ཐོབ་པ་དང་། ཨ་བྷྱ་ས་ཡང་དབྱི་བའོ། །ཨཔ་སན་སྦྱར་ན་ཕྱི། གོང་དུ་
Vol. 195 · folio 50b
ཨ་གཉིས་པ་བྱས་ཏེ་ཕྱི། ཨས་ཨི་ཐོབ་པའོ། །ཨིཔ་ས་ཏིའོ། །ཛྷ་བི་དང་རི་དྷའི་དབྱངས་ཀྱི་ཡང་ཕ་རོལ་ན་སན་ཡོད་ན་གོ་རིམས་ཇི་ལྟ་བ་བཞིན། ཨཱི་ཐོབ་པའམ། ཨཱིར་ཐོབ་པར་ཡང་གསུངས་ཏེ། ཛྙ་ལ་སན་སྦྱར་བས་གོང་དུ་ཛྙ་གཉིས་པ་བྱས་ཏེ་ཕྱི། ཛྙས་ཨི་ཐོབ་ཛྙཱི་པ་ས་ཏིའོ།།
ཛྙཱ་ནི་ཁོང་དུ་ཆུད་པའོ། །རཱི་དྷཱ་ལ་སན་སྦྱར་བ་གོང་དུ་རི་བྱས་ཏེ་ཕྱི། རྀས་ཡཱིར་ཐོབ། དྷས་ཏ་ཐོབ་ཏེ་སྦྱར། ཨཱིརྟྶ་ཏིའོ། །རྀ་དྷུ་ནི་འཕེལ་བའོ། དཾ་བྷི་རི་རིཙྩ། གང་དག་དན་བྷིའི་དྷཱ་ཏུའི་དབྱངས་འདིའི་ཕ་རོལ་ན་སན་ཡོད་ན་ཨི་ཉིད་དང་། ཨཱ་ཉིད་ཐོབ་པ་དང་། ཨ་བྷྱ་ས་ཡང་དབྱིའོ། །དན་བྷི་ལ་
སན་སྦྱར་བས་ད་གཉིས་པ་བྱ་སྟེ་ཕྱི། དས་དྷ་ཐོབ། བྷས་པ་ཐོབ། མདོ་འདིས་རིམ་པ་བཞིན། དྷས་ཨི་དང་། ཨཱ་ཐོབ་པོ། །དྷིཔྶས་ཏི། །དྷཱིསྶ་ཏིའོ། །དི་གི་ད་ཡ་ཏེཿ པ་རོ་ཀྵཱ་ཡམ། དེང་རཀྵ་ཎེ་ཞེས་པའི་དྷྭ་ཏུ་འདིའི་ཕ་རོལ་ན་པ་རོ་ཀྵཱ་ཡོད་ན་དི་གི་ཐོབ་པ་དང་། ཨ་བྷྱཱ་ས་ཡང་
ཕྱིའོ། །ཨ་དེ་ལ་པ་རོ་ཀྵཱ་ཨེ་སྦྱར་བས་ཨིས་ཡ་ཐོབ། ཨེ་དང་སྦྱར། དེ་གྱེའོ། །དེ་ལ་ཨཱ་ཏེ་སྦྱར་བས་གོང་བཞིན། དི་གྱཱ་ཏེའོ། །ཀ་ལཱ་པའི་འགྲེལ་པ་ཉུང་དུ་ལས་ཀུན་བཤད་པའི་རབ་ཏུ་བྱེད་པའི་རྐང་པ་གསུམ་པའོ།། །།ས་པ་ར་སྭ་རཱ་ཡཱ་སྶྭམ་པྲ་སཱ་ར་ཎ་མནྟ་སྠ་ཡཱཿ། ཕ་རོལ་
གྱིས་དབྱངས་དོ་ལྷན་ཅིག་ཏུ་གནས་པའི་མཐར་གནས་པ་ལ། སཾ་པྲ་སཱ་ར་ཎ་འབྱུང་བར་འགྱུར་ཏེ་ཞེས་ཡོངས་སུ་བཤད་དོ། །གྲ་ཧིཛྱཱ་ཝ་ཡི་བྱ་དྷི་བཥྚི་བྱ་ཙི་པྲཙྪི་བྲཤྩི་བྷྲཤྫི་ནཱ་མ་གུ་ཎེ། གྲ་ཧ་ནི་ཉེ་བར་ལེན་པའོ། །ཛྱཱ་ནི་ན་ཚོད་ཡལ་བྱོད་དེ། །ལྦཉེ་སྣལ་མ་བཞག་པའོ། །བྱ་དྷ་ནི་གཟུགས་
པའོ། །བ་ཤ་ནི་མཛེས་པའོ། །བྱ་ཙ་ནི་སྲིད་པའོ། །པྲ་ཚ་ནི་འདྲི་བའོ། །ཨོ་བྲཤྩུ་ནི་གཅོད་པའོ། །བྷྲསྫ་ནི་འཚེད་པའོ། །འདི་རྣམས་ཀྱི་དྷཱ་ཏུའི་ཨནྟསྠཱ་སཾ་པྲ་སཱ་ར་ཎར་འགྱུར་ཏེ། ཨ་གུ་ནའི་རྐྱེན་ཕ་རོལ་ན་ཡོད་ནའོ། །གྲ་ཧ་ལ་ཡན་སྦྱར་ན་ཕྱི། མདོ་འདིས་རས་རི་ཐོབ། ཧ་དང་ཡ་
སྦྱར། གྲི་ཧྱ་ཏེའོ། །ཛྱཱ་ལ་ཨན་སྦྱར་བས་གོང་བཞིན། ཛི་ཡ་ཏེའོ། །ཝ་ལ་ཡན་སྦྱར་བས། ཝས་ཨུ་ཐོབ། ཨུ་ཡ་ཏུའོ། །བྷ་དྷ་ལ་ཡཱན་སྦྱར་བས་གོང་བཞིན། བིདྷྱ་ཏེའོ། །ཝ་ཤ་ལ་ཡན་སྦྱར་བས་ཝས་ཨུ་ཐོབ། ཤ་དང་ཡ་སྦྱར། ཨུ་ཤྱ་ཏེའོ། །བྱ་ཙ་ལ་ཡན་སྦྱར། ཡས་ཨི་ཐོབ་
Vol. 195 · folio 51a
པའོ། །བི་ཙྱ་ཏེའོ། །པྲཙྪ་ལ་ཡན་སྦྱར་བས་གོང་བཞིན། པྲཙྪྱ་ཏེའོ། །བྲཤྩ་ལ་ཡན་སྦྱར་བས་གོང་བཞིན། བིཤྪྱ་ཏེའོ། །བྲཤྫ་ས་ལ་ཡན་སྦྱར་བས་གོང་བཞིན། བྷྲིཛྫྱ་ཏེའོ། །གུ་ན་མ་ཡིན་ཞེས་ཅིའི་ཕྱིར་སྨོས་ཤེ་ན། གྲ་ཧ་ལ་ཏི་སྦྱར་བས། ཧ་ཨིར་དང་སྦྱར་
ཏེ་བསྲིངས། གྲ་ཧཱི་ཏིའོ།། །།སྭ་པི་ཝ་ཙི་ཡཛ་སོགས་ཀྱི་ཡན་པ་རོ྅ཀྵ་ཨཱ་ཤཱིཥ་རྣམས་ལས་སོ། །ཉི་ཥྭ་པ་ནི་ཉལ་བའོ། །ཝ་ཙ་ནི་སྨྲ་བ་ལའོ། །འདི་དག་དང་དེ་བཞིན་དུ་ཡ་ཛ། དེ་ཝ། པཱུ་ཛ་དཔ་ཌུ་ཝ་པ་ནི་ས་བོན་འདེབས་པ་དང་། བ་ཧཱ་ནི་རྙེད་པ་དང་། བྱེཉ་ནི་རྩོད་པ་དང་། ཧྭེ་ཉ་ནི་
འགྲན་པ་དང་། པེཉ་ནི་ཐགས་འཐག་པ་དང་། ཝ་ད་ནི་གསལ་བར་སྨྲ་བ་དང་། ཝ་ས་ནི་གནས་དང་། ཌུ་ཨོ་ཤྲཱི་ནི་འགྲོ་བ་དང་། འཕེལ་བ་སྟེ། དེ་རྣམས་ཀྱི་ཨནྟསྠ་འཕེལ་བར་འགྱུར་བས་སོ། །ཕ་རོལ་ན་ཡན་དང་པ་རོ་ཀྵཱགུ་ཎ་མ་ཡིན་པ་དང་། ཨ་ཤྲི་གུ་ན་མ་ཡིན་པ་འདི་རྣམས་
ཡོད་ནའོ། །ཡན་གྱི་དཔེ་ནི། ཥྭཔ་ལ་ཡན་སྦྱར་བས། ཝས་ཨུ་ཐོབ་པ་དང་། ཡ་དང་སྦྱར་རོ། །ཥུ་སྱ་ཏེའོ། །ཡཛ་ལ་ཡན་སྦྱར་བས་ཡས་ཨི་ཐོབ་པའོ། །ཨི་ཛྱ་ཏེའོ། །ཝ་པ་ལ་ཡན་སྦྱར་བས་ཨུ་པྱ་ཏེ། ཝ་ཧ་ལ་གོང་མ་བཞིན། ཨུཧྱ་ཏེ་ཞེས་བྱ་བ་ལ་སོགས་པའོ། །པ་རོ་ཀྵཱའི་དཔེ་ན།
སྭ་པ་ལ་རོ་ཀྵཱ་ཨ་ཏུས་སྦྱར་བས་གོང་དུ་སུ་གཉིས་པ་བྱས། ཝས་ཨུ་ཐོབ་པ་དང་། ཨ་སྦྱར་རོ། སུཥུ་པ་ཏུཿའོ། ཝ་ཙ་ལ་ཨ་ཏུས་སྦྱར་བས་ཝ་གཉིས་པ་བྱ། ཝས་ཨུ་ཐོབ། ཨུ་གཉིས་པ་ས་མན་དཱིརྒྷའོ། །ཨུ་ཙ་ཏུཿའོ། །ཡ་ཛ་ལ་ཨ་ཏུས་སྦྱར་བ་ཡས་ཨི་ཐོབ་པའོ། ཨི་ཛ་ཏུཿའོ། །
ཝ་པ་ལ་ཨ་ཏུས་སྦྱར་བས་གོང་བཞིན། ཨུ་ཥ་ཏུའོ། །ཝ་ཧ་ལ་ཨ་ཏུས་སྦྱར་བས་གོང་བཞིན། ཨུ་ཧ་ཏུཿའོ་ཞེས་བྱ་བ་ལ་སོགས་པའི། །ཨཱ་ཤིཥཱི་དཔེ་ནི། སྭ་པ་ལ་ཡཱཏ་སྦྱར་བས་ཝས་ཨུ་ཐོབ། །སུ་སྱཱ་ཏའོ། །ཝ་ཙ་ལ་ཡཱཏ། སྦྱར་བས་གོང་བཞིན། ཨུ་ཙྱཱ་ཏའོ། །ཡ་ཛ་ལ་ཡཱཏ་
སྦྱར་བས་གོང་བཞིན། ཨི་ཛྱཱ་ཏའོ། །ཝ་ས་ལ་ཡཱཏ་སྦྱར་བས་གོང་བཞིན། ཨུ་སྱཱ་ཏའོ། །པ་རོ་ཀྵཱ་ཡཱ་མ་བྷྱ་ས་སྱོ་བྷཱ་ཡེ་ཥཱཾ། གཉི་ག་རྣམས་གང་ཡིན་པ་ནི་གྲ་ཧ་ལ་སོགས་པའི་ཕ་རོལ་ན་པ་རོ་ཀྵ་ཡོད་ན་ཨ་བྷྱ་ས་སཾ་པྲ་སཱ་ར་ཎར་འགྱུར་བ་སྟེ། དེ་ཡང་གུ་ཎའི་དོན་ནོ། །ཛྱ་ལ་པ་རོ་ཀྵཱ་ཨཊ་
Vol. 195 · folio 51b
སྦྱར་བས་ཛྱ་གཉིས་པ་བྱས་ཏེ། ཡས་ཨི་ཐོབ། ཨཊ་ཡིས་ཨཽ་ཐོབ། ཛི་ཛྱཽའོ། །སྭ་པ་ལ་ཨཊ་སྦྱར་བས་སྭ་གཉིས་པ་བྱས་ཏེ། ཨུ་ཐོབ་པའོ། །སུ་ཥྭ་བའོ། །ཝ་ཙ་ལ་ཨཊ་སྦྱར་བས། ཝ་གཉིས་པ་བྱས། ཨུ་ཐོབ། ཨུ་ཝཱ་ཙའོ། །ཡ་ཛ་ལ་ཨཊ་སྦྱར་བས་གོང་དུ་ཡ་གཉིས་
པ་བྱས་ཏེ་ཨི་ཐོབ་པོ། །ཨི་ཡཱ་ཛའོ།། །།བྱ་ཐེ་ཤྩ། བྱ་ཐ་ནི་འཇིགས་པའོ། །འདིའི་ཕ་རོ་ལ་ན་པ་རོ་ཀྵཱ་ཡོད་ན་སཾ་པྲ་སཱ་ར་ཎར་འགྱུར་བའོ། །བྱ་ཐ་ལ་པ་རོ་ཀྵ་ཨི་སྦྱར། བྱ་གཉིས་པ་བྱས་ཏེ། ཡས་ཨི་ཐོབ་བོ། །བི་བྱ་ཐེའོ། །ན་བཱཤྩྱ་ར་གུ་ཎེ་ཙ། བྱཉ་ནི་ཐགས་འཐག་པའོ། །ཌུ་ཨོ་
ཤྭི་འགྲོ་བ་དང་འཕེལ་བའོ། །འདི་དག་གི་ཨནྟསྠའི་ཕ་རོལ་ན་པ་རོ་ཀྵཱ་ཡོད་ན་སཾ་པྲ་སཱ་ར་ཎར་མི་འགྱུར་བ་སྟེ། བེ་ཉ་ལ་ཨ་ཏུས་སྦྱར་བས་བ་གཉིས་པ་བྱས། བ་བ་ཏུཿའོ། །བེ་ཉ་ལ་ཨུས་སྦྱར་ཉ་ཕྱི། ཨིས་ཨ་ཐོབ། བ་གཉིས་པ་བྱས། བ་བུའོ། །ཤྭི་ལ་ཨ་ཏུས་སྦྱར་བས་ཤྭི་གཉིས་པ་བྱས།
ལྦ་ཕྱི་ཨིས་ཨེ་ཐོབ། ཨེ་ཨ་ཡ། ཡ་དང་ཨ་སྦྱར་རོ། །ཤི་ཤྭ་ཡ་ཏུའོ། །ཤྭི་ཨུས་སྦྱར་བས་གོང་བཞིན། ཤི་ཤྭ་ཡུཿའོ། །ཕ་རོལ་ན། གུ་ཎ་ཡོད་ཀྱང་བྷྱཱ་ས་སཾ་པྲ་སཱ་ར་ཎར་མི་འགྱུར་ཏེ། བེ་ཉ་ལ་ཨཊ་སྦྱར་བས་གོང་དུ་བ་གཉིས་པ་བྱས། ཨཊ་ས་ཨཽ་ཐོབ། བ་བཽའོ། །ཤྭི་
ཨ་ར་སྦྱར་བས་གོང་དུ་ཤྭི་གཉིས་པ་བྱས། གུ་ཎ་ཨེ་ཨཡ་དང་སྦྱར། ཤི་ཤྭ་ཡའོ། །སྭ་པི་སྱ་མི་བྱེ་ཉཱ་ཙེ་ཀྲཱི་ཡི་ཏེའོ། །ཉིཥྭ་པ་ནི་ཉལ་བའོ། །སྱ་མུ་ནི་སྒྲའོ། །བྱེ་ཉ་ནི་སྦེད་པའོ། །འདི་རྣམས་ཀྱི་ཨན་ཏསྠ་སཾ་པྲ་ར་སཱ་ར་ཎར་འགྱུར་བ་སྟེ། ཕ་རོལ་ན་ཙེ་ཀྲཱི་ཡི་ཏ་ཡོད་ནའོ། །ཥྭ་
པ་ལ་ཡ་སྦྱར་བས་གོང་དུ་ཥྭ་གཉིས་པ་བྱ་སྟེ། དྷཱ་ཏུས་ཨུ་ཐོབ། ཨ་བྷྱཱ་སའི་མདོས་གོང་མས་ཨུ་ཐོབ་སྟེ་ཨོའོ། །ཥོཥ་བྱ་ཏེའོ། །སྱ་མ་ལ་ཡ་སྦྱར་བས་སྱའི་ཡས་ཨི་ཐོབ་པ་དང་། ཨ་བྷྱཱ་ས་བྱས་པའོ། །སི་སི་མྱ་ཏེའོ། །བྱ་ལ་ཡ་སྦྱར་བས་གོང་བཞིན། བི་བི་ཡ་ཏེའོ། །སྭཱ་
བེཤྩ་ཎི། སྭ་པི་ཨིའི་མཐའ་ཅན་གྱི་ཕ་རོལ་ན་ཙཎ་ཡོད་ན་ཨནྟསྠཱ་སཾ་པྲ་སཱ་ར་ཎར་འགྱུར་བ་སྟེ། སྭ་པ་ལ་ཙཎ་དང་དི་སྦྱར་བས་ཨུ་ཐོབ་པ་དང་། གོང་དུ་སུ་གཉིས་པ་བྱས་ཏེ། པ་དང་དའི་ཨི་ཕལ་བས་ཏ་ཐོབ་པ་སྦྱར་རོ། །ཨ་སུ་ཥུ་བ་ཏའོ། །གྲ་ཧི་སྭ་པིཙྪ་ས་ནི། གྲ་ཧ་ནི་ཉེ་བར་
Vol. 195 · folio 52a
ལེན་པའོ། །ཉི་ཥྭ་བ་ནི་ཉལ་བའོ། །པྲཙྪ་ནི་འདྲི་བའོ། །འདི་རྣམས་ཀྱི་ཕ་རོལ་ན་སན་ཡོད་ན། སཾ་པྲ་སཱ་ར་ཎར་འགྱུར་བའོ། །གྲ་ཧ་ལ་སན་སྦྱར་བས། གྲ་གཉིས་པ་བྱ་སྟེ་ཛ་ཐོབ། སན་ནི་བརྞ་སྱས་ཨི་ཐོབ། མདོ་འདིས་རི་ཐོབ། གས་གྷ །ཧས་ཀ་
ཐོབ་པའོ། །ཛི་གྷིཀྵཱ་ཏིའོ། །ཥྭ་བ་ལ་སན་སྦྱར་བས། བས་ཨུ་ཐོབ། གོང་དུ་ཥུ་གཉིས་པའོ། །ཥུ་ཥུ་པྶ་ཏིའོ། །པྲཙྪ་ལ་སན་སྦྱར་བ་གོང་མ་བཞིན། པི་པྲྀ་ཙ་ཥ་ཏིའོ།། །།ཙ་ཡ་ཥྐི་ཤྩེ་ཀྲཱི་ཡི་ཏེ། ཙ་སྔོ་ནི་མཆོད་པ་ཞེས་བྱ་བ་འདིའི་ཕ་རོལ་ལ་ཙེ་ཀྲཱི་ཡི་ཏ་ཡོད་ན་ཀཱི་རུ་གཞག་པ་སྟེ། ཙ་ཡྼྀའི་
ཕ་རོལ་ན་ཡ་ཡོ་པས་ཀཱི་ཐོབ་སྟེ། ཀཱི་གཉིས་པ་བྱས། ཀས་ཙ་ཐོབ། ཙེ་ཀཱི་ཡ་ཏེའོ། །བྱ་ཡ། རི་པ་རོ་ཀྵཱ་ཡཾ། ཨོཾ་བྱཱ་ཡི་དང་། སྥའི་ནི་འཕེལ་བ་སྟེ། འདིའི་ཕ་རོལ་ན་པ་རོ་ཀྵཱ་ཡོད་ན་པི་གཞག་པ་སྟེ། ཙེ་ཀྲི་ཡི་ཏ་ཡོད་ན་ཡང་ངོ་། །པྱ་ལ་ཡ་སྦྱར་བས་པཱི་ཐོབ། གོང་དུ་པཱི་གཉིས་པ་བྱས།
གུ་ཎའོ། །པེ་པཱི་ཡ་ཏེའོ། །པྱ་ལ་པ་རོ་ཀྵཱ་ཨེ་སྦྱར་བས་སྱས་པའི་ཐོབ། གོང་དུ་ཨ་དང་པཱི་གཉིས་པ་ལ། ཨིས་ཡ་ཐོབ་སྟེ། ཨེ་དང་སྦྱར། ཨཱ་པཱི་ཕྱེའོ། །ཤྭ་ཡ་ཏེརྦཱ། ཊུ་ཨོ་ཤྭི་ནི་འགྲོ་བ་དང་འཕེལ་བ་སྟེ་འདིའི་ཕ་རོལ་ན་ཙེ་ཀྲཱི་ཡི་ཏ་དང་། པ་རོ་ཀྵཱ་དག་ཡོད་ན་སཾ་པྲ་སཱ་ར་ཎར་འགྱུར་
བར་རུང་སྟེ། ཤྭ་ལ་སྦྱར་བས། ཝས་ཨུ་ཐོབ། གོང་དུ་ཤུ་གཉིས་པ་བྱས། ཏེ་གུ་ཎའོ། །ཤོ་ཤུ་ཡ་ཏེའོ། །ཡང་ན་རྣལ་མའོ། །ཤྭ་ལ་པ་རོ་ཀྵཱ་ཨཊ་སྦྱར་བས། ཝས་ཨུ་ཐོབ། གོང་དུ་ཤུ་གཉིས་པ་བྱས། ཨུས་ཨུ་ཐོབ། ཨོ་ཨ་ཝ། ཝ་དང་ཨ་སྦྱར། ཤུ་ཤྭ་ཝའོ། །ཡང་
ན་རྣལ་མའོ། །ཀཱ་རི་ཏེ་ཙ་སཤྩ་ཎཿའོ། །ཤྭི་ཡ་ཏེ་སཾ་པྲ་སཱ་ར་ཎར་འགྱུར་བ་སྟེ། སན་ཕ་རོལ་ན་ཡོད་པ་དང་། ཙཎ་ཕ་རོལ་ན་ཡོད་པ་དང་། ཀཱ་རི་ཏ་ཕ་རོལ་ན་ཡོད་ན་ཡང་ངོ་། །ཤྭིའི་མཐར་སན་སྦྱར་བས་བར་དུ་ཨིན། ཝ་ཨུ། ཤུ་གཉིས་པ་བྱ་སྟེ། ཨུས་ཨོ། ཨོ་ཨཝ། ཝ་དང་
ཨི་སྦྱར། གུ་ཎ་ཨེ་ཨ་ཡ། ཡ་དང་ཨི་སྦྱར། སན་གྱི་སས་ཥ་ཐོབ། ཤུ་ཤ་ཝ་ཡི་ཥ་ཏིའོ། །ཡང་ན་ཝས་ཨུ་མ་ཐོབ་པར་རྣལ་མའོ། །ཤྭི་ལ་ཨིན་དང་ཙན་སྦྱར། ཝས་ཨུ་ཐོབ་ཤུ་གཉིས་པ་བྱས། དི་སྦྱར་བས་གོང་དུ་ཨ་སྦྱར། ཨུས་ཨོ་ཐོབ་པ་ལ་སོགས་པའོ། །ཨ་
Vol. 195 · folio 52b
ཤུ་ཤ་བ་ཏའོ། །ཡང་ན་རྣལ་མའོ། །ཧྭ་ཡ་ཏེ་རྣི་ཏྱ་མའོ། །ཧྭེ་ཉ་ནི་འགྲན་པ་ཞེས་བྱ་བ་སྟེ། འདི་ནི་རྟག་ཏུ་སཾ་པྲ་སཱ་ར་ཎ་ར་འགྱུར་བ་སྟེ། ཕ་རོལ་ན་སན་དང་། ཙཎ་དང་། ཀཱ་རི་ཏ་ཡོད་ནའོ། །ཧྭ་ལ་ཨིན་དང་ཡན་སྦྱར། བས་ཨུ་ཐོབ། ཧུ་གཉིས་པ་བྱས། ཧས་ཛ་ཐོབ། ཨུས་ཨོ་
ཐོབ། ཨོ་ཨཝ། ཝ་དང་ཨིཊ་སྦྱར། གུ་ཎ་ཨེ་ཨཡ། ཡ་དང་ཨི་སྦྱར། ཛུ་ཧཱ་བ་ཡི་ཥ་ཏིའོ། །ཧྭ་ལ་ཨིན་དང་ཙན་སྦྱར་བས། ཝས་ཨུ་ཐོབ། ཧུ་གཉིས་པ་བྱས་པ་ལ་སོགས་པ་དང་། དི་སྦྱར་བས་ཨ་གོང་དུ་སྦྱར། ཨ་ཛུ་ཧ་ཝཏའོ་ཨ་བྷྱ་སྟ་སྱ་ཙ། ཧྭ་ཡ་ཏེའི་ཨ་བྷྱ་སྟ་
སཾ་པྲ་སཱ་ར་ཎར་འགྱུར་བ་སྟེ། ཧྭ་ལ་ཨཊ་སྦྱར་བས། ཨ་བྷྱཱ་ས་དང་། དྷཱ་ཏུ་གཉིས་ཀའི་ཝས། ཨུ་ཐོབ་པོ། །ཛུ་ཧ་ཝའོ། །དྱུ་ཏི་སྭཱ་པྱོ་ར་བྷྱ་ས་སྱ། དྱུ་ཏ་ནི་འབར་བ་དང་། སྲ་པེ་ཨེའི་མཐའ་ཅན་གྱི་ཨ་བྷྱཱ་ས་དེ་སམ་པྲ་སཱ་ར་ཎར་འགྱུར་བ་སྟེ། དྱུ་ཏ་ལ་པ་རོ་ཀྵ་ཨེ་ཡོད་པས། དྱུ་
གཉིས་པ་བྱས། ཨུས་ཨི་ཐོབ། ཏ་དང་ཨེ་སྦྱར་རོ། །དེ་དྱུ་ཏེའོ། །ཥྭ་པ་ལ་སན་དང་ཨིན་སྦྱར་བས་ཥྭ་གཉིས་པ་བྱ་སྟེ། ཝས་ཨུ་ཐོབ་པའོ། །སུ་ཥྭ་པ་ཡི་ཥ་ཏིའོ། །ན་སམ་པྲ་སཱ་ར་ཎེ་སམ་པྲ་སཱ་ར་ཎམ། སམ་པྲ་སཱ་ར་ཎ་བྱས་པ་ལ་ཡང་སམ་པྲ་སཱ་ར་ཎ་འབྱུང་བར་མི་འགྱུར་ཏེ།
བྱ་དྷ་ལ་ཡན་སྦྱར་བས་བྱའི་ཡས་ཨི་ཐོབ། བས་སམ་པྲ་སཱ་ར་ཎ་ཨུ་མི་ཐོབ་པའོ། །བི་དྷྱ་ཏེའོ། །བྱ་དྷ་ནི་གཟུགས་སོ། །བ་ཤེ་ཤྩེ་ཀྲཱི་ཡི་ཏེ། ཝ་ཤ་ཡིད་དུ་འོང་བའམ། སྡུག་པ་སྟེ། ཕ་རོལ་ན་ཙེ་ཀྲཱི་ཡི་ཏེ་ཡོད་ན། སམ་པྲ་སཱ་ར་ཎར་མི་འགྱུར་བ་སྟེ། ཝ་ཤ་ལ་ཡ་སྦྱར་བས་གོང་
དུ་ཝ་གཉིས་པ་བྱ་སྟེ། ཝས་ཨུ་མ་ཐོབ་པའོ། །ཝ་ཝ་ཤྱ་ཏེའོ། །པྲཙྪ་དཱི་ནཱམ་པ་པ་རོ་ཀྵཱ་ཡཾ། པྲཙྪ་ཞེས་པ་འདྲི་བ་དང་། ཨོ་བྲ་ཤྩུ་ན་གཅོད་པ་སྟེ། བྷྲས་ཛ་ནི་འཚེད་བའོ། །འདི་རྣམས་ཀྱི་ཕ་རོལ་ན་རོ་ཀྵཱ་ཡོད་ན་སཾ་པྲ་སཱ་ར་ཎར་མི་འགྱུར་བ་སྟེ། པྲཙྪ་ལ་ཨ་ཏུས་སྦྱར་བས་པྲཙྪ་
གཉིས་པ་བྱ་སྟེ། རས་རྀ་མ་ཐོབ། པ་པྲཙྪ་ཏུཿའོ། །པཙྪ་ལ་ཨ་ཏུས་སྦྱར་བས་གོང་བཞིན། བ་བྲཙྪ་ཏུཿའོ། །བྷས་ཛ་ལ་ཨ་ཏུས་སྦྱར་བས་གོང་བཞིན། བ་བྷྲཛྫ་ཏུཿའོ། །སནྟྱ་ཀྵ་རནྟ་ནཱ་མཱ་ཀཱ་རོ་བི་ཀ་ར་ཎེ། འབྲེལ་བའི་ཡི་གེ་མཐའ་ཅན་གྱི་དྷཱ་ཏུ་རྣམས་ལ་ཨ་གཞག་པར་
Vol. 195 · folio 53a
འགྱུར་བ་སྟེ། རྣམ་པའི་ཡུལ་ལ་ནི་འབྱུང་བར་མི་འགྱུར་བའོ། །དེང་ལ་ཤྭ་སྟཱ་ནི་སྦྱར་བས་མདོ་འདིས་ཨེས་ཨ་ཐོབ་བོ། །དཱ་ཏཱའོ། །རྣམ་པ་མ་ཡིན་ཞེས་ཅིའི་ཕྱིར་སྨོས་ཤེ་ན། ཏྲཻ་ལ་ཨན་སྦྱར་བས། ཨ་ཡར་འགྱུར་ཏེ། ཨ་དང་ཏྲ་སྦྱར། ཡ་དང་ཨ་སྦྱར།
ཏྲ་ཡ་ཏེའོ། །ཏྲཻ་ནི་སྐྱོད་པའོ། །ན་བྷྱ་ཡ་ཏེཿ པ་རོ྅ཀྵཱ་ཡཱམ། བྱེཉ་ནི་ཀུན་དུ་སྦེད་པའོ། །འདིའི་ཕ་རོལ་ན་བ་རོ་ཀྵཱ་ཡོད་ན་ཨ་ཉིད་འབྱུང་བར་འགྱུར་བ་སྟེ། བྱེ་ལ་པ་རོ་ཀྵཱ་ཨཊ་སྦྱར་བས། བྱེ་གཉིས་པ་བྱ་སྟེ། ཡེས་ཨི་ཐོབ་པའོ། །བི་བྱཱ་ཡའོ། །མཱི་ནཱ་ཏི་མི་ནོ་ཏི་དཱི་རྣམས་ཀྱི་ཡོན་ཏན་
དང་འཕེལ་བའི་གནས་ལའོ། །མཱིཉ་ནི་འཚེ་བའོ། །ཌུ་མིཉ་ནི་རབ་ཏུ་འདོར་བའོ། །དཱིང་ནི་ཟད་པ་སྟེ། དེ་རྣམས་ཀྱི་ཨ་ཉིད་ཐོབ་པར་འགྱུར་བ་སྟེ། གུ་ཎ་དང་འཕེལ་བའི་གནས་ཀྱི་རྐྱེན་ཕ་རོལ་ན་ཡོད་ནའོ། །མཱི་ལ་ཤྭ་སྟ་ནི་ཏཱ་སྦྱར་བས། ཨི་ཨཱ་ཐོབ། མཱ་ཏའོ། །མཱི་ཀ་ལ་ཏ་སྦྱར་
བས་གོང་བཞིན། པྲ་མཱ་ཏཱའོ། །དཱི་ལ་ཏ་སྦྱར་བས་གོང་བཞིན་དཱ་ཏའོ། །མི་ཉ་ལ་ཨིན་སྦྱར་བས། ཨིས་ཨཱ་ཐོབ། ཨསྟི་རྒྷི་སླྀའི་མདོས་བར་དུ་ས་འབྱུང་། ས་དང་ཨི་སྦྱར། གུ་ན། ཨེ་ཨ་ཡ་ཡ་དང་ཨཱན་གྱི་ཨ་སྦྱར་རོ། །མཱ་ཡ་ས་ཏིའོ། །མི་ལ་པྲ་གོང་དུ་སྦྱར། ཨིན་སྦྱར་བ་ལ་
སོགས་གོང་བཞིན། པྲ་མཱ་པ་ཡ་ཏིའོ། །དིང་ལ་ཨིན་སྦྱར་བ་གོང་བཞིན་དཱ་ཡ་ཏིའོ། །ས་ནི་ཙ་དཱི་དཿདཱིང་ཀྵ་ཡ་ཞེས་བྱ་བ་འདིའི་ཕ་རོལ་ན་སན་ཡོད་ན་ཨཱ་ཉིད་འབྱུང་བར་འགྱུར་བ་སྟེ། དཱིང་ལ་སན་སྦྱར་བས་དིང་གཉིས་པ་བྱས། མདོ་འདིས་ཨིས་ཨཱ་ཐོབ། སན་ནི་བརྞ་སྱའི་མདོས་
དཱ་གོང་མས་ཨི་ཐོབ། ཨུ་པ་དི་དཱ་ས་ཏེའོ། །སྨི་ཛི་ཀྲི་ཌང་མིང་མི་ནི། ཥྨིང་ནི་ཅུང་ཟད་དགོད་པའོ། །ཛི་ནི་རྒྱལ་བའོ། །ཌུ་ཀྲཱིཉ་ནི་ཛས་འཚོང་བའོ། །ཨི་ནི་ཁ་ཏོན་འདོན་པའོ། །འདི་རྣམས་ཀྱི་ཕ་རོལ་ན་ཨིན་ཡོད་ན་ཨཱ་ཉིད་འབྱུང་བ་སྟེ། བི་སྨིང་ལ་ཨན་སྦྱར་བས་ཨིས་ཨཱ་ཐོབ། བར་
དུ་བ་ཐོབ་སྟེ། ཨི་དང་སྦྱར། གུ་ན་ཡ་ཨེ་ཨ་ཡ། ཡ་དང་ཨན་གྱི་ཨ་སྦྱར། བི་སྨྲ་བ་ཡ་ཏིའོ། །ཛི་ལ་ཨིན་སྦྱར། བས་གོང་བཞིན། བི་ཛཱ་པ་ཡ་ཏིའོ། །ཀྲཱི་ལ་ཨིན་སྦྱར་བས་གོང་མ་བཞིན། བི་ཀྲཱ་པ་ཡ་ཏིའི། ཨིང་ལ་ཨིན་སྦྱར། གོང་དུ་ཨ་དྷི་སྦྱར། ཨིང་གིས་ཨཱ་
Vol. 195 · folio 53b
ཐོབ། དྷིའི་ཨི་ཡར་གྱུར་པ་དང་སྦྱར་བ་སོགས་གོང་བཞིན་ནོ། །ཨ་དྷྱ་པ་ཡ་ཏིའོ། །བི་ནི་འགྲོ་བ་དང་རྙེད་པ་དག་གོ། །ལིང་ནི་འབྱར་བའོ། །ཉི་བྷི་ནི་འཇིགས་པའོ། །འདི་རྣམས་ཀྱི་ཕ་རོལ་ན་ཨིན་ཡོད་ན་ཨཱ་ཉིད་ཐོབ་པར་ཡང་གསུངས་ཏེ། བཱི་ལ་ཨིན་སྦྱར་བས་ཨིས་ཨཱ་ཐོབ།
ཨིན་དང་སྦྱར། གུ་ཎ་ཨེ་ཨ་ཡ། ཡ་དང་ཨན་གྱི་ཨ་སྦྱར། བཱ་པ་ཡ་ཏིའོ། །ལིང་ལ་ཡིན་སྦྱར་བས་གོང་བཞིན། བཱི་ལཱ་པ་ཡ་ཏིའོ། །བྷྲི་ལ་ཡིན་སྦྱར་བས་གོང་བཞིན། བྷྲ་བ་ཡ་ཏེའོ། །ཡང་ན་ཕྱོགས་གཅིག་ལ་ཨིན་སྦྱར་བས། གུ་ཎ་ཨེ་ཨཡ། ཡ་དང་ཨན་སྦྱར་རོ། །པཀྵ་
བཱ་ཡ་ཡ་ཏིའོ། །ལཱིང་ལ་ཨིན་སྦྱར་བས་གོང་བཞིན། བི་ལཱ་ཡ་ཡ་ཏིའོ། །བྷི་ལཱ་ཨིན་སྦྱར་བས། བྷེ་ཨ་ཤོག་གི་མདོས་པར་དུ་ཤ་འབྱུང་སྟེ། གོང་མ་བཞིན། བྷཱི་ཥ་ཡ་ཏེའོ། །སི་དྷ་ནི་ཡང་དག་པར་སྒྲུབ་པའི་དྷཱ་ཏུ་འདིའི་ཨེས་ཨཱ་ཉིད་ཐོབ་པར་ཡང་གསུངས་ཏེ། བཱི་ལ་ཨིན་སྦྱར་
བས། ཨིས་ཨཱ་ཐོབ། བར་དུ་པ་ཐོབ། ཨིན་དང་སྦྱར་གུ་ཎ་ཨེ་ཨཡ། ཡ་དང་ཨན་གྱི་ཨ་སྦྱར། བཱ་པ་ཡ་ཏིའོ། །ལཱིང་ལ་ཡིན་སྦྱར་བས་གོང་བཞིན། བི་ལཱ་པ་ཡ་ཏིའོ། །བྷཱི་ལཱ་ཡིན་སྦྱར་བས་གོང་བཞིན། བྷཱ་བ་ཡ་ཏེའོ། །ཡང་ན་ཕྱོགས་གཅིག་ལ་ཨིན་སྦྱར་བས། གུ་ཎ་
ཨེ་ཨཡ། ཡ་དང་ཨན་སྦྱར་རོ། །པཀྵ་བཱ་ཡ་ཡ་ཏིའི། ལཱིང་ལ་ཨིན་སྦྱར་བས་གོང་བཞིན། བཱི་ལཱ་ཡ་ཡ་ཏིའོ། །བྷྲི་ལ་ཨིན་སྦྱར་བས། བྷེ་ཨ་ཤོག་གི་མདོས་པར་དུ་ཥ་འབྱུང་སྟེ། གོང་མ་བཞིན། བྷྲི་ཥ་ཡ་ཏེའོ། །སི་དྷཱ་ནི་ཡང་དག་པར་བསྒྲུབས་པའི་དྷཱ་ཏུ་འདིའི་ཨེས་ཨ་
ཉིད་ཐོབ་པར་གསུངས་ཏེ། འཇིག་རྟེན་ཕ་རོལ་མ་ཡིན་པའི་དོན་ལའོ། །པཱ་ཡ་སཾ་སཱ་དྷ་ཡརྟི། འོ་མའི་ཐུག་པ་བྱེད་པ། སི་དྷུ་ལ་ཨིན་སྦྱར་བས་སའི། ཨིས་ཨཱ་ཐོབ། དྷ་དང་ཨི་སྦྱར། གུ་ཎ་ཨེ་ཨཡ། ཡ་དང་ཨན་གྱི་ཨ་སྦྱར། སཱ་དྷཱ་ཡ་ཏི་བྷཀྟུ་མའོ། །འཇིག་རྟེན་
ཕ་རོལ་མ་ཡིན་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། པཱ་ཡ་སཾ། འོ་ཐུག་སི་དྷ་ལ་ཨིན་སྦྱར། ཡང་ཨ་མ་ཐོབ་སྟེ་གུ་ཎའོ། །སེ་དྷ་ཡ་ཏིའོ། །དྭ་སུཾ་སྦྱིན་པ་ནི་ཕ་རོལ་གྱི་དོན་ནོ། །སྲྀ་ཛི་དྲྀ་ཤོ་རཱ་ག་མོ་ཀཱ་རསྶྭ་རཱརྦ་རོ་དྷུ་ཊི་གུ་ཎ་བྲྀ་དྷིསྠཱ་ནེ། སྲྀ་ཛ་ནི་རྣམ་པར་གཏོང་བའོ། །དྲྀ་ཤིར་ནི་ལྟ་བའོ། །
Vol. 195 · folio 54a
དེ་དག་གི་དབྱངས་ཀྱི་ཕ་རོལ་དུ་ཨ་ཐོབ་པར་འགྱུར་བ་སྟེ། གུ་ཎ་དང་བྲྀ་དྷའི་གནས་ཀྱི་དྷུ་ཊི་ཕ་རོལ་ན་ཡོད་ནའོ། །སྲྀ་ཛ་ལ་ཤྭ་ནི་ཏཱ་སྦྱར་བས་མདོ་འདིས་ཨཱ་ཐོབ་པ་སྟེ། རམ་སྲི་བརྞའོ། །ཛས་ཥ་ཐོབ། ཏས་ཊ་ཐོབ་པོ། །སྲིཥྚོ། དྲྀ་ཤི་ལ་ཏཱ་སྦྱར་བ་
གོང་མ་བཞིན། དྲཥྚའོ། །སྲྀ་ཛ་ལ་ཧྱ་སྟ་ནཱི་དི་སྦྱར་བས་གོང་དུ་འབྱུང་། མདོ་འདིས་བར་དུ་ཨ་ཐོབ་སྟེ། རཾ་རྀ་བརྞས་སི་ཙ་དང་ཨི་སྦྱར་བས་ཨ་བསྲིངས་པའོ། །ཨ་སྲཱཀྵི་ཏིའོ། །དྲྀ་ཤི་ལ་དི་སྦྱོར་ཏེ་གོང་མ་བཞིན། ཨ་དྲཱཀྵི་ཏའོ། །དཱི་དེ྅ནྟོ་ཡ་ཀཿ སྭ་རཱ་དཱ་བ་གུ་ཎེ། དཱིང་ཀྵ་
ཡ་ཞེས་པ་འདིའི་ཕ་རོལ་དབྱངས་ཐོག་མ་ན་ཡོད་པའི་གུ་ན་ཡོད་ན་ཡ་ཐོབ། དི་ལ་ཨུ་པ་གོང་དུ་སྦྱར། མཐར་ཨེ་སྦྱར་བས་དི་གཉིས་པ་བྱས། བར་དུ་ཡ་ཐོབ། ཨེ་སྦྱར། ཨུ་པ་དེ་དཱི་ཡེའོ། །ཨཱ་ལོ་བོ྅སཱརྦ་དྷ་ཏུ་ཀེ། དྷཱ་ཏུའི་ཨ་དབྱི་བར་བྱ་བ་སྟེ། དབྱངས་ཐོག་མ་ན་ཡོད་པའི་ཨ་
གུ་ཎེ་སཱརྦ་དྷཱ་ཏུ་ཀ་ཕ་རོལ་ན་ཡོད་ནའོ། །པཱ་ལ་ཨ་ཏུས་སྦྱར་བས། པཱ་གཉིས་པ་བྱ་སྟེ་བསྟུངས། མདོ་འདིས་པཱ་འོག་མའི་ཨཱ་ཕྱི་སྟེ། ཨ་ཏུས་ཀྱི་ཨ་དང་སྦྱར། བ་བ་ཏུའོ། །དཱ་ལ་ཨ་ཏུས་སྦྱར་བ་གོང་བཞིན། ད་ད་ཏུཿའོ། །ཨི་ཊི་ཙ། ཨའི་ཕ་རོལ་ན་ཨིཊ་ཡོད་ན་ཨཱ་དབྱི་བར་
བྱ་སྟེ། པཱ་ལ་ཐལ་སྦྱར། བར་དུ་ཨིཊ་སྦྱར་བས། གོང་དུ་པ་གཉིས་པ་བྱས། དེ་བསྟུངས། འོག་མའི་ཨ་ཕྱི། ཨི་དང་སྦྱར། པ་པི་ཐའོ། །དཱ་ལ་ཨིན་དང་ཐལ་སྦྱར་བ་གོང་བཞིན། ད་དི་ཐས་སོ། །དཱ་མཱ་གཱ་ཡ་ཏི་པི་བ་ཏིསྠཱི་སྱ་ཏི་ཛཱ་ཧཱ་དཱི་ནཱ་མཱི་ཀཱ་རོ་བྱཉྫ་ནཱ་དོ། །དཱའི་མིང་ཅན་རྣམས་མཱ་ནི་
འཇལ་བའོ། །གཽ་ནི་སྒྲའོ། །པཱ་ནི་བཏུང་བའོ། །ཥ་ནི་འགྲོ་བ་ལ་མི་འཇུག་པ་སྟེ། འདུག་པའོ། །ཥོ་ནི་ལས་ཀྱི་མཐའོ། །ཨོ་ཧཱཀ་ནི་གཏོང་བའོ། །དེ་རྣམས་ཀྱི་དྷཱ་ཏུ་ཨཱི་ཁོ་ན་ཐོབ་པར་འགྱུར་བ་སྟེ། ཕ་རོལ་ན་གསལ་བྱེད་ཐོག་མ་ན་ཡོད་པ་དང་། ཨ་གུ་ཎ་ཡོད་ནའོ། །དཱ་ལ་བརྟ་མཱ་ནཱ་
ཏི་དང་ཡན་སྦྱར་བས། དཱས་ཨཱི་ཐོབ་པའོ། །དཱི་ཡ་ཏེའོ། །དྷཱ་ལ་ཡང་གོང་བཞིན་དྷཱི་ཡ་ཏེའོ། །མཱ་ལ་ཡང་གོང་བཞིན་མི་ཡ་ཏེའོ། །གཻ་ལ་ཡང་གོང་བཞིན། གཱི་ཡ་ཏེའོ། །པཱ་ལ་ཡང་གོང་བཞིན། པཱི་ཡ་ཏེའོ། །སྠཱ་ལ་ཡང་གོང་བཞིན། སྠཱི་ཡ་ཏེའོ། །ཥོ་ལ་ཡང་གོང་དུ་ཨ་ཝ་སྦྱར།
Vol. 195 · folio 54b
མཐར་ཡན་སྦྱར་བས། ཨཱི་ཐོབ་ཥས་སའོ། །ཨཱ་བ་སཱི་ཡ་ཏེའོ། །ཧཱ་ལ་ཡང་གོང་བཞིན། ཧཱི་ཡ་ཏེའོ། །ཨཱ་ཤིཥྱེ་ཀཱ་རཿ། མདོ་གོང་མར་སྨོས་པའི་དྷཱ་ཏུ་རྣམས་ཀྱི་ཕ་རོལ་ན་ཨ་ཤཱིཥ་ཨ་གུ་ཎ་ཡོད་ན་ཨེ་འབྱུང་བར་འགྱུར་བ་སྟེ། དཱ་ལ་ཨ་ཤྲཱི་ཥཱ་ཡཏ་སྦྱར་བས་མདོ་འདིས་དཱས་ཨེ་ཐོབ་
པའོ། །དེ་ཡཱཏའོ། །མཱ་ལ་ཡཱཏ་སྦྱར་བས་དཱས་ཨེ་ཐོབ། མེ་ཡཱཏའོ། །གཻ་ལ་ཡཱཏ་སྦྱར་བས། གཻས་ཨེ་ཐོབ་པའོ། །གེ་ཡཱཏའོ། །པཱ་ལ་ཡཱཏ་སྦྱར་བས། པཱས་ཨེ་ཐོབ། པེ་ཡཱཏའོ། །སྠཱ་ལ་ཡང་སྦྱར་བས། སྠཱས་ཨེ་ཐོབ་པའོ། །སྠེ་ཡཱཏའོ། །ཥོ་ལ་གོང་དུ་ཨ་ཝ་སྦྱར། ཥོས་
ཨ་ཐོབ་བོ། །ཨ་ཝ་སེ་ཡཱཏའོ། །ཧ་ལ་ཡཱཏ་སྦྱར་བས་ཨེ་ཐོབ། ཧ་ཡཱཏའོ།། །།ཨ་ན་ཨུསྶི་ཛ་བྷྱསྟ་བི་དཱ་དེ་བྷྱོ་བྷུ་བཿསི་ཙ་དང་ཨ་བྷྱསྟ་དང་། བི་དེ་དང་། ཨཱའི་མཐའ་ཅན་གྱི་ཕ་རོལ་གྱི་ཨན་ལ་ཨུས་གཞག་པར་འགྱུར་བ་སྟེ། བྷུ་ཞེས་པ་འདིའི་ཕ་རོལ་ཏུ་ནི་འབྱུང་བ་མ་ཡིན་ནོ། །སི་
ཙའི་དཔེ་ནི། ཀྲྀ་ལ་ཨན་དང་། བར་དུ་སི་ཙ་སྦྱར་བས། གོང་དུ་ཨ་སྦྱར། ཨན་ཨུ་ཐོབ། རྀ་ཨར་དུ་འཕེལ། སས་ཥ་ཐོབ་པ་དང་སྦྱར་རོ། །ཨ་ཀཱཪྵུཿའོ། །ཨ་བྷྱསྟའི་དཔེ་ནི། ནི་ཛེར་ལ་ཨན་སྦྱར་བས། གོང་དུ་ཨ་དང་ནི་གཉིས་པ་བྱ་སྟེ་གུ་ཎ་ཨན་གྱིས་ཨུས་ཐོབ་བོ། །ཨ་ནེ་
ནི་ཛུཿའོ། །བི་དེའི་དཔེ་ནི། བི་དུ་ལ་ཨན་སྦྱར་བས་ཨན་གྱིས་ཨུ་ཐོབ། ཨ་བི་དུའོ། །ཨཱའི་མཐའ་ཅན་གྱི་དཔེ་ནི། ཡཱ་ལ་ཨུས་སྦྱར་བས་གོང་བཞིན་ནོ། །ཨ་ཡུཿའོ། །ཡཱ་ནི་ཐོབ་པའོ། །བྷུ་མ་ཡིན་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། བྷཱ་ལ་ཨན་སྦྱར་བས། གོང་དུ་ཨ་སྦྱར།
བྷུ་བྷོ་བོན་ཏས་བར་དུ་ཝ་ཐོབ་སྟེ། ཨ་དང་སྦྱར་རོ། །ཨཱ་བྷུ་ཝནའོ།། །།ཨི་ཙ་ཏ་ལོ་པ། ཨི་ཙའི་ཕ་རོལ་གྱི་རྐྱེན་གྱི་ཏ་དབྱི་བར་བྱ་བ་སྟེ། ཀྲཱི་ལ་ཨཱ་རྱ་ཏ་ནཱི་དི་སྦྱར་བས་གོང་དུ་ཨ་སྦྱར། བར་དུ་ཨི་ཙ་སྦྱར། ཙི་ཕྱི་རྀ་ཨར་དུ་གྱུར་པ་དང་། ཨ་དང་ཀ་སྦྱར། ར་དང་ཨི་སྦྱར། ཨ་ཀཱ་རིའོ། །
ཧྲི་ལ་ཏ་དང་ཨི་ཙ་སྦྱར་བ་གོང་བཞིན། ཨ་ཧཱ་རིའོ། །ཌུ་ཀྲཱིཉ་ནི་བྱེད་པའོ། །ཧྲིཉ་ནི་འཕྲོག་པའོ། །ཧེ་ར་ཀཱ་རཱ་ད་ཧནྟེ། ཨ་ལས་ཕ་རོལ་གྱི་ཨི་ཕྱི་བར་བྱ་སྟེ། ཧན་ཏེའི་ཕ་རོལ་གྱི་ནི་མ་ཡིན་ནོ། །པ་ཙ་ལ་ཧི་སྦྱར་བ་ཕྱི། ཨན་སྦྱར། ཙ་དང་ཨ་སྦྱར་རོ། །པ་ཙའོ། །པ་ཋ་ལ་ཧི་སྦྱར་བ་གོང་
Vol. 195 · folio 55a
བཞིན། པ་ཋའོ། །ཧན་ཏེ་བ་ཡིན་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། ཧན་ཏེ་ལ་ཧི་སྦྱར་བས། ཧན་ཏེ་ཛ་ཧཽའི་མདོས་ཅན་གྱི་ཛ་ཐོབ། ཛ་ཧིའོ། །ཧ་ན་ནི་འཚེ་བ་དང་འགྲོ་བའོ། །ནོ་ཤྩ་བི་ཀཱ་ར་ཎཱ་དཱ་སཾ་ཡོ་གཱ་ཏ། མི་ལྡན་པའི་ནའི་རྣམ་པ་ལས་ཕ་རོལ་གྱི་ཧི་དབྱི་བར་བྱ་སྟེ། སུ་
ནུའི་ན་ནི་ལྡན་པ་མ་ཡིན་ཞིང་། དྷཱ་ཏུ་མ་ཡིན་པས་ཧི་ཕྱིའོ། །སུ་ནུའོ། །ཙི་ནུ་སི་ཧི་ཡང་ཕྱིའོ། །ཥུཉ་ནི་མངོན་པར་འབྲེལ་པའོ། །ཙིཧ་ནི་བསགས་པའོ། །མི་ལྡན་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། ཤཀྣུ་ནི་ལྡན་པ་ཡིན་པས་ཧི་མ་ཕྱི་བའོ། །ཤཀྣུ་ཧིའོ། །ཨུ་ཀཱ་རཱ་ཤྩ། ཨུའི་རྣམ་པ་ལས་ཕ་རོལ་གྱི་
ཧི་དབྱི་བར་བྱ་སྟེ། ཏ་ནུའི་ཕ་རོལ་ཀྱི་ཧི་ཕྱིས་སོ། །ཏ་ནུའོ། །ཏ་ནུ་རྒྱས་པའོ། །ཨུ་ཀཱ་རཱ་ལོ་པོ་བ་མོརྦ། མི་ལྡན་པའི་ཨུའི་ཕ་རོལ་ན་ཝ་དང་མ་དག་ཡོད་ན་ཨུ་ཕྱི་བར་འགྱུར་བ་སྟེ། ས་ནུའི་ཕ་རོལ་ན་ཝས་ཡོད་པས་ཨུ་ཕྱི་བ་དང་སྦྱར་རོ། །སུ་ནྭའོ། །སུ་ནུའི་ཕ་རོལ་ན་མ་ཡོད་པས་གོང་
བཞིན། སནྨའོ། །ཡང་ན་ཝས་ཡོད་ཀྱང་ཨུམ་ཕྱི་བས་སོ། །ཡང་ན་མས་ཡོད་ཀྱང་ཨུ་མ་ཕྱི་བའོ། །ཅིའི་ཕྱིར་ལྡན་པ་ཞེས་སྨོས་ཤེ་ན། ཤཀྣུའི་ཕ་རོལ་ན་ཝས་ཡོད་ཀྱང་ཀ་དང་ན་ལྡན་པས་ཨུ་མ་ཕྱི། ཤཀྣུ་བཿའོ། །ཀ་རོ་ཏེ་རྣཪྻི་མ། །ཌུ་ཀྲྀཉ་ནི་བྱེད་པའོ། །བྱེད་པ་ཞེས་པའི་ཕ་རོལ་
གྱི་ཨུ་རྟག་ཏུ་ཕྱི་བར་བྱ་བ་སྟེ། ཝས་ལས་ཕ་རོལ་ན་ཡོད་ནའོ། །ཀྲི་པྱལ་ཝས་སྦྱར་བས་བར་དུ་ཨུ་ཐོབ། རྀ་ཨར་དུ་གྱུར། ཨ་ཨུར་གྱུར་ཏེ། ཏ་ན་དེ་རུའི་ཨུ་ཕྱིའི། །ཀུཪྺཿའོ། །ཀྲི་ལ་མས་སྦྱར་བས་གོང་བཞིན། ཀུརྨཿའོ། །སཔྟ་མྱ་ཡེ་ཙ། ཨའི་ཕ་རོལ་གྱི་ཨུ་ཕྱི་བར་བྱ་བ་སྟེ།
ཕ་རོལ་ན་བདུན་པའི་ཡཱ་ཡོད་ནའོ། །ཀྲི་ལ་ཡཱད་སྦྱར། བར་དུ་ཏ་ན་དེ་རུས་ཨུ་ཐོབ། རྀ་ཨར་དུ་གྱུར། ཨས་ཨུ་ཐོབ། ཕ་རོལ་གྱི་ཨུ་ཕྱི། ཨུ་དང་ཀ་སྦྱར། ར་དང་ཡཱད་སྦྱར། ཀུར་ཡཱཏའོ། །ཀྲི་ལ་ཡཱ་ཏཱམ་སྦྱར་བས་གོང་བཞིན། ཀུཊྭཱ་ཏཱམའོ། །ཀྲི་ལ་ཡུས་སྦྱར་བས་གོང་བཞིན། །
ཀུདྨ་འོ། །ཡེ་ཙ་ཨ་སྱོ་ཀཱ་རསྶཱཪྺ་དྷཱ་ཏུ་ཀེ་གུ་ཎེ། བྱེད་པའི་ཨའི་ཕ་རོལ་ན་གུ་ཎ་མ་ཡིན་པའི་སརླྦ་ཇོ་ཏུ་ཀེ་ཡོད་ན་ཨུ་ཉིད་ཐོབ་པར་འགྱུར་བ་སྟེ། ཀྲི་ལ་ཏས་སྦྱར་བས། ཏ་ན་དེ་རུའི་མདོས། བར་དུ་ཨུ། རྀ་ཨཱར་དུ་འཕེལ། ཨཱས་ཨུ་ཐོབ། ཀུ་རུ་ཏཿའོ། །ཀྲྀ་ལ་ཨན་ཏི་སྦྱར་བས། །
Vol. 195 · folio 55b
བར་དུ་ཨུ་འབྱུང་། རྀ་ཨར་དུ་འཕེལ། ཨུས་ཝ་ཐོབ། ཨས་ཨུ་ཐོབ་སྟེ་སྦྱར། ཀུཪྺནྟིའོ། །རུ་དྷཱ་དེཪྺི་ཀ་ར་ཎཱ་ཏ་སྱ་ལོ་བཿརུ་དྷ་ལ་སོགས་པའི་རྣམ་པ་འགྱུར་བའི་མཐའ་དབྱི་བར་འགྱུར་བ་སྟེ། གུ་ཎ་མ་ཡིན་པའི་སཪྺ་དྷཱ་ཏུ་ཀེ་ཕ་རོལ་ན་ཡོད་ནའོ། །རུ་དིར་ཏས་སྦྱར་བས་སྭ་ར་དྷུ་ཏ་
ཏེའི་མདོས་བར་དུ་ན་ཐོབ། མདོ་འདིས་ནའི་ཨ་ཕྱིས། དྷུ་ཊམ་དྲི་ཏི་ཡས་དྷས་ད་ཐོབ། གྷ་དྷ་བི་བྷི་བྷྱའི་མདོས་ཏས་དྷ་ཐོབ། རུནྡྷཱཿའོ།། །།བྷི་དིར་ལ་ཏས་སྦྱར་བས་ཨིར་ཕྱི། བར་དུ་ན་ཐོབ། ནའི་ཨ་ཕྱི། ཨ་གྷོ་ཥེ་ཤྭ་ནི་ཏམ་གྱིས་དས་ཏ་ཐོབ་སྟེ་ཏ་དང་སྦྱར། བྷཱིནྟྟཿའོ། །ཚི་དིར་ལ་ཨན་ཏི་
སྦྱར་བས། ད་ས་ཏ་མ་ཐོབ། ཀི་ཕྱི་མ་གོང་བཞིན། ཚིནྡནྟིའོ། །རུ་དིར་ནི་སྒྲིབ་པའོ། །ཚི་དིར་ནི་རྣམ་པ་གཉིས་སུ་བྱེད་པའོ། །ཨ་སྟེ་རཱ་དེཿ། ཨས་བྷུ་ཡོད་པར་འདིའི་ཐོག་མ་ཕྱི་བར་འབྱུང་བ་སྟེ། སྡ་མ་བཞིན་དུ་ཕ་རོལ་ན་ཡོད་ནའོ། །ཨ་ས་ལ་ཨན་ཏི་སྦྱར་བས། མདོ་འདིས་ཨ་ཕྱི།
སནྟིའོ། །ཨས་ལ་ཡཱཏ་སྦྱར་བས་ཨ་ཕྱི། ཡ་དང་ས་སྦྱར་རོ། །སྱཱཏའོ། །གུ་ཎ་མ་ཡིན་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། ཨས་ལ་གུ་ཎི་ཏི་ཕ་རོལ་ན་ཡོད་པས་ཨ་མི་ཕྱིའོ། །ཨ་སྟིའོ།། །།ཨ་བྷྱ་ཏཱ་ནཱ་ཀཱ་ར་སྱ། ཨ་བྷྱ་སྟ་རྣམས་ཀྱི་ཨ་དེ་ཕྱི་བར་བྱ་བ་སྟེ། སྔ་མ་བཞིན་ཕ་རོལ་ན་ཡོད་ནའོ། །དཱ་ལ་
ཨན་ཏི་སྦྱར། བར་དུ་ཨན་སྦྱར་ཏེ་ཛུ་ཧུ་ཏེ་སོགས་ཀྱིས་ཕྱིས། དེ་ཉིད་ཀྱིས་དཱ་གཉིས་པ་བྱ་སྟེ། དང་པོའི་དཱའི་ཨཱ་ཕྱི་སྟེ། ཧྲ་སྭའི་མདོས་ད་གོང་མ་བསྟུངས། ཨ་ལོ་པོ་ཨ་བྷྱ་ཏའི་མདོས་ན་ཕྱི། ད་ད་ཏིའོ། །དྷཱ་ལ་ཨན་ཏི་དང་ཨན་སྦྱར་བས་གོང་བཞིན་དཱི་ཏཱི་ཡ་ཙ་ཏུརྠའི་མདོས། དྷས་ད་ཐོབ། ད་དྷ་ཏིའོ། །དཱ་ལ་
ཡཱད་སྦྱར་བ་དང་། ཨན་སྦྱར་བ་ལ་སོགས་གོང་བཞིན། ད་དྱཱ་ཏིའོ། །ཌུ་དཱཉ་ནི་སྦྱིན་པའོ། །ཌུ་དྷཱཉ་ནི་སྦྱིན་པ་དང་འཛིན་པ་དག་གོ། །ཀྲཱི་དཱི་ནཱཾ་བི་ཀཱ་ར་ཎ་སྱ། ཀྲཱི་ལ་སོགས་པའི་དྷཱ་ཏུ་རྣམས་ཀྱི་རྣམ་པར་འགྱུར་བའི་ཨ་ཕྱི་བར་འབྱུང་བ་སྟེ། སྔ་མ་བཞིན་ཕ་རོལ་ན་ཡོད་ནའོ། །ཀྲཱི་ལ་ཨན་ཏི་
སྦྱར་བས་ནཱ་ཀྲི་ཡི་ཏ་དེའི་མདོས། བར་དུ་ནཱ་ཐོབ་སྟེ་མདོ་འདིས་ནཱའི་ཨ་ཕྱི་ནས་ཨ་དང་སྦྱར། ཀྲཱིཎནྟིའོ། །ཀྲཱི་ལ་ཨན་ཏི་སྦྱར་བས། བར་དུ་ནཱ་ཐོབ་སྟེ་གོང་བཞིན། བདག་གི་ཚིག་ཅན་ཡིན་པས་ཨནྟེའི་ན་ཕྱི། ཀྲཱིནྟེའོ། །ལཱུ་ལ་ཨན་ཏི་སྦྱར། བར་དུ་ན་ཐོབ། སྭ་ནི་ནམ་གྱི་མདོས་ལཱུ་
Vol. 195 · folio 56a
བསྟུངས། ནའི་ཨཱ་ཕྱི། ལཱུ་ན་ནནྟིའོ། །ཌུ་ཀྲི་ཉ་ནི་རྫས་བརྗེ་བའོ། །ལཱུཉ་ནི་གཅོད་པའོ། །ཨུ་བྷ་ཡེ་ཥཱ་མཱི་ཀཱ་རོ་བྱཉྩ་ནཱ་དྟཝ་དཿ ཨ་བྷྱ་སྟ་རྣམས་དང་། ཀྲཱི་ལ་སོགས་པ་རྣམ་པ་འགྱུར་བ་རྣམས་ཀྱི་ཨཱ་ཨིར་འགྱུར་བ་སྟེ། ཨ་གུ་ཎ་སཪྺ་དྷཱ་ཏུ་ཀེ་གསལ་བྱེད་
ཐོག་མ་ན་ཡོད་པ་ན་ཕ་རོལ་ན་ཡོད་ནའོ། །དའི་མིང་ཅན་ནི་མ་གཏོགས་པའོ། །མཱ་ལ་ཝརྟ་མཱ་ན་ཏེ་སྦྱར་ནས། བར་དུ་ཨན་སྦྱར་ཏེ་ཕྱི། དེ་ཉིད་ཀྱི་མ་གཉིས་པ་བྱས། བྲྀ་ཧང་མང་མིད་ཀྱི་མདོས་གོང་མས་ཨི་ཐོབ། མདོ་འདིས་འོག་མས་ཨཱི་ཐོབ། མི་མཱི་ཏིའོ། །ཧཱ་ལ་ཏེ་དང་ཨན་སྦྱར་བས་
གོང་བཞིན། ཧོ་ཛའི་མདོས་ཧས་ཛ་ཐོབ། ཛི་ཧཱི་ཏེའོ། །ཀྲཱི་ལ་སོགས་པ་རྣམ་པའི་འགྱུར་བ་རྣམས། ལཱུ་ལས་ཏེ། བར་དུ་ན། མདོ་འདིས་ནས་ཨི་ཐོབ། ལུ་བསྟུངས། ལུ་ནི་ཏེའོ། །ཅིའི་ཕྱིར་ད་མ་ཡིན་པ་ཞེས་སྨོས་ཤེ་ན། དཱ་ལ་ཏས་སྦྱར། བར་དུ་ཨན་སྦྱར། དཱ་གཉིས་པ་བྱ་སྟེ་
བསྟུངས། འོག་མའི་ཨཱ་ཕྱི། ཨ་གྷོ་ཥེ་ཤུའི་མདོས་དས་ཏ་ཐོབ་སྦྱར། ཨི་མ་ཐོབ་བོ། །དཏྟཿའོ། །ཨི་ཀཱ་རོ་ད་རི་དཱ་ཏེ། ད་རི་དྲཱ་དུརྒ་ཏི་ཞེས་པ་འདི་ལ་ཨི་འབྱུང་བར་འགྱུར་བ་སྟེ། གསལ་བྱེད་ཐོག་མ་ན་ཡོད་པའི་ཨ་གུ་ཎ་ཕ་རོལ་ན་ཡོད་ནའོ། །ད་རི་དྲཱ་ལ་དྲས་སྦྱར་བས་མདོ་འདིས་དྲ་མ་
ཐོབ་བོ། །ད་རི་དྲཱི་ཏཿའོ། །ད་རི་དྲཱ་ལ་མས་སྦྱུར་བས་གོང་བཞིན། ད་རི་དྲི་མཿ། ལོ་པསྶཔྟཱ་མྱཾ་ཛ་ཧཱ་དེའོ། །ཨུ་ཧཱ་ཀ་ནི་དོར་ཅིག་ཅེས་བྱ་བ་སྟེ། འདི་ལ་ཕ་རོལ་ན་བདུན་པ་ཡོད་ན་མཐའ་མ་ཕྱི་བར་འབྱུང་བ་སྟེ། ཧཱ་ལ་ཡཱཏ་སྦྱར། བར་དུ་ཨན་སྦྱར་ནས། ཕྱི་བས། ཧ་གཉིས་པ་ཐོབ་ཧས་
ཛའོ། །མདོ་འདིས་ཧའི་ཨ་ཕྱི་ནས་ཡ་དང་སྦྱར་རོ། །ཛ་ཧྱཱ་ཏའོ། །དྷུ་ཊི་ཧནྟེསྶཱཪྺ་དྷཱ་ཏུ་ཀེ། ཧ་ན་ནི་འཚེ་བ་དང་འགྲོ་བ་ཞེས་པ་སྟེ། འདིའི་ཕ་རོལ་ན་དྷུ་ཊི་ཐོག་མ་ན་ཡོད་པའི་ཨ་གུ་ཎ་སཪྺ་བྷཱ་ཏུ་ཀེ་ཡོད་ན། དེའི་མཐའ་མ་ཕྱི་བར་འབྱུང་བ་སྟེ། ཧ་ན་ལ་ཏས་སྦྱར་བས་མདོ་འདིས་ན་ཕྱི།
ཧཏཿའོ། །ཧ་ལ་ཐས་སྦྱར་ཏེ་གོང་མ་བཞིན། ཧ་ཐཿའོ། །ཤཱ་སེ་རི་དུ་པ་དྷཱ་ཡ་ཎ་བྱཉྫ་ན་ཡོཿ ཤཱ་སུ་ནི་རྗེས་སུ་བསྟན་པ་ཞེས་བྱ་བ་འདིའི་ཉེ་བའི་ཚིག་གིས་ཨི་ཐོབ་པར་འགྱུར་ཏེ་གནས་ནའོ། །ཕ་རོལ་ན་ཨན་དང་ཨ་གུ་ཎེ་གསལ་བྱེད་ཐོག་མ་ན་ཡོད་པ། ཤ་སུ་ལ་གོང་དུ་ཨ་ནུ་སྦྱར།
Vol. 195 · folio 56b
མཐར་དི་སྦྱར། ཨཊ་དྷཱ་ཏུ་ཨ་ཏིའི་མདོས། ཤའི། གོང་དུ་ཨ་ཐོབ་སྟེ། བ་མུ་བརྞའོ། །པུ་ན་དིའི་མདོས་དིའི་བར་དུ་ཨན་སྦྱར། ན་ཕྱི་མདོ་འདིས་ཤས་ཨི་ཐོབ། ཤ་སི་ཝ་སི་མདོས་སས་ཥ་ཐོབཱོ། །ཤཱ་སུ་ལ་ཀྟ་སྦྱར་ཏེ་ཀ་ཕྱི། ཨི་ཐོབ་པ་ལ་སོགས་པའོ། །
ཤིཥྚཿའོ། །ཧནྟེ་རྫ་ཧཽ། ཧ་ན་འཚེ་བ་དང་འགྲོ་བ་ཞེས་བྱ་བ་འདིའི་ཕ་རོལ་ན་ཧི་ཡོད་ན་ཐམས་ཅད་ལ་ཛ་གཞག་པའོ། །ཧ་ན་ལ་ཧི་སྦྱར་བས། མདོ་འདིས་ཛ་ཐོབ་པའོ། །ཛ་ཧིའོ། །ད་སྟྱོ་རེ་བྷྱ་ས་ལོ་པཤྩ། དཱའི་མིང་ཅན་རྣམས་དང་། དེ་བཞིན་དུ་ཨ་ས་བྷུ་མི་ཞེས་བྱ་བ་འདིའི་ཕ་རོལ་ན་ཧི་ཡོད་ན་
ཨེ་ཉིད་དུ་འབྱུང་བར་འགྱུར་ཞིང་། ཨ་བྷྱ་ས་ཡང་ཕྱིའོ། །ད་ལ་ཧི་སྦྱར། བར་དུ་ཨན་སྦྱར། ཕྱི། ད་གཉིས་པ་བྱས། མདོ་འདིས་དས་ཨེ་ཐོབ་པ་དང་གོང་མ་ཕྱིའོ། །དེ་ཧིའོ། །དྷ་ལ་ཧི་དང་ཨན་སྦྱར་བ་སོགས་གོང་བཞིན། དྷེ་ཏིའོ། །ཌུ་དཱ་ཀཱ་ནི་སྦྱིན་པའོ། །ཌུ་དྷཉ་ནི་སྦྱིན་པ་དང་འཆད་
བའོ། །ཨ་ས་བུ་བྷེ་ཏེ། དེའི་དཔེ་ནི། ཨ་ས་ལ་ཧི་སྦྱར་བས། སས་ཨེ་ཐོབ། ཨ་སྟི་རི་དེའི་མདོས་ཨ་ཕྱི། ཨ་སྟི་རི་དེ་ཧི་དྷེའི་མདོས་ཧིས་དྷི་ཐོབ་པའོ། །ཨེ་དྷིའོ། །ཨ་སྱེ་ཀ་བྱཉྫ་ན་མ་དྷྱེ་ནཱ་དེ་ཤཱ་དེ་རོཀྵཱ་ཡཾ། ལྡན་པ་མ་ཡིན་པའི་གསལ་བྱེད་གཉིས་ཀྱི་བར་གྱིས་ཨས་ཨེ་ཐོབ་པ་དང་།
ཨ་བྷྱཱ་ས་ཕྱི་བར་བྱ་བ་སྟེ། དྷཱ་ཏུ་དེ་ཐོག་མ་གཞག་པ་དང་འབྲེལ་པ་ནི། གང་དང་པོར་ཨ་དེ་ཤཱམ་བྱས་པ་ཞེས་པ་སྟེ། དེའི་ཕ་རོལ་ན་བ་རོཀྵཱ་ཨ་གུ་ཎ་ཡོད་པར་གྱུར་ནའོ། །པ་ཙ་ལ་ཨ་ཏུས་སྦྱར་བས། མདོ་འདིས་གཉིས་པ་བྱས། པས་ཨེ་ཐོབ། གོང་མ་ཕྱི། པེ་ཙ་ཏུཿའོ།། །།ཌུ་པ་
ཙ་ཥ་ནི་འཆེད་པའོ། །ད་མུ་ལ་ཨ་ཏུས་སྦྱར་གོང་བཞིན། དེ་མ་ཏུའོ། །དེ་ལ་ཨུས་སྦྱར་བས་དེ་མུའོ། །ད་མུ་ནི་ཉེ་བར་བཞི་པའོ། །ཐ་ལི་ཙ་སེ་ཊི། གང་གསལ་བྱེད་ལྡན་པ་མ་ཡིན་པ་དག་གིས་ཨ་དེས་ཨེ་ཐོབ་ཅིང་། ཨ་བྷྱཱ་ས་ཡང་ཕྱི་བ་སྟེ། དེ་ཡང་དེ་ཤ་ཐོག་མ་བྱས་པའི་དྷཱ་ཏུ་
དང་འབྲེལ་བ་ཡིན་ལ། ཨིཊ་དང་བཅས་པའི་ཐལ་ཕ་རོལ་ན་ཡོད་པར་གྱུར་ནའོ། །པ་ཙ་ལ་ཐལ་སྦྱར་བས་བར་དུ་ཀྲཱི་ཏི་བི་དྷིའི་མདོས་ཨིཊ་ཐོག་སྟེ། པ་གཉིས་པ་བྱས། མདོ་འདིས་ཨེ་ཐོབ་པ་དང་གོང་མ་ཕྱིས་སོ། །པེ་ཙི་ཐའོ། །ཤཀ་ལ་ཐལ་དང་ཨིཊ་གོང་བཞིན། ཤེ་ཀི་ཐའོ། །
Vol. 195 · folio 57a
ཏཱྀ་ཕ་ལ་བྷ་ཛ་དྲ་བ་ཤྲནྠི་གྲནྠི་དནྦྷི་ནཱཉ་ཙ། ཏྲཱི་ནི་རྐྱལ་བ་དང་རྒལ་བ་དག་གོ། །ཕ་ལ་ནི་རྫོགས་པའོ། །བྷ་ཛ་ནི་བསྟེན་པའོ། །དྲ་སུ་ཤ་ནི་ངོ་ཚར་ཤེས་པའོ། །ཤྲན་ཐ་དང་། གྲན་ཐ་ནི་གོང་ཡང་དག་པར་དགོད་པའོ། །དན་བྷུ་ནི་ངན་གཡོའོ། །དྷཱ་ཏུ་འདི་
རྣམས་ཀྱི་ཨ་ཨི་ཉིད་དུ་འགྱུར་བ་སྟེ། ཨ་བྷྱཱ་ས་ཡང་ཕྱི་བ་ནི་ཕ་རོལ་ན་པེ་རོ྅ཀྵ་ཨ་གུ་ཎ་རྣམས་དང་། ཨིཊ་དང་བཅས་པའི་ཐལ་ཡོད་ནའོ། །དྲི་ལ་ཨ་ཏུས་སྦྱར་བས། རི་ཨར་དུ་གྱུར་ཏེ་སྦྱར། གོང་དུ་ཏ་གཉིས་པ་བྱས། མདོ་འདིས་ཏས་ཨེ་ཐོབ་པ་དང་། གོང་མ་ཕྱི། ཏེར་ཏུཿའོ། །
ཕ་ལ་ལ་ཨ་ཏུས་སྦྱར་བས་གོང་བཞིན། ཕེལ་ཏུཿའོ། །བྷ་ཛ་ལ་ཨ་ཏུས་སྦྱར་བས་གོང་བཞིན། བྷེ་ཛ་ཏུཿའོ། །ཏྲ་པུ་ལ་ཨེ་སྦྱར་བས་གོང་བཞིན། ཏྲེ་པེའོ། །ཤྲནྠ་ལ་ཨ་ཏུས་སྦྱར་གོང་བཞིན། ཨ་གུ་ནེ་པ་རོ་ཀྵཱ་ནི་མདོས། ན་ཕྱི། ཤྲེ་ཐ་ཏུཿའོ། །གྲནྠ་ལ་ཨ་ཏུས་སྦྱར་བ་གོང་
བཞིན། གྲེ་ཐ་ཏུཿའོ། །དན་བྷི་ལ་ཨ་ཏུས་སྦྱར་གོང་བཞིན། དེ་བྷ་ཏུཿའོ། །ཏྲི་ཤ་ལ་ཐལ་དང་ཨིཊ་སྦྱར་བས། ཏྲི་གཉིས་པ་བྱས། འོག་མའི་ཏྲི་ཨར་དུ་གྱུར། མདོ་འདིས་ཏས་ཨེ་ཐོབ་པ་དང་གོང་མ་ཕྱིའོ། །ཏེ་རི་ཐའོ། །ཕ་ལ་ཨིཊ་དང་ཐལ་སྦྱར། ཕེ་ལི་ཐའོ། ཛྲྀཥ་ནི་ན་
ཚོད་འཇོམས་པའོ། །བྷྲ་མུ་ནི་གཡོ་བའོ། །ཏྲ་སི་ནི་སྐྲག་པར་འགྱུར་བའོ། །པ་ཎ་ནི་འགྲོ་བའོ། །ར་ཛྲི་ནི་འབར་བའོ། །བྷྲ་ཛྲི་ནི་འབར་བའོ། །བྷྲ་ཤྲི་དང་བྷྨ་ཤྲི་ནི་འབར་བོའོ། །སྱ་མུ་དང་། སྭ་ནུ་དག་ནི་སྒྲའོ། །འདི་རྣམས་ཀྱི་དྷཱ་ཏུའི་ཨས་ཨེ་ཉིད་ཐོབ་པ་དང་། ཨ་བྷྱཱ་ས་ཡང་དབྱི་བར་
གསུངས་སོ། །ཛྲི་ལ་ཨ་ཏུས་སྦྱར་བས། ཛྲི་གཉིས་པ་བྱས། རི་ཨར་དུ་གྱུར། མདོ་འདིས་ཛས་ཨེ་ཐོབ། གོང་མ་ཕྱི། ཛེ་ར་ཏུཿའོ། །ཡང་ན་ཨི་མ་ཐོབ་པ་དང་ཨ་བྷྱ་ས་མ་ཕྱིས་ཏེ་རྣལ་མའོ། །ཛ་ཛ་ར་ཏུཿའོ། །བྷྲ་མུ་ལ་ཨ་ཏུས་སྦྱར། གོང་མ་བཞིན། ཡང་ན་རྣལ་མའོ། །
དྭི་ཏི་ཡ་ཙ་ཏུརྠ་པྲ་ཐ་མ་ཏྲི་ཏི་ཡའི་མདོས། བྷས་བ་ཐོབ། བ་བྷྲ་མ་ཏུཿའོ། །པྲ་པུ་ལ་ཨ་ཏུས་སྦྱར་བ་གོང་བཞིན། ཏྲེ་ས་ཏུཿའོ། །ཡང་ན་རྣལ་མ་སྟེ། ཨ་བྷྱཱ་ས་ནི། ཤམ་གྱི་མདོས། གོང་མའི་ར་ཕྱིའོ། །ཏ་ཏྲ་པ་ཏུཿའོ། །ཕ་ཎ་ལ་ཨ་ཏུས་སྦྱར་བས་གོང་བཞིན། ཕྲ་ཎ་ཏུཿའོ། །
Vol. 195 · folio 57b
ཡང་ན་རྣལ་མའོ། །རཱ་ཛི་ལ་ཨ་ཏུས་སྦྱར་གོང་བཞིན། རེ་ཛ་ཏུཿའོ། །ཡང་ན་རྣལ་མའོ། །བྷྲ་ཛི་ལ་ཨེ་སྦྱར་བས་བྷྲ་ཛི་གཉིས་པ་བྱས། མདོ་འདིས་བྷྲས་ཨེ་ཐོབ་པ་དང་། ཨ་བྷྱཱ་ས་ཕྱིའོ། །བྷྲེ་ཛེའོ། །ཡང་ན་ཨེ་སྦྱར་བས་ཨེ་མ་ཐོབ་ཅིང་། ཨ་བྷྱཱ་ས་མ་ཕྱིའོ། །བྷཱ་ཤ་ལ་ཨེ་སྦྱར་བས་
ཨེ་ཐོབ་པ་གོང་བཞིན། བྷླེ་ཤེའོ། །ཡང་ན་རྣལ་མའོ། །ཏྱ་མུ་ལ་ཨ་ཏུས་སྦྱར། ཨ་བྷྱ་ས་ཕྱི་བ་དང་། ཏྱས་ཨེ་ཐོབ། ཏྱེ་མ་ཏུཿའོ། །ཡང་ན་རྣལ་མའོ། །སྭ་ནུ་ལ་ཨ་ཏུས་སྦྱར་བས་གོང་བཞིན། སྭེན་ཏུཿའོ། །ཡང་ན་རྣལ་མའོ། །ཛ་ར་ལ་ཐལ་དང་། ཨིཊ་སྦྱར་བས་ཨེ་ཐོབ་པ་
དང་། ཨ་བྷྱཱ་ས་ཕྱི། ཛེ་རི་ཐའོ། །ཡང་ན་རྣལ་མའོ། །ན་ཤ་ཤ་ད་ད་བཱ་དི་གུ་ཎི་ནམ། ཤཱ་སུ་ནི་འཚེ་བའོ། །དད་ནི་སྦྱིན་པའོ། །འདི་དག་གི་དེ་བཞིན་དུ་བ་ཐོག་མ་ན་ཡོད་པ་དང་། དེ་བཞིན་དུ་གུ་ཎ་ཡོད་པ་སྔར་བཤད་པ་ཕ་རོལ་ན་ཡོད་ཀྱང་། ཨེ་ཐོབ་པ་དང་། ཨ་བྷྱཱ་ས་དབྱི་བ་ཡང་མི་
འབྱུང་ངོ་། །ཤྭ་པུ་ལ་ཨ་ཏུས་སྦྱར་བས་ཐོག་མར་བི་སྦྱར། ཤ་ས་གཉིས་པ་བྱས་ཏེས་ཕྱི། བི་ཤ་ཤ་ས་ཏུའོ། །ཤ་སུ་ལ་ཐལ་དང་ཨིཊ་སྦྱར་བས་སྔར། བི་ཤ་ཤ་སི་ཐའོ། །དད་ལ་ཨེ་སྦྱར་བས་སྔ་མ་བཞིན་དང་དེའོ། །བ་མུ་ལ་ཨ་ཏུས་སྦྱར་བས་བ་མུ་གཉིས་པ་བྱ་སྟེ། མུ་ཕྱི། བ་བ་མ་ཏུའོ། །
བ་མ་ལ་ཐལ་དང་ཨིཊ་སྦྱར་བས་སྔར་བཞིན། བ་བ་མི་ཐའོ། །ཤྲིལ་ཨ་ཏུས་སྦྱར་བས་གོང་དུ་བི་སྦྱར། རི་ཏི་ཨར་དུ་གྱུར་ནས། ཤ་གཉིས་པ་བྱས། བི་ཤ་ཤ་ར་ཏུའོ། །ཤྲིལ་ཐལ་དང་ཨིག་སྦྱར་བས་གོང་དུ་བ་སྦྱར་བ་སོགས་གོང་བཞིན། བི་ཤ་ཤ་རི་ཐའོ། །སྭ་རཱ་དཱ་བི་བརྞོ་བརྞནྟ་
སྱ་དྷ་ཏོ་རི་ཡུ་བཽ། དྷཱ་ཏུ་འབྲེལ་བའི་ཡིག་ཨི་དང་ཨུ་མཐར་གནས་པ་དེ་ལ་གོ་རིམས་ཇི་ལྟ་བ་བཞིན། ཨི་ཡ་དང་ཨུ་ཝ་དག་འབྱུང་བ་སྟེ། དབྱངས་ཐོག་མ་ན་ཡོད་པའི་ཨ་གུ་ཎེ་ཕ་རོལ་ན་ཡོད་ནའོ། །ཤྲི་ལ་ཨ་ཏུས་སྦྱར་བས་ཤྲི་གཉིས་པ་བྱས། ར་ཕྱི། མདོ་འདིས་ཨིས་ཨི་ཡ་
ཐོབ་སྟེ། ཨི་དང་ཤྲི་སྦྱར། ཡ་དང་ཨ་སྦྱར། ཤི་ཤྲི་ཡ་ཏུཿའོ། །ཤྲི་ལ་ཨུས་སྦྱར་བས་སྔ་མ་བཞིན། ཤི་ཤྲི་ཡུཿའོ། །ཤྲིཉ་ནི་བསྟེན་པའོ། །ལཱུ་ལ་སྦྱར་བས་སྔ་མ་བཞིན། ལུ་ལུ་ཝུཿའོ། །ལུཉ་ནི་གཅོད་པའོ། །ཨ་བྷྱ་ས་སྱ་བརྞེ། གང་ལ་ཨ་བྷྱ་སའི་མིང་དང་། ཨུ་དེ་ལ་ཨི་
Vol. 195 · folio 58a
ཡ་དང་ཨུ་བ་དག་འབྱུང་བ་སྟེ། མི་འདྲ་བའི་དབྱངས་ཕ་རོལ་ན་ཡོད་ནའོ། །རྀ་ལ་དེ་སྦྱར། བར་དུ་ཨན་སྦྱར་ཏེ་ཕྱི་བས་རི་གཉིས་པ་བྱས། ཨ་ཀཱ་རཱ་རྀ་ཝརྞ་མདོས་རྀས་ཨ་ཐོབ། ཧ་ཏི་པ་ཏི་དྷོ་ཙའི་མདོས་ཨས་ཨི་ཐོབ། མདོ་འདིས་ཨི་མ་ཐོབ། དྷཱ་ཏུའི་རྀ་ཨར་དུ་གྱུར་ཏེ་
སྦྱར། ཨ་ཡརྟིའོ། །ནོརྦི་ཀ་ར་ཎ་སྱ། བི་ཀཱ་ར་ཎའི་ནུ་གང་ཡིན་པའི་ཡི་གེ་ཨུ་དེ་ལ་ཨུ་ཝ་གཞག་པར་འབྱུང་བ་སྟེ། དབྱངས་ཐོག་མ་ན་གནས་པའི་ཨ་གུ་ཎེ་ཕ་རོལ་ན་ཡོད་ནའོ། །ཨབླྀ་ལ་ཨན་ཏེ་སྦྱར་བས། པྲ་གོང་དུ་སྦྱར་ཏེ། ས་མ་ན་དཱིརྒཱ་ནུ་སྭ་རའི་མདོས། བར་དུ་ནུ་ཐོབ་སྟེ། ཨུས་
ཨུ་ཝ་ཐོབ་སྟེ་སྦྱར། པྲཱཔྣུ་ཝནྟིའོ། །ཨ་པ་ལི་ནི་ཁྱབ་པའོ། །ཤཀླི་ལ་ཨན་ཏི་སྦྱར་བས་གོང་བཞིན། ཤཀྣུ་ཝན་ཏིའོ། །ཤཀ་ལི་ནི་ནུས་པའོ། །ཡུ་ལི་ཝརྞ་སྱཱ་སཾ་ཡོ་ག་པཱུརྦ་སྱ་ནེ་ཀཱ་ཀྵ་ར་སྱ། ཙི་ལ་ཨ་ཏུས་སྦྱར། ཙི་གཉིས་པ་བྱས་པས་དབྱངས་དུ་མར་གྱུར་ཏེ། དྷཱ་ཏུ་ཙིའི་ཨིས་ཡ་
ཐོབ་སྟེ། ཡ་དང་ཙ་དང་སྦྱར་རོ། །ཙི་ཙྱ་ཏྲཿ ཙིཉ་ནི་སྡུད་པའོ། །ནཱི་ལ་ཨ་ཏུས་སྦྱར་བས་གོང་བཞིན། ནི་ནྱ་ཏུཿའོ། །ཎཱིཉ་ནི་ཐོབ་བའོ།། །།ཨིཎ་ཤྩ། ཨིཎ་ནི་འགྲོ་བ་སྟེ། འདི་ལ་ཡ་ཉིད་འབྱུང་བ་ནི་དབྱངས་ཐོག་མ་ན་ཡོད་པའི་ཨ་གུ་ཎ་ཕ་རོལ་ན་ཡོད་ནའོ། །ཨིཎ་ལ་ཨརྙི་སྦྱར། ཎ་
ཕྱི། བར་དུ་ཨན་སྦྱར་ཕྱི། ཨིའི་ཡ་ཐོབ། ཡནྟིའོ། །ཨ་ཎི་ལ་ཨན་ཏུ་སྦྱར་བས་སྔ་མ་བཞིན། ཡནྟུའོ།། །།ནོརྦ་ཀ་རོ་བི་ཀ་ར་ཎ་སྱ། གང་བི་ཀར་ཎའི་ནུའི་ཐོག་མ་ན་མི་ལྡན་པ་ཡོད་ན་ཨུ་དེ་ལ་ཝ་ཉིད་འབྱུང་བ་སྟེ། སུ་ནུ་ལ་ཨནྟི་སྦྱར་བས། མདོ་འདིས་ནུའི་ཨུས་ཝ་ཐོབ་སྟེ་
སྦྱར་བས། སུ་ནྭནྟིའོ། །ཙི་ནུ་ལ་ཨན་ཏི་སྦྱར་བས་གོང་བཞིན། ཙི་ནྭ་ནྟིའོ། །ཙིཉ་ནི་སྡུད་པའོ། །ཛུ་ཧོ་ཏེ། སཪྺ་དྷཱ་ཏུ་ཀེ །ཧུ་ནི་སྦྱིན་པ་དང་བཟའ་བ་དག་སྟེ། འདིའི་ཕ་རོལ་ན་ཏུ་ཀ་དབྱངས་ཐོག་མ་ན་གནས་པ་ཡོད་ན་ཝ་ཉིད་འབྱུང་བའོ། །ཧུ་ལ་ཨན་ཏི་སྦྱར། བར་དུ་ཨན་
སྦྱར་ཏེ་ཛུ་ཧོ་ཏིས་ཕྱི། ཧ་གཉིས་པ་བྱས། ཨུས་ཝ་ཐོབ་ལ་སྱོ། །ཨ་བྷྱ་ཏའི་མདོས་ན་ཕྱིའོ། །ཛུ་ཧྭ་ཏིའོ། །ཧུ་ལ་ཨན་ཏུ་དང་། ཨན་སྦྱར་བས་སྔ་མ་བཞིན། ན་ནི་མ་ཕྱི་བའོ། །ཛུ་ཧྭནྟུའོ། །བྷོ་བོ་བནྟུ་བ་རོ་ཀྵཱ་དྷྱ་ཏ་ནྱཱོཿ། བྷུ་ནི་ཡོད་པ་ཞེས་བྱ་བ་སྟེ། འདིའི་དབྱངས་ཕ་རོལ་ན་དབྱངས་
Vol. 195 · folio 58b
ཐོག་མ་ན་གནས་པའི་པ་རོ྅ཀྵཱ་དང་། ཨ་ཏྱ་ད་ནཱི་དག་ཡོད་ན་བ་དག་འབྱུང་སྟེ། བྷུ་ལ་ཨཊ་སྦྱར་བས་བྷུ་གཉིས་པ་བྱས། བྷ་ཝ་ཏེ་རའི་མདོས་བྷས་བ་ཐོབ། མདོ་འདིས་ཝ་ཐོབ་པ་འབྱུང་སྟེ། ཨ་དང་སྦྱར་ཊ་ཕྱི། བ་བྷུ་བའོ། །བ་བྷུ་ལ་ཨན་སྦྱར་བས་གོང་དུ་ཨ་སྦྱར། བར་དུ་སི་
ཙ་སྦྱར། ཨིན་སྠཱ་དེ་ཏིའི་མདོས་ཕྱི། མདོ་འདིས་བ་ཐོབ་སྟེ་ཨན་དང་སྦྱར། ཨ་བྷུ་བནའོ། །གོ་ཧེ་རུ་ཨུ་པ་དྷཱ་ཡཱཿ གུ་ཧི་ནི་སྦེད་པ་ཞེས་བྱ་བ་འདིའི་ཉེ་བའི་ཚིག་གུ་ཎར་བྱས་པ་ལ་ཨུ་ཉིད་འབྱུང་བ་སྟེ། དབྱངས་ཐོག་མ་ན་གནས་པ་ཕ་རོལ་ན་ཡོད་ནའོ། །ཧོ་ཧུ་ལ་ཏི་སྦྱར། བར་དུ་
ཨན་སྦྱར་བས། གོས་གུ་ཐོབ་སྟེ། མདོ་འདིས་ཨུ་ཐོབ་པའོ། །གུ་ཧ་ཏིའོ། །གོ་ཧུ་ལ་ཏས་དང་ཨན་སྦྱར་བས་སྔ་མ་བཞིན་གུ་ཧ་ཏཿའོ། །གོ་ཧུ་ལ་ཨནྟི་དང་། ཨན་སྦྱར་གུ་ཧན་ཏིའོ།། །།དུ་ཥཿཀཱ་རི་ཏེ། དུཥ་ནི་སུན་འབྱིན་པར་བྱེད་པ་ཞེས་བྱ་བ་འདིའི་ཕ་རོལ་ན་ཀཱ་རི་ཏ་ཡོད་
ན་ཉེ་བའི་ཚིག་ལ་ཨུ་འབྱུང་བ་ཉིད་དོ། །དུ་ཥ་ལ་ཨིན་སྦྱར་བས་དུའི་ཨུས་ཨཱུ་ཐོབ། ཝརྟ་མཱ་ནཱ་ཏེ་སྦྱར། བར་དུ་ཨན་སྦྱར། ཨིས་ཨེ་ཐོབ། ཨེས་ཨཡ་ཐོབ་སྟེ་སྦྱར། དཱུ་ཥ་ཡ་ཏིའོ། །ཅིའི་ཕྱིར་ཀཱ་ར་ཏི་ཞེས་སྨོས་ཤེ་ན། དུ་ཥ་ལ་ཨིན་མ་སྦྱར་གྷཉ་སྦྱར་བས་ཉ་དང་གྷ་ཕྱི། ཨུ་
ཨོར་འགྱུར། ཥ་དང་གའི་ཨ་སྦྱར། དེ་ཥཿའོ།། །།བཱ་ཙིན་ཏ་བིར་གེ །སེམས་སུན་དབྱུང་བར་གྱུར་པའི་ཉེ་བའི་ཚིག་ཏུ་ཥེ་ལ་ཨུ་ཉིད་འབྱུང་། མཱ་འགྱུར་བ་སྟེ། དེ་ཡང་ཕ་རོལ་ན་ཀཱ་རི་ཏ་ཡོད་ནའོ། །དུ་ཥ་ལ་ཨིན་སྦྱར་བས་ཨུས་ཨཱུ་ཐོབ། ཏི་དང་ཨན་སྦྱར་བས་སྔ་མ་བཞིན།
ཙིཏྟཾ་དཱུ་ཥ་ཡ་ཏིའོ། །ཡང་ན་རྣལ་མའོ། །སེམས་སུན་དབྱུང་བ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། རྒོལ་བས་གཞན་གྱི་ཕྱོགས་སུན་འབྱིན་པ་ལ་ནི་རྟག་ཏུ་ཨུ་ཉིད་འབྱུང་བའོ།། །།མཱ་ནུ་བན་དྷཱ་ནཱཾ་ཧཱ་སྭཿ། གྷ་ཊ་ནི་གཡོ་བ་ཞེས་པ་སྟེ། དེ་ནས་བཙོས་ནས། ཥ་མཥྚ་མ་བཻ་ཀ་ལྱ་ཞེས་
པ་འདིའི་མཐར་ཐུག་གི་དྷཱ་ཏུ་རྣམས་མ་རྗེས་སུ་འབྲེལ་པ་མ་ཡིན་པའང་མའི་མཐའ་ཅན་དུ་སྦྱར་ཏེ་འདི་རྣམས་ཀྱི་ཉེ་བའི་ཚིག་ཐུང་བར་འགྱུར་བ་སྟེ། ཀཱ་རི་ཏ་ཕ་རོལ་ན་ཡོད་ནའོ། །གྷ་ཊ་ལ་ཨིན་སྦྱར་བས་ཨ་སྱོ་པ་དྷེ་ཏ་དིརྒྷིའི་མདོས་ཊ་བསྲིངས་ཏེ། མདོ་འདིས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words