འཆི་བ་མེད་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་འདོད་འཇོའི་བ་མོ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨ་མ་ར་ཀོ་ཥཊཱི་ཀཱ་ཀཱ་མ་དྷེ་ནུ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 197 · folio 271a
ཏི་ཕྲ་མོར་བྱེད་པ་སྟེ། ཨིཀ་མཐའ་ཉེ་ལས་ཀའོ། །འབིགས་བྱེད་ནི་འབྱེད་པར་བྱེད་པའི་ངང་ཚུལ་ཅན་ནོ། །བི་དི། བྷི་དི། ཙྪི་དི་ལས་ཀུ་ར་ཙའོ། །ཐོག་ནི་དབང་པོའི་རྡོ་རྗེ་ཞེས་གྲགས་ཏེ། པུཉ་ལས། ཤུ་ཙི་བཞིན་ཨི་རྐྱེན་ནོ། །རྩེ་མོ་བརྒྱ་པ་ནི་ཟུར་རམ་རྭ་བརྒྱ་ཡོད་
པའོ། །སྒྲ་གཅན་ནི་རྡོ་རྗེ་འབབ་པ་ན་ཐོག་གི་སྒྲ་འབྱུང་བའི་ཕྱིར་ཏེ། སྭ་ར་ཏི་ཤབྷཱ་ཡ་ཏེ། མང་པོ་ལས་བྷྲྀ། མྲྀ། ཏྲེ། ཙ་རི། ཏ་ནི་མརྫི། ཤྲཱི་རྣམས་ལས་ཨུའོ། །ཤཾ་བདེ་བ་ལ་སྟེ་འདི་གང་གིས་ཀྱང་མི་འཇིགས་པའི་ཕྱིར་ཤམྦའོ། །ཏི་བྷུ་བ་ཡསྟཱ་ཞེས་པས་བའོ། །སྒྲོགས་ཞུམ་ནི་སྒྲ་སྐད་
ཀྱིས་འཇིགས་པར་བྱེད་པ་སྟེ། དམྦྷོ་ལི། ཞེས་པ་པྲྀ་ཥོ་ད་ར་ལ་སོགས་པའོ། །ཤམྦྷ་དང་ལྷན་ཅིག་སྤྱོད་པའི་ཕྱིར་པའི་དམྦྷོ་ལི་དང་སྭ་རུ་ཡང་སྐྱེས་བུའོ། །སྭ་རུ་དང་ལྷན་ཅིག་སྤྱོད་པ་ལས་ཀོ་ཊི་དང་། ཤ་ཊ་ཀོ་ཊི་དང་ལྷན་ཅིག་སྤྱོད་པ་ལས་པ་ཝི་ཡང་ངོ་། །དེ་བཞིན་དུ་གཞན་ཡང་སྟེ་ལྷན་ཅིག་
སྤྱོད་པས་རྟགས་ཕན་ཚུན་རྟོགས་པར་བྱེད་པའོ། །ཨཤྱ་ཏེ་ལ་མཚོན་ཆ་འདིས་འཇིག་རྟེན་གསུམ་པོ་ཟ་བར་བྱེད་དོ། །སྒྲོགས་ཞུམ་སྒྲ་གཅན་ལ་རྀ། ཏྲྀ། པྲྀ། །དྷྲྀ། །དྷ་མི། །ཨ་ཤ། བི་པྲི་ཏི། །གྲ་ཧི་ལས་ཨ་ནིའོ། །རྡོ་རྗེ་གནམ་ལྕགས་ཞེས་བརྗོད་པ་ཡང་འདིའི་མིང་ངོ་། །རྡོ་རྗེ་དང་། གནམ་ལྕགས་
དང་། རི་བོ་བསྙིལ་བ་དང་། ཐོག་དང་། སྒྲོགས་ཞུམ་དང་། ཨ་ཤར་བ་ལའོ། རཀྵ་ཛ། ཞེས་པ་རྣམས་རབྷ་སའིའོ། །རྡོ་རྗེ་ནི་གནམ་ལྕགས་སོ། །རྡོ་རྗེ་ནི་འབིགས་བྱེད་དོ་ཞེས་སྐབས་གསུམ་གྱི་ལྷག་མ་ལས་སོ། །མཁའ་ཐེག་མཁའ་གནས་ཞེས་པ་ནི་ཁང་བཟངས་དང་བཅས་པ་ཞེས་པ་ནམ་
མཁའ་ལ་རྒྱུ་ཀནྡྷ་ཞིང་འདུག་པའོ། །མོ་མ་ཡིན་པ་ནི་མོའི་རྟགས་ཅན་མ་ཡིན་པའོ། །ལྷའི་དྲང་སྲོང་མི་སྦྱིན་སོགས་ནི་དྲང་སྲོང་ཆེན་པོ་མི་སྦྱིན་དང་སོགས་པའི་སྒྲས་རྒྱས་པ་དང་ཏུམ་བུ་རུ་དང་ཀོ་ཧ་ལ་ལ་སོགས་པ་དབང་པོའི་འཁོར་སྟོང་གནས་པའོ། །ཆོས་བཟང་ལྷའི་མདུན་ས་ནི་ལྷ་
རྣམས་འདུ་བའི་ཁང་བའོ། །ལྷ་རྣམས་ཀྱི་བཏུང་བ་ནི་བདུད་རྩི་སྟེ། པཱ་ལས་སཽ་ཏྲཱཏ་རི་མཀྫི་པཱི་ཡི་ཧ་ནི་ཨང་གི་རྣམས་ལས་ཨུ་ཥན་སི་ཡཥཱཾའོ།སློབ་དཔོན་ཨ་རུ་ཎ་ད་ཏའི་རྟགས་རྗེས་སུ་བསྟན་པར་ནི། ཛམྦཱ་ལ། ཀུ་ལི་ཤ། བ་ལི་ཤ། །ཨ་ནུ་དཪྵ། པེ་ཡཱུ་ཥཾ། ཞེས་པ་ལ། འདིར་པེ་ཡཱུ་
Vol. 197 · folio 271b
ཥཱཾ་ནི་འོ་མ་གསར་པའི་རྣམ་འགྱུར་གྱི་བདུད་རྩིའོ་ཞེས་དེའི་འགྲེལ་པ་བྱེད་པས་རྣམ་པར་ཕྱེའོ། །འཆི་བདུད་ཀྱི་སྨན་ཡིན་པའི་ཕྱིར་ན་བདུད་རྩིའོ། །སུ་དྷཱ་བདེ་འཐུང་ཞེས་པ་ནི་ལུས་ཚིམ་ཞིང་ཚ་དཔག་ཏུ་མེད་པའི་བདུད་རྩི་འཐུངས་པས་འཆི་བ་མེད་པའི་ཕྱིར་ན་བདུད་རྩིའོ། །ལྷའི་ཆུ་བོ་ནི་
དལ་གྱིས་འབབ་པ་དང་། མཐོ་རིས་ཀྱི་ཀླུང་དང་། ནམ་མཁའི་གཾ་གཱ་དང་། བཅུད་ལྡན་རིང་བ་ཞེས་བྱ་སྟེ། རི་རབ་ཀྱི་རྩེ་ལས་འབབ་པ་ཨ་མྲྀ་ཏ་རྣམས་སོ། །འདི་ལ་དལ་གྱིས་འབབ་པའི་ངང་ཚུལ་ཡོད་པས་ཎི་ལ་ནི་རྐྱེན་ནོ། །སྭ་རྣ་དཱི་ལ་གི་རིན་དཱི་སོགས་རྣམས་ཀྱིའོ་ཞེས་པ་ཡང་ན་ཎ་ཉིད་
དོ། །ལྷུན་པོ་དང་། རི་རབ་དང་། གསེར་གྱི་རི་དང་། རིན་ཆེན་བརྩེགས་པ་དང་ལྷའི་གནས་ཞེས་ཀྱང་བྱ་སྟེ་རི་རབ་ཀྱི་མིང་ངོ་། །མཱིང་འཚེ་བ་ལའོ། །པཱི་མཱི་དག་གི་རུའོ། །སུ་སྔོན་མའི་འོ། །གཞན་བྲ་ལ་སོགས་པ་ནི་མནྡཱ་ཀ་མཐོ་རིས་ཀྱི་ཀླུང་ངེས་པར་ཞུགས་པའི་དོན་གྱི་ཕྱིར་པྲ་མེ་རུ་ལ་
སོགས་པ་ནི་མི་སྦྱར་རོ། །གསེར་གྱི་རང་བཞིན་གྱི་རི་ནི་གསེར་གྱི་རི་སྟེ། རིན་པོ་ཆེའི་རང་བཞིན་ནོ། །འདིར་ཧེ་མའི་སྒྲ་ནི་རྒྱུ་དང་འབྲས་བུའི་ཉེ་བར་སྤྱོད་པའི་རྣམ་འགྱུར་ལས་རིན་པོ་ཆེའོ། །དཔེར་ན་སྐྲའི་གཙུག་ཕུད་ལ་སོགས་པ་ནི་སྐྲ་ལ་སོགས་པ་བཞིན་ནོ། །དེ་ནས་མཐོ་རིས་ལ་སོགས་
པའི་དབྱེ་བ་སྟེ། ལྷུན་པོ་ནི་རི་སྤྱི་རྣམས་སོ། །མཐོ་རིས་ནི་ལྷུན་པོའི་སྟེང་ངོ་། །ལྷ་རྣམས་ཀྱི་ཤིང་ནི་ལྷའི་སར་བྱུང་བའོ། །མནྡར་ཞེས་པ་ནི་ཡིད་དགའ་བར་བྱེད་པའི་ཤིང་ངོ་། །ཨ་གི། མ་དི། མནྡི། ཀ་ཊི་ལས་ཨ་རན་འོ། །པཱ་རི་ཎ་རྒྱ་མཚོའོ། །སྐྱེས་པ་ནི་བུ་བརྒྱུད་ལ་རང་དོན་ལ་
ཀནའོ། །ལེགས་ཁྱབ་ནི་ཡང་དག་པར་སྤོས་ཀྱི་ངད་དང་ལྡང་བས་ཁྱབ་པ་སྟེ། བྱེད་པ་པོ་ལའང་གྷཉའོ། །དཔག་བསམ་གྱི་ཤིང་ནི་ཡང་དག་པའི་བསམ་པ་ལས་སྐྱེས་ཤིང་ལྗོན་པའི་རང་བཞིན་ཡིན་པས་ཏེ་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོའི་མཚན་ཉིད་ཀྱི་འབྲེལ་པའོ། །དབང་པོ་འཕྲོག་ཅིང་
བདེ་བ་ལ་མོས་པར་བྱེད་པས་ན་ཧ་རི་ཙནྡན་སྟེ། ནནྡི་སོགས་ལས་ལྻའོ། །ཡང་ན་སྐྱེས་བུའོ་ཞེས་པ་འདི་ལ་འབྲེལ་ལོ། །འདི་རྣམས་ལྷའི་ལྗོན་ཤིང་ཞེས་བྱ་བ་སྟེ་དགོས་འདོད་ཐམས་ཅད་འབྱུང་བའོ། །ཧཾ་ས་གོ་དང་། དྲུ་ཧི་ཎ་དང་། ས་ནད་ཞེས་པ་རྣམས་ཚངས་པའི་རྣམ་གྲངས་སུ་ར་བྷ་
Vol. 197 · folio 272a
ས་ལས་སོ། །དེའི་གཞོན་ནུ་ནི་བུ་བརྒྱུད་དོ། །རྣམ་བྱེད་ཀྱི་བུ་བརྒྱུད་ལ་ཨཎའོ། །འདི་དྲང་སྲོང་མཐོ་རིས་ཀྱི་སྨན་པ་སྟེ། བསྟན་བཅོས་བྱེད་པ་རྣམས་ཀྱིས་ཀྱང་ལྷའི་སྨན་པ་ཞེས་བཀོད་དོ། །རྟའི་གཟུགས་འཛིན་པ་རྟ་ལྡན་མ་ཞེས་བྱ་བ་ཉི་མའི་ཆུང་མའི་མིང་སྟེ། དེ་ཉི་མའི་གཟི་
བརྗིད་མ་བཟོད་ནས་རྟ་རྒོད་མའི་གཟུགས་སུ་བྱས་ཏེ་བྱང་སྒྲ་མི་སྙན་དུ་དཀའ་ཐུབ་བྱེད་ཅིང་གནས་སོ། །དེར་ཉི་མས་རྟའི་གཟུགས་འཛིན་པ་དེ་ལ་ཞོན་པར་གཟས་པ་ན་སྐྱེས་བུ་གཞན་ཡིན་པར་དོགས་ཏེ་གདོང་ཕྱིར་ཕྱོགས་པ་ན། སྣའི་བུ་ག་གཉིས་སུ་ས་བོན་དག་སོང་ངོ་། །དེ་ལས་བུ་གཉིས་སྐྱེས་
པས་སྣ་སྐྱེས་ཞེས་བྱའོ། །ར་བྷ་སའི་མཛོད་དུ་རྟ་སྐྱེས་དང་སྣ་སྐྱེས་ཞེས་ཀྱང་བརྗོད་དོ། །སྣ་ལས་ལྷུང་བའི་ཕྱིར་ན་སཱཾ་ཏ་ལ་ཀྟ་ཝནྟུ་མེད་པ་ལ་ཊའོ། །བྱ་བ་དང་རང་མིང་དག་ལས་མང་པོ་ལའོ་ཞེས་པས་ཐུང་དུའོ། །ས་ཏ་སུ་བཱ་སཱ་དྷཱུ་ས་ཏི་དག་ལ་དེར་ལེགས་པ་ཞེས་པས་ཡཏའོ། །གཉིས་ལ་
ནཉའི་བསྡུ་བའོ། །ན་ཁ་སོགས་ཀྱི་ཕྱིར་ན་དབྱི་བ་མེད་དོ། །སྐར་མ་ཐ་སྐར་དང་ཟླ་བ་འཛོམ་པའི་དུས་སུ་སྐྱེས་པས་ཐ་སྐར་སྐྱེས་ཞེས་བྱའོ། །ཐུན་མཚམས་ཀྱི་དུས་ལ་རྒྱུ་སྐར་ལས་ཨཎའོ། །བཏྶ། ཤཱ་ལ། རྒྱུ་སྐར་རྣམས་ལས་མང་པོ་ལའོ་ཞེས་པས་དེ་འཇིག་གོ། །ཨཎ་ལ་སོགས་པ་
འཇིག་པ་ལུ་ཀྱ་གོ་ཎྱ་ལ་སོགས་པ་རྣམས་ཀྱི་ཞེས་པས་དཱི་པ་ཡང་འཇིག་གོ། །ཀུན་འགྱེད་ཅེས་ཀྱང་བྱ་སྟེ། ནད་གསོ་བའི་ཕྱིར་ཀུན་དུ་འགྱེད་པའོ། །ད་སུ། དྷཱ་ཏུ་ལས་དུར་ལ་སོགས་པ་རྣམས་སོ་ཞེས་པས་རཀའོ། །དཱི་ཨཱསྟི་ཨཱུང་ཞེས་པས་ཌྷཀའོ། །ཨཱ་ཤྭ་ནེ་ཡཽ་ཐ་སྐར་གྱི་བུ་དག་
ཅེས་པའོ། །སྣ་སྐྱེས་དང་ཀུན་འགྱེད་གཉིས་སྤུན་ནོ། །དེ་ཡང་ཨུཏྤ་ལི་ལས། གཤིན་རྗེ་དང་ནི་གཤེད་བུ་དང་། །གཤིན་རྗེའི་སྤུན་དང་སྣ་སྐྱེས་དང་། །ཀུན་འགྱེད་དང་ནི་རེ་མནྟ། །དྲུག་པོ་མིང་ལ་ཉི་མའི་བུ། །ཞེས་བཤད་དོ། །རླུང་གི་སྔོན་རབས་ལས་ཀྱང་། ཁྱེད་ཅག་འཕེལ་
བའི་དགྲ་དང་སྣ་སྐྱེས་དང་། །དེ་བཞིན་ཀུན་འགྱེད་དང་ནི་ཆུ་ལྷའོ། །ཞེས་སོ། །འདིར་སླར་ཡང་ཧུ་རྣམས་ཀྱི་གཉིས་ཀྱང་ས་པྟ་མཱི་ཤཽཎྜི་ཤྪནྟྲི་ཎོ་ཡཱནྟི་ཞེས་པ་ལ་སོགས་པ་བཞིན་དེ་དང་ལྷན་ཅིག་སྤྱོད་པ་དང་དེའི་སྒྲས་མངོན་པར་བརྗོད་པའི་གཉིས་སུ་བརྗོད་དོ། །དཔེར་ན་བྷཱ་ར་ཏར། འདི་དག་
Vol. 197 · folio 272b
ནི་གཉིས་ཏེ། ཨུཏྤ་ཧ་དག་དང་། སྣ་སྐྱེས་དག་གོ་ཞེས་བདག་འདོད་དོ་ཞེས་པའོ། །ཇི་ལྟར་མཱ་གྷར་ཡང་། ཨ་ནུ་ས་པྲ་རུ་སྟ་མ་ཐ་ཀུན་འགྱེད་དག །བུ་དག་གོ། །སྒེག་པ་གསལ་བར་མི་མཐུན་པའི་གཅིག་གི་ལྷག་མ་འདིའི་དཔེར་བརྗོད་དོ། །དེས་ཀྱང་གྲུབ་ལ། ཆོས་མངོན་པ་མཛོད་ཀྱི་རྒྱ་
ཆེར་འགྲེལ་ལས། འདུས་བྱས་འདུས་མ་བྱས་ཆོས་རྣམས། །ཞེས་པ་འདིར་གུ་ཎོ་ཡཎུ་ཀ་ལས་ཞེས་ཤེས་པར་བྱེད་པའི་ཕྱིར་ཞེས་སློབ་དཔོན་གྲགས་པ་བཤེས་གཉེན་གྱིས་བཤད་དོ། །དེ་ལ་གཉིས་བརྗོད་པ་བྱུང་བ་ནི་རིགས་པ་སོ་སོ་ཚོལ་བར་བྱེད་པ་ལ་འགྱུར་གྱི་གཞན་འབྲས་བུ་ཅི་
ཡང་མ་མཐོང་ངོ་། །དབང་ཆེན་མ་ལ་སོགས་པ་ནི་དབང་ཆེན་མ་ལ་སོགས་པའི་ལྷའི་བུ་མོ་རྣམས་ཏེ། མཐོ་རིས་ཀྱི་སྨད་འཚོང་མར་གྲགས་སོ། །ཆུ་ལས་སྐྱེས་པས་ན་ཆུ་ཏེ་ཚིག་ཕྲད་ལས་ཨུཎ་ལ་སོགས་པའི་ཨ་སི་རྐྱེན་ནོ། །ཡང་ན་ཆུ་ལས་བྱུང་བས་ན་ཆུས་བྱུང་ཞེས་པ་སྟེ་
ཨ་སུན་རྐྱེན་ནོ། །ཆུ་ལས་སྐྱེས་པ་ནི་གསལ་བ་ལ་བརྟེན་པས་མང་པོ་ཉིད་དོ། །གསལ་བ་ནི་དེའི་ཆ་ཤས་ལ་བརྟེན་པའོ། །དེ་ལྟར་ཡང་བྷཊྚའི་ལུགས་ལས། ཨཔྶ་ར་དཱ་ར་ལ་སོགས་པའི་སྒྲ་ནི་འགའ་ཞིག་གི་ཚེ་རིགས་དང་། འགའ་ཞིག་གི་ཚེ་གསལ་བ་ལ་རབ་ཏུ་སྦྱར་ཏེ། དེ་ལ་གང་
གི་ཚེ་རིགས་ལ་ཡིན་པ་དེའི་ཚེ་གསལ་བ་མང་པོར་གྱུར་བའི་གྲངས་ལ་རབ་ཏུ་འཇུག་གོ། །གང་གི་ཚེ་གསལ་བ་ལ་རབ་ཏུ་འཇུག་པ་དེའི་ཚེ་གསལ་བའི་ཆ་ཤས་ལག་པ་དང་རྐང་པ་ལ་སོགས་པ་རྣམས་མང་པོའི་གྲངས་ལ་རབ་ཏུ་འཇུག་གོ། །ནགས་ཚལ་གྱི་སྒྲ་རིགས་ལ་ཞུགས་པ་ན་
གྲངས་གཅིག་གིས་ཁྱད་པར་གྱི་རྫས་མངོན་པར་བརྗོད་པའི་ཕྱིར་དང་། ཡང་ན་དྷཱ་བ་ལ་སོགས་པའི་གསལ་བ་ལ་བརྟེན་པ་ན་རིགས་མངོན་པར་བརྗོད་པའི་ཕྱིར་གཅིག་གི་ཚིག་གོ་ཞེས་སོ། །བཱ་མ་ན་ལ་སོགས་པ་ནི་མང་པོ་ལ་ཡང་ནའོ་ཞེས་པ་འདི་འདོད་དེ། དེ་ལྟར་ཡང་བྱེ་མ་དང་། ཆར་པ་དང་། ཆུའི་
མེ་ཏོག་དང་། ཆུ་བལ་རྣམས་ནི་ཆུ་ལས་སྐྱེས་པར་མཚུངས་སོ་ཞེས་པ་མ་ནའོ། །ཨུརྦ་ཤཱི་ལ་བཱ་ཤ་མཛེས་པ་ལའོ། །ཨུ་རུ་ལས་མ་ཧ་ཏོ་བཥྚི་བ་ཤཱི་ཀ་རོ་ཏི་ལས་ཨཙའོ། །པྲྀ་ཥོ་ད་རལ་སོགས་པ་ཡང་ངོ་། །བ་ས་གནས་པ་ལའོ། །མུ་ནི་ལས་ཨུར་དུ་འགྱུར་བའི་ཕྱིར་ཨུརྦ་ཤིའོ། །དབང་ཆེན་
Vol. 197 · folio 273a
མ་ལ་སོགས་པ་ནི་འདི་ལྟར་ཤེས་པར་བྱ་སྟེ། གློག་གི་འོད་ཅན་དང་། ཐིག་ལེའི་མཆོག་མ་དང་། པད་དཀར་མ་དང་། ལག་བཟང་མ་དང་། དགའ་བའི་ཤིང་རྟ་མ་དང་། རབ་ཏུ་མྱོས་བྱེད་མ་དང་། མེ་ནཱ་ཀཱ་དང་། སྐྲ་འདྲེས་མ་དང་། ལེགས་བརྒྱན་མ་དང་། མུཉྫ་སྐྱེས་
མ་དང་། ཨཱ་ལམྦུ་ཥཱ། ཆུ་ཤིང་བརླ་ཅན་མ་དང་། སྐད་ལེགས་མ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །ལྷ་རྣམས་ཀྱི་གླུ་མཁན་ནི་དྲི་ཟ་སྟེ། ཧ་ཞེས་པ་མི་གསལ་བའི་སྒྲ་སྟེ། ཛ་ཧཱ་ཏི་ཀྭི་པ་ཝི་ཙ་ཞེས་པས་ཝིཙའོ། །སུས་དང་སུ་པ་དོན་གཅིག་པས་བསྡུ་བའོ། །བྱེད་པ་པོའི་བསྡུ་བ་ལ་
ཕྱི་རོལ་ཞེས་པས་འཕྱང་མ་རམྦྷ་གླུའི་ཁྱད་པར་གྱི་སྒྲ་ལ་ཧྭ་ཡ་ཏི་ལ་ཀྭི་པའོ། །ཀྲིཏ་ལའང་དེ་རྣམས་ཀྱིའོ་ཞེས་པས་ཡཎའི་ཨིཀའོ། །ཡན་ཨིཀ་ལས་ཞེས་པས་ཕ་རོལ་སྔ་མ་ཉིད་དོ། །ཧལ་ཞེས་པས་རིང་པོའོ། །ཤུ་བྷཾ་ཡ་ཁ་ལ་སཱུའི་སྒྲ་བཞིན་འདི་དག་གོ་ཞེས་པ་དགའ་བྱེད་
འབངས་ཀྱིས་སུ་བནྟ་ལས་དཔྱད་པར་བཤད་དོ། །གླུ་ལེན་པར་བྱེད་པ་ལ་གླུ་ལེན་མཁན་ཏེ་པྲྀ་ཥོ་ད་ར་ལ་སོགས་པའོ། །ཡང་ན་དྲི་ཟ་བར་བྱེད་པས་དྲི་ཟ་སྟེ། ཨཙ་རྐྱེན་ནོ། །གནྡྷཿདྲི་ཟ་དང་གཱནྡྷརྦ་ལྷའི་གླུ་མཁན་དུ་འགྱུར་ཞེས་ར་བྷ་སས་དང་པོ་རིང་བ་ཡང་བཤད་དོ། །སོགས་པའི་
སྒྲས་སྣ་ཚོགས་དབྱིག་དང་། བ་ལང་ཚེ་དང་། དགའ་བྱེད་དང་། སྣ་ཚོགས་ཤིང་རྟ་དང་། སྣོད་ཅན་དང་། མི་སྦྱིན་དང་། ངང་པ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་དབང་པོ་འཁོར་དང་བཅས་པ་བརྗོད་ནས། འཁྱོག་འགྲོ་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་
བཞིས་མེའི་མིང་ངོ་། །ཨགྣི་འབར་བར་བྱེད་ཅིང་འཁྱོག་པོར་འགྲོ་བའོ། །ཨ་གི་ལས་ནིའོ། །མེ་ནི་དྲང་སྲོང་བི་ཤྭ་ནར་ལས་སྐྱེས་པ་སྟེ། དེའི་བུ་བརྒྱུད་ལ། རྀ་ཥི། ཀུ་རུ། བྲྀཥྞི། ཨནྡྷ་ཀ་ལས་ཨཎའོ། །གང་དུ་སྐྱེས་ཀྱང་བསྲེག་རྒྱུ་ཞིག་རྙེད་པའི་ཕྱིར་རྙེད་ཟ་སྟེ། ཤྲྀ། ཤྲུ། ཡུ།
བ་ཧ་ལས་ནི་ཏའོ། །བྱེན་ཟ་ནི་འདི་ལ་སྦྱིན་སྲེག་མཁན་གྱིས་ཅི་བསྲེགས་ཀྱང་འཚིག་པ་སྟེ། བཱི་འགྲོ་བ་ལས་ཏེ་ཟ་བ་ལ་ཡང་ངོ་། །བཱི་ལ་འགྲོ་བ་དང་། རབ་ཏུ་སྐྱེ་བ་དང་། མཛེས་པ་དང་། གནས་པ་དང་ཟ་བ་རྣམས་ལ་ཞེས་དེ་ལྟར་བཤད་པས་ཀནྟིའོ། །དངོས་པོ་གང་བསྲེགས་ཀྱང་འཚིག་
Vol. 197 · folio 273b
པའི་ཕྱིར་ནོར་ལས་རྒྱལ་ལོ། །ཆུའི་སྐྱེ་གནས་ནི་བསྐལ་པ་འཆགས་པའི་དུས་སུ་རྒྱ་མཚོ་ཆེན་པོའི་ནང་ནས་སྐྱེས་པའི་ཕྱིར་རོ། །འབར་བ་ཅན་ནི་འབར་བའི་ངང་ཚུལ་ཏེ། །ཛྲ། ཙུཾ། ཀྲ་མྱ། །དཾ་དྭ་མྱ་ཞེས་པས་ཨུ་ཙའོ། །སྐྱེས་ཐོབ་ནི་པིནྡ་ཏི་ལས་ཐོབ་པར་བྱེད་པ་ལ་ཨ་སུ་ནའོ། །ལུས་བསྲེགས་པས་
ན་ལུས་མི་སྐྱོང་བ་སྟེ། །ཛམྦ་ལ་ཀྲི་སཱི་ཊི་སོགས་པ་རྣམས་སོ་ཞེས་པས་ཏོ་ནོ་ཏི་ལས་ཨུའོ། །སྐྱོང་བར་མི་བྱེད་དོ་ཞེས་པས་ན་པ་ཏའོ། །ཛྭ་ལ་ན་ཤིང་ལས་བས་ན་ཤིང་འཕེལ་ཏེ། །ཛྱོཏི་ལ་སོགས་པ་རྣམས་སོ་ཞེས་པ་ལ་ཨི་སིའོ། །ཆུ་རྣམས་སྐེམ་པར་བྱེད་པས་ན་སྐེམ་བྱིད་དེ། །ཤུཥི་ལ། །
བྱོམ་ལ་སོགས་པ་རྣམས་སོ་ཞེས་པས་མ་ནིན་འོ། །མེའི་ཤུལ་ནག་པོར་འགྲོ་བས་ཏནུ་ལམ་ནག་གོ། །འདིའི་འོད་འབར་བ་སྐྲ་དང་འདྲ་བས་ན་འབར་བའི་སྐྲ་ཅན་ནོ། །ཕྱི་མ་བརྡྷལ་མིན་པའི་བསྡུ་བའི་ཞེས་པས་ཥ་ཉིད་དོ། །ཐུན་དང་པོ་ལ་སྦྱིན་སྲེག་ལ་སོགས་པ་བྱེད་པས་སྔ་དྲོ་སད་ཅེས་
བྱ་སྟེ། །ཨིཀ་མཐའ་ཉེ་ལས་ཀའོ། །ཤུཥྨཱ་སཏྤཱ་དིཥྛ་ཧར་ལ་སོགས་པ་རྣམས་སོ་ཞེས་པས་རེ་ཕའོ། །བརྟེན་པ་ཟ་བར་བྱེད་དོ་ལ་ལས་ལ་ཨཎའོ། །ཤུ་ཙི་རྐེ་ཤ་ཀྲྀ་ཤ་ཕྲ་མོར་བྱེད་པ་ལའོ། །ཏཱ་ལ་བྱཱནྟ། །ཧྲྀཥི་ཤུ་ཙི་ཥྐེས་ཀྲྀཥི་རྣམས་ལས་ཀུན། །སུམ། །ཨ་ནུ་ཀ་རྣམས་སོ་ཞེས་པས་
ཀྲྀ་ཨྭ་ནུ་ཀའོ། །ཨུཥ་བསྲེག་པ་དང་བུདྷ་རྟོགས་པ་གཉིས་ལ་པཱུན་ཏི་ལ་ཞེས་བས་ཎྭུ་ལའོ། །ཨ་ནནྟི་ཛཱི་བནྟི་ལ་བྲྀ་ ཨུ་ཥ་རྦུ་དྷཿ ཥ་ལ་སོགས་པ་རྣམས་འགའ་ཞིག་ལས་སོ་ཞེས་པས་ཀ་ལའོ། །རོ་ཧི་ཏ་ནི་དམར་པོ་སྟེ་འདིའི་རྟ་དམར་པོའོ། །དེ་ལྟར་ཡང་། །ཤཱ་ལི་ཧོ་ཏྲ་ལས། །ཆུ་ལྷ་ཡི་ནི་དཀར་པོའི་མདོག། །
ཤཱ་ནུ་ཆུང་གྱེད་ལུས་ངན་གྱི་ནི་ཀུ་མུད་མཚུངས། །མེ་ལྷའི་ཀི་མ་ཤུ་སྨིན་བྱེད་པཱ་བཱཀ་ག་ཡི་འོད། །དེ་བཞིན་རླུང་ལྷའི་སྣ་ཚོགས་མདོག། །ཅེས་བཤད་དོ། །རླུང་གི་འཚོ་བྱེད་ཨན་ལ་གྲོགས་པོ་འདི་ཡིན་པས་རླུང་གི་གྲོགས་ཏེ། །རྀ་ཨུ་ཤ་ནས་ཞེས་པས་ཨ་ནངའོ། །གཙུག་ཕུད་ཅན་ནི་འབར་
བའོ། །ཨང་སྔོན་མའི་ཤུ་ཥི་ལས་ནང་གི་དོན་དུ་གྱུར་པ་ལས་ས་ནནྟ་ལས་ཨུཎ་ལ་སོགས་པ་རྣམས་མང་པོར་ཞེས་པས་ཞེས་པས་ཨིནའོ། །རྩ་རྣམས་ཡོངས་སུ་ཟ་བརྗོད་པར་བྱེད་པས་ན་རྩ་ཟ་ན་ཞེས་དགའ་བྱེད་ཀྱི་སྤྱོད་པར་རོ། །གསེར་གྱི་ཐིག་ལེ་ནི་ཨུ་མའི་དམོད་སཁཱན་པས་དྲག་པོའི་ཐིག་ལེ་ལྟོར་
Vol. 197 · folio 274a
ཆགས་པ་ལས་གསེར་གྱི་མདོག་ཅན་གྱི་གཞོན་དུ་བྱུང་ངོ་ཞེས་རཱ་མཱ་ཡ་ཎའི་སྐབས་ལས་གྲག་གོ། །དེའི་ཕྱིར། མེ་ལྷའི་བུ་ནི་དང་པོ་གསེར་གྱི་མདོག །ཅེས་བཤད་དོ། །བསྲེག་ཟ་ནི་ཡམ་ཤིང་ལ་སོགས་པ་དེས་ཟའོ། །སྲེག་བྱེད་དང་། མཚུན་གྱིས་ཐོབ་བྱེད་ནི་མེ་
ལ་བསྲེགས་པ་རྣམས་ལྷ་དང་མཚུན་གྱིས་ཐོབ་པོ་ཞེས་གྲག་གོ། །ཧ་བྱ། ཀ་བྱ། པུ་རཱིཥ། པུ་རི་ཥྱ་ལས་ཉྱཊའོ། །ཡང་ན་མཚུན་གྱིས་ཐོབ་པར་བྱ་བས་ན་ཝཱཏྱའོ། །འོད་བདུན་ནི་འདི་ལ་མེ་ལྕེ་ཧུ་ཏ་བྷུག་བདུན་ཡོད་པར་བཤད་དེ། ནག་པོ་དང་། ད་ཧན་ཧ་བྱ་བཱ་ཧན་འཇིགས་པར་བྱེད་པ་
དང་། ཡིད་མགྱོགས་དང་། ལེགས་ཕན་དང་། དུ་བའི་མདོག་བཟང་དང་། མེ་སྟག་ཅན་དང་། སྣ་ཚོགས་འོད་ཅན་རྣམས་སུ་མརྐྐ་ཎྜའི་སྔོན་རབས་ལས་བཤད་དོ། །དེ་དག་འོད་ཀྱི་རང་བཞིན་ཡིན་པའི་ཕྱིར་འོད་བདུན་པའོ། །ཉེར་ཞི་ནི་ཚེར་མ་ལ་སོགས་པ་དེས་སྲེག་པ་སྟེ། དམུ་ཉེ་བར་
ཞི་བ་ལའོ། །དུལ་བར་བྱེད་དོ་ལ་ཨུན་ལ་སོགས་པ་རྣམས་མང་པོར་རོ་ཞེས་པས་ཨུན་སིའོ། །མྱ་ངན་བྱེད་ནི་ཁང་ཁྱིམ་དང་ནོར་ལ་སོགས་པ་རྣམས་དེས་ཚིག་ནས་མྱ་ངན་བྱེད་པའོ། །ཤུ་ཙ་ལ། བྷ་དྲ་ལ་སོགས་པ་རྣམས་སོ་ཞེས་པས་རཀའོ། །མེ་ལྕེའི་དབྱེ་བ་ལས་འདིའི་འོད་ཟེར་ནི་
སྣ་ཚོགས་འོད་དོ། །ཀྵུ་བྷྣཱ་ལ་སོགས་པ་ཉིད་ཀྱི་ཕྱིར་ཊ་ཉིད་མེད་དོ། །འོད་ཀྱི་ནོར་ནི་དམུན་འོད་དང་ལྡན་པའོ། །གཙང་བར་བྱེད་དོ་ཞེས་པས་ཨིཀ་མཐའ་ཉེ་ལས་ཀིའོ། །རྒྱ་མཚོ་ཆེན་པོའི་ཆུ་རྣམས་སྐེམས་པར་བྱེད་པ་ལས་འདི་སྐྱེས་པས་ཆུའི་མཁྲིས་པ་དང་འདྲ་བས་ཆུ་མཁྲིས་ཏེ།
དྲུག་པའི་བསྡུ་བ་ལ་ཚིག་ཕྱི་མའི་དོན་གཙོ་བོ་ཉིད་ཡིན་པའི་ཕྱིར་མ་ནིང་ཞེས་པ་འདི་ཉིད་དོ། །བྲང་སྐྱེས་ནི་དྲང་སྲོང་ཨུརྦ་ཞེས་བྱ་བ་སྐྱེ་གནས་ལས་མ་སྐྱེས་པའི་བུ་གཅིག་འདོད་པས་བྲང་གི་སྟེང་དུ་བསྲུབས་པས་དེ་ལ་དྲོད་འབར་ནས་བུ་གཅིག་སྐྱེས་སོ། །དེ་ནི་རྟ་རྒོད་མའི་གཟུགས་ཀྱིས་རྒྱ་མཚོ་ལ་གནས་སོ། །
དེ་བྲང་སྐྱེས་ཀྱང་ཡིན་ལ། དེ་ལས་མེ་སྐྱེས་པས་རྒོད་མ་སྐྱེས་ ཨ་པྤིཏྟི་ཞེས་པ་འདི་ ཞེས་ཀྱང་བྱའོ།།ཤུ་ཙ་ལ་ དྲང་སྲོང་ཨུརྦའི་བུ་བརྒྱུད་ལ། དྲང་སྲོང་། ཀུ་རུ། བྲྀཥྞི། ཨནྡྷ་ཀ་ལ་སོགས་པ་ལས་ཞེས་པས་ཨཎའོ་ ཨཽརྦ། །བཌ་བ་ལ་ལྷག་མ་ལས་ཨཎའོ། །རྒོད་མའི་མེ་ཞེས་པ་རྟེན་དང་བརྟེན་
Vol. 197 · folio 274b
པའི་མཚན་ཉིད་ཀྱི་འབྲེལ་པའོ། །ལྷ་མཆོད་ཅེས་པ་མེ་ལ་མཆོད་སྦྱིན་བྱས་ཤིང་ཕུལ་ན་ལྷ་མཆོད་པར་འགྱུར་རོ་ཞེས་སོ། །གཉིས་ཞེས་པ་ཕོ་མོ་གཉིས་ཀྱི་རྟགས་སོ། །འདི་རྣམས་ནི་མེ་ལྕེ་འབར་བའི་མིང་སྟེ། ཨརྩི་དང་། ཛྭཱ་ལ་དང་། ཀཱི་ལའི་སྒྲ་རྣམས་ཡལ་མེ་དང་འབར་བ་དང་
མེ་ལྕེ་སྟེ་སྒྲའི་བརྗོད་བྱ་བཧྣི་བཞིན་མ་ཡིན་ནོ་སོ་སོར་མཚོན་པར་བྱེད་པའི་དོན་ཏོ། །ཛྭ་ལ་ཏི་ལ། ཛྭ་ལ་ལ་སོགས་པ་རྣམས་སོ་ཞེས་པས་ཡང་ན་ཨཎའོ། །ཀཱི་ལ་འཆིང་བ་ལའོ། །ཨ་ཙའོ། །ཨརྩྱ་ཏ་ལས་ཞེས་པས་ཨརྩྱི། ཧུ། སྲྀ་པི། ཙྪརྡི་རྣམས་ལས་ཨི་སིའོ། །ཉལ་ལྡན་
ནི་མེ་ལྕེ་ཉལ་བ་བཞིན་དུ་སྣང་བའོ། །མོ་ཡིན་ཞེས་པ་ཨརྩི་ལ་སོགས་པ་དང་འབྲེལ་ཏེ། མོའི་རྟགས་ཅན་མཐོང་བས་ལྷན་ཅིག་སྤྱོད་པའི་སྟོབས་ཀྱིས་གཞན་དེ་རྣམས་ཀྱང་མོའི་རྟགས་ཅན་ནོ། །ཡང་མེ་སྟག་དང་མེ་སྐོར་ནི་རྟགས་གསུམ་མོ། །སྤུ་ལ་ཏིའི་དངོས་པོ་ལ། ཨཀ་མཐའ་
ཉེ་ལས་ཀིའོ། །སྥུ་ལིཾ་གཙྪ་ཏི་ཞེས་པས་ཁཊའོ། །སྥུ་ལ་ཏི་ཞེས་པས་ཀྭི་པའོ། །ཨདྒི་ཏི་ཞེས་པས་ཨཙའོ། །ཡང་ན་སྥུ་ལ་ཡང་འདི་ཡིན་ལ་ཨདྒི་ཡང་འདི་ཡིན་པས་ཞེས་པའི་བསྡུ་བའོ། །ཀཎ་ཏི་ཞེས་པས་ཨཙའོ། །རྐང་པ་གཉིས་ནི་མེ་ལས་སྐྱེས་པའི་ཚ་
གདུང་གི་མིང་སྟེ། ཀུན་དུ་གདུང་བར་བྱེད་དོ། །ཀུན་དུ་རིམས་ཀྱིས་འདེབས་པར་བྱེད་དོ་ལ་དངོས་པོ་ལ་གྷཉའོ། །མ་འགྲོ་བ་རྣམས་ཀྱི་ཐུང་དུའོ། །མཉམ་པ་ནི་མཚུངས་པ་སྟེ་དོན་གཅིག་ལའོ་ཞེས་པའི་བར་རོ། །ཚིགས་སུ་བཅད་པ་གཉིས་ཀྱིས་གཤིན་རྗེའི་མིང་ངོ་། །ཉེས་
པ་ཇི་ལྟ་བ་བཞིན་ཆོས་གཙོ་བོར་བྱས་ནས་ཆད་པ་སྦྱིན་པའི་ཕྱིར་ཆོས་ཀྱི་རྒྱལ་པོའོ། །སྔ་མ་བཞིན་ཏ་པ་དང་ཛྭ་ར་ཊ་ཙ་ལ་སོགས་པའོ། །ཕ་གཤིན་ནི་ཕ་མེས་ཤི་བ་རྣམས་སོ། །དེ་དག་གི་ལྷ་ནི་ཀ་བྱ་དང་། བྱིས་པ་དང་། ན་ལ་དང་། ཟླ་བ་དང་། གསོད་བྱེད་དང་། ཆོས་ཀྱི་རྒྱལ་པོ་དང་།
འཆི་བྱེད་རྣམས་ཏེ། དེ་རྣམས་ཀྱི་གཙོ་བོ་ཡིན་པས་བདག་པོའོ། །མཚུངས་འཇུག་ནི་དགྲ་གཉེན་མེད་པ་ལ་རཱ་ཛ་ལ་ཆད་པས་གཅོད་པས་ཏེ། དེའི་ངང་ཚུལ་འདི་ལ་ཡོད་པས་ཎི་ནི་རྐྱེན་བྲྀ་ཏུ་ལ་ནོ། །གཤིན་ནི་ཤི་བ་རྣམས་ཏེ། དེ་རྣམས་ཀྱི་རྒྱལ་པོའོ། །རཱ་ཛ་ཏེ་ལ་ཀྭིསའོ། །པྲཤྩ་
Vol. 197 · folio 275a
སོགས་ལས་ཥ་ཉིད་དོ། །མཐར་བྱེད་ནི་དེས་སྐྱེ་བོ་ཐམས་ཅད་མཐར་འཆི་བར་བྱེད་པས་སོ། །ཆུ་བོ་ཆེན་པོ་ཡ་མུ་ནའི་སྤུན་ཟླའོ་ཞེས་གྲགས་སོ། །ཞི་བྱེད་ནི་དེས་སྲོག་ཆགས་ཐམས་ཅད་མེད་པར་བྱེད་པས་ཏེ། ཤ་མུ་ཉེ་བར་ཞི་བ་ལའོ། །ནནྡི་སོགས་ལས་ལྻུའོ། །གཤིན་རྗེ་
ནི་སྐྱེ་དགུ་རྣམས་ཀུན་ནས་འགོག་པ་རེ་ཏ་རཱཊ་པར་བྱེད་པའི་ཕྱིར་ཏེ་འཆི་བདག་གི་མངག་གཞུག་པ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་རྒྱལ་པོ་སྟེ་ཀྭི་པ་རྐྱེན་ནོ། །དེ་དག་དང་ལྡན་པ་ལས་ཨཪྴས་སོགས་ལས་ཨཙ་སྟེ་ཡ་མའོ། །སྲོག་ཆགས་རྣམས་ཀྱི་ཆོས་དང་ཆོས་མ་
ཡིན་པའི་གྲངས་འདེབས་པར་བྱེད་པ་ལ་ཀ་ལ་ཏི་ལ་གྷཉའོ། །དབྱུག་འཛིན་ནི་དབྱུག་པ་ནག་པོ་དགེ་སྡིག་གི་གྲངས་ཡིག་ཅན་འཛིན་པ་སྟེ། ཨ་ཙ་རྐྱེན་ནོ། །མཚུན་ནི་ཕ་མེས་ལ་སོགས་པ་ཤི་བ་རྣམས་ཡིན་ལ། དེ་རྣམས་ཀྱི་ལྷ་ནི་གཤིན་རྗེ་སྟེ། དེ་ལ་མཆོད་པ་བྱས་པས་གཤིན་རྣམས་
ཀྱིས་ཆ་ཤས་ཐོབ་པོ། །དེ་བཞིན་དུ་ཉི་མའི་བུ་ཞེས་ཀྱང་འབྱུང་སྟེ། བི་ཤྭ་ན་ར་སྟེ་ཉི་མའི་བུ་བརྒྱུད་ལ། ཛི་ཏ་ལས་སྔོན་དུ་ཨཎའོ། །སྲོག་དྷྲིལ་ཆགས་རྣམས་མཐར་བྱེད་པས་ན་ཌ་ལ་རྐྱེན་ནོ། །དེ་རྣམས་ཀྱིས་ལྷོ་ཕྱོགས་གཤིན་རྗེའི་མིང་ངོ་། །ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་
བདེན་བྲལ་སྲིན་པོའི་མིང་སྟེ། སྲུང་བས་ན་སྲིན་པོ་སྟེ། པྲཛྙཱ་སོགས་སོ། །འདི་ལ་རོ་ཟ་བའི་ངང་ཚུལ་ཡོད་པས་ན་ཙྪཏྟྲ་བི་ཤྭ་ན་ར་སོགས་རྣམས་ལས་ཨཎའོ། །རོའི་ཡུལ་ཨནྟ་ཀྲྀ་ལ་ཟ་བའི་ངང་ཚུལ་གྱི་ཉེ་བར་སྤྱོད་པ་ལས་ཀུ་ཎ་པའི་སྒྲ་བརྗོད་དོ། །ཀྲ་བྱ་ནི་ཤ་སྟེ་ཟ་བར་
བྱེད་དོ་ཞེས་པ་ལ་ཀྭི་པ་ཝི་ཙ་ཞེས་པ་ལ་སོགས་པ་རཱཀྵས་ཀྭི་པའོ། །ལས་ལ་ཨཎ་ལ་ཀྲ་བྱཱ་དཿའོ། །བཤད་པ་བྱེད་པས་ཀྱང་ཡང་ན་ཨས་ཀྱི་གཟུགས་ཀྱི་ཆོགས་ཨཎ་འདོད་དོ་ཞེས་པས་དོན་གྱིས་འདི་དག་ཕྱེའོ། །སློབ་དཔོན་རྒྱལ་བ་ཉི་རོ་མའི་ལུགས་ལ་ནི་ཨཏ་མཐའ་མ་ཡིན་
པའི་ཞེས་པས་ཀྭི་པ་གྲུབ་ལ། ཀྲ་བྱ་ལ་ཡང་ངོ་ཞེས་བརྗོད་པས་ཡང་ན་ཨས་ཀྱི་གཟུགས་འགོག་པའི་དོན་ཏོ། །ཀྲ་བྱ་ནི་ཤ་མ་བཙོས་པའམ་ཡང་ན་མི་སྡུག་པའི་རྣམ་འགྱུར་དག་སྟེ་པྲྀ་ཥོ་ད་ར་ལ་སོགས་པ་ཉིད་ཀྱིས་ཀ་བྱ་རུ་བསྒྱུར་བའོ། །ཨ་སྲ་ཁྲག་གོ། །འཐུང་བར་བྱེད་དོ་ལ་བྲལ། པཱ་བཏུང་པ་
Vol. 197 · folio 275b
སོགས་པ་མེད་པ་ལས་ཀའོ། །ཀུན་དུ་རྒྱུ་བར་བྱེད་པ་ན་ཨཱ་ཤ་རའོ། །བྱ་བྱེད་ནམ་ལ་བྱེད་པས་ན་མཚན་མོ་རྒྱུ་དང་། མཚན་མོ་སྤྱོད་དེ་རཱ་ཏྲི་ལས་བྱིངས་ལ་ཡང་ནའོ་ཞེས་པས་ཡང་ན་ནུ་མའོ། །སྣ་ཚོགས་མདོག་ནི་ལུས་ཁྲ་བོ་སྟེ་པྲ་བྲྀ་ཁ་དོག་ལའོ། །མང་པོ་ལས་མ་ཀུ་ར། ད་རྡུར། བི་དྷུ་ར་
རྣམས་སོ་ཞེས་པས་ཨུ་ཨ་སྲ་པ་ར་ཙ་དང་ར་ཨཱ་ག་མ་དག་གོ། །གསོད་པར་བྱེད་ཅིང་འཚེ་བར་བྱེད་པ་ནི་གསོད་རཱ་ཏྲིཉྩ་ར་རཱ་ཏྲི་ཙ་ར་སྟེ་དེའི་བདག་ཉིད་ལས་སྐྱེས་པའོ། །འགྲོ་བྱེད་མཐའ་དག་འཛིན་ཅིང་གསོད་པས་འགྲོ་བ་འཛིན་ནོ། །འདིར་འདུ་ཤེས་ནི་འགྲོ་བའི་སྒྲས་བརྗོད་དེ་ཡཱ་ཏུ་དྷཱ་ན།
མཐར་གནས་པ་ཡ་ཡིག་དང་པོའི་དྷཱཉ་ལས་ལྻུཊའོ། །བསོད་ནམས་སྐྱེ་བོ་ནི་འགལ་བའི་མཚན་ཉིད་ཅན་བསོད་ནམས་དང་མི་ལྡན་པ་ལ་བསོད་ནམས་ཀྱི་སྒྲའོ། །གང་དུ་རང་གི་དོན་ཉེ་བར་གོ་བར་བྱེད་པའི་སྒྲ་འབའ་ཞིག་པ་གཞན་ལ་ཉེ་བར་སྦྱར་བ་འགལ་བའི་དོན་ཉེ་བར་མཚོན་པར་བྱེད་པ་ནི་
འགལ་བའི་མཚན་ཉིད་དོ། །དཔེར་ན་བྱེད་པ་བིཥྚི་ལ་བཟང་པོ་དང་གཟའ་མིག་དམར་ལ་བཀྲ་ཤིས་དང་། བུད་མེད་ཀུན་གྱི་ཁྱོ་ངན་པ་དང་ཕྲད་པ་ལས་ང་བསོད་ནམས་བསགས་པས་ཁྱོད་འདྲ་བའི་ཁྱོ་རྙེད་པ་ཞེས་སྨྲ་བ་ལྟ་བུ་སྟེ། འདིར་བཟང་པོ་དང་བཀྲ་ཤིས་ཀྱི་སྒྲ་དག་བསོད་ནམས་དང་ལྡན་
པ་དང་བཟང་པོ་དང་བཀྲ་ཤིས་ཀྱི་སྒྲ་དག་གིས་བསོད་ནམས་དང་མི་ལྡན་པ་ཡང་ཉེ་བར་མཚོན་པར་བྱེད་དོ། །བདེན་བྲལ་གྱི་ཕྱོགས་ན་ཡོད་པས་ལྷག་མ་ལས་ཨཎའོ། །ཡང་ན་བདེན་བྲལ་གྱི་བུ་བརྒྱུད་ལ་ཞེས་པས་ཨཎའོ། །རྗེས་འཇུག་ནི་སྐྱེ་བོ་མཐའ་དག་གི་རྗེས་སུ་འགྲོ་ཞིང་གླགས་
ཚོལ་བ་སྟེ། ཡཱ་ཐོབ་པ་ལའོ། །ཡཱ་ཏི་སརྦེ་ཥཱཾ་ཞེས་སོགས་ཀྱིས་ཏུའོ། །སྲུང་བ་པ་ནི་སྐྱེ་བོ་རྣམས་དེས་འཇིགས་ནས་སྔགས་དང་རྫས་ལ་སོགས་པས་སྲུང་བར་ནི་རྀ་ཏྱ་ལ་བྱེད་པའོ། །འདི་ལས་བདག་སྲུང་བར་བྱེད་དོ་ལ་ཨ་སུན་འོ། །དེས་ན་ཡུལ་ཅན་གྱིས་ཡུལ་མཚོན་པའོ། །དེ་རྣམས་
ཀྱིས་སྲིན་པོའི་མིང་སྟེ་གཟུགས་ཀྱི་དབྱེ་བ་ལས་མ་ནིང་ཉིད་དོ། །ཚིགས་སུ་བཅད་པ་ཕྱེད་ཀྱི་ས་ཆུ་བདག་གི་ཕྱོགས་སོ། །འདིའི་སེམས་མཆོག་ཏུ་བཟང་བས་ན་མཆོག་སེམས་སོ། །བྲྀ་ཎྭ་ནྟིའི་བར་ནི། འདིས་ལྷས་མཆོག་བ་རུ་ཎ་བྱིན་པས་མཆོག་གི་དོན་ཅན་ཏེ། བྱིངས་ལས་བྲྀ་ནི་མཆོག་
Vol. 197 · folio 276a
ལ་བཤད། །དེ་ཕྱིར་དཱེ་ནི་མཆོག་ཏུ་བརྗོད་ཅེས་སམྦའ་སྔོན་རབས་ལས་སོ། །ཡང་ན་བྲྀ་ནོ་ཏི་འཛིན་པར་བྱེད་པ་སྟེ། ཀྲྀ། བྲྀ། ཏྲཱྀ། དཱ་རྀ། ཨ་རྫི་ལས་ཨུ་ནནའོ། །རྟག་ཏུ་སྦྲུལ་གྱི་ཞགས་པ་འཛིན་པས་སྦྲུལ་ཞགས་ཅན་ནོ། །ཆུ་ལ་གནས་པའི་སྐྱེ་བོ་མཐའ་
དག་གི་བདག་པོའོ། །རྒྱ་མཚོའི་གཞི་ཡིན་པའི་ཕྱིར་ཆུ་བདག་གོ། །དེ་རྣམས་ཀྱིས་ནུབ་ཀྱི་ཕྱོགས་སྐྱོང་གི་མིང་ངོ་། །བ་རུ་ཎ་ ད་ནི་ཚིགས་སུ་བཅད་པ་གཉིས་ཀྱིས་ནུབ་བྱང་གི་ཕྱོགས་སྐྱོང་རླུང་བརྗོད་པར་བྱ་སྟེ། འདིས་དབུགས་འབྱིན་པས་ན་དབུགས་འབྱིན་ཏེ། ལྻུ་ཊའོ་ཤྭ་ས་ལ། །གྲང་དྲོ་
ལ་སོགས་པའི་རེག་བྱ་དང་ལྡན་པས་རེག་ལྡན་ཏེ། ལྻུཊའོ། འགྲོ་བར་བྱེད་དོ་ལ། ཀྲྀ། བཱ། པ། ཛི། མི། སྭ་དི། སཱ་དྷི། ཨཱ་ཤུ་རྣམས་ལས་ཨུཎའོ། །ཨཱཏ་ལས་ཨཎ་ཨལ་ལ་ཡུཀའོ། །མ་མོས་འཕེལ་ནི་ཚངས་མ་ལ་སོགས་པ་ཤྭས་ན་མ་མོ་བདུན་ཤྭས་ལ་ཡོད་པའི་
གནས་ནས་འཕེལ་ལོ་ཞེས་འབྱུང་ངོ་། སྤརྵ་ན་སྤྲྀ་ཤ་ལ་ཌུ་ཨོ་ཤྭི་འཕེལ་བའི་བྱིངས་ལས་ཤྭ་ལ་སོགས་པ་རྣམས་སོ་ཞེས་པས་ཀ་ནིན་ཚིག་ཕྲད་དེ་རླུང་དུ་གྲུབ་ནས་མི་སྡོད་པས་རྟག་ཏུ་འགྲོ བཱཡུ་ མཱ་ཏ་རི་ཤྭ་བའོ། །བབྷྲཱུ་ནི་ཁ་དོག་སྟེ། པྲྀཥ་ཏ་ཅེས་བྱའོ། །འདི་ནི་རྟ་སྲེ་སྟེ། དཀར་པོ་དང་དམར་
པོ་དང་སེར་པོ་གསུམ་དང་ལྡན་པའི་ཁ་དོག་གོ། །དེ་སྐད་དུ་སྔར། མེ་ལྷའི་ཀིཾ་ཤུ་ཀ་ཡི་མདོག །དེ་བཞིན་རླུང་ལྷའི་སྣ་ཚོགས་མདོག །ཅེས་བཤད་དོ། །དྲིའི་བཞོན་པ་ཡིན་པས་དྲི་བཞོན་ཏེ། བ་ཧ་ཏི་ལས་ཨ་ཙའོ། །མིང་ལ་ཡང་བ་ཧ་སྟེ། ནམ་མཁའ་ལ་མྱུར་དུ་འགྲོ་བའི་ཕྱིར་བ་ཧ་ཞེས་རིན་ཆེན་མཛོད་
དུའོ། །དྲི་ཐོབ་པར་བྱེད་པས་ན་ལས་ལ་ཨཎའོ། །སྠི་རལ་སོགས་པ་རྣམས་སོ་ཞེས་པས་ཀིཙའོ། །ཨ་ནི་ལ། རླུང་སྟེ། ཀ་པི་རི་ཀ་ལ་སོགས་པ་རྣམས་སོ། །ཨ་ཤུ་མྱུར་བའོ། །གཙྪ་ཏི་ལཊའོ། ཨིར་འགྲོ་བ་ལའོ། །ས་རླུང་མཱི་ར་ཞེས་པས་ཨཙའོ། །མྲྀ་ལས་ཨུ་ཏིའོ། །མ་རུ་ཏ། །
རླུང་གི་ལྷ་ནི་མཱ་རུ་ཏ། པྲཛྙཱ་སོགས་སོ། །འགྲོ་བའི་སྲོག་ཅེས་པས་མིང་གཞིས་ཏེ། ཨ་ན་ལ་རླུང་རྒྱད་པེ་ལ་ཚིགས་བཅད་གཅིག་སྣང་། ནི་འགྲོ་ཕྱིར་འགྲོ་བ་སྟེ། །སྙིང་ལ་གནས་མྱུར་འགྲོལ་ཕྱིར་སྲོག་ཅེས་བསྒྲགས། །ཞེས་དྲག་པོས་སོ། །གམ་ལས་གཉིས་དག་ཀྱང་ངོ་ཞེས་རླུང་
Vol. 197 · folio 276b
བས་ཀྭི་པའོ། །མང་པོ་ལས་ཨུཀ་ཨིཏ་བྱ་བ་ཉིད་དོ། །གམ་ལ་སོགས་པ་རྣམས་ཀྱི་ཀྭི་པ་ལའོ་ཞེས་པས་མ་དབྱིའོ། །ཛ་གན། ཛ་གནྟཽ། པྲ་ནིནྟ་ལ་འདིས་གྷཉའོ། །ཨ་ན་ལས་ཨནྟ་ལ་ཡང་ངོ་ཞེས་པས་ཎ་ཉིད་དོ། །འགྲོ་བ་རྣམས་ཀྱི་སྲོག་ཡིན་པས་ན་འགྲོ་བའི་སྲོག་ཅེས་ཡང་དག་པར་
སྦྱར་ཏེ་བལྟ་བར་བྱའོ། །ས་མི་ར་ལ་གཡོ་བའི་ངང་ཚུལ་གྱི་སྒྲའི་དོན་ལ་ལས་མེད་པ་ལས་ཡུཙའོ། །དེ་ནས་མཁའ་ལ་ཡོད་པའི་རྗེ་བོ་ཉིད་ཀྱི་ཕྱིར་མ་ཏུ་སའོ། །ཡང་ན་སྒྲ་ནི་ནམ་མཁའི་སྟོབས། །དེ་བཞིན་པུ་རི་ཤར་བྱེད་དོ། །ཞེས་རླུང་གི་སྔོན་རབས་ལས་སོ། །དེ་འདི་ལ་ཡོད་པ་མ་
ཏུའི་དོན་ལའོ། །བཱ་ཏི་ཞེས་པ། གཱཏ་ལས་མརྟ་བནྟ་ནའོ། །པུ་ནཱ་ཏི། པྲབྷ་པ་མཱིར་ཎ་ནགྣི་དང་། །པ་བན། པྲ་བྷཉྫ་ན་རབ་འཇོམས་དག་ནི། ནནྡི་སོ་མི་ལ་སོགས་སོ། །བྷུ་ལ་སོགས་པ་པཱུང་ལས་ཤཱ་ན་ཙའི་རྐྱེན་ལས་གང་ལྡན་ནམ་དག་བྱེད་བ་མཱ་ནའོ། །ལུས་ལ་གནས་པའི་རླུང་གི་གནས་དང་བྱ་བའི་དབྱེ་བས་སྲོག་ལ་
སོགས་པའི་མིང་ཅན་ཐ་དད་པ་རྣམ་པ་ལྔ་སྟེ། དེ་སྐད་དུ། སྙིང་གར་སྲོག་སྟེ་བཤང་ལམ་དུ། །ཐུར་སེལ་དག་བྱེད་རབ་འཇོམས་མཉམ་གནས་ལྟེ་བའི་དབུས། །གྱེན་རྒྱུ་མགྲིན་པའི་ཕྱོགས་སུ་སྟེ། །ཁྱབ་བྱེད་གང་ལྡན་ན་མདག་བྱེད་ལུས་ཀྱི་ཚིགས་ཀུན་ལའོ། །དེ་ལ་སྲོག་ནི་ཟས་ལ་རབ་ཏུ་འཇུག་
པ་ལ་སོགས་པ་བྱེད་དོ། །ཐུར་སེལ་ནི་བཤང་བ་དང་གཅི་བ་དང་ཁུ་བ་རྣམས་ཐུར་དུ་སེལ་བར་བྱེད་དོ། །མཉམ་གནས་ནི་ཟས་སྨིན་པ་ལ་སོགས་པ་བྱེད་དོ། །གྱེན་རྒྱུ་ནི་སྨྲ་བ་དང་གླུ་ལ་སོགས་པ་བྱེད་དོ། །ཁྱབ་བྱེད་ནི་རྡུལ་དང་ཁྲག་འབྱུང་བ་དང་མིག་འབྱེད་འཛུམས་ལ་སོགས་པ་བྱེད་དོ་
ཞེས་སོ། །འདིས་མཐར་ཟས་ལ་སོགས་པ་ལ་རབ་ཏུ་འཇུག་པས་རབ་ཏུ་འགུགས་བྱེད་དོ། །འདིས་མཐར་བཤང་བ་དང་གཅི་བ་ལ་སོགས་པ་འདོར་བའི་ཕྱིར་འོག་ཏུ་ཐུར་སེལ་ལོ། །འདིས་མཐར་ཟོས་པ་སྨིན་པར་བྱེད་པའི་ཕྱིར་མཉམ་གནས་སོ། །འདིས་མཐར་སྨྲ་བ་ལ་སོགས་
པའི་ནུས་པ་སྐྱེད་པར་བྱེད་པའི་ཕྱིར་སྟེང་དུ་གྱེན་རྒྱུའོ། །འདིས་མཐར་རྡུལ་དང་ཁྲག་ལ་སོགས་པ་འབྱིན་པར་བྱེད་པའི་ཕྱིར་ཁྱད་པར་དུ་ཁྱབ་བྱེད་དོ། །ཐམས་པྲླཎ་ཨ་པ་ན་བ་མཱ་ན་ཨུ་ད་ན་བྱཱ་ན། ཅད་ལ་གྷཉ་རྐྱེན་ནོ། །མྱུར་དུ་འགྲོ་བ་ལ་སོགས་པའི་རླུང་སྟེ། ཆོས་ཉིད་ཀྱིས་རྟག་ཏུ་གྲགས་
Vol. 197 · folio 277a
པས་ན་དེའི་རིམ་པ་བརྗོད་པར་བྱ་སྟེ། དེ་ལ་མགྱོགས་པ་ནི་ཤུགས་སོ། །ཐམས་ཅད་ལ་བྱེད་པའི་སྒྲུབ་པའོ། །སྐྱོད་བྱེད་ཅེས་པ་ནས་ཤུགས་འགྲོ་ཞེས་པའི་བར་ལྔ་ནི་རྒྱུག་པའི་མིང་ངོ་། །དེ་ནས་ཞེས་པ་ནི་ཨ་ཐའི་དོན་ཏོ། །མྱུར་བ་དང་མགྱོགས་པ་དང་ལ་གོར་
དང་སྐྱེན་པ་དང་ཡུད་ཙམ་དང་ཅིག་ཅར་དང་མི་ཐོགས་པ་དང་དེ་མ་ཐག་པ་དང་སྐད་ཅིག་མ་དང་མི་འགོར་བ་དང་དར་ཙམ་མོ་ཞེས་པ་འདི་དག་གིས་མྱུར་བའི་སྤྱི་ཙམ་བསྟན་ནོ། །ཧ་རི་འགྲོ་བ་ལའོ། །ཨ་སུནའོ། །རཾ་ཧ། ཏ་རནྟི་ལ་འདིས་ཨ་སུནའོ། །ར་ཡ་འགྲོ་བ་ལ་གྷའོ། །ཡང་ན་རི་
ཉན་པ་ལའོ། །སྱ་དའི་རྒྱུག་པ་ལ་ཞེས་པས་གྷཉ་ལ་ཚིག་ཕྲད་ལས་སྱནྡའི་སྱ་དའོ། །ཛུ་ཞེས་པ་མདོའི་བྱིངས་ལ་ཤུགས་བརྗོད་པ་ལ་ཛུ་ཙམ་ཀྲ་མྱ་ཞེས་འདིར་བཀླགས་ཏེ། རྀཏ་ཀྱི་ཨུཏ་ཀྱི་ཨསའོ། །ཨ་ཤུའི་མཐར་ཐུག་པ་ནི་མྱུར་བའི་མིང་སྟེ་མྱུར་བ་དང་མགྱོགས་པའི་དབྱེ་བའོ། །
ཤུགས་དང་བཅས་པས་འགྲོ་བ་བརྗོད་པ་ནི་མགྱོགས་པ་ལ་སོགས་པའོ། །མྱུར་བ་ལ་སོགས་པ་ནི་ཆོས་བརྗོད་པའོ། །དེ་ཡང་ཤཱི་གྷྲཾ་པ་ཙ་ཏི། ཤཱི་གྷྲཾ་གཚྪ་ཏི་ཞེས་པ་རབ་ཏུ་སྦྱོར་བར་འགྱུར་གྱི། ཛ་བཾ་གཙྪ་ཏི། ཛ་བཾ་པ་ཙ་ཏི་ཞེས་པ་མ་ཡིན་ནོ། །བྷ་དྲ་ལ་སོགས་པ་རྣམས་སོ་ཞེས་པས་ཤཱིང་
ལས་རཀ་དང་། གྷུཀ་ཨཱ་ག་མ་ཡང་ངོ་། །ཡང་ན་ཤིང་ལས་ཀྭིབ་དང་། མལ་དུ་ཉལ་བ་ལ་ཛིགྷ་ཏི་ཞེས་པས་ཀའོ། །ཏྭ་ར་ཀུན་དུ་འཁྲུལ་པ་ལའོ། །འགྲོ་བའི་དོན་དང་ལས་མེད་པ་ལ་ཞེས་པས་མང་པོ་ལས་དུས་དང་ཐུན་མོང་བ་ལ་ཀྟའོ། །རཱུ་ཥྵ་ཧྲི་ཥཱ་མ་ར་ཏྭ་ར་སཾ་གྷུཥཱ་ལས་སྲ་ན་
ལས་སོ་ཞེས་པས་ཤཱཾ་གྷྲཾ ཡང་ན་ཨཊའོ། །ཤ་ཀུ་ལ་སོགས་པ་རྣམས་སོ་ཞེས་པས་ར་གྷི་ལས་ཀུའོ། །ལ་གྷུཿཀ་པི་རི་ཀ་ལ་སོགས་པ་རྣམས་སོ། །རུ་དྲ་བཞིན་དུ་ཀྵི་པ་ལ་རཀའོ། །རྀ་སྲྀ་འགྲོ་བ་ལའོ། །ཨི་ཡནྟི་ཞེས་པས་ཨཙའོ། །སྭ་རིཏ །ལྷན་ཅིག་མྱུར་བར་འཇུག་པས་ས་ཏྭ་རཾ་
སྟེ། ས་ཧའི་ས་རུ་བསྒྱུར་ཏེ་གཞན་དོན་གྱི་བསྡུ་བའོ། །ཙུ་པ་དལ་བར་འགྲོ་བ་ལའོ། །བྲྀ་ཥ་སོགས་ཉིད་ཀྱི་ཕྱིར་ཀ་ལའོ། །མང་ཀྵ་པྲི་པོ་ལས་ཨུཏ་ཀྱི་ཨཏ་ཉིད་ཀྱང་ངོ་། །ཟ་བ་ལ་མི་ཐོགས་པ། །ཛྭ་ར་ཏྭ་ར་ཞེས་པས་ས་ཧ་ཨུ་ཋ་འོ། །ར་དཱ་ཏུ་ཏ། །ཅིག་ཅར་
Vol. 197 · folio 277b
བོ་ཏོ་ད་ཥྩ་ཞེས་པས་ན་ཉིད་དོ། །ཏཱུརྞཾ། །མི་འགོར་བ་དང་མི་ཐོགས་པ་ལ། ལ་བི་འགྲོ་བ་ལ་ཀྟའོ། །ཀྲྀ། ཝཱ། པཱ། ཛི། ཞེས་པས་ཨ་ཤྣཱ་ཏི་ལས་ཨུ་ཎའོ། །ཨཱ་ཤུ། ཀུན་དུ་ཞེས་པ་ནས་རེས་འགའ་མིན་ཞེས་པའི་བར་གྱིས་རྟག་ཏུ་རྒྱུན་དུ་བའི་མིང་ངོ་། །སཾ་ཏ་ཏེ་ནི་ཀུན་ཏུ་
སྟེ། སཾ་ཏ་ནི་ཏི་ལས་ཀྟའོ། །གང་དམ་ཐག་ལས་འགྲོ་བ་ལ་ཡང་ནའོ་ཞེས་པས་ ཨ་བི་ལ་མྭིཏ་ ཌའི་དངོས་པོའོ། །མཐའ་དག་ལ་ཞེས་པས་ནི་དབྱི་བ་ཡང་ནའོ། །རྒྱུན་ དེར་ཙམ་ དུ་ནི། ཨ་ནཱ་ར་ཏཱ། བི་ར་ཏ། ན་བར་ཏཱ་སྟེ། བྱེད་པ་པོའི་མཐས་ན་ཉའི་བསྡུ་བའོ། །ཨཱང་ལ་སོགས་པ་
སྔོན་དུ་ཡོད་པའི་ར་ནི་ངལ་བསོ་བའི་དོན་ཏེ། དེ་ལྟར་འདྲེས་པའི་སྡེ་ཚན་ལས་ཨཱ་ར་ཏི། ཨ་བ་ར་ཏི། སི་ར་ཏི། ཨུ་པ་ར་ཏི། ཨུ་པ་ར་མེ། ཞེས་འཆད་དོ། །འདི་ལ་ངན་པ་མེད་པས་ངན་མེད་དོ། །ཕུལ་དུ་བྱུང་བ་ནི་ཨ་ཏི་ཤ་ཡ་ཏེ། ཨེ་ར་ཙའོ། །བྷྲྀ་བརྒྱད་བཀག་ལའོ། །ཀྲཱྀ་
སོགས་སོ། །དངོས་པོ་ལ་རྀཏ་ཀྱི་ཨུཏ་ཀྱི་ཨ་པའོ། །དུས་དང་ཆོས་ལུགས་དང་རིམ་པར་གནོན་པ་དང་ཤིན་ཏུ་དྲག་པོ་ལ་པྲ་ལ་སོགས་པའི་བསྡུ་བའོ། །དེ་ལྟར་ཤིན་ཏུ་ནི་ཙམ་གྱི་དོན་ཏེ་ཙམ་ནི་ཅུང་ཟད་དོ། །ཡང་ན་དོན་ངེས་པར་འབྱེད་པའི་ཡུལ་ལའོ། །བྷྲྀ་ཤུ་བྷྲཾ་ཤུ་འོག་
ཏུ་ལྟུང་བ་ལའོ། །བྷྲྀ་ཤྱ་ཏི་ནྱ་ཀ་བྱེད་དོ་ལ་ཨིཀ་མཐའ་ཉེ་ལས་ཀའོ། །གཱ་ཧུ་ལས་ཀྟའོ། །ཨུདྒཱ་ཌྷཾ། བྷ་དྲ་ལ་སོགས་པ་རྣམས་ཉིད་ལས་ཏཱི་བ་ལ་ཨི་ར་ནའོ། །ཨེ་ཀོནྟོ་ཏྲ། ཏ་མུ་འདོད་པ་ལ་ཀ་ཏའོ། །ཉམ་ལས་ཀིཏ་ལ་ཞེས་པས་རིང་པོའོ། །མའི་ན་ཡང་ངོ་ཞེས་པས་
མའི་ན་ཉིད་དོ། །སེམས་ནི་རྫོགས་སོ། །དེ་ལས་བཟློག་པ་ནི་ཆོས་ཙམ་ལ་འཇུག་པ་བརྟན་པའི་མཐར་ཐུག་པར་ཤྲཱྀཾ་གྷྲཾ་ལ་སོགས་པ་ནི་མ་ནིང་ངོ་། །ཕུལ་དུ་བྱུང་བས་འཚེད་པར་བྱེད་ཅེས་པ་ནི་སྔ་མ་བཞིན་བྱེད་པ་པོ་ལ་ཨ་ཙའི་མཐའ་ཅན་བྱ་བའི་ཁྱད་པར་བརྗོད་པའོ། །མྱུར་དུ་
ཟ་བ་དང་། རྟག་ཏུ་སྦྱིན་སྲེག་བྱེད་པ་དང་རྟག་ཏུ་དགའ་བར་བྱེད་པ་ཞེས་པ་རྣམས་ནི་བྱ་བའི་ཁྱད་པར་གྱི་ཕྱིར་མ་ནིང་ཉིད་དུ་གྲུབ་པོ། །དེ་ལྟར་ཕུལ་ཕྱིན་ཞེས་པ་ནས་བརྟན་པོས་ཀྱང་ཞེས་པའི་བར་གྱིས་ཤིན་ཏུ་བའི་དོན་ཏེ། ཡང་དང་ཡང་དུ་གོང་ནས་གོང་དུ་ཤིན་ཏུ་བྱ་བའི་དོན་ཏོ། །
Vol. 197 · folio 278a
སེམས་མེད་པའི་མྱུར་བ་ལ་སོགས་པ་ནི་མ་ནིང་གི་རྟགས་ཅན་ནོ། །སེམས་ཡོད་པའི་མྱུར་བ་ལ་སོགས་པ་ནི་རྟགས་གསུམ་ཀར་འགྱུར་རོ། །མགྱོགས་པ་ལ་སོགས་པ་ཐམས་ཅད་ཀྱང་རླུང་དུ་བསྡུས་ནས་བཤད་དོ། །ཚིགས་སུ་བཅད་པ་གཉིས་ཀྱིས་ལུས་
ངན་པོ་བྱང་ཕྱོགས་ཀྱི་ཕྱོགས་སྐྱོང་བཤད་དོ། །ལུས་ངན་པོ་ནི་རྐང་པ་གསུམ་དང་མཆེ་བ་བརྒྱད་དང་ལྡན་པ་ཤིན་ཏུ་འཇིགས་ཤིང་མི་སྡུག་པའོ། །ཀུ་ནི་ངན་པ་མཚོན་པར་བྱེད་པའི་སྒྲའོ། །བེེ་ར་ནི་ལུས་ཏེ། འདིའི་མིང་ནི་ལུས་ངན་ནོ་ཞེས་རླུང་གི་སྔོན་རབས་ལས་སོ། །མིག་གསུམ་
ནི་དབང་ཕྱུག་ཆེན་པོ་སྟེ། དེས་དཀའ་ཐུབ་དང་བརྟུལ་ཞུགས་སྤྱད་པ་བཞིན་དུ་ལུས་ངན་པོས་ཀྱང་དཀའ་ཐུབ་དང་བརྟུལ་ཞུགས་སྤྱད་པས་མིག་གསུམ་པ་འོངས་ཏེ་བདག་དང་དཀའ་ཐུབ་མཚུངས་པས་འོ་སྐོལ་གཉིས་གྲོགས་པོ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་མིག་གསུམ་གྲོགས་
ཞེས་གྲགས་སོ། །སྔ་མ་བཞིན་ཊཙ་ལ་སོགས་པའོ། །གནོད་སྦྱིན་མཐའ་དག་གི་རྒྱལ་པོ་སྟེ། རཱ་ཛ་ཏེ་ལ་ཀྭི་པའོ། །གསང་བ་པ་ནི་གཏེར་སྦེད་པར་བྱེད་པ་སྟེ་དེ་རྣམས་ཀྱི་བདག་པོའོ། །མིའི་ཆོས་ལྡན་ནི་བྱ་བྱེད་དང་ཀུན་སྤྱོད་མི་དང་མཐུན་པའོ། །ནོར་རྣམས་ཤིན་
ཏུ་བསྲུང་ཞིང་སྟེར་བར་བྱེད་པས་ནོར་སྦྱིན་ཏེ། དཱ་ལ། པྲ་ལ་སོགས་པ་མེད་པ་ལས་ཀའོ། །གནོད་སྦྱིན་གྱི་བདག་པོ་ཡིན་པའི་ཕྱིར་རྒྱལ་པོའི་རྒྱལ་པོ་སྟེ། རཱ་ཛ་གནོད་སྦྱིན་དང་རྒྱལ་པོ་ལ་ཡང་འགྱུར་རོ་ཞེས་སྐབས་གསུམ་གྱི་ལྷག་མ་ལས་སོ། །སྔ་མ་བཞིན་ཊཙའོ། །
གཏེར་གྱི་བདག་པོ་དང་མི་འམ་ཅིའི་བདག་པོ་ཞེས་ཀྱང་བྱའོ། །དྲང་སྲོང་རྣམ་ཐོས་ཞེས་པའི་བུ་ཡིན་པས་རྣམ་ཐོས་བུ་སྟེ། བི་ཤྲ་བ་ཎའི་སྒྲ་ལས་ཤི་བ་ལ་སོགས་རྣམས་ལས་ཨཎའོ། །འདིའི་མེས་པོ་ནི་དྲང་སྲོང་འོད་ཡངས་ཏེ། དེས་ན་འོད་ཡངས་ཚ་བོའོ། །བུ་ལ་མ་ཧ་ལ་ཀྭི་བའོ།
ཨ་ས་འབར་བ་དང་གཉིས་ཀ་བྷཱུ་སོགས་ཀྱི་ཁྱད་པར་གྱི་ཚིག་གོ། །དེ་ལྟར་ཡང་། ཨས་འགྲོ་བ་དང་འབར་བ་དང་སྦྱིན་པ་རྣམས་ལའོ། །བུད་མེད་ལ་ཀནྟིའོ། །འདིའི་འོད་ཡངས་ཤིང་ནང་གསལ་བས་ན་འོད་ཡངས་ཏེ། དེའི་བུ་བརྒྱུད་ལ་གརྒ་སོགས་ལས་ཡཉའོ། །མི་
Vol. 197 · folio 278b
ལ་ཞོན་ནི་དབང་ཕྱུག་གིས་འདི་ལ་ལིངྒ་འདོགས་པའི་མི་ཞིག་བྱིན་ཏེ། དེ་ནས་མི་ལ་ཞོན་ཞེས་གྲགས་སོ། །ཡཀྵ་ཆོད་པ་ལའོ། །ཙུ་ར་སོགས་པའི་ལྷག་མའོ། །ལས་ལ་གྷཉའོ། །མིག་སྐྱ་ནི་རྣམ་ཐོས་སྲས་ཀྱིས་གཽ་རཱི་ཤིན་ཏུ་གཟུགས་བཟང་བ། མཐོང་ནས་དེ་ལ་ཆགས་
ཤིང་བལྟས་པས་དེའི་འོད་ཀྱིས་མིག་ཕྱིད་ཅིང་ཆུད་ཟོས་པས་དྲག་པོ་ན་རེ་དེ་ལྟར་མ་བྱེད་ཅིག་ཟེར་ནས་མིག་དམར་སྐྱར་ཡོད་པར་བྱས་སོ་ཞེས་པ་སྔོན་རབས་ཀྱི་གཏམ་མོ། །ཨེ་ལའི་རྒྱུད་ནི་དྲང་སྲོང་འོད་ཡངས་ཀྱི་ཆུང་མ་དྲང་སྲོང་རྩའི་ཐིག་ལེའི་རྒྱལ་པོའི་བུ་མོ་ཨི་ལ་བི་ལ་ཞེས་བྱ་བ་དེའི་ཚ་
བོའོ། །དེའི་བུ་བརྒྱུད་ལ་ན་དཱི་མཱ་ནུ་ཥི་རྣམས་ཀྱིའོ་ཞེས་པས་ཨཎའོ། །དཔལ་སྟེར་ནི་ལོངས་སྤྱོད་རྣམས་སྦྱིན་པར་བྱེད་པ་སྟེ་ཀའི་རྐྱེན་ཅན་ནོ། །བསོད་ནམས་སྐྱེ་བོ་ནི་སྲིན་པོ་སྟེ་དེ་རྣམས་ཀྱི་དབང་ཕྱུག་གོ། །དེ་རྣམས་ཀྱིས་རྣམས་ཐོས་སྲས་ཀྱི་མིང་ངོ་། །དེའི་ཞེས་པ་ནི་མེ་ཏོག་ཅན་
ཞེས་པའི་བར་ལ་འབྲེལ་ལོ། །སྣ་ཚོགས་ཤིང་རྟ་དེ་ཡི་ཚལ། །ཞེས་པ་ནི་དེའི་སྐྱེད་མོས་ཚལ་ཏེ། དྲི་ཟའི་རྒྱལ་པོ་སྣ་ཚོགས་ཤིང་རྟ་ཞེས་བྱ་བས་བྱས་པའོ། །ཨཎའི་རྐྱེན་ནོ། །དེའི་བུ་ནི་ན་ལ་ཀཱུ་བ་ར་ཞེས་པ་སྟེ་དཔལ་མོས་མཚན་པའམ་ཕུན་སུམ་ཚོགས་པས་བརྒྱན་པའོ། །
ན་ལ་ནི་མིའི་བདག་པོའི་དབྱེ་བ་ན་ཌའོ། །ཀཱུང་སྒྲ་ལའོ། །སམྤད་ལ་སོགས་པས་ཀྭིཔའོ། །དེས་འཛིན་པར་བྱེད་མངོན་པར་དགའ་བར་བྱེད་དོ་ལ་གྲ་ཧ། བྲྀ། ཏྲྀ་ཞེས་པས་ཨ་སའོ། །ཙ་ཏྲ་ར་ཐ་ ན་ལ་ཀཱུ་བ་རཿ རྩེ་བའི་གནས་དང་གྲོང་ཁྱེར་ནི། །མཁའ་གནས་མེ་ཏོག་ཅན་ཡིན་ནོ་
ཞེས་བྱ་སྟེ། འདིར་རྩེ་བ་ལ་རབ་ཏུ་སྦྱོར་བས་རྩེ་བ་ནི། ཙུ་ཌ་ལ་སོགས་པ་རྣམས་སོ་ཞེས་པས་ཨཎའོ། །འདིར་གནས་པར་བྱེད་པས་གནས་ཏེ། གནས་ཀྱང་འདི་ཡིན་ལ་ བྲྀལ་ རྩེ་བ་ཡང་ཡིན་པས་རྩེ་བའི་གནས་སོ། །སྦྲུལ་ནག་པོ་བཞིན་རྟག་ཏུ་ཁྱད་པར་གྱི་བསྡུ་བའོ། །ཨ་ལ་རྒྱན་
ལའོ། །ཀྭན་འོ། །ཨ་ལ་ཀཱ། ཀྵི་པ་ཀཱ་ལ་ཀཻ་ལ་སོགས་པ་ཉིད་ཀྱི་ཕྱིར་ཨི་ནི་མེད་དོ། །པུཥྤ་རྣམ་པར་རྒྱས་པ་ལའོ། །ཀྭནའོ།། ཨཱས་ མིའམ་ཅི་དང་རྟའི་གདོང་ཅན་དང་མ་ཡུ་ཞེས་པ་རྣམས་རིན་ཆེན་མཛོད་བི་ཁཱ་ལ་ལས་རྣམ་གྲངས་སུའོ། །མི་འམ་ཅི་ནི་མི་དང་ཅུང་ཟད་འདྲ་བའོ། །སྐྱེས་
Vol. 197 · folio 279a
བུའམ་ཅི་ནི་མི་ཡང་མ་ཡིན་པའོ། །རྟའི་གདོང་པ་ཅན་ཞེས་པ་ནི། འགའ་ཞིག་ཕོ་རྟའི་གདོང་པ་ཅན་དང་། མོ་མིའི་གདོང་པ་ཅན་ལ་ལུས་པོ་རྟའི་དབྱིབས་ཅན་ནོ། །འགའ་ཞིག་དེ་ལས་བཟློག་པའོ། །ཡན་ལག་ཅན་དང་ཚོགས་པའི་ཉེ་བར་སྤྱོད་
པ་ལས་འདི་དག་རྟའི་གདོང་ཅན་ནོ། །དེ་རྣམས་ལུས་ངན་པོའི་འཁོར་རོ། །གཏེར་ཞེས་པ་ནི་མི་འཛད་པའི་ནོར་གྱི་ཕུང་པོ་ཆེན་པོའོ། །ན་ཡ་འགྲོ་བ་ལའོ། །ཤཔྟ་ལ་སོགས་པ་རྣམས་སོ་ཞེས་པས་ཀུའོ། །ཕྲ་ལ་སོགས་པ་ལ་དཱ་དྷཱ་ལས་ཀིའོ། །ཤེ་བྲྀ་རྒྱུན་ཆགས་པའི་བྱིངས་
སོ། །དེ་ལ་ཏཱ་ལ་བྱཱ་དི་སོགས་ཞེས་པས་ཨའོ། །ཤེ་བ་དྷཱི། ཡ་ཏེ་ལ་ལས་དང་གཞི་ལ་ཡང་ངོ་ཞེས་པས་ཀིའོ། །དྱཱ་ཡོའི་རང་མིང་ལས་མོད་པོ་ནིདྷི་གཏེར་ལའོ་ཞེས་པས་ཐུང་ངུའོ། །བྱ་རོག་གི་ལྟ་བ་བཞིན་དུ་ནི་དྷི་བཱ་དང་ཤེ་བ་དྷི་འབྲེལ་ལོ། །དེའི་དབྱེ་བ་ནི་དགུ་སྟེ། ཤི་བདྷི་གཏེར་རམ་མཛོད། པདྨ་
དང་། པདྨ་ཆེན་པོ་དང་། དུང་ཅན་དང་། ཆུ་སྲིན་ཅན་དང་། རུས་སྦལ་ཅན་དང་། རྔ་ཅན་དང་། དགའ་བ་ཅན་དང་། སྔོན་པོ་དང་། འབྱིན་བྱེད་ཅེས་བྱ་བ་རྣམས་གཏེར་དགུ་པོ་རྣམས་སོ། །འདིའི་ཞེས་པ་གཏེར་ནི་ལུས་ངན་པོའི་མཛོད་འོ། །དེ་རྣམས་ཀྱིས་རྣམ་ཐོས་སྲས་ཀྱི་མཐར་
ཐུག་པའི་ཕྱོགས་སྐྱོང་ཡན་ལག་དང་བཅས་པ་བཤད་དོ། །ད་ནི་སྟེང་གི་ཕྱོགས་ནམ་མཁའི་རྣམ་གྲངས་སོ། །ལྷ་རྣམས་རྩེ་བའི་གནས་ཡིན་པས་ན་ལྷས་རྩེན་ནོ། །རོལ་བའི་གནས་ཞེས་ཀྱང་བྱའོ། །གཉིས་ཕོ་མོ་ཞེས་པ་མོའི་རྟགས་ཅན་ནོ་ཞེས་པའོ། །ནམ་མཁའ་གང་དུ་
ཡང་མི་རྒྱུ་བའི་ཕྱིར་འགྲོ་མེད་དེ་མི་འགྲོའོ་ཞེས་པས་ཌའོ། །ཨ་བྷྲ། །འགྲོ་མེད་དོ། །ཡང་ན་མི་འགོ་བ་ལྡན་ཕྱིར་སརྴས་སོགས་ལས་ཨཙའོ། །དངོས་པོ་དང་དངོས་པོ་མེད་པ་མཐའ་དག་ལ་ཁྱབ་པའི་ཕྱིར་ཀུན་ཁྱབ་སྟེ། བྱོ་མལ་སོགས་པ་རྣམས་སོ་ཞེས་པས་བྱ་ཉ་ལམ་ནིན་དང་
ཨོ་ཏ་ཉིད་ཀྱང་ངོ་། །མེ་ཏོག་ལ་སོགས་པ་སྐྱེ་ ན་སྔོན་མའི་བྷྲ་མུ་གཡོ་བ་ལན་ཕྱིས་ཏེ་ཨ་བཞག་པའོ། །པའི་གོ་འབྱེད་པས་རྒྱས་བྱེད་དོ་པུ་ཥྐར། །མང་པོ་ལ་ཤིརཿཀར་ན་ཞེས་པས་ཀར་ནའོ། །པུཥ་ལས། །སྒྲ་སྒྲོགས་ནི་སྒྲ་ནམ་མཁའི་སྤྲིན་ནོ། །འདིར་སྒྲ་སྒྲོགས་པར་བྱེད་དོ་ལ་མང་པོ་ལས་བྷྲ་མི་དྷ་བི།
Vol. 197 · folio 279b
དེ་བི་བཱ་སི་ལས་ཨར་ནའོ། །ཨ་སུན་འོ། །ནབྷཿམཁའོ། །པར་འདིར་འགྲོ་བ་དང་ལྟ་བར་བྱེད་པས་བར་སྣང་ངོ་། །མཁའ་དང་བར་སྣང་དང་། །ཡང་ཀུན་འགྲོ་ནི་འགྲོ་བའི་གོ་འབྱེད་པའོ། །གཙྪ་ཏི་ལ་ཐམས་ཅད་ལས་མང་པོ་ལས། །ར་ཤི་རུ་ཙི། །བྲྀ་ཉ་ལས་ཨུ་ཙའོ། །ཨམ་
དབྱི་ཞིང་ཨ་གཊ་ཨཱ་གམ་ཡང་ངོ་། །ནམ་མཁའ་ལ་མཐའ་མེད་པའི་ཕྱིར་ཨ་ནནྟའོ། །ལྷ་རྣམས་ཀྱི་ཨཥྐ་རཀྵི། །ལམ་ཡིན་པའི་ཕྱིར་ལྷ་ལམ་མོ། །ཁན་ཏི་ གགན་ ལ་བྱ་བ་དྷཱ་ནཾ་ཞེས་པས་ཌའོ། །པི་ཡཙྪ་ཏི་ལ། །ནོ་པར་མ་ཏེ་ཡ་མི་ལས་ཀྭེ་པའོ། །གམ་ལ་སོགས་པ་རྣམས་ཀྭི་པ་
ལའོ་ཞེས་པས་མ་དབྱིའོ། །རུ་ཀའོ། །གནམ་དང་། །མི་གཡོ་བ་དང་། །ཀུན་ཏུ་ཁྱབ་འཇུག་གོ། །ཀཱཤྲྀ་འབར་བ་ལའོ། །འདིར་ངེས་པར་གསལ་བར་བྱེད་དོ་ཞེས་ཁཾ་པའི་ཚིག་གི་དོན་ལ་གྷཉའོ། །ཀྵ་ཤ་ཨཱ་ཀཱ་ཤ། །ཀུ་ཤ། །ཨཾ་ཀུ་ཤ་ཞེས་ཏ་ལ་བ་ན་རྣམས་
སུཙནྡྲ་གོ་མིའོ། །ཁྱད་པར་དུ་བི་ཡཏ་ཧ་ཡ་ཏེ་ལ་ཐམས་ཅད་དུ་འགྲོ་བ་ལའོ། །ཧ་ཡ་འགྲོ་བ་ལའོ། །ཨ་སུན་འོ། །གཞན་རྣམས་ལ་ཡང་ངོ་ཞེས་པས་རིང་པོའོ། །ཐོགས་པ་མེད་པས་རྣམ་གྲོལ་ལོ། །སྐྱེས་བུའམ་ཞེས་པ་ཀུན་གསལ་ཡང་ན་པོའི་རྟགས་ཅན་ནོ། །དེ་རྣམས་
ནམ་མཁའི་མིང་ངོ་། །ཚིགས་སུ་བཅད་པ་བྱེད་ཀྱིས་ཕྱོགས་སྤྱི་ཅ་མ་གྱི་མིང་ངོ་། །དེ་རྣམས་སྟོན་པར་བྱེད་པས་ན་ཕྱོགས་སོ། །དི་ཀལ་སོགས་བེཏཱ་ཡ། པ་རྣམས་ལས་ཞེས་པའི་ཚིག་ཕྲད་ལས་ཀྭི་ནའོ། །ཀེ་ན་བཱ་ཏེན་ཀྵུབྷྱ་ཏ་ལས་ཞེས་པས་ཀྭེ་པའོ། །ཡང་ན་ཉི་མས་གང་
ཡང་གསལ་ཞིང་སྣང་བར་བྱེད་པས་ན། ཀྵུཾ་བྷིའི་མདོ་ལས་གསལ་བའི་དོན་ལས་ཀྭི་པའོ། །པྲྀ་ཥོ་ད་ར་ལ་སོགས་ཏི་ཀ་པའི་ཕྱིར་ཡི་གེ་དབྱིའོ། །ཉི་མ་ལ་སོགས་པའི་རྒྱུ་སྐར་རྣམས་ཤར་བས་ན་ཤར་ནུབ་ལ་སོགས་པའི་ཕྱོགས་རྣམས་འབྱུང་བས་ཉིས་སྟོན་ནོ། །ཀཱཤྲཾ་འབར་བ་
ལའོ། །ར་མི། །ཀུ་བི། ཀཱ་ཤི་རྣམས་ལས་ཀཥྵའོ། །བུཥྩ་ལ་སོགས་པས་ཥ་ཉིད་དང་ཌྱཀཱཥྵ་ ཀེ་ན་སུརྻེ་ན་ཀྵུབྷཱ། ཉིད་དོ། །ཕྱོགས་ཀྱི་སྒོ་ནས་སྟོན་པས་གསལ་བའི་གནས་སོ། །ཨ་ཤཱུ་ཁྱབ་པ་ལའོ། །ཨཱ་ས་མནྟ་ལས་ཁྱད་པར་བྱེད་པ་ལ་ཨཙའོ། །ཨཱ་ཤཱ། །ཀུན་ཁྱབ་པོ། །ཏར་ཏི་ལ་
Vol. 197 · folio 280a
ཛྲ་ལ་ན་མ་ནཱཾ་སི། ཧྲྀ། སྲྀ། ཏ་ཧི། རུ་ཧི། མུ་ཧི། རྣམས་ལས་ཞེས་པས་ཧ་རི་ཏ། །ཕྱོགས་གང་ལ་སེམས་གཏད་པ་དེ་ལ་ཆགས་པའི་ཕྱིར་ན་འཕྲོག་བྱེད་དོ། །ཕྱོགས་ལ་སོགས་པའི་སྒྲ་འདི་རྣམས་བུད་མེད་དོ། །སྔ་དྲོ་ལ་སོགས་པ་ནི་ཕྱོགས་ཀྱི་བྱེ་བྲག་སྟེ། ཉི་མ་སྔ་
དྲོ་ཤར་བས་ཤར་ཕྱོགས་སོ། །གུང་གིས་ལྷོ་ཕྱོགས་སོ། །ཕྱི་དྲོས་ནུབ་ བྱནཀྟི་ ཧྲི་ཉ་ལ་ཏ་དང་ཨི་ཌའོ། །ཕྱོགས་སོ། །ཉི་མ་ནམ་མཁའ་ལ་ནུབ་ནས་སོང་བ་བཞིན་དུ་མཐོང་བས་ན་བྱང་ལ་སྟེང་གི་ཕྱོགས་ཞེས་བྱའོ། །ཕྱོགས་རྣམས་གསུམ་པ་ཉིད་དུ་འགྱུར་ཞེས་པ་ཕོ་མོ་ལ་སོགས་པའི་རྟགས་
གསུམ་པའོ། །དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་རྣམས་ཀྱིས་ཤར་ལ་སོགས་པའི་ཕྱོགས་རྣམས་ཤེས་པར་བྱ་སྟེ། བདག་པོ་ཡིན་པའི་ཕྱིར་རོ། །ཕྱོགས་བཞི་མཚམས་བཞི་ནས་སྲུང་བའི་གླང་པོ་བརྒྱད་གནས་པ་ནི་འདི་ལྟ་སྟེ། དབང་པོའི་ཕྱོགས་ན་མཚོ་སྐྱེས་ཞེས་བྱ་བ་ས་སྲུངས་གི་བུའོ། །
མེའི་ཕྱོགས་ན་པདྨ་དཀར་པོ་ཅན་ཞེས་བྱའོ། །གཤིན་རྗེའི་ཕྱོགས་ན་གཡོན་ཕྱོགས་པ་ཞེས་བྱ་སྟེ་ཤིན་ཏུ་མཛེས་པའི་མིང་ངོ་། །བདེན་བྲལ་ན་ས་མོས་སོ། །ཆུ་བདག་ན་གསལ་བྱེད་དོ། །རླུང་དུ་མེ་ཏོག་སོའོ། །ལུས་ངན་དུ་ས་ཀུན་ལ་གྲགས་པའོ། །དབང་ལྡན་དུ་ཆ་མཛེས་ཅན་ཞེས་
བྱ་སྟེ་འདི་རྣམས་ཕྱོགས་ཀྱི་གླང་པོ་བརྒྱད་དོ། །དེ་རྣམས་ཀྱི་ཆུང་མ་གླང་མོ་བརྒྱད་དེ། ཤར་ཕྱོགས་ན་གླང་མོ་ཆུ་འཛིན་མ་ལ་སོགས་པ་རིམ་པ་བཞིན་གནས་སོ། །ཕྱོགས་མིན་ཞེས་པ་ནི་མཚམས་ཀྱི་མིང་ངོ་། །མ་ནིང་མི་ཟད་ཅེས་པ་མ་ནིང་གི་རྟགས་ཡིན་ཅིང་མི་ཟད་པའོ། །ཕྱོགས་གཉིས་
གཉིས་ཀྱི་དབུས་ན་གནས་པས་ཕྱོགས་དབུས་སོ། །དེ་གསུམ་མཚམས་སུ་གནས་པས་ཕྱོགས་མཚམས་སོ། །དེ་རྣམས་ཕྱོགས་མཚམས་ཀྱི་མིང་ངོ་། །རྐང་པ་གཉིས་ཀྱིས་ཁོར་ཡུག་གི་མིང་སྟེ། ཁོར་ཡུག་དང་མུ་ཁྱུད་ནི་ལྕགས་རིའི་རྒྱན་ནོ། །ཆུ་འཛིན་ཞེས་པ་ནས་སྤྲིན་གྱི་ཕྲེང་བ་
ཞེས་པའི་བར་ནི་སྤྲིན་གྱི་མིང་ངོ་། །ཆུ་འཛིན་ནི་ཆུའི་རྡུལ་ཕྲན་འཁྲིགས་པ་སྟེ། ཨས་ལས་རྣམ་པར་འཛིན་པ་ལ་བྷྲ་མའོ་ཞེས་བྷཱ་ཥའི་འགྲེལ་པར་མཱུ་ལ་བི་བྷུ་ཛ་ལ་སོགས་པ་རྣམས་སུ་སློབ་དཔོན་སྐྱེས་བུ་མཆོག་གིས་སོ། །ཆར་འབྱུང་བས་ཆུ་འབེབས་ཏེ། མི་ཧ་ཏི་ལ། འགྱུར་བར་བྱེད་
Vol. 197 · folio 280b
པ་ལ་ཨཙའོ། །ནྱང་ཀུ་ལ་སོགས་པས་མེ་གྷའོ། །ཆུ་འབྱུང་བས་ན་ཆུ་འབེབས་ཏེ་ལས་ལ་ཨཎའོ། །འབྲུག་འབྱུང་བས་ན་སྒྲ་སྒྲོགས་ཏེ། སྟ་ནའི་སྒྲ་ལས་དེ་སྒྲོགས་པར་བྱེད་དོ་ཞེས་པ་ལ་ཧྲྀ་ཥི། ཡུ་ཏི། གི་ཏི། མ་དི། རྣམས་ལས་ཨཎ་ལས་ཨིརྣུ་ཙའོ། །ཆུ་འབེབས་ཉིད་ཆུའི་བཞོན་པ་
སྟེ། པྲྀ་ཥོ་ད་ར་ལ་སོགས་པ་རྣམས་སོ། །ཆུའི་རྒྱུན་འཛིན་པས་ན་རྒྱུན་འཛིན་ཏེ་ཨཙའོ། །གློག་ཅན་ཏེ་ལྡན་པའི་དོན་ལ་མ་ཏུ་སའོ། །སྟན་ཡི་ནུ་ཛྷྲ་ཡ་ལས་ཞེས་པས་ཝ་ཉིད་དོ། །ཆུ་སྦྱིན་པར་བྱེད་པས་ཆུ་སྦྱིན་ཏེ། ད་དཱ་ཏི་ལ་ཀའོ། །ཆུ་འཛིན་པར་བྱེད་པས་ཆུ་འཛིན་ཏེ། བྷྲྀ་ལ་ཀྭིཔའོ། །བསཱ་ཧ་ཀ་
གདུང་བ་འཇོམས་པར་བྱེད་དོ་ལ་མུརྟི་གྷ་ན་ལས་ཞེས་པས་ཧ་ན་ལས་ཨ་བ་དང་ཀུ་ཉིད་ཀྱང་ངོ་། །འདིས་ཆུའི་རྩ་བ་བཅིངས་པའམ་ཡང་ན་ཆུ་འབྱིན་པར་བྱེད་འཇག་པར་བྱེད་པས་ཨཙའི་རྐྱེན་ལ། ཛཱིམཱུ་ཏ་ཞེས་པ་སྟེ། པྲྀཥོ་དར་ལ་སོགས་པ་རྣམས་སོ། །འདི་འཁྲིགས་པས་སྐྱེ་དགུ་རྣམས་དགའ་
པར་བྱེད་པས་དགའ་བྱེད་དེ་སྠི་ར་ལ་སོགས་པ་རྣམས་སོ་ཞེས་པས་ཀི་ཙའོ། །ཆུ་རྣམས་འགྱེད་ཛིབ་ནི་ཆུ་བ། །མཱུལ་རྩལ་མུ་ཏྲ་ཡ་ཏི་དང་ཤྲ་བ་རི་འཛག་པར་བྱེད་པའོ། །དེ་དག་བསྡུས་པས་དཱི་མྭུ་ཏར་གྱུར་པའོ། །བས་ཆུ་འགྱེད་དེ། །ཛ་ལ་མུཉྩ་ཏི་ལ་ཀྭི་པའོ། །དུ་བའི་སྐྱེ་གནས་ནི་འདིའི་བརྒྱུད་ཡིན་པའི་ཕྱིར། དུ་བ་འཁྲིགས་
པ་ལ་སྤྲིན་དུ་འགྱུར་ཏེ་དཔེར་ན་དངུལ་ཆུ་བཞིན་ནོ། །སྤྲིན་གྱི་རྒྱུ་མུད་དགའ་བ་ལ་ནི་ཆུ་དང་རླུང་དང་དུ་བའོ། །ཆུ་སྐྱར་གནས་ནི་བྱ་ཆུ་སྐྱར་རྟག་ཏུ་སྤྲིན་དང་། ལྷན་ཅིག་གནས་པས་སོ། །སྤྲིན་ཇ་ལ་མུག་གྱི་ཕྲེང་བ་ནི་སྤྲིན་གྱི་ཚོགས་ཏེ་དེ་རྣམས་སྤྲིན་གྱི་མིང་ངོ་། །སྤྲིན་སྐྱེས་ཞེས་པ་ནས་སྒྲ་གཅན་
ཉིད་ཅེས་པའི་བར་འབྲུག་གི་མིང་ངོ་། །སྤྲིན་ལས་བྱུང་བ་ནི་སྤྲིན་སྐྱེས་སོ། །ལ་སོགས་ནི་སྒྲ་སྒྲོགས་དང་སྒྲ་འབྱིན་པ་ལ་སོགས་པའོ། །བདེ་འཐུང་ཞེས་པ་ནས་སྡོད་མེད་ཅེས་པའི་བར་དུ་གློག་གི་མིང་ངོ་། །བདེ་འཐུང་ནི་གློག་འབྱུང་བ་ན་སྐྱེ་བོ་རྣམས་འཇིགས་པར་བྱེད་སྐེམ་པར་བྱེད་པས་ནི་ཀི་
རྐྱེན་ནོ། །འདིའི་སྒྲ་བརྒྱ་ཡིན་པས་སྒྲ་བརྒྱ་པ་སྟེ། པྲྀ་ཥོ་ད་ར་ལ་སོགས་པ་ཉིད་ཀྱི་ཕྱིར་ཐུང་ངུའོ། །ཤ་ཏ་ཧྲ་ད། སྒྲ་འགྱེད་ཅེས་ཀྱང་བྱ་སྟེ་སཾབཱ་ཧྲཱ་ད་ཏེ་ཞེས་པ་ལ་གྲ་ཧ་ཧྲཱ་དི་ནི་སོགས་ལས་ཎི་ནིའོ། །སྤྲིན་རྣམས་ཀྱི་རྒྱལ་པོ་ནི་ཐམས་ཅད་ཀྱི་སྟེང་ན་གནས་པ་སྤྲིན་ཆེན་པོ་ཆུ་སྐྱེས་ཞེས་ཨེ་རཱ་བ་ཏ
Vol. 197 · folio 281a
བྱའོ། །དེ་དང་ལྷན་ཅིག་ཕྱོགས་གཅིག་ན་ཨཻརཱ་བཏིའོ། །ལྷག་མ་ལ་ཞེས་པས་ཨཎའོ། །འདིའི་འོད་སྐད་ཅིག་ཡིན་པས་སྐད་ཅིག་གོ། །རྡེག་པར་བྱེད་པས་ན་གློག་སྟེ་འཕྲོག་བྱེད་ཀྱི་སྒྲ་བཞིན་ནོ་ཞེས་སོ། །གཉིས་འཐུང་དཀར་པོ་ཞེས་པ་ཡང་སྐབས་གསུམ་གྱི་
ལྷག་མ་ལས་ཨཻ་རཱ་བ་ཏིའི་རྣམ་གྲངས་སུའོ། །དེའི་ཕྱོགས་གཅིག་ན་སཽ་དཱ་མ་ནཱི་རྣམ་གསལ་ཏེ་སྔ་མ་བཞིན་ཨཎའོ། །ཨ་ཎི་ཏིའི་ཨ་ཏ་དབྱི་ཞིང་དང་མཐའི་ཨ་ཙ་ལ་སོགས་པ་དབྱི་བ་ཏ་ཌི་ཏ་མེད་དོ། །རྣམ་པར་གསལ་བ་ནི་པདྨ་ལའོ། །གཡོ་བ་ནི་ནམ་མཁའ་ལའོ་ཞེས་ར་བྷ་
སར་ཡང་སྦྱར་རོ། །གསལ་ཞིང་འཁྱུག་པར་བྱེད་པས་ན་གློག་སྟེ་ཀྭི་པའོ། །སྐྱོད་བྱེད་དང་སྡོད་མེད་ཀྱང་སྟེ། ཙཉྩི་ཙ་པི་དག་ལས་མང་པོ་ལ་མིང་ལས་ཨ་ལ་ཙའོ། །ཐོག་གི་སྒྲ་དང་རྡོ་རྗེའི་སྒྲ་ནི་ཐོག་དང་བཅས་པའི་འབྲུག་གི་མིང་ངོ་། །སྤྲིན་གྱི་འོད་ཟེར་དང་ཆུ་འཛིན་སྐྱེས་ནི། གནམ་
ལྕགས་ཀྱི་མིང་སྟེ་སྤྲིན་ཕན་ཚུན་འཐབས་པ་ལས་འབྱུང་ཀྱུ་ཏ་ལ་ངོ་། །འགའ་ཞིག་ཙཉྩལ་པ་ཙ་ལ་ཅི་ལ་ཡང་ཐོགས་པ་མེད་ཅིང་ཁང་ཁྱིམ་ལ་ཕུག་ཀྱང་རྗེས་མེད་དོ། །ཡང་འགའ་ཞིག་ནི་རི་བོ་དང་ཁང་ཁྱིམ་ལ་སོགས་པ་འཇིག་པར་བྱེད་དོ། །མེ་ཡིན་ཡང་རྒྱ་མཚོ་ལ་སོགས་པའི་
ཆུ་བོ་རྣམས་ཀྱིས་མི་ཉམས་སོ། །དེ་ཡང་ཆང་གིས་ཉམས་པར་བྱེད་དོ། །དབང་པོའི་མཚོན་ཆ་དང་བརྒྱ་བྱིན་གྱི་གཞུ་ནི་འཇའ་ཚོན་གྱི་མིང་ངོ་། །དྲང་འཁྱོག་ནི་དགེ་དགུ་མེད་པས་དྲང་བའོ། །ཕྱོགས་གཅིག་ཏུ་སྒུར་བར་འཁྱོག་པོའོ། །ཆར་དང་ཞོད་ཅེས་བྱ་བ་ནི་ཆར་སྤྱི་ཙམ་གྱི་
མིང་སྟེ་བུད་མེད་ལ་ཀནྟིའོ། །བྲྀཥྚིཿ ཆར་བ་ལའོ། །དངོས་པོ་ལ་གྷཉའོ། །བཪྵཿཡང་དེའི་གེགས་ནི་ལྷ་ལ་སོགས་པ་འགའ་ཞིག་གི་ཆར་མི་འབབ་པར་བྱེད་པའོ། །མཚུངས་པ་ནི་རྟགས་མཚུངས་པའོ། །རྒྱུན་འབབ་ལ་སོགས་པ་གསུམ་ནི་ཆར་དྲག་པོའི་མིང་ངོ་། །ཆུའི་
རྒྱུན་ཤུགས་ལས་ཡང་དག་པར་འབྱུང་ཞིང་འབབ་པ་ནི་དྲག་ཆར་རོ། །སྲྀ་འགྲོ་བ་ལའོ། །གྷ་ཉའོ། །ཆར་རྡུལ་ལ་སོགས་པ་རྣམས་ནི་ཆར་པའི་ཟེར་མའི་མིང་ངོ་། །ཤཱི་ཀྲྀ། ཨམྦ་ར་བཞིན་ཨ་རནའོ། །ཤཱི་ཀར། རྡོ་རྗེའི་ཆར་པ་དང་སེར་བ་གཉིས་ནི་སེར་བའི་མིང་སྟེ། ཀྲྀཉ་འཚེ་བ་ལའོ། །
Vol. 197 · folio 281b
ཀྲྀ་ཉ་སོགས་རྣམས་ལས་ཝུན་ནོ། །ཧ་པི་ཀྵི་པ་ཀ་ལ་སོགས་པ་ཉིད་ལས་ཨིཏ་ཉིད་མེད་དོ། །རྡོ་རྗེའི་ཆར་པ་ནི་སེར་བའོ། །ཀ་ར། རྡོ་རྗེའི་ཆར་པ་དང་འོད་ཟེར་དང་ལག་པ་རྣམས་ལ་ར་བྷ་སས་བཤད་དོ། །སྤྲིན་འཁྲིགས་ཉིན་མོ་ངན་བྱེད་ནི་ནམ་འཐིབས་པའི་མིང་སྟེ། ངན་ཅིང་སྨད་པས་ན་
ཡུལ་ངན་ཏེ་པྲ་ལ་སོགས་པའི་བསྡུ་བའོ། །མུན་པ་ཞེས་པ་ནས་ཁེབས་པ་ཞེས་པའི་བར་གྱིས་མི་མངོན་པར་བྱས་པ་སྤྱི་ཙམ་གྱི་མིང་ངོ་། །ཚིགས་སུ་བཅད་པ་གཉིས་ཀྱིས་ཟླ་བའི་མིང་སྟེ། ཧི་མ་ནི་བསིལ་བ་སྟེ། འདིའི་འོད་ཟེར་རོ། །ཙ་དི་ཚིམ་པ་ལའོ། །དཱུ་ར་ལ་སོགས་པ་ཉིད་ཀྱི་ཕྱིར་དངོས་པོ་
ལ་ར་ཀའོ། །ཙནྟྲ་ཟླ་བའོ། །ག་བུར་དང་ཁ་དོག་དང་ཡོན་ཏན་མཚུངས་པར་སྣང་བས། ཙནྡྲ་ལས་མཱང་ལས་ཨང་ཨིཏ་ཅེས་པས་ཨ་སིའོ། །ཙ་དི་ཚིམ་པ་ལ་སྟེ་འབར་བ་ལ་ཡང་ངོ་། །དོན་དུ་མ་ཉིད་ལས་འབར་བར་བྱེད་ཚིམ་པར་བྱེད་དོ་ལ་པྲ་ཛཱ་དུ་ར་ལ་སོགས་པ་ཉིད་ལས་རཀའོ། །ཨིནྡི་
ལས་བ་སུ་བཞིན་ཨུ་རྐྱེན་ནོ། །འདི་ཀུ་མུད་རྣམས་ཀྱི་གཉེན་ཡིན་ཏེ། རབ་ཏུ་སད་ཅིང་རྒྱས་པར་བྱེད་པའི་ཕྱིར་རོ། །དེ་ཉེ་བར་མཚོན་པ་དང་དེ་ཉེ་བར་སྤྱོད་པ་ལས་འདི་བདུད་རྩིའི་འོད་ཅན་ནོ། །རྩིའི་དབང་པོ་ནི་འབྲས་བུ་ལ་སོགས་པ་ལས་སྐྱེས་པ་རྣམས་ཀྱི་དབང་པོའོ། །མཚོ་སྐྱེས་
ནི་རྒྱ་མཚོ་བསྲུབས་པ་ལས་སྐྱེས་པའོ། །འདིས་ལྷ་རྣམས་འཚོ་བར་བྱེད་པས་འཚོ་བྱེད་དེ་ཛཱི་བ་ལ། ཡུ་ཀ་ལ་སོགས་པ་རྣམས་སོ་ཞེས་པས་ཀནའོ། །ཨཱ་ཏྲྀ་ཀ་ཨཱ་ག་མའོ་ཞེས་པས་ཨཻཏ་ཉིད་ཀྱང་ངོ་། །སུཉ་མངོན་པར་སྐྱེ་བ་ལའོ། །སུ་ནོ་ཏི། རཱ་གེ་ཎ། སཾ་དྷ་ཡ་ཏི། རྀ། སྟུ། སུ། དྷྲྀ། ཀྵི།
ཀྵུ་བྷ། པཱ་པ་དི་ཡཀྵི་ཎི་རྣམས་ལས་མཎའོ། །སོ་མ་ཆགས་བྱེད་དེ་ཟླ་བ་ཤར་བ་ན་ཆགས་པ་འཕེལ་ལོ་ཞེས་ཟེར་རོ། །ཡང་དག་པར་འགྲིབ་པས་ན་འགྲིབ་བྱེད་དེ། །གླཱ་ནུ་དི་དག་ལས་ཌོས་འོ། །གློཿའདིའི་མཚན་མ་ཡིན་པས་རི་དགས་མཚན་ཏེ། བྱང་ཆུབ་སེམས་དཔའ་རི་བོང་
གི་སྐྱེས་རབས་ལས་ཤེས་སོ། །ཆ་ཤས་རྣམས་ཀྱི་གཏེར་ཡིན་པས་ན་ཆ་གཏེར་རོ། །གཉིས་སྐྱེས་ནི་བྲམ་ཟེ་སྟེ། ཕ་མ་བྲམ་ཟེ་ལས་སྐྱེས་པ་དང་། བྲམ་ཟེའི་གླཿབརྟུལ་ཞུགས་བླངས་པས་བརྟུལ་ཞུགས་ལས་སྐྱེས་པ་གཉིས་སོ། །བརྟུལ་ཞུགས་མ་བླངས་ན་ཕ་མ་བྲམ་ཟེ་ཡིན་ཡང་བྲམ་ཟེ་
Vol. 197 · folio 282a
མི་ཐོབ་པོ། །དེས་ན་གཉིས་སྐྱེས་རྒྱལ་པོ་ཞེས་འབྱུང་སྟེ། །དེ་ལྟར་ཡང་། རྒྱུ་སྐར་གཟའ་དང་བྲམ་ཟེ་དང་། །སྨན་དང་མཆོད་སྦྱིན་མཚན་མོ་རྣམས། །དེ་དག་ཀུན་གྱི་རྒྱལ་པོ་རུ། །ཟླ་བ་བྲམ་ཟེ་རྣམས་ཀྱིས་བསྐོས། །ཞེས་འབྱུང་ངོ་། །ཤ་ཤ་དྷ་ར་རི་བོང་འཛིན་པ་
སྟེ། །བྱང་ཆུབ་སེམས་དཔའ་རི་བོང་དུ་གྱུར་པའི་གཟུགས་འཛིན་པས་སོ། །ནཀྵ་ཏྲེ་ཤ་རྒྱུ་སྐར་དབང་པོ་སྟེ། །རྒྱུ་སྐར་སྣར་མ་ལ་སོགས་པ་ལ་དབང་བྱེད་པས་སོ། །ཀྵ་པ་ཀ་ར་ནི་མཚན་མོར་བྱེད་པ་སྟེ། མཚན་མོའི་ངང་ཚུལ་དུ་བྱེད་པས་སོ། །ཟླ་བའི་ལུས་ལ་ནི་བིམྦ་སྟེ་གཟུགས་བརྙན་དང་།
མཎྜལ་ཏེ་དཀྱིལ་འཁོར་ཞེས་པ་གཉིས་སོ། །ཀ་ལཱ་ནི་ཆ་ཤས་དང་། ཥོ་ཌ་ཤོ་བྷཱ་ག་ནི་ཆ་བཅུ་དྲུག་སྟེ། ཆ་བཅུ་དྲུག་གི་ཆ་ཤས་ཀྱིས་ཟླ་བ་ཉ་བར་བྱེད་པས་སོ། །ཆ་ཤས་དེ་ཉིད་ལ་དུམ་བུ་དང་ཕྱེད་དང་ཆ་ཤས་ཅན་ཞེས་བྱ་སྟེ། དེ་དག་ནི་ཟླ་བའི་ལུས་དང་འབྲེལ་པའི་མིང་ངོ་། །ཟླ་བའི་
འོད་ལ་མིང་གསུམ་སྟེ། ཙནྡྲི་ཀཱ། ཟླ་བ་ཅན་ཏེ་ཟླ་བ་ལ་བསྐོར་ཞིང་སོ་སོར་སྣང་བར་བྱེད་པས་སོ། །ཀཽ་མུ་དཱི་ཞེས་བྱ་བ་ནི་ཀུ་མུད་ཕན་པ་ཞེས་བྱ་སྟེ། མེ་ཏོག་ཀུ་མུ་ད་ལ་ཕན་པར་བྱེད་པས་སོ། །ཛྱོཏྶྣ་ནི་སྣང་ལྡན་ཏེ། འདི་ལ་སྣང་བ་ཡོད་པས་སོ། །ཟླ་བའི་འོད་རབ་ཏུ་དངས་པ་ལ་མིང་གཉིས་
ཏེ། པྲ་སཱ་ད། རབ་ཏུ་དངས་པ་དང་། པྲ་སནྣ་ཏཱ། རབ་ཏུ་གསལ་བ་ཅན་ནོ། །ཚིགས་བཅད་ཕྱེད་གཉིས་ཀྱིས་ཟླ་བའི་མཚན་ཉིད་དེ། ཀ་ལཱངྐ་ནི་ཆ་ཤས་ཅན་ཏེ། རྡུལ་ཅན་དུ་བྱེད་པ་དང་རྙོག་མ་ཅན་དུ་བྱེད་པ་ཞེས་ཀྱང་ངོ་། །ཀ་པི་རི་ཀ་ལ་སོགས་པ་རྣམས་སོ་ཞེས་པས་ལ་ཡིག་ར་ཡིག་
ཏུ་བསྒྱུར་བས་ཀརྐ་ཞེས་པའང་སྔ་མ་བཞིན་ནོ། །ལཉྩ་ནཾ་ནི་མཚན་མ་ཅན་ཏེ། འདིས་མཚོན་པར་བྱེད་པས་སོ། །ཙིཧྣ་མཚན་མ་དང་། ལཀྵྨ་མཚོན་པ་དང་། ལཀྵ་ཎ་མཚན་ཉིད་རྣམས་སོ། །ཟླ་བ་འོད་ཀྱིས་མཛེས་པ་ཙམ་གྱི་མིང་ལ། སུ་ཁ་མ་ནི་ཀུན་མཛེས་ཏེ། མཛེས་པ་ཐམས་
ཅད་ཀྱི་མཆོག་ཏུ་གྱུར་པས་སོ། །པ་ར་མ་ཤོ་བྷཱ་མཆོག་ཏུ་མཛེས་པ་དང་། ཤྭ་བྷཱ་ཡང་མཛེས་པའམ་བཟང་བ་སྟེ། ཤུ་བྷ་དང་ཤུནྦྷ་དགེ་ཞིང་བཟང་བའི་དོན་ཅན་གྱི་ཕྱིར་རོ། །ཀཱནྟི་ནི་མཛེས་པའམ་སྡུག་པ་སྟེ། ཀཱ་ནི་འབར་བ་ལའོ་ཞེས་པའི་སྒྲའི་ཁམས་ལས་སོ། །དྻུ་ཏི་ནི་ལེགས་པའམ་
Vol. 197 · folio 282b
གསལ་བའོ། །ཙྪེ་བི་ནི་དངས་པའམ་མཚར་བའོ། །མ་ཧི་ཀའི་མཐར་ཐུག་པ་ནི་ཁ་བའི་མིང་སྟེ། ཨ་བ་ཤྱཱ་ཡ། ཞེས་པ་ཀུན་དུ་བསིལ་བས་ན་ཁ་བའོ། །ནཱ་ཧཱ་ར་ནི་ངེས་པར་སྡུད་པ་སྟེ་བ་མོའོ། །ཉེ་བར་བསྒྱུར་བ་ནི་ཐུང་དུ་ཉིད་གྷ་ཉ་ལ་སོགས་པའི་རྐྱེན་གྱི་དབང་གིས་སྐབས་མང་པོར་འགྱུར་
བས། ནི་ཧཱ་ར་ཉིད་འདིར། ནཱི་ཧར་ཞེས་པར་གྱུར་པའོ། །ཏུ་ཥ་ར་ནི་ཆར་པ་སྐྱ་བོ་དང་། ཏུ་ཧི་ནཾ། ཁུ་འབངས་དང་། ཧི་མཾ་པྲཱ་ལ་ཡ་ནི། ཧི་མ་ཙ་ལ་ཞེས་བྱ་སྟེ་ཁ་བ་མི་གཡོ་བར་གནས་པ་ཁ་བའི་རི་བོའམ་གངས་རི་ཞེས་བྱའོ། །མ་ཧི་ཀཱ་ནི་སིམ་བྱེད་དང་། མ་ཧ་མཆོད་པ་ལའོ་ཞེས་
པས་ཚ་གདུང་སེལ་བར་བྱེད་པས་སོ། །ཧི་མཱ་ནཱི་དང་། ཧི་མ་སཾ་ཧ་ཏི་ནི་ཁ་བ་ལྡན་པ་དང་ཁ་བ་ཚོགས་པ་ཞེས་བྱ་སྟེ་གངས་རིའོ། །རིག་བྱ་བསིལ་བའི་རྣམ་གྲངས་ལ། ཤཱི་ཏཾ་དང་སུ་ཥཱི་མ་ནི་བསིལ་བ་ལའོ། །ཤི་ཤི་ར་ནི་གྲང་བ་འམ་བསིལ་བའོ། །ཛ་ཌ་ནི་འཁྱགས་པ་སྟེ་ཆུའི་
མིང་ཛ་ལ་ཉིད་པྲྀཥོ་ད་ར་ལ་སོགས་པའི་ཚིག་ཕྲད་ཀྱིས་ཌ་རུ་བསྒྱུར་བའོ། །ཏུ་ཥཱ་ར། ཁ་བ་བུ་ཡུག་འཚུབས་པའི་གྲང་བའོ། །ཤཱི་ཏ་ལ་བྷུཿཞེས་པ་མོ་རྟགས་ཅན་ནི་ས་བསིལ་བའི་རེག་བྱའོ། །དེ་བཞིན་དུ་ཤཱི་ཏ་ལཾ་ཛ་ལཾ། ཞེས་པ་མ་ནིང་གི་རྟགས་ཅན་ནི་ཆུ་བསིལ་བའོ། །ཤཱི་ཏ་ལོ་བཱ་
ཏཿ ཞེས་པ་སྐྱེས་པའི་རྟགས་ཅན་ནི་རླུང་བསིལ་བ་སྟེ། འདིར་ཤི་ཏལཿཞེས་པ་ལྷགས་ངར་རོ། །ཤཱི་ཏཿདང་། ཧི་མ་ཡང་བསིལ་བའོ། །སྐར་མ་རྣམས་ཀྱི་མིང་ལ། གཟའ་ཐམས་ཅད་ཀྱི་སྟེང་ན་གཡོ་བ་མེད་པར་གནས་པའི་སྐར་མའི་ཁྱད་པར་ནི། དྷྲུ་བ་སྟེ་བརྟན་པ་ཞེས་བྱའོ། །དེ་ཉིད་དྲང་སྲོང་
གི་རྒྱལ་པོ་ཨུཏྟཱ་ན་པཱ་ད་རྐང་སྟེང་ཞེས་བྱ་བའི་བུ་ཡིན་པའི་ཕྱིར་མང་པོ་ལས་སོ་ཞེས་པའི་མདོས་བུ་བརྒྱུད་ཀྱི་རྐྱེན་ཨི་ཉ་བྱིན་པས་ཨུཏཱ་ན་པཱ་དི། རྐང་སྟེང་བུ་ཞེས་བྱའོ། །རི་བྱིའི་མིང་ལ། ཨག་ནི་འགྲོ་མེད་དེ་རི་བོ་ཡིན་ལ། ཏྱཱ་ཡ་ནི་འདོར་བའམ་འཕེན་པ་སྟེ། བཱ་ར་སྐར་ལ་སོགས་པའི་ཕྱིར་སུཊ་
སྦྱར་བའི་ཚིག་ཕྲད་ཀྱིས་ཨགསྟྱཿ རི་འདོར་རམ་རི་འཕིན་ཞེས་པར་འགྱུར་རོ། །འདི་ཉིད་སྔོན་དྲང་སྲོང་ཆུ་ལྷ་ཞེས་བྱ་བས་ལྷ་མོ་ཨུརྦ་ཤི་མཐོང་བ་ལས་ཁུ་བ་ཤོར་བ་བུམ་པར་བླུགས་པ་དེ་ལས་འདི་སྐྱེས་པས་བུམ་པ་སྐྱེས་ཀུམྦྷ་ས་བྷ་བ་ཞེས་གྲགས་སོ། །དྲང་སྲོང་མི་ཏྲ་བ་རུ་ཎའི་བུ་ཡིན་པས་
Vol. 197 · folio 283a
དེ་དག་གི་བུ་བརྒྱུད་ལ་ཨ་ཏ་ལས་ཨིཉའི་དེ་ཕན་གྱི་རྐྱེན་སྦྱར་བས། མཻ་ཏྲཱི་དང་བ་རུ་ཎི་སྟེ་མཛའ་བོའི་བུ་དང་ཆུ་ལྷའི་བུ་ཞེས་བྱའོ། །དྲང་སྲོང་ཨ་གསྟྱ་འདིའི་ཆུང་མ་ནི། ས་དྷརྨི་ནི། ཆོས་བཅས་མ་ཞེས་བྱ་སྟེ་ང་རྒྱལ་གྱི་ཆོས་དང་བཅས་པས་ཆོས་བཅས་མའོ། །གཟུགས་ཀྱི་
མངོན་པའི་ང་རྒྱལ་གྱི་ཟིལ་གྱིས་ནོན་པ་ཡང་ཡིན་ལ་ཕྱག་རྒྱ་ཡང་ཡིན་པས། ལོ་པཱ་མུདྲཱ་སྟེ། ཟིལ་གནོན་ཕྱག་རྒྱ་ཞེས་བྱའོ། །སྐར་མ་སྤྱིའི་མིང་ལ། ནཀྵ་ཏྲཾ། ཞེས་པ་མི་ཟད་པའམ་མི་འགྱུར་བས་རྒྱུ་སྐར་རོ། །རྀ་ཀྵཾ་ནི་འགྲོ་བྱེད་རྀ་ཥི་འགྲོ་བ་ལའོ་ཞེས་པའི་ཁམས་ལས་ཁ་རྐྱེན་ནོ། །བྷཾ་ནི་འོད་
ཅན་ཏེ། བྷ་འབར་བ་ལ་ཌའི་རྐྱེན་སྦྱར་བའོ། །ཏཱ་རཱ་དང་། ཏཱ་ར་ཀཱ་ཡང་སྐར་མ་སྟེ་རྐྱེན་མི་འདྲ་བའི་ཁྱད་པར་རོ། །ཨུཌྜུ་པ་ནི་འཕུར་བྱེད་དོ། །སྐར་མ་ཐ་སྐར་གྱི་མིང་ལ། དཱཀྵ་ཡ་ཎྱ་ནི་གསལ་བའི་བུ་མོ་ཞེས་བྱ་སྟེ། སྐྱེ་དགུའི་བདག་པོ་གསལ་བ་ཞེས་བྱ་བའི་བུ་མོ་ཡིན་པས་སོ། །ཨ་ཤྭ་
ཡུག་དང་ཨ་ཤྭི་ནི་ཞེས་པ་ནི་ཐ་སྐར་ཏེ་འདི་རྟའི་གཟུགས་དང་ལྡན་པས་རྟ་ལྡན་མའམ་རྒོད་མ་ཅན་ནོ། །ས་གའི་མིང་ལ། རཱདྷཱ་ཞེས་པ་སྒྲུབ་བྱེད་མ་སྟེ། རཱ་དྷ་སྒྲུབ་པ་ལའོ་ཞེས་པའི་ཁམས་ལ་ཨཙ་རྐྱེན་ནོ། །བི་ཤཱ་ཁཱ་ནི་ས་ག་སྟེ་རྣམ་པར་ཁྱབ་བྱེད་མའོ། །ཤཱ་ཁྲྀ་ཁྱབ་པ་ལའོ་ཞེས་པའི་
ཁམས་ལ་ཨ་ཙ་རྐྱེན་ནོ། །རྒྱལ་གྱི་མིང་ལ། པུ་ཥྱ་ནི། རྒྱས་པར་བྱེད་པའོ། །ཏིཥྱ་ནི་ཚིམ་པར་བྱེད་པ་སྟེ། རྒྱུ་སྐར་འདིས་མངོན་པར་འདོད་པ་གྲུབ་པར་བྱེད་དོ་ཞེས་པས་པུ་ཥ་རྒྱས་པ་དང་སིདྡྷ་གྲུབ་པ་དང་ཏིཥ་ཚིམ་པ་རྣམས་ལ་ཀྱཔ་རྐྱེན་དུ་སྦྱར་བའོ། །མོན་གྲེའི་མིང་ལ། ཤྲ་བིཥྚ་ཡ་ནི་ནོར་
ལྡན་གྲགས་ཏེ། ཧ་ནིཥྛ་ནོར་ལྡན་དང་ཤྲྀ་ཎོ་ཏི་ཐོས་པའམ་གྲགས་པ་དག་བསྡུ་བ་བྱས་པའོ། །ས་མཱ་དྷ་ནིཥྛ་ནི་ཀུན་དུ་ནོར་ལྡན་ཞེས་བྱའོ། །ཁྲུམས་ཀྱི་མིང་ལ། པྲཽཥྛ་ནི་ཁྲུམས་སོ། །པ་དཱ་ནི་བ་ལང་གི་རྐང་པ་བཀོད་པའི་རྗེས་ཏེ་རྐང་པའི་སྒྲ་ནི་མཚུངས་པ་གསལ་བར་བྱེད་པའི་དོན་ཏེ། བྷ་དྲཱ་པ་
དའི་སྒྲ་ནི་ཡན་ལག་གམ་ཆ་ཤས་བཟང་པོ་ཡིན་པ་སྟེ་གཟའི་བདག་པོ་བཞིན་དུ་གནས་བཟང་པོར་རྗེས་སུ་འགྲོ་ཞེས་སྦྱར་རོ། །མགོའི་མིང་ལ། མྲྀ་ག་ཤི་རཱ། རི་དགས་མགོ་ཞེས་བྱ་སྟེ་སྐར་མ་འདི་རི་དགས་ཀྱི་མགོའི་དབྱིབས་དང་རྗེས་སུ་མཐུན་པར་གནས་པས་སོ། །སྐར་མ་དེ་ཉིད་ལ་ཨ་གྲ་ཧ་ཡ་ཎཱི།
Vol. 197 · folio 283b
ལོ་ཡི་དང་པོ་ཞེས་བྱ་སྟེ་སྐར་མ་མགོ་ལ་ཟླ་བ་ཉ་བ་དེ་ལོའི་དང་པོར་བརྗོད་པའི་ཉེ་བར་སྤྱོད་པ་ལས་སོ། །ཨི་ལྭ་ལ་ཞེས་པ་འགྲོ་ལྡན་ཏེ་ཤིན་ཏུ་ཆུང་བའི་སྐར་མ་ལྔ་དེའི་མགོ་བོའི་ཕྱོགས་སུ་གནས་སོ། །གཟའ་ཕུར་བུའི་མིང་ལ་ཚིགས་སུ་བཅད་པ་གཅིག་སྟེ་བྲྀ་ཧསྤ་ཏི་ནི་ལྷའི་བླ་མ་སྟེ། ཕུར་བུ་ལྷ་རྣམས་
ཀྱི་བླ་མར་གྱུར་པའི་ཕྱིར་རོ། །སུ་རཱ་ཙཱརྱ། ལྷའི་སློབ་དཔོན་ནོ། །གཱིཥྤ་ཏི་དབྱངས་བདག་གམ་ཚིག་བདག་དང་། དྷི་ཥ་ཎ། བློ་ལྡན་དང་། གུ་རུ་བླ་མ་དང་། ཛཱི་བ་ནི་འཚོ་བྱེད་དེ། གཡུལ་དུ་ལྷ་མ་ཡིན་གྱིས་བཅོས་པའི་ལྷ་རྣམས་ཕུར་བུས་སྔགས་དང་སྨན་གྱིས་གསོ་བར་བྱེད་ཅེས་རཱ་མཱ་ཡ་ཎར་བཤད་
དོ། །དྲང་སྲོང་ཨདྒི་ར་སའི་བུ་བརྒྱུད་ཡིན་པས་ཨཾ་གི་ར་ས་སྟེ་ཉི་མའི་རྒྱུད་ཅེས་བྱའོ། །བཱ་ཙསྤ་ཏི་སྟེ་ཚིག་གི་བདག་པོ་དང་། ཙི་ཏྲ་ཤི་ཁཎྜི་ཛ་ནི། སྣ་ཚོགས་གཙུག་ཕུད་ཀྱི་བུ་ཞེས་བྱ་སྟེ། དྲང་སྲོང་གཙུག་ཕུད་ཅེས་པ་མིང་མཐུན་པ་བདུན་བྱུང་ངོ་། །དེ་ལ་ཨདྒི་ར་ས་དང་སྣ་ཚོགས་གཙུག་ཕུད་
ལས་སྐྱེས་པས་དེ་སྐད་ཅེས་བྱའོ། །གཟའ་པ་བ་སངས་ཀྱི་མིང་ལ་རྐང་པ་གཉིས་ཏེ། ཤུ་ཀྲ་ནི་དཀར་པོ་སྟེ་མྱ་ངན་མེད་ཅིང་ཐམས་ཅད་དུ་བཟང་བའི་ཕྱིར་རོ། །དཻ་ཏྱ་གུ་རུ་ནི་ལྷ་མ་ཡིན་གྱི་བླ་མ་སྟེ། ལྷ་དང་ལྷ་མིན་རྣམས་ཀྱི་སློབ་དཔོན་དུ། །སྙན་དངགས་མཁན་གྱི་བུ་ནི་པ་སངས་བཟུང་། །
ཞེས་སོ། །ཀཱ་བྱ་ནི་སྙན་དངགས་མཁན་གྱི་བུ་སྟེ། ཀ་བི་ལ་བུ་བརྒྱུད་ཀྱི་རྐྱེན་ཎྱ་བྱིན་པའོ། །ཨུ་ཤ་ནཱ་ནི་འོད་ལྡན་ནམ་མཛེས་ལྡན་ཏེ། བ་ཤ་མཛེས་པ་ལའོ་ཞེས་པའི་ཁམས་ལས་བསྒྲུབས་པའོ། །བྷཱརྒ་བ་ནི། དྲང་སྲོང་ངན་སྤོང་བུ་སྟེ། དྲང་སྲོང་ངན་སྤོང་ཞེས་བྱ་བའི་བུ་ཡིན་པས་སོ། །ཀ་བི་
ནི་སྙན་དངགས་མཁན་ནོ། །གཟའ་བཀྲ་ཤིས་ལ་མིང་ཚིགས་བཅད་ཕྱེད་དེ། ཨངྒཱ་ར་ག་མིག་དམར་དང་། ལོ་ཧི་ཏཱདྒ་ལུས་དམར་དང་། ཀུ་ཛ་དང་། བྷོ་མ་ནི་ས་སྐྱེས་དང་ས་ལས་བྱུང་དང་། མ་ཧཱི་སུ་ཏ་ནི་སའི་བུའོ། །གཟའ་ལྷག་གི་མིང་རྐང་པ་གཅག་སྟེ། རཽ་ཧི་ཎི་ཡ་ནི་སྣར་མ་
སྐྱེས་ཏེ། མ་རྒྱུ་སྐར་སྣར་མ་ཡིན་པས་སོ། །བུ་དྷ་ནི་གཟའ་ལྷག་གོ། །སཽ་མྱ་ནི་ཟླ་བའི་བུ་སྟེ་ཕ་ཟླ་བ་ཡིན་པས་སོ། །གཟའ་སྤེན་པའི་མིང་རྐང་པ་གཅིག་སྟེ། སཽ་རཾ། ཉི་མའི་བུ་དང་། ཤ་ནཻ་ཤྩ་ར་དལ་འགྲོའོ། །སྒྲ་གཅན་གྱི་མིང་ཚིགས་བཅད་ཕྱེད་དེ། ཏ་མཿམུན་ཅན་ནོ། །རཱ་ཧུ་ནི་
Vol. 197 · folio 284a
སྒྲ་གཅན་ཏེ། ཉི་མ་ལ་འཚེ་བར་བྱེད་ཅིང་གཏོང་བར་བྱེད་པས་སོ། །སྭརྦྷཱ་ནུ་ནི་མཐོ་རིས་གསལ་བྱེད་དོ། །སཻཾ་ཧི་ཀེ་ཡ་ནི་སེང་གེ་མོའི་བུ་ཞེས་ཏེ། དྲང་སྲོང་འདྲོབ་སྐྱོང་གསེར་ཅན་གྱི་སྲིང་མོ་སེང་གེ་མ་ཞེས་བྱ་བའི་བུ་ཡིན་པས་སོ། །བི་དྷུནྟུད་ནི་ཟླ་བ་འཇོམས་ཏེ། བི་དྷུཾ་ནི་
ཟླ་བ་དང་ཏུ་ད་ནི་འཇོམས་པར་བྱེད་པའོ། །དྲང་སྲོང་སྣ་ཚོགས་གཙུག་ཕུད་བདུན་ནི། མ་རཱི་ཙི་འོད་ཟེར་ཅན་དང་། ཨངྒི་རཱ་ནི་ཉི་མ་དང་། ཨ་ཏྲི་ནི་རྒྱུན་ཤེས་དང་། པུ་ལ་སྟྱ་འོད་ཡངས་དང་། པུ་ལ་ཧ་ནི་ལྷ་མིན་འཇོམས་དང་། ཀྲ་ཏུ་ནི་མཆོད་སྦྱིན་ཅན་དང་། བ་ཤིཥྛ་གནས་འཇོག་ཅེས་བྱ་བ་
རྣམས་སོ། །རཱ་སི་ནི་ཁྱིམ་དང་། ཨུ་ད་ཡ་འཆར་བ་དང་། ལགྣ་ནི་དུས་སྦྱོར་རོ། །མེ་ཥ་ནི་ལུག་དང་། བྲྀ་ཥ་ནི་གླང་ངོ་། །དེ་ནས་ཉི་མའི་མིང་ལ། སཱུ་ར་ནི་ཉི་མ་དང་། སྲུརྻ་ནི་ཉི་མ་སྟེ་འོད་འགྱེད་པས་བདེ་བར་བྱེད་པས་སོ། །ཨརྱ་མཱ་ནི་བསྟན་བྱ་སྟེ། འགྲོ་བའི་སྣང་བ་བསྟན་བྱ་
མཆོག་ཡིན་ནོ་ཞེས་སམྦའི་སྔོན་རབས་ལས་སོ། །ཨཱ་དི་ཏྱ་ནི་མི་སྦྱིན་སྐྱེས་ཏེ། ཨ་དི་ཏི་ཞེས་པའི་མ་ལས་སྐྱེས་པས་སོ། །དྭཱད་ཤཱཏྨ་ནི་བཅུ་གཉིས་བདག་སྟེ། འདིའི་ལུས་རྣམས་ཆ་བཅུ་གཉིས་ཀྱི་བདག་ཉིད་དོ། །དི་བཱ་ཀ་ར་ནི་ཉིན་མོར་བྱེད་པ་སྟེ་སྣང་བར་བྱེད་པའི་ངང་ཚུལ་དང་རྗེས་
སུ་མཐུན་པས་སོ། །བྷཱ་སྐ་ར་ནི་འོད་བྱེད་དོ། །ཨ་ཧ་སྐ་ར་ནི་སྣང་བྱེད་དོ། །བྲདྷྣ་ནི་རབ་རིབ་འཇོམས་བྱེད་དོ། །པྲ་བྷཱ་ཀཱ་ར་དང་ནི་བྷ་ཀ་ར་ནི་རབ་ཏུ་གསལ་བྱེད་དང་རྣམ་པར་གསལ་བྱེད་དོ། །བྷཱ་སྭད་ནི་འོད་གསལ་ལམ་སྣང་ལྡན་ནོ། །བི་བྷ་སྭད་ནི་མིག་གཟུགས་ཏེ་འབྱུང་པོ་ཐམས་ཅད་ལ་མིག་
གི་ཚུལ་གྱིས་གནས་པས་སོ། །སཔྟཱ་ཤྭ་ནི་རྟ་བདུན་པ་སྟེ། འདི་ལ་རྟ་བདུན་ཡོད་པས་སོ། །ཧ་རི་ད་ཤྭ་ནི་རྟ་ལྗང་ཅན་ཏེ། །འདིའི་རྟ་རྣམས་ཀྱི་ཁ་དོག་ལྗང་གུར་ཡོང་པས་སོ། །ཨུཥྞ་རསྨི་ནི་ཚ་ཟེར་ཅན་ཏེ་འོད་ཟེར་གྱི་གདུང་བྱེད་ཤིན་ཏུ་ཚ་བས་སོ། །བི་ཀརྟ་ན་རྣམ་འགྱུར་ཏེ། ལྷའི་བཟོ་བོ། །
རླུང་དང་ཡིད་མགྱོགས་མདོག་ལྔ་དང་། །དེ་བཞིན་ཐིག་ལེ་ཅན་དང་ནི། །ངེས་བརྗོད་ཤིན་ཏུ་རྒྱལ་མཚན་དང་། །རི་བོ་འཇོམས་རྣམས་ཉི་མའི་རྟ། །སྡེབ་སྦྱོར་གྱི་འགྲེལ་པར་རོ། །ལས་ཐམས་ཅད་པས་ཉི་མའི་ལུས་ལ་བཟོ་བྱས་པས་དེ་ལྟར་གྲག་གོ། །ཨརྐ་ནི་མཆོད་འོས་ཏེ། ལྷ་རྣམས་ཀྱིས་མཆོད་པར་བྱེད་པས་ན་ཨརྩ་མཆོད་པ་ལའོ་
Vol. 197 · folio 284b
ཞེས་པའི་ཁམས་ལ་གྷཉ་ཚིག་ཕྲད་དོ། །མཱརྟཎྜ་ནི་མ་ཟླུམས་སོ། །མི་ཧི་ར་ནི་ཆར་འབེབས་ཏེ། མི་ཧ་འཁྲུད་པ་ལའོ་ཞེས་པའི་ཁམས་ལ་ཀི་ར་ཙ་རྐྱེན་དུ་བྱས་པ་སྟེ། མེ་གྷ་དང་བྱིངས་གཅིག་པས་སོ། །ཨ་རུ་ཎ་འོད་འགྲོ་སྟེ། རྀ་འགྲོ་བ་ལ་ཨུ་ནན་རྐྱེན་ནོ། །པཱུ་ཥ་ཎ་རྒྱས་བྱེད་དེ། ཆར་གྱིས་འཇིག །
འབྲོག་མིས་བདུད་ལས་རྒྱལ་དང་ལོ་གྲགས་པས་མངལ་སྟུག་དང་ས་པཎ་མ་ཟླུམས་ཏེ་འགྲེལ་པར་རྒྱུ་མཚན་མི་གསལ་ལོ། །རྟེན་གསོ་བར་བྱེད་པས་སོ། །དྻུ་མ་ཎི་ནི་ནམ་མཁའི་ནོར་བུ་སྟེ། ནམ་མཁའི་རྒྱན་དུ་གྱུར་པས་སོ། །ཏ་ར་ཎི་སྒྲོལ་བྱེད་དོ། །མི་ཏྲ་ན་བཤེས་གཉེན་ཏེ་འབྱུང་པོ་ཀུན་ལ་བྱམས་པས་སོ། །ཙི་ཏྲ་བྷཱ་ནུ་ནི་སྣ་
ཚོགས་འོད་ཟེར་རོ། །བཻ་རོ་ཙ་ན་ནི་རྣམ་པར་སྣང་བྱེད་དོ། །བི་བྷཱ་བ་སུ་ནི་འོད་ཀྱི་ནོར་ཅན་ཏེ། འདི་འོད་ཀྱི་རྫས་དང་ལྡན་པས་སོ། །གྲ་ཧ་པ་ཏི་ནི་གཟའི་བདག་པོ་སྟེ། ལྷའི་བླ་མ་ལ་སོགས་པའི་ཡང་བདག་པོར་གྱུར་པས་སོ། །ཏྭིཥཱམྤ་ཏི་ནི། སྣང་བའི་བདག་པོའོ། །མ་ཧཿཔ་ཏི་ནི་ཉིན་
མོའི་བདག་པོའོ། །བྷཱ་ནུ་ནི་འོད་ལྡན་ཏེ། བྷཱ་འབར་བ་ལའོ། །དཱ་བྷཱ་དག་ལ་ནུའོ་ཞེས་པས་ནུའོ། །ཧནྶ་ནི་འཇོམས་བྱེད་དེ། རབ་རིབ་འཇོམས་པར་བྱེད་པའོ། །ཧ་ན་འཚེ་བ་ལ། བི་བྲྀ་སོགས་ཀྱི་མདོས་ས་རྐྱེན་ནོ། །ས་ཧ་སྲཱཾ་ཤུ་ནི། འོད་སྟོད་ཅན་ཏེ་འདི་ལ་འོད་ཟེར་སྟོང་ཕྲག་ལྡན་པས་སོ། །ཏ་པ་ན།
གདུང་བྱེད་དེ་ཚ་ཟེར་གྱིས་གདུང་བར་བྱེད་པའོ། །ས་བི་ཏཱ་ནི་འོད་ཟེར་ཅན་ཏེ། འོད་ཟེར་སྤྲོ་བའི་ལས་ཅན་ནོ། །ཌ་བི་ནི་འོད་གཟུགས་ཅན་ཏེ། རཱུ་པ་ལ་འོད་དང་ལྡན་པའི་ཕྱིར་ཞེས་པས་ཨིའི་རྐྱེན་ཚིག་ཕྲད་དོ། །དེ་ལྟར་ཉི་མ་ལ་མིང་སུམ་ཅུ་རྩ་བདུན་ནོ། །ཉི་མའི་འཁོར་གྱི་མིང་ལ། དབང་པོ་ལ་
སོགས་པའི་ལྷ་བཅུ་གཉིས་འདིའི་ངོས་སུ་གནས་ཏེ། དེ་ལ་གཙོ་བོ་ནི་གནས་བྱེད་ཅེས་བྱའོ། །ཉི་མའི་གཡོན་ལོགས་སུ་བརྒྱ་བྱིན་དབྱུག་པའི་རྣམ་པས་སོ། །གཡས་ལོགས་སུ་མེ་ལྷ་མདོག་དམར་སེར་རོ། །རིམ་པ་གཉིས་པའི་ལྷོ་སྒོར་གཤིན་རྗེ་ནི་མ་ཋ་ར་གནས་བྱེད་ཀྱི་མིང་ཅན་ཏེ་
ཉི་མ་ལ་གོས་བཞིན་དུ་ཉེ་བར་གནས་པས་སོ། །སྒོའི་ངོས་གཞན་དག་ཏུ། ཙཎྜཱཾ་ཤུ་གཏུམ་པའི་འོད་དང་། པ་རི་པཱརྴྭ་ཀཱ་ཡོངས་སུ་བསྐོར་བ་ཞེས་བྱ་བ་དག་གནས་སོ། །ཚིགས་བཅད་ཕྱེད་ཀྱིས་ཉི་མའི་ཁ་ལོ་པ་བརླ་མེད་ཀྱི་མིང་སྟེ། སཱུ་ར་སཱུ་ཏ་ནི་ཉི་མའི་ཁ་ལོ་བའོ། །ཨ་རུ་ཎ་ནི་སྐྱ་
Vol. 197 · folio 285a
རེངས་ཏེ། ཁ་དོག་དམར་སྐྱར་གྱུར་ཏེ་འགྲོ་བས་སོ། །ཨ་ནཱུ་རུ་ནི་བརླ་མེད་དེ། ཁ་ལོ་བ་འདིའི་ཡན་ལག་མ་ཚང་བའོ། །ཀཱ་ཤྱ་པི་ནི། འོད་སྲུང་རྒྱུད་དེ། དྲང་སྲོང་འོད་སྲུང་གི་བུ་བརྒྱུད་ཡིན་པས། ཀཱ་ཤྱ་པ་ལ། ཨཏ་ལས་ཨི་ཉའི་བུ་བརྒྱུད་ཀྱི་རྐྱེན་སྦྱར་བའོ། །ག་རུ་
ཌཱ་གྲ་ཛ་ནི་ཁྱུང་སྔོན་སྐྱེས་ཏེ། སྐྱ་རེངས་འདི་ཁྱུང་གི་སྔོན་ལ་སྐྱེས་པར་སྔར་འདུལ་བྱེད་མའི་ལོ་རྒྱུས་སུ་བཤད་ཟིན་ཏོ། །ཚིགས་བཅད་ཕྱེད་ཀྱིས་ཉི་མའི་དཀྱིལ་འཁོར་གྱི་མིང་སྟེ། པ་རི་བི་ཤ་ནི་ཡོངས་སུ་བསྐོར་བ་དང་། པ་རི་དྷི་ནི་ཡོངས་སུ་དཀྲིས་པའམ་ཉི་མ་འཁྱིམས་པ་དང་། ཨུ་པ་སཱུརྱ་
ཀ་ནི་ཉེ་བའི་ཉི་མ་དང་། མཎྜ་ལ་ནི་དཀྱིལ་འཁོར་རོ། །ཉི་མ་ལ་སོགས་པའི་འོད་ཟེར་སྤྱིའི་མིང་ལ་ཚིགས་སུ་བཅད་པ་གཉིས་ཏེ། ཀི་ར་ཎ་ནི་འོད་ཟེར་ཏེ་རབ་རིབ་འཇོམས་པར་བྱེད་པས་ཀྲྀ་ཉ་ལ་ཀྱ་བ་རྐྱེན་ནོ། །ཨུ་སྲཿའོད་བྱེད་དེ། སྣང་བ་གནས་པས་བ་ས་གནས་པ་ལ་རཀ་རྐྱེན་དང་ཡཎ་
ཨི་ཀའོ། །མཱ་ཡུ་ཁ་ནི་འཇལ་འགྲོ་དེ་རྟག་ཏུ་ཉི་མ་ལ་ཉེ་བའི་སྟེ། མཱ་འཇལ་བ་ལའོ་ཞེས་པ་དང་། ཨུ་ཁི་འགྲོ་བའི་དོན་དག་ལ་ཨ་ཙ་རྐྱེན་དང་པྲྀ་ཥོ་ད་ར་ལ་སོགས་པས་མ་ཡཱུ་ཁར་བསྒྱུར་བའོ། །ཨཾ་ཤུ་ནི་ཕྱོགས་འགྲོ་སྟེ། ཨམ་ནད་ལའོ་ཞེས་པ་ལ་ཀུ་རྐྱེན་དང་ཤུག་ཨཱ་ག་མ་ཕྱོགས་སུ་འགྲོ་
བར་བྱེད་པའི་དོན་ལའོ། །ག་བྷཱསྟི་ནི། འོད་འགྲོ་སྟེ། ག་ནི་ག་མི་ལ་ཌ་རྐྱེན་དུ་བྱས་པས་འགྲོ་བའི་དོན་ཏོ། །བྷཱ་ས་སྤྱོ་བ་ལ་སྟེ་འབར་བ་ལ་ཡང་ངོ་ཞེས་པའི་ཁམས་ལ་མང་པོ་ལས་ཀནྟི་རྐྱེན་དུ་བྱས་པའི་བྷསྟི་སྣང་བ་སྟེ། དེས་ན་འོད་འགྲོའོ། །གྷྲ་ཎི་དང་། དྷྲྀཥྞི་ཡང་འོད་དམ་སྣང་བའོ། །བྷཱ་ནུ་
གསལ་བྱེད་དོ། །ཀ་ར་འོད་ཟེར་རོ། །མ་རི་ཙི་ཡང་འོད་ཟེར་རམ་སྨིག་རྒྱུའོ། །དཱི་དྷི་ཏི་འབར་བྱེད་དོ། །དཱི་དྷཱི་འབར་བ་ལའོ་ཞེས་པའི་ཁམས་ལ་ཀནྟི་དང་ཨིཊ་ཨཱ་ག་མའོ། །པྲ་བྷཱ་འོད་དང་རུ་ཀ་གསལ་བ་དང་། རུ་ཙི་སྣང་བ་དང་། དྭིཊ་སྒྲོན་མེ་དང་། བྷཱ་སྣང་བ་དང་། ཨ་བྷཱ་འོད་དང་། ཙྪ་བི་དངོས་པོ་དང་
དྻུ་ཏི་གསལ་བའམ་གློག་དང་། དཱི་བྷི་འབར་བ་དང་། རོ་ཙི་གསལ་བ་དང་། ཤོ་ཅི་གསལ་སྒྲོན་རྣམས་དང་། པྲ་ཀཱ་ཤ་རབ་གསལ་དང་། དྱོ་ཏ་གསལ་བ་དང་། ཨཱ་ཏ་པ། ཀུན་ཏུ་གདུང་བ་རྣམས་སོ། །དེ་ལྟར་རབ་ཏུ་གསལ་བ་ལ་སོགས་པ་གསུམ་ནི་མུན་པ་དང་བྲལ་བའི་འོད་ཟེར་ལ་འཇིག་རྟེན་དུ་
Vol. 197 · folio 285b
གྲགས་སོ། །ཀོཥྞཾ་ནི་ཅུང་ཟད་དྲོ་བ་སྟེ་དེ་ལ་སོགས་པ་དྲོ་བའི་མིང་ངོ་། ཏིགྨཾ་ནི་ཚ་བ་དང་། ཏིཀྵྞཾ་རབ་ཏུ་ཚ་བ་དང་། ཁ་རཾ་རྩུབ་པ་འམ་དྲག་ཏུ་ཚ་བའོ། །མྲྀ་ག་ཏྲྀཥྞ་ནི་རི་དགས་སྲེད་ཅེས་བྱ་སྟེ། སྐོམ་པའི་རི་དགས་རྣམས་ཆུར་སྣང་བས་སྲེད་པར་བྱེད་པས་སོ། །མ་རཱི་ཙི་སྨིག་རྒྱུའོ། །ས་མ་ཡའི་
མཐར་ཐུག་པ་དུས་ཀྱི་མིང་སྟེ། ཀཱ་ལ་ནི་བགྲང་བར་བྱ་བས་དུས་ཏེ། ཀ་ལི། གྲངས་ལ་བགྲང་བར་བྱེད་དོ་ཞེས་པས་གྷཉའོ། །དིཥྚ། སྟོན་པར་བྱེད་པས་དུས་སོ། །ཨ་ནེ་ཧ། ཡང་ཡང་འབྱུང་བས་དུས་སོ། །ས་མ་ཡ། ཡང་དག་པར་འགྲོ་བས་དུས་སོ། །ཚེས་ཀྱི་མིང་ལ།
པཀྵ་ཏི་ནི་ཕྱོགས་ཀྱི་རྩ་བར་འགྱུར་བས་ཚེས་སོ། །པྲ་ཏི་པད་ནི་ཟླ་བ་འཆར་བ་དང་ཟད་པའི་གནས་ཡིན་པས་ཆེས་ཏེ་གཉི་ག་ཚེས་གཅིག་གོ། །ཏི་ཐི་ཞེས་པ་ཚེས་སྤྱིའི་མིང་ངོ་། །ཚིགས་བཅད་ཕྱེད་གཉིས་ཀྱི་ཉིན་མོའི་མིང་སྟེ། གྷ་སྲ་ནི་མུན་བསིལ་ཏེ་མུན་པ་ལས་རིང་དུ་གྱུར་
པས་སོ། །དི་ན་ནི་ཉིན་མོ་སྟེ་དེ་ལ་སོགས་པ་ཤེས་པར་བྱའོ། །པྲ་དྷཱུ་ཥ་དང་། ཨ་ཧརྨུ་ཁ་ལ་སོགས་པ་ནི་མུན་པ་དངས་པ་དང་། ཉིན་མོའི་སྒོ་ཞེས་པ་ལ་སོགས་པ་སྟེ་ནམ་ལངས་པའི་མིང་ངོ་། །བྲ་བྷཱ་ཏ་ནི་དགོངས་མོ་སྟེ་དེ་ལ་སོགས་པ་ཉི་མའི་མཐའ་དང་མཚན་མོའི་མིང་ངོ་། །ས་སརྦ་ནི་
ཚིགས་དང་བཅས་པའོ། །སནྡྷི་ནི་མཚམས་དང་། པྲ་ཏི་པད་ཚེས་གཅིག་གོ། །ཟླ་བ་ཉ་བའི་མིང་ལ། པཽརྞ་མཱ་སི་ནི་ཟླ་བ་གང་བ་དང་། པུརྞི་མཱ། འཇལ་བྱེད་རྫོགས་པའོ། །རཱ་ཀ་དང་། ནི་ཤཱ་ཀ་ར་ནི་མཚན་མོ་དང་མཚན་མོར་བྱེད་པའོ། །ཚིགས་བཅད་ཕྱེད་ཀྱིས་གནམ་སྟོང་གི་མིང་སྟེ།
ཨ་མཱ་བཱ་སྱ་ཞེས་པའི་ཨ་མཱའི་སྒྲ་ནི་ལྷན་ཅིག་པའི་དོན་ཅན་ཏེ་མི་ཟད་པའོ། །ཉི་མ་དང་ཟླ་བ་དུས་འདིར་ངེས་པར་ལྷན་ཅིག་གནས་པས་ཨ་མཱ་བཱ་སྱ་ལྷན་ཅིག་གནས་པ་སྟེ། གནམ་སྟོང་ངོ་། །ཟླ་བ་མི་མཐོང་བ་ཞེས་ཀྱང་བྱའོ། །མི་རྣམས་ཀྱི་དུས་ཇི་ལྟར་བཅོས་མ་ཡིན་པར་མིག་གི་རྫི་མ་སྐྱོད་པ་འབྱུང་བ་
ནི། ནི་མེ་ཥ་ཞེས་པ་སྡེ་མིག་འཇུམས་སོ། །དེ་བཅོ་བརྒྱད་ནི་ཀཱཥྨ་སྟེ། གནས་ཞེས་པའི་མིང་ཅན་དུ་འགྱུར་ལ། དེ་སུམ་ཅུ་ནི་ཀ་ལ་སྟེ་ཆ་དབུགས་གཉིས་ཀྱི་མིང་། ཤས་སོ། །དེ་སུམ་ཅུ་ནི་ཀྵ་ཆུ་སྲང་བཅུའི་མིང་ཎ་སྟེ་སྐད་ཅིག་གོ། །དེ་བཅུ་གཉིས་ནི་མཱུ་ཧཱུརྟ་ཞེས་བྱ་སྟེ་ཡུད་ཆུ་ཚོད་གཉིས་ཀྱི་མིང་། ཙམ་
Vol. 197 · folio 286a
མོ། །དེ་སུམ་ཅུ་ནི་ཨ་ཧོ་རཱ་ཏྲ་སྟེ་ཉིན་ཞག་གོ། །དེ་བཅོ་ལྔ་ནི་ཕྱོགས་ཏེ་ཕྱོགས་དེ་ཡང་སྐར་མའི་རིམ་པས་དཀར་པོའི་ཕྱོགས་ནི་སྔ་མའི་མིང་ཅན་དང་། ནག་པོའི་ཕྱོགས་ནི་ཕྱི་མའི་མིང་ཅན་དུ་འགྱུར་རོ། །མགོ་ལ་སོགས་པའི་ཟླ་བ་གཉིས་གཉིས་ནི་དུས་སུ་འགྱུར་ལ། དུས་
གསུམ་ནི་བགྲོད་པ་སྟེ། དེ་ཡང་རྒྱལ་གྱིས་འཕོ་བ་ནས་བརྩམས་ཏེ་ཆུ་སྟོད་ཀྱི་བར་ནི་བྱང་དུ་འགྲོ་བས་བྱང་བགྲོད་དོ། །ཆུ་སྟོད་ཀྱིས་འཕོ་བ་ནས་བརྩམས་ཏེ་རྒྱལ་གྱི་བར་ནི་ལྷོར་འགྲོ་བས་ལྷོར་བགྲོད་དོ། །བགྲོད་པ་གཉིས་ཀྱིས་བརྶར་སྟེ་ལོར་འགྱུར་རོ། །ཟླ་བ་ཉ་བ་ལ་རྒྱལ་དང་ལྡན་པ་ནི་རྒྱལ་
ཟླ་བ་དེ་བཞིན་དུ་མཆུ་ལ་སོགས་པ་རྣམས་ལའང་སྦྱར་རོ། །ཚིགས་བཅད་ཕྱེད་ཀྱིས་མགོའི་ཟླ་བའི་མིང་སྟེ། རྒྱུ་སྐར་མྲྀ་ག་ཤི་རཱ་དང་ཟླ་བ་ཉ་བ་དང་ལྡན་པས་མཚོན་པ་ནི་མྲྀ་ག་ཤཱིཪྵཱ་སྟེ་མགོ་ཟླའམ་དགུན་ཟླ་ར་བའོ། །ས་ཧཱ་མཱརྒ་ཡང་དེ་ཉིད་དེ། ས་ཧཱ་ནུས་པ་ལའོ། །ནུས་པར་བྱེད་པ་དང་འདི་ལྡན་
པས་ཨ་སུན་གྱི་རྐྱེན་སྦྱར་བ་ནི་ས་ཧཱ་སྟེ་ནུས་པའོ། །དེ་ལྟར་ཡང་སྲོག་ཆགས་རྣམས་ཀྱི་སྟོབས་འཕེལ་བྱེད། ཅེས་པས་སོ། །ཨཱ་གྲ་ཧཱ་ཡ་ནི་ཀ། །ལོའི་དང་པོ་སྟེ། ཟླ་བ་འདི་ནས་ལོའི་ཐོག་མ་བྱེད་པས་སོ། །རྒྱལ་དང་ཟླ་བ་ཉ་བ་ལྡན་པ་ནི་པཽ་ཥི་དང་། ཏི་ཥཱི། རྒྱལ་ཟླའམ། དགུན་ཟླ་འབྲིང་པོའོ། །
འདིར་ཡང་སཱ་ཧ་ནི་སྟོབས་འཕེལ་ལོ། །ཏ་པ་དཀའ་ཐུབ་ཟླ་བ་དང་། མཱ་གྷ་ནི་མཆུ་ཟླའམ་དགུན་ཟླ་ཐ་ཆུང་ངོ་། །ཕལྒུ་ནི་དབོའི་ཟླ་བ་དང་། ཏ་པཱ་སྱ། དཀའ་ཐུབ་ཟླ་བ་དང་། ཕལྒུ་ནི་ཀ་ནི་དཔོ་ཅན་ནམ་དཔྱིད་ཟླ་ར་བའོ། །ཙཻ་ཏྲ་དང་ཙཻ་ཏྲི་ཀ་ནི་ན་ག་བ་ཅན་ནམ་དཔྱིད་ཟླ་འབྲིང་པོ་དང་། མ་དྷུ་ནི་འདིར་ཐམས་
ཅད་དུ་ཀ་མ་དེ་བ་འདོད་པའི་ལྷ་སེམས་པར་བྱེད་པས། འདོད་སྟེར་ཟླ་བ་སྟེ། མ་ན་ཤེས་པ་ལ་ན་མི་མ་ནི་ཛན་རྣམས་ཀྱི་ནཱ་ཀི་ཏ་ཧ་རྣམས་ཀྱང་ངོ་ཞེས་པས་ཨུ་རྐྱེན་དང་མཐའི་ན་ཡིག་དྷ་རུ་བསྒྱུར་བའོ། །བཻ་ཤཱ་ཁ་ནི་ས་ག་ཟླ་བའམ་དཔྱིད་ཟླ་ཐ་ཆུང་ངོ་། །མཱ་དྷ་བ་ནི་སྦྲང་རྩི་འཁོར་བ་སྟེ། མེ་ཏོག་ལ་གནས་
པའི་སྦྲང་རྩི་མང་པོ་འདི་ལ་ཡོད་པས་སོ། །ཛྱཻཥྛ་ནི་སྣྲོན་ཟླ་བའམ་དབྱར་ཟླར་བའོ། །ཤུ་ཀྲ་ནི་དཀར་པོ་སྟེ། གཟའ་ལ་སོགས་པའི་བཞིན་དུ་ཟླ་བ་འདིའི་མིང་ངོ་། །ཤུ་ཙི་ནི་གཙང་བྱེད་དེ། མེ་ལ་སོགས་པའི་བཞིན་དུ་འདིའི་མིང་ངོ་། །ཨ་ཥཱ་ཌྷ་ནི་ཆུ་སྟོད་ཟླ་བའམ་དབྱར་ཟླ་འབྲིང་པོའོ། །ཤྲཱ་བ་ཎ་ནི། ཐོས་
Vol. 197 · folio 286b
ལྡན་ཏེ། འདི་ལ་ཐོས་པ་མང་བས་སོ། །ན་བྷའི་སྒྲ་ནི་ནམ་མཁའ་སྟེ་དེ་ཉིད་ཟླ་བ་འདིའི་མིང་ངོ་། །ཤྲཱ་བ་ཎི་ཀ་ནི་གྲོ་ཞུན་ཟླ་བ་འམ་དབྱར་ཟླ་ཐ་ཆུང་ངོ་། །པྲོཥྛ་པ་དང་ཁྱུ་མཆོག་རྐང་པ་དང་། བྷཱ་དྲ་དང་། བྷཱ་དྲ་པ་དང་། ཡང་བ་ལང་རྐང་པ་དང་། ཁྲུམས་ཟླའམ་སྟོན་ཟླ་ར་བའོ། །ཨཱ་ཤྭི་ན་ཐ་
སྐར་ཟླ་བའམ་སྟོན་ཟླ་འབྲིང་པོའོ། །ཨི་ཥ་ནི་ལྟད་མོ་སྟེ་ཨི་ཥ་འགྲོ་བ་ལའོ་ཞེས་པའི་ཁམས་སོ། །ཀཱརྟི་ཀ་དང་ཀཱརྟི་ཀི་ཀ་ནི་སྨིན་དྲུག་ཅན་དང་སྨིན་དྲུག་ཟླ་བའམ་སྟོན་ཟླ་ཐ་ཆུང་ངོ་། །བ་ཧུ་ལ་ནི་མང་པོ་འཛིན་ནོ། །དེ་རྣམས་ནི་ཟླ་བ་སོ་སོའི་མིང་ངོ་། །དུས་དྲུག་གི་མིང་ལ། ཧེ་མནྟ་ནི་དགུན་སྟོད་དོ། །ཤི་ཤི་
ར་ནི་དགུན་སྨད་དོ། །བ་སནྟ་ནི་དཔྱིད་དོ། །པུཥྤ་ས་མ་ཡ་དང་། སུ་ར་བྷི་ནི། མེ་ཏོག་ལྡན་དུས་དང་། བདེ་བྱེད་དེ་དཔྱིད་དོ། །གྲཱིཥྨ་ནི་སོས་ཀ་དང་། ཨུཥྨ་ཀ་ཚ་བའི་དུས་དང་། ནི་དཱ་གྷ་ངེས་པར་བསྲེག་པ་དང་། ཨུཥྨོ་པ་ག་མ་དྲོད་ཕེབས་པ་དང་། ཨུཥྨ་དྲོད་དང་། ཨུཥྨཱ་ག་མ་དྲོད་འོངས་པ་དང་།
ཏ་པ་ཚ་བའི་དུས་ཏེ་དེ་རྣམས་སོས་ཀའི་མིང་ངོ་། །བྲཱ་བྲྀཊ་དབྱར་གྱི་དུས་སོ། །ཤ་ར་ཏ་སྟོན་ཀའོ། །ལོའི་མིང་ཚིགས་བཅད་ཕྱེད་ལ་སམྦཪྶ་ར་ལོ་དང་། བརྶ་ར། བགྲང་བྱ་དང་། ཨབྡ་འགྲོ་འོང་དང་། ཧཱ་ཡ་ན་འདོར་བྱེད་རྣམས་སོ། །མི་རྣམས་ཀྱི་ལོ་དང་ཡང་དག་པར་འབྲེལ་བའི་ཟླ་བ་གཅིག་གི་ཡི་
དགས་རྣམས་ཀྱི་ཉིན་ཞག་གཅིག་གོ། །དེ་བཞིན་དུ་མི་དང་ཡང་དག་པར་འབྲེལ་པའི་ལོ་གཅིག་གིས་ལྷ་རྣམས་ཀྱི་ཉིན་ཞག་གོ། །དེའི་ཕྱིར་བྱང་དུ་བགྲོད་པ་ནི་ལྷ་རྣམས་ཀྱི་ཉིན་མོའོ། །ལྷོར་བགྲོད་པ་ནི་མཚན་མོའོ། །ལྷ་རྣམས་དང་ཡང་དག་པར་འབྲེལ་བའི་ཉིན་ཞག་བཅུ་དྲུག་ལྷག་པའི་བརྒྱ་
ཕྲག་གསུམ་གྱི་བདག་ཉིད་ཅན་གྱི་ལོ་སྟོང་ཕྲག་བཅུ་གཉིས་ནི་ལྷ་རྣམས་ཀྱི་དུས་གཅིག་གོ། །ལྷའི་དུས་སྟོང་ཕྲག་གཅིག་གིས་ཚངས་པའི་ཉི་མ་གཅིག་གོ། །དེ་ལྟར་ཡང་། འདི་དག་སྟོང་ཕྲག་བཅུ་གཉིས་ནི། །དུས་ཞེས་བྱ་བར་ཡོངས་སུ་གྲགས། །འདི་ཉིད་སྟོང་དུ་བསྒྱུར་བ་ནི། །ཚངས་པའི་
ཉིན་མོ་གཅིག་ཏུ་བརྗོད། །ཅེས་བཤད་དོ། །དེ་ཡང་མི་རྣམས་ཀྱི་དུས་བཞི་སྟོང་ཕྲག་གཅིག་གོ། །དེ་སྐད་དུ་ཡང་། རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དང་། །རྩོད་དུས་ཞེས་བྱ་དུས་བཞི་སྟེ། །ཐུབ་པས་ཚངས་པའི་ཉིན་མོ་གཅིག །དེ་སྟོང་དུ་ནི་རྣམ་ཤེས་བྱ། །ཞེས་བཤད་དོ། །
Vol. 197 · folio 287a
ཉིན་མོའི་ཚད་གང་ཡིན་པ་དེ་ཉིད་མཚན་མོའི་ཚད་ཡིན་པས་དེའི་ཕྱིར་ལྷའི་དུས་སྟོང་ཕྲག་གཉིས་ཀྱིས་ཚངས་པའི་ཉིན་ཞག་གཅིག་གོ། །མི་རྣམས་ཀྱི་དུས་བཞི་སྟོང་ཕྲག་གཉིས་ཏེ། དེ་ལྟར་ཡང་། ཡི་དགས་རྣམས་ཀྱི་ཉིན་ཞག་གི། །ཟླ་བས་ལྷ་རྣམས་ལོ་ཡིན་ནོ། །དུས་
བཞི་སྟོང་ཕྲག་གཉིས་ཀྱིས་ནི། །ཚངས་པའི་གཉིས་པོ་གཉིས་སྐྱེས་མཆོག །ཅེས་སོ། །དེ་ལ་རྫོགས་ལྡན་ཀྱི་དུས་ཀྱི་མི་རྣམས་ཀྱི་ལོའི་གྲངས་ཀྱི་ཚད་ནི། སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ལྷག་པའི་ལོ་འབུམ་ཕྲག་བཅུ་བདུན་ནོ། །སུམ་ལྡན་ལ་ནི། ལོ་སྟོང་ཕྲག་དགུ་བཅུ་རྩ་དྲུག་ལྷག་པའི་འབུམ་
ཕྲག་བཅུ་གཉིས་སོ། །གཉིས་ལྡན་ལ་ནི། ལོ་སྟོང་ཕྲག་དྲུག་ཅུ་རྩ་བཞི་ལྷག་པའི་འབུམ་ཕྲག་བརྒྱད་དོ། །རྩོད་ལྡན་ལ་ནི་ལོ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ལྷག་པའི་འབུམ་ཕྲག་བཞིའོ། །དེ་སྐད་དུ་དང་པོའི་སངས་རྒྱས་ལས། །སྟོང་པ་སྟོང་པ་མཁའ་ཀླུ་ལག་པ་ཐུབ་པ་རི་བོང་ཅན་ནི་རྫོགས་
ལྡན་དུས་ཀྱི་ཚད་ཡིན་ནོ། །མཁའ་མཁའ་སྟོང་པ་རོ་དང་དགུ་དང་ཉིན་མོར་བྱེད་པ་གསུམ་ལྡན་ལོ་ཡི་གྲངས་སུ་རབ་ཏུ་གྲགས། །སྟོང་པ་སྟོང་པ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་བྱ་གཉིས་ལྡན་ལོ་ནི་ཡང་དག་གོ། །སྟོང་པ་ནམ་མཁའ་མཁའ་དང་མིག་དང་ཡོན་ཏན་ཆུ་གཏེར་རྩོད་ལྡན་ལོ་ཡི་
གྲངས་སུ་འགྱུར། །ཞེས་གསུངས་སོ། །འདི་རྣམས་བསྡོམས་པ་ནི་ལོ་སྟོང་ཕྲག་ཉི་ཤུ་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་སྟེ། དེ་ལྟར་ཡང་། གནམ་དང་ནམ་མཁའ་སྟོང་པ་ནམ་མཁའ་མིག་དུས་རྒྱ་མཚོ་དུས་བཞི་ཡང་དག་བསྡུས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ལ་ཀླུ་ནི་བརྒྱད་དོ། །
ལག་པ་ནི་གཉིས་སོ། །ཐུབ་པ་ནི་བདུན་ནོ། །རི་བོང་ཅན་ནི་གཅིག་གོ། །རོ་ནི་དྲུག་གོ། །ཉིན་མོར་བྱེད་པ་ནི་བཅུ་གཉིས་སོ། །རིག་བྱེད་དང་ཆུ་གཏེར་ནི་བཞིའོ། །མིག་ནི་གཉིས་སོ། །ཡོན་ཏན་ནི་གསུམ་མོ། །སོ་ནི་སུམ་ཅུ་རྩ་གཉིས་སོ། །གྲངས་འདི་དག་ཀྱང་རབ་ཏུ་གྲགས་པའི་གྲངས་
གཟུང་ངོ་། །གནམ་དང་མཁའ་དང་ནམ་མཁའི་སྒྲ་ནི་སྟོང་པའི་རྣམ་གྲངས་སོ། །སྟོང་པ་ཡང་རྩིས་ཀྱི་སྐབས་སུ་ཐིག་ལེས་མཚོན་ནོ། །དུས་སོ་སོ་བ་འདི་རྣམས་ཐམས་ཅད་ཀྱང་རི་མོ་ལུགས་བཟློག་ཏུ་དགོད་པར་བྱའོ། །དེ་ལ་རྫོགས་ལྡན་དུས་ཀྱི་དགོད་པ་པྲ་སྟར་དཔེར་ན། ༡༧༢༨༠༠༠་གསུམ་ལྡན་གྱི་
Vol. 197 · folio 287b
དཔེར་ན། ༡༢༧༦༠༠༠་གཉིས་ལྡན་གྱི་དཔེར་ན། ༨༦༤༠༠༠་རྩོད་ལྡན་གྱི་དཔེར་ན། ༤༣༢༠༠༠་དུས་བཞི་བསྡོམས་པའི་ཡང་དཔེར་ན། ༤༣༢༠༠༠་པྲ་སྟཱར་སོ་སོའི་མཐའི་ཐིག་ལེ་ནས་བཟུང་སྟེ། ལུགས་བཟློག་ཏུ་བརྩི་བར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། གཅིག་དང་བཅུ་དང་དེ་བཞིན་
བརྒྱ། །སྟོང་དང་ཁྲི་འབུམ་ས་ཡ་རྣམས། །རིམ་བཞིན་ཕྱི་མ་བཅུ་འགྱུར་ཡིན། །ཞེས་པས་སོ། །དེ་ལ་སྟོང་ཕྲག་བཅུ་ནི་ཁྲིའོ། །འབུམ་ཕྲག་བཅུ་ནི་ས་ཡའོ། །ས་ཡ་དེ་ནི་རྩོད་ལྡན་དང་གཉིས་ལྡན་དག་ལ་མེད་དེ་དེ་ཡི་བརྩི་བ་འབུམ་ཕྲག་གི་མཐར་ཐུག་པས་སོ། །དེ་ལྟར་དུས་སོ་སོ་བ་རྣམས་དང་
དེ་བསྡོམས་པའི་ཨངྐ་ལས་ཀྱང་སྔར་བཤད་པའི་ལོ་ལ་སོགས་པ་བདེ་བླག་ཏུ་ཤེས་པར་འགྱུར་རོ། །ཚངས་པའི་ཉིན་ཞག་ནི་མི་རྣམས་ཀྱི་བསྐལ་པ་གཉིས་ཏེ། དེ་དག་ཅེས་པ་འདི་བློ་ལ་བཞག་ནས་བསྐལ་པ་གཉིས་གཟུང་ངོ་། །དེ་ལ་ཚངས་པའི་ཉིན་མོ་ནི་མི་རྣམས་ཀྱི་འཆགས་པའི་བསྐལ་པའོ། །
མཚན་མོ་འཇིག་པའི་བསྐལ་པའོ། །འདི་ལ་ཡིད་གཞན་ཞེས་པ་ཤེད་བུ་སྟེ་ཚངས་པའི་བུའོ། །ཚངས་པའི་ཉིན་གཅིག་ནི་ཤེད་བུའི་བཅུ་བཞིའོ། །དེ་ལ་ཤེད་བུའི་ཉི་མ་གཅིག་ནི་ལྷ་རྣམས་ཀྱི་དུས་བདུན་ཅུ་རྩ་གཉིས་ཀྱི་ཚད་དོ། །དེ་ཡང་མི་རྣམས་ཀྱི་དུས་ནི་བརྒྱད་ཅུ་རྩ་བཞི་ལྷག་པའི་བརྒྱ་
ཕྲག་གཉིས་སོ། །ཤེད་བུ་དེ་ཉིད་བཅུ་བཞི་རྣམས་ཀྱིས་ལྷའི་དུས་དགུ་བཅུ་རྩ་བཞི་ལྷག་པའི་བརྒྱར་འགྱུར་རོ། །མིའི་ནི་དུས་ཉི་ཤུ་རྩ་བཞིས་དམན་པའི་དུས་སྟོང་ཕྲག་བཞིའོ། །འདི་ཡང་ཤེད་བུ་རྣམས་ཀྱི་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ལྷག་པའི་མི་ལོ་འབུམ་ཕྲག་བཅུ་བདུན་གྱི་གྲངས་ཏེ་རྫོགས་
ལྡན་གྱི་ཚད་དོ། །བཅོ་ལྔ་ནི་མཚམས་སྦྱོར་དུ་འགྱུར་རོ། །དེ་སྐད་དུ་ཉི་མའི་གྲུབ་མཐའ་ལས། དུས་རྣམས་བདུན་ཅུ་གཅིག་བཅས་པ། །འདི་ནི་ཤེད་བུའི་ཡིན་པར་འདོད། །དེ་ནི་རྫོགས་ལྡན་ལོ་གྲངས་ཏེ། །དེ་ནི་མཚམས་སྦྱོར་རབ་ཏུ་བརྗོད། །ཤེད་བུ་ཡི་ནི་དུས་དེ་ཡང་། །བཅུ་གཉིས་
བསྐལ་པར་ཤེས་པར་བྱའོ། །རྫོགས་ལྡན་ཚད་ཀྱི་བསྐལ་པ་ཡི། །དང་པོའི་མཚམས་སྦྱོར་བཅོ་ལྔར་བརྗོད། །ཅེས་སོ། །རྫོགས་ལྡན་དུས་ཀྱི་བསྐལ་པ་ནི་རྩོད་ལྡན་དུས་ཀྱི་ཚད་དོ། །རྐང་པ་གཉིས་ནི་གཉིས་ལྡན་གྱིའོ། །རྐང་པ་གསུམ་ནི་གསུམ་ལྡན་གྱིའོ། །དུས་བཞི་པོ་འདི་རྣམས་
Vol. 197 · folio 288a
ཀྱང་འཁོར་ལོ་བཞིན་དུ་འཁོར་བས་ན་མཚམས་སྦྱོར་བཅོ་ལྔ་རྣམས་ཀྱིས་མིའི་དུས་ཉི་ཤུ་རྩ་བཞིར་འགྱུར་རོ། །ལྷ་རྣམས་ཀྱི་དུས་དྲུག་གོ། །མཚམས་སྦྱོར་བཅུ་བཞི་རྣམས་ཀྱིས་ཤེད་བུའི་གཅིག་སྟེ་བསྡོམས་པ་ནི་ལྷ་རྣམས་ཀྱི་དུས་སྟོང་ཕྲག་གཅིག་ཏུ་འགྱུར་ཞིང་
མི་རྣམས་ཀྱི་སྟོང་ཕྲག་བཞིའོ། །དེ་ཡང་ཚངས་པའི་ཉི་མ་གཅིག་གོ་ཞེས་སོ། །ཚིགས་བཅད་ཕྱེད་ཀྱིས་འཇིག་པའི་བསྐལ་པའི་མིང་སྟེ། སམྦརྟ་ནི་འཇིག་པའོ། །པྲ་ལ་ཡ་ནི་རབ་ཏུ་ཐིམ་པས་ན་འཇིག་པའོ། །ཀྵ་ཡ་ནི་ཟད་པ་དང་ཨནྟ་ནི་མཐའ་སྟེ་དེ་དག་འཇིག་པའི་རྣམ་གྲངས་སོ། །
ཚིགས་སུ་བཅད་པ་གཅིག་གིས་སྡིག་པའི་མིང་སྟེ། པཱ་པ་ནི་འོག་ཏུ་ལྟུང་བས་སྡིག་པ་སྟེ། པྲཱི་ལྟུང་བ་ལ་པ་རྐྱེན་ནོ། །ཀིལྭི་ཥ། རྩེ་ཞིང་ལྷོད་པར་བྱེད་པས་སྡིག་པ་སྟེ། ཀི་ལ་རྩེ་བ་སྟེ་ལྷོད་པ་ལ་ཡང་ངོ་། །བུཀ་ཨཱ་ག་མ་ཚིག་པྲད་དོ། །ཀལྨཥཾ། ལས་བཟང་པོ་ཟད་པར་བྱེད་
པས་སྡིག་པ་སྟེ། སཻ་ཟད་པ་ལའོ་ཞེས་པ་ཁམས་དང་། སྲི་ཥོ་ད་ར་སོགས་ཀྱི་ཕྱིར་ཀརྨའི་ར་ཡིག་ལ་ཉིད་དུ་བསྒྱུར་བའོ། །ཀ་ལུ་ཥ། ཉེས་པའི་དྲི་མ་འམ་རྙོག་པ་དང་བཅས་པས་སྡིག་པའོ། །བྲྀ་ཛི་ན་འདོར་བྱེད་དོ། །བཟང་པོ་སྤོང་བས་སྡིག་པའོ། །ཨེ་ན་དང་། ཨ་གྷཾ། ཨཾ་གྷཾ་རྣམས་ཀྱང་
སྡིག་པའི་མིང་ཡིན་ལ། ཨཾ་གྷ་ནི་ཨཾ་ཧ་ཞེས་པར་ཡང་ཡོད་དེ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་རྒྱས་པར་རྗེས་ཁྲིད་ལའོ། །དུ་རི་ཏཾ་ནི་རིང་དུ་བྱེད་དང་། དུཥྐྲྀ་ཏཾ་ནི་ཉེས་བྱས་ཏེ་དེ་རྣམས་སྡིག་པའི་མིང་ངོ་། །ཚིགས་བཅད་ཕྱེད་ཀྱིས་ཆོས་ཏེ། ཐམས་ཅད་འཛིན་པས་ན། དྷརྨ་སྟེ། ཆོས་
སོ། །པུཎྱ་ནི་བསོད་ནམས་དང་། ཤྲེ་ཡ་སཱི། རབ་ཏུ་བསྔགས་པ་འམ་དགེ་ལེགས་དང་། སུ་ཀྲྀ་ཏཾ་ནི་ལེགས་བྱས་དང་། བྲྀ་ཥ་ནི། བཉྪ་ཏཾ་ཞེས་བྱ་སྟེ། འདོད་པར་བྱ་བ་ཡིན་པས་བྲྀཥ་ལ་ཨི་ཀ་མཐའ་ཉེ་ལས་ཀ་རྐྱེན་དུ་བྱས་པའོ། །ཚིགས་སུ་བཅད་པ་གཅིག་གིས་བདེ་བའི་མིང་སྟེ། མུ་ད་ནི་
དགའ་བ་དང་། པྲཱི་ཏི་ནི་མགུ་བ་དང་། པྲ་མད་ནི་རངས་པ་དང་། ཧཪྵ་ནི་སྤྲོ་བ་དང་། པྲ་མོ་ད་ནི་ཡི་རང་དང་། མོད་དགྱེས་པ་དང་། སམྨཱ་ད་མཉེས་པ་དང་། ཨཱ་ནནྡ་ཉམས་དགའ་དང་། ཐུ་རཱ་ནནྡ་སྡིག་ཟད་དང་། ཤརྨ་སྐྱིད་པ་དང་། ཤཱ་ད་དམ་པ་དང་། སུ་ཥ་བདེ་བ་རྣམས་སོ། །ཚིགས་བཅད་གཅིག་
Vol. 197 · folio 288b
གིས་དགེ་བའི་མིང་སྟེ། སྲ་ཤྲེ་ཡ་སཾ། དགེ་ལེགས་ཏེ། འདིར་སྭ་ཞེས་པའི་སྒྲ་ནི། དུས་ཀྱི་ཁྱད་པར་ལ་གནས་པའི་རང་བཞིན་གྱི་ཚིག་ཕྱི་མ་བསྔགས་པའི་དོན་ཅན་ནོ། །ཤི་བཾ་ནི་ཞི་བ་དང་། བྷ་ད་ནི་བཟང་པོ་སྟེ། བྷ་འདི་དགེ་བ་ལའོ། །རན་རྐྱེན་ནོ། །ཀ་ལྱཱ་ཎ་དགེ་བའོ། །མཾ་ག་ལཾ་བཀྲ་ཤིས་ཏེ།
མ་གི་འགྲོ་བ་ལ་ཨ་ལ་ཙ་རྐྱེན་ནོ། །ཤུ་བྷ་ནི་དགེ་བའོ། །བྷཱ་བུ་ཀཾ་དང་། བྷ་བི་ཀཾ་དང་། བྷ་བྱཾ་རྣམས་ཀྱང་། སྐལ་པ་དང་། སྐལ་ལྡན་དང་། ལེགས་པ་རྣམས་སོ། །ཀུ་ཤ་ལ་ནི་ངན་སེལ་སྟེ་དགེ་བའོ། །ཀྵེ་མ་བདེ་ལེགས་སོ། །དགེ་བ་དང་མི་དགེ་བའི་ལས་ཙམ་ལ་ཚིགས་བཅད་ཕྱེད་དེ།
དཻ་བཾ་ནི་ལྷས་བསྐོས་ཏེ། ལྷ་ལས་འོངས་པས་སོ། །དིཥྚཾ་ནི་ལྷས་བསྟེན་ནོ། །བྷཱ་ག་དྷེ་ཡ་ནི་སྐལ་ལྡན་ཏེ། བྷཱ་ག་ལ་རང་གི་དོན་ལ་དྷེ་ཡའི་དེ་ཕན་གྱི་རྐྱེན་ནོ། །བྷཱ་གྱཾ་ནི་སྐལ་བའི་ཆའོ། །ནི་ཡ་ཏིརྦི་དྷི་ནི་ངེས་པའི་སྒྲུབ་བྱེད་དོ། །རྒྱུ་ཙམ་གྱི་མིང་ལ་རྐང་པ་གཉིས་ཏེ། ཧེ་ཏུ་ནི་རྒྱུ་སྟེ། ཧི་འགྲོ་བ་
ལའོ་ཞེས་པ་ལ། འགྲོ་ཞིང་ཡོངས་སུ་འགྱུར་བའི་བྱ་བའི་རང་བཞིན་ལ། ཀ་མི་མཱ་ནི་ཛ་ནི་ཧི་རྣམས་ལས་ཞེས་པས་རུ་རྐྱེན་ནོ། །ཀཱ་ར་ཎ་བྱེད་པ་པོ་སྟེ། ཀྲྀཉ་ལས་བྱེད་པ་པོ་ལ་ལ་ཤྻུ་རྐྱེན་དང་རིང་པོའོ། །བཱི་ཛཾ་རྣམ་པར་བསྐྱེད་པས་ས་བོན་ཏེ། ཛ་ན་རབ་ཏུ་སྐྱེ་བ་ལ་ཌ་རྐྱེན་དང་། ཉེ་བར་བསྒྱུར་
བའི་སྔོན་དུ་གནས་པ་ནི་གཞན་རྣམས་ལ་ཡང་ངོ་ཞེས་པས་རིང་པོའོ། །ནི་ད་ནཾ་ནི་འབྲས་བུ་ངེས་པར་སྟེར་བས་རྒྱུ་འམ་གཞིའོ། །ཨཱ་དི་ཀཱ་ར་ཎཾ། ཐོག་མའི་བྱེད་པ་པོའོ། །རྐང་པ་གཉིས་ཀྱིས་བདག་གི་རྣམ་གྲངས་ཏེ། ཀྵེཏྲ་ཛྙཱ་ནི་ཞིང་ཤེས་ཏེ། ཞིང་ནི་ལུས་སོ། །ཨཱཏྨ་ནི་བདག་སྟེ། ཨཏ་འགྲོ་བ་ལ།
བྱོ་མ་ལ་སོགས་པ་རྣམས་སོ་ཞེས་པས་མ་ནིན་རྐྱེན་དང་རིང་པོའོ། །པུ་རུ་ཥ་ནི་སྐྱེས་བུ་སྟེ། པྲྀ་སྐྱོང་བ་ལ། ཀུཥན་རྐྱེན་དང་། པུར་དུ་བསྒྱུར་བའོ། །ཚིགས་བཅད་ཕྱེད་ཀྱིས་སྲོག་ཆགས་ཀྱི་མིང་སྟེ། པྲ་ཎཱི། སྲོག་ཆགས་ཏེ་སྲོག་རྣམས་ལུས་ལ་འཛིན་ཅིང་ལྡན་པས་སོ། །ཙེ་ཏ་ན་སེམས་
ཅན་ནོ། །ཛནྨཱི་སྐྱེ་ལྡན་ནོ། །ཛནྟུ་དང་ཛ་ནྱུ། སྐྱེ་བོའམ་སྐྱེ་དགུའོ། །ཤ་རཱི་རི་ཎ་ལུས་ཅན་ནོ། །ཚིགས་བཅད་ཕྱེད་ཀྱིས་སེམས་ཀྱི་མིང་སྟེ། ཙིཏྟ་ནི་སེམས་པར་བྱེད་པས་སེམས་སོ། །ཙེ་ཏ་སེམས་པའོ། །ཧྲྀ་ད་ཡཾ། སྙིང་ངོ་། །སྟནྟཾ་ཡིད་དོ། །ཧྲྀ་ད་སྙིང་པོའོ། །མཱ་ན་སཾ་ཡིད་བྱེད། མ་ན་ཡིད་དོ། །
Vol. 197 · folio 289a
ཚིགས་བཅད་གཅིག་གིས་བློའི་མིང་སྟེ། བུདྡྷིནི་བློ་སྟེ། ཡིད་བུམ་པ་དང་སྣམ་བུ་དང་ཤིང་རྟ་ལ་སོགས་པ་ལ་རྟོགས་པར་བྱེད་པའོ། །མ་ནཱི་ཥ། ཡིད་འདོད་དམ། ཡིད་འགྲོའོ། །དྷི་ཥ་ཎ། སྤོབས་པ་ཅན་ནོ། །དྷཱིཿསེམས་པར་བྱེད་པས་བློའོ། །ཤེ་མུ་ཥཱི། ཉལ་
སློང་ངོ་། །མ་ཏི་བློ་གྲོས་སོ། །པྲེ་ཀྵ། རབ་ཏུ་ལྟ་བ་འམ་རྟོགས་པའོ། །ཨུ་བ་ལབྷི་ཉེ་བར་དམིགས་པའོ། །ཙེ་ཏ་སེམས་སོ། །སམྦི་ད། ཡང་དག་རིག་གོ། །པྲ་ཏི་པྲཛྙཔྟི། སོ་སོར་རྟོག་པའོ། །ཙེ་ཏ་ན། སེམས་པའོ། །དྷཱིཿམི་བརྗེད་པ་དང་། དྷཱ་ར་ཎ་བ་ཏཱི། གཟུངས་ཀྱི་ནུས་པ་དང་ལྡན་པ་དང་།
མེ་དྷཱ་ནི་ཡིད་གཞུངས་པ་དང་། སཾ་ཀལྤ་ནི་ཡང་དག་པའི་རྟོག་པ་སྟེ་དེ་དག་བློ་ཁྱད་པར་ཅན་ནོ། །ཡིད་བྱེད་ཀྱི་མིང་ལ། ཀརྨ་མཱ་ན་སཾ། ཡིད་ཀྱི་ལས་དང་། ཙིཏྟ་བྷོ་ག་སེམས་ཀྱི་ལོངས་སྤྱོད་དང་། མ་ན་སྐཱ་ར་ཡིད་ལ་བྱེད་པ་ལའོ། །ཚད་མས་དོན་ལ་ལྟ་བ་ལ་མིང་གསུམ་སྟེ། ཙརྻུ།
དཔྱོད་པ་དང་། སཾ་ཁྱཱ། བགྲང་བ་དང་། བི་ཙཱ་ར་ཎ། རྣམ་པར་དཔྱོད་པའོ། །ལྷག་པར་བརྗོད་པ་ལ་རྐང་པ་གཅིག་སྟེ། ཨདྷྱཱ་ཧཱ་ར། ལྷག་པར་བརྗོད་པ་སྟེ། མ་ཚང་བ་ཁ་བསྐང་བའི་ཕྱིར་དུ་ལྷག་པའི་ཚིག་བརྗོད་པར་བྱའོ། །ཏརྐ་ནི་རྟོག་གེ་སྟེ། ཀྲི་ཏཱི་གཅོད་པ་ལའོ་ཞེས་པའི་ཁམས་ལ་གྷ་ཉ་
རྐྱེན་དང་ཡི་གེ་བཟློག་པས་གྲུབ་པོ། །ཨུ་ཧ་ནི། རྟོག་པའོ། །ཐེ་ཚོམ་ལ་མིང་བཞི་སྟེ། བི་ཙི་ཀིཏྶཱ། ཐེ་ཚོམ་དང་། སཾ་ཤ་ཡ། སོམ་ཉི་དང་། སཾ་དེ་ཧ། ནེམ་ནུར་དང་། དྭཱ་པ་ར་ཡིད་གཉིས་སོ། །ཐེ་ཚོམ་དང་བྲལ་བའི་མིང་ལ། ནིརླ་ཡ་ནི། གཏན་ལ་ཕེབས་པ་སྟེ། ཡ་ཐཱསྠཱ་ཎཽ་སྠ་ཎུ་
རྀ་ཏི་པྲ་ཏཱི་ཏི་ནི་རླ་ཡ་ནཾ། ཞེས་བྱ་སྟེ། ཇི་ལྟར་གནས་པ་ལ་གནས་པ་ཉིད་དུ་ཡིད་ཆེས་པས་གཞི་ངེས་པའོ། །ནིཥྩ་ཡ་ནི་ངེས་པ་སྟེ། ངེས་གཟུང་གི་བདག་ཉིད་དུ་ཡིད་ཆེས་པའོ། །ལས་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བ་ལ་མིང་གཉིས་ཏེ། མེ་ཐྱཱདྲྀཥྚི། ལོག་པར་ལྟ་བ་སྟེ།
བདེན་པ་མ་ཡིན་པ་ཉེ་བར་དམིགས་པའོ། །ནཱསྟི་ཀ་ཏཱ། མེད་པ་པ་སྟེ། སྦྱིན་པ་མེད་དོ། །སྦྱིན་སྲེག་མེད་དོ། །མཐོ་རིས་མེད་དོ། །ཐར་པ་མེད་དོ་ཞེས་པ་འདོད་པའོ། །བྱ་པཱ་ད། གནོད་སེམས་དང་། དྲོ་ཧ་ཙིཏྟ་ནཾ། འཚེ་བའི་བསམ་པ་འམ་འཁུ་བའི་བསམ་པ་སྟེ་གནོད་སེམས་སོ། །འཁྲུལ་
Vol. 197 · folio 289b
པ་ལ་མིང་གསུམ་སྟེ། བྷྲཱནྟི་འཁྲུལ་པ་སྟེ། ཐག་པ་ལ་སྦྲུལ་དུ་ཤེས་པ་ལྟ་བུའོ། །བྷྲ་མུ་གཡོ་བ་ལ་ཀནྟི་དང་རིང་པོའོ། །མི་ཐྱ་ལོག་པ་དང་། ཨ་ཏི་བྷྲ་མ། ཤིན་ཏུ་འཁོར་བའོ། །ཚིགས་སུ་བཅད་པ་གཅིག་གིས་ཁས་ལེན་གྱི་མིང་སྟེ། སམྦི་ད་ནི། ཁས་ལེན་དང་། ཨཱ་གུ་ནི་ཕྱོག་
གཟུང་བསྟེ། ཨཱང་སྔོན་མ་ཅན་གྱི་ག་མི་ལ་ཌུ་རྐྱེན་དུ་བྱས་པའོ། །པྲ་ཏི་ཛྙཱ་ནི་དམ་བཅའོ། །ནི་ཡ་མ། ངེས་པ་དང་། ཨཱ་ཤྲ་བ། མཉན་བྱ་དང་། སཾ་ཤྲ་བ། ཡང་དག་ཐོས་པ་དང་། ཨངྒི་ཀཱ་ར། བདག་གིར་བྱས་པ་དང་། ཨ་བྷྱུ་པ་གམ། ཁས་བླངས་དང་། པྲ་ཏི་ཤྲ་བ། སོ་སོར་མཉན་
བྱ་དང་། ས་མཱ་དྷི། ཏིང་ངེ་འཛིན་རྣམས་སོ། །མྱ་ངན་ལས་འདས་པའི་མིང་ལ། མུཀྟི། གྲོལ་བ་དང་། ཀཻ་བ་ལྱ། མ་འདྲེས་པའམ་འབའ་ཞིག་པ་དང་། ནིརྦཱ་ཎ་མྱ་ངན་ལས་འདས་པ་དང་། ཤྲེ་ཡཿརབ་བསྔགས་དང་། ནིཿཤྲེ་ཡས་ངེས་ལེགས་དང་། ཨ་མྲྀ་ཏ། འཆི་མེད་དམ་བདུད་རྩི་དང་
མོཀྵ་ཐར་པ་དང་། ཨ་པ་བརྒ། སྤངས་པའམ་བྱང་གྲོལ་ལོ། །དེ་ནས་ཁ་དོག་གི་སྐབས་སུ་དཀར་པོའི་མིང་ལ། ཤུཀླ། དཀར་པོ་དང་། ཤུ་བྷྲ། དགེ་བྱེད་དང་། ཤུ་ཙི། གཙང་བ་དང་། ཤྭེ་ཏ། དཀར་གསལ་དང་། བི་ཥ་ད། མདོག་དཀར་དང་། ཤྱེ་ཏ། དངས་པ་དང་། པཎྜར། དཀར་
སྐྱ་སྟེ་པ་ཌི་འགྲོ་བ་ལ། ཨམྦ་ར་བཞིན་ཨ་རན་རྐྱེན་དང་། གཞན་ལ་ཡང་ངོ་ཞེས་པས་རིང་པོའོ། །ཨ་བ་དཱ་ཏ་དཀར་པོ་དང་། དཻཔ་དག་པ་ལ། ཀྟ་འོ། སི་ཏ། དཀར་པོ་སྟེ། ཥི་འཆིང་བ་ལ། ཀྟའོ། །གཽ་ར། དཀར་པོ་སྟེ། གུང་སྒྲ་ལ་རཀ་རྐྱེན་དང་། ཨཻ་ཉིད་དོ། །བ་ལཀྵ་དང་། དྷ་བ་ལ་དང་།
ཨརྫུ་རྣམས་ཀྱང་དཀར་པོའོ། །ཧ་རི་ཎ་དང་། པཱཎྜ་ར་དང་། པཱཎྜ་ར་རྣམས་སྐྱ་སེར་དང་། སེར་སྐྱ་དང་། སྐྱ་བོ་རྣམས་སོ། །ཨི་ཥཏྤཎྜ་ནི་ཅུང་ཟད་སྐྱ་བའོ། །དྷཱུ་ས་རའོ་ལ་ཁའོ། །ཚིགས་བཅད་ཕྱེད་ཀྱིས་ནག་པོའི་མིང་སྟེ། ཀྲྀཥྞ་ནག་པོ་དང་། ནཱི་ལ་སྔོན་པོ་དང་། ཨ་སི་ཏ་དཀར་མིན་དང་།
ཤྱཱ་མ་སྔོ་བསངས་དང་། ཀཱ་ལ་རྩ་བའི་རྒྱ་དཔེ་གཉིས་སུ་ཀི་ལཱ་ཞེས་པ་མ་དག་པར་མངོན་ནོ། །ནག་པོ་དང་། ཀ་ལ་ལས་གྷཉའོ། །ཤྱཱམ་ལ། སྔོ་བསངས་འཛིན་ནོ། །མ་ཙེ་ཀ །ནག་ལྷང་ངོ་། །ཏྤཱ་ཏ་དང་།གོ་ར་ནི་སེར་པོ་དང་། ཧ་རི་དྲ་བྷ་ནི་ཡུང་བའི་མདོག་གོ། །པ་ཁཱ་ཤ་དང་། ཧ་རི་ཏ་དང་། ཧ་རི་ཏ་རྣམས་ནི་ལྗང་གུའི་
Vol. 197 · folio 290a
མིང་ངོ་། །རོ་ཧི་ཏ་དམར་པོ། ལོ་ཧི་ཏ་ལཱི་བརྒན། རཀྟ་ཁྲག་མདོག །ཤོ་ཎ་དམར་བ། ཀོ་ཀ་ན་རྡ་ནི་ཨུཏྤ་ལ་དམར་པོའི་མདོག་གོ། །ཨ་རུ་ཎ་ནི་མི་གསལ་བའི་དམར་རྩའམ། སྐྱ་རེངས་མདོག་གོ། །པཱ་ཌ་ལ་ནི། དམར་སྐྱ་སྟེ་དཀར་དམར་འདྲེས་པའི་མདོག་གོ། །ཤྱ་བཿནི་
སེར་ནག་དང་། ཀ་པི་ཤ་ནི་གསེར་རོ། །དྷཱུ་མྲ་དང་། དྷུ་མ་ལ། ཀྲྀཎྜ་ལོ་ཧི་ཏ་རྣམས་ནི་ནག་པོ་དང་དམར་པོ་འདྲེས་པའི་མིང་སྟེ། དམར་ནག་དང་། དུད་ཁ་དང་། མཆིན་ཁའོ། །ཚིགས་བཅད་ཕྱེད་ཀྱིས་དམར་སེར་ཏེ། ཀ་ཌ་ར་དམར་སེར་རོ། །ཀི་ས་ལ་ནི་ཏ་ཏྲ་ནཱི་ལ་ཛཱི་ཏཿཀ་པི་ལཿཞེས་ཏེ། དེ་ལ་
ཀ་པི་ལ་ནི་སྔོ་སེར་རོ་ཞེས་སོ། །སིངྒ་དང་། གི་ཧང་མདོག་གོ། །ཀ་དྲུ་ནི་སིངྒ་ལ་ནི་གསེར་མདོག་གོ། །ཚིགས་བཅད་ཕྱེད་ཀྱིས་ཁ་དོག་སྣ་ཚོགས་པའི་མིང་སྟེ། ཙི་ཏྲ་ནི་བཀྲ་བ་འམ་སྣ་ཚོགས་པ་སྟེ། བྱ་ཁུ་བྱུག་གི་མགྲིན་པའི་མདོག་ལྟ་བུའོ། །ཀརྨཱིར་དང་། ཀལྨཱ་ཁ་ནི་ཟལ་པོ་འམ་འདྲེས་
མའོ། །ཤ་བ་ལ་ཁྲ་བོ་འམ་ཟལ་པོའོ། །ཀ་རླུ་ར་སྣ་ཚོགས་པའོ། །ཚིགས་བཅད་གཅིག་གིས་ཚིག་བཤད་དེ། འདིར་ཚངས་པ་དག་གི་ལྷག་པའི་ལྷར་འདོད་དེ་དེ་ལས་བྱུང་བས་བྲ་ཧྨི་ཏེ་ཚངས་བྱུང་ངོ་། །འདི་བྷ་ར་ཏའི་འཇིག་རྟེན་དུ་བབས་པས་བྷཱ་ར་ཏི་ཞེས་དང་། བྷཱ་ཥཱ་ནི་སྐད་དེ་སྨྲ་བར་བྱེད་
པས་སོ། །གཱིཿཚིག་དང་། བཱཀ་ངག་དང་། བཱ་ཎཱི་བརྗོད་པ་དང་། སཱ་ར་སྭ་ཏི་སྐད་དམ་དབྱངས་ཅན་ནམ་མཚོ་ལྡན་ཏེ། མཚོ་ལ་བརྟེན་པ་ཉིད་ཀྱིས་ཡོད་པའི་ཕྱིར་ལྡན་པའི་རྐྱེན་གྱི་མཐའ་ཅན་ནོ། །འདི་སྔོན་ཚངས་པའི་འཇིག་རྟེན་ནས་ཚངས་པའི་མཚོ་ལ་བརྟེན་ནས་ཆུ་ཀླུང་གིས་གཟུགས་
ཀྱིས་འཇིག་རྟེན་འདིར་བབས་སོ་ཞེས་གྲགས་སོ། །བྱཱ་ཧཱར། གཏམ་དང་། ཨུཀྟི་ལོ་རྒྱུས་སམ་ཚིག་དང་། ལ་པི་ཏཾ་སྨྲ་བ་དང་། བྷཱ་ཥི་ཏཾ་བཤད་པ་དང་། བ་ཙ་ནཾ་བརྗོད་པ་དང་། བ་ཙ་ཚིག་གོ། །སྒྲ་རྗེས་སུ་བསྟན་པ་ལ་ལེགས་པར་སྦྱར་བ་མ་ཡིན་པའི་སྒྲ་རྣམས་ནི་ཨ་པ་ཤཔྟ། སྒྲ་ཉམས་ཏེ།
དེ་ཐམས་ཅད་སྒྲ་རྗེས་སུ་བསྟན་པའི་བསྟན་བཅོས་ལས་ཨ་པ་བྷྲཾ་ཤ་སྟེ་ཟུར་ཆག་ཅེས་བརྗོད་དོ། །སྙན་དངགས་ལས་ནི་བ་ལང་རྫི་ལ་སོགས་པའི་ཚིག་སྟེ་དེ་ཉིད་ཀྱི་ཕྱིར་འཇིག་རྟེན་གྱི་ཟུར་ཆག་གི་སྐད་ཅེས་རབ་ཏུ་གྲགས་སོ། །རང་བཞིན་དང་རྐྱེན་གྱི་སྒོ་ནས་དོན་རྗོད་པར་བྱེད་པའི་སྒྲ་ནི་ལེགས་
Vol. 197 · folio 290b
པ་ཉིད་དེ། ལེགས་པར་སྦྱར་བའི་བསྟན་བཅོས་ཀྱི་སྒྲ་ལ་བརྗོད་དོ། །དེ་ཡང་ཏིང་དང་སུབ་ཀྱི་མཐའ་ཅན་གྱི་ཚིག་དང་ཡང་དག་པར་འབྲེལ་པས་དོན་རྗོད་པར་བྱེད་པའོ། །རིག་བྱེད་ལ་མིང་གསུམ་སྟེ། ཤྲུ་ཏི་ཐོས་པ་དང་། བེ་ཏ་རིག་བྱེད་དང་། ཨམྦཱ་ཡ་མན་ག་སྟེ་གསུམ་མོ། །རྀ་ཀ་ཅེས་པ་ངེས་
བརྗོད་དེ། རྀཙ་བསྟོད་པ་ལའོ། །ལྷ་རྣམས་ལ་སྟོད་པ་བྱེད་དོ་ཞེས་པས་ཀྭི་པ་རྐྱེན་དུ་བྱས་པའོ། །སཱ་མ་སྙན་ཚིག་དང་། ཡ་ཛུཥཱི་མཆོད་སྦྱིན་ནོ། །ཤིཀྵ་ནི་བསླབ་པ་སྟེ། དེ་ལ་སོགས་པ་ཐོས་པ་ཞེས་པ་དེའི་ཡན་ལག་གོ། །དེ་ལྟར་ཡང་། བསླབ་པ་ཆོ་ག་ལུང་སྟོན་དང་། །ངེས་ཚིག་སྐར་དཔྱད་ཐོས་
པ་དང་། །སྡེབ་སྦྱོར་རྣམ་པར་སེམས་པ་སྟེ། །རིག་བྱེད་ཡན་ལག་དྲུག་ཏུ་བརྗོད། །ཅེས་ཏེ། དེ་ལ་བསླབ་པ་ནི། ཨ་ལ་སོགས་པའི་ཡི་གེ་རྣམས་ནི་གནས་དང་བྱེད་པ་དང་རྩོལ་བ་རྣམས་རྟོག་པར་བྱེད་པ་སྟེ། རྀ་ཊུ་ར་ཥ་སྤྱི་བོ་ལས་ཞེས་པ་ལ་སོགས་ལྟ་བུའོ། །ཀལྤ་སྟེ་ཆོ་ག་ནི་མཆོད་སྦྱིན་གྱི་
བྱ་བ་གཏན་ལ་འབེབས་པར་བྱེད་པའོ། །བྱཱ་ཀ་ར་ཎ་སྟེ་ལུང་སྟོན་པ་ནི་སྒྲ་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ལེགས་པའི་སྒྲ་འཆད་པར་བྱེད་པའོ། །ནི་རུཀྟཾ་སྟེ་ངེས་ཚིག་ནི། ཡི་གེ་ཨཱ་ག་མ་དང་ཡི་གེ་གོ་བཟློག་པ་ལ་སོགས་པའི་ངེས་པས་བཤད་པ་བྱེད་པའོ། །ཛྱོ་ཏི་ཥཾ་སྐར་དཔྱད་ཐོས་པ་ནི། གཟའ་རྩི་
བར་བྱེད་པའི་བསྟན་བཅོས་སོ། །ཙྪནྡ་སྟེ་སྡེབ་སྦྱོར་ནི། ཚིགས་བཅད་ཀྱི་བསྟན་བཅོས་སོ། །ཨོཾ་ནི་པྲ་ཎ་བ་སྟེ་རབ་ཏུ་བསྔགས་པའི་དོན་ནོ། །ཨ་བ་སྐྱོང་བ་ལ། བྱོ་མ་ལ་སོགས་པའི་ཉིད་ཀྱི་ཕྱིར་མ་ནིན་རྐྱེན་དང་། མཐའི་ཨཙ་ལ་སོགས་པ་དབྱི་བ་དང་། ཛྭ་ར་ཏྭ་ར་ཞེས་པས་ཨཱུཊ་དང་། ཨཏ་ཨེང་
དུ་བྱས་པས་ཨོཾ་གྲུབ་སྟེ། རང་བཞིན་གྱིས་གྲངས་མེད་པའོ། །ཨི་ཏི་ཧཱ་ས་ནི་སྔོན་རབས་ཏེ། ཆེས་སྔ་བར་བྱུང་བའི་ཚུལ་བརྗོད་པ་བྱས་པ་དྲང་སྲོང་རྒྱས་པ་ལ་སོགས་པས་བྱས་པའི་བྷ་ར་ཏ་ལ་སོགས་པའི་གཞུང་ངོ་། །པུ་ར་བྲྀཉྟཾ་ནི་སྔོན་བྱུང་སྟེ། སྔོན་གྱི་ཚུལ་བརྗོད་པའོ། །ཨུ་དཱཏྟ་ལ་སོགས་
པ་གསུམ་ནི་དབྱངས་རྣམས་ཀྱི་སྟེ། ཨུ་དཱཏྟ་ནི་མཐོ་བས་བརྗོད་པའོ། །ཨ་ནུ་དཱཏྟ་ནི་དམའ་བས་བརྗོད་པའོ། །སྭ་རི་ཏ་ནི་ང་རོ་བར་མས་བརྗོད་པའོ། །པྲ་བནྡྷ་ནི་རབ་ཏུ་སྦྱར་བའམ་འབྲེལ་པ་དང་། ཀལྤ་ནཱ་རྟོག་པ་དང་། ཀ་ཐཱ་ནི་བརྗོད་པའམ་གཏམ་སྟེ། དེ་ཡང་མཚན་མས་མཚོན་པ་རྨད་དུ་བྱུང་བའི་དོན་
Vol. 197 · folio 291a
ཅན་ནོ། །ཤ་ཟའི་སྐད་ཀྱི་རང་བཞིན་ཏེ། ཡུལ་ཆེན་པོའི་མི་དང་རྟ་དང་གླང་པོ་ལ་སོགས་པའི་སྤྱོད་པ་བཞིན་རྒྱ་ཆེ་བའི་གཏམ་ནི་འདིར་ཙམྦཱུ་ཞེས་བརྗོད་པར་བྱའོ། །པྲ་ཧེ་ལི་ཀཱ་ཤེས་དཀའ་བའི་དོན་ཅན་ཏེ། དེ་ཉིད་ལ་པྲ་བཧླི་ཀཱ། བརྡས་སྟོན་པ་ཞེས་ཀྱང་བྱ་སྟེ། དཔེར་ན། གཉིད་ལོག་ན་
མིག་མི་འཛུམས་པ་ཡོད་དེ། སྐྲའི་ཤུགས་འཕེལ་བས་སོ། །ཉ་གཉིད་ལག་པན་མིག་མི་འཛུམས་པར་བྱེད་དེ་ཆུ་ཀླུང་གི་ཤུགས་འཕེལ་བའོ། །རིག་བྱེད་ལ་སྨྲྀ་ཏི་སྟེ་ཤོང་གབ་ཚིག་ཅེས་མེ་ལོང་དུ་ཡོད། དྲན་པ་ཞེས་བྱ་བ་ནི། དྲང་སྲོང་ཆེན་པོ་རྣམས་ཀྱི་དྲན་པས་སོ། །འཇིག་རྟེན་གྱི་བརྗོད་པའི་མིང་ལ། ཀམྦི་
དནྟཱི་ཞེས་པ་ཅི་ཐོས་བརྗོད་བ་སྟེ། འཇིག་ཀ་ཙེ་བེ་ག་ན་བརྡྷ་ཏེ་རྟེན་གྱི་བརྗོད་པ་བདེན་པ་དང་མི་བདེན་པ་གང་ཡང་རུང་བ་བརྗོད་པའོ། །ཛ་ན་ཤྲུ་ཏི་ནི་སྐྱེ་བོས་ཐོས་པའོ། །བརྡ་དང་། པྲ་བྲྀཏྟི་ནི་གཏམ་ལོ་རྒྱུས་སོ། །བྲྀཏྟནྟ་ནི་བྱུང་བའི་མཐའ་དང་། ཁ་སྐད་དོ། །ཨུ་དནྟ་ནི་བཀའ་མཆིད་དོ། །མིང་
བཤད་པ་ལ། ཨཱ་ཧྭ་ཡ། བོད་པ་འམ་མིང་དང་ཨཱ་ཁྱ་ཞེས་བྱ་བ་དང་། ཨངྐ་མཚན་དང་། ཨ་བྷི་དྷཱ་ན་མངོན་བརྗོད་དང་། ན་མ་དྷེ་ཡ་མིང་སྟེ། དྷེ་ཡ་ནི་མིང་གི་དེ་ཕན་གྱི་རྐྱེན་ནོ། །ནཱ་མ་ཡང་ཞེས་བྱ་བའམ། མིང་ངམ་མཚན་ནོ། །རྩོད་པའི་མིང་ལ། བི་བཱ་ད། རྣམ་པར་རྩོད་པ་འམ་འགྱེད་པའོ། །བྱ་བ་
ཧཱ་ར་ཐ་སྙད་དོ། །ཨུ་པ་ནྱ་ས་ཉེ་བར་དགོད་པ་སྟེ། ཨུ་པ་དང་ནི་སྔོན་མ་ཅན་གྱི་ཨས་ཡོད་པ་ལ་འོ་ཞེས་པས་ཁམས་ལ་གྷཉའོ། །བཱདྨུ་ཁ་ནི་སྨྲ་བའི་སྒོའོ། །ཨུ་ད་ཧ་ར་ནི་དཔེར་བརྗོད་དམ། བརྗོད་པ་སྟེ་ཚིག་གམ་མིང་གི་རྣམ་གྲངས་རྣམས་གོ་སླ་བས་མ་བྲིས་སོ། །དབྱངས་བདུན་གྱི་མིང་ལ་
རྒྱུད་ལས་བྱུང་བ་དང་མགྲིན་པ་ལས་བྱུང་བའི་སྒྲ་ནི་འཁོར་ཉན་ལ་སོགས་པའི་དབྱངས་བདུན་ཏེ། འཁོར་ཉན་ནི་གླང་པོ་ཆེའི་སྐད་ལྟ་བུའོ། །ཁྱུ་མཆོག་ནི་བ་ལང་གི་སྐད་ལྟ་བུའོ། །དྲི་འཛིན་སྐྱེས་ནི་རའི་སྐད་ལྟ་བུའོ། །དྲུག་སྐྱེས་ནི་རྨ་བྱའི་སྐད་ལྟ་བུའོ། །བར་མ་ནི་ཁྲུང་ཁྲུང་གི་སྐད་ལྟ་བུའོ། །བློ་གསལ་ནི་རྟའི་སྐད་ལྟ་བུའོ། །
ལྔ་པ་ནི་ཁུ་བྱུག་གི་སྐད་ལྟ་བུའོ། །དེ་ལྟར་ཡང་། ཐུབ་པ་མིས་བྱིན་བུས་བཤད་པ། །དྲུག་སྐྱེས་རྨ་བྱའི་སྒྲ་ལྟར་སྒྲོགས། །ཁྱུ་མཆོག་བ་ལང་སྐད་ཀྱིས་རྩོམ། །དྲི་འཛིན་སྐྱེས་ནི་ར་ཡི་སྐད། །བར་མ་ཁྲུང་ཁྲུང་སྒྲ་སྒྲོགས་བཞིན། །ལྔ་པ་མེ་ཏོག་རྒྱས་དུས་སུ། །
Vol. 197 · folio 291b
ཁུ་བྱུག་སྒྲོགས་པ་ལྟ་བུ་སྟེ། །བློ་གསལ་རྟ་སྐད་ལྟ་བུར་མཚེར། །འཁོར་ཉན་གླང་པོ་སྒྲོགས་པ་བཞིན། །ཞེས་འབྱུང་ངོ་། །སྔོན་གྱི་གཙུག་ལག་ལས། རྩེད་མོ་རཱོམ་པར་བླང་བ་ནི། །ལྔ་པ་དང་ནི་བར་མའི་དབྱངས། །དཔའ་འོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །ས་འཛིན་པ་དང་འཁོར་ཉན་དབྱངས། །སྙིང་རྗེའི་རོ་ལ་
བླང་བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལ། །བློ་གསལ་དབྱངས་ནི་བླང་བར་བྱ། །ཞེས་འབྱུང་ཞིང་། དེ་དག་གི་དོན་ཡང་། དེ་བཞིན་གཤེགས་པས་སྔོན་བཅུན་མོའི་ཚོགས་དང་རྩེ་ཞིང་རོལ་བ་དང་རློམ་སེམས་པའི་ཚུལ་དུ་བསྟན་པ་དེ་དང་མཐུན་པར་ལྔ་པ་དང་བར་མའི་གླུ་དག་བླངས་ལ། གཞན་ཡང་དེས་དྲག་པོའི་གཟུགས་སུ་བསྟན་ཅིང་བདུད་ཚར་གཅོད་པ་
ལ་སོགས་པ་ངོ་མཚར་གྱི་ཁྱད་པར་བསྟན་པ་དེ་དང་མཐུན་པར་དྲུག་སྐྱེས་དང་ཁྱུ་མཆོག་གོ། །དེ་ཉིད་སྙིང་རྗེའི་རོ་དང་ལྡན་པས་དེ་དང་མཐུན་པར་ས་འཛིན་པ་དང་འཁོར་ཉན་གྱི་གླུ་དག་བླང་ངོ་། །དེ་འཛིན་པའི་རྩོད་པའི་འཁོར་ལོ་ཤོམས་པ་ལྟ་བུར་བསྟན་ཏེ་དེ་དང་མཐུན་པར་བློ་གསལ་ཞེས་བྱ་བའི་གླུ་བླངས་ཞེས་པའོ། །དེ་ལ་སོགས་པ་གླུའི་དབྱངས་མང་པོ་དྲང་སྲོང་བྷ་
ར་ཏ་དང་བི་ཤ་ཁི་ལའི་གཞུང་ལས་བརྟག་པར་བྱའོ། །གཞན་ཡང་། དབྱངས་བདུན་རྣམས་དང་གྲོང་གསུམ་དང་། །རྒྱལ་བ་ཉི་ཤུ་རྩ་གཅིག་དང་། །ཏན་བཞི་བཅུ་དགུ་རྣམས་ཏེ། །དབྱངས་ཀྱི་དཀྱིལ་འཁོར་དེ་ཙམ་མོ། །ཞེས་པ་སྟེ། གླུའི་མཐའ་ན། ཛ་ཡ་ཏི་དང་། ཏ་ན་ལ་སོགས་པའི་ཚིག་དེ་རྣམས་ཡོད་པའོ་ཞེས་ལངྐར་གཤེགས་པའི་མདོའི་གླེང་གཞིར་
སྲིན་པོའི་བདག་པོ་འབོད་སྒྲོགས་ཀྱི་པི་ཝང་གི་སྒྲ་དང་བཅས་པའི་དྲུག་སྐྱེས་ལ་སོགས་པའི་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པའི་འགྲེལ་པར་སློབ་དཔོན་ཡེ་ཤེས་རྡོ་རྗེའི་བགོད་པ་ཉིད་འདི་གསལ་བྱེད་དུ་བྲིས་པའོ། །དེ་ལ་ནི་ཥཱ་ད་ནི། འཁོར་ཉན་ཏེ་གང་གི་ཕྱིར་དབྱངས་འདིས་ངེས་པར་དང་བར་བྱེད་པས་སོ། །རྀ་ཥ་བྷ་ཁྱུ་
མཆོག་སྟེ། འགྲོ་བར་བྱེད་པ་སེམས་རབ་ཏུ་འཇུག་པས་རྀ་ཥི་འགྲོ་བ་ལ་ཨ་བྷ་ཙ་རྐྱེན་ནོ། །གནྡྷ་ར་ནི་དྲི་འཛིན་སྐྱེས་ཏེ། དབྱངས་ཀྱི་བར་དུ་དྲིའི་ཤས་འཛིན་པར་བྱེད་པས་སོ། །གཞན་ལ་ཡང་ངོ་ཞེས་པས་རིང་པོའོ། །གནྡྷ་རཱ་ཞེས་བྱ་བ་ནི། ལྗོངས་ཀྱི་སྐྱེ་བོའི་གླུའོ། །ཥཊྗ་ནི་དྲུག་སྐྱེས་ཏེ། གང་གི་ཕྱིར་སྣ་དང་
མགྲིན་པ་དང་བྲང་དང་རྐན་དང་ལྕེ་དང་སོ་སྟེ་དྲུག་པོ་འདི་རྣམས་ལ་ཡང་དག་པར་བརྟེན་ཏེ་སྐྱེས་པས་སོ། །མ་དྷྱ་མ་ནི་བར་མ་སྟེ། གནས་ཀྱི་དབུས་ནས་ཁྱད་པར་དུ་བྱུང་བས་སོ། །དྷཻ་བ་ཏ་ནི་བློ་གསལ་ཏེ། བློ་དང་ལྡན་པ་རྣམས་ཀྱིས་བླང་བར་བྱ་བས་ན། དྷི་མ་ཏ་ལ། ལྷག་མ་ལས་ཨཎ་དང་། མིང་ལའོ་ཞེས་པས་
Vol. 197 · folio 292a
ཝ་ཉིད་དོ། །པཉྩ་མ་ནི་ལྔ་པ་སྟེ། ལྔ་རྣམས་ཀྱི་རྫོགས་པར་གྱུར་པས་སོ། །ཀ་ལ་དང་། དྷྭ་ནི་ནི་མི་གསལ་བའི་སྙན་པའོ། །ཀ་ཀ་ལི་ནི་སྒྲ་ཆ་ཕྲ་བའོ། །རོལ་མོའི་མིང་ལ། ཏཱ་པ་ནི་ཕེག་རྡོག་པ་འམ་ཆ་ལང་ངོ་། །བི་ཎ་པི་ཝང་དང་། བལླ་ཀཱི་པི་ཝང་རྒྱུད་གསུམ་པའོ། །རྒྱུད་རྒྱས་པའི་
པི་ཝང་ནི་མི་འམ་ཅི་ལ་སོགས་པའི་སིལ་སྙན་ནོ། །ཁ་པགས་པས་གཡོགས་པ་ནི། རྔ་པ་ཊ་ཧ་དང་། མུར་ཛ་སྟེ་རྫ་རྔ་ཆེན་པོ་ལ་སོགས་པའོ། །བཾ་ཤ་ནི་གླིང་བུ་དང་། ཤཾ་ཁ་ནི་དུང་དང་། དེ་དག་ནི་ཤུ་ཥི་ར་སྟེ་སྦུབས་ཀྱི་སྒྲ་ཅན་ནོ། །ཀཱཾ་སྱ་ནི་འཁར་རྔའོ། །སོགས་པའི་སྒྲས་གྷཎྜ་སྟེ་དྲིལ་བུ་དང་། ནཱུ་པུ་ར་
རྐང་གདུབ་ལ་སོགས་པའི་སྒྲའོ། །མྲྀ་ཏཾ་ག་རྫ་རྔའམ་རྔ་ཟླུམ་མོ། །ཌྷཀྐ་དང་། བྷེ་རཱི། རྔ་ཆེན་དང་། ཨཱ་ན་ཀ་དང་། དུནྡུ་བྷི་རྔ་བོ་ཆེ་དང་། ཌ་མ་རུ་དང་། ཅང་ཏེའུ་དང་། ཌིཎྜི་མ་འདོར་འཕེན་དང་། མཌྜུ་ཅང་ཏེའུ་ཆེན་པོ་དང་། ཛྷརྫྷ་ར་ནི་རྫ་རྔ་ཁ་གཅིག་པ་དང་། མརྡ་ལ་གླུ་རྔ་དང་། པ་ཎ་བ་འཁར་རྔ་དང་།
སཱ་མྱ་ནི་འཁར་ཁྲོལ་ལོ། །དེ་ལ་མྲྀཏྟི་ཀཱངྒ་དང་། མྲྀ་དངྒཱ་དང་། མུ་ར་ཛ་རྣམ་གྲངས་སོ། །མུར་ལས་སྐྱེས་པས་མུར་ཛའོ། །ཨངྒི་དང་། ཨཱལྒྱིང་དང་། ཨཱུརྡྷ་ཀ་གསུམ་ནི་མུ་ར་ཛའི་དབྱེ་བ་སྟེ། དེ་ཡང་ཨངྐཱི་ནི་ཧ་རཱི་ཏ་ཀི་ཨ་རུ་རའི་དབྱིབས་ལྟ་བུའོ། །ཨཱ་ལངྒྱི་ནི། གོ་པུཙྪ་སྟེ་བ་ལང་གི་མཇུག་མའི་དབྱིབས་
ལྟ་བུའོ། །ཨཱརྡྷི་ཀཱ་དང་། ཨུརྙིཿསྦི་ཏ་དང་། ཨུརྡྷནྡ་མ་ཞེས་པ་རྣམ་གྲངས་ཏེ། སྟེང་གི་ཁས་སྒྲོགས་པ་གྱེན་དུ་འགྲོ་བས་ན་ཨཱུརྡྷ་སྟེ་རླུང་གྱེན་དུ་བསྐྱོད་པས་སྒྲ་འབྱུང་བའོ། །ཡོ་གི་ཀཱ་པཱ་ལི་ཀཱ་དི་བཱ་དྱ་ཌ་མ་རུཿཞེས་པ་ནི་རྣལ་འབྱོར་མ་སྐྱོང་བར་བྱེད་པ་ལ་སོགས་པའི་རོལ་མོ་ཌ་མ་རུ་ཞེས་བྱ་སྟེ། ཌ་མ་རཽ་ཏི་
ཉིད་ཤཾ་ཀུ་ལ་སོགས་པའི་ངེས་པའི་ཚིག་གིས་ཌ་མ་རུ་སྟེ་ཅང་ཏེའུའོ། །པ་ཨེ་བ་བི་བུ་ལ་མཌྜུ། ཞེས་པ་ནི་དེ་ཉིད་རྒྱ་ཆེན་པོ་ལ་མཌྜུ་ཞེས་བྱའོ། །མཌྜུ་ཀ་དང་མརྡྷ་ལ་མཚུངས་སོ་ཞེས་སློབ་དཔོན་ར་བྷ་སའོ། །ཌིཎྞི་མ་ནི་འདོར་ཞིང་འཕེན་པ་ཞེས་ཏེ། ཌཎྜི་མ་དང་ཌེངྒུ་རི་ཞེས་བྱའོ། རྫྷ་ར་ཎི་སྒྲའི་ཁྱད་པར་ཡོངས་
སུ་འགྱུར་བར་བྱེད་པ་རྫ་རྔ་ཁ་གཅིག་པ་སྟེ། ཀ་ར་ཌ་ཀ་ཞེས་ཀྱང་བྱའོ། །གཞན་ཡང་ཏྲིཎ་དང་། ཙ་པེ་ཊ་དང་། གོ་མུ་ཁ་དང་། ཧུ་ཌུཀྐཱ་ལ་སོགས་པ་རོལ་མོའི་དབྱེ་བའོ། །དེ་ནས་གར་གྱི་ཉམས་ཀྱི་མིང་སྟེ། སྒེག་པ་ལ་སོགས་པ་གར་གྱི་ཉམས་བརྒྱད་ནི་གར་གྱི་རོ་སྟེ་མྱང་བར་བྱ་བ་ཡིན་པས་སོ། །དཔེར་ན་
Vol. 197 · folio 292b
བྱ་ན་སྣ་ཚོགས་དང་ལེགས་པར་སྦྱར་བའི་ཁ་ཟས་སྐྱེས་བུས་ཟོས་ཤིང་རོ་མྱང་ན་ལྷག་པར་དགའ་བར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་ཚུལ་སྣ་ཚོགས་པས་གསལ་བར་བྱས་པ་དང་ལྡན་པ་མཐོང་ཞིང་མྱོང་བ་ལས་ཡིད་དགའ་བ་སྐྱེ་བའོ། །དེ་ལ་དགའ་བ་ཞེས་བྱ་བ་ནི་རབ་ཏུ་དགའ་བའི་བདག་ཉིད་ཀྱི་དངོས་པོ་
སྟེ། གང་ཉེ་བར་བསགས་པ་ལས་བདག་ཉིད་ཀྱི་ཡིད་ལ་རྣམ་པར་འགྱུར་བའི་ཁྱད་པར་མཆོག་གི་རང་བཞིན་ནི་ཤྲི་གཱ་ར་སྒེག་པ་ཞེས་པའི་རོ་སྟེ། དེ་ལྟར་ཡང་། སྐྱེས་པ་བུད་མེད་ཕྲད་པ་ལས། །སོ་སོར་དགའ་བ་འབྱུང་འགྱུར་བ། །དེ་ནི་སྒེག་པ་ཞེས་བྱར་བཤད། །དགའ་བའི་རྩེད་མོ་སོགས་ཀྱི་རྒྱུ། །
ཞེས་སོ། །དེ་ཡང་རྣམ་པ་གཉིས་ཏེ། མཆོག་གི་རང་བཞིན་མང་པོ་ཅན། །དེ་ནི་སྐྱེས་པ་བུད་མེད་རྒྱུ། །ལོངས་སྤྱོད་དང་ནི་ལྟད་མོ་སྟེ། །སྒེག་པ་རྣམ་པ་གཉིས་སུ་འདོད། །ཅེས་བྱ་སྟེ། དེ་ལ་རྫིང་བུ་དང་། ཁང་བཟངས་མཆོག་དང་། སྐྱེད་མོས་ཚལ་དང་། ཕྲེང་བ་དང་། ཙནྡན་དང་། བུད་མེད་ལ་སོགས་
པ་གཞན་ལ་རྩེ་ཞིང་རོལ་བའི་བདག་ཉིད་ནི་ལོངས་སྤྱོད་ཀྱི་འབྱོར་པའོ། །ལྟད་མོ་ནི། མཐོང་ན་དགའ་བའི་འབྱོར་པ་སྟེ། །ཉམས་སྐྱེད་པར་བྱེད་པས་འབྱོར་པའོ། །ཇི་སྐད་དུ། འདི་ལས་ཉམས་ནི་སྐྱེ་འགྱུར་བ། །དེ་ནི་འབྱོར་པ་རབ་ཏུ་བཤད། །དེ་ལས་བདེ་བ་མྱོང་བར་འགྱུར། །དེ་ནི་མཁས་པས་
རྣམ་པར་བསྒྲུབ། །ཅེས་སོ། །སྤྲོ་བའི་བདག་ཉིད་ནི་བཱི་ར་དཔའ་བོ་སྟེ། དེ་ནི་འབྱོར་པ་དང་དུལ་བ་དང་དཀའ་ཐུབ་ཀྱི་སྟོབས་དང་རྣམ་པར་གནོན་པའོ། །དེ་ཡང་རྣམ་པ་གསུམ་སྟེ། སྦྱིན་པ་ལ་དཔའ་བ་དང་། ཆོས་ལ་དཔའ་བ་དང་གཡུལ་ལས་དཔའ་བ་རྣམས་སོ། །མྱ་ངན་ཉེ་བར་སྡུད་པའི་བདག་ཉིད་
ནི་ཀ་རུ་ཎ་སྙིང་རྗེ་སྟེ། འདོད་པ་དང་ནོར་ཉམས་པ་དང་། སྡིག་པ་དང་བསད་པ་དང་བཅིང་བ་དང་བརྡེག་པ་དང་སྦྱོ་བ་དང་ཉོན་མོངས་པས་ཉེ་བར་གདུངས་པ་སོགས་ཀྱིས་བསྐྱེད་པ་ནི་སྙིང་རྗེའི་ཉམས་སོ། །ངོ་མཚར་བ་ཉེ་བར་སྡུད་པའི་བདག་ཉིད་ནི་ཨདྦྷུ་ཏ་རྨད་དུ་བྱུང་བའམ་རྔམ་པ་སྟེ། ཁང་བཟང་དང་སྐྱེད་
མོས་ཚལ་དང་བྲག་རི་ལ་སོགས་པར་སོང་སྟེ་བཟང་པོ་མཐོང་བ་དང་། འདུན་པ་དང་གཞལ་མེད་ཁང་དང་སྒྱུ་མ་དང་མིག་འཕྲུལ་དང་བཟོ་ལ་སོགས་པ་མཐོང་བ་སྟེ། དེ་ནི་སྙིང་ལ་འདོད་པའི་འབྱོར་པ་ཐོབ་པ་ལས་བྱུང་བའོ། དགོད་པ་ཉེ་བར་སྡུད་པའི་བདག་ཉིད་ནི་ཧཱ་སྱ་དགོད་པ་སྟེ། ཨ་ཡིག་ལ་སོགས་པ་སྦེད་
Vol. 197 · folio 293a
པ་དང་རྣམ་འགྱུར་དང་བཅས་པ་དང་ཡོལ་བ་དང་མ་བཅིངས་པ་མཐོང་བ་ལ་སོགས་པའོ། །འཇིགས་པ་ཉེ་བར་སྡུད་པའི་བདག་ཉིད་ནི་བྷཱ་ཡཱ་ན་ཀ་འཇིགས་རུང་སྟེ། འཇིགས་བྱེད་ཆེན་པོ་དང་། སྲིན་པོ་འབོད་སྒྲོགས་དང་། ཡི་དགས་ལ་སོགས་པ་མཐོང་བ་དང་།
ཁྱིམ་དང་མདུན་ཁང་སྟོང་པ་དང་དགོན་པ་དང་གསོད་པ་དང་འཆིང་བ་ལྟ་བ་དང་སྐྲག་པ་དང་ངལ་བ་དང་སྐྱོ་བ་ན་ཅེ་སྤྱང་དང་འུག་པ་ལ་སོགས་པའི་སྒྲ་ཐོས་པ་རྣམས་སོ། །སྨད་པའི་བདག་ཉིད་ནི་བཱི་བྷཏྶ་མི་སྡུག་པ་སྟེ། མི་སྡུག་པ་དང་། རུལ་བའི་ཤ་ལ་སོགས་པ་མཐོང་བ་དང་ཐོས་པ་དང་གྲགས་པ་
རྣམས་སོ། །ཁྲོ་བ་ཉེ་བར་སྡུད་པའི་བདག་ཉིད་ནི། རཽ་དྲ་དྲག་ཤུལ་ཏེ། ལུས་དང་ངག་གི་སྤྱོད་པ་དྲག་ཤུལ་གྱི་ལས་བྱ་བའི་བདག་ཉིད་ལས་སྐྱེས་པ་གཡུལ་ངོར་འཇུག་པའི་རྒྱུའོ། །དེ་རྣམས་ནི་ཉམས་བརྒྱད་དོ། །རིན་ཆེན་མཛོད་ལས་ནི། སྒེག་པ་དཔའ་བ་མི་སྡུག་པ། །དྲག་ཤུལ་དགོད་
དང་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །འདི་རྣམས་གར་གྱི་ཉམས་དགུའོ། །ཞེས་གསུངས་ན། འདིར་དགུ་པ་ཞི་པའི་ཉམས་ཅིའི་ཕྱིར་མ་བཤད་ཅེ་ན་བརྗོད་པར་བྱ་སྟེ། ཞི་བའི་ཉམས་ནི་སྒེག་པའི་ཉམས་ཀྱི་རྗེས་སུ་འཇུག་སྟེ། ཆོས་འདོད་པ་ཉིད་ཀྱི་སྒེག་པ་རྣམ་པ་གསུམ་སྟེ།
དེ་ལ་དང་པོ་ནི་དཀའ་ཐུབ་དང་བརྟུལ་ཞུགས་ལ་སོགས་པ་བདག་ཉིད་ལ་ཕན་པའི་རྒྱུར་བྱེད་པ་ཉིད་ཀྱིས་སོ། །སློབ་དཔོན་ར་བྷ་ས་ནི། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་དང་། །མཉན་གཤིན་པ་སྟེ་ཉམས་བཅུའོ། །ཞེས་ཟེར་རོ། །
གཞན་དག་ནི་ཉམས་བརྒྱད་པོ་བཞིར་བསྡུས་ཏེ་ཉམས་བཞིའོ་ཞེས་ཟེར་རོ། །སྒེག་པ་ལ་སོགས་པའི་རྣམ་གྲངས་བརྗོད་པ། ཤུ་ཙི་གཙང་བ་སྟེ་འབའ་ཞིག་པའོ། །ཨུཛྫྭ་ལ་ནི་འབར་བ་སྟེ་ལྟན་སྡུག་པའོ། །དེ་དག་སྒེག་པའི་བྱ་བའི་བདག་ཉིད་བརྗོད་པའོ། །དེ་སྐད་དུ་སློབ་དཔོན་བྱཱ་ཌིས།
གཙང་དང་འབར་བ་སྒེག་པ་སྟེ། །དགའ་བ་སྤྲོ་བ་འཕེལ་བ་ཡིན། །ཞེས་ཏེ། སྦྱིན་པ་དང་ཆོས་དང་གཡུལ་གྱི་འཐབ་མོ་ལ་སྤྲོ་བར་བྱེད་པ་ནི་དཔའ་བའི་ཉམས་སོ། །ཀཱ་རུ་ཎྱ་དང་ཀ་རུ་ཎ་སྙིང་རྗེ་སྟེ། སྔ་མ་ནི་གྷྱཎའི་རྐྱེན་ཅན་ནོ། །གྷྲྀ་ཎཱ་བརྩེ་བ་གྷྲྀ་འཁྲུད་པ་ལའོ། །རསྣ་ལ་སོགས་པ་རྣམས་སོ་ཞེས་པས་
Vol. 197 · folio 293b
ནཀ་རྐྱེན་ནོ། །ཀྲྀ་པཱ་དང་། ད་ཡཱ་དང་། ཨ་ནུ་ཀམྦ་རྣམས་ཀྱང་བརྩེ་བའོ། །ཨུ་ནུ་ཀྲོ་ཤ་རྗེས་སུ་བརྩེ་བའོ། །དེ་ནས་ཧ་ས་དང་། ཧཱ་ས་དང་། ཧཱ་སྱ་གསུམ་བཞད་གད་ཀྱི་མིང་སྟེ། དགོད་དང་བཞད་གད་དང་གད་མོ་ཞེས་བྱའོ། །བི་བྷཏྶ་དང་། བི་ཀྲྀ་ཏ་རྣམ་འགྱུར་དང་མི་སྡུག་པའོ། །བིསྨ་ཡང་ངོ་མཚར་རོ། །
ཨདྦྷཱུ་ཏ་རྨད་དུ་བྱུང་ངོ་། །ཨཤྩརྻ་མཚར་ཆེའོ། །ཙི་ཏྲཾ་ཕུལ་བྱུང་ངོ་། །བྷཻ་ར་བཾ་འཇིགས་བྱེད་དང་། དཱ་རུ་ཎཾ་མི་བཟད་པ་དང་། བྷཱི་ཥ་ཎཾ་འཇིགས་པར་བྱེད་དང་། དཱ་རུ་རྞ་མི་བཟད་པ་དང་། བྷཱི་མ་དང་བྷིཥྨ་འཇིགས་པ་དང་། གྷོ་རཾ་དྲག་པོའམ་སྐྲག་བྱེད་དང་། བྷ་ཡ་ན་ཀཾ་འཇིགས་རུང་དང་། བྷ་ཡངྐ་ར་དང་། པྲ་ཏི་བྷ་ཡཾ། འཇིགས་བྱེད་
དང་། སོ་སོར་འཇིགས་སོ། །དེ་ནས་བསམ་པའི་མིང་ལ། ཨིཙྪ་དང་། ཀཾ་ཀྵཱཾ་དང་། སྤྲྀ་ཧཱ་དང་། ཏྲྀ་ཊ་དང་། བཱཉྪཱ་དང་། ལིསྶཱ་རྣམས་ནི་འདོད་པའམ་བསམས་པའི་མིང་གི་རྣམ་གྲངས་ཏེ། རེ་བ་དང་འདོད་པ་དང་བསམ་པའོ། །ཀཱ་མ་
འདོད་པ་དང་། ཨ་བྷི་ལཱ་ཥ་མངོན་འདོད་དང་། ཏཪྵ་འདོད་པ་དང་། མ་ཧཱན་ལཱ་ལས་འདོད་ཆེན་པོ། །གཉིད་ཀྱི་མིང་ལ། ནི་དཱ་གཉིད་དང་། ཤ་ཡ་ན་ཉལ་བ་དང་། སྭཱ་པ་དང་སྭཔྣ་གཉིད་ལོག་པའམ་རྨི་ལམ་དང་། སམྦ་ས། ལེགས་ཕབ་ཅེས་བྱའོ། །དགའ་སྟོན་གྱི་མིང་ལ། ཨུདྡྷཪྵ། ཉེ་བར་
དགའ་བ་སྟེ། ཨུཏ་ལས་ཧཪྵའི་ཧ་ཡིག་དྷ་རུ་བསྒྱུར་བའོ། །མ་ཧ་མཆོད་པའམ་དུས་སྟོན་དང་། ཨུདྡྷ་བ། ལྟད་མོ་སྟེ། ཨུཏ་ལས་ཧ་དྷ་རུ་བསྒྱུར་བའོ། །ཨུཏྶ་པ་དགའ་སྟོན་ནོ། །རབ་འབྱོར་ཟླ་བས་མཛད་པའི་འཆི་བ་མེད་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་འདོད་པ་འཇོ་བ་ལས་མཐོ་རིས་ཀྱི་
སྡེ་ཚན་རྫོགས་སོ།། །།དེ་ནས་ས་འོག་གི་སྡེ་ཚན་ལས། ཐོག་མར་ས་འོག་ལ་མིང་ལྔ་སྟེ། ཨ་དྷྭ་བྷུ་བ་ནས་འོག་གོ། །པཱ་ཏཱ་ལ་ནི་རྐང་འོག་གམ་ས་འོག་སྟེ། པ་ཏི་ཙཎྜི་དག་ལ་ཨཱ་ལཉའོ་ཞེས་པས། པ་ཏ་ལ་ཨཱ་ལ་ཉའི་རྐྱེན་བྱས་པའོ། །བ་ལི་པདྨ་ཞེས་པ་ལ་བ་ལི་ནི་སྟོབས་ལྡན་
ཏེ་ལྷ་མ་ཡིན་གྱི་དབང་པོའོ། །པདྨ་ནི་གནས་ཏེ་སྟོབས་ལྡན་གནས་སམ་ལྷ་མིན་གནས་སོ། །ར་སཱ་ཏཱ་ལ་ནི་བཅུད་འོག་གོ། །ནཱ་ག་ལོ་ཀ་ནི་ཀླུའི་འཇིག་རྟེན་ནོ། །དེ་ནས་ཤུ་ཥའི་མཐར་ཐུག་པས་བུ་ག་ཙམ་གྱི་མིང་སྟེ། དེ་ལ་ཀུ་ཧ་ར་བུ་གའོ། །བི་བར་ནི་གློག་གོ། །ཤུ་ཥི་རཾ་ནི་སྐར་ཁུང་ངོ་། །བི་ལམ་
Vol. 197 · folio 294a
ནི་ཁུང་བུའོ། །ཙྪི་ཏྲཾ་ནི་བུ་གུའོ། །ནིརྦྱ་ཐ་ནི་འཇིགས་པའི་བུ་གའོ། །རོ་ཀཾ་ནི་པད་མིག་གོ། །རནྡྷྲཾ་ནི་བུ་གའམ་སྦུབས་སོ། །ཤྭ་བྷྲཾ་ནི་གསལ་མཐོངས་སོ། །བ་པ་རླུང་འབྱུང་བའི་བུ་གའོ། །ཤུ་ཥི་ནི་བུ་གའོ། །གཉིས་པོ་འདི་སའི་བུ་ག་བརྗོད་པའོ། །གརྟ་ནི་མཐོང་བའོ། །དེ་ནས་མུན་
པའི་མིང་ལ། ཨནྡྦྷ་ཀཱ་ར་མུན་པའོ། །དྷྭཱནྟཾ་ལྡོངས་པའོ། །ཏ་མི་སྲཾ་སྣང་མེད་དོ། །ཏི་མི་རཾ་རབ་རིབ་པོ། །ཏ་མཿསྨག་རུམ་མོ། །དྷྭཱནྟེ་མུན་འཁྲིགས་སོ། །གྷ་ཊ་ཤིན་ཏུ་སྟུག་པོའོ། །ཨནྡྷ་ཏ་མ་སཾ་དང་། ཨ་བ་ཏ་མ་སཾ་ཡང་མུན་པའོ། །དེ་ནས་ཀླུའི་མིང་ལ། ནཱ་ག་ནི་ཀླུ་སྟེ་རི་གནས་ཞེས་བྱའོ། །ཀཱ་དྲ་
བེེ་ཡ་ནི་ཀ་དྲུའི་བུ་ཞེས་བྱ་སྟེ། དྲང་སྲོང་འོད་སྲུངས་ཀྱི་ཆུང་མ་ཀ་དྲུ་ཞེས་བྱ་བ་ལས་སྐྱེས་པས་ཀ་དྲུལ་བུ་བརྒྱུད་ཀྱི་རྐྱེན་ཨེ་ཡཎ་སྦྱར་བའོ། །ཀླུ་དེ་རྣམས་ཀྱི་དབང་ཕྱུག་ནི་ཤེ་ཥ་སྟེ་ལྷག་མ་ཅན་ཞེས་པ་དང་ཨ་ནནྟ་མཐའ་ཡས་ཞེས་པ་དང་། བཱ་སུ་ཀི་སྟེ་ནོར་རྒྱས་ཀྱི་བུ་ཞེས་བྱ་བ་རྣམས་ཏེ། སརྦ་རཱ་ཛ་
སྦྲུལ་རྒྱལ་ཞེས་ཀྱང་བྱའོ། །དེ་ནས་སྦྲུལ་ཙམ་གྱི་མིང་ལ། གོ་ནཱ་ས་སྟེ་བ་ལང་སྣ་དང་། ཏི་ལིཙྪ་དོར་གནས་དང་། ཨ་ཛ་ག་ར་ཤ་ཡུ་ཉལ་བྱེད་དང་། བཱ་ཧ་ས་རླུང་ཟས་དང་། ཨ་ལ་གརྡྷ་མྱུར་འགྲོ་དང་། ཛ་ལ་བྱ་ལ་ཆུ་སྦྲུལ་དང་། རཱ་ཛི་ལ་གྲལ་རིས་ཅན་ཏེ། རྒྱབ་ལ་ཕྲེང་བའི་རི་མོ་ཡོད་པ་དང་། མ་ལུ་
དྷཱ་ན་ཁྲི་ཅན་དང་། མུཀྟ་ཀཉྩུ་ཀ་ལྤགས་པ་འགྲོལ་བ་དང་། སརྤྶ། ས་ལ་འཕྱེ་དང་། པྲྀ་དཱ་ཀུ་ས་ལ་འཁྱོག་དང་། བྷུ་ཛག་ལག་འགྲོ་དང་། བྷུ་ཛངྒ་དང་། བྷུ་ཛཾ་ག་མ་ཡང་དེ་ཉིད་དང་། ཨ་ཧི་མྱུར་འགྲོ་དང་། ཨ་ཤཱི་བི་ཥ་མཆེ་བའི་དུག་ཅན་དང་། ཙཀྲི་འཁོར་ལོ་ཅན་དང་། བྱཱ་ཌ་འཁྱོག་
འགྲོ་དང་། ས་རཱི་སྲི་པ་འཁྱོག་པོར་འཕྱེ་བ་དང་། ཀུཎྜ་ལི་འཁྱིལ་པ་སྟེ་འདིའི་ལུས་རྣ་རྒྱན་བཞིན་དུ་འཁྱིལ་བས་འདུག་པའོ། །གཱུཌྜྷ་པཱ་ད་ནི་རྐང་སྦས་ཏེ། འདིའི་རྐང་པ་རྣམས་སྦས་པས་མི་མངོན་པའི་ཕྱིར་རོ། །ལུང་ལས། རྐང་པ་རྣམས་ཀྱང་ཤེས་བྱ་སྟེ། །ཉིས་བརྒྱ་དང་ནི་ཉི་ཤུ་
གཉིས། །ཞེས་འདིའི་རྐང་པ་ཉིད་ཀྱི་གྲངས་འབྱུང་ངོ་། །ཙཀྵུཿཤྲ་བཱ་མིག་གིས་ཐོས་ཞེས་བྱའོ། །ཀཱ་ཀོ་དར། ལྟོ་འཕྱེའོ། །ཕ་ཎི་ནི་གདེངས་ཅན་ནོ། །དརྦཱི་ཀ་ར་གཟར་བུ་མགོ་སྟེ། ཇི་སྐད་དུ། གདེངས་ཅན་ཆེན་པོ་གཟར་བུ་མགོ། །མེ་དང་རབ་མཚུངས་གཟི་བརྗིད་ཅན། །ཕ་ཎ་ཀ་ར་མྱུར་
Vol. 197 · folio 294b
ཞིང་གཏུམ། །སྦུལ་ནག་འབྱུང་པོ་མི་ཡི་བདག །ཅེས་སོ། །དཱིརྒ་པྲྀཥྛ་རྒྱབ་རིངས་སོ། །དནྡ་ཤཱུ་ཀ་ཟས་ངན་ཏེ་འདི་ཟས་ངན་པ་ཟ་བའི་ངང་ཚུལ་ཅན་ནོ། །བི་ལི་ཤ་ཡ་ཁུང་དུ་ཉལ་ལོ། །ཨུ་ར་ག་བྲང་འགྲོ་འམ་ལྟོ་འགྲོ་དང་ལྟོ་འཕྱེའོ། །པནྣ་ག་རྐང་མི་འགྲོ་དང་། བྷོ་གཱི་གདེངས་ཀ་
ཅན་དང་། ཛིཧྨ་ག་འཁྱོག་འགྲོ་དང་། པ་བ་ནཱ་ཤན་རླུང་ཟ་ཅན་རྣམས་ཏེ་སྦྲུལ་གྱི་མིང་ངོ་། །དེ་ནས་དུག་གི་མིང་ལ། ཀཱ་ཀོ་ལ་ལ་སོགས་པ་དུག་ཆེན་པོའི་རབ་ཏུ་དབྱེ་བ་དགུ་སྟེ། དེ་ལ་ཀཱ་ཀོ་ལ་ནི་དྲོ་ན་ཀཱ་ཞེས་བྱ་སྟེ་བྱ་རོག་གི་ཡན་ལག་དང་འདྲ་བའི་དུག་གོ། །ཀཱ་ལ་ཀཱུ་ཊ་ནི་ནག་པོ་བརྩེགས་
པ་ཞེས་བྱ་བ་ལྷ་དང་ལྷ་མ་ཡིན་འཐབ་པ་ན་བྱུང་བ་སྟེ་རིམ་ལ་ཡ་དང་། ཀོངྐཎ་དང་། ཤྲྀངྒ་བེ་རའི་རི་བོ་རྣམས་སུ་སྐྱེ་བའོ། །ཧ་ལཱ་ཧ་ལ་ཞེས་བྱ་བའི་དུག་ནི་ཏཱ་ལའི་འདབ་མའི་དབྱིབས་ཅན་གྱི་འདབ་མ་སྔོན་པོ་བའི་ནུ་མའི་རྣམ་པ་ཅན་གྱི་འབྲས་བུ་ལྡན་པ་དེ་དང་ཉེ་བའི་ཤིང་ལ་སོགས་པ་སྲེག་
པར་བྱེད་པ་ཞིག་སྟེ། ཡུལ་ཧི་མ་བ་ཏི་དང་ཀོངྐཎ་དང་། ལྷོ་ཕྱོགས་ཀྱི་རྒྱ་མཚོ་རྣམས་སུ་སྐྱེ་བའོ། །སཱ་རོཥྚི་ཀ་ནི་བརྟན་པའི་དུག་གོ། །ཤཽལྐ་ཀེ་ཡ། འདི་ཡང་དུག་གི་ཁྱད་པར་རོ། །བ་ཧྨ་པུ་ཏྲ་ནི་ཚངས་པའི་བུ་ཞེས་བྱ་སྟེ། ཡུལ་སེར་སྐྱ་དང་མ་ལ་ཡའི་རི་བོ་རྣམས་སུ་སྐྱེ་བའོ། །པྲ་དཱི་
པ་ན་ནི་རབ་གསལ་ཞེས་བྱ་སྟེ། མདོག་དམར་པོ་སྲེག་པར་བྱེད་པ། རི་ཨཉྫ་ནར་སྐྱེ་བའོ། །དཱ་ར་ད་ནི་ད་ར་ད་སྐྱེས་ཞེས་བྱ་སྟེ་ཡུལ་ད་ར་ད་རུ་སྐྱེས་པའོ། །ཡུལ་དེ་ལ་འོད་བཟང་ཞེས་བྱ་བར་ཡང་རབ་ཏུ་གྲགས་སོ། །བརྶ་ནཱ་བྷ་ནི་བེེ་འུའི་ལྟེ་བ་ཞེས་བྱ་སྟེ་སིནྡྷཱུ་བཱ་རའི་འདབ་མ་འདྲ་བ་བེའུའི་ལྟེ་བའི་
དབྱིབས་ཅན་དེ་དང་ཉེ་བའི་ཤིང་རྣམས་མི་འཕེལ་བར་བྱེད་པའོ། །དུག་འཇོམས་པའི་མིང་ལ། བི་ཥ་བཻ་ཏྱ། དུག་གི་སྨན་པའོ། །ཛངྒ་ལི། དུག་སེལ་ལོ། །བྱཱ་ལ་གྲཱ་ཧི། སྤྲུལ་འཛིན་ནོ། །ཨ་ཧི་རུཎྜི་ཀ། སྤྲུལ་དང་ཁ་འཐབ་པའོ། །དེ་ནས་ཚིགས་བཅད་ཕྱེད་ཀྱིས་དམྱལ་བ་སྤྱིའི་མིང་སྟེ།
ན་ཀ་ར་དང་། ནི་ར་ཡ་རྣམས་དམྱལ་བའམ་འདོད་བྲལ་ལོ། །དུརྒ་ཏི་ངན་འགྲོའོ། །དམྱལ་བ་དེ་ཡི་དབྱེ་བ་ནི། ཏ་པ་ན་ཚ་བའོ། །ཨ་བི་ཙི་ནི་མནར་མེད་དོ། །རཽ་རེ་བ་དང་མ་ཧཱ་རཽ་ར་བ་ནི་དུ་འབོད་དང་དུ་འབོད་ཆེན་པོའོ། །ཀཱ་ལ་པཱུ་ཏྲ་ཐིག་ནག་པོ་ཅན་ནོ། །སྡུག་བསྔལ་གྱི་མིང་ལ། ཡཱ་ཏ་ནཱ་བརྣག་
Vol. 197 · folio 295a
དཀའོ། །ཏཱི་བྲ་བེེ་ད་ན། མི་བཟད་པའི་ཚོར་བ་ཅན་ནམ་ཚོར་བ་དྲག་པའོ། །པཱི་ཊ། གཟིར་བའམ་ཟུག་རྔུའོ། །བཱ་དྷ། ཟུག་གཟེར་རོ། །བྱཱ་ཐཱ། ན་བའི་སྡུག་བསྔལ་ལོ། །དུཿཁཾ། སྡུག་བསྔལ་ལོ། །ཨཱ་མཱ་ན་སྱཾ་ཡིད་འགྲོགས་སོ། །པྲ་པཱུ་ཏི་ཛཾ་བུ་སྐྱེས་པའི་སྡུག་བསྔལ་
ལོ། །ཀཥྚཾ་དང་ཀྲྀཙྪྲ་དཀའ་བའམ་སྡུག་པའོ། །ཨ་བྷྲྀ་ལམ། འཇིགས་པ་ལེན་ཞེས་བྱ་བའོ། །དེ་ནས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་རྒྱ་མཚོའི་མིང་སྟེ། དེ་ལས་ས་མུ་དྲ་ནི་རྒྱ་མཚོ་སྟེ། སམ་སྔོན་མ་ཅན་གྱི་ཨུནྡཱི་ལ། དུ་ར་ལ་སོགས་པ་རྣམས་ལས་སོ་ཞེས་པས་རཀ་རྐྱེན་དུ་བྱས་པའོ། །
ཨདྷིཿ ཆུ་གཏེར་ཏེ། ཨ་པ་སྔོན་མའི་དྷཱ་ལ་ཀི་རྐྱེན་དུ་བྱས་པའོ། །ཨ་ཀཱུ་པཱ་རཿཟླ་བས་འཕེལ་ཞེས་བྱའོ། །པཱ་རཱ་བཱ་རཿམཐའ་མི་མངོན་ཞེས་བྱ་སྟེ། ཨ་དྲྀ་ཥྱ་པཱ་ར་ཨཏྱརྠཿཕ་མཐའ་མི་མཐོང་བ་ཞེས་པའི་དོན་ཏོ་ཞེས་སོ། །སཱ་རཏྤ་ཏི། ཆུ་ཀླུང་བདག་གོ། །ཨུ་དནྦཱན། ཆུ་ལྡན་ཏེ་མ་ཏུས་རྐྱེན་དུ་
བྱས་པའོ། །ཨུ་ད་དྷི། ཆུ་གཏེར་རོ། །སིནྡྷུ། རྒྱུན་ལྡན་ནོ། །སཱ་ར་སྭཱན་ཆུ་ལྡན་ནོ། །སཱ་ག་ར་དུག་ཅན་པའོ། །ཨརྞ་བ། རྒྱ་མཚོའོ། །རཏྣཱ་ཀ་ར་རིན་ཆེན་འབྱུང་གནས་སོ། །ཛ་ལ་ནི་དྷི་ཆུ་གཏེར་རོ། །ཡཱ་དཿཔ་ཏི་ཆུ་སྲིན་བདག་གོ། །ཨཱ་པམྤ་ཏི་ཆུ་བདག་གོ། །དེ་ནས་རྐང་པ་དང་བཅས་པའི་ཚིགས་བཅད་
གཉིས་ཆུའི་མིང་སྟེ། དེ་ལ་ཨཱ་པཿནི་ཆུ་རྣམས་སོ། །བཱ་རི་ཆུ། ཤ་ལི་ལམ། འབབ་ལྡན་ཉིད་ཀྱིས་ཆུ་སྟེ། ཤ་ལ་འགྲོ་བ་ལ། ཀི་ར་ཙ་རྐྱེན་དང་། ཀ་པི་རི་ལ་སོགས་པས་ར་ལ་རུ་བསྒྱུར་བའོ། །ཀཱ་མ་ལམ། འདོད་པར་བྱ་བས་ཆུ་སྟེ། ཀཱ་མྱ་ཏེ་འདོད་པར་བྱེད་དོ་ཞེས་པས་ཤ་མི་ཀ་མི་དག་ལས་
ཀ་ལའོ་ཞེས་པས་ཀ་མི་ལ་ཀ་ལའི་རྐྱེན་བྱས་པའོ། །ཛ་ལམ། འབྲུ་ལ་ཕན་པས་ཆུ་སྟེ། ཆུས་འབྲུ་བསྐྱེད་པས་ཇ་ལ་ལ་ཨ་ཙ་རྐྱེན་ནོ། །པ་ཡཿནི་བཏུང་བར་བྱ་བས་ཆུ་སྟེ། པཱིང་འཐུང་བ་ལ་ཨ་སུན་རྐྱེན་དུ་བྱས་པའོ། །ཀཱི་ལཱ་ལ། འཆིང་བར་བྱེད་པས་ཆུ་སྟེ། ཀཱི་ལ་འཆིང་བ་ལ། ཀཱ་ལན་
རྐྱེན་དུ་བྱས་པའོ། །ཨ་མྲྀ་ཏ། མི་འཆི་བར་བྱེད་པས་ཆུ་སྟེ། མྲྀང་སྲོག་འདོར་བ་ལཀྟ་རྐྱེན་དང་ན་ཉ་སྔོན་དུ་བྱས་པའོ། །ཛཱི་བ་ན། འཚེ་བར་བྱེད་པས་ཆུ་སྟེ། ཛི་བ་ལ་ལྷུ་རྐྱེན་དུ་བྱས་པའོ། །བྷུ་བ་ནཾ། འཇུ་བྱེད་དང་། བ་ནཾ་གནས་བྱེད་དོ། །ཀ་བནྡྷ་ནི་ལུས་འཆིང་བས་ཆུ་སྟེ། ཀཾ་ནི་ལུས་སོ། །
Vol. 197 · folio 295b
ཨུ་ད་ཀཾ་གཤེར་བར་བྱེད་པས་ཆུ་སྟེ། ཨུནྡི་སླས་པ་ལ། ཀན་རྐྱེན་དུ་བྱས་པའོ། །ད་ཀ་ཞེས་པའི་སྒྲ་ཡང་ཆུ་ལ་ཡོད་དོ། །པཱ་ཐཿའོག་ཏུ་ལྟུང་བས་ཆུ་སྟེ། པཱ་ཏ་བཏུང་བ་ལ་ཨ་སུན་དང་ཐུཊ་འང་ངོ་། །པུཥྐ་ར་ནི། རྒྱས་པར་བྱེད་པས་ཆུ་སྟེ། པུ་ཥ་རྒྱས་པ་ལ། ཀ་རན་རྐྱེན་དུ་བྱས་པའོ། །སརྦ་ཏོ་མུཥཾ་
སྒོ་ཐམས་ཅད་དུ་འགྲོ་བས་ཆུའོ། །ཨམྦུ་ནི་གཞོལ་བར་འགྲོ་བས་ཆུ་སྟེ། ཨ་མི་ལས་ཨ་སུན་རྐྱེན་ནོ། །བྷུཀ་ཨཱ་ག་མའོ། །ཨརྞ། མཐར་འགྲོ་བས་ཆུ་སྟེ། ཨནྟིའི་ཨུཏ་ཀྱང་ངོ་ཞེས་པ་རྗེས་སུ་འཇུག་བཞིན་པ་ལ་སུན་དང་། ནུཊ་འང་ངོ་། །ཏོ་ཡ་སྐྱོང་བར་བྱེད་དོ་ཞེས་པས་སོ། །ནཱི་ར་གཞོལ་བར་བྱེད་པས་
ཆུ་སྟེ། འདི་གཉི་ག་པྲྀ་ཥོ་ད་རལ་སོགས་པའོ། །པཱ་ནི་ཡ་བ་ཏུང་བར་བྱ་བས་ཆུ་སྟེ། པཱ་བཏུང་བ་ལ། ཨཱ་ནི་ཡ་རྐྱེན་དུ་བྱས་པའོ། །ཀྵི་ར་ཟད་པར་བྱེད་པས་ཆུ་སྟེ། ཀྵ་ཎུ་འཚེ་བ་ལ། ཌཱི་ར་ཙ་རྐྱེན་དུ་བྱས་པའོ། །ཨམྦུ། འཆིང་བར་བྱེད་པས་ཆུ་སྟེ། ཨ་བི་འཆིང་བ་ལ། ཤངྒུ་ལ་སོགས་པ་
རྣམས་སོ་ཞེས་པས་ཀུ་རྐྱེན་དུ་བྱས་པའོ། །ཤམྦ་ར། མཆོག་ཏུ་བདེ་བར་བྱེད་པས་ཆུའོ། །མེ་གྷ་པུཥྤ། སྤྲིན་གྱི་མེ་ཏོག་དང་། གྷན་ར་ས། སྤྲིན་གྱི་བཅུད་དེ། དེ་དག་ཆུའི་མིང་གི་རྣམ་གྲངས་སོ། །དེ་ནས་བྷཾ་ག་ལ་སོགས་པ་ཆུའི་རླབས་ཀྱི་མིང་སྟེ། བྷདྷ་དབའ་རླབས་དང་། ཏ་རངྒ་ཆུ་གཉེར་དང་།
ཨཱུརྨི་ཆུ་རླབས་དང་། བཱི་ཙི་ནི་ཆུའི་རིམ་པ་སྟེ། བི་སྨ་ཡ་ཙི་ནོ་ཏི་ཞེས་པས་ཐྲ་ཁོ་ད་ར་ལ་སོགས་པས་བི་ཙི་རུ་བསྒྱུར་བའོ། །དེ་ནས་ལོ་དབའ་རླབས་ཆེན་པོ་སྟེ། དེ་ལྟ་བུ་ལ་སོགས་པ་རྣམས་ཆུ་དང་འབྲེལ་བའི་མིང་དུ་ཤེས་པར་བྱ་སྟེ་གོ་སླའོ། །དེ་ནས་ཉི་མའི་མིང་ལ། པྲྀ་ཐུ་རོ་མ། སྤུ་རིངས་ཞེས་བྱ་
སྟེ། ཁའི་ཕྱོགས་སུ་སྤུ་རིང་པོ་ཡོད་པའོ། །མཏྶྱ་ནི་ཉ་སྟེ། འདི་ཁྱད་པར་དུ་སྦུ་མེད་པའི་ཟླུམ་པོ། །ཛྷཥ་ནི། མ་ཧཱ་པྲཱ་ཎ་ཛྷ་ཥ་སྟེ། སྲོག་ཆེན་པོའི་ཉ་པགས་པ་ལ་འབྱར་བའི་ཛྷ་རཱས་བརྒྱན་པ་རྒྱ་མཚོའི་ཉའོ། །མ་དི་ལས་སྱནའོ། །མཱི་ན། འགྲོ་ལྡན་ཏེ། མཱ་འཇལ་བ་ལ་ནཉ་རྐྱེན་ནོ། །མཱ་སྠཱ་ཞེས་
པ་ལ་སོགས་པས་ཨི་ཉིད་དོ། །བཻ་སཱ་རི་ཎ། རྣམ་པར་འཕྱོ་བ་སྟེ། རྣམ་པ་སྣ་ཚོགས་པས་འཕྱོ་བའི་ཕྱིར་རོ། །ཨཎཱ་ཛ་ནི། སྒོང་སྐྱེས་ཏེ་སྒོང་ལས་སྐྱེས་པའི་ཕྱིར་རོ། །བི་སཱ་ར་ཡང་རྣམ་འཕྱོའོ། །ཤཀ་ལཱི་ནི་གོ་ཆ་ཅན་ཏེ། རོ་ཧི་ཏ་ལ་སོགས་པ་མང་པོ་གོ་ཆ་རགས་པའི་ཕྱིར་རོ། །ག་ཌུ་ཀ། །ཁྲུས་
Vol. 197 · folio 296a
མཁན་ཏེ། ག་ཌུ། འཁྲུད་པ་ལ། ཀྭུན་རྐྱེན་དུ་བྱས་པའོ། །ཤ་ཀུ་ལཱརྦྷ་ཀ། ནི་ཤ་ཀུ་ལའི་ཕྲུ་གུ་དང་འདྲ་བས་ཤ་ཀུ་ལའི་བུའོ། །ས་ཧ་སྲ་དཾཥྚ། མཆེ་བ་སྟོང་ལྡན་དང་། པཱ་ཋི་ན། ཉ་ཟན་ཏེ། ཉ་ཏི་མི་ཞེས་བྱ་བ་དང་། ཉ་མིད་ཅེས་ཀྱང་ངོ་། །འདི་ལ་འགའ་ཞིག་པཱ་ཋ་ཞེས་ཀྱང་བྱའོ། །
ཨུ་ལཱུ་པི། སྟེང་དུ་འཕར་དང་། ཤི་ཤུ་ཀ་བྱིས་པ་གསོད་དེ། ཆུ་སྲིན་བྱིས་པ་གསོད་དང་དབྱིབས་འདྲ་བའི་ཉའི་ཁྱད་པར་རོ། །ན་ལ་མཱི་ན་ནི་སྟོབས་ལྡན་ཉ་སྟེ། ཏ་ལ་མཱི་ན་ཞེས་ཀྱང་ཁ་ཅིག་གོ། །པྲཽཥྛི་ན། དྲོ་བའི་ཉ་སྟེ། ཨུ་ཥ་སྲེག་པ་ལའོ། །ཐན་རྐྱེན་དུ་བྱས་པའོ། །རབ་ཏུ་སྲེག་པར་བྱེད་དོ་ཞེས་
པ་ཚིག་ཕྲད་ལས་པྲཽཥྛཱིའོ། །ཤ་ཧ་རི། ལོགས་ཉལ་ཏེ་ལོགས་ཀྱིས་ཉལ་བར་བྱེད་པས་སོ། །དེ་ནས་རུས་སྦལ་གྱི་མིང་ལ། ཀཱུརྨ། རུས་སྦལ་ཏེ་སྨད་པའི་ཤུགས་དང་ལྡན་པས་སོ། །ཀ་མ་ཐ། རུས་སྦལ་ཏེ་འགྲོ་བ་བུལ་བས་སོ། །ཀཙྪ་བ་གློས་འཐུང་སྟེ་རུས་སྦལ་ལོ། །དེ་ནས་ཚིགས་བཅད་
ཕྱེད་ཀྱིས་སྲིན་བུ་པདྨའི་མིང་སྟེ། རཀྟ་པཱ་ནི། ཁྲག་འཐུང་ངོ་། །ཛ་ལཽ་ཀ་ཡང་ཁྲག་འཐུང་སྟེ། ཨུ་ཙ་ཚོགས་པ་ལའོ། །བྱེད་པ་ལ་གྷཉ་སྟེ། དེ་ལྟར་ཡང་། བརྡ་སྤྲོད་པའི་རྒྱུད་ཉུང་དུ་ཀཱ་ཏྱ་ཡ་ནའི་མདོ་ལས། པད། རུ་ཛ། བི་ཤ། སྤྲྀ་ཤ། ཨུ་ཙ་རྣམས་ལ་གྷཉའོ་ཞེས་བཤད་དོ། །ཛ་ལཽ་ཀཱ་ས་
ཡང་དེ་ཉིད་དོ། །དེ་ནས་ཉ་ཕྱིས་ཀྱི་མིང་ལ། མུཀྟ་སྤོ་ཊ་མུ་ཏིག་སྐྱེ་གནས་དང་། ཤུཀྟི་ཉ་ཕྱིས་སོ། །དུང་གི་མིང་ལ་ཤཾ་ཁ་དང་ཀུམྱུའོ། །དེ་ནས་སྦལ་པའི་མིང་ལ། བྷེ་ཀ། མཆོང་འགྲོ་དང་། མཎྜུ་ཀ་སྦལ་པ་དང་། བཪྵཱ་བྷུ་དབྱར་སྐྱེས་སམ་ཆར་སྐྱེས། ཤ་ལཱུ་ར་དང་། བླ་བ་རྐྱལ་མཁན་དང་།
དནྡུ་ར་རྣམས་སོ། །དེ་ནས་རྫིང་བུའི་མིང་ལ། པུཥྐ་རི་ཎི་ཞེས་པ་ཆུ་ལྡན་ནམ་པདྨ་ཅན་ཏེ། པུཥྐ་ར་ཆུ་དང་པདྨ་གཉིས་ཀའི་མིང་སྟེ་ལྡན་པའི་དོན་དུ་ཨི་ནའི་རྐྱེན་སྦྱར་བའོ། །ཁཱ་ཏཾ། བྲུས་ཆུ་སྟེ། ཁ་ན་རྐོ་བ་ལ་ཀྟའི་རྐྱེན་དང་། ཛ་ནས་ན་ཁ་ན་རྣམས་ཀྱི་ཨཱཏའོ། །ཨཱ་ཁཱ་ཏཾ། ཀུན་ཏུ་
བྲུས་པ་སྟེ་རྫིང་བུའོ། །དེ་བ་ཁཱ་ཏ་ཀཾ། ལྷས་བྱས་པའི་རྫིང་སྟེ། ལྷ་དང་ལྷ་མ་ཡིན་གྱི་ཞོ་ཤས་འཚོ་བ་དག་གིས་བྱས་པའོ། །པདྨཱ་ཀ་རཾ་ནི་པདྨའི་འབྱུང་གནས་སུ་གྱུར་པས་རྫིང་བུའོ། །ཏ་ཌཱ་ག། ཆུ་མང་ལྡན་ནོ། །ཀཱ་ས་ར་སྒྲ་ལྡན་ནོ། །ས་ར་སཱི་ར་ནི་ཏོ་ཡ་སཱ་ར་ཞེས་ཏེ། ཆུའི་སྙིང་པོ་ཅན་ནོ། །
Vol. 197 · folio 296b
དེ་ནས་འབབ་ཆུའི་མིང་ལ་ན་དཱི་ཆུ་ཀླུང་ངོ་། །ས་རི་ཏ་འབབ་ཆུའོ། །ཏ་རིངྒ་ཎཱི། རླབས་ལྡན་ནོ། །སཻ་བ་ལི་ནཱི། ཉ་ལྕིབས་ཅན་ནོ། །ཏ་ཌི་ནཱི།ངོགས་ལྡན་ནམ་འགྲམ་ལྡན་ནོ། །ཧྲ་དི་ནཱི། སྒྲ་ལྡན་ནོ། །དྷུ་ནཱི། གཡོ་ལྡན་ནོ། །སྲོ་ཏཱ་སྭ་ཏཱི། རྒྱུན་ལྡན་ནོ། །དྭཱི་པ་བ་ཏཱི། གླིང་ཅན་ནོ། །པྲ་བནྟཱི་འབབ་ལྡན་
ནོ། །ནི་མྦ་གཱ། གཞོལ་འགྲོའོ། །ཨཱ་པ་གཱ་མཚོར་འབབ་ཅེས་བྱ་བ་རྣམས་སོ། །དེ་ནས་ཚིགས་བཅད་གཅིག་གིས་ཆུ་བོ་གངྒཱའི་མིང་སྟེ། ག་མ་གཱ་ནི། འགྲོ་ལྡན་མ་ཞེས་བྱ་སྟེ། ག་མི་ལ་གན་གྱི་རྐྱེན་སྦྱར་བའོ། །བིཥྞུ་པ་དཱི། ཁྱབ་འཇུག་རྐང་ལྡན་ཏེ་ཁྱབ་འཇུག་གི་རྐང་པ་ལ་མཆོད་ཡོན་དུ་གྱུར་
པའོ། །ཛ་ཧྣུ་ཏ་ན་ཡཱ། ཞེས་པ་ཛ་ཧྣུའི་བུ་མོ་ཞེས་བྱ་སྟེ། འདི་དྲང་སྲོང་གི་རྒྱལ་པོ་ཛ་ཧྣུས་བཏུངས་ཏེ་སྒྱུགས་པ་ལས་དེའི་བུ་མོ་དང་འདྲ་བར་གྱུར་པས་སོ། །སུ་ར་ནིམྦ་གཱ་ནི་ལྷའི་ཆུ་བོའོ། །བྷ་གཱི་ར་ཐཱི། སྐལ་ལྡན་ཤིང་རྟའི་བུ་མོ་ཞེས་བྱ་སྟེ། རྒྱལ་པོ་སྐལ་ལྡན་ཤིང་རྟས་འདི་འཇིག་རྟེན་དུ་ཕབ་
པས་དེའི་བུ་རྒྱུད་དུ་གྱུར་པས། བྷ་གཱི་ར་ཐ་ལ། བུ་བརྒྱུད་ཀྱི་རྐྱེན་ཨན་སྦྱར་བའོ། །ཏྲི་པ་ཐ་ག། ལམ་གསུམ་འགྲོ་ཞེས་བྱ་སྟེ། མཐོ་རིས་དང་མི་ཡུལ་དང་ས་འོག་གི་ལམ་གསུམ་དུ་འགྲོ་བས་སོ། །ཏྲི་སྲོ་ཏཱ། རྒྱུན་གསུམ་འབབ་ཅེས་བྱ་བ་ཡང་སྔ་མ་བཞིན་ནོ། །བྷཱིཥྨ་སཱུ། འཇིགས་བྱེད་བུ་མོ་
ཞེས་བྱེ་སྟེ་དེ་དག་ཆུ་བོ་གངྒཱའི་མིང་ངོ་། །དེ་ནས་ཚིགས་བཅད་ཕྱེད་ཀྱིས་ཆུ་བོ་ཀ་ལིནྡཱིའི་མིང་སྟེ། དེ་ལ་ཀ་ལིནྡཱི་ནི་རི་བོ་ཀ་ལིནྡཱ་ལས་བྱུང་བས་དེའི་བུ་མོ་ཀ་ལནྡཱའི་བུ་མོ་ཞེས་བྱའོ། །སཱུརྻ་ཏ་ན་ཡཱ་ཉི་མའི་བུ་མོའོ། །ཡ་མུ་ན་ཞེས་པ་ཡང་ངོ་། །ཤ་མ་ན་སྭ་སཱ། ཞི་བའི་སྲིང་མོ་སྟེ་གཤིན་རྗེའི་སྲིང་
མོའོ། །དེ་ནས་ཚིགས་བཅད་ཕྱེད་ཀྱིས་ཆུ་བོ་རེ་བཱ་ཞེས་པའི་མིང་སྟེ། རེ་བ་ཞེས་པའི་ཆུ་བོ་དང་། ནརྨ་ད་ཞེས་པ་ཛ་ལ་ཀེ་ལི་པྲ་དཱ་སྟེ། རྩེད་འཇོའི་ཆུ་བོ་དང་། སོ་མོདྦྷ་བ་ནི་ཟླ་བ་ལས་བྱུང་། མེ་ཀ་ལ་ཀ་ནྱཱ། རི་བོ་མེ་ཀ་ལ་ལས་བྱུང་བས་དེའི་བུ་མོ་སྟེ། རི་བོའི་བུ་མོ་ཞེས་བྱའོ། །དེ་ནས་ཆུ་
བོ་ཤི་ཏའི་མིང་སྟེ། ཀ་ར་ཏོ་ཡ་ནི་ལག་ཆུ་སྟེ། ལྷ་བདེ་བྱེད་ཀྱིས་ལྷ་མོ་གཽ་རཱི་བག་མར་བླངས་པའི་ཆུ་ལས་བྱུང་བས་སོ། །ས་དཱ་ནཱི་རཱི། རྟག་ཏུ་འབབ་སྟེ། འདི་ལས་དུས་རྟག་ཏུ་རྡུལ་དམར་པོ་ཟླ་མཚན་ལྟ་བུ་འབབ་པས་ཏེ། ཁྲག་འབབ་ཅེས་ཀྱང་ངོ་། །བ་ཧུ་དཱ། མང་པོ་སྦྱིན་ནོ། །སཻ་ཏ་བཱ་
Vol. 197 · folio 297a
ཧི་ནི་དཀར་པོ་འབབ་སྟེ། ཨརྫུ་ནི་སྲིད་སྒྲུབ་མ་ཉིད་ཀྱི་ཕྱིར་དཀར་པོ་འབབ་ཅེས་བརྗོད་པ་དང་། ཡང་ན་བསིལ་བར་འབབ་པས་སོ། །སི་ཏ་དྲུ་ཞེས་པ་ཡང་བསིལ་འབབ་པོ། །ཤ་ཏ་དྲུ་ནི་བརྒྱར་གྱེས་ཏེ། བུའི་མྱ་ངན་གྱིས་ལྟོ་བར་རྡོ་བཅིངས་ཏེ་ཞུགས་པ་ལ། དྲང་སྲོང་
གནས་འཇོག་གིས་རྣམ་པ་བརྒྱར་བཤིག་པས་བརྒྱར་གྱེས་ཏེ། ཡུལ་ཛཱ་ལནྡྷ་ར་ལ་སོགས་པ་བརྒྱར་འཕགས་ཏེ་གནས་ཞེས་གྲག་གོ། །བི་པཱ་ཤཱ་ནི་ཞགས་པ་གྲོལ་ཞེས་བྱ་སྟེ། བུའི་མྱ་ངན་གྱིས་ཞགས་པ་བཅིངས་ཏེ་ཞུགས་པ་དྲང་སྲོང་གནས་འཇོག་གིས་གྲོལ་བར་བྱས་པས་སོ། །བི་པཱ་
ཤ་ཉིད་བསྡུ་བའི་མཐར་བི་པཱཿཞེས་བྱས་པ་ཡང་ཞགས་གྲོལ་ལོ། །དེ་ནས་མེ་ཏོག་ཨུཏྤ་ལའི་མིང་ཏེ། ཐུན་མོང་བའི་སྒྲ་ཉིད་ཀྱི་ཕྱིར་ཨུཏྤ་ལ་འདི་ལ་ཆུ་སྐྱེས་སྔོན་པོ་ཞེས་པ་ཡང་འཇུག་གོ། །ཨིནྡྲི་ཝ་ར་དབང་མཆོག་དང་། ཨུཏྤ་ལ་དང་། བྷཱུ་རུ་ཧ་ཏི། ས་སྐྱེས་ཞེས་པ་རྣམས་ར་བྷ་སས་བཤད་
དོ། །དགའ་བྱེད་དང་། ཀུ་བ་ལ་ཡ་ཡ་དང་། དབང་མཆོག་དང་། ཆུ་སྐྱེས་སྔོན་པོ་རྣམས་སོ་ཞེས་མཆོག་སྲེད་ཀྱིས་བཤད་དོ། །ཨུཏྤ་ལ་ཞེས་པ་ནི་པཱ་འཐུང་བ་ཨུཏ་སྔོན་མ་ཅན་ལ། ཨུཏྤི་པ་ཏི་སྟེང་དུ་འཐུང་བར་བྱེད་དོ་ཞེས་པས་ཀ་ལ་རྐྱེན་དུ་བྱས་པའི་པྲྀ་ཥོ་དར་ལ་སོགས་པ་སྟེ་སྟེང་འཐུང་
ཞེས་བྱའོ། །ཀུ་བ་ལ་ཡ་ནི་སའི་གདུ་བུ་དང་། ཀུ་བ་ལས་སྟོབས་དང་། སྐབས་གསུམ་གྱི་ལྷག་མར་ཀུ་བི་ཞེས་པ་ཡང་བཤད་དོ། །མེ་ཏོག་ཀུ་མུ་ད་འི་མིང་ལ། སི་ཏ་ནི་དཀར་པོ་དང་། ཀུ་མུ་ད་ནི་ས་དགའ་འམ་ས་མོས་ཏེ། ཀཽ་ར་བ་ནི་ས་སྒྲོགས་རྣམས་སོ། །དེ་ནས་པདྨའི་མིང་ལ།
ཚིགས་སུ་བཅད་པ་གཉིས་ཏེ། པདྨ་ནི། པ་དི་ལས་དྷརྨ་བཞིན་དུ་མན་རྐྱེན་དུ་བྱས་པའོ། །ན་ལི་ནཾ། སྡོང་བུ་ཅན་ཏེ། ན་ལ་ལ་ཨི་ནའི་རྐྱེན་སྦྱར་བའོ། །ཨ་ར་བི་ནཱཾ་ནི་རྩིབས་འབིགས་སོ། །མ་ཧོཏྤ་ལ་ནི་ཨུཏྤ་ལ་ཆེན་པོ་དང་། ས་ཧ་སྲ་པཏྟྲ་འདབ་སྟོང་པ་དང་། ཀ་མ་ལ་ནི་ཆུ་རྒྱན་ཏེ། ཀཾ་ནི་
ཆུ་དང་། ཨ་ལ་རྒྱན་ནོ། །ཤ་ཏ་པ་ཏྲཾ་འདབ་བརྒྱ་པ་དང་། ཀུ་ཤེ་ཤ་ཡང་། ཆུར་ཉལ་དང་། པངྐ་ངུ་ཧི། འདམ་སྐྱེས་དང་། ཏཱམ་རཾ་ས་ནི་ཆུར་གནས་ཏེ། དེ་ལ་ཏཱ་མ་རཾ་གྷྲྀ་ཏ་མརྞཤྩ། ཞེས་པ་ཏཱ་མ་རཾ་ནི་མར་དང་ཆུ་ཞེས་བྱ་སྟེ། ས་ནི་ཏིཥྛ་ཏི་གནས་པའི་དོན་ཏོ། །སཱ་ར་སཾ་ནི། ཆུ་སྐྱེས་སོ། །ས་ར་སཱི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words