དཀར་ཆག

ชื่อนี้มาจากชื่อไฟล์ของเล่มในต้นทาง

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๑๓ · หน้า 334a

མི་མཆོག་དཔའ་བོས་མངོན་པར་བྱང་ཆུབ་པའི། །གནས་སུ་བྱིན་གྱིས་བརླབས་པས་དངོས་ཀུན་གྱིས། །མི་ཕྱེད་རྡོ་རྗེའི་རང་བཞིན་གྲུབ་པའི་གདན། ༢ །(*དངོས་པོའི་དཔེ།)དེ་ལས་གནོད་སྦྱིན་བདག་པོའི་ཕྱོགས་ཆ་རུ། །བགྲོད་པར་ཁ་བའི་རྡུལ་བརྩེགས་རི་བོ་ཡི། །དོ་ཤལ་ལྡན་པའི་དཔལ་

ནི་འོད་གསལ་ལྷ། །གཟུགས་མཆོག་ཕན་ཚུན་ངོམ་ལ་འཁོད་པ་བཞིན། ༣ །(*རབ་ཏུ་སྤེལ་བ།)སླར་ཡང་ཐུབ་པ་དགྱེས་པའི་འཛུམ་གྱི་རླབས། །ཟླ་བའི་སྤུན་དང་འགྲོགས་པའི་དབྱངས་ཉིད་ལས། །ང་ཡི་བསྟན་པ་དྲི་མེད་རྒྱས་འགྱུར་ཞེས། །ལུང་དུ་བསྟན་པས་ཆེས་དཀར་བྱས་པ་བཞིན། ༤ །(*ཏིང་ངེ་འཛིན་གྱི་ཡོན་ཏན།)དེ་ནང་

སཱ་ལའི་ཚང་ཚིང་རབ་འཁྲིགས་པའི། །སྨན་ལྗོངས་ཡིད་ཀྱི་ཆོམ་རྐུན་བྱེད་པ་ལ། །ཉེར་བརྟེན་འགྲོ་བ་བྱང་ཆུབ་སྙེ་མ་ཅན། །བསྒྲུབ་པའི་དམ་བཅས་སྙིང་ནས་བསྐུལ་བ་དང༌། ༥ །(*བྱ་བའི་རང་བཞིན་བརྗོད་པ།)གཅིག་ཏུ་རྣམ་པ་ཐམས་ཅད་མཁྱེན་པའི་བཀས། །ལུང་བསྟན་འཁྱོག་པོ་མིན་པའི་

དུས་ཀྱི་སྟེང༌། །སོན་པར་རྒྱལ་དང་རྒྱལ་བའི་གདུང་འཚོབ་རྣམས། །གཞན་སྣང་སྐྱེ་བར་ཟློས་པའི་གར་གྱིས་རྩེན། ༦ །(*མ་བསྡུས་པའི་གཟུགས་ཅན།)གང་ཚེ་ཆོས་ཀྱི་ཉི་མ་བཀྲག་པོ་ཆེས། །མཐའ་འཁོབ་ཡུལ་གྱི་སྔོ་བསངས་མེ་ལ་ཚེ་མ། །མཐར་བྱས་བོད་དང་བོད་ཡུལ་ཆེན་པོ་ཞེས། །ཡི་གེ་

ཕྱོགས་ཀྱི་རྩིག་ལོགས་གསལ་བར་བྱས། ༧ །(བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན།)བོད་ཡུལ་ཆེན་པོའི་ནོར་འཛིན་པདྨ་དཀར། །སྒང་གི་འདབ་མ་དྲུག་ལྡན་དཀྱིལ་འཁོར་ལས། །ཟལ་མོ་སྒང་གི་འདབ་ཡངས་ལ་ཆགས་པ། །གླིང་ཞེས་བོད་པ་ས་ཡི་ཐིག་ལེ་ཡོད། ༨ །(*ཐེ་ཚོམ་ཅན་གྱི་རབ་རྟོག།)དེ་ན་སྟོབས་བཅུ་མངའ་

བའི་སྡེ་སྣོད་འཆང༌། །གྲངས་མཐས་དབེན་པ་འབྱོན་པའི་སྟ་གོན་དུ། །སྲིད་པ་འདི་ཡི་ཐོག་མའི་བྱེད་པ་པོས། །དགེ་མཚན་མང་པོ་ཆེད་དུ་བཤམ་པའམ། ༩ །ཡང་ན་ནོར་ལྡན་མ་འདིས་རང་གི་ལུས། །མི་དབང་རིན་ཆེན་བདུན་དང་

ཤིས་པའི་རྟགས། །རྣམ་བརྒྱད་ལྡན་པའི་དཀྱིལ་འཁོར་སྤྲུལ་པའི་ནང༌། །འདོད་དགུའི་ས་བོན་བཏབ་སྙམ་འཕྱང་མོ་ཉུག ༡༠ །(*བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད།)མགྲོན་དུ་བོས་སོ་སེམས་ཅན་གྲངས་དང་མཐའ། །གཞལ་དུ་མེད་པ་མི་ཡི་འཇིག་རྟེན་འདིར། །ཡ་མཚན་ཡུལ་གྱི་ཡོན་ཏན་དགེ་བ་

เล่ม ๒๑๓ · หน้า 334b

བཅུ། །མ་ཚང་མེད་པའི་ཡུལ་གྲུ་འདི་ནའོ། ༡༡ །(*མཚུངས་པ་གསལ་བྱེད་ཀྱི་སྒྲས་ཟིན་པའི་དཔེ།)ཐམས་ཅད་བདེ་དང་འབྱོར་ལྡན་གཞན་དག་གིས། །རྣམ་འཚེས་དོགས་པ་མེད་པའི་སྐྱིད་ཉམས་ལ། །ལོངས་སུ་སྤྱོད་པའི་ཆབ་འབངས་འདི་དག་གིས། །མང་པོས་བཀུར་བའི་འབངས་ལ་ཅོ་འདྲིར་བྱེད། ༡༢ །(*འབྱོར་པ་རྒྱ་ཆེ་བ།)སྣོད་དང་བཅུད་ཀྱི་འཇིག་རྟེན་

རྒྱས་པ་དེར། །ཆོས་ཀྱི་བཀྲ་ཤིས་ཕྱུག་པའི་ཆོ་ག་མཁན། །གཙུག་ལག་ཁང་དང་ཁང་ཕྲན་མཆོད་རྟེན་གནས། །གྲངས་མེད་ཚོམ་བུར་བཀོད་པས་ཀུན་ནས་མཛེས། ༡༣ །(*མཐའ་དག་གཟུགས་ཅན།)ལྟོ་བར་ཆོས་དང་སྲིད་པའི་རྒྱལ་སྲིད་ཟུང་གི་དབུ་འཕང་མཐོན་པོར་འཁྲུངས་པའི་

དཔག་བསམ་ཤིང༌། །སྡེ་བཞིའི་དཔལ་གྱི་འབྲས་བུ་ཡིད་འོང་མ་ཚང་མེད་པ་དགེ་བའི་ཕྱོགས་སུ་སྨིན་པ་ལས། །ཕན་དང་བདེ་བའི་འདོད་དགུའི་གཏོང་བ་ལྷུན་གྱིས་གྲུབ་པའི་འབྱུང་གནས་མཚུངས་པ་མེད་པ་འདི། །ས་སྟེངས་འདི་རུ་སྐྱེ་དགུ་ཀུན་གྱི་བསོད་ནམས་རྣམ་པར་ཡངས་པའི་མགྲོན་དུ་

ཡང་དག་འཁྲུངས། ༡༤ །(*ཡན་ལག་གཅིག་པའི་གཟུགས་ཅན།)དེ་ན་ལྔ་རིག་མཁས་དང་གྲུབ་པ་ཡི། །ཡོངས་རྩེར་སོན་པའི་དུས་གསུམ་འདྲེན་པ་རྣམས། །མཁས་པ་ལ་འོས་བགྱི་བ་རྣམ་གསུམ་གྱིས། །ཆོས་ཀྱི་རྒྱལ་མཚན་བརྟན་པའི་ཆོ་གས་བྲེལ། ༡༥ །(*བསམ་པ་རྒྱ་ཆེ་བ།)གསང་གསུམ་ཡོན་ཏན་མི་ཟད་རྒྱན་གྱི་མཛོད། །ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་

མངོན་གྱུར་ཀྱང༌། །སྔོན་ཆད་ཐུབ་པས་བཞག་པ་མ་ནོར་ལམ། །བཀྲལ་ཕྱིར་མཁས་པའི་ཚུལ་བཟུང་ས་སྐྱ་པ། ༡༦ །(*ལྡན་པའི་གཟུགས་ཅན།)གང་དེའི་ཡོངས་རྫོགས་བསྟན་པའི་རྒྱལ་སྲིད་ལ། །མངའ་མཛད་སྨྲ་བའི་རྒྱལ་པོ་ཨེ་ཝ་པའི། །ལུགས་མཆོག་རྒྱལ་བས་བསྔགས་པ་བསྐལ་

པ་བརྒྱར། །བརྟན་བྱེད་ཕྲིན་ལས་ཡོངས་སུ་དར་བའི་གཞི། ༡༧ །(*སེམས་མེད་རབ་རྟོག།)བསྟན་པའི་དཔལ་གྱུར་ངུར་སྨྲིག་འཆང་གི་སྡེ། །འདུས་པ་སིནྡྷཱུ་ཝཱ་རའི་ཚོན་གྱི་མདངས། །རིང་དུ་འཕོས་པ་ཐུན་མཚམས་སྤྲིན་གོས་སུ། །འཁྲུལ་ཏེ་མཁའ་འདིས་ལན་མང་གྱོན་པ་བཞིན། ༡༨ །(*ཡུལ་ལ་སྟོན་པ།)ཀུན་ཀྱང་རྣམ་གསུམ་

སྡོམ་པའི་བསླབ་པ་ལ། །ལེགས་པར་ཞུགས་པའི་ཚུལ་འདི་ལྷ་དང་མིའི། །ཕྱག་གི་འོས་སུ་གྲགས་མདོ་རྣམ་པ་བརྒྱས། །གཙེས་པ་ལན་བླན་མ་ནུས་པ་རུ་གོ།༡༩ །(*དངོས་པོའི་དཔེ།)འདུས་པ་དེ་དག་ཕྱི་ནང་གསང་བའི་ཐེག །སྤྲིན་གྱི་རྔ་གསང་ལྟར་སྒྲོག་འཁོར་བ་དང༌། །ངན་པར་སོང་

เล่ม ๒๑๓ · หน้า 335a

བའི་སྡུག་བསྔལ་གཞོམ་ལ་མངོན། །ཕྱོགས་པས་མཐུན་པར་འདུ་བའི་གནྡྷོ་ལ། ༢༠ །(*མཚུངས་པ་དང་དབྱེ་བའི་དཔེ།)གང་གི་རྟེན་དང་བརྟེན་པའི་བསམ་ཡས་འཕྲུལ། །བཀོད་པ་ལས་གྲུབ་ངོ་མཚར་མཐོང་བ་ན། །རྣམ་པར་གྲོལ་བའི་ཡེ་ཤེས་སྣང་བ་རང༌། །བྱུང་བའི་གཞལ་མེད་ཁང་དུ་འཁྲུལ་པ་འཇུག ༢༡ །(*སྐབས་གསུམ་འདོད་པའི་ཟུང་ལྡན།)དེ་དང་ཟུང་

འབྲེལ་དཔལ་ལྡན་རྒྱལ་པོའི་ཁབ། །ཕྱོགས་ལས་རྣམ་པར་རྒྱལ་བྱེད་ཤིས་པའི་གླུར། །ལྷང་ལྷང་མགྲིན་པ་བསྒྲིགས་ལ་རྒྱལ་བ་སྲས། །མི་དགྱེས་མེད་པའི་ལེགས་བྱས་གཞི་ཆེན་པོ། ༢༢ །(*འབྱོར་པ་རྒྱ་ཆེ་བ།)སྡེ་བཞིའི་དཔལ་གྱིས་བརླིང་བའི་རྒྱལ་སྲིད་ལ། །དགེ་བའི་བཀའ་

ཁྲིམས་འཁོར་ལོས་སྒྱུར་བའི་རྒྱལ། །བར་ཆད་མི་མངའ་བྱོན་དང་འབྱོན་འགྱུར་རྣམས། །གཙུག་ལག་ལུགས་བརྒྱ་བགྲོ་བའི་འདུན་ས་ཆེ། ༢༣ །(*སེམས་ལྡན་གྱི་རབ་རྟོག)གང་གི་དཔལ་ལ་འདོད་པ་ཁམས་ཀྱི་ལྷ། །རང་གནས་ལྟ་ན་སྡུག་པའི་གྲོང་ཁྱེར་དུ། །ལན་གཅིག་མ་ཡིན་རྨོངས་པས་མཁར་འཁྱམས་

པ། །ལེགས་སོའི་བསོདཾ་སྒྲ་སྒྲོགས་པའི་ཟོལ་གྱིས་བསྒྲིབས། ༢༤ །(*ཡོངས་སུ་བརྗེས་པ།)རེ་བའི་དམ་བཅའ་མེད་པར་སྦྱིན་པ་བཞིའི། །གཏོང་བ་འགྲོ་བ་རིས་སུ་མེད་བྱིན་ནས། །དེ་དག་ལས་བྱུང་གྲགས་པ་བསྐལ་པའི་བར། །བརྟན་ལྡན་བདག་གིར་བྱེད་པའི་གནས་སུའོ། ༢༥ །(*རིགས་པའི་གཟུགས་ཅན།)བགྲང་གཞི་

སྦྲུལ་གྱི་རྒྱལ་མོ་ལང་ཚོ་ཡི། །ནད་བུ་མེ་ཡི་རང་བཞིན་འབར་ལས་སྐྱེས། །ལྔ་ཚིགས་ཟླ་བའི་བུ་ཆུང་བསྲིངས་བའི་སྐྱེད། །འཕུར་འགྲོ་སྣོན་གྱིས་ན་ཚོད་དར་བར་བྱས། ༢༦ །(*ཏིང་ངེ་འཛིན་གྱི་ཡོན་ཏན།)མཁའ་ཡི་གླང་པོ་རང་གི་གནས་ཀུན་ཏུ། །བགྲོད་པས་དུབ་པའི་

འཁུན་སྒྲ་སྟོང་དུ་འབྱིན། །རྔུལ་ཆུ་གཙང་མའི་རྒྱུན་བབས་འཐུངས་པའི་ས། །སྔོ་བསངས་ལང་ཚོའི་བཅུད་ལེན་གྲུབ་པའི་དུས། ༢༧ །(*མཐའ་དག་གི་གཟུགས་ཅན་མའི་གཟུགས་ཀྱིས་ཅུང་ཟད་སྤང༌།)འགྲོ་སེམས་རང་བཞིན་མཁའ་ཡི་བུ་མོ་དེ། །གདོད་ནས་སྤྲོས་བཅས་བག་མ་གསར་པ་ཡི། །བརྟུལ་ཞུགས་སྤངས་པ་

གང་ལ་ཕན་གནོད་ཀྱི། །བདག་པོས་རེག་པར་མི་འགྱུར་དོན་དམ་གཤིས། ༢༨ །(*ཡོངས་སུ་བརྗེས་པ།)འོན་ཏེ་ཀུན་རྫོབ་རྟེན་འབྲེལ་སྣང་བ་ལ། །དགེ་དང་དགེ་མིན་བྱེད་པོ་ཐ་དད་དུ། །བརྟགས་པའི་ལད་མོར་བདེ་དང་སྡུག་བསྔལ་གྱིས། །འབྲས་བུ་

เล่ม ๒๑๓ · หน้า 335b

གཞན་དབང་གྱུར་ཚེ་རྩིས་ལ་རག ༢༩ །(*ཡན་ལག་གཉིས་པའི་གཟུགས་ཅན།)ལེགས་བྱས་རྒྱ་ཆེན་རྩོམ་པའི་ཐོག་མ་རུ། །དགེ་བ་གཟའ་དང་རྒྱུ་སྐར་དུས་ཚོད་སོགས། །བདག་པོ་ཕན་ཚུན་མཛའ་གཅུགས་འདུས་པའི་གྲོས། །ཤིས་པའི་ཁ་ལོ་སྒྱུར་ལ་འཆམ་པའི་ཉིན། ༣༠ །(*ཆ་ཤས་ཀྱི་གཟུགས་ཅན།)སྟོབས་ཀྱི་འཁོར་ལོས་སྒྱུར་མཆོག་

མི་བདག་གི། །བསོད་ནམས་དགའ་མའི་རྐང་རྩེས་བསྣུན་པའི་ཚེ། །བློ་གྲོས་མེ་ཏོག་འདབ་མ་སྟོང་གྲོལ་བའི། །ཆོས་བློན་མྱ་ངན་མེད་པའི་ནགས་ཁྲོད་ནས། ༣༡ །(*ཡན་ལག་གཅིག་པའི་གཟུགས་ཅན།)བཞེད་པ་རྒྱ་ཆེན་འགྲུབ་པའི་རྩ་ལག་ཏུ། །བཀའ་ལུང་གསེར་གྱི་ཡི་གེ་

འོད་ཀྱི་གཏེར། །གཙུག་ཏུ་ལེགས་པར་ཕབ་པས་བགྱི་བ་དང༌། །བགྱི་མིན་རྣམ་པར་འབྱེད་པའི་ཁུར་ལེན་པ། ༣༢ །(*རིག་བྱེད་གཏམ་གྱི་ལོ་རྒྱུས་ལས་དྲངས་པ་སྔོན་མེད་ཀྱི་གཟུགས་ཅན།)སུམ་རྩེན་གནས་སུ་སྐྱེ་བ་མ་བླངས་ཤིང༌། །དྲང་སྲོང་ཁྲོས་པའི་དམོད་པས་མ་བཏབ་པར། །ཕྱི་ནང་གཙུག་ལག་མཁྱེན་པའི་འདྲེན་བྱེད་

སྟོང༌། །རྣམ་གསལ་ཆོས་བློན་དབང་པོ་ཆུ་གཏེར་གྲངས། ༣༣ །(*དོན་གཞན་བཀོད་པའི་འགོག་པ།) དེ་དེས་ལེགས་པར་བརྟགས་པའི་ལས་བྱེད་ཚོགས། །བསྐོས་པའི་ལས་ལ་གཞན་དྲིང་མི་འཇོག་མཚར། །འོན་ཏེ་གང་ལ་སྦྱངས་པ་དེ་ཉིད་ལ། །མཁས་པ་རྒྱུ་འབྲས་བསླུ་བ་མིན་པའི་

མཐུ། ༣༤ །(*བཟློག་པའི་དཔེ།)མི་བདག་བསོད་ནམས་རྒྱས་པའི་དཔལ་འཐུངས་པ། །ཐམས་ཅད་སྦྱངས་པའི་བློ་ལྡན་འགྱུར་བ་བཞིན། །རིན་ཆེན་རི་བོའི་ཕང་པར་འཛེགས་པའི་བྱ། །སྤུ་སྡུག་གསེར་དུ་མཐོང་དེ་ཡ་མཚན་བྱེད། ༣༥ །(*གཏན་ཚིགས་ཀྱི་ལྡོག་པ་ཅན།)གཞན་གྱིས་བསྒྲུབ་དཀའ་ཚེགས་མེད་ཕ་རོལ་དུ། །

ཕྱིན་པ་སྒྱུ་མའི་རྣམ་འཕྲུལ་མཚུངས་ན་ཡང༌། །འབད་པ་ཐང་རེ་ཡིས་ཀྱང་སྒྲིབ་པའི་ཚོགས། །ཟ་ཕྱིར་འདི་ལས་མིག་འཕྲུལ་ཤིན་ཏུ་དམན། ༣༦ །(*ཕན་ཚུན་མེད་པའི་བྱེད་རྒྱུ།)རྒྱ་ཆེན་རྩོམ་པ་ཚེ་འདིའི་སོ་ནམ་མིན། །མཁོ་དགུའི་གཏོང་བ་ཁྱིམ་གྱི་བདེ་ཕྱིར་མིན། །ཕན་པའི་བསམ་

སྦྱོར་བདག་དོན་ཞེན་པས་མིན། །དེ་ཕྱིར་འདི་ལ་རངས་པར་མི་འགྱུར་སུ། ༣༧ །(*བསྡུས་པའི་གཟུགས་ཅན།)བདེ་གཤེགས་རྟེན་གསུམ་ཡིད་བཞིན་ནོར་བུ་ལས། །ཕན་བདེ་བྱིན་རླབས་འདོད་པ་འཇོ་བ་ལ། །རབ་གནས་བྱི་དོར་རིམ་པར་མཁས་པ་ལས། །འབྱུང་བ་ཕན་མཛད་དམ་པའི་

เล่ม ๒๑๓ · หน้า 336a

བཀའ་ཡིན་ནོ། ༣༨ །(*ལྡན་པའི་གཟུགས་ཅན།)དེ་སླད་དཔལ་ལྡན་རྡོ་རྗེ་འཆང་དབང་གི། །ལུང་དང་རྟོགས་པའི་ཆོས་ཀྱི་རྒྱལ་སྲིད་ཆེ། །མཁས་པའི་ཕྲིན་ལས་འཁོར་ལོས་མངའ་མཛད་ཅིང༌། །ཡུན་དུ་སྐྱོང་བ་ཆོས་ཀྱི་རྒྱལ་པོས་མཚོན། ༣༩ །(*ཡོན་ཏན་གྱི་རང་བཞིན་བརྗོད་པ།)མཆོག་གི་སློབ་དཔོན་མཚན་ཉིད་རྒྱལ་བའི་བཀས། །བསྔགས་པའི་ཡོན་ཏན་གྱིས་

མཛེས་རྡོ་རྗེ་འཛིན། །འདུས་པའི་ཆོ་ག་རྣམ་དག་དབྱངས་གཅིག་ཏུ། །དུས་གསུམ་སངས་རྒྱས་འདུས་པའི་རང་བཞིན་བསྒྲུབས། ༤༠ །(*གཟུགས་བརྙན་གྱི་དག་དཔེ།)གྲོགས་དག་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །མཆོད་པའི་ལེགས་བྱས་མངོན་པར་འདུ་བྱེད་པ། །དེ་ཀུན་འདུས་པ་ཡི་གེའི་རྣམ་པ་

རུ། །སྣང་བའི་གླེགས་བམ་ཚོགས་འདིས་དགའ་བ་འཕེལ། ༤༡ །(*དཔའ་བའི་ཉམས་བསྟན་པ།)ཞིང་མང་བགྲོད་པའི་རྫུ་འཕྲུལ་འདུས་མ་བྱས། །ཚོགས་ཀྱི་ལམ་མཐར་ཕྱིན་པ་ཡང་མིན་པར། །ཕྱོགས་བཅུའི་འདྲེན་པ་འདུས་པའི་གླེགས་བམ་ཞིང༌། །མཆོད་བྱའི་ཡུལ་དུ་ཐོབ་འདི་སྐལ་བ་བཟང༌། ༤༢ །(ཡོན་ཏན་བརྗོད་པ་ཐ་མའི་གསལ་བྱེད།)སྐྱེ་

ནས་སྐྱེ་བར་ཇེ་མཐོའི་རིགས་སུ་སྐྱེ། །ཚུལ་བཟང་ཁ་དོག་གསལ་བ་དེ་ཡི་ཞབས། །ལྷ་མི་ཀུན་གྱི་སྤྱི་བོས་བཏུད་པ་དེ། །བདེ་གཤེགས་རྟེན་ལ་ཕྱག་བྱས་འབྲས་བུ་ཡིན། ༤༣ །(*སྦྱར་བའི་དཔེ་རྒྱན།)དྲི་ཞིམ་རོ་མཆོག་ཡི་གར་འབབ་པ་ཡི། །བཏུང་བ་དམ་པས་རྟག་ཏུ་དགའ་འགྱུར་ཞིང༌། །ན་རྒ་མེད་པའི་བདེ་བ་

ལྷ་ལུས་ལྟར། །ཐོབ་པ་དེ་ནི་བཏུང་མཆོག་ཕུལ་ལས་བྱུང༌། ༤༤ །(*ཡན་ལག་གཅིག་པས་གཟུགས་ཅན།)མཛེས་པའི་གཟུགས་ལྡན་དམ་པའི་བརྟུལ་ཞུགས་དགའ། །ཡོན་ཏན་མང་པོའི་རྒྱན་གྱིས་མཛེས་གྱུར་པས། །འཇིག་རྟེན་འཇིག་རྟེན་འདས་པའི་བྱམས་པ་དེ། །མེ་ཏོག་ཕྲེང་བའི་རྒྱན་གྱིས་མཆོད་པའི་མཐུ། ༤༥ །(*མཚུངས་པ་གསལ་བྱེད་ཀྱི་སྦས་ཟིན་པའི་དཔེ།)ཞི་

ཞིང་དུལ་བ་ཚུལ་ཁྲིམས་གཙང་ལྡན་ལུས། །གང་ལས་མངར་བའི་དྲི་རབ་འཐུལ་བ་ཡིས། །སྤོས་བཟང་བརྒྱ་ཡི་གྲགས་པ་དང་འཐབ་པ། །བྱུག་པ་སྤོས་ཀྱི་དམ་པས་མངད་པའི་མཐུ། ༤༦ །(*ཡན་ལག་གཅིག་པའི་གཟུགས་ཅན།)རབ་རིབ་ཡོགས་པ་དག་དང་འགྲོགས་མིན་པའི། །ལྷ་མིག་དངོས་པོ་ཀུན་ལ་ནམ་དུ་ལངས། །ཤེས་རབ་སྒྲོན་

མེ་ཡང་ནི་རབ་གསལ་བ། །དེ་ནི་སྣང་གསལ་བྱིན་པའི་བསོད་ནམས་སོ། ༤༧ །(*སྦད་པའི་དཔེ།)ཡན་ལག་མ་ཉམས་བལྟ་ན་སྡུག་པའི་དཔལ། །ཆུ་སྐྱེས་གཞོན་ནུ་ཉིད་དང་མཚུངས་ན་ཡང༌། །རིང་དུ་འཚོ་དང་སྟོབས་ཀྱིས་འཕགས་གྱུར་པའི། །ལུས་བཟང་དེ་ནི་ལྷ་བཤོས་ཕུལ་

เล่ม ๒๑๓ · หน้า 336b

བས་ཐོབ། ༤༨ །(*ངག་དོན་གྱི་དཔེ་ལས་བཞིན་སྒྲ་དུ་མ་ཅན།)ཚངས་པའི་སྲས་མོའི་དབྱངས་བཞིན་དེ་ཡི་གསུང༌། །རྒྱུད་མང་བརྡུངས་པའི་སྒྲ་བཞིན་དེའི་གྲགས་པ། །ཐུགས་རྗེས་བཞིན་དུ་དེ་མཐུས་འཇིག་རྟེན་ཁམས། །འགེང་བའི་རྒྱུ་ནི་དབྱངས་སྙན་རོལ་མོས་སོ། ༤༩ །(*ཡོན་ཏན་བརྗོད་པ་ཐ་མའི་གསལ་བྱེད།)གླིང་བཞི་ས་འཛིན་རྒྱལ་པོའི་རྩེ་མོའི་བར། །རང་དབང་བགྱིད་ལ་བསྔོ་བའི་

དགྲས་དབེན་པ། །འགྲོ་བ་ཡོངས་ཀྱི་བླ་མར་འགྱུར་བ་ཡང༌། །གདུགས་དང་བླ་བྲེ་བྱིན་པའི་འབྲས་བུའོ། ༥༠ །(*ཡན་ལག་གཅིག་པའི་གཟུགས་ཅན།)སྐྱེ་བོ་ཀུན་གྱིས་མདུན་ནས་བདར་བ་དང༌། །སློང་བ་རྣམས་ཀྱི་དཔག་བསམ་འགྱུར་ལ་སོགས། །ཡིད་དུ་འོང་བའི་དཔལ་བརྙེས་ཐམས་ཅད་ནི། །

རྒྱལ་མཚན་ལ་སོགས་ཕུལ་བའི་བསོད་ནམས་ཡིན། ༥༡ །(*རབ་སྤེལ་གྱི་རྒྱན།)མི་མཆོག་ཆེན་པོའི་གོ་སར་གཤེགས་ནས་ནི། །སེམས་ཅན་མོས་པ་བསམ་ཡས་རྗེས་མཐུན་དུ། །ལྷུན་གྲུབ་ཆུ་ཟླ་ལྟ་བུས་དོན་བྱེད་པའི། །ཡོན་ཏན་ཐམས་ཅད་བསོད་ནམས་ལག་པས་བྱས། ༥༢ །(*ལྡན་པའི་གཟུགས་ཅན།)དེས་ན་སྲས་བཅས་རྒྱལ་བའི་

ཐུགས་ཀྱི་བཅུད། །གླེགས་བམ་ཟ་མ་ཏོག་ཏུ་འཁྱིལ་བ་ལ། །གྱ་ནོམ་མཆོད་པས་མདུན་དུ་བདར་བ་ནས། །རྒྱ་ཆེར་སྟོན་པའི་བར་ལ་གུས་པ་བྱོས། ༥༣ །(*འབད་པས་འགོག་པ།)ཐོབ་དཀའི་ལུས་དང་ལོངས་སྤྱོད་གཅེས་བྱ་ཡི། །གདམས་པ་མང་པོའི་ཡིད་འབབ་འདོམས་སེམས་ཀྱང༌། །ཕན་ཡོན་རྗེས་སུ་

དྲན་པས་ཕྱག་མཆོད་སོགས། །བསྐུལ་བ་དེ་སྐད་ཐོན་ལ་ཅི་བྱར་ཡོད། ༥༤ །(*དགའ་བའི་འགྱུར་བསྒེག་པའི་ཉམས་དང་ལྡན་པ།)ཨེ་མ་དཔལ་ལྡན་མི་ཡི་བདག་པོའི་སྨོན་ལམ་ཡངས་པའི་མཐུ་ཉིད་ལས། །བདེ་བར་འཁྲུངས་པའི་དགེ་ཚོགས་གང་ལས་བརྩམས་པའི་གཏམ་དགུ་གླེང་བ་ལ། །སྨྲ་མཁས་དགེ་བའི་དབང་པོ་ཡིན་ཡང་ངལ་བ་མི་

འགྱུར་མེད་སྙམ་ཅན། །རེ་བ་མེད་པའི་མགྲིན་ནས་གློ་བུར་ཡང་དག་བྱུང་འདི་ཅི་ཞིག་ཡིན། ༥༥ །ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་

མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ལས། བསྐུལ་བ་མི་ལྡོག་ཆེད་དུ་ཇི་ལྟར་པར་དུ་བསྒྲུབ་པའི་སརྒ་སྟེ་དྲུག་པའོ།། །།

เล่ม ๒๑๓ · หน้า 337a

༄༅། །ནཱམཱཨུཔལཀྵཎསྱདྷརྨཱཎཱཾ། ཡོནཱམམུཁེཝནིཤྩིཏགྲིཏྲཱ། ནཱམཱལཡདྷརྨཙཱབཏཱརཱབཾ། ནཱམཉྩཔདཽབིཙཀྵཎཱནཱདྷཱིཿ།།

༄༅། །(*རྐང་པ་བཞི་ཀའི་ཐོག་མར་ཡོད་པ་ཆོད་པའི་ཟུང་ལྡན།) མིང་གིས་ཉེ་བར་མཚན་པའི་ཆོས་རྣམས་ཀྱི། །མིང་གང་ཐོག་མ་ཉིད་དུ་ངེས་བྱས་ནས། །མིང་གཞི་ཆོས་དང་དོན་ལ་འཇུག་པ་ནི། །མིང་ཚིག་མཁས་པ་རྣམས་ཀྱི་བློ་གྲོས་ཡིན། །

เล่ม ๒๑๓ · หน้า 337b

(*རྐང་པ་གཉིས་པ་དང་གསུམ་པར་ཡོད་པ་ཆོད་པའི་ཟུང་ལྡན།)རང་བཞིན་གཞི་ལ་གནས་པའི་དྲིར་བཅས་པ། །དྲི་མེད་བྱེད་པའི་ཐབས་ཀྱི་ཁྱད་པར་མང༌། །དྲི་མས་སྤངས་པ་མཆོག་གི་འབྲས་བུའི་བར། །རྒྱུད་དུ་ལེགས་པར་སོང་བ་སྔགས་ཀྱི་གཞུང༌། །(*གཟུགས་ཅན་ལས་ཡན་ལག་གཉིས་པའི་གཟུགས་ཅན།)ལྷག་པའི་ཚུལ་ཁྲིམས་རྐང་པའི་བཀོད་པ་ཡིས། །སྡུག་བསྔལ་ཞི་བ་ཐར་པའི་གྲོང་འཇུག་ལས། །

རྣམ་པར་ལྟུང་བ་རྒྱུ་དང་བཅས་རིག་ནས། །བག་ཡོད་སྤྱོད་པས་འདུལ་བར་སྟོན་པའི་འགྲེལ། །(*བྱ་བའི་རང་བཞིན་བརྗོད་པ།)ལྷག་སེམས་གཙོ་བོར་གྱུར་པའི་བསླབ་པ་གསུམ། །བླ་ན་མེད་པའི་བྱང་ཆུབ་གནས་འདོང་བར། །རྗེས་སུ་མཐུན་པའི་ཆོས་

དང་དོན་མཚན་ཉིད། །སྨོས་པས་ཡང་དག་གསུངས་པ་མདོ་ཡི་འགྲེལ། །(*རབ་རྟོག་ལས་སྙམ་སྒྲ་ཅན།)ཆོས་རབ་རྣམ་པར་འབྱེད་པའི་ལག་རྩེ་རུ། །རྣམ་པ་ཐམས་ཅད་མཁྱེན་པ་གནས་སྙམ་དུ། །བགྱིད་པ་ཤེས་བྱ་ཀུན་གྱི་རང་དང་སྤྱིའི། །མཚན་ཉིད་མངོན་གྱུར་རྟོགས་པ་མ་མོའི་གཞུང༌། །(*ཡན་ལག་གསུམ་པའི་གཟུགས་ཅན།)དངོས་

སྟོབས་རིག་པའི་ལམ་གྱི་དྲང་ཐིག་གིས། །ལོག་རྟོགས་འཁྱོག་པོའི་རི་མོ་སུན་འབྱིན་ཅིང༌། །ཚད་མར་གྱུར་པའི་དགོངས་པ་དྲང་པོའི་ལམ། །སྒྲུབ་བྱེད་གཏན་ཚིགས་རིག་པའི་གཞུང་འགྲེལ་བཟང༌། །(*ངེས་བསྟན་ལས་མཆོག་གི་ངེས་པར་བསྟན་པ།)མཐའ་ཀླས་གཟུགས་ཀྱི་ཁྱད་པར་ལེགས་སྟོན་

པས། །མིག་ལྡན་ཀུན་དགའ་སྐྱེད་པའི་ཉི་མ་འདིས། །རྗོད་པ་དྲི་མ་མེད་པས་ཆོས་ཐམས་ཅད། །སྣང་བྱེད་བརྡ་སྤྲོད་བསྟན་བཅོས་ཡིན་པར་སྟོན། །(*གནས་གསུམ་གྱི་གསལ་བྱེད་ལས་རིགས་བརྗོད་པ་ཐ་མའི་གསལ་བྱེད།)ཆོས་དོན་སྒྲུབ་པ་ཀུན་གྱི་ཡང་དག་མཐར། །བགྲོད་པའི་ལུས་རྟེན་རིང་དུ་འཚོ་བའི་དཔྱིད། །ཕན་བྱེད་རྫས་དང་

དཔྱད་དང་སྔགས་གདབ་པ། །བཅུད་ལེན་ཀུན་གྱི་འབྱུང་གནས་གསོ་བའི་གཞུང༌། །(*མི་མཉམ་པའི་གཟུགས་ཅན།)འཇིག་རྟེན་འཇིག་རྟེན་འདས་པའི་བདེ་ལེགས་དང༌། །བསོད་ནམས་ཕུན་སུམ་ཚོགས་པའི་དབྱར་རིང་མོ། །རང་དབང་འགུགས་པའི་ཕོ་ཉ་དང་པོའི་ཕྲིན། །བཟོ་གནས་

རིག་པའི་བསྟན་བཅོས་དཔྱིད་ཀྱི་གླུ། །(*སྒྲུབ་བྱེད་ཀྱི་རྒྱུ་ལས་སྐྱེད་བྱེད་འགྲུབ་པའི་རྒྱུ་ལ་གཟུགས་རྒྱན་གྱིས་སྦ་བ།)འཁོར་བ་མྱ་ངན་ལས་འདས་ཤེས་བྱའི་གནས། །གང་གི་ལམ་དུ་ལེགས་པར་སོང་ཙམ་གྱིས། །འཕགས་དང་སོ་སོ་སྐྱེ་བོའི་བརྟན་ལྡན་བློ། །འཕྲོག་པའི་ཆོམ་རྐུན་སྙན་དངགས་གླུ་ཡི་གཞུང༌། །

เล่ม ๒๑๓ · หน้า 338a

(*རིགས་བརྗོད་པ་བར་གྱི་གསལ་བྱེད།)དེ་ཡང་བཅད་ལྷུག་སྤེལ་མའི་ཡིད་འཕྲོག་ལུས། །གཉིས་སུ་འདི་དག་མེད་ན་མཚང་ཆེ་བ། །བྲྀཏྟ་ཛཱ་ཏིའི་སྡེབ་སྦྱོར་ཕྲེང་དངར་བས། །ཡི་གེ་རྣམ་པར་མི་འཁྲུགས་སྟོན་པའི་གཞུང༌། །(*ཡན་ལག་གཅིག་པའི་གཟུགས་ཅན།)མིང་དོན་གཅིག་ཏུ་མངོན་པར་ཞེན་པའི་སྒྲོག །མཐའ་དག་གཅོད་པར་བྱེད་ལ་རྟེན་བརྟེན་པ། །རྒྱུ་

དང་འབྲས་བུ་འདྲ་བ་འབྲེལ་སོགས་ལ། །ལྟོས་པ་མིང་གི་མངོན་བརྗོད་ཤིན་ཏུ་རྣོ། །(*མ་བསྡུས་པའི་གཟུགས་ཅན།)རྩི་བྱེད་རིག་པའི་པྲ་འཕྲུལ་ཅི་དང་ཅི། །སྟོན་པའི་གཙུག་ལག་དེས་ནི་དུས་གསུམ་གྱི། །བདེ་སྡུག་མ་ནོར་རི་མོའི་འཕྲིན་ཤོད་པའི། །མཆུ་འདབ་ཤིན་ཏུ་སྙུང་བ་

རྩིས་ཀྱི་གཞུང༌། །(*དོན་གཞན་བཀོད་པ་ལས་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ།)མདོར་ན་ཤེས་བྱའི་གནས་གྱུར་གང་དང་གང༌། །བལྟ་འདོད་དེ་དེའི་གཞུང་འགྲེལ་ཟུངས་ཤིག་ཀྱེ། །མུན་པར་གནས་པའི་གཟུགས་དབྱིབས་བལྟ་བ་ལ། །སྣང་བྱེད་སྒྲོན་མ་འདེགས་པ་མི་རིགས་སམ། །སྤྱི་དོན་བདུན་པ་དགོས་དོན་རྟོགས་པར་སླ་ཕྱིར་ཆོས་ཀྱི་བཞུགས་

བྱང་སྨོས་པ་ནི། སྤྱིར་ཆོས་ཀྱི་རྣམ་གྲངས་འདི་དག་ཇི་ལྟར་བཞུགས་པའི་གོ་རིམ་ནི་བློ་དང་ལྡན་པའི་སྐྱེས་བུ་དམ་པ་མཁས་པ་རྣམས་ཀྱི་འཇུག་ངོགས་སུ་འཇུག་པར་འདོད་པ་རྣམས་ཀྱིས་ཇི་ལྟར་སློབ་པའི་རིམ་པ་དང་རྗེས་སུ་མཐུན་པར། ཐོག་མར་བཟོ་རིག་པ་

དང༌། གསོ་བ་རིག་པ་དང༌། བརྡ་སྤྲོད་རིག་པ་དང༌། གཏན་ཚིགས་རིག་པ་དང༌། ནང་རིག་པའི་སྡེ་སྣོད་ཀྱི་བསྟན་བཅོས་རྣམས་གོ་རིམས་སུ་འགོད་པའམ། སྒྲུབ་པ་ཉམས་ལེན་གྱི་རིམ་པ་དང་རྗེས་སུ་མཐུན་པར་འདུལ་བ་དང༌། མདོ་སྡེ་དང༌། མངོན་པའི་སྡེ་སྣོད་ཀྱི་བསྟན་བཅོས་རྣམས་གོ་རིམས་སུ་

འགོད་པའམ། དམན་པ་དང་མཆོག་གི་རིམ་པ་དང་རྗེས་སུ་མཐུན་པར་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང༌། ཕྱི་རིག་པའི་གནས་དང་ནང་རིག་པའི་གནས། ཐེག་པ་ཆུང་ངུ་དང་ཐེག་པ་ཆེན་པོ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་རྣམས་གོ་རིམས་སུ་འགོད་པའི་རྣམ་པར་གཞག་པ་ཇི་

ལྟར་བྱས་ཀྱང་མི་བཏུབ་པ་མེད་མོད། འདིར་མཆོག་དང་དམན་པའི་གོ་རིམ་གྱི་དབང་དུ་བགྱིས་ཏེ། ཐོག་མར་ནང་རིག་པའི་བསྟན་བཅོས་ནས་བརྩམས་ཏེ་འགོད་པ་ལ། དེའང་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་དང༌། ཐེག་པ་ཆེན་པོ་ཐུན་མོང་བ་དང༌། ཐེག་པ་ཆུང་ངུའི་བསྟན་བཅོས་རྣམས་དང༌། དེ་

เล่ม ๒๑๓ · หน้า 338b

དག་གི་རྗེས་སུ་གཏན་ཚིགས་རིག་པ་དང༌། བརྡ་སྤྲོད་རིག་པ་དང༌། གསོ་བ་རིག་པ་དང༌། བཟོ་རིག་པའི་བསྟན་བཅོས་རྣམས་རིམ་པར་དགོད་པར་བྱའོ། །གཞན་ཡང་བོད་ཀྱི་མཁས་པ་སྔ་རབས་པ་དག་གིས་མཛད་པའི་བསྟན་བཅོས་གཅེས་ཤིང་དཔེ་རྒྱུན་དཀོན་པ་ཅི་རིགས་པ་རྣམས་ཀྱང་སྔོན་གྱི་དཀར་ཆག་རྣམས་

སུ་བཞུགས་སུ་བཅུག་པ་ལྟར་དང༌། སྔར་མ་ཆུད་པའི་བསྟན་བཅོས་རྙིང་པ་ལ་ལོགས་སུ་ལུས་པ་ཕྱིས་བྱུང་བ་དང༌། གསར་འགྱུར་གྱི་རིགས་ཀྱང་འདི་དག་ཏུ་ཆུད་པ་དང་མ་ཆུད་པ་ཕྱིས་ཀྱི་དཀར་ཆག་ལ་ལ་ནས་བྱུང་བ་རྣམས་ཀྱང་སླན་ཆད་རྟུན་པ་ལ་ལྷུར་བྱེད་པ་རྣམས་ཀྱི་ཕྱིར་ཐོར་དགོད་པར་བྱ་ཞིང༌། དེ་དག་གི་

མཐར་བསྔོ་བ་སྨོན་ལམ་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་ཀྱིས་མཐའ་བརྒྱན་པ་དང་བཅས་པའི་བསྟན་བཅོས་རྣམས་ཀྱི་བཞུགས་བྱང་སྨོས་པ་ལ། ཐོག་མར་ཡུལ་ཁྱད་པར་ཅན་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་ཕྱག་འཚལ་བ་ནི་ལེགས་པ་ཐམས་ཅད་འཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་

ཡིན་པའི་ཕྱིར་དང༌། སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་གང་དག་གི་རྗེས་སུ་བསྒྲུབ་པའི་ཕྱིར། ཡུལ་མཆོག་ཏུ་གྱུར་པ་རྣམས་ལ་མཆོད་པར་བརྗོད་པའི་ཚུལ་གྱིས་བསྟོད་པའི་ཚོགས་རྣམས་བཀོད་པ་ནི། འདི་ལྟ་སྟེ། ཀ་པ་ལ། ཁྱད་པར་དུ་འཕགས་པའི་བསྟོད་པ་སློབ་དཔོན་མཐོ་བཙུན་གྲུབ་

རྗེས་མཛད་པ།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར། སླད་ཀྱིས་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་

ཏ་ཛཱ་རནྡན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་ལས་བར་སྐབས་སུ་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་འགྲེལ་པ་རྒྱ་དཔེ་མ་རྙེད་ནས་དུས་ཕྱིས་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་

བས་དཔལ་ས་སྐྱའི་དགོན་པར་སྦྱར་བ། ཐམས་ཅད་མཁྱེན་པ་དབང་ཕྱུག་ཆེན་པོའི་བསྟོད་པ་ཞེས་བྱ་བ་བྲམ་ཟེའི་དགེ་བསྙེན་མཐོ་བཙུན་གྲུབ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཛཱ་རནྡན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་སློབ་དཔོན་བདེ་བྱེད་བདག་

เล่ม ๒๑๓ · หน้า 339a

པོས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང༌། ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར་ལ། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་ཞུས་ཏེ་གཏན་ལ་ཕབ་པ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ། རྒྱ་གར་གྱི་མཁན་

པོ་པཎྜི་ཏ་ཛཱ་རནྡནའི་ཞལ་སྔ་ནས་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། སངས་རྒྱས་ཀྱི་བསྟོད་པ་ཞེས་བྱ་བ་འཕགས་མ་ནོར་རྒྱུན་མས་མཛད་པ། རབ་ཏུ་བསྔགས་པའི་གནས་ཆེན་པོ་བལ་པོ་ཡམ་བུའི་གྲོང་ཁྱེར་དུ་སྒྲའི་མཁན་པོ་དཔལ་རྒྱལ་བའི་བཟང་པོ་དང༌། ལོ་ཙཱ་བ་དགེ་སློང་

ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། ཆོས་ཀྱི་སྐུ་ལ་གནས་པའི་ཡོན་ཏན་ཐུན་མོང་མ་ཡིན་པ་ལ་བསྟོད་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དེ་ཁོ་ན་ཉིད་ལ་

བསྟོད་པ་ལོ་ཙཱ་བ་དགེ་སློང་དཔལ་གྱི་གོ་ཆས་མཛད་པ། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་བྷ་དྲ་དང༌། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། བདུད་བཏུལ་བ་ལ་བསྟོད་པ་རབ་དགའི་ལྷའི་ཞལ་སྔ་ནས་མཛད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པའི་ཚོགས་ཀྱི་སྐོར་

ལ། ཆོས་ཀྱི་དབྱིངས་སུ་བསྟོད་པ། དཔེ་མེད་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། སེམས་ཀྱི་རྡོ་རྗེའི་བསྟོད་པ། དོན་དམ་པར་བསྟོད་པ། སྐུ་གསུམ་ལ་བསྟོད་པ་རྣམས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་

ཁྲིམས་རྒྱལ་བའི་འགྱུར། སྐུ་གསུམ་ལ་བསྟོད་པ་ཞེས་བྱ་བའི་རྣམ་པར་འགྲེལ་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་པ། སེམས་ཅན་མགུ་བར་བྱ་བའི་བསྟོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཚིགས་སུ་བཅད་པའི་སྒོ་ནས་བསྡུས་པ། རྒྱ་གར་གྱི་

མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། རྡོ་རྗེ་འཆང་ཆེན་པོའི་བསྟོད་པ་ཕྱག་ན་རྡོ་རྗེས་མཛད་པ། ཞྭ་ལུ་ལོ་ཙཱ་བ་དྷརྨ་པཱ་ལས་དཔལ་གདན་ས་ཐེལ་གྱི་ཡང་དགོན་དུ་བསྒྱུར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་

เล่ม ๒๑๓ · หน้า 339b

ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཐིག་ལེ་བུམ་པ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། བསམ་གྱིས་མི་ཁྱབ་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པའི་བསྟོད་པ། རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ། འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། གནས་ཆེན་པོ་

བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། ཡང་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ཕྱག་འཚལ་བའི་བསྟོད་པ། དམྱལ་བ་ནས་འདོན་པའི་བསྟོད་པ་རྣམས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། ལོ་ཙཱ་བ་

པ་ཚབ་ཉི་མ་གྲགས་ཀྱི་འགྱུར་རྣམས་སོ། །སློབ་དཔོན་མ་ཏི་ཙི་ཊས་མཛད་པའི་བསྟོད་པའི་སྐོར་ལ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་བསྟོད་པར་མི་ནུས་པར་བསྟོད་པ་ཞེས་བྱ་བ་སློབ་དཔོན་མ་ཏི་ཙི་ཊས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་

ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། སངས་རྒྱས་བཅོམ་ལྡན་འདས་ལ་བསྔགས་པར་འོས་པ་བསྔགས་པ་ཞེས་བྱ་བ་ལེའུ་བཅུ་གསུམ་པ། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དཀོན་མཆོག་གསུམ་

ལ་བཀྲ་ཤིས་ཀྱི་བསྟོད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིངྷ་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩིགས་རཀྵི་ཏའི་འགྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ལ་བསྟོད་པ། གཅིག་ལས་འཕྲོས་པའི་བསྟོད་པ། བདེ་བར་གཤེགས་པ་སུམ་ཅུ་རྩ་ལྔའི་བསྟོད་པ་

མཚན་རིན་པོ་ཆེས་སྤྲས་པ་ཞེས་བྱ་བ་རྣམས་སློབ་དཔོན་མ་ཏི་ཙི་ཏྲས་མཛད་པའོ། །ཚིག་བརྒྱད་པའི་བསྟོད་པ་དགེ་བསྙེན་མཐའ་ཡས་ལྷས་མཛད་པ། དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་ཆེན་པོ་མ་ཏི་ཙི་ཊས་མཛད་པ། དཀོན་མཆོག་གསུམ་ལ་བསྟོད་པའི་འགྲེལ་པ་སློབ་དཔོན་

རྒྱལ་བའི་སྲས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་ཤཱནྟི་དང༌། བོད་ཀྱི་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོའི་སྡེའི་འགྱུར། དཀོན་མཆོག་གསུམ་གྱི་བསྟོད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་མཁས་པ་ཆེན་པོ་བྲམ་ཟེ་རྟ་

เล่ม ๒๑๓ · หน้า 340a

དབྱངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ཤྲདྡྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། བརྒྱ་ལྔ་བཅུ་པ་ཞེས་བྱ་བའི་བསྟོད་པའི་འགྲེལ་པ་སློབ་དཔོན་དགའ་བྱེད་སྙན་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ཤྲདྡྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་

བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། གཎྜཱིའི་བསྟོད་པ་ཚིགས་སུ་བཅད་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། མཁས་པ་ཆེན་པོ་རྒྱལ་བའི་སྡེའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་བཙུན་པ་དྷརྨ་ཡོན་ཏན་གྱི་འགྱུར། སྤེལ་མར་བསྟོད་པ་ཞེས་བྱ་བ་སློབ་དཔོན་མ་ཏི་ཙི་ཊ་དང་སློབ་དཔོན་ཕྱོགས་ཀྱི་

གླང་པོ་དག་གི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བསོད་ནམས་བཟང་པོའི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟོད་པ་སློབ་དཔོན་དཀོན་མཆོག་འབངས་

ཀྱིས་མཛད་པ། དཔལ་ལྡན་རྗེ་བཙུན་བྱང་ཆུབ་ཆེན་པོའི་བསྟོད་པ་མཆོག་སྲེད་ཀྱི་ཞལ་སྔ་ནས་མཛད་པ། ཞྭ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོའི་འགྱུར། སངས་རྒྱས་ཀྱི་བསྟོད་པ་བཅུ་པ་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱིས་མཛད་པ། པཎྜི་ཏ་དེ་ཉིད་ཀྱི་བཀའ་དྲིན་གྱིས་འཚོ་བའི་ལོ་ཆེན་

བསོད་ནམས་རྒྱ་མཚོའི་སྡེའི་འགྱུར། ཡོན་ཏན་མཐའ་ཡས་པར་བསྟོད་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང༌། ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར་ལ། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ། ཡོན་ཏན་

མཐའ་ཡས་པར་བསྟོད་པའི་འགྲེལ་པ་དང༌། ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང༌། ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར་ལ། ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་ཞུས་

ནས་གཏན་ལ་ཕབ་པ། སངས་རྒྱས་མྱ་ངན་ལས་འདས་པ་ལ་བསྟོད་པ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པ། བཤགས་པའི་བསྟོད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་

เล่ม ๒๑๓ · หน้า 340b

བཟང་པོའི་འགྱུར། བཤགས་པའི་བསྟོད་པའི་འགྲེལ་པ་སློབ་དཔོན་སངས་རྒྱས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་བུདྡྷ་ཤྲཱི་ཤཱནྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། སངས་རྒྱས་དབང་བསྐུར་བ་ཞེས་བྱ་བའི་བསྟོད་པ། ལོ་ཙཱ་བ་རིན་ཆེན་བཟང་

པོའི་འགྱུར། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་འདི་རྒྱུད་དག་ལས་བྱུང་བ་ཡིན། བཅོམ་ལྡན་འདས་ལ་བསྟོད་པ་དཔལ་རྡོ་རྗེ་འཛིན་གྱི་དབྱངས་ཀྱི་རྒྱ་ཆེར་བཤད་པ་གཉིས་མང་དུ་ཐོས་པའི་སློབ་དཔོན་ཞི་བ་འཚོས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་

ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། དེ་བཞིན་གཤེགས་པ་ལྔ་ལ་བསྟོད་པ་དང༌། དེ་བཞིན་གཤེགས་པ་བདུན་གྱི་བསྟོད་པ། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དེ་བཞིན་གཤེགས་པ་

བརྒྱད་ལ་བསྟོད་པ་སློབ་དཔོན་ཞི་བ་འཚོས་མཛད་པ། རབ་ཏུ་སྔ་བར་ནམ་ལངས་པའི་བསྟོད་པ་སངས་རྒྱས་ལ་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེ་བས་བསྟོད་པ་དང༌། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་ཕྱག་འཚལ་བའི་བསྟོད་པ་ཁ་ཆེའི་རྒྱལ་པོ་ཤྲཱི་ཧ་རི་ཤ་དེ་བས་ཡུམ་གྱི་ཆེད་དུ་

མཛད་པ། པཎྜི་ཏ་རཱ་ཛ་ཤྲཱི་ཛྙཱ་ན་མི་ཏྲ་དང༌། ཁེའུ་བརྒད་ཡོན་ཏན་དཔལ་གྱི་འགྱུར། དེ་བཞིན་གཤེགས་པའི་མཚན་བརྗོད་བསྐལ་བཟང་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། སླད་ཆར་ས་སྐྱ་ལོ་ཙཱ་བས་ཅུང་ཟད་བཅོས་

ཤིང་བསྒྱུར་ཏེ་གཏན་ལ་ཕབ་པ། སྦྱོར་བ་བཞིའི་ལྷ་ལ་བསྟོད་པ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་རཏྣ་ཀཱིརྟིས་མཛད་པ། བལ་པོ་མ་ཧཱ་བཱ་ནའི་རང་འགྱུར། མཁས་པ་ཆེན་པོ་གྲགས་པ་རྒྱལ་མཚན་ལ་བསྟོད་པ། རྒྱ་གར་གྱི་མཁན་པོ་སུ་ག་ཏ་ཤྲཱིས་སྦྱར་བ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌།

ལོ་ཙཱ་བ་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་ཞེས་བྱ་བ་རྒྱ་གར་གྱི་པཎྜི་ཏ་སྙན་དངགས་མཁན་ཆེན་པོ་ལཀྵྨི་ཀ་རས་སྦྱར་བ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བ། རྗེ་

เล่ม ๒๑๓ · หน้า 341a

བཙུན་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་བསྟོད་པ་སྙན་དངགས་མཁན་ཆེན་པོ་སློབ་དཔོན་གཉིས་སྐྱེས་སྲུང་བས་མཛད་པ། ཞྭ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲས་བསྒྱུར་བ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་

རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱིས་མཛད་པ། མཁས་པ་དེ་ཉིད་ཀྱི་སྤྱན་སྔར། སྐད་གཉིས་སྨྲ་བའི་དབང་ཕྱུག་ལོ་ཙཱ་བ་ཆེན་པོ་དགེ་སློང་རྒྱ་མཚོའི་སྡེ་ཞེས་པས་ཡང་དག་པར་བསྒྱུར་ཅིང་ཞུས་པ། ཚོགས་ཀྱི་དབང་ཕྱུག་གི་བསྟོད་པ་སློབ་དཔོན་

དཔལ་ནགས་ཀྱི་རིན་ཆེན་གྱིས་མཛད་པ། དགེ་སློང་རྣལ་འབྱོར་སྤྱོད་པ་རྒྱ་མཚོའི་སྡེ་ཞེས་བྱ་བས་ནོར་བུ་རྒྱས་པའི་གཙུག་ལག་ཁང་ཆེན་པོར་བོད་སྐད་དུ་བསྒྱུར་བ། དཔལ་རི་ཁྲོད་ཞབས་ཀྱི་བསྟོད་པ་རིན་པོ་ཆེ་མཁས་པ་ཆེན་པོ་དཔལ་ནགས་ཀྱི་རིན་ཆེན་གྱིས་མཛད་པ། རྗེ་

བཙུན་དམ་པ་དེ་ཉིད་ཀྱི་སྤྱན་སྔར་ཆོས་སྨྲ་བ་གཞོན་ནུ་དཔལ་གྱིས་ཉེ་བར་བསྒྱུར་བ། དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ་ཡུལ་མ་ག་དྷ་ནས་བྱུང་བའི་དགེ་བསྙེན་དམ་པ་ཉི་མ་པས་མཛད་པ། རྩེས་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་འགྱུར། སྐྱེས་པ་རབས་

ཀྱི་བསྟོད་པ་སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པ། སཾ་སྐྲྀ་ཏ་ལ་བོད་སྐད་ཀྱི་མཆན་བུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲའི་འགྱུར། བླ་མ་དམ་པ་ལ་བསྟོད་པ་ཧ་རི་པུཉྫའི་དགེ་སློང་ཆོས་ཀྱི་ཉི་མས་བཀོད་པ། ཞྭ་ལུ་ལོ་ཙཱ་བའི་འགྱུར། (*མ་བྱུང༌།)གྲྭ་ལྔའི་བསྟོད་པ་སྦྱར་བྱང་མེད་པ་ཞྭ་ལུ་

ལོ་ཙཱ་བའི་འགྱུར་བ་རྣམས་བཞུགས་སོ། །རྒྱུད་སྡེའི་ལྷ་སོ་སོའི་བསྟོད་པ་རྣམས་ནི་རང་རང་གི་སྐབས་སུ་བྲི་བར་བྱའོ། །ཡོན་ཏན་མཐའ་ཡས་རྒྱ་མཚོ་མངའ་བ་ཡི། །མཆོད་གནས་བླ་མེད་རྣམས་ཀྱི་བསྟོད་པའི་ཚོགས། །སྡེབ་སྦྱོར་སྙན་དངགས་རྒྱན་གྱིས་རབ་མཛེས་

པ། །འགྲེལ་པ་དང་བཅས་བདུན་ཅུ་རྩ་བཞི་བཞུགས། །དེ་དག་གིས་ནི་ཐུན་མོང་དུ་མཆོད་པར་བརྗོད་པའི་ཚུལ་གྱིས་བསྟོད་པའི་ཚོགས་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ། །བསྟོད་པའི་བསྟན་བཅོས་ཀྱི་སྐབས་ཏེ་དང་པོའོ།། །།ད་ནི་རིག་པའི་

เล่ม ๒๑๓ · หน้า 341b

གནས་ལྔ་ལས་ནང་རིག་པའི་བསྟན་བཅོས་ལ། འབྲས་བུ་སྔགས་དང༌། རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐོར་གཉིས་ལས། དང་པོ་འབྲས་བུ་སྔགས་ཀྱི་ཐེག་པའི་སྐོར་ནི། ཀ་པ་ལ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པ་དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་སྐོར་ལ། ཀྱེ་རྡོ་རྗེ་

བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་ལེའུ་ལྔ་པ་ཡན་ཆད་པཎྜི་ཏ་དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར་ལ། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཆེན་པོ་སུ་བྷཱུ་ཏི་ཤྲཱི་ཤཱནྟི་དང༌། ལོ་ཙཱ་བ་ཅོག་གྲུ་ཏིང་ངེ་འཛིན་བཟང་

པོས་ཞུས་ཏེ་གཏན་ལ་ཕབ་པ། དེ་ལ་སླད་ཀྱིས་རྒྱ་གར་གྱི་མཁན་པོ་རྒྱལ་པོའི་སྲས་དཔལ་འཇིགས་མེད་ལྷའི་ཞལ་སྔར་ལོ་ཙཱ་བ་སྙེལ་ཅོར་དགེ་སློང་ཤེས་རབ་གྲགས་ཀྱིས་ཡུལ་དབུས་ཀྱི་དཔེས་གཏན་ལ་ཕབ་པ་ལས། སླར་ཡང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་

བཤད་པའི་སློབ་མ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་དེ་ཁོ་ན་ཉིད་ཀྱི་ལེའུ་ཡན་ལེགས་པར་བཅོས་པ་དང༌། རྡོ་རྗེ་སྙིང་པོའི་འགྲེལ་པ་ཀྱེའི་རྡོ་རྗེའི་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལེའུ་དྲུག་པ་མན་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པ་འདི་སྔོན་དེ་ཁོ་ན་ཉིད་ཀྱི་ལེའུ་ཡན་

ལས་མ་འགྱུར་བས། སླད་ཀྱིས་བལ་ཡུལ་གྱི་གྲོང་ཁྱེར་རོལ་པ་ཞེས་བྱ་བ་ནས་འབྲོ་དགེ་སློང་ལོ་ཙཱ་བས་པཎྜི་ཏ་མཻ་ཏྲི་ཞབས་ལས་རྙེད་ནས་བོད་ཡུལ་དུ་དཔེ་སྤྱན་དྲངས་ཏེ་བསྒྱུར་བ། ཀྱེའི་རྡོ་རྗེའི་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན་ཞེས་བྱ་བ་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ། རྒྱ་གར་

གྱི་མཁན་པོ་མཁས་པ་ཆེན་པོ་ཀྵི་ཏི་གརྦྷའི་ཞལ་སྔ་ནས་ཞུ་ཆེན་གྱི་ལོ་ཙཱ་བ་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར་བ་ལ། དབེན་གནས་རྩེད་ཀྱི་སྟག་ལུང་དུ་སླད་ཀྱིས་སྐད་གསར་ཆད་ཀྱིས་ཊཱི་ཀ་དང་གཏུགས་ནས་གཏན་ལ་ཕབ་པ། དཔལ་དགྱེས་པའི་རྡོ་རྗེའི་རྣམ་བཤད་རྣམ་པར་འགྲེལ་

པ་སློབ་དཔོན་བྷ་བ་བྷ་དྲས་མཛད་པ། རྒྱ་གར་གྱི་མཁན་པོ་པུཎྱ་ཀཱིརྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་སེ་རྩ་བསོད་ནམས་རྒྱལ་མཚན་གྱིས་བསྒྱུར་བ་རྣམས་བཞུགས་སོ།། །།ཁ་པ་ལ། དགེས་པ་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བརྟུལ་

เล่ม ๒๑๓ · หน้า 342a

(*འདི་ནག་པོ་པ་ཆུང་བ་ཀྲྀཥྞ་པཎྜི་ཏས་མཛད་པ་ཡིན།)ཞུགས་སྤྱོད་པ་ནག་པོ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བ་གྲུབ་པའི་སློབ་དཔོན་ཆེན་པོ་ཌྷཾ་ཀ་དཱ་ཤས་

མཛད་པ། ཕྱི་ནང་གི་གཞུང་ལུགས་རྒྱ་མཚོའི་མཐར་སོན་པ་ཁ་ཆེའི་པཎྜི་ཏ་བི་མ་ལ་ཤྲཱི་བྷ་དྲའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་བློ་བརྟན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་བ་རྣམས་བཞུགས་སོ།། །།

ག་པ་ལ། ཀྱེ་རྡོ་རྗེའི་འགྲེལ་པ་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་སློབ་དཔོན་མཁས་པ་དཔལ་སྦྱངས་དཀའ་ཟླ་བས་མཛད་པ། རྒྱ་གར་གྱིས་མཁན་པོ་པྲཛྙཱ་ཨིནྡྲ་རུ་ཙི་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་

ཞེས་བྱ་བ་དཔལ་ཁ་ཆེའི་པཎྜི་ཏ་དགེ་སློང་སྙན་གྲགས་བཟང་པོས་མཛད་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བཟང་པོའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་དཔྱལ་ཆོས་ཀྱི་བཟང་པོས་བཀྲ་ཤིས་གསེར་སྡིངས་ཀྱི་གཙུག་ལག་ཁང་ཆེན་པོར་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པར་མཛད་

དོ། །དེ་ལ་སླར་ཡང་དཔང་ལོ་ཙཱ་བ་ཆེན་པོ་དཔལ་ལྡན་བློ་གྲོས་བརྟན་པས་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པ་རྡོ་རྗེ་ཞེས་བྱ་བ་སྒྱུ་མ་བརྟག་པ་གཉིས་པའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་སློབ་དཔོན་ནག་(*འདི་ནག་པོ་པ་ཆུང་བས་མཛད།)པོ་པས་མཛད་

པ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་ཟླ་བ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱི་འགྱུར། (*དཔེ་ཐམས་ཅད་ལ་དབུ་ནས་མ་ཚང་བ་བྱུང་བ།) ཀྱེའི་རྡོ་རྗེའི་འགྲེལ་པ་སློབ་དཔོན་པདྨའི་མྱུ་གུ་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་པདྨ་ཀ་ར་དང༌། ལོ་ཙཱ་བ་མཚུར་སྟོན་དབྱིག་

གི་རྒྱལ་མཚན་གྱི་འགྱུར། དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཤྲཱི་རཏྣ་ཀ་ར་ཤཱནྟི་པས་མཛད་པ། པཎྜི་ཏ་ཆེན་པོ་ཤཱནྟི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར་བ་རྣམས་

เล่ม ๒๑๓ · หน้า 342b

བཞུགས་སོ།། །།ང་པ་ལ། འགྲེལ་པ་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་སློབ་དཔོན་ཀཱ་ཡསྠ་བགྲེས་པོས་མཛད་པ། གླན་དར་མ་བློ་གྲོས་ཀྱི་འགྱུར། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དགེས་པ་རྡོ་རྗེའི་དཀའ་འགྲེལ་སྤྱན་འབྱེད་ཅེས་

བྱ་བ་དྷརྨ་ཀཱིརྟིས་མཛད་ཟེར་བ་ལས། འགྱུར་མཁན་མི་གསལ་བ་རྣམས་བཞུགས་སོ། །འདི་རྒྱ་གར་མ་མིན་པར་འདུག་སྟེ་སྔར་གྱི་རྣམས་ཀྱིས་ཀྱང་བྲིས་ཟིན་འདུག་པས་འདིར་བཞུགས་སུ་བཅུག་པ་ཡིན་ནོ།། །།ཅ་པ་ལ། དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་

རྡོ་རྗེའི་ཚིག་བཏུ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀཱ་མ་དྷེ་ནུ་པས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་བི་ན་ཡ་དེ་ཝ་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེསརབ་ཀྱི་འགྱུར། དཔལ་དགྱེས་པ་རྡོ་རྗེ་ཞེས་བྱ་བའི་བརྒྱུད་ཀྱི་དོན་བསྡུས་གཤམ་ཅུང་ཟད་མ་ཚང་བ་ཅིག །འདིར་དགེས་རྡོར་གྱི་འགྲེལ་

པ་ནག་པོ་པའི་གསུང་གི་འོད་ཟེར་ལས་སྐྱེས་པ་ཞེས་བྱ་བ་ནི་རྫུན་མར་སྣང་བས་མ་བྲིས་སོ། །རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀའ་འགྲེལ་ཞལ་ནས་བརྒྱུད་པ་ཞེས་བྱ་བ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཉི་མ་སྦས་པ་དང༌། ལོ་ཙཱ་བ་ཤཱཀྱ་བརྩོན་

འགྲུས་ཀྱི་འགྱུར། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པ་དང་པོའི་རྒྱལ་པོའི་བཤད་སྦྱར་སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར།

རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མ་རྡོ་རྗེ་དྲྭ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ཞེས་བྱ་བ་སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་ཆེན་པོ་ཞེས་བྱ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། དགེས་རྡོར་བདེ་མཆོག་ལ་སོགས་

རྒྱུད་སྡེ་མང་པོའི་ཐུན་མོང་གི་བཤད་རྒྱུད་དཔལ་སམྤུ་ཊའི་འགྲེལ་པ་ལས་དཔལ་ཁ་སྦྱོར་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བ་སློབ་དཔོན་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་བཛྲ་བོ་

เล่ม ๒๑๓ · หน้า 343a

དྷི་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར་བ་རྣམས་བཞུགས་སོ།། །།ཆ་པ་ལ། ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་ཞེས་བྱ་བ་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་

སྦས་པས་མཛད་པ་ཤླཽ་ཀ་སྟོང་ཕྲག་བརྒྱད་པ། ཡུལ་དབུས་ཀྱི་མཁས་པ་ཆེན་པོ་དེ་ཉིད་དང་མང་དུ་ཐོས་པའི་དགེ་སློང་བསོད་སྙོམས་པ་རྩ་མི་སངས་རྒྱས་གྲགས་ཀྱིས་ནཱ་ལེནྡྲར་བསྒྱུར་ཞིང༌། སླད་ནས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང༌། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་ཡུལ་

དབུས་ཀྱི་དཔེ་དང་བསྟུན་ནས་བཅོས་པ་ལ། སླར་ཡང་དཔང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་རྒྱ་གར་གྱི་དཔེ་གཉིས་ལ་གཏུགས་ཏེ་འདིའི་སྔ་འགྱུར་མ་དག་པར་གཟིགས་པ་ལ་བརྟེན་ནས་ལེགས་པར་བསྒྱུར་ཅིང་དག་པར་བཅོས་པ་བཞུགས་སོ།། །།

ཇ་པ་ལ། རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་ཆེན་དཔལ་ཀུན་དུ་ཁ་སྦྱོར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་བཤད་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔའ་བོ་རྡོ་རྗེས་མཛད་པ། དཔལ་ཟབ་མོའི་དོན་གསལ་བ་རྨད་དུ་བྱུང་བ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་

རྒྱུད་ཀྱི་འགྲེལ་པ་ཞེས་བྱ་བ་ཨོ་ཌྱཱན་གྱི་སློབ་དཔོན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་སློབ་དཔོན་ཟབ་པའི་རྡོ་རྗེས་མཛད་པ། པཎྜི་ཏ་ཤེས་རབ་གསང་བ་དང༌། ལོ་ཙཱ་བ་གཡུང་དྲུང་སྙིང་པོའི་འགྱུར། དགའ་བའི་སྤྱན་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆེན་པོ་རྣལ་འབྱོར་

གྱི་དབང་ཕྱུག་ཤེས་རབ་དཔལ་གསང་བས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཤྲཱི་གུཔྟ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་རྒྱལ་མཚན་གྱི་འགྱུར། དཔལ་ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲོན་མ་ཞེས་བྱ་བའི་དཀའ་འགྲེལ་ཁོག་དོན་བསྡུས་པ་སློབ་དཔོན་ཆེན་པོ་རྡོ་རྗེ་གསང་

བས་མཛད་པ། རྒྱ་གར་གྱི་མཁན་པོ་མ་ཧཱ་ཡོ་གཱི་ཤྲཱི་པྲཛྙཱ་གུཔྟས་བསྒྱུར། དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་སློབ་དཔོན་ཨཱ་ཙཱརྻ་ཛྙཱ་ན་པ་ར་མ་ཡིས་མཛད་པ། བོད་ཀྱི་ལོ་ཙཱ་བ་དགེ་སློང་བྱང་ཆུབ་འབྱུང་གནས་ཀྱི་འགྱུར། དཔལ་རྙོག་པ་མེད་

เล่ม ๒๑๓ · หน้า 343b

པ་ཞེས་བྱ་བའི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་ཆེན་པོ་དགེ་སློང་གཞོན་ནུ་ཟླ་བས་མཛད་པ། དཔལ་དེ་ཁོ་ན་ཉིད་ཀྱི་སྒྲོན་མའི་རྒྱུད་ཀྱི་དཀའ་འགྲེལ་རིན་ཆེན་ཕྲེང་བ་ཞེས་བྱ་བ་རྒྱ་གར་གྱི་སློབ་དཔོན་མ་ཧཱ་སུ་ཁ་ཏ་བཛྲས་མཛད་པ། དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་བྱང་ཆུབ་འབྱུང་གནས་ཀྱིས་

བསྒྱུར་བ། འགྲེལ་ཆུང་ཕྲན་བརྒྱད་ལ།(བཤད་པ་རྣམ་གྲངས་བདུན་གྱི་ལེའུ་ཡང་ཟེར།) དགོངས་པའི་སྐད་ཀྱི་འགྲེལ་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་མཉྫུ་གྷོ་ཥ་དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་ཡེར་པའི་དབེན་གནས་སུ་བསྒྱུར། གླུའི་དེ་ཁོ་ན་ཉིད་ཅེས་བྱ་བ་

རྡོ་རྗེ་གླུའི་འགྲེལ་པ་སློབ་དཔོན་མཁས་པ་ཆེན་པོ་མཚོ་སྐྱེས་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་རཏྣ་བཛྲ་དང༌། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། རྡོ་རྗེའི་གླུ་བཤད་པ་ཞེས་བྱ་བ་སློབ་དཔོན་སྒྲོལ་མ་ཅན་གྱི་སྡེས་མཛད་པ། རྒྱ་གར་གྱི་མཁན་

པོ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། མངོན་པར་རྟོགས་པའི་རིམ་པ་ཞེས་བྱ་བ། ཞར་བྱུང་དབྱུ་གུ་དྲུག་ཅུ་རྩ་བཞིའི་བཤད་པ། ཀྱེའི་རྡོ་རྗེའི་དེ་ཁོ་ན་ཉིད་རྣམ་པར་ཕྱེ་བ་དང༌། ཀྱེ་རྡོ་རྗེའི་བཤད་པའི་བརྒྱུད་ཁ་སྦྱོར་དང༌། རྡོ་རྗེ་མཁའ་འགྲོ་ལས་རྩ་བའི་

སྐབས་བཤད་པ་རྣམས་རྒྱ་གར་གྱི་མཁན་པོ་རཏྣ་བཛྲ་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དུར་ཁྲོད་བརྒྱད་ཅེས་བྱ་བ། ཡང་དུར་ཁྲོད་བརྒྱད་ཅེས་བྱ་བ་གཉིས་རྒྱ་གར་གྱི་མཁན་པོ་རཏྣ་ཤྲཱི་མི་ཏྲ་དང༌། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བརྡ་ངེས་པར་གཟུང་བ་བླ་ཆེན་

མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར་བ་དང་བཅས་བརྒྱད་དོ། །གནས་ལ་སོགས་པ་གཏན་ལ་དབབ་པ་ཡོངས་སུ་གྲགས་པའི་པཎྜི་ཏ་གནས་བརྟན་ཤཱཀྱ་རཀྵཱི་ཏས་མཛད་པ། དཔལ་བདེ་ཆེན་ཡངས་པ་ཅན་གྱི་གཙུག་ལག་ཁང་དུ་ཞྭ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལས་བསྒྱུར་བ།

ཡང་སློབ་དཔོན་རྣལ་འབྱོར་པས་མཛད་པའི་དུར་ཁྲོད་བརྒྱད་ཀྱི་བཤད་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། དཔལ་རིན་པོ་ཆེའི་སྙེ་མ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཤྲཱི་གུ་པའི་ཞལ་སྔ་ནས་མཛད་

เล่ม ๒๑๓ · หน้า 344a

པ། དེ་ཉིད་ཀྱི་རང་འགྱུར་རྣམས་བཞུགས་སོ།། །།དེ་ལྟར་རྒྱུད་སོ་སོའི་དགོངས་འགྲེལ་རྣམས་བཀོད་ནས། སྤྱིའི་དགོངས་འགྲེལ་སྒྲུབ་ཐབས་དཀྱིལ་ཆོག་ལམ་རིམ་ལ་སོགས་པའི་སྐོར་ལ། ཉ་པ་ལ། དགེས་པ་རྡོ་རྗེའི་སྒྲུབ་ཐབས་

དང༌། ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པའི་ཆོ་ག་སློབ་དཔོན་པདྨ་བཛྲས་མཛད་པ། དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་བསྒྱུར་བ། དཔལ་ཀྱེ་རྡོ་རྗེའི་མར་མེའི་རྩེ་མོ་ལྟ་བུའི་གདམས་པ་ཞེས་བྱ་བ་མཚོ་སྐྱེས་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་

འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དགྱེས་པ་རྡོ་རྗེའི་མཎྜལ་གྱི་ཆོ་ག །ཀྱེ་རྡོ་རྗེའི་བསྟོད་པ། སྦྱིན་སྲེག་གི་ཆོ་ག་རྣམས་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། དམ་ཚིག་ལྔ་པ་སློབ་དཔོན་དཔལ་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ། རིག་པའི་འབྱུང་གནས་ཀྲ་མ་ཤཱི་ལའི་གཙུག་

ལག་ཁང་དུ་ཁམས་པ་ལོ་ཙཱ་བ་བ་རི་དྷརྨ་ཀཱིརྟིའི་འགྱུར། དཔལ་ཀྱེའི་རྡོ་རྗེའི་བྷཌྜཱ་ར་གའི་བསྟོད་པ་ཉི་ཤུ་པ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེས་མཛད་པ་དང༌། དཔལ་དཔའ་བོ་གཅིག་པ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་དྲིལ་བུས་མཛད་པ། རྒྱ་གར་གྱི་མཁན་

པོ་ག་ཡ་དྷ་ར་དང༌། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་ཀྱེའི་རྡོ་རྗེ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་ལྷ་བཙན་པོ་མུ་ནི་རཱ་ཛའི་འགྱུར། དཔལ་ཀྱེ་རྡོ་རྗེ་ལས་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་བོ་དྷི་

གརྦྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤྲཱི་དང༌། དགེ་སློང་ཤེས་རབ་སྐྱབས་ཀྱི་འགྱུར། དེ་ཁོ་ན་ཉིད་བཅུ་པ་སློབ་དཔོན་ཌོམྦི་བས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞབས་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། རྣལ་འབྱོར་ཕ་

དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ་ཞེས་བྱ་བ་སློབ་དཔོན་ཌོམྦི་ཧེ་རུ་ཀས་མཛད་པ། རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ནས་བསྡུས་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཌོམྦི་ཧེ་རུ་ཀས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ནཱ་ཀ་ར་

เล่ม ๒๑๓ · หน้า 344b

དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། དཔལ་ཀྱེའི་རྡོ་རྗེ་སྒྲུབ་པའི་ཐབས་ཌོམྦི་པས་མཛད་པ། པཎྜི་ཏ་ཆེན་པོ་བ་ན་རཏྣ་དང༌། རྩེས་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ཁ་ཆེ་དངུལ་གྱི་བུམ་པའི་འགྲེལ་པ་དང་མཐུན་པར་བསྒྱུར་བ། ཀྱེའི་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་དཀའ་འགྲེལ་

ཁ་ཆེ་དངུལ་གྱི་བུམ་པས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་དང༌། རྩེས་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་འགྱུར། སློང་མོ་བའི་འགྲེལ་པ་ཞེས་བྱ་བ་ཌོམྦི་པས་མཛད་པ། བལ་པོ་ཡམ་བུའི་གྲོང་ཁྱེར་དུ་སྒྲ་པ་ཆེན་པོ་ཛེ་ཏ་ཀརྞཎ་དང༌། ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་

དཔལ་བཟང་པོའི་འགྱུར། དཔལ་ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་སློབ་དཔོན་བཛྲ་ཨ་ལ་ལས་མཛད་པ། ཀྱེའི་རྡོ་རྗེ་དྲན་པ་གཅིག་པ་སློབ་དཔོན་གརྦྷ་རི་པས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཨིནྡྲ་རུ་ཙི་དང༌། ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་

(*སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ།)མདོར་བཤད་པ་དག་པ་རྡོ་རྗེའི་སྒྲོན་མ་ཞེས་བྱ་བ་གྲུབ་པ་བརྙེས་པའི་སློབ་དཔོན་དཔལ་ཛ་ལནྡྷ་རི་པས་མཛད་པ། པཎྜི་ཏ་མཉྫུ་ཤྲཱི་ལས་མཉན་ཏེ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་རབ་ཏུ་གསལ་བ་ཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དཔལ་སྒྲ་

གཅན་གསང་བས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་འགོས་གཞོན་ནུ་དཔལ་གྱིས་ཕོ་བྲང་སྣེ་གདོང་དུ་བསྒྱུར། ཀྱེ་རྡོ་རྗེའི་སྒྲུབ་པའི་ཐབས་ཡན་ལག་དྲུག་པ་ཞེས་བྱ་བ་སློབ་དཔོན་མི་ཐུབ་ཟླ་བས་མཛད་

པ། རྒྱ་གར་གྱི་མཁན་པོ་རཏྣ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཀྱིལ་འཁོར་གྱི་ཆོ་གའི་སྒྲུབ་ཐབས་བཟང་པོ་ཡོངས་སུ་བཟུང་བ་ཞེས་བྱ་བ་མཁས་པ་ཆེན་པོ་ཐུབ་དཀའ་ཟླ་བས་མཛད་པ་དང༌། འབྱུང་པོ་ཐམས་ཅད་པའི་གཏོར་མ་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་

ག་ཡ་དྷ་ར་དང༌། ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དེ་ཁོ་ན་ཉིད་བཞི་པའི་མན་ངག་གསལ་བའི་སྒྲོན་མ་ཞེས་བྱ་བ་དཔལ་ཨོ་ཌྱཱན་གྱི་ཡུལ་གྱི་དངོས་གྲུབ་གྲུབ་པའི་སློབ་དཔོན་ཏིལླི་པས་མཛད་པ། རྒྱ་གར་གྱི་མཁན་པོ་རཏྣ་ཤྲཱི་ཉིད་ཀྱི་ཞལ་སྔ་ནས་བསྒྱུར། ཀྱེ་རྡོ་རྗེ་ཞེས་བྱ་བའི་སྒྲུབ་པའི་ཐབས་

เล่ม ๒๑๓ · หน้า 345a

སློབ་དཔོན་ཨ་བ་དྷཱུ་ཏཱི་པ་གཉིས་མེད་རྡོ་རྗེས་མཛད་པ། ཀྱེའི་རྡོ་རྗེའི་སྒྲུབ་ཐབས་གཉིས་མེད་རྡོ་རྗེས་མཛད་པ་འགྱུར་བྱང་མེད་པ་འདི་དང༌། འོག་གི་ནགས་རིན་གྱིས་བསྒྱུར་བ་འདི་གཉིས་འགྱུར་འཆད་མི་འདྲ་བ་མ་གཏོགས་ཐ་དད་མེད་ཀྱང་སྔ་མ་རྣམས་ཀྱིས་ཀྱང་གཉིས་ཀ་བྲིས་

འདུག་པས་སོ། །ཀྱེའི་རྡོ་རྗེའི་སྒྲུབ་ཐབས་རྣམ་པར་དག་པའི་གཏེར་ཞེས་བྱ་བ་ཨ་བ་དྷཱུ་ཏཱི་པ་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་དང༌། རྩེས་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ལེགས་པར་བསྒྱུར་བ། འདིའི་གཞུང་ཚད་ནི་རྒྱ་དཔེ་ལ་ཚིགས་སུ་བཅད་པ་བདུན་ཅུ་

ལྷག་པའི་སུམ་བརྒྱ་ཞེས་སོ། །འཁྲུལ་པ་སྤང་བ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། (*འདི་མ་བྱུང༌།)ལྷན་ཅིག་སྐྱེས་པའི་དགའ་བ་ལ་ཡང་དག་པར་སྦྱོར་བ་ཞེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། དཔལ་རབ་འབྱོར་ཞི་བ་དང༌། ལོ་ཙཱ་བ་ཏིང་འཛིན་བཟང་པོའི་འགྱུར།

ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་རིམ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། དཔལ་ཀུ་མཱ་ར་ཀ་ལ་ཤུའི་འགྱུར། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དམ་པའི་འགྲེལ་པ་སྙིང་པོ་རབ་ཏུ་གསལ་བར་བྱེད་པ་ཞེས་བྱ་བ་ཨོ་ཌྱཱན་གྱི་སློབ་དཔོན་ཆེན་པོ་བྲམ་ཟེ་ཐ་ག་ནས་མཛད་པ།

པཎྜི་ཏ་ཆེན་པོ་མནྟྲ་ཀ་ལ་ཤུའི་འགྱུར། བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེའི་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ་ཞེས་བྱ་བ་སློབ་དཔོན་ཀམྤ་ལས་མཛད་པ། པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་དང༌། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱི་འགྱུར། དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེས་མཛད་

པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། དཔལ་ཀྱེའི་རྡོ་རྗེའི་སྒྲུབ་ཐབས་སློབ་དཔོན་བདེ་བའི་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་དྷརྨ་ཙནྡྲའི་རང་འགྱུར། རིན་ཆེན་འབར་བ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་མཁས་པ་ཆེན་པོ་

པྲཛྙཱ་ཨིནྡྲ་རུ་ཙིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་དགྱེས་པ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ནག་པོའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ནག་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། དགྱེས་པའི་

เล่ม ๒๑๓ · หน้า 345b

རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་པཎྜི་ཏ་ནག་པོའི་ཞབས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། དཔལ་དགྱེས་པའི་རྡོ་རྗེའི་གཞུང་འགྲེལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། རོ་བསྲེག་གི་ཆོ་ག །དགྱེས་པའི་རྡོ་རྗེའི་སྦྱིན་

སྲེག་གི་ཆོ་ག་རྣམས་སློབ་དཔོན་ནག་པོ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། རབ་གནས་ཀྱི་ཆོ་གའི་ཚུལ་ཞེས་བྱ་བ་དང༌། ཚོགས་ཀྱི་འཁོར་ལོའི་མཆོད་པའི་རིམ་པ་སློབ་དཔོན་ནག་པོ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་

པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། མཆོད་རྟེན་གྱི་ཆོ་ག་དང༌། གཤིན་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ། པཎྜི་ཏ་ཆེན་པོ་རྒྱལ་བའི་སྙན་ལས་མཉན་ཏེ་ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་གྱིས་ཐར་པ་གླིང་གི་གཙུག་ལག་ཁང་དུ་ལེགས་

པར་བསྒྱུར་བ། དཔལ་ཧེ་རུ་ཀ་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་མཁས་པ་ཆེན་པོ་སློབ་དཔོན་ཉིན་མོའི་འབྱུང་གནས་ཟླ་བའི་ཞབས་ཀྱིས་མཛད་པ། དཔལ་ཧེ་རུ་ཀའི་མན་ངག་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ། རྒྱ་གར་གྱི་མཁས་པ་ཆེན་པོ་སྟོང་པ་ཉིད་ཏིང་ངེ་འཛིན་གྱི་རྡོ་རྗེ་ཞེས་བྱ་བས་

མཛད་པ། བལ་པོའི་ཡུལ་གྱི་པཎྜི་ཏ་ཆེན་པོ་དེ་ཉིད་ཀྱི་ཞབས་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཤེས་རབ་ཡེ་ཤེས་དང༌། དཔྱལ་སེ་རྩ་བསོད་ནམས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་རྣམས་ལེགས་པར་བཞུགས་སོ།། །།ཏ་པ་ལ། ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་

པའི་ཆོ་ག་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དགྱེས་པའི་རྡོ་རྗེའི་སྒྲུབ་པའི་ཐབས་དཔལ་རྣལ་འབྱོར་པ་ཡན་ལག་མེད་པའི་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཀུན་དུ་བཟང་པོ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་

ཁྲིམས་རྒྱལ་བའི་འགྱུར། དཔལ་ཧེ་རུ་ཀའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ས་ཧ་ཛ་བི་ལཱ་པའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་བ་ལེནྡྲ་རུ་ཙེ་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། མན་ངག་རིམ་པ་གསུམ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀས་མཛད་པ།

เล่ม ๒๑๓ · หน้า 346a

གོ་བར་བྱེད་པའི་སྙིང་པོ་བརྒྱ་པའི་མིང་སློབ་དཔོན་སྣང་བ་མཐའ་ཡས་རྡོ་རྗེས་མཛད་པ་ཤླཽ་ཀ་བརྒྱས་རིམ་པ་བདུན་དུ་བྱས་ནས་ཆོས་ཐམས་ཅད་གོ་བར་བྱས་པ་གོ་བྱེད་སྙིང་པོའོ། །དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཆེན་པོ་

དཔལ་མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱི་འགྱུར། དབང་བསྐུར་བའི་ཆོ་ག་སློབ་དཔོན་ཆེན་པོ་པྲཛྙཱ་ཤྲཱིས་མཛད་པ། ཧེ་རུ་ཀ་ཉེ་བར་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཆེན་པོ་སྟོང་ཉིད་རྡོ་རྗེས་མཛད་པ།

རྒྱ་གར་གྱི་མཁན་པོ་དགེ་སློང་པཱུརྞ་ཀཱིརྟི་དང་། ལོ་ཙཱ་བ་སྣ་ནམ་རྡོ་རྗེ་བླ་མའི་འགྱུར། ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་མཁས་པ་ཆེན་པོ་ཏཱ་ར་ཤྲཱིས་མཛད་པ། བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་དབང་གི་འགྱུར། རྡོ་རྗེ་འཆང་གི་དཀར་ཆག་ཏུ་ཕྱག་རྒྱ་བཞིའི་

སྒྲུབ་ཐབས་ཟེར་བ་ཅིག་འདུག་པ་འདིར་མ་བྱུང༌། དགྱེས་པ་རྡོ་རྗེའི་དབང་གཏན་ལ་དབབ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དགྲ་ལས་རྒྱལ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། དཔལ་ཁྲོ་བོ་བཅུའི་རིག་པའི་ཆོ་ག་པཎྜི་ཏ་ཛེ་ཏཱ་རིས་

མཛད་པ། སྒྲ་པ་ཆེན་པོ་ཛེ་ཏཱ་ཀརྞ་དང༌། དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་ལེགས་པར་བསྒྱུར་ཏེ་གཏན་ལ་ཕབ་པ། གསང་བའི་དབང་གི་རབ་ཏུ་བྱེད་པ་ཞེས་བྱ་བ་སློབ་དཔོན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཅན་བི་ན་པའི་ཞལ་སྔ་ནས་མཛད་པ། དབང་ཆེན་པོའི་རིམ་པ་གསུམ་པ་ཞེས་བྱ་བ་དང༌།

དགྱེས་པ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཤྲཱི་བྷ་དྲ་དང༌། དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། དཔལ་ཀྱེའི་རྡོ་རྗེའི་མངོན་པར་རྟོགས་པའི་ཐིག་ལེ་ཞེས་བྱ་བ་རྣམ་པར་གྲགས་པའི་མཁས་པ་གནས་བརྟན་ཤཱཀྱ་སྲུང་བའི་ཞབས་ཀྱིས་མཛད་པ། སྐད་གཉིས་སྨྲ་བའི་

གཙུག་གི་ནོར་བུ་དཔལ་བྱང་ཆུབ་རྩེ་མོའི་བཀའ་དྲིན་ལས། ལོ་ཙཱ་བ་སྐྱོབ་པ་དཔལ་བཟང་པོའི་འགྱུར། ཆོས་སྤྱོད་མདོར་བསྡུས་པའི་བྱ་བ་དང༌། སཱཙྪའི་ཆོ་ག་འདི་གཉིས་རྒྱ་གར་མ་ཡིན་མིན་ཐེ་ཚོམ་ཟའོ། །བུང་བ་འདོད་པའི་སྒྲུབ་ཐབས་གྲུབ་པ་བརྙེས་པའི་སློབ་དཔོན་རཏྣ་ཙནྡྲས་མཛད་པ། པཎྜི་

เล่ม ๒๑๓ · หน้า 346b

ཏ་དེ་ཉིད་དང༌། ཁུ་དངོས་གྲུབ་ཀྱི་འགྱུར། གཏོར་མའི་དེ་ཁོ་ན་ཉིད་བསྡུས་པ་སློབ་དཔོན་དྷརྨ་པཱ་ཀས་མཛད་པ། རོ་བསྲེག་གི་ཆོ་ག་སློབ་དཔོན་མཁས་པ་ཆེན་པོ་ཡེ་ཤེས་སྙིང་པོས་མཛད་པ། མཛད་པ་པོའི་མཚན་མ་སྨོས་པ་ལ། དཔའ་བོ་གཅིག་པ་དཔལ་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་སྒྲུབ་པའི་ཐབས་

ཞེས་བྱ་བ། སྤྱན་དབྱེ་བའི་ཆོ་ག །ཚ་ཚ་བྱ་བའི་རིམ་པ། གཏོར་མའི་ཆོ་ག །ཡང་གཏོར་མའི་ཆོ་ག །དཔལ་ཀྱེའི་རྡོ་རྗེའི་གཏོར་མའི་ཆོ་ག་ཞེས་བྱ་བ། ཀྱེ་རྡོ་རྗེ་ཞེས་བྱ་བའི་གཏོར་མའི་ཆོ་ག །ཕྱག་མཚན་གྱི་ཕན་ཡོན་རྣམས་ལ་མཛད་པོ་འགྱུར་བྱང་མི་སྣང་ཞིང་ཐེ་ཚོམ་གྱི་གཞིའོ། །ཐིག་ལེ་ཆེན་པོའི་

རིམ་པ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་བླ་མ་སྒེག་པའི་རྡོ་རྗེས་མཛད་པ། བཅོམ་ལྡན་འདས་ཀྱེའི་རྡོ་རྗེའི་སྒྲུབ་ཐབས་མངོན་པར་རྟོགས་པའི་རིམ་པ་དོན་རབ་ཏུ་གསལ་བ་ཞེས་བྱ་བ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རྗེ་ནཱ་རོ་པའི་ཞལ་གྱི་ལུང་དང་སྦྱར་བ། ཡང་རོ་བསྲེག་གི་ཆོ་ག་ནཱ་རོ་པས་མཛད་ཟེར་

བ་རྡོ་རྗེ་འཆང་གི་དཀར་ཆག་ཏུ་སྣང་ཡང་འདིར་མ་བྱུང༌། དེ་ཁོ་ན་ཉིད་ཀྱི་སྣང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔས་མཛད་པ། ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐས་བསྒྱུར་ཟེར་བ་འདི་རྫུན་མར་འདུག་སྟེ་པཎྜི་ཏར་བཤད་འདུག་པས་བཞུགས་སུ་བཅུག་པ་ཡིན། རྡོ་རྗེ་འཆང་གིས་ཀྱང་ཐེ་ཚོམ་དུ་བཞེད་འདུག །དགྱེས་པ་

རྡོ་རྗེའི་ལག་ཏུ་བླང་བའི་རིམ་པ་ཞེས་བྱ་བ། བོད་ཀྱི་ལོ་ཙཱ་བ་སེ་རྩ་བསོད་ནམས་རྒྱལ་མཚན་གྱི་འགྱུར། འདི་སེ་རྩ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པ་ཡིན་འདྲ་སྟེ་སྔར་གྱི་རྣམས་ཀྱིས་ཀྱང་བྲིས་འདུག་པས་བྲིས་སོ། །གཏོར་མའི་ཆོ་ག་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཀྱེའི་

རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་མཁའ་འགྲོ་མ་ནི་གུ་མས་མཛད་པ། མཁའ་འགྲོ་མ་དེ་ཉིད་དང༌། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱི་འགྱུར། ཀྱེའི་རྡོ་རྗེ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་པཎྜི་ཏ་ཨཱ་ཙཱརྱ་ཀྲྀཥྞ་པས་མཛད་པ། དཔལ་དགྱེས་པའི་རྡོ་རྗེའི་གཏོར་མའི་རིམ་པ་སློབ་དཔོན་ཆེན་པོ་ཨ་ལ་ལ་བཛྲས་མཛད་པ།

པཎྜི་ཏ་ཀཱ་ཡསྠ་པ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། གཏོར་མའི་ལས་ཀྱི་རིམ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ། འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་ཞེས་བྱ་བ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ། ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་

เล่ม ๒๑๓ · หน้า 347a

མཚན་དཔལ་བཟང་པོས་ཐར་པ་གླིང་དུ་བསྒྱུར། ཀྱེའི་རྡོ་རྗེའི་སྒྲུབ་པའི་ཐབས་ཧེ་རུ་ཀ་མཉེས་པར་བྱེད་པའི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཇམ་དཔལ་ཡེ་ཤེས་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཛྙཱ་ན་དང༌། རོང་ཟོམ་དྷརྨ་བྷ་དྲས་བསྒྱུར། དཔལ་

ཀྱེའི་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་མན་ངག་སློབ་དཔོན་ཆེན་པོ་ཤྲཱི་ཨཱ་ནནྡ་བཛྲས་མཛད་པ། སྦྱིན་སྲེག་གི་ལས་ཀྱི་རིམ་པ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་གྱི་ཞབས་ཀྱིས་མཛད་པ། དཔལ་དགེས་པ་རྡོ་རྗེ་ལ་བསྟོད་པ་རིག་པའི་གནས་མ་ལུས་པ་ལ་མཁས་པ་གྲུབ་པའི་སློབ་དཔོན་ཁ་ཆེ་རིན་ཆེན་རྡོ་རྗེས་

མཛད་པ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང༌། ལོ་ཙཱ་བ་དགེ་སློང་བྱང་ཆུབ་ཤེས་རབ་ཀྱི་འགྱུར་རྣམས་སོ། །དེ་ལྟར་ཡབ་སྐོར་རྣམས་བཀོད་ནས། ཡུམ་གྱི་སྐོར་ལ། བདག་མེད་རྣལ་འབྱོར་མའི་སྒྲུབ་ཐབས་བདུད་རྩི་འོད་ཀྱི་སྒྲུབ་ཐབས་སློབ་དཔོན་ཌོམྦི་ཧེ་རུ་ཀས་མཛད་པ་དང༌། བདག་

མེད་མ་ཞེས་བྱ་བའི་སྒྲུབ་པའི་ཐབས་མཁས་པ་ཆེན་པོ་དཔལ་མི་ཐུབ་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བདག་མེད་མ་ལྷ་མོ་བཅོ་ལྔ་ལ་བསྟོད་པ་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། བདག་མེད་མའི་སྒྲུབ་ཐབས་རབ་ཏུ་གསལ་བ་དཔལ་

པཎྜི་ཏ་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་ལས་མཉན་ཏེ། སླད་ཀྱིས་དགེ་སློང་མཚུར་ཛྙཱ་ན་ཨཱ་ཀ་རའི་འགྱུར། བདག་མེད་མའི་སྒྲུབ་ཐབས་རྒྱས་པར་བསྟན་པ་ཞེས་བྱ་བ་དཔལ་དཀོན་མཆོག་འབྱུང་གནས་ཀྱིས་མཛད་པ། བདག་མེད་མ་དཔའ་བོ་གཅིག་མའི་སྒྲུབ་ཐབས་

བསྐྱེད་པ་དང་རྫོགས་པར་ལྡན་པ་ཞེས་བྱ་བ་སློབ་དཔོན་བསོད་སྙོམས་པ་སྒྲ་གཅན་འཛིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཨིནྡྲ་རུ་ཙི་དང༌། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། བདག་མེད་མའི་སྒྲུབ་པའི་ཐབས་སློབ་དཔོན་ཀྲྀཥྞ་པཎྜི་ཏས་མཛད་པ། བདག་མེད་མའི་མན་ངག་ཅེས་བྱ་བ་འཇམ་པའི་

དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་དཔལ་བཟང་པོའི་ཞབས་ཀྱི་པདྨ་ལ་རེག་པ་རྡོ་རྗེ་རྣལ་འབྱོར་མའི་བཀའ་དྲིན་ལས་སྐྱེས་པ་པཎྜི་ཏ་དཔལ་ཏིང་ངེ་འཛིན་རྡོ་རྗེའི་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཝ་ཨཱ་ཀ་ར་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་སེ་རྩ་བསོད་ནམས་རྒྱལ་མཚན་གྱི་འགྱུར།

เล่ม ๒๑๓ · หน้า 347b

བདག་མེད་མའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་ནཱ་རོ་པའི་ལུང་དང་སྦྱར་བ་འདི་ཐེ་ཚོམ་གྱི་གཞིའོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རིམ་པ་ལས་བདག་བྱིན་གྱིས་བརླབ་པ་ཀུ་རུ་ཀུལླེའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། མཁས་པ་ཆེན་པོ་དཔལ་དོན་ཡོད་རྡོ་རྗེ་དང༌།

ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ཀྱི་འགྱུར། དགྱེས་པ་རྡོ་རྗེ་ལས་བྱུང་བ་ཀུ་རུ་ཀུལླེའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ལྷན་སྐྱེས་སྒེག་པས་མཛད་པ་དང༌། ཀྱེ་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ་སློབ་དཔོན་ཞི་བ་འཚོས་མཛད་པ། པཎྜི་ཏ་དཱ་ན་ཤཱི་ལ་ཉིད་ཀྱི་འགྱུར། འཕགས་མ་སྒྲོལ་མ་ཀུ་རུ་

ཀུལླེའི་བསྟོད་པ་སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀས་མཛད་པ། ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས་པཎྜི་ཏ་བིམ་པ་དང༌། ལོ་ཙཱ་བ་གཞོན་ནུ་འོད་ཀྱི་འགྱུར། མྱུར་མཛད་མའི་སྒྲུབ་ཐབས་ཨོོ་ཌྱཱན་གྱི་ཡུལ་ནས་བྱུང་བ། རྒྱ་གར་གྱི་མཁན་པོ་མ་ག་དྷཱར་བྱུང་བའི་བྱང་ཆུབ་ཆེན་པོར་རབ་ཏུ་བྱུང་བའི་གནས་བརྟན་

མཉྫུ་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རོང་ཟོམ་ཆོས་བཟང་གི་འགྱུར། མྱུར་མཛད་མའི་སྒྲུབ་ཐབས་ལྷ་བཅུ་གསུམ་པའི་བདག་ཉིད། ཀུ་རུ་ཀུལླེའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཀྲྀཥྞ་བཛྲས་མཛད་པ། ཡེ་ཤེས་རྒྱལ་མཚན་གྱི་འགྱུར་རྣམས་སོ། །གུར་གྱི་སྐོར་ལ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མཁའ་

འགྲོ་རྣམ་པ་ལྔའི་སྒྲུབ་པའི་ཐབས་ཞེས་བྱ་བ་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ལཱི་ལ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་སེ་རྩ་བསོད་ནམས་རྒྱལ་མཚན་གྱི་འགྱུར། དཔལ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་དཀྱིལ་འཁོར་བསྡུས་པ་ཞེས་བྱ་བའི་རྗེས་སུ་འབྲང་བའི་སྒྲུབ་ཐབས་སློབ་དཔོན་ཆེན་

པོ་ལྷའི་བརྟུལ་ཞུགས་ཞེས་བྱ་བས་མཛད་པ་དང༌། དེ་ཁོ་ན་ཉིད་བཅུ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དྲི་མེད་གྲགས་པས་མཛད་པ། མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་དཔལ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང༌། པཎྜི་ཏ་ཆེན་པོ་ཤཱཀྱ་

ཤྲཱི་བྷ་དྲ་ལ་ཞུས་ཤིང་མཉན་ནས་ཡུལ་དབུས་ཀྱི་སྒྲ་བསྒྱུར་བ་ཆག་ལོ་ཙཱ་བ་དགེ་སློང་དགྲ་བཅོམ་གྱི་འགྱུར། འཕགས་མ་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་གྲུབ་ཐོབ་ཆེན་པོ་སྣ་ཚོགས་དམར་པོ་ཞབས་ཀྱིས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལའི་རང་འགྱུར། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས།

เล่ม ๒๑๓ · หน้า 348a

ཡང་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་དགེ་བའི་མགོན་པོས་མཛད་པ། པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱི་འགྱུར། རྡོ་རྗེ་གུར་ནས་གསུངས་པའི་རོ་སྲེག་གི་ཆོ་ག་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པ། རྒྱ་

གར་གྱི་མཁན་པོ་ཨ་ཝ་དྷཱུ་ཏཱི་པ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བ་རི་ལོ་ཙཱའི་འགྱུར། རོ་སྲེག་བྱ་བ་དགེ་སློང་ཏ་ཐཱ་ག་ཏ་རིཀྵ་ཏས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་དར་མ་བློ་གྲོས་ཀྱི་འགྱུར། གདུང་སྲེག་པའི་ཆོ་ག་ཨ་ཤོ་ཀས་མན་ངག་ཏུ་བརྩམས་པ། རྒྱ་

གར་གྱི་མཁན་པོ་ཆེན་པོ་ཨ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་དཔལ་གྱི་སྙིང་པོའི་འགྱུར། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་སྐོར་ལ། རིན་པོ་ཆེ་ཆར་ཡང་ཞེས་བྱ་བའི་སྒྲུབ་པའི་ཐབས་རྒྱ་གར་གྱི་མཁན་པོ་ཤེས་རབ་གསང་བས་མཛད་ཅིང༌། རང་འགྱུར་དུ་བསྒྱུར་བ། དཔལ་རིན་ཆེན་ཐིག་པ་ཞེས་བྱ་བའི་

སྒྲུབ་པའི་ཐབས་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཤེས་རབ་གསང་བས་མཛད་ཅིང༌། དེ་ཉིད་ཀྱིས་བསྒྱུར་བ། དབང་རིན་ཆེན་སྣང་བ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཤེས་རབ་གསང་བས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་ཀ་མ་དགེ་བསྙེན་ཆོས་ཀྱི་ཡེ་ཤེས་དང༌།

ཕྱུག་མཚམས་དབང་ཕྱུག་རྒྱ་མཚོའི་འགྱུར། ཕྱག་ཆེན་ཐིག་ལེའི་རྒྱུད་ལ་བརྟེན་ནས་དཔལ་ཆེན་པོ་ཡེ་ཤེས་མཁའ་འགྲོའི་དབང་ཕྱུག་གི་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་ལོངས་སྤྱོད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཤྲཱི་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་རྒྱལ་མཚན་གྱི་

འགྱུར། སྡིག་པ་ཐམས་ཅད་འདག་པའི་མེའི་མཆོད་པའི་ཏིང་ངེ་འཛིན་ཞེས་བྱ་བ་པཎྜི་ཏ་རིན་ཆེན་རྡོ་རྗེ་དཔལ་གྱིས་མཛད་པ། དཔལ་དགའ་བའི་མེ་ཏོག་གི་ཕྲེང་བ་ཞེས་བྱ་བ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་མན་ངག་དཔལ་ཨོོ་ཌྱཱན་རྡོ་རྗེ་ཆེན་པོའི་གནས་ལས་བྱུང་བ་དཔལ་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏིའི་

ཞལ་སྔ་ནས་མཛད་པ་དང༌། དཔལ་དེ་ཁོ་ན་ཉིད་ཀྱི་བདུད་རྩིའི་མན་ངག་དཔལ་ཨིནྡྲ་བྷཱུ་ཏི་རང་ལས་བྱུང་བ་སློབ་དཔོན་ཆེན་པོ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཆོག་གི་དངོས་གྲུབ་བརྙེས་ནས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཤྲཱི་གུཔྟ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་རྒྱལ་མཚན་གྱི་འགྱུར། དབང་རིན་ཆེན་

เล่ม ๒๑๓ · หน้า 348b

ཕྲེང་བའི་མན་ངག །དབང་གི་རིམ་པ་མདོར་བསྡུས་པ། རིམ་པ་ལྔ་པ་ཞེས་བྱ་བ། ཡན་ལག་བརྒྱད་པའི་རིམ་པ་ཞེས་བྱ་བ་རྣམས་རྒྱ་གར་གྱི་སློབ་དཔོན་དཔལ་ཤེས་རབ་གསང་བའི་ཞལ་སྔ་ནས་མཛད་ཅིང་བསྒྱུར་བ། རིན་པོ་ཆེའི་འོད་ཅེས་བྱ་བ་སྙིང་པོ་དེ་ཁོ་ན་ཉིད་ཀྱི་སྒྲུབ་ཐབས་ཡང་དག་པའི་

ས་ལ་གནས་པ་སློབ་དཔོན་ནཱ་རོ་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་བཛྲ་གུ་ཎ་བྷ་དྲ་དང༌། ལོ་ཙཱ་བ་རིན་ཆེན་རྒྱལ་མཚན་གྱི་འགྱུར། བདེ་བ་ཆེན་པོའི་བདུད་རྩིའི་འོད་ཅེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ཡེ་ཤེས་རིན་པོ་ཆེས་མཛད་པ། བྱང་སེམས་ཐིག་པའི་མན་ངག་ཅེས་བྱ་བ་རྣལ་

འབྱོར་གྱི་དབང་ཕྱུག་ཆེན་པོ་ལས་ཀྱི་ཞབས་ཀྱིས་མཛད་པ། གསང་ཆེན་དགའ་བའི་ཐིག་ལེ་ཞེས་བྱ་བ་སློབ་དཔོན་ཡུལ་སོ་མ་པུ་རིར་བྱུང་བའི་དགེ་སློང་དཔལ་ལྡན་བྱང་ཆུབ་བཟང་པོའི་སློབ་མ་དཔལ་མ་ཧཱ་མ་ཏིས་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་སློབ་དཔོན་པཎྜི་ཏ་ཨཱ་ཙཱརྱ་དུ་ལོ་པ་དང༌། བོད་ཀྱི་

ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ། །དགེས་པ་རྡོ་རྗེའི་རྒྱུད་འགྲེལ་སུམ་ཅུ་བརྒྱད། །ཡབ་སྐོར་གྱ་དགུ་ཡུམ་སྐོར་བཅོ་བརྒྱད་དེ། །གུར་ལ་བཅུ་དང་ཐིག་ལེ་གཉིས་བཅོ་ལྔ། །དྲིལ་བས་བརྒྱ་དང་བདུན་ཅུ་ཐམ་པ་བཞུགས། །དེ་དག་གིས་ནི་

ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་དགེས་པ་རྡོ་རྗེའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་དགེས་པ་རྡོ་རྗེའི་ཆོས་སྐོར་རྣམས་བཀོད་ནས། དཔལ་དུས་ཀྱི་འཁོར་ལོའི་སྐོར་ལ། ཐ་པ་ལ། མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་དཔལ་དུས་ཀྱི་འཁོར་ལོའི་

བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ལས། མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང་དུས་འཁོར་གྱི་ཚུལ་ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་དར་གྱིས་དོན་གྱི་ཆ་ལ་དཔྱད་ཅིང༌། ལོ་ཙཱ་བ་ཆེན་པོ་དགེ་

སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ། །འདི་ནི་རྩ་འགྲེལ་ཕྱོགས་གཅིག་ཏུ་བསྡེབས་ན་བསོད་ནམས་ཆེ་ཞིང༌། དེང་སང་བཤད་ཉན་དར་བའི་ཕྱིར་ཕན་ཆེ་བ་ལ་བསམས་

เล่ม ๒๑๓ · หน้า 349a

ནས་འདིར་བྲིས་པ་ཡིན་གྱི། རྒྱུད་ཀྱི་རྒྱལ་པོ་འདི་བསྟན་བཅོས་ཀྱི་ཁོངས་སུ་གཏོགས་ནས་བྲིས་པ་ནི་མ་ཡིན་ནོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ།

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པའི་ཕྱི་འཇིག་རྟེན་གྱི་ཁམས་ཀྱི་ལེའུ་དང༌། ནང་སེམས་ཅན་གྱི་ལེའུ་གཉིས་འགྱུར་རྒྱུད་དང་འདྲ་བར་བཞུགས་སོ།། །།ད་པ་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་འགྲེལ་པ་སྤྱན་རས་གཟིགས་ཀྱིས་མཛད་པའི་དབང་གི་ལེའུ་དང༌། སྒྲུབ་

ཐབས་ཀྱི་ལེའུ་དང༌། ཡེ་ཤེས་ཀྱི་ལེའུ་རྣམས་འགྱུར་སྔ་མ་དང་འདྲ་བར་བཞུགས་པ་ལས། སླར་ཡང་པཎྜི་ཏ་སྠིར་མ་ཏིའི་སློབ་མའི་མཆོག་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་དང༌། བློ་གྲོས་དཔལ་བཟང་པོས་རྒྱུད་དང་འགྲེལ་པའི་རྒྱ་དཔེ་མང་པོར་གཏུགས་ཤིང༌། དག་པ་རྣམས་དང་མཐུན་པར་བསྒྱུར་ཅིང་

གཏན་ལ་ཕབ་པ་བཞུགས་སོ།། །།ན་པ་ལ། དཔལ་དོན་དམ་བསྙེན་པ་ཞེས་བྱ་བ་དཔལ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་པདྨ་དཀར་པོས་མཛད་པ། ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོས་བསྒྱུར་ནས་གཏན་ལ་ཕབ་པ། དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་

མི་གཡོ་བའི་སྙིང་པོ་སྣང་བ་ཞེས་བྱ་བ། ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱི་སློབ་མར་གྱུར་པ། དཔང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས་བསྒྱུར་བ། པདྨ་ཅན་ཞེས་བྱ་བའི་དཀའ་འགྲེལ་དཔལ་དུས་ཞབས་པ་ཆེན་པོས་མཛད་པ། ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐས་བསྒྱུར་བ། དབང་

མདོར་བསྟན་པའི་འགྲེལ་བཤད་དོན་དམ་བསྡུས་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་གྲུབ་པའི་སློབ་དཔོན་དཔལ་ནཱ་རོ་པའི་ཞབས་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་དྷརྨ་དྷ་ར་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བལ་པོའི་མཐིལ་དུ་བསྒྱུར་བ་ལ། སླར་ཡང་ལོ་ཙཱ་བ་ཆེན་པོ་རིན་ཆེན་རྒྱལ་

མཚན་གྱིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པ། དབང་མདོར་བསྟན་པའི་མདོར་བཤད་སཱ་དྷུ་པུ་ཏྲ་དཔལ་འཛིན་དགའ་བས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་གནས་བརྟན་བྱང་ཆུབ་སེམས་དཔའ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང༌། ལོ་ཙཱ་བ་

เล่ม ๒๑๓ · หน้า 349b

གཞོན་ནུ་དཔལ་གྱིས་ཆོས་འཁོར་དཔལ་བསམ་ཡས་ཀྱི་མཆིམས་ཕུའི་དབེན་གནས་སུ་བསྒྱུར་བ་རྣམས་བཞུགས་སོ།། །།པ་པ་ལ། དབང་མདོར་བསྟན་པའི་རྒྱ་ཆེར་འགྲེལ་པ་རྣལ་འབྱོར་པ་དུས་ཀྱི་འཁོར་ལོའི་ཞབས་པས་མཛད་པ། ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོ་དང༌། ལོ་ཙཱ་བ་འབྲོ་

ཤེས་རབ་གྲགས་ཀྱི་འགྱུར། དབང་མདོར་བསྟན་པའི་དཀའ་འགྲེལ་ཤླཽ་ཀ་སུམ་བརྒྱ་དྲུག་ཅུ་པ། སྐད་གཉིས་སྨྲ་བ་ཐར་པ་ལོ་ཙཱ་བའི་སྲས་ཀྱི་ཐུ་བོར་གྱུར་པ་ལོ་ཙཱ་བ་ཆེན་པོ་བུ་སྟོན་རིན་པོ་ཆེས་རྒྱ་དཔེ་གཉིས་ལ་གཏུགས་ཏེ་བསྒྱུར་བ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་རབ་ཏུ་བྱེད་པའི་

འགྲེལ་པ་རྡོ་རྗེའི་ཚིག་འབྱེད་པ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་དཱ་རི་ཀ་པས་མཛད་པ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་གྲགས་ཀྱི་འགྱུར། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཡན་ལག་བཞི་པ་ཞེས་བྱ་བ་དུས་ཞབས་པས་མཛད་པ། པཎྜི་ཏ་བི་ཤྭ་ཤྲཱི་དང༌། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་

གྱི་འགྱུར། དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཡན་ལག་བཅུ་གཅིག་པ་སློབ་དཔོན་དུས་འཁོར་ཞབས་པ་ཆེན་པོས་མཛད་པ། ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་གྲགས་ཀྱི་འགྱུར། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐབས་དང༌། དཔལ་དུས་ཀྱི་འཁོར་

ལོའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཆེན་པོ་སཱ་དྷུ་པུ་ཏྲས་དྷརྨ་ཨཱ་ཀ་ར་ཤཱནྟིའི་དོན་དུ་མཛད་པ། རྒྱ་གར་གྱི་པཎྜི་ཏ་མཁས་པ་ཆེན་པོ་ཝཱ་གཱི་ཤྭ་ར་གུཔྟ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱི་འགྱུར། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་དུས་ཞབས་པ་ཆེན་པོ་སྣང་

བ་དང་ལྡན་པས་མཛད་པ། པཎྜི་ཏ་བ་ནི་ཤྲཱི་དང༌། ལོ་ཙཱ་བ་ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། དཔལ་དུས་ཀྱི་འཁོར་ལོ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་སློབ་དཔོན་དུས་ཞབས་པས་མཛད་པ། པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། དཔལ་དུས་ཀྱི་འཁོར་

ལོ་སྐད་ཅིག་གིས་བསྐྱེད་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་རོལ་པའི་རྡོ་རྗེས་མཛད་པ། པཎྜི་ཏ་ཝཱ་གཱི་ཤྭ་ར་དང༌། ལོ་ཙཱ་བ་རྭ་ཆོས་རབ་ཀྱི་འགྱུར། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣལ་འབྱོར་རབ་གསལ་ཞེས་བྱ་བ་དབུ་མ་ཆེན་པོའི་པཎྜི་ཏ་མཻ་ཏྲི་པའི་ཞལ་སྔ་ནས་

เล่ม ๒๑๓ · หน้า 350a

མཛད་པ། ཞྭ་ལུ་ལོ་ཙཱ་བ་དཔལ་ལྡན་ཆོས་སྐྱོང་བཟང་པོས་ཟིལ་གནོན་གྱི་ལོའི་ཆུ་སྟོད་ཟླ་བའི་ཚེས་བཅུ་དྲུག་ལ་ཡོངས་སུ་རྫོགས་པར་བསྒྱུར་ཅིང་གཏན་ལ་ཕབ་པ། འདི་ལ་གཞུང་གི་ཚད་ནི་ཅུང་ཟད་ཀྱིས་ཉེ་བར་ལྷག་པའི་ཤླཽ་ཀ་བཞི་བརྒྱ་ཡོད་ཅེས་བྱུང་

ངོ༌། །རྫོགས་པའི་རིམ་པ་སྟོན་པར་བྱེད་པའི་བསྟན་བཅོས་ཀྱི་སྐོར་ལ། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ། དཔལ་ལྡན་གསང་བ་པའི་བདག་པོ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་

རབ་འབྱོར་ཞི་བ་དང༌། ལོ་ཙཱ་བ་ཅོག་རོ་དགེ་སློང་ཏིང་ངེ་འཛིན་བཟང་པོའི་འགྱུར། འདི་ཕྱག་རྡོར་སྟོད་འགྲེལ་ལས་གུད་དུ་ཕྱེ་བར་སྣང་སྟེ། སྔར་གྱི་རྣམས་ཀྱིས་ཀྱང་བྲིས་འདུག་པས་སོ། །དཔལ་དུས་ཀྱི་འཁོར་ལོའི་སྙིང་པོའི་རྒྱན་ཞེས་བྱ་བའི་སྒྲུབ་པའི་ཐབས། ལྷོ་ཕྱོགས་རྒྱ་མཚོའི་

ཡུལ་དུ་འཁྲུངས་པའི་མཁས་པ་ཆེན་པོ་བྲམ་ཟེ་བསོད་སྙོམས་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཤྲཱི་བྷ་དྲ་བོ་དྷིའི་ཞབས་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། དཔལ་དུས་ཀྱི་འཁོར་ལོའི་མན་ངག་སློབ་དཔོན་དུས་འཁོར་ཞབས་ཆེན་པོས་མཛད་པ། རྒྱ་གར་

གྱི་མཁན་པོ་ཆེན་པོ་བུདྡྷ་ཀ་ར་བྷ་དྲ་དང༌། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ། གྲུབ་པ་ཐོབ་པའི་པཎྜི་ཏ་ཆེན་པོ་ཤྲཱི་ཨ་ནུ་པ་མ་རཀྵི་ཏས་མཛད་པ། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲའི་ཞལ་སྔ་ནས་དང༌།

གཉལ་གྱི་ལོ་ཙཱ་བ་མི་མཉམ་པ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སྦྱོར་བ་ཡན་ལག་དྲུག་པའི་རྣམ་པར་འགྲེལ་པ་པཎྜི་ཏ་ཆེན་པོ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བི་བྷཱུ་ཏི་ཙནྡྲའི་ཞལ་སྔ་ནས་ཀྱིས་རུ་ལག་གི་སྙིང་པོ་

འབྲིང་མཚམས་ཀྱི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དཔལ་དུས་ཀྱི་འཁོར་ལོའི་གདམས་ངག་ཉི་མ་ཟླ་བ་བསྒྲུབ་པ་ཞེས་བྱ་བ། རིགས་གསུམ་མགོན་པོས་པཎྜི་ཏ་བྷི་ཀུ་ནི་ལ་ལེགས་པར་གསུངས་པ། མཁས་པ་ཆེན་པོ་ཤྲཱི་བི་བྷཱུ་

เล่ม ๒๑๓ · หน้า 350b

ཏི་ཙནྡྲའི་ཞལ་སྔ་ནས་ཀྱིས་དཔལ་དིང་རི་གླང་འཁོར་དུ་སྒྲ་རང་འགྱུར་དུ་མཛད་པ། ཡེ་ཤེས་སྤྱན་སྒྲུབ་པ་ཞེས་བྱ་བ་སློབ་དཔོན་དུས་ཞབས་པས་མཛད་པ། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་བི་བྷཱུ་ཏི་ཙནྡྲའི་ཞལ་སྔ་ནས་ཀྱིས་སྒྲ་རང་འགྱུར་དུ་མཛད་པ། རྣལ་

འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འཇམ་དཔལ་རྒྱལ་པོ་གྲགས་ཞེས་བྱ་བར་སྐྱེ་བ་བཞེས་པས་མཛད་པ་དང༌། སྦྱོར་བ་ཡན་ལག་དྲུག་གི་མན་ངག་དུས་འཁོར་ཞབས་ཀྱིས་མཛད་པའི་སྙན་རྒྱུད་ཅེས་བྱ་བ། པཎྜི་ཏ་སོ་མ་ནཱ་ཐ་དང༌། ལོ་ཙཱ་བ་འབྲོ་ཤེས་

རབ་གྲགས་ཀྱི་འགྱུར། དཔལ་དུས་ཀྱི་འཁོར་ལོའི་མན་ངག་སྦྱོར་བ་ཡན་ལག་དྲུག་གི་རྒྱུད་ཀྱི་དཀའ་འགྲེལ་སྦས་པ་མིག་འབྱེད་ཅེས་བྱ་བ་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ། རྒྱ་གར་གྱི་མཁན་པོ་དགེ་སློང་ཟླ་བ་གྲགས་པའི་འགྱུར། སྦྱོར་བ་ཡན་ལག་དྲུག་གི་སྦྱོར་བའི་མན་ངག་ཙི་ལུ་པས་

མཛད་པ། པཎྜི་ཏ་ས་མནྟ་ཤྲཱི་དང༌། ལོ་ཙཱ་བ་རྭ་ཆོས་རབ་ཀྱི་འགྱུར། རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ་དཔལ་ཤ་བ་རི་དབང་ཕྱུག་གིས་པཎྜི་ཏ་མ་ཧཱ་བི་བྷཱུ་ཏི་ཙནྡྲ་ལ་གསུངས་པ། དེས་སྒྲ་རང་འགྱུར་དུ་མཛད་པ། སྦྱོར་བའི་ཕྲེང་བ་པཎྜི་ཏ་རྩ་མི་སངས་རྒྱས་གྲགས་པས་མཛད་པ། ལོ་ཙཱ་

བ་དགེ་ཚུལ་ཤེས་རབ་དཔལ་གྱི་འགྱུར། ནང་གི་སྙེ་མ་ཞེས་བྱ་བ་རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་བི་བྷཱུ་ཏི་ཙནྡྲས་ཕྱོགས་གཅིག་ཏུ་མཛད་པ། པཎྜི་ཏ་དེ་ཉིད་ཀྱི་རང་འགྱུར། སྙིང་པོ་རྡོ་རྗེའི་ཚིག་ཅེས་བྱ་བ་རི་ཁྲོད་ཞབས་ཀྱིས་པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་གནང་བ། དེ་ཉིད་དང་ལོ་ཆེན་བསོད་

ནམས་རྒྱ་མཚོའི་སྡེའི་འགྱུར། རྡོ་རྗེ་ཐེག་པའི་དུས་ཀྱི་འཁོར་ལོའི་རྩ་བའི་ལྟུང་བ་བྱང་ཆུབ་སེམས་དཔས་མཛད་པ། དཔལ་དུས་ཀྱི་འཁོར་ལོའི་སྡོམ་ཚིག་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་རས་མཛད་པ། པཎྜི་ཏ་ཇོ་བོ་རི་པ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཁེའུ་བརྒད་འཁོར་ལོ་གྲགས་ཀྱི་འགྱུར། དཔལ་

དུས་ཀྱི་འཁོར་ལོའི་བསྟོད་པ་རྒྱུན་ཆགས་པ་ཞེས་བྱ་བ་ཀ་ལིངྒའི་རྒྱལ་པོའི་བླ་མ་སྡེ་སྣོད་གསུམ་བཤད་པའི་མཁས་པ་ཆེན་པོ་ལེགས་པའི་གྲགས་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་བི་ནཱ་ཡ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ལྡན་མ་ཚུལ་ཁྲིམས་སེང་གེས་ཆུ་མིག་རིང་མོར་འགྱུར། བརྒྱད་བརྒྱད་དྲུག་ཅུ་རྩ་

เล่ม ๒๑๓ · หน้า 351a

བཞིའི་རྣལ་འབྱོར་མ་རྣམས་ཀྱི་གཏོར་མའི་ཆོ་ག །པཎྜི་ཏ་ཆེན་པོ་ཀཱིརྟི་ཙིནྡྲའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། དུས་ཀྱི་འཁོར་ལོ་ལ་འཇུག་པ་ཞེས་བྱ་བའི་རྩིས་ཀྱི་བསྟན་བཅོས་སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་

གནས་སྦས་པས་མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་ཤྲཱི་དྷརྨ་ཀཱིརྟིས་བསྒྱུར་བ་ལ། །སླད་ཀྱིས་ཡུལ་མ་ག་དྷའི་པཎྜི་ཏ་ཆེན་པོ་མཁས་བཙུན་གྲུབ་པ་བརྙེས་པ་རཱ་ཧུ་ལ་ཤྲཱི་བྷ་དྲའི་ཞལ་སྔར་ཆག་ལོ་ཙཱ་བ་དགེ་སློང་དཔལ་གྱི་མཐའ་ཅན་གྱིས་དག་པར་བཅོས་པ། དཔལ་

དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཅེས་བྱ་བ། ཉི་ཟླ་འཛིན་པའི་རྩིས། གཟའ་ལྔ་སོ་སོའི་རྐྱང་རྩིས་ཀྱི་མན་ངག་ཅེས་བྱ་བ་རྣམས་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ་དཔལ་ལྡན་མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པར་རྒྱུད་སྣ་ཚོགས་

པ་རྣམས་ཀྱི་རྣལ་འབྱོར་མཁས་པ་དཔེ་མེད་བསྲུང་བས་མཛད་པ། ལ་སྟོད་དིང་རི་གླང་འཁོར་མཁན་པ་ཁྲོད་དུ་རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲ་དང༌། གཉལ་གྱི་ལོ་ཙཱ་བ་མི་མཉམ་བཟང་པོས་བསྒྱུར་བ། སླར་ཡང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས་ལེགས་

པར་བསྒྱུར་ཏེ་ཞུ་ཆེན་གྲུབ་པ། རྣལ་འབྱོར་ཡན་ལག་དྲུག་གི་བརྗེད་བྱང་ཡོན་ཏན་གྱིས་འགེངས་པ་ཞེས་བྱ་བ་མཁས་པ་ཆེན་པོ་གནས་བརྟན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ། ཤླཽ་ཀ་ཕྱེད་དང་བཅས་པའི་བརྒྱ་ཕྲག་དྲུག་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བྷཱུ་ཏི་ཙནྡྲས་རུ་ལག་གི་སྙིང་པོ་འབྲིང་

མཚམས་ཀྱི་སའི་ཆ་དཔལ་རྒྱ་རྟགས་ཀྱི་གཙུག་ལག་ཁང་དུ་བསྒྱུར་བ། སླར་ཡང་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་ལེགས་པར་བསྒྱུར་ཅིང་ཞུས་ཆེན་མཛད་པ་རྣམས་བཞུགས་སོ།། །།ཕ་པ་ལ། དབང་མདོར་བསྟན་གྱི་འགྲེལ་པ་དཔལ་དུས་ཀྱི་འཁོར་ལོ་པ་པཎྜི་ཏ་

རྣམ་པར་རྒྱལ་བ་དབང་པོས་མཛད་པ། ལོ་ཙཱ་བ་དཔང་དཔལ་ལྡན་བློ་གྲོས་བརྟན་པའི་འགྱུར། གཞུང་ཚད་ནི་ཚིགས་བཅད་བདུན་ཅུ་རྩ་བདུན་གྱིས་ལྷག་པའི་བརྒྱ་ཕྲག་བཞིའོ། །རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པ་ཞེས་བྱ་བ་དང༌། རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པ་ཞེས་བྱ་བའི་དཀའ་འགྲེལ་

เล่ม ๒๑๓ · หน้า 351b

ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པ། པཎྜི་ཏ་དེ་ཉིད་ཀྱི་དྲུང་དུ་ལོ་ཙཱ་བ་དཔྱལ་ཆོས་བཟང་གི་འགྱུར། དཔལ་དུས་ཀྱི་འཁོར་ལོའི་རབ་ཏུ་གནས་པའི་ཆོ་ག་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོའི་ཚོགས་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་རྣམས་སློབ་དཔོན་

དུས་འཁོར་ཞབས་ཀྱིས་མཛད་པ། པཎྜི་ཏ་ཝཱ་གཱི་ཤྭ་ར་དང༌། ལོ་ཙཱ་བ་རྭ་ཆོས་རབ་ཀྱི་འགྱུར། འཕགས་པ་མཚན་ཡང་དག་པར་བརྗོད་པའི་མདོར་བཤད་བདུད་རྩིའི་ཐིགས་པ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་པཎྜི་ཏ་ཆེན་པོ་གནས་བརྟན་ཉི་མའི་དཔལ་ཡེ་ཤེས་ཀྱིས་མཛད་པ།

རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ནོར་བུ་དཔལ་ཡེ་ཤེས་དང༌། བླ་མ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དཔལ་ཉི་མའི་དབང་པོའི་འོད་ཟེར་གྱི་ཞལ་སྔར། ལོ་ཙཱ་བ་ཆག་དགེ་སློང་ཆོས་རྗེ་དཔལ་གྱི་འགྱུར། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་བདུད་རྩི་ཐིགས་པ་སྒྲོན་

མ་གསལ་བ་ཞིབ་མོ་རྣམ་པར་འཐགས་པ་ཞེས་བྱ་བ་གྲུབ་པ་མཆོག་གི་ཡོན་ཏན་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་ནུ་པ་མ་རཀྵི་ཏས་མཛད་པ། བྱང་རི་བཀྲ་ཤིས་ཀྱི་གཙུག་ལག་ཁང་དུ་པཎྜི་ཏ་སུ་ག་ཏ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་དྷརྨ་ཀཱིརྟི་དང༌། དགེ་སློང་རྡོ་རྗེ་རྒྱལ་མཚན་གྱི་འགྱུར། འཕགས་པ་འཇམ་

དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྣམ་པར་བཤད་པ་འཇམ་དཔལ་གྱི་སྤྲུལ་པ་མིའི་དབང་པོ་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཨ་བྷ་ཡ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་སྦལ་རྡོ་རྗེ་རྒྱལ་པོའི་འགྱུར། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དྲི་མ་

མེད་པའི་འོད་ཅེས་བྱ་བ་རྒྱལ་པོ་པདྨ་དཀར་པོས་མཛད་པ། ཡུལ་མ་ག་དྷཱའི་དཔལ་ནཱ་ལེནྡྲར་རྗེ་བཙུན་སྒྲོལ་མའི་ལྷ་ཁང་དུ་པཎྜི་ཏ་དགེ་སློང་རྡོ་རྗེ་འཛིན་པ་དཔལ་བསོད་སྙོམས་པ་ཆེན་པོའི་འགྱུར། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཕན་ཡོན་གྱི་འགྲེལ་པ་སྔགས་ཀྱི་

དོན་སྙིང་པོ་བསྡུས་པ་དཔལ་མཁས་པ་ཆེན་པོ་དུས་ཞབས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཨ་བྷ་ཡ་བཛྲ་དང༌། དགེ་བསྙེན་རྡོ་རྗེ་རྒྱལ་པོས་བསྒྱུར་ཟེར་བ་འདི་གསུམ་བོད་མ་ཡིན་པར་སྣང་སྟེ་སྔ་མ་རྣམས་ཀྱིས་བྲིས་སྣང་བས་འདིར་བཞུགས་སུ་བཅུག་པ་ཡིན་ནོ། །འཕགས་པ་

เล่ม ๒๑๓ · หน้า 352a

འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མངོན་པར་རྟོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་མཛད་པ།(*མ་བྱུང༌།) མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་པཎྜི་ཏ་བི་བྷཱུ་ཏི་ཙནྡྲས་མཛད་པ། ལོ་ཙཱ་བ་དགེ་སློང་

བྱང་ཆུབ་རྩེ་མོའི་འགྱུར་རྣམས་བཞུགས་སོ། །ཤེས་དང་ཤེས་བྱ་དབྱེར་མེད་དུས་འཁོར་ལོ། །ཕྱི་ནང་གཞན་གསུམ་བདེན་གཉིས་དབྱེར་མེད་པར། །སྟོན་པའི་བསྟན་བཅོས་རྗེས་འབྲང་དང་བཅས་པ། །མཆོག་ཏུ་གྱུར་པ་ལྔ་བཅུ་རྩ་དྲུག་བཞུགས། །དེ་དག་གིས་ནི་ཐབས་ཤེས་

གཉིས་སུ་མེད་པའི་རྒྱུད་དུས་ཀྱི་འཁོར་ལོའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཀྱི་སྐོར་གྱི་བསྟན་བཅོས་རྣམས་བཀོད་ནས། རྒྱུད་སྡེ་སྒོ་དྲུག་པ་རྣལ་འབྱོར་གསང་མཐའི་རྒྱུད་བདེ་མཆོག་གི་རྒྱུད་ཀྱི་སྐོར་གྱི་བསྟན་བཅོས་ལ།། །།བ་པ་ལ།

དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་སྒྲུབ་པའི་ཐབས་ཀྱི་གླེང་གཞི་ཞེས་བྱ་བ་སློབ་དཔོན་ཆེན་པོ་ལཱ་བ་པས་མཛད་པ། རྒྱ་གར་གྱི་མཁན་པོ་སཱུརྱ་གུཔྟ་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། མངོན་པར་བརྗོད་པ་འབུམ་པ་ལས་བྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་

རྣམ་པར་བཤད་པ་ཞེས་བྱ་བ་ལེའུ་དང་པོའི་འགྲེལ་བཤད་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་རབ་འབྱོར་ཞི་བ་དང༌། ཅོག་གྲུ་ལོ་ཙཱ་བ་དགེ་སློང་ཏིང་ངེ་འཛིན་བཟང་པོས་བསྒྱུར་བ་ལས། དུས་ཕྱིས་ཆོས་ཀྱི་རྒྱལ་པོ་བླ་མ་དམ་པའི་བཀའ་དྲིན་གྱིས་

བསྐྱངས་པ། ཤོང་ལོ་ཙཱ་བ་དགེ་སློང་བློ་གྲོས་བརྟན་པས་བྲག་དམར་དབེན་པར་ལེགས་པར་བསྒྱུར་བ། དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་བྷ་བ་བྷ་དྲ་སེ་མཛད་པ། རྒྱ་གར་ཤར་ཕྱོགས་ལྷ་མོའི་མཁར་ནས་བྱུང་བའི་པཎྜི་ཏ་མི་མཉམ་རྡོ་རྗེ་དང༌། དབྱར་

མོ་ཐང་ནས་བྱུང་བའི་ཁམས་པ་དགེ་སློང་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་བལ་ཡུལ་གྲོང་ཁྱེར་ཡམ་བུར་པན་རུ་བ་རོའི་ལྷ་ཁང་དུ་ནེང་དང་པ་རིས་ཡོན་བདག་བྱས་ནས་ལོ་པཎ་དེ་གཉིས་ཀྱིས་ལེགས་པར་བསྒྱུར་བ། འདིའི་གཞུང་ཚད་ནི་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ལྔའོ། །རིན་པོ་ཆེའི་ཚོགས་

เล่ม ๒๑๓ · หน้า 352b

ཞེས་བྱ་བའི་དཀའ་འགྲེལ་སློབ་དཔོན་ཆེན་པོ་རྒྱལ་དཀའ་མི་ཐུབ་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཏཱ་ར་ཀ་ལ་ཤུ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་གུ་ཎ་ཤྲཱིའི་འགྱུར་རྣམས་བཞུགས་སོ།། །།མ་པ་ལ། དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་དཔའ་བོའི་ཡིད་དུ་འོང་བ་ཞེས་བྱ་བ་སློབ་

དཔོན་ཆེན་པོ་སྐལ་ལྡན་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དཔལ་འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ལངྒ་རྒྱལ་བ་བཟང་པོས་མཛད་པ། གཞུང་ཚད་བདུན་བརྒྱ་ཡོད་པ།

དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གནས་པ་ཐམས་ཅད་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁྲུངས་པ་དངོས་གྲུབ་བརྙེས་པའི་སློབ་དཔོན་ལྷ་སྦས་ཀྱིས་མཛད་པ། ཡོན་ཏན་མ་ལུས་པའི་གནས་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་ཆེན་པོ་དཔའ་བོ་རྡོ་རྗེས་མཛད་པ། པཎྜི་

ཏ་ཆོས་སྐྱོང་དང༌། ཁམས་པ་བ་རི་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲགས་ཀྱི་འགྱུར། གཉིས་ཀའི་བཤད་སྦྱར་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དྷརྨ་བློ་གྲོས་ཀྱིས་ལྷོ་ཕྱོགས་ཨ་ཏི་བི་ཤའི་ཡུལ་བྷཙྪ་མའི་

གྲོང་ཁྱེར་དུ་ཀ་ཡ་ཏའི་རིགས་སུ་འཁྲུངས་པའི་རྗེ་བཙུན་ཏ་ཞེས་གྲགས་པས་གངྒཱའི་ཆུ་འགྲམ་གྱི་གཙུག་ལག་ཁང་དུ་བསྒྱུར། དཔལ་སྡོམ་པའི་འགྲེལ་པ་དེ་ཁོ་ན་ཉིད་མཁས་པ་ཞེས་བྱ་བ་དགའ་བྱེད་བདག་པོའི་སློབ་མ་རྟག་པའི་རྡོ་རྗེས་མཛད་པ། འདི་ཀུན་ལྡན་གྱི་ལོ་ཆོ་འཕྲུལ་ཆེན་པོ་རྟའི་ཟླ་

བའི་ཡར་ངོའི་ཚེས་བརྒྱད་ལ་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱི་འགྱུར། སྡོམ་པའི་རྒྱུད་ཉུང་ངུའི་མཚམས་སྦྱོར་དཔལ་ནཱ་རོ་ཏ་པའི་རྗེས་སུ་འབྲང་བའི་པཎྜི་ཏ་སུ་མ་ཏི་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། དཔལ་བདེ་མཆོག་

གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔའ་བོ་རྡོ་རྗེས་མཛད་པ། རྒྱ་གར་གྱི་པཎྜི་ཏ་པ་ར་ཧི་ཏ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ།། །།ཙ་པ་ལ། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་

เล่ม ๒๑๓ · หน้า 353a

པོ་བདེ་མཆོག་བསྡུས་པ་ཞེས་བྱ་བའི་རྣམ་པར་བཤད་པ་ཨིནྡྲ་བྷཱུ་ཏིས་མཛད་པ། རྩ་བའི་རྒྱུད་ཀྱི་སྙིང་པོ་བསྡུས་པ་ངེས་པར་བརྗོད་པའི་བླ་མ་རྩ་བ་རྩ་བའི་འགྲེལ་པ་སློབ་དཔོན་ཤཱུ་རངྒ་བཛྲས་མཛད་པ། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་ཛྙཱ་ན་ཤྲཱི་མི་ཏྲའི་གསུང་

ཇི་ལྟ་བ་བཞིན་བསྒྱུར་བ་རྣམས་བཞུགས་སོ།། །།ཚ་པ་ལ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ་སློབ་དཔོན་མཁས་པ་ཆེན་པོ་བྷ་ཝ་བྷ་དྲའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འགོས་

ལྷས་བཙས་ཀྱི་འགྱུར། གསང་བ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་པ་བླ་མ་ཌོམྦི་ཧེ་རུ་ཀ་ཞེས་བྱ་བ་བརྟུལ་ཞུགས་བརྙེས་པས་མཛད་པ། གུ་རུ་རཏྣ་བཛྲ་དང༌། ལོ་ཙཱ་བ་བླ་མ་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བརྟན་པར་བྱེད་པ་ཞེས་

བྱ་བའི་དཀའ་འགྲེལ་སློབ་དཔོན་ཆེན་པོ་ནོར་བཟངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། དཔལ་གསང་ཆེན་པདྨ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་རྒྱ་གར་ཁ་ཆེའི་མཁན་པོ་ལོངས་སྤྱོད་རྡོ་རྗེས་མཛད་པ། པཎྜི་

ཏ་དེ་ཉིད་ཀྱི་རང་འགྱུར་རྣམས་བཞུགས་སོ། །ཕྱི་མ་འདི་བདེ་མཆོག་དང་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་འགྲེལ་དུ་འདོད་པ་ཅི་རིགས་སུ་སྣང་ཞིང་སོ་སོར་དབྱེ་དཀའ་བར་སྣང་ནའང་སྡོམ་པ་འབྱུང་བའི་རྒྱུད་ཕྱི་མའི་ཕྱི་མ་ཞེས་བཤད་པ་དང༌། མཁའ་འགྲོ་མ་ནི་རྡོ་རྗེ་ཕག་མོའོ་ཞེས་སོགས་

བདེ་མཆོག་དང་མཐུན་པ་ཤས་ཆེ་བར་སྣང་བས་འདིར་བཀོད་དོ།། །།ཛ་པ་ལ། དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ཞེས་བྱ་བ་གྲུབ་པའི་སློབ་དཔོན་པདྨ་རྡོ་རྗེས་མཛད་པ། གཞུང་ཚད་མཉམ་པའི་སྡེབ་སྦྱོར་གྱི་ཤླཽ་ཀ་སྟོང་ཕྲག་བརྒྱད་པ།

བལ་ཡུལ་ཡམ་བུའི་གྲོང་ཁྱེར་གྱི་དབུས་ཡུ་རུད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ། རྒྱ་གར་གྱི་པཎྜི་ཏ་རྡོ་རྗེ་སློབ་དཔོན་རྟོག་གེ་བའི་གཙུག་གི་ནོར་བུ་སྐྱེ་འགྲོ་རྣམས་ཆོས་དང་ཟང་ཟིང་གི་ཆར་གྱིས་ཚིམ་པར་མཛད་པ་རྒྱལ་བའི་སྡེ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཡོན་ཏན་གྱི་

เล่ม ๒๑๓ · หน้า 353b

འགྱུར་བ་བཞུགས་སོ།། །།ཝ་པ་ལ། སྡོམ་པ་འབྱུང་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་པདྨ་ཅན་ཞེས་བྱ་བ་གྲུབ་པ་བརྙེས་པའི་མཁས་པ་ཆེན་པོ་དགེ་སློང་རཏྣ་རཀྵི་ཏས་མཛད་པ། དེ་ཉིད་ཀྱི་དངོས་སློབ་པཎྜི་ཏ་ཐམས་ཅད་མཁྱེན་པའི་དཔལ་གྱིས་རང་འགྱུར་དུ་

མཛད་པ་ལ། དུས་ཕྱིས་བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་བློ་བརྟན་གྱིས་ཕུ་རིའི་གཙུག་ལག་ཁང་དུ་བསྒྱུར་ཞིང་བཅོས་པ། དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་ངུ་ཞེས་བྱ་བ་སློབ་དཔོན་ཟླ་བ་གཞོན་ནུས་མཛད་པ། ལྷོ་ཕྱོགས་

ཨོ་ཌི་བི་ཥའི་ཡུལ་བྷཙྪ་མའི་གྲོང་ཁྱེར་དུ་རྗེ་བཙུན་མཁས་པས་བསྔགས་པའི་རྒྱ་གར་གྱི་མཁན་པོ་ཏ་ཐཱ་ག་ཏ་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དྷརྨ་བློ་གྲོས་ཀྱིས་ལེགས་པར་བསྒྱུར་བ། རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་བཤད་སྦྱར་སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། རྒྱ་གར་

གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ཀྱི་འགྱུར། རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་འགྲེལ་པ་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ་སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པ། པཎྜི་ཏ་པ་ར་ཧི་ཏ་དང༌། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་འགྱུར། ནམ་མཁའ་

དང་མཉམ་པ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་པཎྜི་ཏ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཤཱུ་ནྱ་ཏཱ་ས་མཱ་དྷི་དང༌། ལོ་ཙཱ་བ་ཤེས་རབ་ཡེ་ཤེས་ཀྱི་འགྱུར། དེ་ལྟར་རྒྱུད་སོ་སོའི་འགྲེལ་པ་རྣམས་བཀོད་ནས། སྒྲུབ་ཐབས་དཀྱིལ་ཆོག་མན་ངག་ལ་སོགས་པའི་སྐོར་ནི།

དཔལ་འཁོར་ལོ་སྡོམ་པའི་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ། དེ་ཁོ་ན་ཉིད་ཀྱི་སྙིང་པོ་སྒྲུབ་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་སོ་མ་ནཱ་ཐས་གཉལ་མི་ཤེས་རབ་མཆོག་གི་དོན་དུ་བསྒྱུར་བ། དཔལ་བཅོམ་ལྡན་འདས་མངོན་པར་རྟོགས་

པ་ཞེས་བྱ་བ་ཡུལ་བྷངྒ་ལའི་སློབ་དཔོན་བསོད་སྙོམས་པ་དངོས་གྲུབ་བརྙེས་པ་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པས་མཛད་པ། ཁ་ཆེའི་པཎྜི་ཏ་ཤྲདྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་ལ། སླད་ཀྱིས་རྡོ་རྗེ་སློབ་དཔོན་ཆེན་པོ་རྗེ་བཙུན་ན་བ་ཀོ་ཊི་པཱ་

เล่ม ๒๑๓ · หน้า 354a

ད་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་ཡུལ་ཤར་ཕྱོགས་ཀྱི་དཔེ་དང་བསྟུན་ཏེ་བཅོས་པ། དུས་ཕྱིས་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་འགྲེལ་པ་དང་བསྟུན་ནས་ཅུང་ཟད་བཅོས་པ། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་དོན་ཐམས་

ཅད་གྲུབ་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ་མཆོག་གི་དངོས་གྲུབ་བརྙེས་པ་སློབ་དཔོན་དཱ་རི་ཀ་པས་མཛད་པ། ཡུལ་ཁ་ཆེའི་མཁན་པོ་དྷརྨ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེའི་འགྱུར་ལ། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཐུན་མོང་གི་དངོས་གྲུབ་བརྙེས་པའི་པཎྜི་ཏ་

ཀུ་མཱ་ར་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་ཉི་མ་རྡོ་རྗེས་རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་མངའ་ལྡན་དུ་བསྒྱུར་ཞིང་བཅོས་པ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་ཀྱིས་བསྡུས་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་རིག་པའི་བརྟུལ་ཞུགས་པ་དཔལ་དཱ་རི་ཀ་པས་མཛད་པ། བྷངྒ་ལའི་པཎྜི་

ཏ་ཀུ་མཱ་ར་བཛྲ་དང༌། ལོ་ཙཱ་བ་དགེ་སློང་ཉི་མ་རྡོ་རྗེའི་འགྱུར། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་སློབ་དཔོན་རིག་པའི་བརྟུལ་ཞུགས་པ་དཔལ་དཱ་རི་ཀ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་བཛྲ་དང༌། ལོ་ཙཱ་བ་དགེ་སློང་ཉི་མ་རྡོ་རྗེ་

དང༌། སྤྱིལ་ཅོག་གི་ཐོ་གར་དགེ་མཛེས་ཀྱི་འགྱུར། དཔལ་འཁོར་ལོ་སྡོམ་པའི་དབང་གི་བྱ་བ་མདོར་བསྡུས་པ་ཞེས་བྱ་བ་སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀྲྀཥྞ་པ་དང༌། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དཔལ་འཁོར་ལོ་

སྡོམ་པའི་སྒྲུབ་པའི་ཐབས་ཕྱག་རྒྱ་ཆེན་པོ་གྲུབ་པ་དཔལ་རྡོ་རྗེ་དྲིལ་བུ་པས་མཛད་པ། པཎྜི་ཏ་པྲཛྙཱ་བྷ་དྲ་དང༌། ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་ཀྱི་འགྱུར། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པ་སློབ་དཔོན་ཆེན་པོ་མཁས་པ་རྡོ་རྗེ་དྲིལ་བུ་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཀྲྀཥྞ་པཎྜི་ཏ་

པ་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར་ལ། ཕྱིས་བླ་མ་སུ་མ་ཏི་ཀཱིརྟི་དང༌། དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བཅོས་པ་དཔལ་ཕམ་ཐིང་པའི་བརྒྱུད་པ་མ་ནོར་བའི་བཤད་པའོ། །དེ་དག་ལ་དྲིལ་བུ་སྐོར་གསུམ་དུ་གྲགས་སོ། །འཁོར་ལོ་སྡོམ་པའི་ལུས་དཀྱིལ་གྱིས་མངོན་པར་

เล่ม ๒๑๓ · หน้า 354b

རྟོགས་པ་དང༌། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པའི་འགྲེལ་པ་རྡོ་རྗེ་དྲིལ་བུ་པས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་གྲུབ་ཐོབ་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པ། པཎྜི་ཏ་

རྡོ་རྗེ་གདན་པ་ནིསྐ་ལངྒ་དང༌། དཔྱལ་ལོ་ཙཱ་བ་དཔལ་ཆོས་ཀྱི་བཟང་པོའི་འགྱུར། བཅོམ་ལྡན་འདས་དཔལ་བདེ་མཆོག་སྒྲུབ་པའི་ཐབས་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་རྡོ་རྗེ་དྲིལ་བུ་པས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌།

བོད་ཀྱི་ལོ་ཙཱ་བ་མཁས་པ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་བདེ་མཆོག་ཕྱག་གཉིས་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་དངོས་གྲུབ་བརྙེས་པའི་པཎྜི་ཏ་ཆེན་པོ་དཔལ་རྡོ་རྗེ་དྲིལ་བུ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ལྔ་རིག་པཎ་ཆེན་གྲུབ་པ་བརྙེས་པའི་རྗེ་བཙུན་རཏྣ་རཀྵི་ཏ་

དང༌། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་འགྱུར། ཚོགས་ཀྱི་འཁོར་ལོའི་ཆོ་ག་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་རིན་པོ་ཆེའི་སྒྱུ་འཕྲུལ་སྦྱིན་པ་ཞེས་བྱ་བ་སློབ་

དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པ། མ་ཧཱ་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་དབང་གི་འགྱུར། དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས་ཞེས་བྱ་བ་རྟོག་གེ་པའི་ཚོགས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པ། རྒྱ་

གར་གྱི་མཁན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ན་དང༌། ཆག་ལོ་ཙཱ་བ་དགེ་སློང་དཔལ་གྱི་མཐའ་ཅན་གྱི་འགྱུར། འདིའི་གཞུང་ཚད་ནི་བླ་མའི་ཕྱག་དཔེ་ལ་ཚིག་རྐང་པ་བཞིའི་རེ་རེ་ཞིང་ཡི་གེ་སུམ་ཅུ་རྩ་དྲུག་ཏུ་གནས་ཤིང༌། རྐང་པ་བཞི་ཀ་བསྡོམས་པས་ཡི་གེ་སྟོང་སུམ་བརྒྱ་བཞི་བཅུ་རྩ་བཞི་

བཞུགས་ལ། བོད་ཀྱི་དཔེ་ལ་ནི་ཚིག་རྐང་རེ་རེ་ལ་ཚེག་བར་ཉིས་བརྒྱ་དགུ་བཅུ་རྩ་ལྔ་ཡོད་ཅིང༌། བསྡོམས་པས་ཚེག་བར་སྟོང་བརྒྱ་བརྒྱད་ཅུ་ཡོད་དོ་ཞེས་འབྱུང་ངོ༌། །བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་རིན་པོ་ཆེ་གཙུག་གི་ནོར་བུ་ཞེས་བྱ་བ་དང༌།

เล่ม ๒๑๓ · หน้า 355a

དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་དཔལ་ལྭ་བ་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར།

ནག་པོ་པའི་སྐོར་ལ། དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བའི་སྒྲུབ་ཐབས་ཤླཽ་ཀ་བརྒྱ་ཉི་ཤུ་རྩ་བརྒྱད་པ་དང༌། བཅོམ་ལྡན་འདས་དཔལ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཆེན་པོ་བརྟུལ་ཞུགས་སྤྱོད་པ་ནག་པོ་པས་མཛད་པ། རྒྱ་གར་གྱི་མཁན་པོ་བུདྡྷ་

ཤྲཱི་ཤཱནྟི་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། སླད་ཀྱིས་པཎྜི་ཏ་ཆེན་པོ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། དཔལ་བདེ་མཆོག་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་

བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིག་པ་གཞོན་ནུའི་འགྱུར་ཏེ་བསྐྱེད་པའི་རིམ་པ་སྐོར་གསུམ་མོ། །རྫོགས་རིམ་སྐོར་གསུམ་ལ། དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ་ནག་པོ་སྤྱོད་པ་པས་མཛད་པ། པཎྜི་ཏ་བློ་གྲོས་བཟང་པོ་གྲགས་པ་དང༌། ལོ་ཙཱ་བ་སྒྲ་སྒྱུར་མར་པ་ཆོས་ཀྱི་དབང་

ཕྱུག་གི་འགྱུར། དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་ཞེས་བྱ་བ་རྡོ་རྗེ་རྣལ་འབྱོར་མའི་ཞབས་ཀྱི་ཐིག་ལེ་ལ་རེག་པས་ཧེ་རུ་ཀའི་དཔྱིད་ཀྱི་དགའ་བ་ཐོབ་པ་དེས་མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་དང༌། ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་

རྒྱལ་པོའི་ཕོ་བྲང་སྣེའུ་གདོང་དུ་བསྒྱུར་བ། གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་སྤྱོད་པའི་བརྟུལ་ཞུགས་ནག་པོ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར་བ་ལས། སླད་ཀྱིས་དཔལ་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌།

ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བཅོས་པ། རིམ་པ་བཞི་པ་དང༌། རིམ་པ་བཞི་པའི་རྣམ་པར་འབྱེད་པ་ཞེས་བྱ་བ་ཨཱ་ཙཱརྱ་ནག་པོ་ཉིད་ཀྱིས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱི་འགྱུར་ཏེ་ནག་པོ་ཆོས་དྲུག་ཏུ་གྲགས་སོ། །ཡི་

เล่ม ๒๑๓ · หน้า 355b

གེ་བདུན་པའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་ནག་པོ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ངག་གི་དབང་ཕྱུག་དང༌། ལོ་ཙཱ་བ་ཀློག་སྐྱ་ཤེས་རབ་བརྩེགས་ཀྱི་འགྱུར་བ་ལས། སླད་ནས་བོད་ཀྱི་ལོ་ཙཱ་བ་ཨཱ་ཙཱརྱ་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་ཏེ་གཏན་ལ་ཕབ་པ་རྣམས་བཞུགས་སོ།། །།

ཞ་པ་ལ། དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བའི་བདེ་མཆོག་གི་སྒྲུབ་ཐབས་སློབ་དཔོན་ལཱུ་ཧི་པས་མཛད་པ། འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་བསྡུས་པ་དཔལ་ཨོ་རྒྱན་ལྷ་མོའི་གནས་པ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་སྙིང་པོའི་དེ་ཁོ་ན་

ཉིད་གྲུབ་པ་སློབ་དཔོན་ཆེན་པོ་ཛ་ལནྡྷ་རས་མཛད་པ། དཔལ་ལྷན་ཅིག་སྐྱེས་པའི་མན་ངག་བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ་དང༌། དཔལ་ལྷན་ཅིག་སྐྱེས་པ་བདེ་བའི་མཆོག་བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ་རི་ཁྲོད་ཆེན་པོའི་གསུང་དང༌། བདེ་མཆོག་དཔལ་ལྷན་ཅིག་སྐྱེས་པའི་

སྒྲུབ་ཐབས་བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་འབྲིང་པོས་མཛད་པ། རྗེ་མི་ཉག་ཆེན་པོའི་འགྱུར། སྡོམ་པ་བཤད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་བརྟུལ་ཞུགས་སྤྱོད་པ་ནག་པོ་པས་མཛད་པ། ཛ་ག་ཏ་ལར་འོལ་སྟོན་ཆོས་འབྱུང་གི་འགྱུར། ཡི་གེ་བདུན་པའི་

སྒྲུབ་ཐབས་སློབ་དཔོན་རྒྱལ་དཀའ་ཟླ་བས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་བདུད་རྩི་འཛག་པ་ཞེས་བྱ་བ་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ། བདེ་མཆོག་ཤེས་པར་བྱེད་པ་ཞེས་བྱ་བ་བདེ་མཆོག་གི་མངོན་པར་རྟོགས་པ་སློབ་དཔོན་བྱང་ཆུབ་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་

པོ་བྷ་དྲ་ཤྲཱི་བོ་དྷི་དང༌། ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། དཔའ་བོ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀས་མཛད་པ། རྗེ་དཱི་པཾ་ཀ་རའི་ཞལ་སྔ་ནས་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀའ་འགྲེལ། རྒྱ་

གར་གྱི་མཁན་པོ་དཔལ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར། དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་གྱི་མཆོད་པའི་ཆོ་ག དཔལ་འཁོར་ལོ་སྡོམ་པའི་གཏོར་མའི་ཆོ་ག །དཔལ་འཁོར་ལོ་སྡོམ་པའི་ལག་མཆོད་ཀྱི་ཆོ་ག །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་

เล่ม ๒๑๓ · หน้า 356a

འཁོར་གྱི་ཆོ་ག་མདོར་བསྡུས་པ་ཞེས་བྱ་བ་རྣམས་སློབ་དཔོན་པྲཛྙཱ་རཀྵི་ཏས་མཛད་པ་སྟེ། པྲཛྙཱ་རཀྵི་ཏའི་ཆོས་བཞིར་གྲགས་པ་རྣམས་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། དཔལ་འཁོར་ལོ་སྡོམ་པའི་དབང་གི་བྱ་བའི་རིམ་པ་

པཎྜི་ཏ་ཆེན་པོ་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། སྐད་གཉིས་སྨྲ་བའི་དབང་ཕྱུག་དགེ་སློང་དྷརྨ་ཤྲཱི་བྷ་དྲས། ལོ་ཙཱ་བ་ཆེན་པོ་བུ་སྟོན་ཐམས་ཅད་མཁྱེན་པའི་བཀའ་ལྟར་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པའི་གནས་ཞྭ་ལུ་རི་ཕུག་ཏུ་བསྒྱུར་བ། དཔལ་ལྷན་

ཅིག་སྐྱེས་པའི་བདེ་བའི་མཆོག་བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཏིལླི་པས་མཛད་པ། རྗེ་མི་ཉག་ཆེན་པོའི་འགྱུར། དཔའ་བོ་གཅིག་པ་ཧེ་རུ་ཀའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནཱ་རོ་པས་མཛད་པ། བདེ་མཆོག་གི་སྦྱིན་སྲེག་སྤྱིའི་གསལ་

བྱེད་པདྨ་དབྱངས་ཀྱིས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་བསྡུས་པ། བདེ་མཆོག་གི་སཱཙྪའི་ཆོ་ག་མ་ཧཱ་པྲཛྙཱ་རཀྵི་ཏས་མཛད་པ། ལོ་ཙཱ་བ་བཤེས་གཉེན་བ་རི་བའི་འགྱུར། འཁོར་ལོ་སྡོམ་པའི་སྒྲུབ་ཐབས་སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ།

རྒྱ་གར་གྱི་མཁན་པོ་དོན་ཡོད་རྡོ་རྗེ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བ་རིའི་འགྱུར། དཔལ་བདེ་མཆོག་གི་དཀྱིལ་འཁོར་བྱ་བའི་ཐབས་ཞེས་བྱ་བ་ཚིགས་སུ་བཅད་པ་དགུ་བརྒྱ་པ་སློབ་དཔོན་རྒྱལ་བ་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་འཇམ་དཔལ་དང༌། བོད་ཀྱི་ལོ་ཙཱ་བ་

དགེ་སློང་བ་རིའི་འགྱུར། དཔལ་ཧེ་རུ་ཀའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བཀྲ་ཤིས་ཚིགས་སུ་བཅད་པ་ཁ་ཆེའི་

ཡུལ་དུ་བྱུང་ཞིང་དངོས་གྲུབ་བརྙེས་པའི་སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ། པཎྜི་ཏ་ཏཱ་ར་ཀ་ལ་ཤུ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འདིའི་ཞུས་དག་དང༌། སྲུང་བའི་འཁོར་ལོའི་ཁ་སྐོང་རྣམས་འཕགས་པས་མཛད་དོ། །དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས་

เล่ม ๒๑๓ · หน้า 356b

སློབ་དཔོན་དད་བྱེད་གོ་ཆས་མཛད་པ། ཁ་ཆེའི་མཁན་པོ་བི་ནཱ་ཡ་ཀ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར། ཧེ་རུ་ཀའི་རྣམ་པར་དག་པ་སློབ་དཔོན་ཤྲདྡྷ་ཀ་ར་ཝརྨས་མཛད་པ། སློབ་དཔོན་དེ་ཉིད་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། རྗེ་བཙུན་དཔལ་ཧེ་རུ་ཀ་སྒྲུབ་

པའི་ཐབས་མདོར་བསྡུས་པ་ཞེས་བྱ་བ་བྲམ་ཟེ་བྷྲྀངྒ་རས་མཛད་པ། རྒྱ་གར་གྱི་མཁན་པོ་གཞོན་ནུ་བུམ་པའི་འགྱུར་ལ། སླད་ཀྱིས་པཎྜི་ཏ་སུ་མ་ཏི་ཀཱིརྟིའི་ཞབས་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གི་ཞུས་ཏིག་བྱས་པ། ཡི་གེ་བདུན་པའི་སྒྲུབ་ཐབས་པཎྜི་ཏ་གཉིས་སུ་མེད་པའི་

རྡོ་རྗེ་མཛད་པ། བོད་ཀྱི་ལོ་ཙཱ་བ་མཁས་པ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་སློབ་དཔོན་མཁས་པ་མཻ་ཏྲི་པས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་བ་རེག་ཐོས་པ་དགས་

བསྒྱུར་བ། སླད་ཀྱིས་དགེ་བའི་བཤེས་གཉེན་མཁས་པ་བ་རི་ལོ་ཙཱ་བས་བཅོས་པ་ལས། དུས་ཕྱིས་ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ནའི་བཀའ་དྲིན་ལ་བརྟེན་ནས་གནུབས་ལོ་ཙཱ་བས་སྒྲ་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕབ་པ། དཔལ་འཁོར་ལོ་སྡོམ་པའི་མན་ངག་ཅེས་བྱ་བ་སློབ་དཔོན་

གཉིས་མེད་རྡོ་རྗེས་མཛད་པ། གྲུབ་པའི་སློབ་དཔོན་བླ་མ་བྷ་རེནྡྲ་རུ་ཙིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། དཔལ་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་མའི་བདག་ཉིད་ཀྱི་དབང་བསྐུར་བའི་ཆོ་ག་ཞེས་བྱ་བ་སློབ་དཔོན་གཉིས་མེད་རྡོ་རྗེས་

མཛད་པ། བལ་པོ་ཨཱ་ཙཱརྱ་ཛྙཱ་ན་བཛྲའི་ཞབས་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཞང་ཞུང་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དཔལ་འཁོར་ལོ་སྡོམ་པའི་རབ་གནས་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་

གྱི་འགྱུར། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ཚིགས་བཅད་སུམ་ཅུ་པ་སློབ་དཔོན་སྤྲིན་གྱི་བཞོན་པའི་ལྷས་མཛད་པ། འདི་པཎྜི་ཏ་ཚུལ་ཁྲིམས་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་འགྲེལ་པ་རྒྱ་དཔེ་དང་གཏུགས་ནས། ཞྭ་ལུ་ལོ་ཙཱ་བ་ཆེན་པོ་དྷརྨཱ་པ་ལ་བྷ་དྲ་ཞེས་བྱ་བས་ལེགས་

เล่ม ๒๑๓ · หน้า 357a

པར་བསྒྱུར་བ། ལྷ་བཅུ་གསུམ་གྱི་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ཆོ་ག་དཔལ་བ་ན་རཏྣས་མཛད་པ། ལོ་ཙཱ་བ་ཆེན་པོ་གཞོན་ནུ་དཔལ་གྱིས་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པ། ལཱུ་ཧི་པས་མཛད་པའི་མངོན་པར་

རྟོགས་པ་རྣམ་པར་འབྱེད་པ་ཞེས་བྱ་བ་མཁས་པ་ཆེན་པོ་དི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དང༌། དཔལ་བཅོམ་ལྡན་འདས་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ་རྒྱ་གར་གྱི་མཁན་

པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དཔའ་བོ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། རྡོ་རྗེ་གདན་གྱི་རྡོ་རྗེ་གདན་གྱི་གླུ། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུའི་འགྲེལ་པ་རྣམས་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་

ཏ་དེ་ཉིད་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྤྱོད་པའི་གླུ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སྤྱོད་པའི་གླུའི་འགྲེལ་པ་ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ནག་

ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དཔལ་འཁོར་ལོ་སྡོམ་པའི་མངོན་པར་རྟོགས་པ་མ་ཧཱ་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔྟ་པཱ་དས་མཛད་པ། མ་ཧཱ་པཎྜི་ཏ་རཏྣ་རཀྵི་ཏ་པཱ་ད་དང༌། ལོ་ཙཱ་བ་རྡོ་རྗེ་འཛིན་པ་ཞང་གྲུབ་པ་དཔལ་བཟང་པོའི་འགྱུར། དབང་གི་རབ་ཏུ་བྱད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་

ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པ། པཎྜི་ཏ་དེ་ཉིད་དང༌། མཁས་པ་ཤེས་རབ་དཔལ་གྱི་འགྱུར། རང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཅེས་བྱ་བ་དངོས་གྲུབ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་བདེ་མཆོག་ཉིད་དང་དབྱེར་མེད་པའི་

པཎྜི་ཏ་ཆེན་པོ་དཔལ་རྗེ་བཙུན་རཏྣ་རཀྵི་ཏ་དང༌། ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱི་འགྱུར། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་བདེ་མཆོག་གི་སྒྲུབ་ཐབས་རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་ཉིན་མོར་མཛད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་སུ་བྷཱུ་ཏི་ཤཱནྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་

เล่ม ๒๑๓ · หน้า 357b

སློང་དགེ་བའི་བློ་གྲོས་ཀྱི་འགྱུར། བདེ་མཆོག་གི་སྦྱིན་སྲེག་གི་ཆོ་ག་བྲམ་ཟེ་ཆེན་པོ་ཉིན་མཛད་རྡོ་རྗེས་མཛད་པ། དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས་བཏུས་པའི་སྒྲུབ་པའི་ཐབས་བྱང་ཆུབ་ཀྱི་སེམས་ཀུན་དུ་གཟིགས་པའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀ་ལ་

ཀ་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཀྲཱི་ཀ་ར་དང༌། ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱི་འགྱུར། དཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ་སློབ་དཔོན་ཆེན་པོ་དཔག་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་རཀྵི་ཏ་དང༌། ཨཱ་ཙཱརྱ་མར་

པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་འཁོར་ལོ་སྡོམ་པའི་སྙིང་པོ་དེ་ཁོ་ན་ཉིད་བསྡུས་པ་སློབ་དཔོན་ཀུ་ས་ལི་པས་མཛད་པ། རྡོ་རྗེ་སློབ་དཔོན་ངག་གི་དབང་ཕྱུག་དང༌། ཨཱ་ཙཱརྱ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ་དང༌། དཔལ་འཁོར་

ལོ་སྡོམ་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་སློབ་དཔོན་ཀུ་ས་ལི་པས་མཛད་པ། ཁ་ཆེའི་མཁས་པ་བྷ་དྲ་བོ་དྷི་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་འཁོར་ལོ་སྡོམ་པ་གཉིས་སུ་མེད་པའི་བསམ་གཏན་གྱི་མན་ངག་རྣལ་འབྱོར་གྱི་རྒྱུད་གཏུམ་མོ་སློབ་དཔོན་ཆེན་པོ་དགེ་བའི་

མགོན་པོས་མཛད་པ། བལ་པོའི་པཎྜི་ཏ་ཝཱ་གཱི་ཤྭ་ར་དང༌། ལོ་ཙཱ་བ་ཨཱ་ཙཱརྱ་མར་པ་ཆོས་དབང་གི་འགྱུར། ལཱུ་ཡི་པའི་མངོན་པར་རྟོགས་པའི་འགྲེལ་པ་སྡོམ་པ་འབྱུང་བ་ཞེས་བྱ་བ། ལཱུ་ཡི་པའི་མངོན་པར་རྟོགས་པའི་འགྲེལ་པའི་ཊཱི་ཀ་ཁྱད་པར་གསལ་བྱེད་ཅེས་བྱ་བ། དཔལ་བདེ་མཆོག་

གི་དཀྱིལ་འཁོར་གྱི་ཆོ་ག་རྣམས་པཎྜི་ཏ་ཆེན་པོ་དེ་བཞིན་གཤེགས་པའི་རྡོ་རྗེས་མཛད་པ། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲའི་རང་འགྱུར། དཔལ་བདེ་མཆོག་འཁོར་ལོའི་མངོན་པར་རྟོགས་པའི་དཀའ་འགྲེལ་སློབ་དཔོན་བཱི་ར་བཛྲས་མཛད་པ། དཔལ་བདེ་

མཆོག་འཁོར་ལོའི་ཆོ་ག་ཡིད་འོང་ཕྲེང་བ་ཞེས་བྱ་བ་དང༌། མཉེས་པའི་སྙིང་པོ་ཞེས་བྱ་བ་སློབ་དཔོན་ཀྵཱནྟི་དཔའ་བོ་རྡོ་རྗེས་མཛད་པ། ཡེ་ཤེས་འབྱུང་བ་མན་ངག་ཅེས་བྱ་བ་ཀཱ་ཡསྠ་པ་ག་ཡ་དྷ་རས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱི་

เล่ม ๒๑๓ · หน้า 358a

འགྱུར། སྡོམ་པ་འབྱུང་བའི་སྒྲུབ་ཐབས་བལ་པོའི་པཎྜི་ཏ་ཆེན་པོ་ཀྵནྟི་ཤྲཱིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་བློ་བརྟན་གྱིས་ལེགས་པར་བསྒྱུར་ཏེ་གཏན་ལ་ཕབ་པ་རྣམས་བཞུགས་སོ།། །།ཟ་པ་ལ། དཔལ་མཁའ་འགྲོ་རྒྱ་

མཚོའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་པདྨ་རཱ་གའི་གཏེར་ཞེས་བྱ་བ་དང༌། རྐང་པ་བཞི་བཅུ་རྩ་བརྒྱད་པ་བསྒྱུར་བའི་བསྟོད་པ། ཤྲཱི་ཛ་ཡ་སེ་ནཱ་དང༌། དཔལ་དྷརྨ་ཡོན་ཏན་གྱི་འགྱུར། འདི་ལ་ཚིགས་སུ་བཅད་པར་བསྒྱུར་བའང་སྣང་ངོ༌། །གཏོར་མའི་ཆོ་ག་རིན་པོ་

ཆེ་ཨསྨ་གརྦྷ་དང༌། བླ་མའི་མཎྜལ་གྱི་ཆོ་ག་རིན་པོ་ཆེ་མརྐ་ཏ་མཁས་པ་ཛ་ཡ་སེ་ནའི་གསུང༌། དཔལ་ཡེ་ཤེས་རྡོ་རྗེའི་འགྱུར། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་སློབ་དཔོན་མཻ་ཏྲི་པས་མཛད་པ། དཔལ་མཁའ་འགྲོ་རྒྱ་མཚོའི་མངོན་པར་དབང་བསྐུར་བའི་ཆོ་ག་དང༌།

དཔལ་མཁའ་འགྲོ་རྒྱ་མཚོའི་སྦྱིན་སྲེག་གི་ཆོ་ག་རིན་པོ་ཆེ་མེ་ཤེལ་མཁས་པ་ཆེན་པོ་ཛ་ཡ་སེ་ནཱའི་གསུང༌། པཎྜི་ཏ་དེ་ཉིད་དང༌། དཔལ་ཡེ་ཤེས་རྡོ་རྗེའི་འགྱུར། རང་བྱིན་གྱིས་བརླབ་པའི་མན་ངག་གི་སྒྲུབ་ཐབས་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གཞོན་ནུ་དཔལ་གྱི་ཞལ་

སྔ་ནས་གྱིས་མཛད་པ། གསང་བ་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་སྙན་ནས་སྙན་དུ་བརྒྱུད་པ་ཞེས་བྱ་བ་དཔལ་ལྡན་ནཱ་རོ་པས་མཛད་པ། པཎྜི་ཏ་ཆེན་པོ་ཤྲཱི་ན་རོ་པ་དང༌། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། གསང་བ་རིན་པོ་ཆེ་ཞེས་བྱ་བ་མི་བསྐྱོད་རྡོ་རྗེས་

མཛད་པའི་སྙན་ནས་སྙན་དུ་བརྒྱུད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་ཕུལླ་ཧ་རིའི་དགོན་པར་བསྒྱུར་བ། བདུད་རྩི་འོད་ཟེར་ཅན་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རཏྣ་ཤྲཱི་ཛྙཱ་ན་དང༌། མར་པ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་རྡོ་རྗེ་

མཁའ་འགྲོ་ལུས་མེད་པའི་ཆོས་ཞེས་བྱ་བ་རྗེ་ཏེ་ལོ་པས་ནཱ་རོ་པ་ལ་གསུངས་པ། རྡོ་རྗེ་མཁའ་འགྲོ་མ་ལྟ་བསྒོམ་སྤྱོད་གསུམ་གྱི་བརྡ་བསྟན་པ། དཔལ་སྡོམ་པའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་མཁའ་འགྲོའི་གསང་ཚིག་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་

เล่ม ๒๑๓ · หน้า 358b

བུ་ལ་ཧ་རིར་བསྒྱུར་བ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བསྟོད་པ་ཞེས་བྱ་བ་པཎྜི་ཏ་ཤཱུ་ར་ཀ་ལ་ཤས་མཛད་པ། ཞུ་ཆེན་གྱི་ལོ་ཙཱ་བ་བསོད་ནམས་བཟང་པོའི་འགྱུར། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ་དང༌། དཔལ་འཁོར་ལོ་

སྡོམ་པ་ལ་བསྟོད་པ་ཁ་ཆེའི་པཎྜི་ཏ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་མ་ཧཱ་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་རྒྱས་པ་སློབ་དཔོན་བྷུ་རི་པས་མཛད་པ། ཇོ་བོ་རྗེ་དང༌། ལོ་ཙཱ་བ་

རིན་ཆེན་བཟང་པོའི་འགྱུར། ལམ་གྱི་རབ་ཏུ་བྱ་བ་གྲོང་ཁྱེར་སུམྦྷ་རིའི་རྒྱལ་པོའི་སྲས་དཔལ་འཇིགས་བྱེད་ལྷའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་ཀྱི་སྤྱན་སྔར། བོད་ཀྱི་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། དབང་གི་རིམ་པ་ཞེས་བྱ་བ་ཁ་ཆེའི་པཎྜི་ཏ་བདེ་

བའི་རྒྱལ་པོས་མཛད་པ། རཏྣ་ཤྲཱིའི་ཞབས་ཀྱི་པདྨོ་ལ་གཏུགས་པ་པཎྜི་ཏ་ཤྲཱི་པ་ར་ཧི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་རྒྱལ་མཚན་གྱི་འགྱུར། དཔལ་འཁོར་ལོ་སྡོམ་པ་དཔའ་བོ་གཅིག་པའི་སྒྲུབ་ཐབས་པཎྜི་ཏ་དཔལ་མ་ཎི་ཀ་ཤྲཱིས་མཛད་པ། རྒྱ་གར་གྱི་མཁན་པོ་

པཎྜི་ཏ་སུ་མ་ཏི་ཀཱིརྟིའི་སྤྱན་སྔར་དགེ་སློང་པྲཛྙཱ་ཀཱིརྟིའི་འགྱུར། དཔལ་བདེ་མཆོག་འཁོར་ལོའི་སྦྱིན་སྲེག་གི་ཆོ་ག་གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིག་པ་གཞོན་ནུའི་འགྱུར། དཔལ་འཁོར་

ལོ་བདེ་མཆོག་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དབུས་པ་བློ་ལྡན་གྱིས་མཛད་པ། ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་གསུམ་གསལ་བར་བྱེད་པ་ཞེས་བྱ་བ་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱིས་མཛད་པ། བོད་ཀྱི་རྒྱལ་པོ་ཕོ་བྲང་ཞི་བ་འོད་ཀྱིས་བསྒྱུར་བ། སློབ་དཔོན་ནག་

པོ་པས་མཛད་པ་སྒྲོན་མ་བཞིའི་ཊཱི་ཀ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཤྲཱི་དྷ་རའི་ཞལ་སྔ་ནས་གྱིས་མཛད་ཅིང་བསྒྱུར་བའོ། །དེ་ལྟར་བདེ་མཆོག་ཡབ་བཀའི་སྐོར་རྣམས་བཀོད་ནས། ཡུམ་གཙོ་བོར་གྱུར་པའི་སྐོར་ལ། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཨཱ་ཙཱརྱ་བྷ་དྲས་མཛད་

เล่ม ๒๑๓ · หน้า 359a

པ། བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་མཁས་པ་ཆེན་པོ་ཨ་བ་དྷཱུ་ཏཱི་པ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་དང༌། རྡོ་རྗེ་རྣལ་འབྱོར་མ་ལ་མཆོད་པ་མདོར་བསྡུས་པ་རྒྱ་

གར་གྱི་མཁན་པོ་བཛྲ་པཱ་ཎིའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་མཚུར་གྱི་འགྱུར། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བྱང་ཆུབ་སེམས་དཔའ་རྒྱལ་པོ་སེང་གེའི་གདན་ཅན་ཁྱབ་འཇུག་སྦས་པས་མཛད་པ། འཇིགས་མེད་ལྷའི་ཞབས་དང༌། ལོ་ཙཱ་བ་རྗེ་བཙུན་པྲཛྙཱ་ཀཱིརྟིའི་འགྱུར། གྲུབ་པའི་

རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དཔལ་ཨོོ་ཌྱཱན་གྱི་མི་དབང་ཨིནྡྲ་བྷཱུ་ཏིས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་ནཱ་ལེནྡྲ་པ་དང༌། ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིའི་འགྱུར། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབ་པའི་རིམ་པ་ཞེས་

བྱ་བ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཆེན་པོས་མཛད་པ། ལོ་ཙཱ་བ་ཡེ་ཤེས་རྡོ་རྗེའི་འགྱུར། རྣལ་འབྱོར་མའི་སྒྲུབ་པའི་ཐབས་དཔལ་ལྷ་ལྕམ་ལཀྵྨཱི་ཀ་རས་མཛད་པ། རྡོ་རྗེ་རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས་དཔལ་རི་ཁྲོད་དབང་ཕྱུག་གིས་མཛད་པ། རྡོ་རྗེ་རྣལ་འབྱོར་མ་དཀར་མོའི་སྒྲུབ་ཐབས་

རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། བླ་མ་བཻ་རོ་ཙ་ནའི་འགྱུར། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞལ་གཉིས་མ་ཆུང་བ་རི་ཁྲོད་དབང་ཕྱུག་གིས་མཛད་པར་གྲགས་པ། རྒྱ་གར་གྱི་མཁན་པོ་བསོད་ནམས་འབྱུང་གནས་བཟང་པོ་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་

འགྱུར། དཔལ་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ཞེས་བྱ་བ་ཞལ་གཉིས་མ་ཆེ་བར་གྲགས་པ་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པ་མཁས་པ་ཆེན་པོ་ཏིང་ངེ་འཛིན་རྡོ་རྗེའི་ཞབས་རྡུལ་ལ་རེག་པ་པཎྜི་ཏ་སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པ།(དོན་གྲུབ་མ་ཆུང་བའང་ཟེར།)དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་

སྒྲུབ་ཐབས་སློབ་དཔོན་གྲུབ་པ་བརྙེས་པ་ཨ་བ་དྷཱུ་ཏཱི་པས་མཛད་པ།(*དོན་གྲུབ་མ་ཆེ་བ་ཟེར།)ཡེ་ཤེས་འཕོ་བ་ཞེས་བྱ་བ་དཔལ་སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པ། རྡོ་རྗེ་ཕག་མོ་དབུ་བཅད་མའི་སྒྲུབ་ཐབས་ཆུང་བ་ལྷ་མོ་དཔལ་གྱི་བློ་གྲོས་མས་མཛད་པ་རྣམས་བལ་པོའི་པཎྜི་ཏ་བྷ་རེནྡྲ་རུ་ཙི་དང༌། ལོ་ཙཱ་བ་

เล่ม ๒๑๓ · หน้า 359b

བློ་ལྡན་ཤེས་རབ་ཀྱི་འགྱུར། དབུ་བཅད་མའི་སྒྲུབ་ཐབས་ཆེ་བ་ཞེས་བྱ་བ་དཔལ་བིརྺ་པས་མཛད་པ། བལ་པོའི་པཎྜི་ཏ་བྷ་རེནྡྲ་རུ་ཙི་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་བསོད་སྙོམས་པའི་

སློབ་མ་རྒྱལ་བས་བྱིན་གྱི་ཚ་བོ་སངས་རྒྱས་བྱིན་གྱིས་མཛད་པ། བལ་པོའི་པཎྜི་ཏ་བྷ་རེནྡྲ་རུ་ཙི་དང༌། བོད་ཀྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། གཞུང་དྲུག་གི་སྦྱིན་སྲེག་དང་བཅས་པ་འདི་དག་བོད་ན་གྲགས་པའི་རིམ་པ་ལྟར་བཀོད་པའོ། །རིགས་ལྡན་མའི་དེ་ཁོ་ན་ཉིད་ངེས་

པ་ཞེས་བྱ་བ་ཨོོ་ཌྱཱན་དུ་གྲུབ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་འགྱུར། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མཆོད་པའི་ཆོ་ག་རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎིའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་མཚུར་གྱི་འགྱུར། རུས་སྦལ་ཞབས་ཀྱི་སྒྲུབ་པའི་ཐབས་གྲུབ་ཐོབ་རྔོན་

པ་བས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཨཱ་ནནྡ་ཀ་རའི་ཞལ་སྔ་ནས་དང༌། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། ཕག་མོ་ཐུགས་ཀྱི་སྒྲུབ་ཐབས་ཀུརྨ་པཱ་དའི་གདམས་པ། པཎྜི་ཏ་ཨཱ་ནནྡ་ཀ་ར་དང༌། དཔྱལ་ལོ་ཙཱ་བ་དཔལ་ཆོས་ཀྱི་བཟང་པོའི་འགྱུར། རྡོ་རྗེ་རྣལ་འབྱོར་མ་

མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས་གྲུབ་ཐོབ་རྔོན་པ་བས་མཛད་པ། བླ་མ་རྡོ་རྗེ་གདན་པ་ནི་སྐ་ལངྒ་དང༌། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། སློབ་མ་རྗེས་སུ་གསུང་བའི་ཆོ་ག་ཞེས་བྱ་བ། རྡོ་རྗེ་རྣལ་འབྱོར་མའི་དབང་མདོར་བསྡུས་པ་ཞེས་བྱ་བ། རྡོ་རྗེ་ཕག་མོའི་ཚོགས་

ཀྱི་འཁོར་ལོའི་ཆོ་ག་རྣམས་གྲུབ་ཐོབ་ཤ་བ་རི་དབང་ཕྱུག་གིས་མཛད་པ། ཡུལ་མ་ག་དྷཱའི་པཎྜི་ཏ་གཽ་ཏམ་བྷ་དྲ་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་ལེགས་པར་བསྒྱུར་བ། (*ཞལ་གཉིས་མ་ཆུང་བའི་འགྲེལ་པ་ཟེར།)རྣལ་འབྱོར་གྱི་རྗེས་སུ་འབྲང་བ་ཞེས་བྱ་བ་གྲུབ་ཐོབ་ཆེན་པོ་དཱ་རི་ཀ་པས་མཛད་པ། པཎྜི་ཏ་ཀླུའི་སྦྱིན་པའི་

རྣལ་འབྱོར་གྱི་སྙིང་པོའི་དོན་བསྡུས་བསྟན་པ། རྡོ་རྗེ་རྣལ་འབྱོར་མའི་མཆོད་པའི་ཆོ་ག་སློབ་དཔོན་དཱ་རི་ཀ་པས་མཛད་པ་རྣམས་རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་དཱ་ན་ཤཱི་ལས་བོད་ཡུལ་དབུས་ཀྱི་དྲང་སྲོང་སྲིན་པོ་ངོར་རང་འགྱུར། ཀེང་རུས་ཏཱ་ར་ན་པའི་སྒྲུབ་ཐབས་ལྷ་འདྲེ་བྲན་དུ་འཁོལ་བའི་

เล่ม ๒๑๓ · หน้า 360a

སློབ་དཔོན་དཱ་རི་ཀ་པས་མཛད་པ། ཀེང་རུས་ཏཱ་ར་ནའི་སྒྲུབ་ཐབས་ཀྱི་འགྲེལ་པ་གཞན་ལ་ཕན་པ་ཞེས་བྱ་བ་མང་དུ་ཐོས་པའི་སློབ་དཔོན་ཀུ་མཱ་ར་བོ་དྷིས་མཛད་པ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཛཱ་ལནྡྷ་ར་པས་མཛད་པ།

ཕག་མོའི་སྒྲུབ་ཐབས་སློབ་དཔོན་མཁས་པ་ཆེན་པོ་རྡོ་རྗེ་དྲིལ་བུ་པས་མཛད་པ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཨོ་རྒྱན་ནས་བྱུང་བ་རྣམས་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་དབང་གི་འགྱུར་རྣམས་བཞུགས་སོ།། །།འ་པ་ལ། རྡོ་རྗེ་ཕག་མོ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ཀོངྐ་བྱིན་གྱིས་

མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་རཀྵི་ཏ་དང༌། ལོ་ཙཱ་བ་ཁམས་པ་བ་རི་དྷརྨ་ཀཱིརྟིའི་འགྱུར། དཔལ་རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་མའི་བསྟོད་པ་ཞེས་བྱ་བ་སློབ་དཔོན་ཀོངྐ་བྱིན་གྱིས་མཛད་པ། པཎྜི་ཏ་རཏྣ་རཀྵི་ཏ་དང༌། ལོ་ཙཱ་བ་དགེ་སློང་གྲུབ་པ་དཔལ་བཟང་པོའི་

འགྱུར། དཔལ་རྡོ་རྗེ་རྣལ་འབྱོར་མའི་བཞེད་པའི་སྦས་པའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཀོངྐ་བྱིན་གྱིས་མཛད་པ། པཎྜི་ཏ་དྷ་པ་ལ་ཧ་འུ་དང༌། ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ཀྱི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཀོངྐ་བྱིན་

གྱིས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་མཚུར་ཛྙཱ་ན་ཨཱ་ཀ་རའི་འགྱུར། དཔལ་རྣལ་འབྱོར་མའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་མཛད་འགྱུར་མི་གསལ་བ་འདི་བོད་མ་འདྲ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཀྱི་ཆོ་ག་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་གཉིས་

མེད་རྡོ་རྗེས་མཛད་པ། ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་གྱིས་གཙང་ཉང་རོ་ཅུང་པའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཅིང་གཏན་ལ་ཕབ་པ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དཔལ་ནཱ་རོ་པའི་ཞལ་གྱི་བརྒྱུད་པ་རྗེས་སུ་གནང་བ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌།

བོད་ཀྱི་ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིའི་འགྱུར། འདི་ནཱ་རོ་མཁའ་སྤྱོད་ཀྱི་གཞུང་ཡིན། གཞན་དོན་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་བླ་མ་བྷ་རེནྡྲ་རུ་ཙིས་མཛད་པ། བླ་མ་བལ་པོ་ལོ་ཙཱ་བ་དང༌། ཡེ་ཤེས་རྡོ་རྗེས་ཐུགས་རྗེ་ཆེན་པོ་དང་ལྡན་པས་བསྒྱུར། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด