ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘ · หน้า 29a

རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་

ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་པའི་སྤོབས་པ་དང་། དོན་དང་ལྡན་པའི་

སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟནད་ཏོ། །སེམས་དང་པོ་བསྐྱེད་པ་ནས་

སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་

ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་བ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་

བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་

เล่ม ๑๘ · หน้า 29b

དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་

པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་

སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་

ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིགས་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་

དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

ཅིང་རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་

ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་

เล่ม ๑๘ · หน้า 30a

ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས། ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་པའི་སྤོབས་

པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་

བསྟན་ཏོ། །སེམས་དང་པོ་བསྐྱེད་པ་ནས། སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་

ཕ་རོལ་ཏུ་ཕྱིནད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་

སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་

པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་

เล่ม ๑๘ · หน้า 30b

པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་

པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་།

མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་ཅིང་རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་

གང་གིས། །སངས་རྒྱས་བཅོམ་ལྡན་འདས། དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་

བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་

เล่ม ๑๘ · หน้า 31a

འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་

པ་དང་། འབྲེལ་པའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་

པ། བམ་པོ་གསུམ་པ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟན་ཏོ། །སེམས་དང་པོ་བསྐྱེད་པ་ནས་སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་

འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་དང་། ནང་སྟོང་

པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་།

ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་

ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་

เล่ม ๑๘ · หน้า 31b

དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་

པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་།

མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་།

རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་ཅིང་རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་

ཆོས་ཅན་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར། །

འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །འཁྲུག་

པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་

เล่ม ๑๘ · หน้า 32a

སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་བའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་

པ་དང་ཡང་ལྡན་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟན་ཏོ། །སེམས་དང་པོ་བསྐྱེད་པ་ནས་སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་

པའི་ཕ་རོལ་ཏུ་ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། ནང་སྟོང་པ་ཉིད་དང་།

ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་

མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་

དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་

ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་

เล่ม ๑๘ · หน้า 32b

འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་

པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་

པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །

སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་

ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་

མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་

སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་པའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །འདུས་མ་བྱས་སྟོང་

เล่ม ๑๘ · หน้า 33a

པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟན་ཏོ། །སེམས་དང་པོ་བསྐྱེད་པ་ནས་སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་དང་། ཚུལ་

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་།

སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་

པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་།

དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་།

བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་

མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་

เล่ม ๑๘ · หน้า 33b

པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་ཅིང་། རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་

དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་

བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེནད་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་

འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་བའི་

སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཡོངས་སུ་བཟུང་བ་བསྟན་ཏོ། །སེམས་དང་པོ་བསྐྱེད་པ་ནས་སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། བཟོད་པའི་ཕ་རོལད་ཏུ་ཕྱིནད་

เล่ม ๑๘ · หน้า 34a

པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། བསམ་གཏན་གྱི་ཕ་རོལད་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་།

ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་།

ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་

པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་

དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་

ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་

ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བདག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་

เล่ม ๑๘ · หน้า 34b

ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་ཅིང་། རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ། ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས་སངས་རྒྱས་

བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་

ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་པའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་།

འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟན་ཏོ། །སེམས་དང་པོ་

བསྐྱེད་པ་ནས་སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིནད་པ་དང་།

བསམ་གཏན་གྱི་ཕ་རོལད་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་

เล่ม ๑๘ · หน้า 35a

བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་།

རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་

གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་

སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་

ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་

བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་།

རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས། སངས་རྒྱས་བཅོམ་ལྡན་འདས་

เล่ม ๑๘ · หน้า 35b

དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་པའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་

པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟན་ཏོ། །སེམས་དང་

པོ་བསྐྱེད་པ་ནས་སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་

པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་

เล่ม ๑๘ · หน้า 36a

པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་

འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་

མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་།

ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་

པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིནད་པ་ལ་སྤྱོད་ཅིང་། རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས་སངས་རྒྱས་

བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་

เล่ม ๑๘ · หน้า 36b

གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་པའི་སྤོབས་པ་དང་།

དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་

བསྟན་ཏོ། །སེམས་དང་པོ་བསྐྱེད་པ་ནས། སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་དང་།

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་

དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་།

ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་

เล่ม ๑๘ · หน้า 37a

གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་

བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་

ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་

པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་

དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་ཅིང་། རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་

འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་

པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །

เล่ม ๑๘ · หน้า 37b

འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་

པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་བའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་

རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟན་ཏོ། །སེམས་དང་པོ་བསྐྱེད་པ་ནས་སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་དང་།

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་

སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་།

དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་

བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་།

เล่ม ๑๘ · หน้า 38a

འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་།

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་

སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་

རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་ཅིང་། རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་

འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་

བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །འཁྲུག་པ་མྱེད་པ་དང་།

མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་

เล่ม ๑๘ · หน้า 38b

མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་བའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །རང་

གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟནད་ཏོ། །སེམས་དང་པོ་བསྐྱེད་པ་ནས་སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་དང་།

ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིནད་པ་དང་། བཟོད་པའི་ཕ་རོལད་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིནད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་

དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་

པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་

མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་

པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་བ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་

เล่ม ๑๘ · หน้า 39a

བར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོནད་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་

འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་།

རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྦྱོང་ཅིང་རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་

པའི་ཆོས་ཅན་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་

བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །འཁྲུག་པ་མྱེད་པ་དང་།

མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་།

མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་བའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་

เล่ม ๑๘ · หน้า 39b

འགྱུར་རོ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟནད་ཏོ། །སེམས་དང་པོ་བསྐྱེད་པ་ནས། སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་

ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། བཟོད་པའི་ཕ་རོལད་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིནད་པ་དང་། བསམ་གཏན་གྱི་ཕ་རོལད་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་

སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་

མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་

དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་བ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་

ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་

འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་།

เล่ม ๑๘ · หน้า 40a

མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་ཅིང་། རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་

ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་

བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག །ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་

གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམིགས་པའི་ཚུལ་

གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་བའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་

ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟན་ཏོ། །སེམས་དང་པོ་བསྐྱེད་པ་ནས་

เล่ม ๑๘ · หน้า 40b

སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིནད་པ་དང་། བཟོད་པའི་ཕ་རོལད་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིནད་པ་དང་། བསམ་

གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་

སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་

ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་

པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་

པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་

དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་

เล่ม ๑๘ · หน้า 41a

རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་ཅིང་། རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་།

དགེ་བའི་རྩ་བ་གང་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་

རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེནད་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་

པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་

པའི་སྤོབས་པ་དང་། འབྲེལ་བའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟནད་ཏོ། །སེམས་དང་པོ་བསྐྱེད་པ་ནས། སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་

เล่ม ๑๘ · หน้า 41b

ཏུ་ཕྱིནད་པ་དང་། བཟོད་པའི་ཕ་རོལད་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིནད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་

དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་

མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་

སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་

པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་བའི་

སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་

ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་

เล่ม ๑๘ · หน้า 42a

གྱིས་རྣམ་པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་ཅིང་། རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་

ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་།

མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེནད་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་

མྱི་འགྱུར་རོ། །འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་།

རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་བའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་

པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟན་ཏེ། །སེམས་དང་པོ་བསྐྱེད་པ་ནས་སེམས་བཅུ་བ་བསྐྱེད་པའི་བར་གྱི་བྱང་ཆུབ་

སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་

เล่ม ๑๘ · หน้า 42b

རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་།

མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་།

དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་།

བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་

དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་

ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་ཀྱང་བསྟན། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱིས་རྣམ་པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་ཅིང་། རྫུས་ཏེ་

เล่ม ๑๘ · หน้า 43a

སྐྱེ་བར་འགྱུར་ཞེས་བྱའོ། །དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས་སངས་རྒྱས་བཅོམ་

ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་ན་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་

དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མི་འགྱུར་རོ། །འཁྲུག་པ་མྱེད་པ་དང་མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་བའི་སྤོབས་པ་

དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅོ་ལྔའོ། །

། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། །དེ་ནས་ལྷའི་དབང་པོ་བརྒྱ་ཕྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་གྱིས་དེ་ལྟར་ཆོས་ཀྱི་ཆར་པ་

འདི་ཕབ་སྟེ། བསྟན་ན་དེ་ལ་བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འདི་ལ་མཆོད་པ་བྱ་བའི་ཕྱིར། མེ་ཏོག་མངོན་པར་སྤྲུལ་པ་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

เล่ม ๑๘ · หน้า 43b

དང་། དགེ་སློང་གི་དགེ་འདུན་རྣམས་དང་། གནས་བརྟན་རབ་འབྱོར་ལ་གཏོར་བར་བྱའོ། །མངོན་པར་གཏོར་བར་བྱའོ། །རབ་ཏུ་གཏོར་བར་བྱའོ། །སྙམ་མོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་

ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། མཚེ་མའི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། ཚངས་རིས་ཀྱི་ལྷ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷ་དང་། ཚངས་པ་ཀུན་

འཁོར་གྱི་ལྷ་དང་། ཚངས་ཆེན་གྱི་ལྷ་དང་། སྣང་བའི་ལྷ་དང་། ཆུང་སྣང་གི་ལྷ་དང་། ཚད་མྱེད་སྣང་བའི་ལྷ་དང་། ཀུན་སྣང་དང་བའི་ལྷ་དང་། དགེ་བའི་ལྷ་དང་། ཆུང་དགེའི་ལྷ་དང་། ཚད་མྱེད་དགེ་བའི་ལྷ་དང་། དགེ་རྒྱས་ཀྱི་ལྷ་དང་། ཆེ་བའི་

ལྷ་དང་། ཆུང་ཆེའི་ལྷ་དང་། ཚད་མྱེད་ཆེ་བའི་ལྷ་དང་། འབྲས་བུ་ཆེ་བའི་ལྷ་དང་། མྱི་ཆེ་བའི་ལྷ་དང་། མྱི་གདུང་བའི་ལྷ་དང་། ཤིན་ཏུ་མཐོང་བའི་ལྷ་དང་། གྱ་ནོམ་སྣང་བའི་ལྷ་དང་། འོག་མྱིན་གྱི་ལྷ་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་འདི་

སྙམ་དུ་སེམས་པར་གྱུར་ཏེ། དེ་ལྟར་གནས་བརྟན་རབ་འབྱོར་གྱིས་ཆོས་ཀྱི་ཆར་པ་འདི་ཕབ་སྟེ། བསྟན་ན་དེ་ལ་བདག་ཅག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འདི་ལ་མཆོད་པ་བྱ་བའི་ཕྱིར། མྱེ་ཏོག་མངོན་པར་སྤྲུལ་པ་བྱ་སྟེ། སངས་

རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགེ་སློང་གི་དགེ་འདུན་རྣམས་དང་། གནས་བརྟན་རབ་འབྱོར་ལ་གཏོར་བར་བྱའོ། །མངོན་པར་གཏོར་བར་བྱའོ། །རབ་ཏུ་གཏོར་བར་བྱའོ་སྙམ་མོ། །

དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། མཚེ་མའི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་

เล่ม ๑๘ · หน้า 44a

དབང་བྱེད་ཀྱི་ལྷ་དང་། ཚངས་རིས་ཀྱི་ལྷ་དང་། ཚངས་ལྷ་ཉེ་ཕན་གྱི་ལྷ་དང་། ཚངས་པ་ཀུན་འཁོར་གྱི་ལྷ་དང་། ཚངས་ཆེན་གྱི་ལྷ་དང་། སྣང་བའི་ལྷ་དང་། ཆུང་སྣང་གི་ལྷ་དང་། ཚད་མྱེད་སྣང་བའི་ལྷ་དང་། ཀུན་སྣང་དང་བའི་ལྷ་དང་།

དགེ་བའི་ལྷ་དང་། ཆུང་དགེའི་ལྷ་དང་། ཚད་མྱེད་དགེ་བའི་ལྷ་དང་། དགེ་རྒྱས་ཀྱི་ལྷ་དང་། ཆེ་བའི་ལྷ་དང་། ཆུང་ཆེའི་ལྷ་དང་། ཚད་མྱེད་ཆེ་བའི་ལྷ་དང་། འབྲས་བུ་ཆེ་བའི་ལྷ་དང་། མྱི་ཆེ་བའི་ལྷ་དང་། མྱི་གདུང་བའི་ལྷ་དང་། ཤིན་ཏུ་མཐོང་

བའི་ལྷ་དང་། གྱ་ནོམ་སྣང་བའི་ལྷ་དང་། འོག་མྱིན་གྱི་ལྷ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར། ལྷ་རྫས་ཀྱི་མེ་ཏོག་མནྡཱ་ར་བ་མང་པོ་མངོན་པར་སྤྲུལ་ཏེ། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགེ་སློང་གི་དགེ་འདུན་རྣམས་དང་། གནས་བརྟན་རབ་འབྱོར་ལ་འཐོར་བར་གྱུར་ཏོ། །མངོན་པར་འཐོར་བར་གྱུར་ཏོ། །རབ་ཏུ་འཐོར་བར་གྱུར་ཏོ། །མེ་ཏོག་དེ་དག་གིས་གཏོར་མ་ཐག་ཏུ་སྟོང་

གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཞི་མེ་ཏོག་གིས་ཁེབས་པར་གྱུར་ནས། སྟེང་གི་བར་སྣང་ལ་ཡང་མེ་ཏོག་གི་ཁང་པ་བརྩེགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་མདངས་དགའ་ཞིང་ཡིད་དུ་འོང་བ་ཀུན་

ནས་གནས་པར་གྱུར་ཏོ། །དེ་ནས་གནས་བརྟན་རབ་འབྱོར་འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལྟར་ལྷ་རྣམས་ཀྱིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་བདག་གིས་སྔོན་ཆད་ལྷའི་གནས་ཐམས་ཅད་ན་ཡང་ཡོད་པར་མ་མཐོང་སྟེ། མེ་ཏོག་

འདི་དག་ནི་སྤྲུལ་པའོ། །འདི་ལྟར་ལྷའི་བུ་དག་གིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་ལྡུམ་བུ་ལས་བྱུང་བ་མ་ཡིན། ཆུ་ལས་སྐྱེས་པ་མ་ཡིན། ཐང་ལས་སྐྱེས་པ་མ་ཡིན་ནོ། །འདི་ལྟར་ལྷའི་བུ་དག་གིས་མངོན་པར་གཏོར་བའི་མེ་ཏོག་འདི་

เล่ม ๑๘ · หน้า 44b

དག་ནི་ཡིད་ལས་བྱུང་བ་སྟེ། མེ་ཏོག་འདི་དག་ནི་ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ་སྙམ་པ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་མེ་ཏོག་འདི་དག་ནི་མ་བྱུང་བ་སྟེ། མེ་ཏོག་འདི་དག་ནི་

ཡིད་ལས་བྱུང་བ་མ་ཡིན་ནོ། །ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་སྐད་དུ་མེ་ཏོག་འདི་དག་མ་སྐྱེས་པ་སྟེ་མེ་ཏོག་འདི་དག་ཡིད་ལས་བྱུང་བ་མ་ཡིན། ལྡུམ་བུ་ལས་བྱུང་བ་མ་ཡིན་ནོ་ཞེས་ཟེར་བ་ནི། ཀཽ་ཤི་ཀ་དེ་ལྟར་མ་

སྐྱེས་པ་ནི་མེ་ཏོག་ཀྱང་མ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་མེ་ཏོག་འདི་དག་ཉི་ཚེ་མ་བྱུང་བར་ཟད་དམ། འོ་མ་ཏམ་གཟུགས་ཀྱང་མ་བྱུང་། ཚོར་བ་ཡང་མ་བྱུང་། འདུ་ཤེས་ཀྱང་མ་བྱུང་། འདུ་བྱེད་ཀྱང་མ་བྱུང་། རྣམ་པར་

ཤེས་པ་ཡང་མ་བྱུང་བ་ཡིན། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་མེ་ཏོག་འདི་དག་ཉི་ཚེ་མ་བྱུང་བར་མ་ཟད་ཀྱི། ཀཽ་ཤི་ཀ་གཟུགས་ཀྱང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་གཟུགས་མ་ཡིན་ནོ། །ཀཽ་ཤི་ཀ་ཚོར་བ་ཡང་མ་བྱུང་བ་སྟེ། གང་མ་

བྱུང་བ་དེ་ནི་ཚོར་བ་མ་ཡིན་ནོ། །ཀཽ་ཤི་ཀ་འདུ་ཤེས་ཀྱང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་འདུ་ཤེས་མ་ཡིན་ནོ། །ཀཽ་ཤི་ཀ་འདུ་བྱེད་ཀྱང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་འདུ་བྱེད་མ་ཡིན་ནོ། །ཀཽ་ཤི་ཀ་རྣམ་པར་ཤེས་པ་ཡང་མ་བྱུང་བ་སྟེ། གང་མ་

བྱུང་བ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །ཀཽ་ཤི་ཀ་མྱིག་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མྱིག་མ་ཡིན་ནོ། །ཀཽ་ཤི་ཀ་རྣ་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣ་བ་མ་ཡིན་ནོ། །ཀཽ་ཤི་ཀ་སྣ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྣ་མ་ཡིན་ནོ། །

ཀཽ་ཤི་ཀ་ལྕེ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལྕེ་མ་ཡིན་ནོ། །ཀཽ་ཤི་ཀ་ལུས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལུས་མ་ཡིན་ནོ། །ཀཽ་ཤི་ཀ་ཡིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཡིད་མ་ཡིན་ནོ། །ཀཽ་ཤི་ཀ་གཟུགས་ནི་མ་བྱུང་བ་སྟེ།

เล่ม ๑๘ · หน้า 45a

གང་མ་བྱུང་བ་དེ་ནི་གཟུགས་མ་ཡིན་ནོ། །ཀཽ་ཤི་ཀ་སྒྲ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྒྲ་མ་ཡིན་ནོ། །ཀཽ་ཤི་ཀ་དྲི་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དྲི་མ་ཡིན་ནོ། །ཀཽ་ཤི་ཀ་རོ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རོ་མ་ཡིན་

ནོ། །ཀཽ་ཤི་ཀ་རེག་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རེག་མ་ཡིན་ནོ། །ཀཽ་ཤི་ཀ་ཆོས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཆོས་མ་ཡིན་ནོ། །ཀཽ་ཤི་ཀ་མྱིག་གི་རྣམ་པར་ཤེས་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མིག་གི་རྣམ་པར་ཤེས་པ་མ་ཡིན་

ནོ། །ཀཽ་ཤི་ཀ་རྣ་བའི་རྣམ་པར་ཤེས་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣ་བའི་རྣམ་པར་ཤེས་པ་མ་ཡིན་ནོ། །ཀཽ་ཤི་ཀ་སྣའི་རྣམ་པར་ཤེས་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྣའི་རྣམ་པར་ཤེས་པ་མ་ཡིན་ནོ། །ཀཽ་ཤི་ཀ་ལྕེའི་རྣམ་པར་ཤེས་པ་

ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལྕེའི་རྣམ་པར་ཤེས་པ་མ་ཡིན་ནོ། །ཀཽ་ཤི་ཀ་ལུས་ཀྱི་རྣམ་པར་ཤེས་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །ཀཽ་ཤི་ཀ་ཡིད་ཀྱི་རྣམ་པར་ཤེས་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་

བ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །ཀཽ་ཤི་ཀ་མྱིག་གི་འདུས་ཏེ་རེག་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མྱིག་གི་འདུས་ཏེ་རེག་པ་མ་ཡིན་ནོ། །ཀཽ་ཤི་ཀ་རྣ་བའི་འདུས་ཏེ་རེག་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣ་བའི་འདུས་ཏེ་རེག་

པ་མ་ཡིན་ནོ། །ཀཽ་ཤི་ཀ་སྣའི་འདུས་ཏེ་རེག་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྣའི་འདུས་ཏེ་རེག་པ་མ་ཡིན་ནོ། །ཀཽ་ཤི་ཀ་ལྕེའི་འདུས་ཏེ་རེག་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལྕེའི་འདུས་ཏེ་རེག་པ་མ་ཡིན་ནོ། །ཀཽ་ཤི་ཀ་ལུས་ཀྱི་

འདུས་ཏེ་རེག་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །ཀཽ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །ཀཽ་ཤི་ཀ་མྱིག་གི་འདུས་ཏེ་རེག་པ་ལས་

เล่ม ๑๘ · หน้า 45b

བྱུང་བའི་ཚོར་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན་ནོ། །ཀཽ་ཤི་ཀ་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་

ཡིན་ནོ། །ཀཽ་ཤི་ཀ་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན་ནོ། །ཀཽ་ཤི་ཀ་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལྕེའི་

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན་ནོ། །ཀཽ་ཤི་ཀ་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན་ནོ། །ཀཽ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མ་

བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན་ནོ། །ཀཽ་ཤི་ཀ་སའི་ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སའི་ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་ཆུའི་ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཆུའི་ཁམས་མ་ཡིན་ནོ། །

ཀཽ་ཤི་ཀ་མྱེའི་ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མྱེའི་ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་རླུང་གི་ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རླུང་གི་ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་ནམ་མཁའི་ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ནམ་མཁའི་

ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་རྣམ་པར་ཤེས་པའི་ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་མ་རིག་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མ་རིག་པ་མ་ཡིན་ནོ། །ཀཽ་ཤི་ཀ་འདུ་བྱེད་ནི་མ་བྱུང་བ་སྟེ།

གང་མ་བྱུང་བ་དེ་ནི་འདུ་བྱེད་མ་ཡིན་ནོ། །ཀཽ་ཤི་ཀ་རྣམ་པར་ཤེས་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །ཀཽ་ཤི་ཀ་མྱིང་དང་གཟུགས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མྱིང་དང་གཟུགས་མ་ཡིན་ནོ། །ཀཽ་ཤི་ཀ་སྐྱེ་མཆེད་

เล่ม ๑๘ · หน้า 46a

དྲུག་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྐྱེ་མཆེད་དྲུག་མ་ཡིན་ནོ། །ཀཽ་ཤི་ཀ་རེག་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རེག་པ་མ་ཡིན་ནོ། །ཀཽ་ཤི་ཀ་ཚོར་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཚོར་བ་མ་ཡིན་ནོ། །ཀཽ་ཤི་ཀ་

སྲེད་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྲེད་པ་མ་ཡིན་ནོ། །ཀཽ་ཤི་ཀ་ལེན་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལེན་པ་མ་ཡིན་ནོ། །ཀཽ་ཤི་ཀ་སྲིད་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྲིད་པ་མ་ཡིན་ནོ། །ཀཽ་ཤི་ཀ་སྐྱེ་བ་ནི་མ་བྱུང་བ་སྟེ། གང་

མ་བྱུང་བ་དེ་ནི་སྐྱེ་བ་མ་ཡིན་ནོ། །ཀཽ་ཤི་ཀ་རྒ་ཤི་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྒ་ཤི་མ་ཡིན་ནོ། །ཀཽ་ཤི་ཀ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་

ཕྱིན་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་

ཕྱིན་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་ནང་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ནང་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་ཕྱི་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཕྱི་

སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་ཕྱི་ནང་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཕྱི་ནང་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་སྟོང་པ་ཉིད་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་ཆེན་པོ་སྟོང་པ་

เล่ม ๑๘ · หน้า 46b

ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཆེན་པོ་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་དོན་དམ་པ་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དོན་དམ་པ་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་འདུས་བྱས་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་འདུས་

བྱས་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་འདུས་མ་བྱས་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་མཐའ་ལས་འདས་པ་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་མ་

ཡིན་ནོ། །ཀཽ་ཤི་ཀ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་དོར་བ་མྱེད་པ་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དོར་བ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་

ཀ་རང་བཞིན་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རང་བཞིན་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་ཆོས་ཐམས་ཅད་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་རང་གི་མཚན་ཉིད་སྟོང་པ་ཉིད་ནི་མ་བྱུང་བ་

སྟེ། གང་མ་བྱུང་བ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་མྱི་དམྱིགས་པ་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མྱི་དམྱིགས་པ་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་དངོས་པོ་མྱེད་པ་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་

དངོས་པོ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་ངོ་བོ་ཉིད་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་

སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་དྲན་པ་ཉེ་བར་གཞག་པ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་ཡང་དག་པར་སྤོང་བ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཡང་དག་པར་སྤོང་བ་རྣམས་མ་

เล่ม ๑๘ · หน้า 47a

ཡིན་ནོ། །ཀཽ་ཤི་ཀ་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་དབང་པོ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དབང་པོ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་སྟོབས་

རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྟོབས་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མ་བྱུང་བ་སྟེ།

གང་མ་བྱུང་བ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ནོ། །ཀཽ་ཤི་ཀ་འཕགས་པའི་བདེན་པ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་འཕགས་པའི་བདེན་པ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་བསམ་གཏན་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་

དེ་ནི་བསམ་གཏན་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་ཚད་མྱེད་པ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཚད་མྱེད་པ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་གཟུགས་མྱེད་པའི་སྙོམས་

པར་འཇུག་པ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་རྣམ་པར་ཐར་བ་བརྒྱད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པར་ཐར་བ་བརྒྱད་མ་ཡིན་ནོ། །ཀཽ་ཤི་ཀ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མཐར་གྱིས་གནས་པའི་

སྙོམས་པར་འཇུག་པ་དགུ་མ་ཡིན་ནོ། །ཀཽ་ཤི་ཀ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མ་ཡིན་ནོ། །

ཀཽ་ཤི་ཀ་མངོན་པར་ཤེས་པ་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མངོན་པར་ཤེས་པ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་ཏིང་ངེ་འཛིན་རྣམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཏིང་ངེ་འཛིན་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་གཟུངས་ཀྱི་སྒོ་རྣམས་ནི་མ་བྱུང་བ་

เล่ม ๑๘ · หน้า 47b

སྟེ། གང་མ་བྱུང་བ་དེ་ནི་གཟུངས་ཀྱི་སྒོ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་མྱི་འཇིགས་པ་བཞི་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མྱི་

འཇིགས་པ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་སོ་སོ་ཡང་དག་པར་རིག་པ་བཞི་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་བྱམས་པ་ཆེན་པོ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་བྱམས་པ་ཆེན་པོ་མ་ཡིན་ནོ། །

ཀཽ་ཤི་ཀ་སྙིང་རྗེ་ཆེན་པོ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྙིང་རྗེ་ཆེན་པོ་མ་ཡིན་ནོ། །ཀཽ་ཤི་ཀ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་རྒྱུན་ཏུ་ཞུགས་པའི་

འབྲས་བུ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་ཡིན་ནོ། །ཀཽ་ཤི་ཀ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་ཡིན་ནོ། །ཀཽ་ཤི་ཀ་ཕྱིར་མྱི་འོང་བའི་འབྲས་བུ་ནི་

མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཕྱིར་མྱི་འོང་བའི་འབྲས་བུ་མ་ཡིན་ནོ། །ཀཽ་ཤི་ཀ་དགྲ་བཅོམ་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དགྲ་བཅོམ་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་རང་བྱང་ཆུབ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རང་བྱང་ཆུབ་མ་

ཡིན་ནོ། །ཀཽ་ཤི་ཀ་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །

ཀཽ་ཤི་ཀ་རྒྱུན་ཏུ་ཞུགས་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྒྱུན་ཏུ་ཞུགས་པ་མ་ཡིན་ནོ། །ཀཽ་ཤི་ཀ་ལན་ཅིག་ཕྱིར་འོང་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལན་ཅིག་ཕྱིར་འོང་བ་མ་ཡིན་ནོ། །ཀཽ་ཤི་ཀ་ཕྱིར་མྱི་འོང་བ་ནི་མ་བྱུང་བ་སྟེ། གང་མ་

เล่ม ๑๘ · หน้า 48a

བྱུང་བ་དེ་ནི་ཕྱིར་མྱི་འོང་བ་མ་ཡིན་ནོ། །ཀཽ་ཤི་ཀ་དགྲ་བཅོམ་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དགྲ་བཅོམ་པ་མ་ཡིན་ནོ། །ཀཽ་ཤི་ཀ་རང་སངས་རྒྱས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རང་སངས་རྒྱས་མ་ཡིན་ནོ། །ཀཽ་ཤི་

ཀ་བྱང་ཆུབ་སེམས་དཔའ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་གཤེགས་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་དེ་བཞིན་གཤེགས་པ་མ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་

དུ་སེམས་པར་གྱུར་ཏེ། ཀྱེ་མ་གནས་བརྟན་རབ་འབྱོར་འདི་དེ་ལྟར་བཏགས་པ་དང་ཡང་མྱི་འགལ་ལ། ཆོས་ཉིད་ཀྱང་སྟོན་པ་ནི་ཤེས་རབ་ཟབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ། །

ཀཽ་ཤི་ཀ་དེ་དེ་བཞིན་ཏེ། གནས་བརྟན་རབ་འབྱོར་འདི་ནི་ཤེས་རབ་ཟབ་མོ་དང་ལྡན་པ་སྟེ། དེ་ལྟར་བཏགས་པ་དང་ཡང་མྱི་འགལ་ལ། ཆོས་ཉིད་ཀྱང་སྟོན་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས་ཇི་ལྟར་ན་གནས་བརྟན་རབ་འབྱོར་འདི་བཏགས་པ་དང་ཡང་མྱི་འགལ་ལ། ཆོས་ཉིད་ཀྱང་སྟོན་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་

ཀ་གཟུགས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་ཀྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཚོར་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་

ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་འདུ་ཤེས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་འདུ་བྱེད་ནི་བཏགས་

เล่ม ๑๘ · หน้า 48b

པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ་དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་པར་ཤེས་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་

གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མི་འགལ། རྣམ་པར་མི་འགལ་ལོ། །གང་མྱི་འགལ། རྣམ་པར་མྱི་འགལ་བ་དེ། གནས་བརྟན་རབ་འབྱོརད་ཀྱི་ས་

བསྟན་ཏེ། འགལ་བ་མེད་དོ། །ཀཽ་ཤི་ཀ་མྱིག་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རྣ་བ་ནི་བཏགས་པ་ཙམ་མོ། །བཏགས་

པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་སྣ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་

འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལྕེ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལུས་ནི་བཏགས་པ་ཙམ་མོ། །བཏགས་པ་

ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཡིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་

བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་གཟུགས་

เล่ม ๑๘ · หน้า 49a

ནི་བཏགས་པ་ཙམ་མོ། བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་སྒྲ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་

དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དྲི་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་ཀྱིས་མི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རོ་ནི་བཏགས་པ་ཙམ་

མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རེག་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་

འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཆོས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་

པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་མྱིག་གི་རྣམ་པར་ཤེས་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་

ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རྣ་བའི་རྣམ་པར་ཤེས་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །

ཀཽ་ཤི་ཀ་སྣའི་རྣམ་པར་ཤེས་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལྕེའི་རྣམ་པར་ཤེས་པ་ནི་བཏགས་པ་ཙམ་མོ། །བཏགས་པ་

เล่ม ๑๘ · หน้า 49b

ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལུས་ཀྱི་རྣམ་པར་ཤེས་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་

བར་བསྟན་ཏོ། །ཀཽ་ཤི་ཀ་ཡིད་ཀྱི་རྣམ་པར་ཤེས་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་

ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ། གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་མྱིག་གི་འདུས་ཏེ་རེག་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་

ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རྣ་བའི་འདུས་ཏེ་རེག་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་

བསྟན་ཏོ། །ཀཽ་ཤི་ཀ་སྣའི་འདུས་ཏེ་རེག་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལྕེའི་འདུས་ཏེ་རེག་པ་ནི་བཏགས་པ་ཙམ་མོ། །

བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལུས་ཀྱི་འདུས་ཏེ་རེག་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་

རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་

เล่ม ๑๘ · หน้า 50a

རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ། གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་

ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་

དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་ཀྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་

བར་བསྟན་ཏོ། །ཀཽ་ཤི་ཀ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་བཏགས་པ་ཙམ་མོ། །བཏགས་པ་

ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །གང་མྱི་འགལ་རྣམ་པར་མྱི་འགལ་བ་

དེ། གནས་བརྟན་རབ་འབྱོར་ཀྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་སའི་ཁམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །

เล่ม ๑๘ · หน้า 50b

ཀཽ་ཤི་ཀ་ཆུའི་ཁམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་མྱེའི་ཁམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་

དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རླུང་གི་ཁམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ནམ་

མཁའི་ཁམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟནད་ཏོ། །ཀཽ་ཤི་ཀ་རྣམ་པར་ཤེས་པའི་ཁམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་

པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ། གནས་

བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་མ་རིག་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་འདུ་བྱེད་ནི་བཏགས་

པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་པར་ཤེས་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་

གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་མྱིང་དང་གཟུགས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། ཀཽ་ཤི་ཀ་སྐྱེ་

เล่ม ๑๘ · หน้า 51a

མཆེད་དྲུག་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རེག་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་

ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཚོར་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །

ཀཽ་ཤི་ཀ་སྲེད་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལེན་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་

ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་སྲིད་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་

སྐྱེ་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རྒ་ཤི་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་

ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ། གནས་བརྟན་རབ་

འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཚུལ་ཁྲིམས་

เล่ม ๑๘ · หน้า 51b

ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་

ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་

འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །

གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ། གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་ནང་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་

བར་བསྟན་ཏོ། །ཀཽ་ཤི་ཀ་ཕྱི་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཕྱི་ནང་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་

པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་སྟོང་པ་ཉིད་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་

เล่ม ๑๘ · หน้า 52a

མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཆེན་པོ་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟནད་ཏོ། །ཀཽ་ཤི་ཀ་དོན་དམ་པ་

སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་འདུས་བྱས་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་

ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་འདུས་མ་བྱས་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་

བར་བསྟན་ཏོ། །ཀཽ་ཤི་ཀ་མཐའ་ལས་འདས་པ་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་

ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དོར་བ་མྱེད་པ་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་

ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རང་བཞིན་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་

བསྟན་ཏོ། །ཀཽ་ཤི་ཀ་ཆོས་ཐམས་ཅད་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རང་གི་མཚན་ཉིད་སྟོང་པ་

เล่ม ๑๘ · หน้า 52b

ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་མྱི་དམྱིགས་པ་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་

དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དངོས་པོ་མྱེད་པ་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་

བར་བསྟན་ཏོ། །ཀཽ་ཤི་ཀ་ངོ་བོ་ཉིད་སྟོང་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་

བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །

གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ། གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་དྲན་པ་ཉེ་བར་གཞག་པ་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་

རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཡང་དག་པར་སྤོང་བ་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རྫུ་

འཕྲུལ་གྱི་རྐང་པ་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དབང་པོ་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་

เล่ม ๑๘ · หน้า 53a

གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་སྟོབས་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་

འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་འཕགས་པའི་ལམ་

ཡན་ལག་བརྒྱད་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་འཕགས་པའི་བདེན་པ་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་

ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་བསམ་གཏན་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་

བར་བསྟན་ཏོ། །ཀཽ་ཤི་ཀ་ཚད་མྱེད་པ་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་

བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་པར་ཐར་པ་བརྒྱད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ།

དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་

เล่ม ๑๘ · หน้า 53b

འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ། གནས་བརྟན་རབ་འབྱོར་ཀྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་མངོན་པར་ཤེས་པ་

རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཏིང་ངེ་འཛིན་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་

དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་གཟུངས་ཀྱི་སྒོ་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་

དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་མྱི་འཇིགས་པ་བཞི་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་

གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་སོ་སོ་ཡང་དག་པར་རིག་པ་བཞི་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་

གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་བྱམས་པ་ཆེན་པོ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་སྙིང་རྗེ་ཆེན་པོ་ནི་བཏགས་

เล่ม ๑๘ · หน้า 54a

པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་བཏགས་པ་ཙམ་མོ། བཏགས་པ་ཙམ་གང་

ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ། གནས་

བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལན་ཅིག་

ཕྱིར་འོང་བའི་འབྲས་བུ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཕྱིར་མྱི་འོང་བའི་འབྲས་བུ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་

གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དགྲ་བཅོམ་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་

ཏོ། །ཀཽ་ཤི་ཀ་རང་བྱང་ཆུབ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་

ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་པར་བསྟན་ཏོ། །ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་

เล่ม ๑๘ · หน้า 54b

གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། །གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ་ནི་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་

རྒྱུན་ཏུ་ཞུགས་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ལན་ཅིག་ཕྱིར་འོང་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་

ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཕྱིར་མྱི་འོང་བ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་

ཀ་དགྲ་བཅོམ་པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་རང་སངས་རྒྱས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་

དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་

ཀ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་མྱི་འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་

དེ་ནི་མྱི་འགལ་རྣམ་པར་མྱི་འགལ་ལོ། གང་མྱི་འགལ་རྣམ་པར་མྱི་འགལ་བ་དེ་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མྱེད་དོ། །ཀཽ་ཤི་ཀ་དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་བཏགས་པ་དང་ཡང་འགལ་བར་མྱི་བྱེད་ལ་ཆོས་ཉིད་ཀྱང་སྟོནད་

เล่ม ๑๘ · หน้า 55a

ཏོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ལྔ་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་

སྨྲས་སོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་ནི་བཏགས་པ་ཙམ་དུ་བསྟན་ཏོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་རིག་

པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བསླབ་པར་བྱའོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། གཟུགས་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་གཟུགས་

དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཚོར་བ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་

པར་བྱ་བའི་འདུ་ཤེས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་འདུ་བྱེད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་ལ་མྱི་སློབ་སྟེ། དེ་ཅིའི་

ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། མྱིག་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་

པར་བྱ་བའི་མྱིག་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། རྣ་བ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣ་བ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། སྣ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་

เล่ม ๑๘ · หน้า 55b

པར་བྱ་བའི་སྒྲ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ལྕེ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ལུས་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་

པར་བྱ་བའི་ལུས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཡིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་

པ་ནི། གཟུགས་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་གཟུགས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྒྲ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྒྲ་དེ་ཡང་དག་པར་རྗེས་སུ་

མྱི་མཐོང་ངོ་། །དྲི་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དྲི་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རོ་དེ་ཡང་དག་པར་རྗེས་སུ་

མྱི་མཐོང་ངོ་། །རེག་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རེག་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆོས་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཆོས་དེ་ཡང་དག་པར་

རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་མྱིག་གི་རྣམ་པར་ཤེས་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མྱིག་གི་རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་མྱི་

མཐོང་ངོ་། །རྣ་བའི་རྣམ་པར་ཤེས་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣ་བའི་རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣའི་རྣམ་པར་ཤེས་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན།

เล่ม ๑๘ · หน้า 56a

འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྣའི་རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ལྕེའི་རྣམ་པར་

ཤེས་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ལུས་ཀྱི་རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་ལ་མྱི་

སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་མྱིག་གི་འདུས་ཏེ་རེག་པ་ལ་མྱི་སློབ་སྟེ། དེ་

ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མྱིག་གི་འདུས་ཏེ་རེག་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣ་བའི་འདུས་ཏེ་

རེག་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣའི་འདུས་ཏེ་རེག་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྣའི་འདུས་ཏེ་རེག་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པ་ལ་མྱི་སློབ་སྟེ།

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ལྕེའི་འདུས་ཏེ་རེག་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ལུས་ཀྱི་འདུས་ཏེ་རེག་

པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཡིད་ཀྱི་འདུས་ཏེ་རེག་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་

เล่ม ๑๘ · หน้า 56b

སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་

ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣའི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་

ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་

བའི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་

ཀྱིས་ཚོར་བ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། སའི་ཁམས་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སའི་ཁམས་དེ་ཡང་དག་པར་

རྗེས་སུ་མྱི་མཐོང་ངོ་། །ཆུའི་ཁམས་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཆུའི་ཁམས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱེའི་ཁམས་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་

เล่ม ๑๘ · หน้า 57a

བསླབ་པར་བྱ་བའི་མྱེའི་ཁམས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རླུང་གི་ཁམས་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རླུང་གི་ཁམས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

ནམ་མཁའི་ཁམས་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ནམ་མཁའི་ཁམས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པའི་ཁམས་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་

བསླབ་པར་བྱ་བའི་རྣམ་པར་ཤེས་པའི་ཁམས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་མ་རིག་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མ་

རིག་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་འདུ་བྱེད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་

ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིང་དང་གཟུགས་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མྱིང་དང་གཟུགས་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

སྐྱེ་མཆེད་དྲུག་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྐྱེ་མཆེད་དྲུག་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རེག་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རེག་པ་དེ་

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཚོར་བ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྲེད་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་

เล่ม ๑๘ · หน้า 57b

བསླབ་པར་བྱ་བའི་སྲེད་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལེན་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ལེན་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། སྲིད་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་

ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྲིད་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྐྱེ་བ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྐྱེ་བ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྒ་ཤི་ལ་མྱི་སློབ་སྟེ། དེ་

ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྒ་ཤི་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་

ལྟར་དེས་གང་ལ་བསླབ་པར་བྱ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་

དེས་གང་ལ་བསླབ་པར་བྱ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་

เล่ม ๑๘ · หน้า 58a

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། ནང་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ནང་སྟོང་པ་ཉིད་དེ་ཡང་དག་པར་

རྗེས་སུ་མྱི་མཐོང་ངོ་། །ཕྱི་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཕྱི་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཕྱི་ནང་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་

གང་ལ་བསླབ་པར་བྱ་བའི་ཕྱི་ནང་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྟོང་པ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་

ངོ་། །ཆེན་པོ་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཆེན་པོ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དོན་དམ་པ་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་

པར་བྱ་བའི་དོན་དམ་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུས་བྱས་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་འདུས་བྱས་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

འདུས་མ་བྱས་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་འདུས་མ་བྱས་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན།

འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མཐའ་ལས་འདས་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཐོག་མ་

เล่ม ๑๘ · หน้า 58b

དང་ཐ་མ་མྱེད་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་སློབས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དོར་བ་མྱེད་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རང་བཞིན་སྟོང་

པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རང་བཞིན་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་

བའི་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རང་གི་མཚན་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་།

མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མྱི་དམྱིགས་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་

དེས་གང་ལ་བསླབ་པར་བྱ་བའི་དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་

མཐོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། དྲན་པ་ཉེ་བར་གཞག་པ་བཞི་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དྲན་པ་ཉེ་བར་གཞག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡང་དག་པར་སྤོང་བ་བཞི་ལ་མྱི་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด