ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๔ · หน้า 1a

༄༅། །འབུམ་ད་པ་བཞུགས་སོ། །

เล่ม ๒๔ · หน้า 1b

༄༅། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་བཅུ་གཅིག་པ། བམ་པོ་དང་པོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན་སྡིག་ཏོ་མྱི་དགེ་པའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་

ལས་སྐྱེས་པའི་དགའ་པ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནད་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་

གཅིག་ཏུ་གྱུར་པས། རྟོག་པ་མྱེད་པ་དཔྱོད་པ་མྱེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་

เล่ม ๒๔ · หน้า 2a

ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་

པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མྱེད། སྡུག་

བསྔལ་ཡང་མྱེད་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་

ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་

འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུད་ཟད་མ་ཡོད་དོ་ཞེས་ཆུང་ཟད་

མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་གྱི་

เล่ม ๒๔ · หน้า 2b

ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ནས། མྱི་གཡེང་བའི་ཡིད་ཀྱིས་སེམས་ཅན་དེ་དག་ལ་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་ཡོངས་སུ་གཏོང་ཞིང་། གཞན་ཡང་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། །ཟང་ཟིང་གི་

སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའི་ལེགས་པ་ཡང་རྗོད་དོ། །གཞན་ཡང་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གི་ལེགས་པ་ཡང་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་

སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མྱི་སྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་

གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་

པའི་སེམས་འདོད་ཆགས་དང་ལྡན་པ་མྱི་སྐྱེད། སེམས་ཞེ་སྡང་དང་ལྡན་པ་མྱི་སྐྱེད། སེམས་གཏི་མུག་དང་ལྡན་པ་མྱི་སྐྱེད། སེམས་འཚེ་བ་དང་ལྡན་པ་མྱི་སྐྱེད་དེ་གཞན་དུ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས།

རྣམ་པར་སྤྱོད་དེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མྱི་སྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ།

เล่ม ๒๔ · หน้า 3a

རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། གཟུགས་ལ་དབུ་བ་ལྟ་བུར་རབ་ཏུ་རྟོག །ཚོར་བ་ལ་ཆུ་བུར་ལྟ་བུར་རབ་ཏུ་རྟོག །འདུ་ཤེས་ལ་སྨྱིག་རྒྱུ་ལྟ་བུར་རབ་ཏུ་རྟོག །འདུ་བྱེད་ལ་ཆུ་ཤིང་ལྟ་བུར་རབ་ཏུ་རྟོག།

རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུར་རབ་ཏུ་རྟོག་སྟེ། དེ་དེ་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོ་སོར་རྟོག་ཅིང་སྙིང་པོ་མྱེད་པར་འདུ་ཤེས་ཉེ་བར་གནས་པ་ཡིན་ཏེ། དེ་དེ་ལྟར་སོ་སོར་རྟོག་པས་དེ་འདི་སྙམ་སྟེ། ཡན་ལག་དང་ཉིང་ལག་བཅད་གཏུབས་ཀྱང་སུ་ལ་

གཅོད། སུ་ལ་གཅད། ལུས་ནི་སུའི་ལུས། ཚོར་བ་ནི་སུའི་ཚོར་བ། འདུ་ཤེས་ནི་སུའི་འདུ་ཤེས། འདུ་བྱེད་ནི་སུའི་འདུ་བྱེད། རྣམ་པར་ཤེས་པ་ནི་སུའི་རྣམ་པར་ཤེས་པ་སྙམ་སྟེ། དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། འདི་སྙམ་སྟེ། གང་ལ་སྤྱོ་བ་དང་།

བཀྱལ་བ་བྱས་ན། གནོད་སེམས་སྐྱེ་བ་དེ་ལྟ་བུའི་གཤེ་བ་ཡང་གང་ཞིག་ཡོད། འཁྱལ་པ་ཡང་གང་ཞིག་ཡོད་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་

ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས།

เล่ม ๒๔ · หน้า 3b

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས། དཔྱོད་

པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མྱེད་

པ་དཔྱོད་པ་མྱེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་

ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས།

སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད། སྡུག་བསྔལ་ཡང་མྱེད་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ། དེ་བསམ་

གཏན་དང་བསམ་གཏན་གྱི་ཡན་ལག་དེ་དག་ལ་ཡང་མཚན་མར་མྱི་འཛིན་ཏོ། །དེ་དེ་ལྟར་མཉམ་པར་གཞག་པའི་སེམས་དང་ལྡན་པས། རྫུ་འཕྲུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་

ཅིང་མང་པོར་འགྱུར་རོ། །མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་རོ། །སྣང་བ་དང་མྱི་སྣང་བ་ཡང་ཉམས་སུ་མྱོང་བར་བྱེད་དོ། །རྩིག་པ་ལས་ཐལ་བ་དང་། ར་བ་ལས་ཐལ་བ་དང་། རི་ལས་ཐལ་བར་ཐོགས་པ་མེད་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་

เล่ม ๒๔ · หน้า 4a

བ་བཞིན་ནོ། །ནམ་མཁའ་ལ་ཡང་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་གྱེན་དུ་འབྱུང་བ་དང་། འོག་ཏུ་འཛུལ་བ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་འབྱིང་བ་མེད་པར་འགྲོ་སྟེ། དཔེར་

ན་ས་ལ་བྱ་བ་བཞིན་ནོ། །དུ་བར་འཐུལ་ཞིང་མྱེར་འབར་ཏེ། དཔེར་ན་མྱེའི་ཕུང་པོ་ཆེན་པོ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ལ། འདི་ལྟར་མཐུ་ཆེ་ཞིང་དབང་ཆེ་བ་དག་ཀྱང་ལག་པས་བྱུགས་ཤིང་། ཚངས་པའི་འཇིག་རྟེན་གྱི་བར་

དུ་ལུས་ཀྱིས་དབང་སྒྱུར་རོ། །དེ་ལྷའི་རྣ་བ་རྣམ་པར་དག་པ་མི་ལས་འདས་པས་ལྷ་དང་མིའི་སྒྲ་ཉེ་བ་འམ། རིང་ཡང་རུང་སྟེ། ཐོས་སོ། །དེས་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་

ཏེ། འདོད་ཆགས་དང་ལྡན་པའི་སེམས་ལ། འདོད་ཆགས་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ། འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་

བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་ལྡན་པའི་སེམས་ལ། ཞེ་སྡང་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བྲལ་བའི་སེམས་ལ། ཞེ་སྡང་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་

ཏུ་ཤེས་སོ། །གཏི་མུག་དང་ལྡན་པའི་སེམས་ལ། གཏི་མུག་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་བྲལ་བའི་སེམས་ལ། གཏི་མུག་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་

དུ་རབ་ཏུ་ཤེས་སོ། །སྲེད་པ་དང་ལྡན་པའི་སེམས་ལ། སྲེད་པ་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་དང་བྲལ་བའི་སེམས་ལ། སྲེད་པ་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་

เล่ม ๒๔ · หน้า 4b

རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་དང་བཅས་པའི་སེམས་ལ། ཉེ་བར་ལེན་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་མྱེད་པའི་སེམས་ལ། ཉེ་བར་ལེན་པ་མྱེད་པའི་སེམས་ཞེས་བྱ་བར་

ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་ནས་འདུས་པའི་སེམས་ལ་ཀུན་ནས་འདུས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་འཕྲོས་པའི་སེམས་ལ་རྣམ་པར་འཕྲོས་པའི་སེམས་ཞེས་བྱ་བར་ཡང་དག་པ་

ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྒྱ་ཆུང་བའི་སེམས་ལ། རྒྱ་ཆུང་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྒྱ་ཆེ་བའི་སེམས་ལ། རྒྱ་ཆེ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡངས་

པའི་སེམས་ལ་ཡངས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚད་མེད་པའི་སེམས་ལ་ཚད་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་བཞག་པའི་སེམས་ལ་མཉམ་པར་བཞག་

པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་མ་བཞག་པའི་སེམས་ལ། མཉམ་པར་མ་བཞག་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་གྲོལ་བའི་སེམས་ལ། རྣམ་པར་

གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་མ་གྲོལ་བའི་སེམས་ལ། རྣམ་པར་མ་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་དང་བཅས་པའི་སེམས་ལ། ཟག་པ་

དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་མྱེད་པའི་སེམས་ལ། ཟག་པ་མྱེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་དང་བཅས་པའི་སེམས་ལ། ཉོན་མོངས་

เล่ม ๒๔ · หน้า 5a

པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་མྱེད་པའི་སེམས་ལ། ཉོན་མོངས་པ་མྱེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་ཡོད་པའི་

སེམས་ལ། བླ་ན་ཡོད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་མེད་པའི་སེམས་ལ། བླ་ན་མྱེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་

ཏེ། སེམས་གཅིག་ཀྱང་རྗེས་སུ་དྲན་པ་ནས། སེམས་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །ཉི་མ་གཅིག་ཀྱང་རྗེས་སུ་དྲན་པ་ནས། ཉི་མ་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །ཟླ་བ་གཅིག་རྗེས་སུ་དྲན་པ་ནས། ཟླ་བ་བརྒྱའི་བར་དུ་ཡང་

རྗེས་སུ་དྲན་ནོ། །ལོ་གཅིག་རྗེས་སུ་དྲན་པ་ནས། ལོ་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་གཅིག་རྗེས་སུ་དྲན་པ་ནས། བསྐལ་པ་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བརྒྱ་ཕྲག་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་སྟོང་

ཕྲག་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡང་རྗེས་སུ་དྲན་ཏེ། །བདག་ནི་དེ་ལྟ་བུ་ཞིག་ན་འདུག་འདུག་སྟེ། མྱིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་

ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཡུན་ནི་འདི་སྲིད་ཅིག་ཏུ་འདུག་འདུག །ཚེའི་མཐའ་ནི་འདི་ཙམ་ཅིག་ཏུ་གྱུར་ཏེ། དེ་ལྟར་བདག་དེ་ནས་ཤི་འཕོས་ནས། ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ཤི་འཕོས་ནས་ནི་འདིར་སྐྱེས་སོ་

ཞེས་བྱ་བའི་བར་དུ་རྣམ་པ་དང་བཅས། གཏན་ཚིགས་དང་བཅས། དེ་ན་རྟགས་དང་བཅས་པར་བདག་དང་གཞན་གྱི་སྔོན་གྱི་གནས་རྣམ་པ་དུ་མར་རྗེས་སུ་དྲན་ནོ། །དེ་ནི་ལྷའི་མྱིག་རྣམ་པར་དག་པ། མྱི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་།

เล่ม ๒๔ · หน้า 5b

སྐྱེ་བ་དང་ཁ་དོག་སྡུག་པ་དང་། མྱི་སྡུག་པ་དང་། བཟང་བ་དང་། ངན་པ་དང་། ངན་སོང་ན་གནས་པ་དང་། བདེ་འགྲོ་ན་གནས་པ་དག་ཀྱང་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། ངག་གིས་ངན་དུ་སྤྱོད་

པ་དང་ལྡན་པ། ཡིད་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ་འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་རྣམས་ཏེ། དེའི་རྒྱུ་དེའི་རྐྱེན་ཀྱིས་ལུས་ཞིག་ནས་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་དུ་སྐྱེའོ། །

སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་མྱི་འདེབས་པ། ཡང་དག་པར་ལྟ་བ་རྣམས་ཏེ། དེའི་རྒྱུ་

དེའི་རྐྱེན་ཀྱིས་ལུས་ཞིག་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟར་ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་དག་གི་

འགྲོ་བ་དྲུག་ཏུ་གཏོགས་པ་རྣམས་ཀྱི་སྐྱེ་བ་དང་། འཆི་འཕོ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་མངོན་པར་ཤེས་པ་ལྔ་པོ་དེ་དག་ལ་རབ་ཏུ་གནས་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་བ་དང་། ཡོངས་

སུ་དྲི་བ་དང་། ཡོངས་སུ་ཞུ་བ་དང་། དགེ་བའི་རྩ་བ་བསྩགས་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། དགེ་བའི་རྩ་བ་

དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མྱི་སྔོའོ། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་། ཅི་ནས་ཀྱང་གང་ཡོངས་སུ་

เล่ม ๒๔ · หน้า 6a

སྔོ་བ་དང་། ཅི་ཡོངས་སུ་སྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མྱི་འགྱུར་བ་དེ་ལྟར་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་

པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལད་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས། གཟུགས་མྱི་དམྱིགས་སོ། །

ཚོར་བ་མྱི་དམྱིགས་སོ། །འདུ་ཤེས་མྱི་དམྱིགས་སོ། །འདུ་བྱེད་མྱི་དམྱིགས་སོ། །རྣམ་པར་ཤེས་པ་མྱི་དམྱིགས་སོ། །མྱིག་མྱི་དམྱིགས་སོ། །རྣ་བ་མྱི་དམྱིགས་སོ། །སྣ་མྱི་དམྱིགས་སོ། །ལྕེ་མྱི་དམྱིགས་སོ། །ལུས་མྱི་དམྱིགས་སོ། །ཡིད་

མྱི་དམྱིགས་སོ། །གཟུགས་མྱི་དམྱིགས་སོ། །སྒྲ་མྱི་དམྱིགས་སོ། །དྲི་མྱི་དམྱིགས་སོ། །རོ་མྱི་དམྱིགས་སོ། །རེག་མྱི་དམྱིགས་སོ། །ཆོས་མྱི་དམྱིགས་སོ། །མྱིག་གི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །རྣ་བའི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །

སྣའི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །ལྕེའི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །ལུས་ཀྱི་རྣམ་པར་ཤེས་པ་མི་དམིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པ་མྱི་དམྱིགས་

སོ། །སྣའི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །རྣ་བའི་

เล่ม ๒๔ · หน้า 6b

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །ཡིད་ཀྱི་འདུས་

ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །སའི་ཁམས་མྱི་དམྱིགས་སོ། །ཆུའི་ཁམས་མྱི་དམྱིགས་སོ། །མྱེའི་ཁམས་མི་དམིགས་སོ། །རླུང་གི་ཁམས་མྱི་དམྱིགས་སོ། །ནམ་མཁའི་ཁམས་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་ཁམས་མྱི་དམྱིགས་སོ། །

མ་རིག་པ་མྱི་དམྱིགས་སོ། །འདུ་བྱེད་མྱི་དམྱིགས་སོ། །རྣམ་པར་ཤེས་པ་མྱི་དམྱིགས་སོ། །མྱིང་དང་གཟུགས་མྱི་དམྱིགས་སོ། །སྐྱེ་མཆེད་དྲུག་མྱི་དམྱིགས་སོ། །རེག་པ་མྱི་དམྱིགས་སོ། །ཚོར་བ་མི་དམྱིགས་སོ། །སྲེད་པ་མྱི་དམྱིགས་སོ། །ལེན་པ་མྱི་དམྱིགས་

སོ། །སྲིད་པ་མྱི་དམྱིགས་སོ། །སྐྱེ་བ་མྱི་དམྱིགས་སོ། །རྒ་ཤི་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་

ཕྱིན་པ་མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་མྱི་དམྱིགས་སོ། །ཕྱི་ནང་སྟོང་པ་ཉིད་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་

མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་མྱི་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་མྱི་དམྱིགས་སོ། །ཐོག་མ་དང་ཐ་

མ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱི་

เล่ม ๒๔ · หน้า 7a

དམྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་བཞི་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་

བཞི་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་མྱི་དམྱིགས་སོ། །དབང་པོ་ལྔ་མྱི་དམྱིགས་སོ། །སྟོབས་ལྔ་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་དམྱིགས་སོ། །འཕགས་པའི་བདེན་

པ་བཞི་མྱི་དམྱིགས་སོ། །བསམ་གཏན་བཞི་མྱི་དམྱིགས་སོ། །ཚད་མེད་པ་བཞི་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་མྱི་དམྱིགས་སོ། །རྣམ་པར་ཐར་པ་བརྒྱད་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་

མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་མྱི་དམྱིགས་སོ། །མངོན་པར་ཤེས་པ་རྣམས་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་རྣམས་མྱི་དམྱིགས་སོ། །དེ་བཞིན་གཤེགས་

པའི་སྟོབས་བཅུ་མྱི་དམྱིགས་སོ། །མྱི་འཇིགས་པ་བཞི་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མྱི་དམྱིགས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་

མྱི་དམྱིགས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས་སོ། །ཕྱིར་མི་འོང་བའི་འབྲས་བུ་མྱི་དམྱིགས་སོ། །དགྲ་བཅོམ་པ་ཉིད་མྱི་དམྱིགས་སོ། །རང་བྱང་ཆུབ་མྱི་དམྱིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མྱི་དམྱིགས་སོ། །རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་མྱི་དམྱིགས་སོ། །འདུས་བྱས་ཀྱི་ཁམས་མྱི་དམྱིགས་སོ། །འདུས་མ་བྱས་ཀྱི་ཁམས་མྱི་དམྱིགས་སོ། །དེ་ལྟར་མྱི་དམྱིགས་པས་ན། མངོན་པར་འདུ་མྱི་བྱེད་དོ། །མངོན་པར་འདུ་མྱི་བྱེད་པས་ན། སྐྱེ་བར་མྱི་བྱེད། འགག་པར་མྱི་བྱེད་དོ། །

เล่ม ๒๔ · หน้า 7b

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་གནས་ཉིད་དེ་ནི་གནས་པ་སྟེ། ཆོས་ཀྱི་དབྱིངས་དེ་བཞིན་གནས་པའི་ཕྱིར། དེ་མྱི་སྐྱེ་མྱི་འགག་པས། དེ་

གཡེང་བ་མྱེད་པའི་སེམས་དང་ལྡན་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བ་ཡིན་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་

ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །གསོལ་པ།

བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པའོ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མཐོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །ཕྱི་

ནང་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་ལ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་ལ་དོན་

เล่ม ๒๔ · หน้า 8a

དམ་པ་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །མཐའ་ལས་

འདས་པ་སྟོང་པ་ཉིད་ལ་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་དོར་བ་མྱེད་པ་སྟོང་པ་ཉིད་ཅེས་

བྱ་བར་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་ལ་རང་བཞིན་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བར་མི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་རང་གི་མཚན་ཉིད་

སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྟོང་པ་ཉིད་བཅུ་བཞི་པོ་དེ་དག་ལ་གནས་ཤིང་། གཟུགས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཚོར་བ་སྟོང་ཞེས་བྱ་བ་འམ།

མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུ་ཤེས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུ་བྱེད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་

བྱ་བར་མྱི་དམྱིགས་སོ། །མྱིག་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣ་བ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྣ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལྕེ་སྟོང་ཞེས་

བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལུས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཡིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །གཟུགས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་

เล่ม ๒๔ · หน้า 8b

དམྱིགས་སོ། །སྒྲ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །དྲི་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རོ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རེག་སྟོང་ཞེས་བྱ་བ་འམ། མྱི་སྟོང་

ཞེས་བྱ་བར་མྱི་དམྱིགས་སོ། །ཆོས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མྱིག་གི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣ་བའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་

ཞེས་བྱ་བར་མྱི་དམྱིགས་སོ། །སྣའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལྕེའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་

བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་

རེག་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལུས་ཀྱི་

འདུས་ཏེ་རེག་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་

བར་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལྕེའི་

เล่ม ๒๔ · หน้า 9a

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་

ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སའི་ཁམས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཆུའི་ཁམས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མེའི་ཁམས་སྟོང་

ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རླུང་གི་ཁམས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ནམ་མཁའི་ཁམས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་ཁམས་སྟོང་ཞེས་

བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མ་རིག་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུ་བྱེད་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་

དམྱིགས་སོ། །མྱིང་དང་གཟུགས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྐྱེ་མཆེད་དྲུག་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རེག་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཚོར་བ་སྟོང་ཞེས་

བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྲེད་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལེན་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྲིད་པ་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །

སྐྱེ་བ་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྒ་ཤི་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལད་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་

เล่ม ๒๔ · หน้า 9b

ཏུ་ཕྱིན་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་

སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་

མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཕྱི་ནང་སྟོང་པ་ཉིད་སྟོང་པ་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་

སོ། །ཆེན་པོ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །

འདུས་མ་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་

བར་མྱི་དམིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་

སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་

เล่ม ๒๔ · หน้า 10a

འམ། །མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །

དྲན་པ་ཉེ་བར་གཞག་པ་བཞི་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་བཞི་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་

སོ། །དབང་པོ་ལྔ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྟོབས་ལྔ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །

འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འཕགས་པའི་བདེན་པ་བཞི་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །བསམ་གཏན་བཞི་སྟོང་ཞེས་བྱ་བའམ། མྱི་སྟོང་

ཞེས་བྱ་བར་མྱི་དམྱིགས་སོ། །ཚད་མྱེད་པ་བཞི་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣམ་པར་ཐར་པ་བརྒྱད་

སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་

མྱེད་པ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མངོན་པར་ཤེས་པ་རྣམས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །གཟུངས་ཀྱི་

เล่ม ๒๔ · หน้า 10b

སྒོ་རྣམས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མྱི་འཇིགས་པ་བཞི་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །

སོ་སོ་ཡང་དག་པར་རིག་པ་བཞི་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་

སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་སྟོང་ཞེས་བྱ་བ་འམ། མྱི་སྟོང་

ཞེས་བྱ་བར་མྱི་དམྱིགས་སོ། །དགྲ་བཅོམ་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རང་བྱང་ཆུབ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མི་དམིགས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོང་ཞེས་བྱ་བ་འམ།

མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུས་བྱས་ཀྱི་ཁམས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུས་མ་བྱས་ཀྱི་ཁམས་སྟོང་ཞེས་བྱ་བ་འམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་ཏེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་ཟས་སམ། སྐོམ་མམ། བཞོན་པའམ། གོས་སམ། མེ་ཏོག་གམ། ཕྲེང་བའམ། སྤོས་སམ། བྱུག་པའམ། མལ་ཆའམ། གནས་སམ། འཚོ་བའམ། ཡོ་བྱད་དམ། མྱིའི་ཡོ་བྱད་གཞན་གང་

ཡང་རུང་བ་སྦྱིན་པ་གང་དང་གང་གཏོང་ཡང་དེས་སྦྱིན་པ་དེ་སྟོང་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །གང་ཡོངས་སུ་གཏོང་བ་དང་། གང་ལ་ཡོངས་སུ་གཏོང་བ་དེ་ཡང་སྟོང་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་ལ་འཇུངས་པའི་སེམས་སམ། ཡོངས་སུ་

เล่ม ๒๔ · หน้า 11a

འཛིན་པའི་སེམས་ཀྱི་སྐབས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་རྣམ་

པར་རྟོག་པ་དེ་དག་ཐམས་ཅད་མེད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ཇི་ལྟར་འཇུངས་པའི་ཐུགས་སམ། ཡོངས་སུ་འཛིན་པའི་

ཐུགས་མི་མངའ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ཡང་འཇུངས་པའི་སེམས་སམ། ཡོངས་སུ་འཛིན་པའི་སེམས་སྐྱེ་བ་མྱེད་དོ། །འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྟོན་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་

ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ཀྱི་གོ་སྐབས་མྱི་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་གང་དུ་

ཡོངས་སུ་སྔོ་བ་དེ་ལྟ་བུའི་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ཡང་མྱི་དམྱིགས། སེམས་དེ་ཡང་མྱི་དམྱིགས་ཏེ། དེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་བདག་གིས་ཀྱང་སྲོག་གཅོད་པ་སྤངས་པ་ཡིན།

เล่ม ๒๔ · หน้า 11b

གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། སྲོག་གཅོད་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་མ་བྱིན་པར་ལེན་པ་

སྤངས་པ་ཡིན། གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། མ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་མ་བྱིན་པར་ལེན་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན།

བདག་གིས་ཀྱང་འདོད་པས་ལོག་པར་གཡེམ་པ་སྤངས་པ་ཡིན། གཞན་ཡང་འདོད་པས་ལོག་པར་གཡེམ་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་འདོད་པས་ལོག་

པར་གཡེམ་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་བརྫུན་དུ་སྨྲ་བ་སྤངས་པ་ཡིན། གཞན་ཡང་བརྫུན་དུ་སྨྲ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་རྗོད་པ་ཡིན།

གཞན་གང་གིས་བརྫུན་དུ་སྨྲ་བ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཕྲ་མ་སྤངས་པ་ཡིན། གཞན་ཡང་ཕྲ་མ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཕྲ་མ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་

ཕྲ་མ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཞེ་གཅོད་པའི་ཚིག་སྤངས་པ་ཡིན། གཞན་ཡང་ཞེ་གཅོད་པའི་ཚིག་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཞེ་གཅོད་པའི་ཚིག་སྤོང་བའི་ལེགས་པ་རྗོད་པ་ཡིན།

གཞན་གང་གིས་ཞེ་གཅོད་པའི་ཚིག་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཚིག་ཀྱལ་པ་སྤངས་པ་ཡིན། གཞན་ཡང་ཚིག་ཀྱལ་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཚིག་ཀྱལ་པ་སྤོང་བའི་ལེགས་པ་རྗོད་པ་

เล่ม ๒๔ · หน้า 12a

ཡིན། གཞན་གང་གིས་ཚིག་ཀྱལ་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཆགས་སེམས་སྤངས་པ་ཡིན། གཞན་ཡང་ཆགས་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན།

ཆགས་སེམས་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་ཆགས་སེམས་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་གནོད་སེམས་སྤངས་པ་ཡིན། གཞན་ཡང་གནོད་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་

ཡིན། གནོད་སེམས་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་གནོད་སེམས་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ལོག་པར་ལྟ་བ་སྤངས་པ་ཡིན། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་

དག་པར་སྐུལ་བ་ཡིན། ལོག་པར་ལྟ་བ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་དེས་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ཆོས་

གང་ལ་ཡང་ཆགས་པར་མི་འགྱུར་ན། གཞན་མན་ཆད་ལྟ་ཅི་སྨོས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ།

བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྗེས་སུ་མཐུན་པའི་བཟོད་པ་སྐྱེས་ཏེ། དེ་འདི་སྙམ་དུ་འདི་ལ་ཆོས་གང་ཡང་སྐྱེ་བའམ། འགག་པའམ། འབྱུང་བའམ། འཇིག་པའམ། འཆི་བའམ། གཤེ་བའམ།

เล่ม ๒๔ · หน้า 12b

འཁྱལ་བའམ། གཅད་པའམ། གཏུབ་པའམ། བརྡེག་པ་མྱེད་དོ་སྙམ་པས་དེ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་གལ་ཏེ་སེམས་ཅན་ཐམས་ཅད་དྲུང་དུ་ལྷགས་ནས་སྤྱོས་ཏེ། བཀྱལ་ཏམ། རྡོ་

དབྱུག་གིས་བརྡེགས་སམ། མཚོན་གྱིས་བཏབ་སྟེ་བཅད་གཏུབས་ཀྱང་དེ་ལ་འདི་སྙམ་སྟེ། ཀྱེ་མ་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་ངོ་མཚར་ཆེ་སྟེ། འདི་ལ་ཆོས་གང་ལ་ཡང་སྤྱོ་བའམ། བཀྱལ་བའམ། བཅད་པའམ། གཏུབ་པའམ། བརྡེག་

པའམ། བཅིང་བ་མྱེད་དོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཐབས་མཁས་པ་དང་ལྡན་པས། ལུས་དང་སེམས་ཀྱི་བརྩོན་འགྲུས་བསྐྱེད་དེ། འཇིག་རྟེན་གྱི་ཁམས་གཅིག་གམ། འཇིག་རྟེན་

གྱི་ཁམས་བརྒྱ་འམ། འཇིག་རྟེན་གྱི་ཁམས་སྟོང་ངམ། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་བྱེ་བའམ། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱའམ། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ངམ། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་

ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དག་དུ་སོང་སྟེ། སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །བཟོད་པའི་ཕ་རོལ་ཏུ་

เล่ม ๒๔ · หน้า 13a

ཕྱིན་པ་ལ་རབ་ཏུ་འགོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་རབ་

ཏུ་འགོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་དོ། །དགྲ་བཅོམ་པ་ཉིད་ལ་རབ་ཏུ་འགོད་དོ། །རང་བྱང་ཆུབ་ལ་རབ་ཏུ་འགོད་དོ། །བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འགོད་དོ། །དེ་ཡང་ཅི་ནས་ཀྱང་འདུས་བྱས་ཀྱི་ཁམས་ལ་རབ་ཏུ་བཀོད་པ་ཡང་མ་ཡིན། འདུས་མ་བྱས་ཀྱི་ཁམས་ལ་རབ་ཏུ་བཀོད་པ་ཡང་མ་ཡིན་པ་དེ་ལྟར་རབ་ཏུ་འགོད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

གནས་ཤིང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པར་ཉན་ཐོས་ཀྱི་ཏིང་ངེ་འཛིན་ཏམ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཏམ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཀྱང་རུང་སྟེ། ཏིང་ངེ་འཛིན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་སྙོམས་པར་

འཇུག་སྟེ། ཏིང་ངེ་འཛིན་དེ་དག་ལ་གནས་ཤིང་། རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་མཐུན་པ་དང་། ལུགས་དང་མྱི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །བརྒྱད་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་

เล่ม ๒๔ · หน้า 13b

དཔའ་ཆེན་པོ་གཟུགས་ཅན་གྱིས་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མྱེད་པའི་འདུ་ཤེས་དང་ལྡན་པས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་

གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་

མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་

མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་

ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་

ཅད་དུ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་། ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། དེ་ལྟར་ན་རྣམ་པར་ཐར་པ་བརྒྱད་པོ་འདི་དག་ལ་ལུགས་དང་མཐུན་པ་

དང་། །ལུགས་དང་མྱི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་སྟེ། དགུ་གང་ཞེ་ན། རབ་འབྱོར་

เล่ม ๒๔ · หน้า 14a

འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་

གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མྱེད་པ། དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་

དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་

དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་

ནུབ་པས་བདེ་བ་ཡང་མྱེད་སྡུག་བསྔལ་བ་ཡང་མྱེད་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་

པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ།

རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་

เล่ม ๒๔ · หน้า 14b

ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལས་ཡང་དག་པར་

འདས་ཏེ། །འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་ལ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །དེ་རྣམ་པར་ཐར་པ་

བརྒྱད་པོ་དེ་དག་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་འདི་ལ་སྙོམས་པར་འཇུག་གོ། ཏིང་ངེ་འཛིན་དེ་ལ་གནས་ནས། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་

ལུགས་དང་མཐུན་པ་དང་། ལུགས་དང་མྱི་མཐུན་པ་ལ་སོ་སོར་རྟོག་གོ །དེ་ལ་ཡན་ལག་བཅུ་གཉིས་གང་དག་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་རིག་པའི་རྐྱེན་ཀྱིས་འདུ་བྱེད་ཅེས་སོ་སོར་རྟོག་གོ །འདུ་བྱད་ཀྱི་རྐྱེན་གྱིས་རྣམ་པར་

ཤེས་པ་ཞེས་སོ་སོར་རྟོག་གོ །རྣམ་པར་ཤེས་པའི་རྐྱེན་གྱིས་མྱིང་དང་གཟུགས་ཞེས་སོ་སོར་རྟོག་གོ །མྱིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་སོ་སོར་རྟོག་གོ །སྐྱེ་མཆེད་དྲུག་གི་རྐྱེན་ཀྱིས་རེག་པ་ཞེས་སོ་སོར་རྟོག་གོ །རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་སོ་སོར་རྟོག་

གོ །ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་སོ་སོར་རྟོག་གོ །སྲེད་པའི་རྐྱེན་ཀྱིས་ལེན་པ་ཞེས་སོ་སོར་རྟོག་གོ །ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་སོ་སོར་རྟོག་གོ །སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་སོ་སོར་རྟོག་གོ །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་སོ་སོར་རྟོག་གོ །རྒ་ཤིའི་རྐྱེན་

གྱིས་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལ་སོ་སོར་རྟོག་པར་བྱེད་ཅིང་། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་སོ་སོར་རྟོག་གོ །རྒ་ཤི་མྱེད་ན་

เล่ม ๒๔ · หน้า 15a

མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་རྣམས་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་ཅིང་། སྐྱེ་བ་མེད་ན་རྒ་ཤི་འབྱུང་བར་

མྱི་འགྱུར་རོ། །ཞེས་སོ་སོར་རྟོག་གོ །སྲིད་པ་མྱེད་ན་སྐྱེ་བ་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །ལེན་པ་མྱེད་ན་སྲིད་པ་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །སྲེད་པ་མེད་ན་ལེན་པ་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །ཚོར་བ་མྱེད་ན་སྲེད་

པ་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །རེག་པ་མྱེད་ན་ཚོར་བ་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །སྐྱེ་མཆེད་དྲུག་མྱེད་ན་རེག་པ་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །མྱིང་དང་གཟུགས་མེད་ན་སྐྱེ་མཆེད་དྲུག་འབྱུང་བར་མྱི་འགྱུར་རོ་ཞེས་སོ་

སོར་རྟོག་གོ །རྣམ་པར་ཤེས་པ་མྱེད་ན་མྱིང་དང་གཟུགས་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །འདུ་བྱེད་མེད་ན་རྣམ་པར་ཤེས་པ་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །མ་རིག་པ་མེད་ན་འདུ་བྱེད་འབྱུང་བར་མི་འགྱུར་རོ་ཞེས་སོ་སོར་རྟོག་ཅིང་།

དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འགག་པར་འགྱུར་རོ་ཞེས་སོ་སོར་རྟོག་གོ །དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ལུགས་དང་མཐུན་པ་དང་། ལུགས་དང་མྱི་མཐུན་པ་ལ་སོ་སོར་རྟོག་ཅིང་། དགེ་བའི་

རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་དོ། །དེ་ཡང་ཅི་ལྟ་བུ་ཞིག་སྔོ་བར་བྱེད་པ་དང་། ཅི་ལྟར་བསྔོ་བར་བྱ་བ་དང་། གང་དུ་བསྔོ་བར་བྱ་བ་གསུམ་གྱི་བློ་མྱི་འབྱུང་བ་དེ་ལྟར་

སྔོ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་

เล่ม ๒๔ · หน้า 15b

འཛིན་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་

པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་དང་པོ་ལས་ལངས་ནས། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལས་ལངས་ནས། བསམ་གཏན་གསུམ་

པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལས་ལངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ལས་ལངས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ནམ་མཁའ་མཐའ་

ཡས་སྐྱེ་མཆེད་ལས་ལངས་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་ཆུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ལངས་

ནས་འདུ་ཤེས་མྱེད་འདུ་ཤེས་མྱེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །འདུ་ཤེས་མྱེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་མེད་

འདུ་ཤེས་མེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལས་ལངས་ནས། ཆུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ལངས་ནས། རྣམ་ཤེས་མཐའ་ཡས་སྐྱེ་

མཆེད་ལ་སྙོམས་པར་འཇུག་གོ །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ།

เล่ม ๒๔ · หน้า 16a

བསམ་གཏན་བཞི་པ་ལས་ལངས་ནས། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལས་ལངས་ནས། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལས་

ལངས་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། དེ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་འདི་རྣམ་པར་སྨྱིན་པར་བྱས་ནས། ཐོད་རྒལ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོའི་ཏིང་ངེ་འཛིན་ཐོད་རྒལ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་

དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་དང་པོ་ལས་ལངས་ནས། བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་ལས་ལངས་ནས། བསམ་གཏན་

གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གསུམ་པ་ལས་ལངས་ནས། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པ་ལས་ལངས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་

ཉེ་བར་བསྒྲུབས་ཏེ་གནས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་

པ་ལས་ལངས་ནས། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཆུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཉེ་

เล่ม ๒๔ · หน้า 16b

བར་བསྒྲུབས་ཏེ་གནས་སོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་

དང་པོ་ལ་སྙོམས་པར་འཇུག་གོ །བསམ་གཏན་དང་པོ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་

གཏན་གཉིས་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལས་ལངས་ནས།

འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་

སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས།

འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་

འཇུག་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །ཆུང་ཟད་མྱེད་པའི་སྐྱེ་

เล่ม ๒๔ · หน้า 17a

མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་

འཇུག་པ་ལ་སྙོམས་པར་འཇུག་གོ །འདུ་ཤེས་མེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། མཉམ་པར་མ་

བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ལས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །མཉམ་པར་

མ་བཞག་པའི་སེམས་ལས། འདུ་ཤེས་མྱེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་

གནས་སོ། །མཉམ་པར་མ་བཞག་པའི་སེམས་ལས། ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ཆུད་ཟད་མྱེད་པའི་སྐྱེ་མཆེད་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །མཉམ་པར་མ་བཞག་པའི་སེམས་ལས་

རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །མཉམ་པར་མ་བཞག་པའི་སེམས་ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་

སྙོམས་པར་འཇུག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །མཉམ་པར་མ་བཞག་པའི་སེམས་ལས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་

เล่ม ๒๔ · หน้า 17b

ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ལས། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་བྱེད་

དོ། །མཉམ་པར་མ་བཞག་པའི་སེམས་ལས། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ལས། བསམ་

གཏན་དང་པོ་ལ་སྙོམས་པར་འཇུག་གོ །བསམ་གཏན་དང་པོ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །དེ་ཐོད་རྒལ་གྱི་ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་མཉམ་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ། རབ་འབྱོར་

དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས།

ལེའུ་ལྔ་བཅུ་གཉིས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་གཉིས་པ། །ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ། གང་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ། ཡུན་རིང་པོ་ཇི་སྲིད་ཅིག་ནས་ཡང་དག་པར་ཞུགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པའི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མྱེད་པ་ནས་ཡང་དག་པར་ཞུགས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གང་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་

เล่ม ๒๔ · หน้า 18a

དེས། སངས་རྒྱས་ཇི་སྙེད་ཅིག་བསྙེན་བཀུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་སངས་རྒྱས་གང་གཱའི་ཀླུང་

གི་བྱེ་མ་སྙེད་བསྙེན་བཀུར་བར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེས། དགེ་བའི་རྩ་བ་ཅི་ཞིག་བསྐྲུན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དང་ལྡན་པ་དེས། ཡོངས་སུ་རྫོགས་པར་མ་བྱས་པའི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་མེད་དོ། །བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་རྫོགས་པར་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་མྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་རྫོགས་པར་མ་བྱས་པའི་བཟོད་པའི་ཕ་རོལ་ཏུ་

ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་མྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་རྫོགས་པར་མ་བྱས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་མྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་

ཡོངས་སུ་རྫོགས་པར་མ་བྱས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་མྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་རྫོགས་པར་མ་བྱས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་མེད་དོ། །གསོལ་

པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་དག་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་

เล่ม ๒๔ · หน้า 18b

དཔའ་ཆེན་པོ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་དག་ནི་ངོ་མཚར་ཆེའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར། ལས་བྱེད་ཅིང་གླིང་བཞིའི་རྗེས་སུ་འགྲོའོ། །གླིང་བཞིའི་རྗེས་སུ་འབྲང་ངོ་། །

རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔར་ལས་བྱེད་ཅིང་། ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འགྲོའོ། །ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འབྲང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ཕ་

རོལ་ཏུ་ཕྱིན་པའི་མྱིང་འཐོབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ཕ་རོལ་ཏུ་ཕྱིན་པའི་མྱིང་མྱི་འཐོབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་བྲལ་ན། རིན་པོ་ཆེ་སྣ་བདུན་གྱིས་འཁོར་

ལོས་སྒྱུར་བའི་མིང་མི་འཐོབ་བོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། ཕ་རོལ་ཏུ་ཕྱིན་པའི་མྱིང་མྱི་འཐོབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁྱིམ་ཐབ་མྱེད་པའི་བུད་མྱེད་རྣམས་ནི།

འཕྱོན་མ་རྣམས་ཀྱིས་ཚུགས་པར་སླ་བ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཚུགས་པར་སླ་བ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན།

ཁྱིམ་ཐབ་དཔའ་བོས་ཤིན་ཏུ་བསྲུངས་པའི་བུད་མྱེད་ཤིན་ཏུ་ཕུན་སུམ་ཚོགས་པའི་ཁྱིམ་ན་འདུག་པ་ནི། འཕྱོན་མ་རྣམས་ཀྱིས་མྱི་ཚུགས་པ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ན།

བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མྱི་ཚུགས་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཡུལ་དུ་འགྲོ་བའི་སྐྱེས་བུ་གོ་ཆ་ཚང་བར་གྱོན་པ་མཚོན་ཆ་ཐམས་ཅད་ཐོགས་པ་ནི་གཡུལ་ངོ་ན་འདུག་པའི་ཚེ། རྒྱལ་པོ་ཟླ་འམ། ཕྱིར་རྒོལ་བ་དང་།

เล่ม ๒๔ · หน้า 19a

དགྲ་རྣམས་ཀྱིས་ཐུབ་པར་དཀའོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ན། བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་དང་། གང་ཟག་ལྷག་པའི་ང་རྒྱལ་ཅན་ནམ། བྱང་

ཆུབ་སེམས་དཔའ་གདོལ་པ་རྣམས་ཀྱིས་ཀྱང་ཐུབ་པར་དཀའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཁམས་ཀྱི་རྒྱལ་པོ་ཡོད་པ་རྣམས་ནི་ནང་ནུབ་ནང་ནུབ་ཅིང་རིམ་གྲོ་བྱ་བའི་དོན་དུ་དྲུང་དུ་འོང་ངོ་། །རབ་འབྱོར་དེ་བཞིན་

དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་འདོང་ངོ་། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུ་ཀླུང་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ནི་ཆུ་ཀླུང་ཆེན་པོ་

གང་གཱ་གང་ན་བ་དེར་འདོང་ངོ་། །དེ་དག་ཆུ་ཀླུང་གང་གཱ་དང་འགྲོགས་ཤིང་རྒྱ་མཚོ་ཆེན་པོའི་ནང་དུ་འདོང་དོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

གང་ན་བ་དེར་འདོང་ངོ་། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུའི་ལག་པ་གཡས་པ་ནི་དགོས་པ་ཐམས་ཅད་བྱེད་དོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་དུ་བལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་ནི་ལག་པ་གཡོན་པ་ཇི་ལྟ་བ་བཞིན་

དུ་བལྟའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུ་ཀླུང་ཕྲ་མོ་རྣམས་ཀྱི་ཆུ་དང་ཆུ་ཀླུང་ཆེན་པོ་རྣམས་ཀྱི་ཆུ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་། རྒྱ་མཚོ་ཆེན་པོར་ཕྱིན་ན་འདི་ལྟ་སྟེ། ལན་ཚའི་རོར་རོ་གཅིག་པར་འགྱུར་རོ། །རབ་འབྱོར་དེ་བཞིན་

དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཕྱིན་པའི་ཚེ། འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོར་རོ་གཅིག་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན།

เล่ม ๒๔ · หน้า 19b

འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པའི་མདུན་དུ་ནི། འཁོར་ལོ་རིན་པོ་ཆེ་འགྲོ་ཞིང་འདུག་སྟེ། གང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཟས་ཀྱི་དོན་དུ་འདུག་པར་གྱུར་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་

ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་ཅིང་འཁོར་ལོ་རིན་པོ་ཆེ་དེ་དག་གནས་ནས་གཡོ་བ་མྱེད་དོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཀྲི་བ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་

འདོང་སྟེ། །དེར་གནས་སོ། །དེར་གནས་པར་གྱུར་ནས་ཀྱང་གནས་དེ་ལས་མྱི་འདའ་འོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དེ་དང་། བློན་པོ་རིན་པོ་ཆེ་དེ་དང་། ཁྱིམ་བདག་རིན་པོ་ཆེ་དེ་དང་། བུད་མྱེད་

རིན་པོ་ཆེ་དེ་དང་། ནོར་བུ་རིན་པོ་ཆེ་དེ་དང་། གླང་པོ་རིན་པོ་ཆེ་དེ་དང་། རྟ་རིན་པོ་ཆེ་དེ་དག་ནི་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པའི་མདུན་དུ་འདོང་ངོ་། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་མདུན་དུ་

འགྲོ་སྟེ། མདུན་དུ་སོང་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་ཏེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་སྙམ་དུ་བདག་གི་ཕྱི་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ནི་འདི་སྙམ་དུ་བདག་གི་ཕྱི་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་སྙམ་དུ་བདག་གི་ཕྱི་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ནི་འདི་སྙམ་དུ་བདག་གི་ཕྱི་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་སྙམ་དུ་བདག་གི་ཕྱི་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །སྦྱིན་པའི་ཕ་རོལ་ཏུ་

เล่ม ๒๔ · หน้า 20a

ཕྱིན་པ་ཡང་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མྱི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་རང་བཞིན་ནི་དེ་ཡིན་ཏེ། ཅིའང་ནུས་པ་མྱེད་པ་ངོ་བོ་ཉིད་ཀྱིས་སྟོང་ཞིང་གསོ་བ་སྟེ། སྨྱིག་

རྒྱུ་ལྟ་བུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་

ལ་སྤྱོད་པའི་ཚེ། འདི་སྙམ་དུ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི། སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། དེ་དག་ནི་ཐབས་ལ་མི་མཁས་པས། འཁོར་བ་ནས་ཡོངས་སུ་གདོན་པར་མྱི་ནུས་ཀྱིས། མ་ལ་བདག་གིས་སེམས་ཅན་དེ་དག་གི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་

เล่ม ๒๔ · หน้า 20b

སྤྱད་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་ནས། དེ་སེམས་ཅན་དེ་དག་གི་དོན་དུ་ཕྱི་ནང་གི་དངོས་པོ་རྣམས་ཡོངས་སུ་གཏོང་སྟེ། དེ་ཡོངས་སུ་གཏོང་བའི་ཚེ་འདི་སྙམ་སྟེ། བདག་གིས་གང་ཡང་ཡོངས་སུ་མ་གཏང་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་འདི་དག་

ནི་བདག་ཉིད་འཇིག་པའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་ཚུལ་ཁྲིམས་ངན་པའི་སྐབས་མྱི་འབྱེད་དེ།

དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ད་འདི་སྙམ་དུ་སེམས་ཏེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ལ་སྲོག་གཅོད་པ་བྱེད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་གྱི་ཚིག་

སྨྲ་བ་དང་། ཕྲ་མ་ཅན་དུ་འགྱུར་བ་དང་། ཞེ་གཅོད་པའི་ཚིག་སྨྲ་བ་དང་། ཚིག་ཀྱལ་པ་ཅན་དུ་འགྱུར་བ་དང་། ཆགས་སེམས་ཅན་དུ་འགྱུར་བ་དང་། གནོད་སེམས་སུ་བྱེད་པ་དང་། ལོག་པར་ལྟ་བ་ཅན་དུ་འགྱུར་བ་དང་། ཡུལ་ལ་སྨོན་པ་དང་། ལྷར་

སྨོན་པ་དང་། ཚངས་པར་སྨོན་པ་དང་། ཉན་ཐོས་ཀྱི་སར་སྨོན་པ་དང་། རང་སངས་རྒྱས་ཀྱི་སར་སྨོན་པ་འདི་ནི་བདག་ཚུལ་དང་མྱི་འདྲའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཚུལ་ཁྲིམས་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་ཚིག་རྩུབ་པ་དང་། བརླང་བས་རྟག་ཏུ་སྤྱོས་ཤིང་། བརྒྱད་ཀྱང་འཁྲུག་པའི་སེམས་མྱི་སྐྱེད། རྡོ་དབྱུག་དང་། བོང་བ་དང་། མཚོན་གྱིས་བཏབ་ཅིང་བསྣུན་པ་དང་། ལུས་ཀྱི་ཡན་

เล่ม ๒๔ · หน้า 21a

ལག་གཤགས་སམ། ཡན་ལག་དང་ཉིང་ལག་བཅད་ཀྱང་ཞེ་སྡང་གི་སེམས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྒྲ་ཐམས་ཅད་སྒྲ་བརྙན་ལྟ་བུར་ཡོངས་སུ་རྟོག་གོ །གཟུགས་ཐམས་ཅད་དབུ་བ་ལྟ་བུར་ཡོངས་སུ་རྟོག་གོ །རབ་

འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བཙལ་བའི་ཕྱིར། ལེ་ལོའི་སེམས་མི་སྐྱེད་དེ།

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། མཐོ་རིས་སུ་སྐྱེ་བའང་ལེ་ལོ་ཅན་གྱིས་རྙེད་པར་དཀའ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས་ཀྱིས། དེ་བས་ན་བདག་གིས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་

བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བརྩོན་འགྲུས་བརྩམ་པར་བྱའོ། །རྟག་ཏུ་བརྩོན་པ་མི་འདོར་བར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་སེམས་མྱི་འཁྲུགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་པའི་བསམ་གཏན་དུ་སྐྱེ་བའང་སེམས་འཁྲུགས་པས་རྙེད་པར་དཀའ་ན། བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས་ཀྱིས། དེ་བས་ན་བདག་གིས་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བདག་གིས་སེམས་མ་འཁྲུགས་པར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་ནམ་བླ་ན་མྱིད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། ནམ་ཡང་ཤེས་རབ་

เล่ม ๒๔ · หน้า 21b

དང་བྲལ་བར་མྱི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཞུགས་པར་རྣམ་པ་གཞན་གྱིས་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བར་མྱི་ནུས་ཀྱིས། དེ་བས་ན་བདག་གིས་ཤེས་རབ་འཆལ་པ་དང་

ལྡན་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མྱི་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་

ཏེ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཐ་དད་པ་མ་མཆིས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་ལྔའི་རབ་ཅེས་བགྱི། གཙོ་བོ་ཞེས་བགྱི། མཆོག་ཅེས་བགྱི། དམ་པ་ཞེས་བགྱི། ཕུལ་ཞེས་བགྱི། གྱ་ནོམ་པ་ཞེས་བགྱི། བླ་ན་མེད་པ་ཞེས་བགྱི་

གོང་ན་མྱེད་པ་ཞེས་བགྱི། མཉམ་པ་མེད་པ་ཞེས་བགྱི། མྱི་མཉམ་པ་དང་མཉམ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནི། རྣམ་པ་ཐ་དད་པ་གང་ཡང་

མྱེད་དེ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ན་ནི། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་པར་མྱི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་

པའི་མྱིང་འཐོབ་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལུས་རྣམ་པ་ཐ་དད་པ་རྣམས་ནི་རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་ཕྱིན་ན། ཁ་དོག་གཅིག་ཏུ་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ན་ཡང་། ཕ་རོལ་ཏུ་ཕྱིན་

པ་ལྔ་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་པར་འགྱུར་ཏེ། དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཕྱིན་ན་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་ཁ་དོག་གཅིག་པར་འགྱུར་ཏེ། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །

เล่ม ๒๔ · หน้า 22a

འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་

བའི་ཁྱད་པར་གང་ཡང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་ངོ་བོ་ཉིད་མྱེད་པས། དེའི་ཕྱིར་ཁྱད་པར་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་གང་ལ་ཡང་ཁྱད་པར་མ་མཆིས་ལ་བྱེ་བྲག་མ་མཆིས་ན། རྗེས་སུ་ཐོབ་པར་འགྱུར་བ་ནི་

གང་ཞིག་མཆིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་དག་གི་རབ་ཅེས་བགྱི། གཙོ་བོ་ཞེས་བགྱི། མཆོག་ཅེས་བགྱི། དམ་པ་ཞེས་བགྱི། ཕུལ་ཞེས་བགྱི། གྱ་ནོམ་པ་ཞེས་བགྱི། བླ་ན་མེད་པ་ཞེས་བགྱི། གོང་ན་མེད་པ་

ཞེས་བགྱི། མཉམ་པ་མྱེད་པ་ཞེས་བགྱི། མི་མཉམ་པ་དང་མཉམ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དོན་རྗེས་སུ་ཐོབ་པར་བྱ་བ་ལ། ཆོས་གང་ལ་ཡང་བྱེ་བྲག་དང་ཁྱད་པར་མྱེད་དེ། འོན་

ཀྱང་འཇིག་རྟེན་གྱི་ཐ་སྙད་དང་བརྡར་བྱ་ན། སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་གདོན་པའི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་

རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོད་དོ། །སེམས་ཅན་དེ་དག་ལ་ཡང་སྐྱེ་བ་མྱེད། འཆི་བ་མྱེད་འཕོ་བ་མྱེད་འབྱུང་བ་མྱེད་དེ། སེམས་ཅན་མེད་པས། ཆོས་ཐམས་ཅད་མྱེད་པར་

རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་རབ་ཅེས་བྱ། གཙོ་བོ་ཞེས་བྱ། མཆོག་ཅེས་བྱ། དམ་པ་ཞེས་བྱ། ཕུལ་ཞེས་བྱ། གྱ་ནོམ་པ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། གོང་

เล่ม ๒๔ · หน้า 22b

ན་མྱེད་པ་ཞེས་བྱ། མཉམ་པ་མྱེད་པ་ཞེས་བྱ། མྱི་མཉམ་པ་དང་མཉམ་པ་ཞེས་བྱ་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་གི་བུད་མེད་གང་ཇི་སྙེད་པ་དེ་དག་གི་ནང་ན་བུད་མེད་རིན་པོ་ཆེ་ནི་རབ་ཅེས་བྱ། གཙོ་བོ་ཞེས་བྱ། མཆོག་ཅེས་བྱ།

དམ་པ་ཞེས་བྱ། ཕུལ་ཞེས་བྱ། གྱ་ནོམ་པ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། གོང་ན་མེད་པ་ཞེས་བྱ། མཉམ་པ་མྱེད་པ་ཞེས་བྱ། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཅེས་

བགྱི་བ་དང་། གཙོ་བོ་ཞེས་བགྱི་བ་དང་། མཆོག་ཅེས་བགྱི་བ་དང་། དམ་པ་ཞེས་བགྱི་བ་དང་། ཕུལ་ཞེས་བགྱི་བ་དང་། གྱ་ནོམ་པ་ཞེས་བགྱི་བ་དང་། བླ་ན་མེད་པ་ཞེས་བགྱི་བ་དང་། གོང་ན་མྱེད་པ་ཞེས་བགྱི་བ་དང་། མཉམ་པ་མྱེད་པ་ཞེས་བགྱི་བ་དང་།

མྱི་མཉམ་པ་དང་མཉམ་པ་ཞེས་བགྱི་བ་དེ་ཅི་ལས་དགོངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བཟུང་ཞིང་མྱི་གནས་པའི་ཚུལ་གྱིས། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་ཡོངས་སུ་འཛིན་པ་འམ། གཏོང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་

འབྱོར་དེ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཡོངས་སུ་འཛིན་པའམ། གཏོང་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མྱེད་པ་དང་། བཏང་བ་མྱེད་པའི་ཕྱིར་རོ། །གསོལ་པ།

བཅོམ་ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་མྱི་འཛིན་མྱི་གཏོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་

เล่ม ๒๔ · หน้า 23a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོར་བ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུ་ཤེས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུ་བྱེད་ཡོངས་སུ་མྱི་འཛིན་མྱི་གཏོང་

ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣ་བ་ཡོངས་སུ་མི་འཛིན་མི་གཏོང་

ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣ་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྕེ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལུས་ཡོངས་སུ་མི་འཛིན་མི་གཏོང་ངོ་། །

རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒྲ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་

འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲི་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རོ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རེག་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་

མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣའི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་

เล่ม ๒๔ · หน้า 23b

ཕྱིན་པ་ནི་ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་མྱི་

གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ནི་ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་མྱི་གཏོང་

ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལུས་ཀྱི་འདུས་ཏེ་རེག་པ་ལས་

བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སའི་ཁམས་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆུའི་ཁམས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མེའི་ཁམས་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རླུང་གི་ཁམས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་

เล่ม ๒๔ · หน้า 24a

ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནམ་མཁའི་ཁམས་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཤེས་པའི་ཁམས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་རིག་པ་ཡོངས་

སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུ་བྱེད་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱིང་དང་གཟུགས་ཡོངས་སུ་

མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེ་མཆེད་དྲུག་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རེག་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོར་བ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྲེད་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལེན་པ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྲིད་པ་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ནི་སྐྱེ་བ་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྒ་ཤི་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་

འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

เล่ม ๒๔ · หน้า 24b

ནི་ནང་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ནི་སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆེན་པོ་སྟོང་པ་ཉིད་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་བྱས་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་

ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་

གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་

སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

เล่ม ๒๔ · หน้า 25a

ནི་ཡང་དག་པར་སྤོང་བ་བཞི་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དབང་པོ་ལྔ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོབས་ལྔ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མི་འཛིན་

མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་བདེན་པ་བཞི་ཡོངས་སུ་མི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་བཞི་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མྱེད་པ་བཞི་ཡོངས་སུ་མྱི་

འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་མྱི་འཛིན་མི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཐར་པ་བརྒྱད་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐར་ཀྱིས་

གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་

པར་ཤེས་པ་རྣམས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཏིང་ངེ་འཛིན་རྣམས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་འཇིགས་པ་བཞི་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །

เล่ม ๒๔ · หน้า 25b

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་རྗེ་ཆེན་པོ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་

སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དགྲ་བཅོམ་

པ་ཉིད་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བྱང་ཆུབ་ཡོངས་སུ་མི་འཛིན་མྱི་གཏོང་ངོ་། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མྱི་འཛིན་མྱི་གཏོང་ངོ་། །གསོལ་པ།

བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུ་ཤེས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུ་བྱེད་ཡོངས་སུ་མ་བཟུང་མ་བཏང་བ་ལགས།

ཇི་ལྟར་ན་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མྱིག་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣ་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྣ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལྕེ་ཡོངས་སུ་མ་

བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལུས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྒྲ་ཡོངས་སུ་མ་བཟུང་མ་བཏང་བ་ལགས།

ཇི་ལྟར་ན་དྲི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རོ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རེག་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཆོས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མྱིག་གི་རྣམ་པར་ཤེས་པ་

เล่ม ๒๔ · หน้า 26a

ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྣའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལྕེའི་རྣམ་པར་ཤེས་པ་ཡོངས་སུ་

མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་

ལགས། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྣའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་

ན་ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས།

ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་

ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་

ན་སའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཆུའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མེའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རླུང་གི་ཁམས་ཡོངས་སུ་མ་བཟུང་མ་བཏང་

เล่ม ๒๔ · หน้า 26b

བ་ལགས། ཇི་ལྟར་ན་ནམ་མཁའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣམ་པར་ཤེས་པའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མ་རིག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུ་བྱེད་

ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མྱིང་དང་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྐྱེ་མཆེད་དྲུག་ཡོངས་སུ་མ་བཟུང་མ་བཏང་བ་ལགས།

ཇི་ལྟར་ན་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྲེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་

སྲིད་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྐྱེ་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྒ་ཤི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་

ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་

ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཕྱི་སྟོང་པ་ཉིད་ཡོངས་སུ་

མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཆེན་པོ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་

เล่ม ๒๔ · หน้า 27a

ན་དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུས་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མཐའ་ལས་

འདས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རང་བཞིན་སྟོང་

པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མྱི་དམྱིགས་པ་སྟོང་པ་

ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་

སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡང་དག་པར་སྤོང་བ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་བཞི་

ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དབང་པོ་ལྔ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྟོབས་ལྔ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་མ་བཟུང་མ་བཏང་བ་ལགས།

ཇི་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འཕགས་པའི་བདེན་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་བསམ་གཏན་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་

เล่ม ๒๔ · หน้า 27b

ན་ཚད་མྱེད་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣམ་པར་ཐར་པ་བརྒྱད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མཐར་ཀྱིས་

གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མངོན་པར་ཤེས་པ་རྣམས་

ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཏིང་ངེ་འཛིན་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་བཟུང་མ་བཏང་

བ་ལགས། ཇི་ལྟར་ན་མྱི་འཇིགས་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སངས་རྒྱས་

ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཕྱིར་མྱི་འོང་

བའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དགྲ་བཅོམ་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རང་བྱང་ཆུབ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས།

ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡིད་ལ་མྱི་བྱེད་པས། གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚོར་བ་ཡིད་ལ་མྱི་བྱེད་པས། ཚོར་བ་

เล่ม ๒๔ · หน้า 28a

ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་ཤེས་ཡིད་ལ་མྱི་བྱེད་པས། འདུ་ཤེས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་བྱེད་འདི་ལ་མི་བྱེད་པས། འདུ་བྱེད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་པ་ཡིད་

ལ་མི་བྱེད་པས། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱིག་ཡིད་ལ་མྱི་བྱེད་པས། མྱིག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བ་ཡིད་ལ་མྱི་བྱེད་པས། རྣ་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣ་ཡིད་ལ་མྱི་བྱེད་པས།

སྣ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེ་ཡིད་ལ་མྱི་བྱེད་པས། ལྕེ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཡིད་ལ་མི་བྱེད་པས། ལུས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཡིད་ལ་མྱི་བྱེད་པས། ཡིད་ཡོངས་སུ་མ་བཟུང་མ་བཏང་

བ་ཡིན་ནོ། །གཟུགས་ཡིད་ལ་མྱི་བྱེད་པས། གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྒྲ་ཡིད་ལ་མྱི་བྱེད་པས། སྒྲ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དྲི་ཡིད་ལ་མྱི་བྱེད་པས། དྲི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རོ་ཡིད་ལ་མྱི་

བྱེད་པས། རོ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རེག་ཡིད་ལ་མི་བྱེད་པས། རེག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆོས་ཡིད་ལ་མི་བྱེད་པས། ཆོས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱིག་གི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་

པས། མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པ་ཡིད་ལ་མྱི་བྱེད་པས། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས། སྣའི་རྣམ་པར་

ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་

เล่ม ๒๔ · หน้า 28b

བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མིག་གི་འདུས་ཏེ་རེག་པ་ཡིད་ལ་མྱི་བྱེད་པས། མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་

ནོ། །རྣ་བའི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད་པས། རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད་པས། སྣའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་

ཡིད་ལ་མི་བྱེད་པས། ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་ཡིད་ལ་མྱི་བྱེད་པས། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད་པས།

ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མི་བྱེད་པས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་

བའི་ཚོར་བ་ཡིད་ལ་མྱི་བྱེད་པས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མྱི་བྱེད་པས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་

མ་བཏང་བ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མི་བྱེད་པས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མྱི་བྱེད་པས། ལུས་ཀྱི་

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མྱི་བྱེད་པས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སའི་ཁམས་

เล่ม ๒๔ · หน้า 29a

ཡིད་ལ་མི་བྱེད་པས། སའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆུའི་ཁམས་ཡིད་ལ་མྱི་བྱེད་པས། ཆུའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱེའི་ཁམས་ཡིད་ལ་མི་བྱེད་པས། མྱེའི་

ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རླུང་གི་ཁམས་ཡིད་ལ་མི་བྱེད་པས། རླུང་གི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ནམ་མཁའི་ཁམས་ཡིད་ལ་མི་བྱེད་པས། ནམ་མཁའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་

ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ཡིད་ལ་མྱི་བྱེད་པས། རྣམ་པར་ཤེས་པའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མ་རིག་པ་ཡིད་ལ་མྱི་བྱེད་པས། མ་རིག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་བྱེད་ཡིད་ལ་མི་

བྱེད་པས། འདུ་བྱེད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་པ་ཡིད་ལ་མྱི་བྱེད་པས། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱིང་དང་གཟུགས་ཡིད་ལ་མི་བྱེད་པས། མྱིང་དང་གཟུགས་ཡོངས་སུ་མ་བཟུང་

མ་བཏང་བ་ཡིན་ནོ། །སྐྱེ་མཆེད་དྲུག་ཡིད་ལ་མྱི་བྱེད་པས། སྐྱེ་མཆེད་དྲུག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རེག་པ་ཡིད་ལ་མི་བྱེད་པས། རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚོར་བ་ཡིད་ལ་མི་བྱེད་པས། ཚོར་བ་ཡོངས་

སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྲེད་པ་ཡིད་ལ་མྱི་བྱེད་པས། སྲེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལེན་པ་ཡིད་ལ་མྱི་བྱེད་པས། ལེན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྲིད་པ་ཡིད་ལ་མྱི་བྱེད་པས། སྲིད་པ་ཡོངས་

སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྐྱེ་བ་ཡིད་ལ་མྱི་བྱེད་པས། སྐྱེ་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྒ་ཤི་ཡིད་ལ་མྱི་བྱེད་པས། རྒ་ཤི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱེད་པས།

เล่ม ๒๔ · หน้า 29b

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱེད་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པས་

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མྱི་བྱེད་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་

བྱེད་པས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ནང་སྟོང་པ་ཉིད་ཡིད་ལ་མི་བྱེད་པས།

ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཕྱི་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། ཕྱི་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །

སྟོང་པ་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། ཆེན་པོ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་

དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། འདུས་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། འདུས་མ་བྱས་སྟོང་པ་ཉིད་

ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། ཐོག་མ་དང་ཐ་མ་མྱེད་པ་

เล่ม ๒๔ · หน้า 30a

སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། རང་བཞིན་

སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། རང་གི་མཚན་ཉིད་སྟོང་པ་

ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དངོས་པོ་མེད་པ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་

མ་བཟུང་མ་བཏང་བ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མྱི་བྱེད་པས། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མི་བྱེད་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་

བཟུང་མ་བཏང་བ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་ཡིད་ལ་མི་བྱེད་པས། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་ཡིད་ལ་མི་བྱེད་པས། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་མ་བཟུང་མ་

བཏང་བ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡིད་ལ་མི་བྱེད་པས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དབང་པོ་ལྔ་ཡིད་ལ་མྱི་བྱེད་པས། དབང་པོ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྟོབས་ལྔ་ཡིད་ལ་

མྱི་བྱེད་པས། སྟོབས་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡིད་ལ་མྱི་བྱེད་པས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིད་ལ་མི་བྱེད་

เล่ม ๒๔ · หน้า 30b

པས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འཕགས་པའི་བདེན་པ་བཞི་ཡིད་ལ་མྱི་བྱེད་པས། འཕགས་པའི་བདེན་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བསམ་གཏན་བཞི་ཡིད་ལ་མི་བྱེད་

པས། བསམ་གཏན་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚད་མེད་པ་བཞི་ཡིད་ལ་མྱི་བྱེད་པས། ཚད་མེད་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡིད་ལ་མྱི་བྱེད་པས། གཟུགས་

མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་ཡིད་ལ་མྱི་བྱེད་པས། རྣམ་པར་ཐར་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡིད་ལ་མི་བྱེད་

པས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ཡིད་ལ་མྱི་བྱེད་པས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་

མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ཡིད་ལ་མི་བྱེད་པས། མངོན་པར་ཤེས་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ཡིད་ལ་མྱི་བྱེད་པས།

ཏིང་ངེ་འཛིན་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ཡིད་ལ་མི་བྱེད་པས། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡིད་ལ་མྱི་བྱེད་པས། དེ་བཞིན་གཤེགས་

པའི་སྟོབས་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མྱི་འཇིགས་པ་བཞི་ཡིད་ལ་མྱི་བྱེད་པས། མི་འཇིགས་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡིད་ལ་མྱི་བྱེད་པས། སོ་སོ་ཡང་དག་པར་རིག་པ་རྣམས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด