ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๘ · หน้า 59a

སློབ་སྟེ། དེ་ཅིའི་ཕྱིར། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཡང་དག་པར་སྤོང་བ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་

བསླབ་པར་བྱ་བའི་རྫུ་འཕྲུལ་གྱི་རྐང་པ་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དབང་པོ་ལྔ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དབང་པོ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། སྟོབས་ལྔ་ལ་མྱི་སློབ་སྟེ།

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྟོབས་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་བྱང་ཆུབ་ཀྱི་ཡན་ལག་དེ་དག་ཡང་དག་པར་

རྗེས་སུ་མྱི་མཐོང་ངོ་། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། འཕགས་པའི་བདེན་པ་བཞི་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་འཕགས་པའི་བདེན་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བསམ་གཏན་བཞི་ལ་མྱི་སློབ་སྟེ།

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་བསམ་གཏན་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚད་མྱེད་པ་བཞི་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཚད་མྱེད་པ་དེ་དག་ཡང་དག་པར་རྗེས་

སུ་མྱི་མཐོང་ངོ་། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཐར་པ་བརྒྱད་

เล่ม ๑๘ · หน้า 59b

ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣམ་པར་ཐར་པ་བརྒྱད་པོ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་

གང་ལ་བསླབ་པར་བྱ་བའི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ།

བསླབ་པར་བྱ་བའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མངོན་པར་ཤེས་པ་ལྔ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མངོན་

པར་ཤེས་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཏིང་ངེ་འཛིན་ཐམས་ཅད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཏིང་ངེ་འཛིན་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུངས་ཀྱི་སྒོ་ཐམས་ཅད་ལ་མྱི་

སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་གཟུངས་ཀྱི་སྒོ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དེ་

བཞིན་གཤེགས་པའི་སྟོབས་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱི་འཇིགས་པ་བཞི་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་མྱི་འཇིགས་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སོ་སོ་ཡང་དག་

པར་རིག་པ་བཞི་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བྱའི་སོ་སོ་ཡང་དག་པར་རིག་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱམས་པ་ཆེན་པོ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་

เล่ม ๑๘ · หน้า 60a

བྱ་བའི་བྱམས་པ་ཆེན་པོ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྙིང་རྗེ་ཆེན་པོ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སྙིང་རྗེ་ཆེན་པོ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་

མ་འདྲེས་པ་བཅྭོ་བརྒྱད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། རྒྱུན་ཏུ་ཞུགས་པའི་

འབྲས་བུ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་

པར་བྱ་བའི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཕྱིར་མྱི་འོང་བའི་འབྲས་བུ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཕྱིར་མྱི་འོང་བའི་འབྲས་བུ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

དགྲ་བཅོམ་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་དགྲ་བཅོམ་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རང་བྱང་ཆུབ་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རང་བྱང་

ཆུབ་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་ལ་མྱི་སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །

เล่ม ๑๘ · หน้า 60b

བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅིའི་ཕྱིར་ན། གཟུགས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་འདུ་ཤེས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་

ན་འདུ་བྱེད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་མྱིག་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རྣ་བ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སྣ་ཡང་དག་པར་རྗེས་སུ་མྱི་

མཐོང་། ཅིའི་ཕྱིར་ན་ལྕེ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ལུས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཡིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་གཟུགས་ཡང་དག་པར་རྗེས་སུ་མྱི་

མཐོང་། ཅིའི་ཕྱིར་ན་སྒྲ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་དྲི་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རོ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རེག་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཆོས་

ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་མྱིག་གི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རྣ་བའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སྣའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་།

ཅིའི་ཕྱིར་ན་ལྕེའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ལུས་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་མྱིག་གི་འདུས་ཏེ་

རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རྣ་བའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སྣའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ལྕེའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མྱི་

เล่ม ๑๘ · หน้า 61a

མཐོང་། ཅིའི་ཕྱིར་ན་ལུས་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཡིད་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་

མྱི་མཐོང་། ཅིའི་ཕྱིར་ན་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་

སུ་མྱི་མཐོང་། ཅིའི་ཕྱིར་ན་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སའི་ཁམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་

ཕྱིར་ན་ཆུའི་ཁམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་མྱེའི་ཁམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རླུང་གི་ཁམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ནམ་མཁའི་ཁམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་

ན་རྣམ་པར་ཤེས་པའི་ཁམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་མ་རིག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་འདུ་བྱེད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་

ཕྱིར་ན་མྱིང་དང་གཟུགས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སྐྱེ་མཆེད་དྲུག་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སྲེད་པ་

ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ལེན་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སྲིད་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རྒ་ཤི་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་

เล่ม ๑๘ · หน้า 61b

ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་

ཕྱིར་ན་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཕྱི་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་།

ཅིའི་ཕྱིར་ན་དོན་དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་འདུས་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་འདུས་མ་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་མཐའ་ལས་འདས་པ་སྟོང་

པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་དོར་བ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རང་བཞིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་

མྱི་མཐོང་། ཅིའི་ཕྱིར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རང་གི་མཚན་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་མྱི་དམྱིགས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་

ན་དངོས་པོ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཅིའི་ཕྱིར་ན་དྲན་པ་ཉེ་བར་

เล่ม ๑๘ · หน้า 62a

གཞག་པ་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཡང་དག་པར་སྤོང་བ་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་དབང་པོ་

རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སྟོབས་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པར་

རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་འཕགས་པའི་བདེན་པ་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་བསམ་གཏན་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཚད་མྱེད་པ་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་གཟུགས་

མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རྣམ་པར་ཐར་པ་བརྒྱད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་

ཕྱིར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་མངོན་པར་ཤེས་པ་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཏིང་ངེ་འཛིན་རྣམས་ཡང་དག་པར་རྗེས་སུ་མྱི་

མཐོང་། ཅིའི་ཕྱིར་ན་གཟུངས་ཀྱི་སྒོ་རྣམས་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་མྱི་འཇིགས་པ་བཞི་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སོ་སོ་

ཡང་དག་པར་རིག་པ་བཞི་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་བྱམས་པ་ཆེན་པོ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སྙིང་རྗེ་ཆེན་པོ་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་

เล่ม ๑๘ · หน้า 62b

ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ཐམས་ཅད་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། ཅིའི་ཕྱིར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མྱི་

མཐོང་། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་ངོ་། །ཚོར་བ་ཚོར་བས་སྟོང་ངོ་། །འདུ་ཤེས་འདུ་ཤེས་ཀྱིས་སྟོང་ངོ་། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ངོ་། །

མྱིག་མྱིག་གིས་སྟོང་ངོ་། །རྣ་བ་རྣ་བས་སྟོང་ངོ་། །སྣ་སྣས་སྟོང་ངོ་། །ལྕེ་ལྕེས་སྟོང་ངོ་། ལུས་ལུས་ཀྱིས་སྟོང་ངོ་། །ཡིད་ཡིད་ཀྱིས་སྟོང་ངོ་། །གཟུགས་གཟུགས་ཀྱིས་སྟོང་ངོ་། །སྒྲ་སྒྲས་སྟོང་ངོ་། །དྲི་དྲིས་སྟོང་

ངོ་། །རོ་རོས་སྟོང་ངོ་། །རེག་རེག་གིས་སྟོང་ངོ་། །ཆོས་ཆོས་ཀྱིས་སྟོང་ངོ་། །མྱིག་གི་རྣམ་པར་ཤེས་པ་མྱིག་གི་རྣམ་པར་ཤེས་པས་སྟོང་ངོ་། །རྣ་བའི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པས་སྟོང་ངོ་། །སྣའི་རྣམ་པར་ཤེས་པ་སྣའི་རྣམ་པར་

ཤེས་པས་སྟོང་ངོ་། །ལྕེའི་རྣམ་པར་ཤེས་པ་ལྕེའི་རྣམ་པར་ཤེས་པས་སྟོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་ལུས་ཀྱི་རྣམ་པར་ཤེས་པས་སྟོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་ངོ་། །མྱིག་གི་འདུས་ཏེ་རེག་པ་མྱིག་གི་

འདུས་ཏེ་རེག་པས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པ་རྣ་བའི་འདུས་ཏེ་རེག་པས་སྟོང་ངོ་། །སྣའི་འདུས་ཏེ་རེག་པ་སྣའི་འདུས་ཏེ་རེག་པས་སྟོང་ངོ་། །ལྕེའི་འདུས་ཏེ་རེག་པ་ལྕེའི་འདུས་ཏེ་རེག་པས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་ལུས་ཀྱི་འདུས་

ཏེ་རེག་པས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་ངོ་། །མྱིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་མྱིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་

เล่ม ๑๘ · หน้า 63a

རྣ་བའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བས་སྟོང་ངོ་། །སྣའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་སྣའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བས་སྟོང་ངོ་། །ལྕེའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་ལྕེའི་འདུས་ཏེ་རེག་པ་

ལས་སྐྱེས་པའི་ཚོར་བས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་ལུས་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བས་སྟོང་ངོ་། །

སའི་ཁམས་སའི་ཁམས་ཀྱིས་སྟོང་ངོ་། །ཆུའི་ཁམས་ཆུའི་ཁམས་ཀྱིས་སྟོང་ངོ་། །མྱེའི་ཁམས་མེའི་ཁམས་ཀྱིས་སྟོང་ངོ་། །རླུང་གི་ཁམས་རླུང་གི་ཁམས་ཀྱིས་སྟོང་ངོ་། །ནམ་མཁའི་ཁམས་ནམ་མཁའི་ཁམས་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པའི་

ཁམས་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་ངོ་། །མ་རིག་པ་མ་རིག་པས་སྟོང་ངོ་། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ངོ་། །མྱིང་དང་གཟུགས་མྱིང་དང་གཟུགས་ཀྱིས་སྟོང་ངོ་། །སྐྱེ་མཆེད་དྲུག་སྐྱེ་མཆེད་དྲུག་གིས་

སྟོང་ངོ་། །རེག་པ་རེག་པས་སྟོང་ངོ་། །ཚོར་བ་ཚོར་བས་སྟོང་ངོ་། །སྲེད་པ་སྲེད་པས་སྟོང་ངོ་། །ལེན་པ་ལེན་པས་སྟོང་ངོ་། །སྲིད་པ་སྲིད་པས་སྟོང་ངོ་། །སྐྱེ་བ་སྐྱེ་བས་སྟོང་ངོ་། །རྒ་ཤི་རྒ་ཤིས་སྟོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་

པས་སྟོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཕྱི་སྟོང་པ་ཉིད་ཕྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཕྱི་ནང་སྟོང་

เล่ม ๑๘ · หน้า 63b

པ་ཉིད་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཆེན་པོ་སྟོང་པ་ཉིད་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དོན་དམ་པ་སྟོང་པ་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །འདུས་བྱས་སྟོང་པ་ཉིད་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་

ངོ་། །འདུས་མ་བྱས་སྟོང་པ་ཉིད་འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དོར་བ་མྱེད་པ་སྟོང་

པ་ཉིད་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རང་བཞིན་སྟོང་པ་ཉིད་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མྱི་

དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་མྱེད་པའི་ངོ་བོ་ཉིད་

སྟོང་པ་ཉིད་ཀྱིས་སྟོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ངོ་། །ཡང་དག་པར་སྤོང་བ་རྣམས་ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་རྣམས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་ངོ་། །དབང་པོ་རྣམས་

དབང་པོ་རྣམས་ཀྱིས་སྟོང་ངོ་། །སྟོབས་རྣམས་སྟོབས་རྣམས་ཀྱིས་སྟོང་ངོ་། །བྱང་ཆུབ་ཀྱི་ཡན་ལག་རྣམས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་ངོ་། །ལམ་ནི་ལམ་གྱིས་སྟོང་ངོ་། །འཕགས་པའི་བདེན་པ་རྣམས་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་

ངོ་། །བསམ་གཏན་རྣམས་བསམ་གཏན་རྣམས་ཀྱིས་སྟོང་ངོ་། །ཚད་མྱེད་པ་རྣམས་ཚད་མྱེད་པ་རྣམས་ཀྱིས་སྟོང་ངོ་། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་ངོ་། །རྣམ་པར་

เล่ม ๑๘ · หน้า 64a

ཐར་པ་རྣམས་རྣམ་པར་ཐར་པ་རྣམས་ཀྱིས་སྟོང་ངོ་། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་ངོ་། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་།

སྨོན་པ་མྱེད་པ། རྣམ་པར་ཐར་པའི་སྒོ་སྟོང་བ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པས་སྟོང་ངོ་། །མངོན་པར་ཤེས་པ་རྣམས་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་ངོ་། །ཏིང་ངེ་འཛིན་རྣམས་ཏིང་ངེ་འཛིན་རྣམས་ཀྱིས་སྟོང་ངོ་། །གཟུངས་ཀྱི་སྒོ་རྣམས་

གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་རྣམས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང་ངོ་། །མྱི་འཇིགས་པ་རྣམས་མྱི་འཇིགས་པ་རྣམས་ཀྱིས་སྟོང་ངོ་། །སོ་སོ་ཡང་དག་པར་རིག་པ་རྣམས་སོ་སོ་ཡང་དག་པར་རིག་པ་

རྣམས་ཀྱིས་སྟོང་ངོ་། །བྱམས་པ་ཆེན་པོ་བྱམས་པ་ཆེན་པོས་སྟོང་ངོ་། །སྙིང་རྗེ་ཆེན་པོ་སྙིང་རྗེ་ཆེན་པོས་སྟོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་། །ཐམས་ཅད་ཤེས་པ་ཉིད་ཐམས་ཅད་ཤེས་པ་

ཉིད་ཀྱིས་སྟོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ངོ་། །ཀཽ་ཤི་ཀ་གཟུགས་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་

ངོ་། །ཚོར་བ་སྟོང་པ་ཉིད་ཀྱིས་ཚོར་བ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་སྟོང་པ་ཉིད་ཀྱིས་འདུ་ཤེས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་སྟོང་པ་ཉིད་ཀྱིས་འདུ་བྱེད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་རྣམ་པར་ཤེས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིག་སྟོང་པ་ཉིད་ཀྱིས་མྱིག་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བ་སྟོང་པ་ཉིད་ཀྱིས་རྣ་བ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣ་

เล่ม ๑๘ · หน้า 64b

སྟོང་པ་ཉིད་ཀྱིས་སྣ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེ་སྟོང་པ་ཉིད་ཀྱིས་ལྕེ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་སྟོང་པ་ཉིད་ཀྱིས་ལུས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་སྟོང་པ་ཉིད་ཀྱིས་ཡིད་སྟོང་པ་ཉིད་ཡང་དག་

པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྒྲ་སྟོང་པ་ཉིད་ཀྱིས་སྒྲ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དྲི་སྟོང་པ་ཉིད་ཀྱིས་དྲི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་སྟོང་པ་

ཉིད་ཀྱིས་རོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རེག་སྟོང་པ་ཉིད་ཀྱིས་རེག་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆོས་སྟོང་པ་ཉིད་ཀྱིས་ཆོས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་མྱིག་གི་རྣམ་

པར་ཤེས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཡང་

དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱིས་མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པ་སྟོང་པ་

ཉིད་ཀྱིས་རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱིས་སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱིས་ལྕེའི་འདུས་ཏེ་རེག་པ་སྟོང་

เล่ม ๑๘ · หน้า 65a

པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཀྱིས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཀྱིས་རྣ་

བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཀྱིས་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་

པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཀྱིས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཡང་དག་

པར་རྗེས་སུ་མྱི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སའི་ཁམས་སྟོང་པ་ཉིད་ཀྱིས་སའི་ཁམས་སྟོང་པ་ཉིད་ཡང་དག་པར་རྗེས་

སུ་མྱི་མཐོང་ངོ་། །ཆུའི་ཁམས་སྟོང་པ་ཉིད་ཀྱིས་ཆུའི་ཁམས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱེའི་ཁམས་སྟོང་པ་ཉིད་ཀྱིས་མྱེའི་ཁམས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རླུང་གི་ཁམས་སྟོང་པ་ཉིད་ཀྱིས་རླུང་གི་ཁམས་

སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ནམ་མཁའི་ཁམས་སྟོང་པ་ཉིད་ཀྱིས་ནམ་མཁའི་ཁམས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ཀྱིས་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་

เล่ม ๑๘ · หน้า 65b

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མ་རིག་པ་སྟོང་པ་ཉིད་ཀྱིས་མ་རིག་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་སྟོང་པ་ཉིད་ཀྱིས་འདུ་བྱེད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་རྣམ་པར་ཤེས་

པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིང་དང་གཟུགས་སྟོང་པ་ཉིད་ཀྱིས་མྱིང་དང་གཟུགས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྐྱེ་མཆེད་དྲུག་སྟོང་པ་ཉིད་ཀྱིས་སྐྱེ་མཆེད་དྲུག་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རེག་པ་སྟོང་པ་ཉིད་

ཀྱིས་རེག་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་སྟོང་པ་ཉིད་ཀྱིས་ཚོར་བ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྲེད་པ་སྟོང་པ་ཉིད་ཀྱིས་སྲེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལེན་པ་སྟོང་པ་ཉིད་ཀྱིས་ལེན་པ་

སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྲིད་པ་སྟོང་པ་ཉིད་ཀྱིས་སྲིད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྐྱེ་བ་སྟོང་པ་ཉིད་ཀྱིས་སྐྱེ་བ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྒ་ཤི་སྟོང་པ་ཉིད་ཀྱིས་རྒ་ཤི་སྟོང་པ་ཉིད་ཡང་དག་

པར་རྗེས་སུ་མྱི་མཐོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཡང་དག་པར་རྗེས་

སུ་མྱི་མཐོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཡང་དག་པར་

རྗེས་སུ་མྱི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཡང་

เล่ม ๑๘ · หน้า 66a

དག་པར་རྗེས་སུ་མྱི་མཐོང་ངོ་། །ནང་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། ནང་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཕྱི་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། ཕྱི་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཕྱི་ནང་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། ཕྱི་

ནང་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆེན་པོ་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། ཆེན་པོ་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་།

དོན་དམ་པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། དོན་དམ་པ་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུས་བྱས་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། འདུས་བྱས་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། འདུས་མ་བྱས་སྟོང་

པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྟོང་པ་ཉིད་

ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དོར་བ་མྱེད་པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། དོར་བ་མེད་པ་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རང་བཞིན་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། རང་བཞིན་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཐམས་ཅད་སྟོང་པ་

ཉིད་སྟོང་པ་ཉིད་ཀྱིས། ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མི་དམིགས་པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། མི་དམིགས་པ་སྟོང་པ་ཉིད་

སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དངོས་པོ་མེད་པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། དངོས་པོ་མེད་པ་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དངོས་

เล่ม ๑๘ · หน้า 66b

པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་ཀྱིས། དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡང་དག་

པར་སྤོང་བ་སྟོང་བ་ཉིད་ཀྱིས། ཡང་དག་པར་སྤོང་བ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་ཀྱིས། རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དབང་པོ་སྟོང་པ་ཉིད་ཀྱིས། དབང་པོ་སྟོང་པ་ཉིད་

ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྟོབས་སྟོང་པ་ཉིད་ཀྱིས། སྟོབས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་ཀྱི་ཡན་ལག་སྟོང་པ་ཉིད་ཀྱིས། བྱང་ཆུབ་ཀྱིས་ཡན་ལག་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལམ་སྟོང་པ་ཉིད་

ཀྱིས། ལམ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འཕགས་པའི་བདེན་པ་སྟོང་པ་ཉིད་ཀྱིས། འཕགས་པའི་བདེན་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བསམ་གཏན་སྟོང་པ་ཉིད་ཀྱིས། བསམ་གཏན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་

མྱི་མཐོང་ངོ་། །ཚད་མྱེད་པ་སྟོང་པ་ཉིད་ཀྱིས། ཚད་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཀྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་

ངོ་། །རྣམ་པར་ཐར་པ་སྟོང་པ་ཉིད་ཀྱིས། རྣམ་པར་ཐར་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཀྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་

མྱི་མཐོང་ངོ་། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་ཀྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མངོན་

เล่ม ๑๘ · หน้า 67a

བར་ཤེས་པ་སྟོང་པ་ཉིད་ཀྱིས། མངོན་པར་ཤེས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཏིང་ངེ་འཛིན་སྟོང་པ་ཉིད་ཀྱིས། ཏིང་ངེ་འཛིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུངས་ཀྱི་སྒོ་སྟོང་པ་ཉིད་ཀྱིས།

གཟུངས་ཀྱི་སྒོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ཀྱིས། དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱི་འཇིགས་པ་སྟོང་པ་ཉིད་ཀྱིས། མྱི་འཇིགས་པ་སྟོང་པ་ཉིད་ཡང་

དག་པར་རྗེས་སུ་མྱི་མཐོང་ངོ་། །སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ཀྱིས། སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱམས་པ་ཆེན་པོ་སྟོང་པ་ཉིད་ཀྱིས། བྱམས་པ་ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྙིང་

རྗེ་ཆེན་པོ་སྟོང་པ་ཉིད་ཀྱིས། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཀྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཐམས་ཅད་ཤེས་པ་ཉིད་སྟོང་པ་ཉིད་

ཀྱིས། ཐམས་ཅད་ཤེས་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་ཀྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་ཀྱིས།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཀཽ་ཤི་ཀ་དེ་ལྟར་གང་སྟོང་པ་ཉིད་འདི་ལ་མྱི་སློབ་པ་དེ་ནི་གཉིས་སུ་མྱེད་པས་སྟོང་པ་ཉིད་ལ་སློབ་པ་སྟེ། དེ་གཉིས་སུ་བྱར་མྱེད་པར་གཟུགས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་

སུ་བྱར་མྱེད་པར་ཚོར་བ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་འདུ་ཤེས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་འདུ་བྱེད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་

เล่ม ๑๘ · หน้า 67b

བྱར་མྱེད་པར་མྱིག་སྟོང་པ་ཉིད་ལ་སློབ་བོ། དེ་གཉིས་སུ་བྱར་མྱེད་པར་རྣ་བ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སྣ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ལྕེ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ལུས་སྟོང་པ་ཉིད་ལ་སློབ་

བོ། །དེ་གཉིས་སུ་བྱར་མྱེད་པར་ཡིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་གཟུགས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སྒྲ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་དྲི་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་རོ་

སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་རེག་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ཆོས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་རྣ་བའི་རྣམ་པར་ཤེས་

པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་

སུ་བྱར་མྱེད་པར་ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སྣའི་འདུས་ཏེ་

རེག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་

གཉིས་སུ་མྱེད་པར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་

เล่ม ๑๘ · หน้า 68a

སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་

ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སའི་ཁམས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ཆུའི་ཁམས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་མྱེའི་ཁམས་སྟོང་པ་ཉིད་ལ་སློབ་བོ། །

དེ་གཉིས་སུ་བྱར་མྱེད་པར་རླུང་གི་ཁམས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ནམ་མཁའི་ཁམས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་མ་རིག་པ་སྟོང་

པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་འདུ་བྱེད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་མྱིང་དང་གཟུགས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སྐྱེ་མཆེད་

དྲུག་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་རེག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ཚོར་བ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སྲེད་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ལེན་པ་སྟོང་པ་ཉིད་ལ་

སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སྲིད་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སྐྱེ་བ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་རྒ་ཤི་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལ་

སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལ་

เล่ม ๑๘ · หน้า 68b

སློབ་བོ། །དེ་གཉིས་སུ་བྱར་མེད་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་ནང་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ཕྱི་སྟོང་པ་ཉིད་སྟོང་

པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་ཕྱི་ནང་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་ཆེན་པོ་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་དོན་དམ་པ་སྟོང་པ་

ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་འདུས་བྱས་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་འདུས་མ་བྱས་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་

སུ་བྱར་མྱེད་པར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་དོར་བ་མེད་པ་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་རང་བཞིན་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ཆོས་ཐམས་

ཅད་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་མི་དམིགས་པ་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་དངོས་པོ་མེད་པ་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །

དེ་གཉིས་སུ་བྱར་མེད་པར་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་ཡང་དག་པར་

སྤོང་བ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་དབང་པོ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སྟོབས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་བྱང་ཆུབ་ཀྱི་ཡན་ལག་སྟོང་

เล่ม ๑๘ · หน้า 69a

པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ལམ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་འཕགས་པའི་བདེན་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་བསམ་གཏན་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་ཚད་མེད་པ་སྟོང་པ་ཉིད་ལ་སློབ་

བོ། །དེ་གཉིས་སུ་བྱར་མེད་པར་གཟུགས་མེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་རྣམ་པར་ཐར་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་མངོན་པར་ཤེས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་ཏིང་ངེ་འཛིན་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་

གཟུངས་ཀྱི་སྒོ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་མྱི་འཇིགས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་

སུ་བྱར་མྱེད་པར་བྱམས་པ་ཆེན་པོ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་ཐམས་ཅད་ཤེས་པ་ཉིད་

སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མེད་པར་ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་མྱེད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་ལ་སློབ་བོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ།

བམ་པོ་དྲུག་པ། ཀཽ་ཤི་ཀ་གཟུགས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཚོར་བ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། འདུ་ཤེས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། འདུ་བྱེད་སྟོང་པ་ཉིད་ལ་

เล่ม ๑๘ · หน้า 69b

གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། མྱིག་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། རྣ་བ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སྣ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་

པར་སློབ་པ་དང་། ལྕེ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ལུས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཡིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། གཟུགས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སྒྲ་

སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། དྲི་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། རོ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། རེག་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཆོས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་

མྱེད་པར་སློབ་པ་དང་། མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་།

ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། མྱིག་གི་འདུས་ཏེ་རེག་པ་

སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་

སློབ་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་།

เล่ม ๑๘ · หน้า 70a

རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་

ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སའི་ཁམས་སྟོང་པ་

ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཆུའི་ཁམས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། མྱེའི་ཁམས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། རླུང་གི་ཁམས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ནམ་

མཁའི་ཁམས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། མ་རིག་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། འདུ་བྱེད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་

པར་སློབ་པ་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། མྱིང་དང་གཟུགས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སྐྱེ་མཆེད་དྲུག་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། རེག་པ་སྟོང་པ་ཉིད་ལ་གང་

གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཚོར་བ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སྲེད་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ལེན་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སྲིད་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་

མྱེད་པར་སློབ་པ་དང་། སྐྱེ་བ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། རྒ་ཤི་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་

เล่ม ๑๘ · หน้า 70b

པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལ་གང་གཉིས་སུ་

བྱར་མྱེད་པར་སློབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ནང་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་། ཕྱི་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་། ཕྱི་ནང་སྟོང་པ་ཉིད་སྟོང་པ་ཉིད་ལ་

གང་གཉིས་སུ་བྱར་མེད་པར་སློབ་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཆེན་པོ་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་། དོན་དམ་པ་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། འདུས་བྱས་

སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། འདུས་མ་བྱས་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྟོང་པ་ཉིད་ལ་

གང་གཉིས་སུ་བྱར་མེད་པར་སློབ་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་། རང་བཞིན་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་། རང་གི་

མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་

གཉིས་སུ་བྱར་མྱེད་པར་སློབ་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཡང་དག་པར་སྤོང་བ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་

เล่ม ๑๘ · หน้า 71a

སློབ་པ་དང་། རྫུ་འཕྲུལ་གྱི་རྐང་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། དབང་པོ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སྟོབས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། བྱང་ཆུབ་ཀྱི་ཡན་ལག་སྟོང་པ་ཉིད་ལ་གང་གཉིས་

སུ་བྱར་མེད་པར་སློབ་པ་དང་། ལམ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་། འཕགས་པའི་བདེན་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། བསམ་གཏན་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་པ་དང་། ཚད་མེད་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མེད་པར་སློབ་

པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། རྣམ་པར་ཐར་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་

མྱེད་པར་སློབ་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། མངོན་པར་ཤེས་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཏིང་ངེ་འཛིན་སྟོང་པ་ཉིད་ལ་གང་

གཉིས་སུ་བྱར་མྱེད་པར་སློབ་པ་དང་། གཟུངས་ཀྱི་སྒོ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། མྱི་འཇིགས་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་

པ་དང་། སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། བྱམས་པ་ཆེན་པོ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། སངས་རྒྱས་ཀྱི་ཆོས་

མ་འདྲེས་པ་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ཐམས་ཅད་ཤེས་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དང་། རྣམ་པ་

เล่ม ๑๘ · หน้า 71b

ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་ལ་གང་གཉིས་སུ་བྱར་མྱེད་པར་སློབ་པ་དེ་ནི། གཉིས་སུ་བྱར་མྱེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་བཟོད་པའི་

ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བོ། །དེ་ནི་

གཉིས་སུ་བྱར་མྱེད་པར་ནང་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་ཕྱི་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་ཕྱི་ནང་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་

ཆེན་པོ་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་དོན་དམ་པ་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་འདུས་བྱས་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་འདུས་མ་བྱས་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་

པར་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་དོར་བ་མྱེད་པ་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་རང་བཞིན་སྟོང་པ་ཉིད་ལ་སློབ་བོ། །

དེ་ནི་གཉིས་སུ་བྱར་མྱེད་པར་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་མྱི་དམྱིགས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་དངོས་པོ་མྱེད་

པ་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་དྲན་པ་ཉེ་བར་གཞག་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་

เล่ม ๑๘ · หน้า 72a

སུ་བྱར་མྱེད་པར་ཡང་དག་པར་སྤོང་བ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་དབང་པོ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་སྟོབས་རྣམས་ལ་སློབ་བོ། །དེ་ནི་

གཉིས་སུ་བྱར་མྱེད་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་འཕགས་པའི་བདེན་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་བསམ་གཏན་རྣམས་ལ་

སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་ཚད་མྱེད་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་རྣམ་པར་ཐར་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་མཐར་ཀྱིས་

གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་མངོན་པར་ཤེས་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་

བྱར་མྱེད་པར་ཏིང་ངེ་འཛིན་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་གཟུངས་ཀྱི་སྒོ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་མྱི་འཇིགས་པ་རྣམས་ལ་སློབ་བོ། །དེ་ནི་

གཉིས་སུ་བྱར་མྱེད་པར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་བྱམས་པ་ཆེན་པོ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་སྙིང་རྗེ་ཆེན་པོ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སློབ་

བོ། །དེ་ནི་གཉིས་སུ་བྱར་མྱེད་པར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་ཕྱིར་མྱི་འོང་བའི་འབྲས་བུ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་དགྲ་བཅོམ་

เล่ม ๑๘ · หน้า 72b

པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་རང་བྱང་ཆུབ་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་སངས་རྒྱས་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་བོ། །དེ་ནི་གཉིས་སུ་བྱར་མྱེད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་བོ། །

གཉིས་སུ་བྱར་མྱེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་བརྩོན་འགྲུས་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་ནང་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་

སུ་བྱར་མྱེད་པར་ཕྱི་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་ཕྱི་ནང་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་སྟོང་པ་ཉིད་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་ཆེན་པོ་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་

སུ་བྱར་མྱེད་པར་དོན་དམ་པ་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་འདུས་བྱས་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་འདུས་མ་བྱས་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་མཐའ་ལས་འདས་པ་སྟོང་པ་

ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་དོར་བ་མྱེད་པ་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་རང་བཞིན་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་

བྱར་མྱེད་པར་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་རང་གི་མཚན་ཉིད་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་མྱི་དམྱིགས་པ་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་དངོས་པོ་མྱེད་པ་སྟོང་པ་

เล่ม ๑๘ · หน้า 73a

ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་ངོ་བོ་ཉིད་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་དྲན་པ་ཉེ་བར་གཞག་པ་རྣམས་ལ་གང་སློབ་པ་དང་གཉིས་

སུ་བྱར་མྱེད་པར་ཡང་དག་པར་སྤོང་བ་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་དབང་པོ་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་སྟོབས་རྣམས་ལ་གང་སློབ་པ་དང་། གཉིས་

སུ་བྱར་མྱེད་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་འཕགས་པའི་བདེན་པ་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་བསམ་གཏན་རྣམས་

ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་ཚད་མྱེད་པ་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་རྣམ་པར་ཐར་པ་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་

མྱེད་པར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་མངོན་པར་ཤེས་པ་རྣམས་ལ་གང་

སློབ་པ་དང་། གཉིས་སུ་བྱར་མྱེད་པར་ཏིང་ངེ་འཛིན་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་གཟུངས་ཀྱི་སྒོ་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་མྱི་

འཇིགས་པ་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་བྱམས་པ་ཆེན་པོ་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་སྙིང་རྗེ་ཆེན་པོ་ལ་གང་སློབ་པ་དང་། གཉིས་སུ་བྱར་

เล่ม ๑๘ · หน้า 73b

མྱེད་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་ཕྱིར་མྱི་འོང་བའི་འབྲས་བུ་ལ་གང་

སློབ་པ་དང་། གཉིས་སུ་བྱར་མྱེད་པར་དགྲ་བཅོམ་པ་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་རང་བྱང་ཆུབ་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་སངས་རྒྱས་ཉིད་ལ་གང་སློབ་པ་དང་། གཉིས་སུ་བྱར་མྱེད་པར་ཐམས་ཅད་མཁྱེན་པ་ཉིད་ལ་གང་སློབ་པ་དང་། གཉིས་

སུ་བྱར་མྱེད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གང་སློབ་པ་དེ་ནི། གཉིས་སུ་བྱར་མྱེད་པར་སངས་རྒྱས་ཀྱི་ཆོས་གྲངས་མྱེད་ཚད་མྱེད་པ་ལ་སློབ་བོ། །གཉིས་སུ་བྱར་མྱེད་པར་སངས་རྒྱས་ཀྱི་ཆོས་གྲངས་མྱེད་ཚད་མྱེད་པ་ལ་གང་སློབ་པ་དེ་ནི། གཟུགས་འཕེལ་བར་བྱ་བ་དང་།

འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །འདུ་ཤེས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །འདུ་བྱེད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་པར་ཤེས་

པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱིག་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣ་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྣ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། ལྕེ་

འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལུས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །གཟུགས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །

སྒྲ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །དྲི་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རོ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རེག་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ །

เล่ม ๑๘ · หน้า 74a

ཆོས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱིག་གི་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣ་བའི་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྣའི་

རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལྕེའི་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལུས་ཀྱི་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡིད་ཀྱི་རྣམ་པར་

ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱིག་གི་འདུས་ཏེ་རེག་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣ་བའི་འདུས་ཏེ་རེག་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྣའི་འདུས་ཏེ་རེག་པ་འཕེལ་

བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལྕེའི་འདུས་ཏེ་རེག་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལུས་ཀྱི་འདུས་ཏེ་རེག་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡིད་ཀྱི་འདུས་ཏེ་རེག་པ་འཕེལ་བར་བྱ་

བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྣའི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འཕེལ་བར་བྱ་བ་དང་།

འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སའི་ཁམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཆུའི་ཁམས་འཕེལ་བར་བྱ་བ་དང་། འགྲིབ་

เล่ม ๑๘ · หน้า 74b

པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱེའི་ཁམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རླུང་གི་ཁམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ནམ་མཁའི་ཁམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་

པར་ཤེས་པའི་ཁམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །མ་རིག་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །འདུ་བྱེད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་།

འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱིང་དང་གཟུགས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྐྱེ་མཆེད་དྲུག་འཕེལ་པར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རེག་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་

བོ། །ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྲེད་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལེན་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྲིད་པ་འཕེལ་བར་བྱ་བ་དང་།

འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྐྱེ་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྒ་ཤི་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་

སློབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་བྱ་བ་དང་།

འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །བསམ་གཏན་ཀྱི་ཕ་རོལད་ཏུ་ཕྱིནད་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནང་སྟོང་པ་ཉིད་

เล่ม ๑๘ · หน้า 75a

འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཕྱི་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཕྱི་ནང་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྟོང་པ་ཉིད་

སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཆེན་པོ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །དོན་དམ་པ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །འདུས་བྱས་སྟོང་པ་ཉིད་འཕེལ་

བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །འདུས་མ་བྱས་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །མཐའ་ལས་འདས་པ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །ཐོག་མ་དང་ཐ་མ་མྱེད་

པ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །དོར་བ་མྱེད་པ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རང་བཞིན་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཆོས་ཐམས་

ཅད་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རང་གི་མཚན་ཉིད་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱི་དམྱིགས་པ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །

དངོས་པོ་མྱེད་པ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ངོ་བོ་ཉིད་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་

ཕྱིར་མྱི་སློབ་བོ། །དེ་དྲན་པ་ཉེ་བར་གཞག་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡང་དག་པར་སྤོང་བ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་འཕེལ་བར་བྱ་བ་དང་།

เล่ม ๑๘ · หน้า 75b

འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །དབང་པོ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྟོབས་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་

མྱི་སློབ་བོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །འཕགས་པའི་བདེན་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །བསམ་གཏན་རྣམས་འཕེལ་བར་བྱ་བ་དང་། འགྲིབ་

པར་བྱ་བའི་ཕྱིར་མྱི་སློབ་བོ། །ཚད་མྱེད་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་པར་ཐར་པ་རྣམས་འཕེལ་

བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འཕེལ་བར་བྱ་བ་དང་།

འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །མངོན་པར་ཤེས་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཏིང་ངེ་འཛིན་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །གཟུངས་ཀྱི་སྒོ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་

པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱི་འཇིགས་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སོ་སོ་ཡང་དག་པར་རིག་པ་རྣམས་འཕེལ་བར་བྱ་

བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །བྱམས་པ་ཆེན་པོ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྙིང་རྗེ་ཆེན་པོ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འཕེལ་བར་བྱ་བ་དང་།

เล่ม ๑๘ · หน้า 76a

འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཕྱིར་མྱི་

འོང་བའི་འབྲས་བུ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །དགྲ་བཅོམ་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རང་བྱང་ཆུབ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་

འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ལྟར་གང་གཟུགས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཚོར་བ་འཕེལ་བར་བྱ་བ་

དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། འདུ་ཤེས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། འདུ་བྱེད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་

མྱི་སློབ་པ་དང་། གང་མྱིག་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རྣ་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། སྣ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ལྕེ་འཕེལ་བར་བྱ་བ་དང་། འགྲིབ་

པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ལུས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཡིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གང་གཟུགས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། སྒྲ་འཕེལ་

བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། དྲི་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རོ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རེག་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་

เล่ม ๑๘ · หน้า 76b

དང་། ཆོས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གང་མྱིག་གི་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རྣ་བའི་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་

དང་། སྣའི་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ལྕེའི་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་

ཕྱིར་མྱི་སློབ་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གང་མྱིག་གི་འདུས་ཏེ་རེག་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རྣ་བའི་འདུས་ཏེ་རེག་པ་འཕེལ་བར་བྱ་བ་དང་།

འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། སྣའི་འདུས་ཏེ་རེག་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ལྕེའི་འདུས་ཏེ་རེག་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་འཕེལ་

བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གང་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་

སློབ་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ལྕེའི་འདུས་ཏེ་

རེག་པའི་རྐྱེན་ཀྱིས་ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འཕེལ་བར་བྱ་

เล่ม ๑๘ · หน้า 77a

བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གང་སའི་ཁམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཆུའི་ཁམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། མྱེའི་ཁམས་འཕེལ་བར་བྱ་བ་

དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རླུང་གི་ཁམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ནམ་མཁའི་ཁམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རྣམ་པར་ཤེས་པའི་ཁམས་འཕེལ་བར་བྱ་བ་དང་།

འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གང་མ་རིག་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། འདུ་བྱེད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་

སློབ་པ་དང་། མྱིང་དང་གཟུགས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། སྐྱེ་མཆེད་དྲུག་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རེག་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཚོར་བ་འཕེལ་

བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། སྲེད་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ལེན་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། སྲིད་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་

པ་དང་། སྐྱེ་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རྒ་ཤི་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཚུལ་

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་བྱ་བ་དང་། འགྲིབ་པར་

เล่ม ๑๘ · หน้า 77b

བྱ་བའི་ཕྱིར་མྱི་སློབ་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གང་ནང་སྟོང་པ་ཉིད་འཕེལ་བར་བྱ་བ་དང་།

འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཕྱི་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཕྱི་ནང་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་

མྱི་སློབ་པ་དང་། ཆེན་པོ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། དོན་དམ་པ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། འདུས་བྱས་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་

དང་། འདུས་མ་བྱས་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་

པར་བྱ་བའི་ཕྱིར་མྱི་སློབ་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རང་བཞིན་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་

པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་འཕེལ་བར་བྱ་བ་

དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གང་དྲན་པ་ཉེ་བར་གཞག་

เล่ม ๑๘ · หน้า 78a

པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཡང་དག་པར་སྤོང་བ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་

བའི་ཕྱིར་མྱི་སློབ་པ་དང་། དབང་པོ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། སྟོབས་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་

མྱི་སློབ་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གང་འཕགས་པའི་བདེན་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། བསམ་གཏན་རྣམས་འཕེལ་བར་བྱ་བ་དང་།

འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཚད་མྱེད་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རྣམ་པར་ཐར་པ་བརྒྱད་འཕེལ་

བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འཕེལ་

བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། མངོན་པར་ཤེས་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ཏིང་ངེ་འཛིན་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གཟུངས་ཀྱི་སྒོ་རྣམས་འཕེལ་བར་

བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། མྱི་འཇིགས་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། སོ་སོ་ཡང་དག་

เล่ม ๑๘ · หน้า 78b

པར་རིག་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། བྱམས་པ་ཆེན་པོ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། སྙིང་རྗེ་ཆེན་པོ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་བཅྭོ་བརྒྱད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། གང་རྒྱུན་ཏུ་ཞུགས་པའི་འབྲས་བུ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་

པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། དགྲ་བཅོམ་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རང་བྱང་ཆུབ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། ལམ་

གྱི་རྣམ་པ་ཤེས་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མྱི་སློབ་པ་དེ་ནི། གཟུགས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཚོར་

བ་ཡོངས་སུ་གཟུང་བ་དང་། མེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །འདུ་ཤེས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །འདུ་བྱེད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་

པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནི་མྱིག་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣ་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྣ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། ལྕེ་ཡོངས་སུ་གཟུང་བ་དང་།

མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལུས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནི་གཟུགས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྒྲ་ཡོངས་

เล่ม ๑๘ · หน้า 79a

སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དྲི་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རོ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རེག་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་

ཕྱིར་མྱི་སློབ་བོ། །ཆོས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནི་མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །

སྣའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལྕེའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡིད་ཀྱི་

རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནི་མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །

སྣའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལྕེའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡིད་ཀྱི་

འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་།

མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལུས་ཀྱི་འདུས་

เล่ม ๑๘ · หน้า 79b

ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནི་སའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་

བོ། །ཆུའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱེའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རླུང་གི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ནམ་མཁའི་ཁམས་ཡོངས་སུ་གཟུང་

བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་པར་ཤེས་པའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནི་མ་རིག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །འདུ་བྱེད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་

བའི་ཕྱིར་མྱི་སློབ་བོ། །རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱིང་དང་གཟུགས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྐྱེ་མཆེད་དྲུག་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རེག་

པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྲེད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལེན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་

མྱི་སློབ་བོ། །སྲིད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྐྱེ་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྒ་ཤི་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །བརྩོན་འགྲུས་ཀྱི་ཕ་

เล่ม ๑๘ · หน้า 80a

རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་

བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནི་ནང་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཕྱི་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །

སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །འདུས་

བྱས་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །

ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །

ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་

མྱི་སློབ་བོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་

เล่ม ๑๘ · หน้า 80b

བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡང་དག་པར་སྤོང་བ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་གཟུང་བ་དང་།

མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དབང་པོ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྟོབས་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་

མྱི་སློབ་བོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནི་འཕགས་པའི་བདེན་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །བསམ་གཏན་རྣམས་ཡོངས་སུ་གཟུང་བ་དང་། མྱེད་

པར་བྱ་བའི་ཕྱིར་མྱི་སློབ་བོ། །ཚད་མྱེད་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་གཟུང་

བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་གཟུང་བ་

དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་

གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱི་འཇིགས་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སོ་

เล่ม ๑๘ · หน้า 81a

སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མི་སློབ་བོ། །བྱམས་པ་ཆེན་པོ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྙིང་རྗེ་ཆེན་པོ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་

བོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་གཟུང་བ་དང་། མྱེད་

པར་བྱ་བའི་ཕྱིར་མྱི་སློབ་བོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དགྲ་བཅོམ་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རང་བྱང་ཆུབ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །

ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །

ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། འདུ་ཤེས་ཡོངས་སུ་

གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། འདུ་བྱེད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། མྱིག་ཡོངས་སུ་གཟུང་བ་དང་། མྱེད་པར་

བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རྣ་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སྣ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ལྕེ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ།

เล่ม ๑๘ · หน้า 81b

ལུས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཡིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། གཟུགས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སྒྲ་ཡོངས་སུ་གཟུང་བ་དང་། མྱེད་

པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། དྲི་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རོ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རེག་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཆོས་ཡོངས་

སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སྣའི་རྣམ་

པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་

ཡིན་ནམ། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་

པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སྣའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ལྕེའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་

བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་

เล่ม ๑๘ · หน้า 82a

ཡིན་ནམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་

ནམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་

པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཆུའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ།

མྱེའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རླུང་གི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ནམ་མཁའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ།

རྣམ་པར་ཤེས་པའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། མ་རིག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། འདུ་བྱེད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རྣམ་

པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། མྱིང་དང་གཟུགས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སྐྱེ་མཆེད་དྲུག་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རེག་

པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སྲེད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ལེན་པ་ཡོངས་སུ་གཟུང་བ་དང་། མྱེད་

เล่ม ๑๘ · หน้า 82b

པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སྲིད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སྐྱེ་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རྒ་ཤི་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ།

སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་

བའི་ཕྱིར་མྱི་སློབ་པ་ཡིན་ནམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཤེས་རབ་ཀྱི་ཕ་རོལད་ཏུ་

ཕྱིནད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ནང་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཕྱི་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཕྱི་ནང་སྟོང་

པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཆེན་པོ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། དོན་

དམ་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། འདུས་བྱས་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་

པ་ཡིན་ནམ། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་

เล่ม ๑๘ · หน้า 83a

གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རང་བཞིན་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་

ནམ། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པ་

བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། དྲན་པ་ཉེ་བར་གཞག་པ་རྣམས་

ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་

ནམ། དབང་པོ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སྟོབས་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་

པ་ཡིན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། འཕགས་པའི་བདེན་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། བསམ་གཏན་རྣམས་ཡོངས་སུ་

གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཚད་མྱེད་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ།

เล่ม ๑๘ · หน้า 83b

རྣམ་པར་ཐར་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་

པ་དང་། སྨོན་པ་མྱེད་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། མངོན་པར་ཤེས་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཏིང་ངེ་འཛིན་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་

སློབ་པ་ཡིན་ནམ། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། མྱི་འཇིགས་པ་རྣམས་ཡོངས་སུ་

གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། བྱམས་པ་ཆེན་པོ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སྙིང་རྗེ་ཆེན་

པོ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་

བའི་ཕྱིར་མྱི་སློབ་པ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། དགྲ་བཅོམ་པ་ཉིད་ཡོངས་སུ་

གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རང་བྱང་ཆུབ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ། རྣམ་པ་ཐམས་ཅད་

เล่ม ๑๘ · หน้า 84a

མཁྱེན་པ་ཉིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་པ་ཡིན་ནམ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བདུན་པ། །རབ་འབྱོརད་ཀྱིས་

སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །འདུ་ཤེས་ཡོངས་སུ་

གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །འདུ་བྱེད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱིག་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་

མྱི་སློབ་བོ། །རྣ་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྣ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལྕེ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལུས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་

བའི་ཕྱིར་མྱི་སློབ་བོ། །ཡིད་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །གཟུགས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྒྲ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །དྲི་ཡོངས་སུ་གཟུང་བ་དང་། མྱེད་པར་

བྱ་བའི་ཕྱིར་མྱི་སློབ་བོ། །རོ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རེག་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཆོས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱིག་གི་རྣམ་པར་ཤེས་

པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྣའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལྕེའི་རྣམ་

เล่ม ๑๘ · หน้า 84b

པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱིག་གི་འདུས་ཏེ་

རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྣའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལྕེའི་འདུས་ཏེ་རེག་པ་ཡོངས་

སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱིག་གི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་

པར་བྱ་བའི་ཕྱིར་མྱི་སློབ་བོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཡིད་ཀྱི་འདུས་

ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །སའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ཆུའི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །མྱེའི་ཁམས་

ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རླུང་གི་ཁམས་ཡོངས་སུ་གཟུང་བ་དང་། མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །ནམ་མཁའི་ཁམས་ཡོངས་སུ་གཟུང་བ་དང་མྱེད་པར་བྱ་བའི་ཕྱིར་མྱི་སློབ་བོ། །རྣམ་པར་ཤེས་པའི་ཁམས་

ที่มาและสัญญาอนุญาต

ตัวบท: e-text กังยูร์ฉบับเดเกของ Esukhia (Esukhia/derge-kangyur · commit a582cf47) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด