དཀར་ཆག

ชื่อนี้มาจากชื่อไฟล์ของเล่มในต้นทาง

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๑๓ · หน้า 360b

བ་བི་རཱུ་པའི་གདམས་ངག་གི་བརྒྱུད་པ་ཤྲཱི་ཨུ་མ་པ་ཏི་དཏྟས་མཛད་པ། རྒྱ་གར་གྱི་པཎྜི་ཏ་མཁས་པ་ཆེན་པོ་ཝཱ་གཱི་ཤྭ་ར་གུཔྟ་པཱ་ད་དང༌། ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱི་འགྱུར། མངོན་པར་རྟོགས་པའི་སྙེ་མ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དགེ་བའི་འབྱུང་གནས་སྦས་པས་མཛད་པ།

རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་མཁས་པ་ཆེན་པོ་དཱ་ན་ཤཱི་ལའི་རང་འགྱུར། རྡོ་རྗེ་རྣལ་འབྱོར་མའི་བདེ་བ་མཆོག་གི་སྡོམ་པ་ལ་འཇུག་པ་ངེས་པ་དོན་གྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་ཆེན་པོ་ཨ་ཝ་དྷཱུ་ཏཱི་པ་དཔལ་གཉིས་མེད་རྡོ་རྗེས་མཛད་པ། རྣལ་

འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་དཔལ་ཨུ་མ་པ་ཏི་དཏྟས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཝཱ་གཱི་ཤྭ་ར་གུཔྟ་དང༌། ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱི་འགྱུར། དེ་ཁོ་

ན་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པའི་རྒྱ་ཆེར་འགྲེལ་པ་དེ་ཁོ་ན་ཉིད་བཤད་པ་ཞེས་བྱ་བ། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་དགེ་སློང་པཎྜི་ཏ་བརྩོན་འགྲུས་དཔལ་བཤེས་གཉེན་གྱིས་མཛད་པ། བལ་པོའི་པཎྜི་ཏ་མཉྫུ་ཤྲཱི་དང་ཛེ་ཏཱ་ཀརྞའི་ཞལ་སྔ་ནས་མཉན་ཏེ། ལོ་ཙཱ་བ་དགེ་སློང་ཉི་

མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་པ་གླིང་དུ་ལེགས་པར་བསྒྱུར། རྡོ་རྗེ་རྣལ་འབྱོར་མ་ཕག་མོ་ཁྲོས་པའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱི་འགྱུར། དཔལ་

རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་དཀར་མོའི་བསྟོད་པ་པཎྜི་ཏ་དཱི་པཾ་ཀ་རས་མཛད་པ། པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། རིག་པ་འཛིན་པ་རྩེན་མའི་རྡོ་རྗེ་རྣལ་འབྱོར་མའི་རྗེས་སུ་གནང་བའི་ཆོ་ག་མཁས་པ་ཆེན་པོ་རྒྱལ་བའི་སྡེའམ་མཚན་གཞན་ཁང་པ་གསར་པ་ཞེས་བྱ་

བར་བརྗོད་པས་བྲིས་པ། གཞན་དོན་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་ཛ་ཡ་སེ་ནཱས་མཛད་པ།(*ཕག་མོ་དམར་ཆུང་མ་ཞེས་ཀྱང་བྱ།) དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ་ཏྲི་ས་ར་ཧ་པས་མཛད་པ། རིན་པོ་ཆེ་རྒྱན་གྱི་སྒྲུབ་པ། རྡོ་རྗེ་ཕག་མོའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ་རྣམས་

เล่ม ๒๑๓ · หน้า 361a

རྗེ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། རྒྱ་བརྩོན་འགྲུས་སེང་གེའི་འགྱུར། རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཁུ་ནེ་ཙོའི་འགྱུར། རྡོ་རྗེ་ཕག་མོ་མདོར་བསྡུས་པའི་བསྟོད་

པ་ཨ་བྷི་སང་ཀ་ཏཱས་མཛད་པ། པཎྜི་ཏ་ངག་གི་དབང་ཕྱུག་དང༌། ཀློག་སྐྱ་ལོ་ཙཱའི་འགྱུར། ཡེ་ཤེས་དབབ་པའི་ཆོ་ག །རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་གསང་བ་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཨ་བྷི་ཡུཀྟས་མཛད་པ། གཞན་ཡང་རྡོ་རྗེ་རྣལ་འབྱོར་མའི་བསད་པ་ལས་ཀྱི་མན་

ངག །ཕྱིར་བཟློག་འཁོར་ལོ། ཕག་མོའི་སྲུང་བའི་འཁོར་ལོ། གཏོར་མའི་ཆོ་ག །ལག་པའི་མཆོད་པ་རྣམས་སློབ་དཔོན་ཨ་བྷི་ཡུཀྟས་མཛད་ཟེར་བ་འདི་ནི་ཐེ་ཚོམ་གྱི་གཞིར་སྣང་ངོ༌། །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྣམ་པར་སྒེག་པ་ཞེས་བྱ་བ་དང༌། རྡོ་རྗེ་ཕག་མོའི་བསྟོད་པ་རིམ་པ་

གཉིས་པ་རྡོ་རྗེ་བཙུན་མོས་བྱིན་གྱིས་བརླབས་པ་གྲུབ་དབང་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣས་མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་དང༌། ཆོས་འཁོར་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱིས་འབྲས་ཡུལ་ནོར་བུའི་གླིང་དུ་བསྒྱུར་བ་ལ། ཕྱིས་ཆོས་སྨྲ་བ་རྒྱ་མཚོའི་སྡེས་མི་

བཅོས་སུ་མི་རུང་བ་རྣམས་བཅོས་ནས་དོན་ལ་རྟོན་པར་བསྒྱུར་བ་ཞེས་བྱ་བའི་མཐའ་ཅན། རྡོ་རྗེ་ཕག་མོ་དོན་ཐམས་ཅད་གྲུབ་མའི་སྒྲུབ་པའི་ཐབས་ཞེས་བྱ་བ་དང༌། ཡང་རྡོ་རྗེ་ཕག་མོའི་སྒྲུབ་པའི་ཐབས་ཞེས་བྱ་བ་ཞལ་གཉིས་མ་སྟེ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་

ནགས་ཀྱི་རིན་ཆེན་གྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱི་འགྱུར། གནས་ལ་སོགས་པ་གཏན་ལ་དབབ་པ་རྣམ་པར་གྲགས་པའི་པཎྜི་ཏ་གནས་བརྟན་ཤཱཀྱ་རཀྵི་ཏའི་ཞབས་ཀྱིས་མཛད་པ། ཞྭ་ལུ་ལོ་ཙཱ་བ་དགེ་སློང་དྷརྨཱ་པཱ་ལ་བྷ་དྲས་ལེགས་པར་བསྒྱུར་

བ་རྣམས་བཞུགས་སོ། །བདེ་མཆོག་འཁོར་ལོའི་རྒྱུད་འགྲེལ་ཉི་ཤུ་བཞི། །ཡབ་སྐོར་གཙོ་བོ་བརྒྱ་དང་བཅོ་བརྒྱད་ལ། །ཡུམ་གྱི་སྐོར་ལ་དྲུག་ཅུ་རྩ་བདུན་ཏེ། །དྲིལ་བས་བརྒྱ་ཕྲག་གཉིས་དང་དགུ་བཞུགས་སོ། །དེ་དག་གིས་ནི་བདེ་མཆོག་འཁོར་ལོའི་ཆོས་སྐོར་

เล่ม ๒๑๓ · หน้า 361b

བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་བདེ་མཆོག་འཁོར་ལོའི་ཆོས་སྐོར་རྣམས་བཀོད་ནས། དཔལ་གདན་བཞིའི་སྐོར་ལ། རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞིའི་འགྲེལ་པ་དྲན་པའི་རྒྱུ་མཚན་ཞེས་བྱ་བ་སློབ་དཔོན་བྷ་བ་བྷ་དྲས་མཛད་པ། རྒྱ་གར་གྱི་པཎྜི་ཏ་

ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ཀྱི་འགྱུར་རྣམས་བཞུགས་སོ།། །།ཡ་པ་ལ། འཕགས་པ་གདན་བཞིའི་རྣམ་པར་བཤད་པ་སློབ་དཔོན་དགེ་བའི་གོ་ཆས་གཟིགས་ནས་སྦྱོར་བའི་གདན་གྱི་རྣམ་པར་བཤད་པ་ཡན་ཆད་མཛད་ཅིང༌། དེ་མན་ཆད་རྒྱ་གར་གྱི་མཁན་པོ་དྲན་

པའི་ཡེ་ཤེས་གྲགས་པས་མཛད་པ། སྨྲྀ་ཏིའི་རང་འགྱུར། མཆན་ཁུང་གི་སྦྱོར་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞིའི་སྒྲུབ་པའི་ཐབས་སློབ་དཔོན་ཨཱརྱ་དེ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་

རིན་ཆེན་བཟང་པོའི་འགྱུར། དཔལ་རྡོ་རྗེ་གདན་བཞིའི་སྒྲུབ་ཐབས་ཞེས་བྱ་བ་བལ་པོའི་པཎྜི་ཏ་ཆེན་པོ་ཛ་ག་ཏ་ཨཱ་ནནྡ་ཛཱི་ཝ་བྷ་དྲས་མཛད་པ། སྒྲུབ་ཐབས་འདི་དང་མཐུན་པའི་བཀའ་ལུང་སྔོན་ཆད་བོད་དུ་དར་བ་མ་བྱུང་བ་ལ། དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་པཎྜི་ཏ་མ་ཧཱ་བོ་དྷི་ལས་ནོས་ཤིང་ལུང་མི་

ཆད་པའི་དོན་དུ་པཎྜི་ཏའི་ཕྱག་ནས་རྒྱ་དཔེ་གདན་དྲངས་ཤིང༌། བོད་ཀྱི་པཎྜི་ཏ་མ་ཏི་དྷྭ་ཛ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དཔལ་ལྡན་སྨྲ་བའི་སེང་གེས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བ། གདན་བཞིའི་ཡུམ་སྐོར་ལ། ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས་འཕགས་པ་ལྷས་མཛད་པ།

པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ཕྱིས་པཎྜི་ཏ་ས་མ་ཡ་ཤྲཱི་ཛྙཱ་ནས་རྒྱ་དཔེ་ལ་ཞུས་ཏིག་བྱས་པ། །རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོར་བསགས་པ་སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། བོད་

ཀྱི་ལོ་ཙཱ་བ་འགོས་ཁུགས་པ་ལྷས་བཙས་ཀྱི་འགྱུར། དཔལ་གདན་བཞིའི་ཟབ་དོན་སྟོན་པ་ཤིང་གཅིག་གི་དཀའ་འགྲེལ་དང༌། རྡོ་རྗེ་དྲིལ་ཐབས་ཀྱི་མཆོད་པའི་ཐབས་ཀྱི་རིམ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ། དཔལ་གདན་བཞི་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བྷ་བ་བྷ་ཏྲས་མཛད་པ།

เล่ม ๒๑๓ · หน้า 362a

རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱི་འགྱུར། དཔལ་གདན་བཞི་པའི་ཆུའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་བྷ་བའི་མན་ངག་ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུའི་འགྱུར། གདན་བཞིའི་ཡུམ་སྐོར་ལ། ཡེ་ཤེས་མཁའ་

འགྲོའི་སྒྲུབ་ཐབས་པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་དགེ་སློང་རིན་ཆེན་རྒྱལ་མཚན་གྱིས་རྒྱ་དཔེ་ལས་བསྒྱུར་ཏེ་ཞུས་པ། རྣལ་འབྱོར་ནམ་མཁའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་རྣམ་པར་རྒྱལ་བའི་དབང་པོའི་སྡེས་མཛད་པ། གདན་བཞིའི་

དེ་ཁོ་ན་ཉིད་བཞི་པ་སློབ་དཔོན་ཛེ་ཏཱ་རི་པས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། དེ་ཁོ་ན་ཉིད་དྲུག་རྣམ་པར་གཞག་པ་རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། པཎྜི་ཏ་དེ་ཉིད་ཀྱི་འགྱུར་རྣམས་སོ། །དཔལ་ལྡན་རྡོ་རྗེ་གདན་བཞིའི་རྒྱུད་འགྲེལ་

གསུམ། །ཡབ་ཡུམ་སྒྲུབ་ཐབས་དཀྱིལ་འཁོར་ཆོ་ག་དང༌། །རྫོགས་རིམ་ལ་སོགས་ཆོས་སྐོར་བཅུ་གཉིས་ཏེ། །དྲིལ་བས་བཅུ་ཕྲག་གཅིག་དང་ལྔ་བཞུགས་སོ། །དེ་དག་གིས་ནི་དཔལ་གདན་བཞིའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་གདན་བཞིའི་ཆོས་སྐོར་རྣམས་བཀོད་ནས།

སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་སྐོར་ལ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་དཀའ་འགྲེལ་སྒྱུ་མ་ཅན་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་མཁས་པ་དཔལ་དུ་ཛ་ཡ་ཙནྡྲས་མཛད་པ། པཎྜི་ཏ་བདེ་གཤེགས་གྲགས་པ་དང༌། ལོ་ཙཱ་བ་ཡེ་ཤེས་སེམས་དཔའི་འགྱུར། དཔལ་སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་ཡོན་ཏན་ལྡན་པ་

ཞེས་བྱ་བ་སློབ་དཔོན་པཎྜི་ཏ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ཆེན་པོ་ཞི་བ་བཟང་པོ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་དྲན་པ་ཞེས་བྱ་བ་ནག་པོ་དམ་ཚིག་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་ཝ་ར་དང༌། བོད་ཀྱི་ལོ་ཙཱ་བ་འགོས་

ལྷས་བཙས་ཀྱི་འགྱུར། སྒྱུ་མ་ཆེན་མོ་ཞེས་བྱ་བའི་དཀའ་འགྲེལ་དཔལ་སློབ་དཔོན་མཁས་པ་ཆེན་པོ་རྒྱན་པས་མཛད་པ། སྒྱུ་མ་ཆེན་མོའི་སྒྲུབ་ཐབས་བཅོམ་ལྡན་འདས་ཡུམ་རྡོ་རྗེ་མཁའ་འགྲོ་མ་ཉིད་ཨོ་ཌྱཱན་གྱི་ཡུལ་དུ་བྱོན་ནས་གསུངས་པ། རྒྱ་གར་གྱི་མཁན་པོ་ཨ་ཝ་དྷཱུ་ཏཱི་པ་དང༌། བོད་ཀྱི་ལོ་ཙཱ་བ་

เล่ม ๒๑๓ · หน้า 362b

ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་རྗེས་སུ་འབྲང་བའི་ཧེ་རུ་ཀའི་སྒྲུབ་ཐབས་ཞེས་བྱ་བ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ་སྤྲོས་པ་མེད་པའི་མན་ངག །མ་ཧཱ་མཱ་ཡཱའི་སྒྲུབ་ཐབས་རྨོངས་པ་སྒྲོལ་བའི་བརྟག་པ་ཞེས་བྱ་བ་རྣམས་སློབ་དཔོན་ཀུ་ཀུ་རི་པས་མཛད་པ། རྒྱ་གར་གྱི་མཁན་

པོ་ཨ་ནཱི་ལ་བཛྲ་དང་བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་བ། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་པའི་ཐབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་བརྙེས་པ་ཀུ་ཀུ་རི་པས་མཛད་པ། རྒྱ་གར་གྱི་མཁན་པོ་ན་བི་ཀོ་ཊ་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། མ་ཧཱ་མཱ་ཡཱའི་དཀྱིལ་འཁོར་གྱི་

ལྷ་ལ་བསྟོད་པ་སློབ་དཔོན་ཆེན་པོ་ཀུ་ཀུ་རི་པས་ཞལ་གཟིགས་པའི་ཚེ་བསྟོད་པ། དེ་ཁོ་ན་ཉིད་ཀྱི་མན་ངག་དང༌། དེ་ཁོ་ན་ཉིད་ཀྱི་མན་ངག་གི་འགྲེལ་པ་སློབ་དཔོན་བློ་བཟང་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་སློབ་

དཔོན་ཆེན་པོ་དཔལ་རིན་ཆེན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱི་འགྱུར། དཔལ་སངས་རྒྱས་མཁའ་འགྲོའི་སྒྲུབ་ཐབས་དང༌། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་གསལ་བ་ཞེས་བྱ་བ་ནག་པོ་སྤྱོད་པ་བས་མཛད་པ།

རྒྱ་གར་གྱི་མཁན་པོ་ཀརྨྨ་བཛྲ་དང༌། ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། འདི་ལ་དཔེ་ལ་ལར་ཀུ་ཀུ་རི་པས་མཛད་ཟེར་བའང་འདུག །སྤྱིའི་ཆོས་སྤྱོད། རིགས་ལྔ་མཁའ་འགྲོའི་བསྟོད་པ། དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་ལ་བསྟོད་པ། བདུན་ཚིགས་ཀྱི་ཆོ་ག་རྣམས་སློབ་དཔོན་ནག་པོ་པས་མཛད་པ། སཱཙྪ་

གདབ་པའི་མན་ངག །སྒྱུ་འཕྲུལ་ཆེན་མོའི་རྫོགས་པའི་རིམ་པ་སློབ་དཔོན་ཆེན་པོ་ཆོས་ཀྱི་ཞབས་ཀྱི་ཞལ་སྔ་ནས་མཛད་པ་དང༌། སྒྱུ་མ་ཆེན་མོའི་སྒྲུབ་ཐབས་སློབ་དཔོན་མཁས་པ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། པཎྜི་ཏ་ཆེན་པོ་ཞི་བ་བཟང་པོ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། སྒྱུ་འཕྲུལ་

ཆེན་མོའི་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་སྦྱིན་སྲེག་དང་བཅས་པ་སློབ་དཔོན་གྲུབ་ཐོབ་རྣལ་འབྱོར་པ་ཆེན་པོ་དཔལ་རྒྱན་པས་མཛད་པ། སྒྱུ་འཕྲུལ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་བླ་མའི་ཞལ་སྔའི་མན་ངག་ཅེས་བྱ་བ་སློབ་དཔོན་མཁས་པ་འདུལ་བས་བྱིན་གྱིས་མཛད་པ། ཧེ་རུ་ཀ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས། རོ་སྲེག་པའི་སྒྲུབ་

เล่ม ๒๑๓ · หน้า 363a

ཐབས་ཀྱི་ཆོ་ག །སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་སྐུ་མེད་རྡོ་རྗེས་མཛད་པ་རྣམས་བཞུགས་སོ། །སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་བཞི། །སྒྲུབ་ཐབས་ལ་སོགས་ཆོས་སྐོར་ཉེར་གསུམ་སྟེ། །གསང་བ་ཡིད་བདེའི་ཆོས་སྐོར་དྲི་མ་མེད། །བཅུ་ཕྲག་གཉིས་དང་བཅས་པའི་བདུན་

བཞུགས་སོ། །དེ་དག་གིས་ནི་སྒྱུ་མ་ཆེན་མོའི་སྐོར་གྱི་ཆོས་ཚན་གྱི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་སྒྱུ་མ་ཆེན་མོའི་ཆོས་སྐོར་རྣམས་བཀོད་ནས། རྡོ་རྗེ་བདུད་རྩིའི་སྐོར་ལ། ར་པ་ལ། དཔལ་རྡོ་རྗེ་བདུད་རྩིའི་དཀའ་འགྲེལ་སློབ་དཔོན་དྲི་མེད་བཟང་པོའི་ཞབས་ཀྱིས་མཛད་པ། འདི་སྔར་གྱི་འགྱུར་རྙིང་པའི་ལེའུ་

གཉིས་པ་མན་ཆད་མ་ཚང་ཞིང༌། དེ་ཡན་ཆད་ཀྱང་ཤིན་ཏུ་འཁྲུགས་ཏེ་འགྲེལ་པ་གཞན་དང་འདྲེས་པ་ལས། ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་གྲུབ་ཀྱིས་རྒྱ་དཔེ་ལས་བསྒྱུར་ཞིང་སྨྲྀ་ཏིའི་སྤེལ་མར་བཤད་པ་དང་ཡང་བསྟུན་ནས་གཏན་ལ་ཕབ་པ། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་བཤད་པ་སློབ་དཔོན་ཡོན་ཏན་བཟང་པོས་མཛད་པ།

རྒྱ་གར་གྱི་མཁན་པོ་སྨྲྀ་ཏིའི་རང་འགྱུར། དཔལ་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་པ་བདུད་རྩི་འཛག་པ་ཞེས་བྱ་བ་དངོས་གྲུབ་ཐོབ་པའི་སློབ་དཔོན་ཆེན་པོ་བྷ་གོས་མཛད་པ། གཞུང་ཚད་ཚིགས་བཅད་སྟོང་སུམ་བརྒྱ་ཡོད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཏཱ་ར་པཱ་ལ་དང༌། བོད་ཀྱི་ལོ་ཙཱ་བ་ཁ་ཆིངས་ཡོན་ཏན་འབར་

གྱི་འགྱུར་ལ། ཕྱིས་པཎྜི་ཏ་ཤྲཱི་ལ་ཀུཛྷ་བཛྲ་དང༌། ལོ་ཙཱ་བ་གློག་སྐྱ་ཤེས་རབ་བརྩེགས་ཀྱིས་ལེགས་པར་བཅོས་པ་རྣམས་བཞུགས་སོ། །ཧེ་རུ་ཀ་དཔལ་རྡོ་རྗེ་བདུད་རྩི་ཡི། །རྒྱུད་ཀྱི་རྒྱལ་པོའི་རྣམ་བཤད་དྲི་མ་མེད། །མཁས་གྲུབ་རྣམས་ཀྱིས་མཛད་པ་རྣམ་པ་གསུམ། །ཤིན་ཏུ་ཁྱད་པར་འཕགས་པ་ལེགས་པར་

བཞུགས། །དེ་དག་གིས་ནི་རྡོ་རྗེ་བདུད་རྩིའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་རྡོ་རྗེ་བདུད་རྩིའི་ཆོས་སྐོར་རྣམས་བཀོད་ནས། སངས་རྒྱས་ཐོད་པའི་སྐོར་ལ། དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་ཡེ་ཤེས་ལྡན་པ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ས་ར་ཧའི་ཞལ་

སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་དེ་ཁོ་ན་ཉིད་ཀྱི་ཟླ་བ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་པདྨ་རྡོ་རྗེས་མཛད་པ་ལས། ལེའུ་གཉིས་པ་ཡན་ཆད་ཇི་ཙམ་རྙེད་པ་དང༌། སངས་རྒྱས་ཐོད་པའི་རྒྱུད་ཀྱི་རྒྱལ་

เล่ม ๒๑๓ · หน้า 363b

པོ་ཆེན་པོའི་རྒྱ་ཆེར་འགྲེལ་པ་འཇིགས་པ་མེད་པའི་གཞུང་ཞེས་བྱ་བ། གནས་བརྟན་མཁས་པ་ཨ་བྷྱ་ཡཱ་ཀ་ར་གུཔྟས་མཛད་པ། དིང་རི་ཆོས་གྲགས་ཀྱི་འགྱུར་ཡིན་ནམ་ཟེར་བའི་འགྱུར་རྙིང་ལ་བར་སྐབས་སུ་དཔེ་སྟོར་བས་མ་ཚང་བ་ལ་དཔང་ལོ་ཙཱ་བ་དགེ་སློང་བློ་གྲོས་བརྟན་པས་ལེའུ་དང་པོར་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་

ཆེན་པོ་ཞེས་པ་ནས། འོག་གི་ལམ་ནས་བྱུང་ཞེས་པའི་བར་དང༌། ལྷའི་སྐུ་བསྒོམས་ཏེ་ཞེས་པ་ནས་ས་གཞི་ལ་སོགས་པ་རྣམས་དང་གཡོ་བ་ཞེས་པའི་བར་དང༌། ལེའུ་གསུམ་པའི་མཇུག་བསྒོམ་པ་རྫོགས་པས་ཞེས་པ་ནས། ལེའུ་བཞི་པའི་ཐ་མ་ལ་ནི་འདིར་མ་རིག་པ་སྟེ་དེས་ཞེས་པའི་བར་དང༌། ལེའུ་བཅུ་པའི་

དབུའི་དེ་ཁོ་ན་ཉིད་ནི་ཐམས་ཅད་ལ་ཞེས་པ་ནས། ལེའུ་བཅུ་བཞི་པའི་མཇུག་ན་གང་ཞིག་ཤར་བས་ནི་ཞེས་པའི་བར་དང༌། སྲིད་གསུམ་རྣམ་རྒྱལ་ཞེས་པ་ལ་སོགས་པའི་ཚིགས་བཅད་གཉིས་རྣམས་ཧོར་ཀོང་བསབས་ཤིང་ལྷག་མ་རྣམས་ལ་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ། དཔལ་སངས་རྒྱས་

ཐོད་པའི་སྒྲུབ་ཐབས། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག །དཔལ་སངས་རྒྱས་ཐོད་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་གསལ་བ་ཞེས་བྱ་བ་རྣམས་དངོས་གྲུབ་ཀྱི་མཆོག་བརྙེས་པའི་སློབ་དཔོན་ས་ར་ཧའི་ཞལ་སྔ་ནས་མཛད་པ། ག་ཡ་དྷ་ར་དང༌། གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། རི་གི་ཨ་ར་

ལའི་སྒྲུབ་ཐབས་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་རྒྱ་དཔེ་ཇི་ལྟ་བ་བཞིན་འགྱུར་བ་རྣམས་སོ། །དཔལ་ལྡན་སངས་རྒྱས་ཐོད་པ་ཞེས་བྱ་བའི། །རྒྱུད་ཀྱི་རྒྱལ་པོའི་རྣམ་བཤད་རྣམ་པ་གསུམ། །སྒྲུབ་དཀྱིལ་གཏོར་ཆོག་རི་གིའི་སྒྲུབ་ཐབས་ཏེ། །ཆོས་སྐོར་དྲི་མ་མེད་པ་བདུན་བཞུགས་སོ། །དེ་དག་གིས་ནི་

སངས་རྒྱས་ཐོད་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་སངས་རྒྱས་ཐོད་པའི་ཆོས་སྐོར་རྣམས་བཀོད་ནས། སངས་རྒྱས་མཉམ་སྦྱོར་གྱི་སྐོར་ལ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་རྒྱུད་ཀྱི་དོན་རྣམ་པར་བཤད་པ་ཞེས་བྱ་བ་དཔལ་

ཨོ་ཌྱཱན་གྱི་མཁས་པ་ཆེན་པོ་འཛམ་གླིང་གི་ཉི་མ་དང་འདྲ་བ་དངོས་གྲུབ་ཐོབ་པའི་སློབ་དཔོན་རྒྱལ་པོ་བརྒྱ་བྱིན་སྡང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ལྷ་རིན་པོ་ཆེའི་འགྱུར། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་འགྲེལ་པ་

เล่ม ๒๑๓ · หน้า 364a

མཉམ་སྦྱོར་གྱི་རྒྱན་ཞེས་བྱ་བ་སློབ་དཔོན་རབ་ཏུ་དགའ་བའི་རྡོ་རྗེས་མཛད་པ་རྣམས་བཞུགས་སོ།། །།ལ་པ་ལ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་

གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། རྟོག་པ་ཐམས་ཅད་འདུས་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ་རྣམ་པར་བཤད་པ་ཤླཽ་ཀ་དྲུག་སྟོང་ལྔ་བརྒྱ་བདུན་ཅུ་པ་ཤྲཱི་ནཱ་ལེནྡྲ་ན་བཞུགས་པ་རྡོ་རྗེ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་

པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། འདི་མཉམ་སྦྱོར་གྱི་རྒྱུད་ཕྱི་མ་ཕྱི་མའི་འགྲེལ་པར་སྣང་གི་རྩ་རྒྱུད་ཀྱི་འགྲེལ་པ་མིན་པར་སྣང་ངོ༌། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀའ་འགྲེལ་སློབ་དཔོན་རབ་ཏུ་ཞི་བའི་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤྲདྡྷཱ་ཀ་ར་ཝརྨ་དང༌། དྷརྨ་ཤྲཱི་བྷ་དྲ་དང་ཞུ་

ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་ཧེ་རུ་ཀའི་གསང་དོན་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་རྣམ་པར་སྣང་མཛད་ཀྱི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། དཔལ་པདྨ་གར་གྱི་དབང་ཕྱུག་གི་གསང་བའི་དོན་རྣམ་

པར་དགོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་རིན་ཆེན་ཉི་མའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། རྟ་མཆོག་རོལ་པའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ་རྣམས་སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ལྷ་རིན་པོ་ཆེའི་འགྱུར། དཀྱིལ་འཁོར་ཐམས་ཅད་ཀྱི་

རྗེས་སུ་འཇུག་པའི་ཆོ་ག་ལྔ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་བཛྲ་ཧ་ས་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གི་འགྱུར། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛས་མཛད་པ། རྒྱ་གར་གྱི་

མཁན་པོ་གུ་ལེནྡྲ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དྲན་པ་ནམ་མཁའི་འགྱུར་ལ། ཕྱིས་ལོ་ཙཱ་བ་ལྷ་རིན་པོ་ཆེས་བཅོས་ལ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་ཚོགས་ཀྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ནནྡ་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དྲན་པ་ནམ་མཁའི་འགྱུར།

เล่ม ๒๑๓ · หน้า 364b

ཕྱིས་ལོ་ཙཱ་བ་ལྷ་རིན་པོ་ཆེས་བཅོས་པ། དཔལ་ཧེ་རུ་ཀ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཐུ་བོ་རཱ་ཛ་ཧསྟིས་མཛད་པ། དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཧཱུྃ་མཛད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ལྷ་རིན་པོ་ཆེའི་འགྱུར། དཔལ་ཧེ་རུ་ཀ་ཞེས་བྱ་

བའི་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་ཧཱུྃ་གི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་ཧ་ས་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྒྱུར་བ་ལས། སླད་ཀྱིས་ལོ་ཙཱ་བ་ཕྱི་མ་དག་གིས་སུམ་ཐུག་ཏུ་ཞུ་ཆེན་བཅོས་པ། ཡན་ལག་བཞིའི་དོན་སྣང་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་མཁས་ཤིང་དངོས་གྲུབ་བརྙེས་པ་

ཧཱུྃ་མཛད་གྲགས་པས་མཛད་པ། དཔལ་བསམ་ཡས་ཀྱི་མཆིམས་ཕུར་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་པཎྜི་ཏ་དཔལ་རྡོ་རྗེ་བཞད་པ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་རྨ་རིན་ཆེན་མཆོག་གིས་དབང་སྒྲུབ་དང་བཅས་པ་ལེགས་པར་བསྒྱུར་བ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དཀྱིལ་འཁོར་སྒྲུབ་པའི་རིམ་

པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཧཱུྃ་མཛད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིངྷ་དང༌། བོད་ཀྱི་ལོ་ཙཱ་བ་ལྷ་རིན་པོ་ཆེའི་འགྱུར། དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ་ཞེས་བྱ་བ་གྲུབ་པའི་སློབ་དཔོན་ཆེན་པོ་བཛྲ་ཧཱུྃ་ཀ་རའི་ཞལ་སྔ་ནས་མཛད་པ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་རྒྱ་གར་གྱི་

མཁན་པོ་ཧཱུྃ་ཀ་ར་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་གནུབས་ནམ་མཁའི་སྙིང་པོའི་འགྱུར། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ཅེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་མ་ཞེས་བྱ་བ་ཁ་ཆེའི་མཁས་པ་ཤེས་བྱ་མཐའ་དག་ལ་

མཁས་པ་དཔལ་རིན་ཆེན་རྡོ་རྗེས་མཛད་པ། དཔལ་ཨོོ་ཌྱཱན་དུ་སྦྱངས་པ་མཁས་པ་ཡེ་ཤེས་རྡོ་རྗེ་དང༌། ལོ་ཙཱ་བ་གཉན་བསོད་ནམས་ཀྱི་འགྱུར། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་དང༌། དཔལ་རྡོ་རྗེ་སེམས་

དཔའ་རྗེས་སུ་དྲན་པའི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཐུ་བོ་རཱ་ཛ་ཧསྟིས་མཛད་པ་རྣམས་བཞུགས་སོ། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བ་ཡི། །མཁའ་འགྲོ་སྒྱུ་མ་བདེ་མཆོག་རྒྱུད་འགྲེལ་ལྔ། །སྒྲུབ་ཐབས་ལ་སོགས་ཆོས་སྐོར་བཅུ་དགུ་སྟེ། །མཉམ་སྦྱོར་ཆོས་སྐོར་ཉི་ཤུ་རྩ་བཞི་བཞུགས། །དེ་དག་གིས་ནི་

เล่ม ๒๑๓ · หน้า 365a

སངས་རྒྱས་མཉམ་སྦྱོར་གྱི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་སངས་རྒྱས་མཉམ་སྦྱོར་གྱི་ཆོས་སྐོར་རྣམས་བཀོད་ནས། སྒྲོལ་མའི་སྐོར་ལ། ཤ་པ་ལ། སྒྲོལ་མ་རྣལ་འབྱོར་ཆེན་པོའི་རྒྱུད་ལྟར་དུ་བཤད་པ་ལ། སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ་

སྒྲོལ་མ་རྒྱ་མཚོའི་རྒྱུད་ནས་ཕྱུང་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དྷརྨ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དར་མ་རིན་ཆེན་གྱིས། ཆོས་འཁོར་འཇོ་འཇོའི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་ཅིང་ཞུས་ཆེན་མཛད་པ། རྗེ་བཙུན་མ་འཕགས་མ་

སྒྲོལ་མ་སྤྱིའི་མངོན་པར་རྟོགས་པ་ཞེས་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ་དང༌། དེའི་སོ་སོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ཁ་ཆེའི་སློབ་དཔོན་ཉི་མ་སྦས་པས་མཛད་པ་རྣམས་མཁས་པ་ཆེན་པོ་མཉྫུ་ཤྲཱི་དང༌།

ལོ་ཙཱ་བ་ཆེན་པོ་མལ་གྱོ་བློ་གྲོས་གྲགས་པས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བ། སྒྲོལ་མའི་སྒྲུབ་ཐབས་མན་ངག་གི་རིམ་པ་སློབ་དཔོན་ཆེན་པོ་ཉི་མ་སྦས་པས་མཛད་པ། འདི་དང་པོ་མ་འགྱུར་བ་ལ། ཕྱིས་ཁ་ཆེའི་པཎྜི་ཏས་ཁ་བ་ཅན་གྱི་ལྗོངས་སུ་སྤྱན་དྲངས་པའི་དཔེ་ལས་བོད་སྐད་དུ་

དཔལ་ས་སྐྱའི་དབེན་གནས་དམ་པར་བསྒྱུར་བ། བཅོམ་ལྡན་འདས་མ་སྒྲོལ་མ་ལ་བསྟོད་པ་ཉི་ཤུ་རྩ་གཅིག་མའི་སྒྲུབ་ཐབས་རྗེ་བཙུན་ལྷ་མོ་མཆོག་གིས་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ཉི་མ་སྦས་པས་མཛད་པ། ཆོས་རྗེ་མ་བྱོན་པའི་སངས་རྒྱས་གསུམ་པར་གྲགས་པའི་པཎྜི་ཏ་ཆེན་པོ་བསོད་སྙོམས་

པ་ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བོད་ཡུལ་དབུས་ཀྱི་གཙུག་ལག་ཁང་ཆེན་པོ་སོལ་ནག་ཐང་པོ་ཆེ་དང༌། ཕོ་བྲང་ཁྲ་འབྲུག་གི་གཙུག་ལག་ཁང་དུ་བསྒྱུར་བ། ལྷ་མོ་སྒྲོལ་མ་ཉི་ཤུ་རྩ་གཅིག་ལ་བསྟོད་པ་རྣམ་དག་གཙུག་གི་ནོར་བུ་ཞེས་བྱ་བ། སློབ་དཔོན་ཆེན་པོ་སཱུརྱ་གུཔྟས་མཛད་པ།

རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་ཐོ་ལྡིང་གསེར་གྱི་ལྷ་ཁང་དུ་བསྒྱུར་བ། (*མ་བྱུང༌།)ལྷ་མོ་དམ་ཚིག་སྒྲོལ་མའི་བསྟོད་པ། སྒྲོལ་མ་ཕྲེང་བ་འཛིན་པའི་བསྟོད་པ་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ་སྔ་འགྱུར། མེ་ཏོག་ཕྲེང་

เล่ม ๒๑๓ · หน้า 365b

འཛིན་གྱི་བསྟོད་པ་སློབ་དཔོན་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྩེ་གཅིག་ཏུ་མཛད་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར་ལ། སླད་ཀྱིས་པཎྜི་ཏ་མ་ནི་ཀ་ཤྲཱི་ཛྙཱ་ན་དང༌།

ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་ཅུང་ཟད་བཅོས་པ། འཕགས་མ་སྒྲོལ་མའི་མེ་ཏོག་ཕྲེང་བ་འཛིན་པའི་བསྟོད་པ་ཚེག་བར་བདུན་མར་བཅད་པ་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཟླ་བ་གཞོན་ནུའི་རང་འགྱུར། འཕགས་མ་སྒྲོལ་མ་ལ་བསྟོད་

པ་ཁ་ཆེའི་སློབ་དཔོན་ཉི་མ་སྦས་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་སཱ་དྷུ་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་ལྡན་མ་ཚུལ་ཁྲིམས་སེང་གེས་བསྒྱུར་བ་ལ། ཕྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་དག་པར་བྱས་པ། ལྷ་མོ་སྒྲོལ་མ་ལ་སྨེ་སྔགས་ཀྱི་གསོལ་བ་འདེབས་པ་ཞེས་བྱ་བའི་བསྟོད་པ་

སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཤཱཀྱ་ཤྲཱི་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བི་ཀྲ་མ་ཤཱི་

ལའི་གཙུག་ལག་ཁང་དུ་བསྒྱུར་བ། བྱང་ཆུབ་ཀྱི་སེམས་བདེ་བའི་མན་ངག །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང༌། ཕོ་བྲང་བྱང་ཆུབ་འོད་ཀྱིས་ཞུས་པ། མེ་ཏོག་ཕྲེང་འཛིན་གྱི་སྒྲུབ་པའི་ཐབས་འཕགས་པ་འཇམ་དཔལ་

དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། ཅོག་གྲུ་ལོ་ཙཱ་བ་མྱ་ངན་མེད་པའི་དཔལ་གྱིས་བསྒྱུར་བ། སོ་སོའི་སྒྲུབ་ཐབས་ལ། སྒྲོལ་མ་དཀར་མོ་ལ་བརྟེན་ནས་སྟོང་པ་ཉིད་བསྒོམ་པ། སྔོན་མོ་ལ་བརྟེན་ནས་ལོག་པར་ལྟ་བ་སུན་དབྱུང་བ། སེར་མོ་ལ་བརྟེན་

ནས་ཆོམ་རྐུན་བཅིང་བ། དམར་མོ་ལ་བརྟེན་ནས་རིག་པ་བསྐྱེད་པ། ལྗང་སེར་ལ་བརྟེན་ནས་འཆི་བ་བསླུ་བ་རྣམས་འཕགས་པ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཅོག་གྲུ་ལོ་ཙཱ་བ་མྱ་ངན་མེད་པའི་

เล่ม ๒๑๓ · หน้า 366a

དཔལ་གྱི་འགྱུར། འཕགས་མ་ལྷ་མོ་སྒྲོལ་མའི་བསྟོད་པ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བསྟོད་པའི་རྒྱལ་པོ་སློབ་དཔོན་མ་ཏི་ཙི་ཊས་མཛད་པ། འཕགས་པ་སྒྱུ་འཕྲུལ་དྲ་བའི་རིམ་པས་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་མ་ཧཱ་ཛྙཱ་ན་དང༌།

ལོ་ཙཱ་བ་གཞོན་ནུ་འོད་ཀྱི་འགྱུར། འཕགས་མ་སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། འབྲོག་མི་ལོ་ཙཱའི་འགྱུར། ཨུ་རྒྱན་སྒྲོལ་མའི་སྐོར་ལ། འཕགས་མ་གནས་ཀྱི་དབང་ཕྱུག་མའི་སྒྲུབ་པའི་ཐབས་ཞེས་བྱ་བ།

དཔལ་ཨུ་རྒྱན་གྱི་སྒྲོལ་མའི་མངོན་པར་རྟོགས་པའི་རིམ་པ་ཞེས་བྱ་བ། ཨུ་རྒྱན་གྱི་སྒྲོལ་མའི་རིམ་པ། དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་མདོར་བསྡུས་པ་པཎྜི་ཏ་པ་ར་ཧི་ཏས་མཛད་པ་རྣམས་ཁ་ཆེའི་པཎྜི་ཏ་སངྒྷ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་འཇམ་དཔལ་སྒེག་པའི་རྡོ་རྗེའི་འགྱུར།

དཔའ་བོ་གཅིག་མའི་རྣལ་འབྱོར་མའི་སྒྲུབ་པའི་ཐབས་ཞེས་བྱ་བ། ཨུ་རྒྱན་གྱི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ་མཁའ་འགྲོ་མ་རྡོ་རྗེ་གདན་མས་གསུངས་པ། གཏོར་མའི་ཆོ་ག་ཉུང་ངུ་དང༌། ཞིང་གི་དབང་ཕྱུག་མའི་མཆོད་པའི་རིམ་པ་རྣམས་པཎྜི་ཏ་པ་ར་ཧི་ཏ་དང༌། ལོ་ཙཱ་བ་ནག་

ཚོ་ཤེས་རབ་རྒྱལ་མཚན་གྱི་འགྱུར། དེ་ཁོ་ན་ཉིད་ཀྱི་ཚིག་ལེའུར་བྱས་པའི་མན་ངག་པཎྜི་ཏ་པ་ར་ཧི་ཏ་དང༌། ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། དེ་ཁོ་ན་ཉིད་ཀྱི་ཚིག་ལེའུར་བྱས་པའི་མན་ངག་གི་འགྲེལ་པ་མཁས་པ་ཆེན་པོ་སློབ་དཔོན་སུ་ཛ་ཡ་ཤྲཱི་བྷ་དྲའི་

ཞལ་སྔ་ནས་ཀྱིས་མཛད་པ། མཁས་པ་རིན་ཆེན་དཔལ་གྱི་སློབ་མ་པཎྜི་ཏ་པ་ར་ཧི་ཏ་དང༌། ལོ་ཙཱ་བ་ནག་ཚོ་དགེ་སློང་ཤེས་རབ་རྒྱལ་མཚན་གྱི་འགྱུར། མ་ཧཱ་མཱ་ཡཱའི་རྫོགས་རིམ་དེ་དང་ཆ་འདྲ་བར་འདུག་ནའང༌། ནག་ཚོའི་ལུགས་ལ་ཨུ་རྒྱན་སྒྲོལ་མའི་རྫོགས་རིམ་དུ་བཞེད་དོ། །གནས་

ཆེན་གྱི་རིམ་པའི་ལྷ་མོ་སྒྲོལ་མ་ལ་བསྟོད་པ་སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པ། པཎྜི་ཏ་པཱ་ར་ཧི་ཏ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ཞིང་གི་དབང་ཕྱུག་མའི་བསྟོད་པ་བློན་པོའི་རིགས་ཤིན་ཏུ་དགའ་བའི་པཎྜི་ཏས་མཛད་པ། པཎྜི་ཏ་ཡེ་ཤེས་རྡོ་རྗེ་དང༌། ལོ་ཙཱ་བ་ནག་

เล่ม ๒๑๓ · หน้า 366b

ཚོ་ཆེན་པོའི་འགྱུར། རྡོ་རྗེ་དྲིལ་བུའི་མཚན་ཉིད་ཅེས་བྱ་བ་དང༌། ཐོད་པ་མཆོད་པའི་ཆོ་ག་ཞེས་བྱ་བ་པཎྜི་ཏ་པ་ར་ཧི་ཏ་དང༌། ལོ་ཙཱ་བ་ནག་ཚོ་ཤེས་རབ་རྒྱལ་མཚན་གྱི་འགྱུར། འདི་ཨུ་རྒྱན་སྒྲོལ་མའི་ཆོས་སྐོར་དུ་མཛད་དོ། །རྨི་ལམ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཟླ་བའི་བཤེས་

གཉེན་གྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་སུ་ག་ཏ་ཤྲཱི་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། སྒྲོལ་མའི་འཆི་ཁ་མའི་ཉམས་ལེན་དཔལ་ཆོས་ཀྱི་རྗེ་ས་སྟེང་ན་འགྲན་ཟླ་དང་བྲལ་བའི་ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲའི་ཞལ་སྔ་ནས་མཛད་པ་དང༌། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ་སློབ་

དཔོན་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། (*མ་བྱུང༌།)སྒྲོལ་མའི་སྒྲུབ་ཐབས་བསྡུས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་

ཞལ་སྔ་ནས་བྱུང་བ། དཔྱལ་པདྨོ་ཅན་གྱི་འགྱུར། རྡོ་རྗེ་ཕག་མོ་སྒྲོལ་མ་ལ་བསྟོད་པ་པཎྜི་ཏ་ཟླ་བ་གྲགས་པས་མཛད་པ། སྒྲོལ་མ་ཁྲོ་མོ་ལ་རྩ་བའི་སྔགས་ཀྱིས་བསྟོད་པ་ཚིག་རྐང་བཅུ་གཉིས་པ། སྒྲོལ་མ་ཨུ་གྲ་ཏཱ་རའི་སྒྲུབ་ཐབས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞབས་

ཀྱིས་མཛད་པ་དང༌། འཕགས་མ་སྒྲོལ་མ་དྲག་མོའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣ་དང༌། ལོ་ཙཱ་བ་མཉྫུ་ཤྲཱིས་བསྒྱུར་བ། འཕགས་མ་སྒྲོལ་མ་དྲག་མོའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་རྟག་པའི་རྡོ་རྗེས་

མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང༌། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེའི་འགྱུར། རལ་གཅིག་མའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་འོ་ན་འདིའི་སྐུ་གྲོང་དུ་

ལེགས་པར་བསྒྱུར་ཅིང་ཞུས་པ། བཅོམ་ལྡན་འདས་མ་སྒྲོལ་མ་ཁྲོས་པའི་བ་ལིཾ་གི་གཏོར་མའི་ཆོ་ག་བསྡུས་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཱ་ན་ཤཱི་ལས་འགྲན་གྱི་འཕྱང་སར་དུ་རང་འགྱུར་མཛད་པ། སྒྲོལ་མ་རལ་གཅིག་མའི་བློ་འཕེལ་སྙན་ངག་མཁན་རྟག་པའི་རྡོ་རྗེས་

เล่ม ๒๑๓ · หน้า 367a

མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་ཡང་དག་པར་བསྒྱུར་བ། འཕགས་པ་རལ་པ་གཅིག་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་རོལ་པའི་སྦས་པས་མཛད་པ། རྒྱ་གར་ཤར་ཕྱོགས་བ་རེནྡྲ་ཛ་ག་ཏ་ལའི་པཎྜི་ཏ་དཱ་ན་ཤཱི་ལས་ཡུལ་དབུས་

ཀྱི་གྲུབ་པ་ཐོབ་པའི་གནས་དྲང་སྲོང་སྲིན་པོ་རིར་བསྒྱུར་བ། རལ་པ་གཅིག་མ་དམར་མོའི་སྒྲུབ་པའི་ཐབས་ཀུན་སྤངས་རྡོ་རྗེ་ཞེས་པས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་མི་དབང་བཟང་པོ་དང༌། ཆོས་སྨྲ་བའི་བཙུན་པ་ལེགས་པའི་བློ་གྲོས་ཀྱི་འགྱུར། རལ་པ་གཅིག་མ་དམར་མོའི་བྱིན་

རླབས་ཀྱི་ཆོ་ག་ནག་པོ་སྤྱོད་པ་བས་མཛད་པ། པཎྜི་ཏ་མི་དབང་བཟང་པོ་དང༌། ལོ་ཙཱ་བ་གཞོན་ནུ་ཤེས་རབ་ཀྱི་འགྱུར། མཆོག་གི་སྒྲོལ་མ་རལ་གཅིག་མའི་མན་ངག་གི་སྒྲུབ་ཐབས་སྙན་ངག་མཁན་རྟག་པའི་རྡོ་རྗེའི་མན་ངག་བྷ་གུ་པཎྜི་ཏའི་ཁྱད་ཆོས། རྒྱ་གར་ཤར་ཕྱོགས་ཀྱི་པཎ་ཆེན་དཱ་ན་

ཤཱི་ལ་ལས་མཉན་ཏེ། རིག་པ་འཛིན་པ་ཁུ་རྣལ་འབྱོར་པས་འོན་དམར་དུ་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པ། སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས་རིན་པོ་ཆེ་གསལ་བ་ཞེས་བྱ་བ་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་རཏྣ་ད་ཏི་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་

ཆོས་འབར་གྱི་འགྱུར། ཐུགས་རྗེ་སྒྲོལ་མའི་སྒྲུབ་ཐབས་ཞེས་བྱ་བ་དངོས་གྲུབ་ཕྲེང་བ་སློབ་དཔོན་རྟག་པའི་བཛྲས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་བ་མཁས་པ་བ་རིས་རྒྱ་དཔེ་བོད་དུ་སྤྱན་དྲངས་ནས་བ་སྦུགས་རོང་གི་གསེར་ཁང་དུ་བསྒྱུར་བ། སྒྲོལ་མའི་

ནང་གི་གཏོར་ཆོག་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཡུལ་བལ་པོ་རྫོང་དུ་བསྒྱུར་བ། ཕྱིར་བཟློག་གི་འཁོར་ལོ་རྟག་པའི་རྡོ་རྗེས་མཛད་པ། མཁས་པ་ཆེན་པོ་རྨ་བན་ཆོས་འབར་གྱི་འགྱུར། སྒྲོལ་མ་གསང་བའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་རཏྣ་

ད་ཏི་དང་། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། ཐུགས་རྗེ་སྒྲོལ་མ་ལས་སྣ་ཚོགས་པའི་སྒྲུབ་ཐབས་རྒྱ་གར་བསིལ་བའི་སེང་ལྡེང་ཕུག་ཏུ་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། མཁས་པ་ཆེན་པོ་བ་རི་ལོ་ཙཱའི་འགྱུར། ཁྭ་གདོང་མ་སྲང་མདའ་ནག་པོ་ཞེས་བྱ་བ་སློབ་དཔོན་རྟག་པའི་

เล่ม ๒๑๓ · หน้า 367b

བཛྲས་མཛད་པ། སྒྲོལ་མའི་མན་ངག་མེ་ལོང་དྭངས་པ་ཞེས་བྱ་བ་རྨ་དང་བ་རི་ལོ་ཙཱ་བ་དྷརྨ་ཀཱིརྟི་ཞེས་བྱ་བས་དཔྱལ་དང༌། བླ་མ་གུས་སྟོན་ལ་ཞུས་ནས་བསྒྱུར་བ། དེ་རྣམས་སྒྲོལ་མ་རྣལ་འབྱོར་བླ་མེད་དུ་བཀྲལ་བའི་སྐོར་རྣམས་སོ། །མ་རྒྱུད་སྤྱི་དང་འབྲེལ་པ་ལ། དཔལ་ཨུ་རྒྱན་གྱི་རྣལ་

འབྱོར་པ་དང་རྣལ་འབྱོར་མའི་རང་བྱུང་གི་ལོངས་སྤྱོད་དུར་ཁྲོད་ཀྱི་རྟོག་པ་ཞེས་བྱ་བ་སློབ་དཔོན་བིརྺ་པས་མཛད་པ་ལས་བཏུས་པ། རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། རྗེས་ཆགས་ཀྱི་སྦྱོར་བས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་འཇུག་པའི་མན་ངག་ཅེས་བྱ་བ་པཎྜི་ཏ་ཆེན་པོ་དོན་ཡོད་རྡོ་རྗེའི་

ཞལ་སྔ་ནས་མཛད་པ་དང༌། ལས་ཀྱི་ཕྱག་རྒྱ་བརྟག་པའི་མན་ངག་ཅེས་བྱ་བ་པཎྜི་ཏ་ཨ་མོ་གྷ་བཛྲ་ལས་བྱུང་བ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། དབང་ཆོས་རྟེན་འབྲེལ་འགྲོ་ལྡོག་དཔལ་ནཱ་རོ་པས་མཛད་པ། རྒྱ་གར་གྱི་བླ་མ་ཏེ་ཕུ་བ་དང༌། བོད་ཀྱི་

ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། འཆི་བ་བསླུ་བའི་མན་ངག་ཅེས་བྱ་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། ཤླཽ་ཀ་སུམ་བརྒྱ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། འདི་ཕྱི་ནང་གི་རྒྱུད་དུ་མ་དང་འབྲེལ་

ཡང༌། ཁྱད་པར་མ་རྒྱུད་རྡོ་རྗེ་མཁའ་འགྲོ་དང༌། གདན་བཞི་དང་འབྲེལ་པར་སྣང་བས་འདིར་བཀོད་དོ། །རྨི་ལམ་བརྟག་པ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་བི་བྷཱུ་ཏི་ཙནྡྲའི་རང་འགྱུར། པདྨ་དྲ་བ་འབྱུང་བའི་སྒྲུབ་ཐབས་རྒྱལ་བ་དཔལ་ཡེ་ཤེས་ཀྱིས་མཛད་པ་དང༌། པདྨ་སྤྱན་རས་གཟིགས་དབང་

ཕྱུག་གི་པདྨ་དྲ་བའི་རིམ་པས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དུ་མཆོད་པའི་ཆོ་ག་རྒྱལ་བ་དཔལ་ཡེ་ཤེས་མིང་གཞན་པདྨ་རྡོ་རྗེ་ཞེས་བྱ་བས་མཛད་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་སུ་མ་ན་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱི་འགྱུར། མ་རྒྱུད་དང་ཕྱོགས་མཐུན་པ་མགོན་པོ་ནག་

པོའི་སྐོར་ལ། དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་ཀྱི་རིམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་འབུམ་ཕྲག་གསུམ་པ་དང༌། ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱི་འགྱུར། དཔལ་ནག་པོ་ཆེན་པོའི་རྒྱུད་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོ་ཞེས་བྱ་བའི་འགྲེལ་པ་དཔལ་རྟ་དབྱངས་

เล่ม ๒๑๓ · หน้า 368a

ཀྱིས་མཛད་པ། དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་རིན་ཆེན་འབྱུང་གནས་ཞེས་བྱ་བ་དང༌། ཡེ་ཤེས་ཀྱི་མེ་སྦར་བ་ཞེས་བྱ་བ་སྦྱིན་སྲེག་གི་ཆོ་ག་པཎྜི་ཏ་ཆེན་པོ་ས་མནྟ་ཤྲཱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱི་འགྱུར། ནག་

པོ་ཆེན་པོའི་མངོན་པར་རྟོགས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་དཔལ་ལྷན་ཅིག་སྐྱེས་པའི་ཞབས་ཀྱིས་མཛད་པ་དང༌། ནག་པོ་ཆེན་པོའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ལྷན་ཅིག་སྐྱེས་པའི་ཞབས་ཀྱི་སློབ་མ་སློབ་དཔོན་ལི་ཀ་རིའི་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་

མཁན་པོ་ཤྲཱི་ན་རེནྡྲ་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་རི་བོ་ཆེན་པོ་སྤུ་ཏྲའི་མགུལ་བདེ་ཆེན་གླིང་གི་ཕོ་བྲང་ཆེན་པོར་བསྒྱུར་བ། དཔལ་ནག་པོ་ཆེན་པོ་ཡུམ་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་

པཎྜི་ཏ་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས་དང་ཆོས་འཁོར་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱི་འགྱུར། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང༌། ལོ་ཙཱ་བ་རྩ་མི་ཆེན་པོའི་འགྱུར། (*བྱ་རོག་གདོང་ཅན་ཟེར།)དཔལ་མགོན་པོའི་ནང་སྒྲུབ་པཎྜི་ཏ་ཨ་བྷ་

ཡཱ་ཀ་ར་དང༌། ལོ་ཙཱ་བ་རྩ་མི་ཆེན་པོའི་འགྱུར། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཤ་བ་རི་པས་མཛད་པ། དཔལ་ནག་པོ་ཆེན་པོའི་དབང་བསྐུར་བའི་ཆོ་ག་

བྲམ་ཟེ་མཆོག་སྲེད་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ནག་པོ་རོ་འཛིན་དང༌། ལོ་ཙཱ་བ་གྱི་ལྗང་དབུ་དཀར་བའི་འགྱུར། དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བསོད་སྙོམས་པས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིའི་

འགྱུར། དཔལ་མགོན་པོའི་གཏོར་ཆོག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། དེ་ཉིད་དང༌། ལོ་ཙཱ་བ་འབྲོམ་སྟོན་གྱི་འགྱུར། དཔལ་ལྷ་མོ་ནག་མོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་སློབ་དཔོན་ལོ་ཀ་ཤྲཱིའི་འགྱུར། ལྷ་མོ་རེ་མ་ཏི་དམག་ཟོར་གྱི་མན་ངག་ཨཱ་ཙཱརྱ་དམར་པོ་ཞབས་ཀྱིས་མཛད་པ། དཔལ་ལྡན་

เล่ม ๒๑๓ · หน้า 368b

ལྷ་མོ་དུད་སོལ་མའི་རྗེས་སུ་གནང་བའི་ཆོ་ག །དུད་སོལ་མའི་སྒྲུབ་ཐབས། གཏོར་མའི་ཆོ་ག་རྣམས་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱི་ཞབས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་ཀྱི་བཀའ་དྲིན་གྱིས་འཚོ་བའི་བཙུན་པ་བསོད་ནམས་རྒྱ་མཚོའི་སྡེའི་འགྱུར། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས།

ཡང་ནག་པོ་ཆེན་པོའི་སྒྲུབ་ཐབས། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ་རྣམས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། དཔལ་ནག་པོ་ཆེན་པོའི་བསྟོད་པ་སློབ་དཔོན་ཆེན་པོ་ཨ་ཝ་དྷཱུ་ཏཱི་

པས་མཛད་པ། རྗེ་བཙུན་དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་དང༌། བྱ་རོག་མིང་ཅན་དང་བྱ་རོག་གདོང་ཅན་ལ་བསྟོད་པ་རྩ་མི་སངས་རྒྱས་གྲགས་པས་མཛད་པ། སེ་ལོ་ཙཱ་བས་བོད་སྐད་དུ་བསྒྱུར་བ་འདི་ལ་ཐམས་ཅད་མཁྱེན་པ་བུ་སྟོན་གྱིས། འདི་གཉིས་རྩོམ་མཁན་བོད་ཀྱིས་བརྩམས་པ་

ཡིན་ཀྱང་སཾ་སྐྲྀ་ཏའི་སྐད་དུ་བརྩམས་ཤིང༌། བོད་སྐད་དུ་བསྒྱུར་བ་ཡིན་པས་སྔར་གྱི་རྣམས་ཀྱིས་བྲིས་འདུག་པས་བྲིས་ཞེས་གསུང་ངོ༌། །ལྷ་མོ་ནག་མོ་ལ་བསྟོད་པ་བརྒྱད་པ་ཞེས་བྱ་བ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ་དང༌། ཡང་དཔལ་

ནག་པོ་ཆེན་པོ་ལ་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་བཻ་རོ་ཙ་ན་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་དིང་རི་ཆོས་གྲགས་ཀྱི་འགྱུར། དཔལ་ལྷ་མོ་ནག་མོའི་སྒྲུབ་ཐབས་མཁས་པ་ཆེན་པོ་ནཱ་རོ་པའི་ཞབས་ཀྱིས་མཛད་པ།

སྐད་གཉིས་སྨྲ་བའི་སློབ་དཔོན་ལོ་ཀ་ཤྲཱིའི་འགྱུར། གཏུམ་ཆེན་དྲག་པོའི་མངོན་པར་རྟོགས་པ་པཎྜི་ཏ་བདེ་བ་ཆེན་པོའི་རྡོ་རྗེས་བསྒྲིགས་པ། ལོ་ཙཱ་བ་དགེ་སློང་གཞོན་ནུ་དཔལ་གྱི་འགྱུར། མི་གཡོ་བའི་མངོན་པར་རྟོགས་པ་རབ་ཏུ་དགའ་བར་མངོན་པར་བརྗོད་པ་སློབ་དཔོན་དཔལ་ནགས་

ཀྱི་རིན་ཆེན་གྱིས་མཛད་པ། ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་བསྒྱུར་བ་རྣམས་བཞུགས་སོ། །སྒྲོལ་མ་བླ་མེད་སྐོར་ལ་དྲུག་ཅུ་གསུམ། །མ་རྒྱུད་སྤྱི་འབྲེལ་དྲུག་དང་པད་དྲའི་གཉིས། །མགོན་པོའི་ཆོས་སྐོར་སུམ་ཅུ་མི་གཡོའི་གཉིས། །དྲིལ་བས་ཆོས་སྐོར་བརྒྱ་དང་རྩ་གསུམ་བཞུགས། །

เล่ม ๒๑๓ · หน้า 369a

དེ་དག་གིས་ནི་སྒྲོལ་མ་ལ་སོགས་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་སྒྲོལ་མ་ལ་སོགས་པའི་ཆོས་སྐོར་རྣམས་བཀོད་ནས། རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་གསང་བ་འདུས་པའི་སྐོར་ལ། དང་པོར་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་སུ་

འབྲང་བའི་འཕགས་སྐོར་ལ། ས་པ་ལ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་ཞེས་བྱ་བ་རྡོ་རྗེ་ཐེག་པ་ཆེན་པོ་པ་སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱིས་མཛད་ཟེར་བའི་ལེའུ་བཅུ་བདུན་པ་ཡན་ཆད་རྒྱ་གར་གྱི་མཁན་པོ་ཤྲཱི་ཏཱ་ར་ཀ་ལ་ཤའི་སྲས་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤའི་དབོན་པོ་མནྟྲ་ཀ་

ལ་ཤ་ཞེས་བྱ་བ་ཉིད་ཀྱི་རང་འགྱུར། ལེའུ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་པ་རྡོ་རྗེ་ཐེག་པ་ཆེན་པོ་པ་དཔལ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་གཞོན་ནུ་བུམ་པའི་རང་འགྱུར་བཞུགས་སོ། །འགྲེལ་པ་འདི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་མ་མཛད་རྩོད་པ་ཅན་དུ་འདུག་

ནའང༌། བོད་མ་མ་ཡིན་པར་འདུག་ཅིང་མཚན་བཟང་པོར་གཡར་འདུག་པའི་དོན་ལ་དབུ་རུ་བཞུགས་སུ་བཅུག་པ་ཡིན་ཞེས་གསུངས་སོ།། །།ཧ་པ་ལ། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་སློབ་དཔོན་ཆེན་པོ་ནཱ་གཱརྫུ་ནའི་མན་ངག་ལ་བརྟེན་ཏེ་སློབ་དཔོན་ཟླ་བ་གྲགས་པས་

མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ། རྒྱ་གར་གྱི་མཁན་པོ་ཤྲཱི་ཛྙཱ་ནཱ་ཀ་ར་བས་བཤད་ནས། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་བ་ལ། ཡང་སླད་ཀྱིས་རྒྱ་གར་གྱི་པཎྜི་ཏ་ནག་པོའི་ཞལ་སྔ་ནས་བཤད་

ཅིང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་གཏུགས་ཏེ་བཅོས་པ། སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར།

གསང་བ་ཐམས་ཅད་ཀྱི་སྒྲོན་མའི་རྒྱ་ཆེར་འགྲེལ་པ་གསང་འདུས་རྒྱུད་ཕྱི་མ་པཎྜི་ཏ་སྙན་གྲགས་བཟང་པོས་མཛད་པ། པཎྜི་ཏ་སྨྲྀ་ཏེ་ཛྙཱ་ན་ཀཱིརྟིའི་རང་འགྱུར། འདི་ལ་ཐེ་ཚོམ་གྱི་གཞི་ཅིག་སྣང་ངོ༌།། །།ཨ་པ་ལ། རྡོ་རྗེ་བཟླས་པའི་རྒྱ་ཆེར་བཤད་པ་ཞེས་བྱ་བ་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་

เล่ม ๒๑๓ · หน้า 369b

བཏུས་པའི་རྒྱུད་ལས་འབྱུང་བའི་རྒྱན་བདུན་རྣམ་པར་དགྲོལ་བ་དང་གཉིས་ཀ་སློབ་དཔོན་ཆེན་པོ་ཤྲདྡྷཱ་ཀ་ར་ཝརྨའི་ཞབས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པ། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་དཀའ་འགྲེལ་

སློབ་དཔོན་ཐུགས་རྗེ་དཔལ་གྱི་ཞབས་ཀྱིས་མཛད་པ། གཞུང་གི་ཚད་ནི་ཚིགས་སུ་བཅད་པའི་རྣམ་གྲངས་སྟོང་ཕྲག་གསུམ་ལ་བརྒྱ་ཕྲག་ལྔས་ལྷག་མ་ཡོད་པ། སྐད་གཉིས་སྨྲ་བའི་དབང་ཕྱུག་དགེ་སློང་རིན་ཆེན་གྲུབ་ཀྱིས་ཞྭ་ལུ་རི་ཕུག་དགའ་ལྡན་གྱི་དབེན་གནས་སུ་བསྒྱུར་ཅིང་གཏན་

ལ་ཕབ་པ། སྒྲོན་མ་གསལ་བ་མདོར་བཤད་པའི་ས་བཅད་སྙིང་གི་མེ་ལོང་ཞེས་བྱ་བ་དཔལ་ལཀྵྨཱི་ཀ་རའི་ཞལ་སྔ་ནས་ཀྱི་སློབ་མ་པཎྜི་ཏ་མཁས་པ་ཀུ་མཱ་རས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་གཞོན་ནུ་བུམ་པ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར། སྒྲོན་མ་གསལ་

བར་བྱེད་པའི་དཀའ་བ་བཏུས་པའི་འགྲེལ་པ་ཞེས་བྱ་བ་སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་རྒྱལ་བ་མཆོག་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་བསྒྱུར་བ་རྣམས་བཞུགས་སོ།། །།ཀི་ཁི་གཉིས་ལ། སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་

གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀ་སློབ་དཔོན་ཆེན་པོ་བྷ་དྲ་ཀཱིརྟིས་ཞལ་སྔ་ནས་མཛད་པ། གཞུང་གི་ཚད་ཤླཽ་ཀ་སྟོང་ཕྲག་བཅུ་དྲུག་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་པཎྜི་ཏ་ཀུ་མཱ་རའི་རང་འགྱུར། སྒྲོན་མ་གསལ་བ་ཞེས་བྱ་བའི་ལེའུ་དང་པོའི་འགྲེལ་བཤད་སློབ་དཔོན་ཨཱརྱ་དེ་ཝས་མཛད་ཟེར་བ་

འདི་བོད་མ་འདྲ་བར་འདུག་ནའང་སྔར་གྱི་རྣམས་ཀྱིས་བྲིས་འདུག་པས་བྲིས་སོ།། །།གི་པ་ལ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་ཟབ་མོའི་དོན་གྱི་འགྲེལ་པ་ཞེས་བྱ་བ་པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། པཎྜི་ཏ་དེ་ཉིད་དང༌། སྟེང་པ་ལོ་ཙཱ་བས་བསྒྱུར་བའི་ལེའུ་བཞི་

བཅུ་རྩ་ལྔ་པའི་ཕྱེད་པར་དུ་འགྲེལ་པ་ཇི་ཙམ་རྙེད་པ་བཞུགས་སོ། །འདིའི་འཕྲོ་ད་རུང་ཡང་བཙལ་བར་བྱའོ། །དེ་ལྟར་རྒྱུད་འགྲེལ་གྱི་སྐོར་རྣམས་བཀོད་ནས། ད་ནི་སྒྲུབ་ཐབས་དཀྱིལ་ཆོག་མན་ངག་ལ་སོགས་པའི་སྐོར་ལ། ངི་པ་ལ། སྒྲུབ་པའི་ཐབས་མདོར་བྱས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་

เล่ม ๒๑๓ · หน้า 370a

པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་བསྐྱེད་པའི་རིམ་པ་སྒོམ་པའི་ཐབས་མདོ་དང་བསྲེ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་

གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ། རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དབང་བཞི་

པའི་རབ་ཏུ་བྱེད་པ་སློབ་དཔོན་ནཱ་གཱརྫུ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱནྟི་གརྦྷ་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། བྱང་ཆུབ་སེམས་ཀྱི་འགྲེལ་པ་ཚིགས་བཅད་མ་ཞེས་བྱ་བ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་གུ་ཎ་

ཨཱ་ཀ་ར་དང༌། ལོ་ཙཱ་བ་རབ་ཞི་བཤེས་གཉེན་གྱི་འགྱུར་ལ། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བཅོས་པ། བྱང་ཆུབ་སེམས་ཀྱི་འགྲེལ་པ་ལྷུག་པ་མ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྡ་དང༌། བོད་ཀྱི་ལོ་ཙཱ་

བ་ཁུ་མདོ་སྡེ་འབར་གྱི་འགྱུར། རིམ་པ་ལྔ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་ཡང་གཏུགས་

ཏེ་བཅོས་པ། སྤྱོད་པ་བསྡུས་པའི་སྒྲོན་མ་སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ཤླཽ་ཀ་སྟོང་སུམ་བརྒྱ་པའོ། །སེམས་ལ་དམིགས་པའི་རིམ་པའི་དོན་འགྲེལ་སེམས་ཀྱི་སྒྲིབ་པ་རྣམ་པར་

སྦྱོང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པ། ཨཱ་ཙཱརྱ་ཛྙཱ་ནཱ་ཀ་ར་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སྒྱུ་ལུས་ཀྱི་དོན་འགྲེལ་བདག་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ་རྣམ་པར་དབྱེ་བ། འོད་གསལ་གྱི་དོན་འགྲེལ་མངོན་པར་བྱང་ཆུབ་པའི་རིམ་པའི་མན་

เล่ม ๒๑๓ · หน้า 370b

ངག་ཅེས་བྱ་བ། རོ་བསྲེག་པའི་ཆོ་ག་རྣམས་སློབ་དཔོན་འཕགས་པ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དཔལ་གསང་བ་འདུས་པའི་རྫོགས་རིམ་མཐར་ཕྱིན་པ་སློབ་དཔོན་ཨཱརྱ་དེ་ཝས་མཛད་ཟེར་བ། འདུས་པའི་སྒྲུབ་པའི་ཐབས་རྣམ་

པར་གཞག་པའི་རིམ་པ་ཞེས་བྱ་བ་གྲུབ་པའི་སློབ་དཔོན་ཀླུའི་བློས་ཞལ་སྔ་ནས་མཛད་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀླུའི་བྱང་ཆུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་པཎྜི་ཏ་ཏི་ལ་

ཀ་ཀ་ལ་ཤ་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བནྡེ་པ་ཚ་བ་ཉི་མ་གྲགས་ཀྱིས་བསྒྱུར་བ། ལས་ཀྱི་མཐའ་རྣམ་པར་འབྱེད་པ་ཞེས་བྱ་བ་རྗེ་བཙུན་འཕགས་པ་ཀླུའི་བློའི་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་མ་ཎི་ཀ་ཤྲཱི་ཛྙཱ་ན་དང༌། རྗེ་བཙུན་ཆེན་པོ་རེ་ཝེནྡྲའི་ཞལ་སྔ་ནས་གུས་པར་

མཉན་ཏེ་ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱི་འགྱུར། རིམ་པ་ལྔའི་ཁོངས་སུ་བསྡུ་བའི་མན་ངག་ཅེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཀླུའི་བློ་རིག་པ་འཛིན་པའི་དངོས་གྲུབ་བརྙེས་ནས་ད་དུང་དཔལ་གྱི་རི་ལ་བཞུགས་པའི་ཞལ་སྔ་ནས་ཀྱིས་མཛད་པ། དཀོན་མཆོག་གསུམ་གྱི་རྟེན་དཔལ་

ཚངས་པ་འབྱུང་བའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ཨཱ་ལངྐ་ཀ་ལ་ཤ་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཉི་མ་གྲགས་ཀྱི་འགྱུར། རིམ་པ་ལྔའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ཡིད་འཕྲོག་ཅེས་བྱ་བ་མ་ག་དྷཱའི་པཎྜི་ཏ་ཐུབ་པ་དཔལ་བཟང་པོས་མཛད་པ། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་

བསྣམས་པའི་རྒྱ་དཔེ་ལས་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱི་འགྱུར། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། གཞུང་ཚད་ནི་རྐང་པ་དང་བཅས་པའི་བརྒྱ་ཕྲག་གཉིས་པ་དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་མཁས་པ་ཆེན་པོ་ཏ་ཐཱ་ག་

ཏ་རཀྵི་ཏ་དང༌། ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་དཔལ་གྱི་འགྱུར་ལ། སླད་ཀྱིས་དཔལ་ཐོ་ལིང་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཱི་པཾ་ཀཱ་ར་རཀྵི་ཏ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བཅོས་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པ་ལི་ལཱ་

เล่ม ๒๑๓ · หน้า 371a

བཛྲའི་ཞབས་ཀྱིས་མཛད་པ། བི་བྷཱུ་ཏི་ཙནྡྲའི་རྒྱ་དཔེ་ལ་བལྟས་ནས་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་ལེགས་པར་བསྒྱུར་ཅིང་དག་པར་བྱས་པ། བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་སློབ་དཔོན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པ། སློབ་དཔོན་ཤྲདྡྷཱ་ཀ་ར་ཝརྨ་

དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཞེས་བྱ་བ་སློབ་དཔོན་ཟླ་བ་གྲགས་པས་མཛད་ཟེར་བ་འདི་ནི་ཐེ་ཚོམ་གྱི་གཞི་ཅིག་སྣང་ངོ༌། །ཟུང་དུ་འཇུག་པ་གསལ་བ་ཞེས་བྱ་བ་དབང་གི་བྱ་བ་ཤླཽ་ཀ་ཕྱེད་དང་བརྒྱད་བརྒྱ་པ་དཀྱིལ་འཁོར་ཆེན་

པོའི་དངོས་གྲུབ་བརྙེས་པའི་མཁས་པ་ཆེན་པོ་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པ། མཁས་པ་ཆེན་པོ་བསོད་སྙོམས་པ་ཤཱཀྱ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། འདི་ལ་ཤླཽ་ཀ་ཕྱེད་དང་བརྒྱད་བརྒྱའོ། །དཔལ་གསང་བ་འདུས་

པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ནག་པོ་པའི་ཞལ་སྔ་ནས་བླ་མའི་མན་ངག་ལ་བརྟེན་ཏེ་མཛད་པ། རྡོ་རྗེ་སེམས་དཔའི་མཆོད་པའི་ཆོ་ག །གཏོར་མའི་ཆོ་ག །རབ་ཏུ་གནས་པའི་ཆོ་གའི་རིམ་པ་རྣམས་སློབ་དཔོན་ནག་པོ་པས་མཛད་པ། དེ་ཉིད་དང༌། འགོས་ལྷས་བཙས་ཀྱི་འགྱུར། རྡོ་རྗེ་འཆང་ཆེན་པོའི་

ལམ་གྱི་རིམ་པ་མན་ངག་བདུད་རྩི་གསང་བ་སློབ་དཔོན་ཆེན་པོ་སྒྲ་དབྱངས་བཅུ་གཅིག་པས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག་ཞེས་པ་ཟ་ཧོར་གྱི་མཁན་པོ་ཤཱནྟ་དེ་ཝ་

ཞེས་བྱ་བ་མངོན་ཤེས་ལྔ་དང་ལྡན་པས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་འགོས་ཀྱི་འགྱུར། སྦྱིན་སྲེག་གི་ཆོ་ག་དཔལ་ལྡན་རབ་འཇིགས་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་བ་རྣམས་བཞུགས་སོ། །འདི་ལ་ཤླཽ་ཀ་

བརྒྱ་བརྒྱད་ཅུ་རྩ་གསུམ་མོ།། །།ཅི་པ་ལ། ད་ནི་སྒྲུབ་སྐོར་དེ་དག་གི་འགྲེལ་པའི་སྐོར་ནི། མདོར་བསྡུས་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཀརྨ་བཛྲའི་རང་འགྱུར། སྒྲུབ་པའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་

เล่ม ๒๑๓ · หน้า 371b

བ་སློབ་དཔོན་ཆེན་པོ་དཔལ་ཛྙཱ་ན་བཛྲ་ཞེས་བྱ་བ་གསང་འདུས་རིམ་པ་གསུམ་གྱི་མན་ངག་དང་ལྡན་པ་བཅོམ་ལྡན་འདས་མི་བསྐྱོད་པའི་ཞབས་ཀྱི་ཟེའུ་འབྲུ་སྤྱི་བོས་ལེན་པས་མཛད་པ། རྒྱ་གར་གྱི་མཁན་པོ་དགེ་བསྙེན་བཙུན་པ་ཀུ་མཱ་ར་དང༌། བོད་ཀྱི་ལོ་ཙཱ་བ་ལྷ་བཙུན་པའི་འགྱུར། དཔལ་གསང་བ་འདུས་པའི་དཀྱིལ་

འཁོར་གྱི་ལྷའི་སྐུ་ལ་བསྟོད་པ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་མི་གནས་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་

ཀཱིརྟི་དེ་ཉིད་ཀྱི་འགྱུར། རིམ་པ་ལྔའི་དཀའ་འགྲེལ་དོན་གསལ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་བརྩོན་འགྲུས་བཟང་པོའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་བཱིརྱ་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འབྲོ་དགེ་བསྙེན་ཆེན་པོ་ཤེས་རབ་བརྩོན་འགྲུས་ཀྱི་འགྱུར། རིམ་པ་ལྔ་པའི་དགོངས་འགྲེལ་ཟླ་བའི་

འོད་ཟེར་ཞེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་བི་བྷཱུ་ཏི་ཙནྡྲའི་འགྱུར། སྒྲུབ་ཐབས་མདོར་བྱས་ཀྱི་དཀའ་འགྲེལ་པཎྜི་ཏ་བི་བྷཱུ་ཏི་ཙནྡྲས་མཛད་པ། ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་དབོའི་ལོ་མགོའི་ཟླ་བའི་ཚེས་བཅུ་དགུ་ལ་རྒྱ་དཔེ་ལ་

གཟིགས་ནས་དཔལ་རི་ཕུག་གི་དབེན་གནས་སུ་བསྒྱུར་བ། རིམ་པ་ལྔའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ་ཞེས་ཟེར་བ་འདི་རྫུན་མ་ཡིན་པར་འདུག་ནའང་སྔར་གྱི་རྣམས་ཀྱིས་བྲིས་འདུག་པ་ལྟར་བྲིས་སོ། །སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་

ཤེས་རབ་མཆོག་དང་ལྡན་པའི་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས་ཀྱི་བཤད་པ་སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། ཐོ་ལྡིང་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་རཀྵི་ཏ་དང༌། ཁམས་པ་བ་

རི་ལོ་ཙཱ་བའི་འགྱུར། བསྡུས་པའི་རིམ་པའི་དཀའ་འགྲེལ་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ། བལ་པོའི་དགེ་བསྙེན་སུའོ་དཱི་ཏ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། དད་པ་སྨྲ་བ་ཞེས་བྱ་བའི་བསྟོད་པ་རྒྱ་གར་གྱི་མཁན་པོ་པྲཛྙཱ་ཤྲཱི་གུཔྟ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོའི་བསྒྱུར་བ་

เล่ม ๒๑๓ · หน้า 372a

རྣམས་བཞུགས་སོ།། །།ཆི་པ་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རིམ་པ་ལྔའི་དཀའ་འགྲེལ་ཞེས་བྱ་བ་སློབ་དཔོན་ཆེན་པོ་བྷ་བྱ་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་རྒྱལ་བ་མཆོག་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། རིམ་པ་ལྔའི་བཤད་པ་ལི་ལ་བཛྲ་ཞབས་

ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དར་མ་བློ་གྲོས་ཀྱི་འགྱུར། རིམ་ལྔའི་བཤད་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་ཞལ་སྔ་ནས་མཛད་ཟེར་བ། རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀརྨ་བཛྲ་དང༌། ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱི་

འགྱུར། འདི་སློབ་དཔོན་ཀླུ་བྱང་གིས་མཛད་མ་མཛད་ཐེ་ཚོམ་ཟ་བར་འདུག་ཀྱང་རྒྱ་གར་གྱི་པཎྜི་ཏས་མཛད་པར་འདུག་པས་བྲིས་སོ། །རིམ་ལྔའི་དཀའ་འགྲེལ་སློབ་དཔོན་མཁས་པ་ཆེན་པོ་དམ་ཚིག་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར།

རིམ་པ་ལྔའི་འགྲེལ་བའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ཁ་ཆེའི་མཁས་པ་ཆེན་པོ་ལཀྵྨཱིས་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁས་པ་ཏཱ་ར་ཀ་ལ་ཤའི་སྲས་མནྟྲ་ཀ་ལ་ཤ་ཉིད་ཀྱིས་བསྒྱུར་བ་རྣམས་བཞུགས་སོ། །དེ་ལྟར་འཕགས་སྐོར་ལ་འགྲེལ་པ་བཅུ་གཉིས་དང༌། སྒྲུབ་ཐབས་ལ་སོགས་ཀྱི་སྐོར་ལ་བཞི་བཅུ་རྩ་

བདུན་ཏེ་ཆོས་སྐོར་ལྔ་བཅུ་ང་དགུའོ།། །།ཇི་པ་ལ། སློབ་དཔོན་ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བའི་གསང་བ་འདུས་པའི་རྒྱུད་ཀྱི་སྐོར་གྱི་འགྲེལ་པ་ལ། དཔལ་གསང་བ་འདུས་པའི་འགྲེལ་པ་མན་ངག་གཏན་ལ་དབབ་པ་ཞེས་བྱ་བ་ལེའུ་བཅོ་བརྒྱད་པའི་ཕྱེད་ཀྱི་རྩ་བའི་རྒྱུད་རྫོགས་པའི་འགྲེལ་པ་སློབ་མ་ལ་ཕན་པ་

ཞེས་ཀྱང་བྱ་བ་སློབ་དཔོན་རབ་ཏུ་ཞི་བའི་ཡེ་ཤེས་ཀྱིས་མཛད་པ། འདི་སློབ་དཔོན་ཡེ་ཤེས་ཞབས་ཀྱི་དངོས་སློབ་ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བའི་གང་ཟག་བཞིའི་ཡ་གྱལ་རབ་ཏུ་ཞི་བའི་བཤེས་གཉེན་དང་གཅིག་མི་གཅིག་དཔྱད་བྱར་ལུས་སོ། །གསང་བ་འདུས་པའི་རྒྱུད་ཀྱི་མན་ངག་གི་རྒྱ་མཚོ་ཐིགས་པ་ཞེས་པ་ལེའུ་

བཅོ་བརྒྱད་པའི་ཕྱེད་ཀྱི་རྩ་བའི་རྒྱུད་རྫོགས་པ་མན་ཆད་ཀྱི་འགྲེལ་པ་སློབ་དཔོན་བི་ཤྭ་ན་མི་ཏྲས་མཛད་པ། དཔལ་གསང་བ་འདུས་པའི་འགྲེལ་པ་སློབ་དཔོན་ཐ་ག་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང༌། དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་རྣམས་བཞུགས་སོ།། །།

เล่ม ๒๑๓ · หน้า 372b

ཉི་པ་ལ། རིན་པོ་ཆེའི་ལྗོན་ཤིང་ཞེས་བྱ་བ་གསང་བ་འདུས་པའི་འགྲེལ་པ་སློབ་དཔོན་ཆེན་པོ་ཙི་ལུ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དཀའ་འགྲེལ་ཞེས་བྱ་བ་རྩ་རྒྱུད་ལེའུ་བཅུ་བདུན་པ་སློབ་

དཔོན་རྒྱལ་བས་བྱིན་གྱིས་མཛད་པ་དང༌། རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ་དང་བཅས་པའི་འགྲེལ་པ་སློབ་དཔོན་སྨན་པའི་བུ་རྒྱལ་བས་བྱིན་གྱིས་མཛད་པ་གཉིས། རྒྱ་གར་གྱི་མཁན་པོ་ཞི་བ་བཟང་པོ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤེས་རབ་ཡེ་ཤེས་ཀྱི་འགྱུར་ལ། སླད་ཀྱིས་ལྷ་ས་འཕྲུལ་སྣང་དུ་པཎྜི་ཏ་ཏིང་འཛིན་རྡོ་རྗེས་ཡང་ཞུ་ཆེན་

བགྱིས། ཡང་སླད་ཀྱིས་པཎྜི་ཏ་ཤྲཱི་སུ་ནྱཱ་ཡ་མི་ཏྲ་དང༌། ལོ་ཙཱ་བ་དར་མ་གྲགས་ཀྱིས་བཅོས་པ་རྣམས་བཞུགས་སོ།། །།ཏི་པ་ལ། དཔལ་གསང་བ་འདུས་པའི་རྒྱན་ཞེས་བྱ་བ་ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་བྱང་ཕྱོགས་ཀྱི་ལམ་ལ་མཁས་པ་ཆེན་པོ་སློབ་དཔོན་ཟླ་བའི་འོད་དང༌། མིང་གཞན་རིན་ཆེན་

རྡོ་རྗེ་མྱུ་གུས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་སུ་ནྱཱ་ཤྲཱི་མི་ཏྲ་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་མང་ཡུལ་གྲོང་གི་ལྷ་ཁང་ཀ་རུ་དང་ཨག་ཙར་སྒང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཡང་དག་རིག་བྱེད་ཅེས་བྱ་བ་རྒྱུད་ཕྱི་མའི་རྣམ་པར་བཤད་པ་སློབ་དཔོན་བིརྱ་པཱ་དས་མཛད་པ། རྒྱ་གར་གྱི་མཁན་

པོ་ཀ་མ་ལ་གུཧྱ་དང༌། བོད་ཀྱི་ལོ་ཙཱ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ་ལེའུ་བཅུ་གསུམ་པ་ཡན་སློབ་དཔོན་ཆེན་པོ་རཏྣ་ཨ་ཀར་ཤཱནྟིས་མཛད་པ་རྣམས་བཞུགས་སོ།། །།ཐི་པ་ལ། དཔལ་གསང་བ་འདུས་

པའི་བཤད་སྦྱར་སྙིམ་པའི་མེ་ཏོག་གི་ལེའུ་བཅུ་བཞི་པ་མན་ཆད་སློབ་དཔོན་ཆེན་པོ་རཏྣ་ཨཱ་ཀར་ཤཱནྟིས་མཛད་པ། པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། འདི་ཡེ་ཤེས་ཞབས་ཀྱི་རྗེས་འབྲང་བྱ་བའི་དམིགས་བསལ་མི་འདུག་ནའང༌། ལྷའི་བསྐྱེད་ཆོག་ལ་སོགས་ཡེ་ཤེས་ཞབས་ལུགས་དང་

མཐུན་པར་བྱུང་ཞིང༌། སྔར་གྱི་མཁས་པ་དག་གིས་ཀྱང་ཡེ་ཤེས་ཞབས་ལུགས་ཀྱི་ཕྱོགས་སུ་བྲིས་འདུག་པས་འདིར་ཡང་དེ་ལྟར་བྲིས་སོ། །གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོའི་བཤད་པ་ཟླ་བའི་འོད་ཟེར་ཅེས་བྱ་བ་ལེའུ་བཅུ་བདུན་པའི་རྣམ་པར་བཤད་པ་སློབ་དཔོན་རབ་ཏུ་དགའ་བའི་འབྱུང་གནས་གོ་ཆས་མཛད་པ་རྣམས་བཞུགས་སོ།། །།

เล่ม ๒๑๓ · หน้า 373a

དེ་ལྟར་རྒྱུད་སོ་སོའི་འགྲེལ་པ་རྣམས་བཀོད་ནས། སྤྱིའི་མན་ངག་ལ་སོགས་པའི་སྒྲུབ་སྐོར་ལ། དི་པ་ལ། རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་གྱི་ལུང་འཇམ་དཔལ་ཞལ་ལུང་ཆེན་མོར་གྲགས་པ་དཀྱིལ་འཁོར་གྱི་སློབ་དཔོན་ཆེན་པོ་ལྷ་སངས་རྒྱས་དཔལ་ཡེ་ཤེས་ཞབས་ཀྱིས་མཛད་པ།

རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཧྱ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། ཞལ་གྱི་ལུང་ཆུང་བ་དཔལ་ལྡན་ཨོོ་ཌྱཱན་ཡུལ་ནས་བྱུང་བའི་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྒྲུབ་ཐབས་ཀྱི་མན་ངག །ལོ་ཙཱ་བ་དགེ་སློང་ཁྱུང་ཝེར་རིན་ཆེན་བཟང་པོའི་འགྱུར། ཀུན་ཏུ་བཟང་པོ་ཞེས་བྱ་བའི་སྒྲུབ་པའི་

ཐབས་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་ཟེའུ་འབྲུའི་རྡུལ་ལ་རེག་པ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཡན་ལག་བཞིའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་བྱ་བ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་སངས་རྒྱས་ཡེ་ཤེས་

ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། དཔལ་ཧེ་རུ་ཀའི་སྒྲུབ་ཐབས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། དཔལ་ཧེ་རུ་ཀ་སྒྲུབ་པའི་ཐབས་ཀྱི་འགྲེལ་པ། འདི་གསུམ་ལ་སྒྲུབ་པའི་ཐབས་ཀུན་ཏུ་བཟང་མོ་གསུམ་ཞེས་ཟེར་རོ། །གྲོལ་བའི་ཐིག་ལེ་དཀྱིལ་འཁོར་ཆེན་པོའི་རྡོ་རྗེ་སློབ་དཔོན་སངས་

རྒྱས་དཔལ་ཡེ་ཤེས་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཧྱ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། བདག་སྒྲུབ་པ་ལ་འཇུག་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། པཎྜི་ཏ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། རྗེ་བཙུན་འཕགས་པ་

གནོད་འཛིན་ཆུ་དབང་གི་སྒྲུབ་པའི་ཐབས་སློབ་དཔོན་མི་བསྐྱོད་རྡོ་རྗེ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། གསང་བའི་ཛམྦྷ་ལའི་སྒྲུབ་ཐབས་དང༌། རྒྱ་ཆེ་བའི་ཛམྦྷ་ལའི་སྒྲུབ་པའི་ཐབས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་

མཛད་པ། རྒྱ་གར་གྱི་མཁན་པོ་ཛ་ཡ་སེ་ན་དང༌། བཙུན་པ་དར་མ་ཡོན་ཏན་གྱི་འགྱུར། སྦྱིན་སྲེག་གཉིས་ཀྱི་ཆོ་ག་དང༌། གཏོར་ཆོག་མི་ནུབ་པའི་སྒྲོན་མ་དང༌། ཚོགས་འཁོར་གྱི་འཁོར་ལོ་སྣ་ཚོགས་འཁོར་ལོ་དང༌། རིན་ཆེན་འབར་བ་དང༌། རྩ་བའི་ཡེ་ཤེས་ཆེན་པོ་དང༌། ཚིགས་སུ་བཅད་པའི་མཛོད་དང༌། བྱང་ཆུབ་སེམས་

เล่ม ๒๑๓ · หน้า 373b

ཀྱི་ཐིག་ལེ་དང༌། བཀྲ་ཤིས་ཀྱི་རྣམ་བཤད་ཆེན་པོ་དང༌། རྒྱུད་ཀྱི་རྣམ་བཤད་དང༌། དཀྱིལ་འཁོར་ཆོ་ག་ཉིས་བརྒྱ་ལྔ་བཅུ་པ་རྣམས་ལ་ལུང་དང་མཐུན་པའི་ཆོས་བཅུ་བཞི་ཞེས་བཤད་པ་ལ། རྒྱུད་ཀྱི་རྣམ་བཤད་ནི་མ་མཛད། དཀྱིལ་ཆོག་ནི་ཁ་ཆེར་ཁྱེར་ནས་རྒྱ་གར་ན་མེད་པར་བཤད། གཞན་རྣམས་ལ་གོང་དུ་སྨོས་པ་རྣམས་མ་གཏོགས་པ་བོད་

དུ་འགྱུར་བ་མི་སྣང་ངོ༌། །སྟང་སྟབས་ཀྱི་བཀོད་པ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་མཛད་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ་སངས་རྒྱས་ཡེ་ཤེས་ཀྱི་དངོས་སློབ་ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བ་བཞིའི་ཡ་གྱལ་སློབ་དཔོན་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་མཛད་པ། རྒྱ་

གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་རྣམས་སོ། །ད་ནི་དེ་དག་གི་རྗེས་སུ་འབྲང་བའི་འགྲེལ་པའི་སྐོར་ལ། མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞལ་གྱི་ལུང་གི་འགྲེལ་པ། སློབ་དཔོན་ཆེན་པོ་བི་ཏ་པཱ་དེས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཧྱ་དང༌།

བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར། ཀུན་ཏུ་བཟང་པོའི་སྒྲུབ་ཐབས་ཀྱི་འགྲེལ་པ་བྱང་ཕྱོགས་ཀྱི་དགེ་སློང་ཡོན་ཏན་འབྱུང་གནས་བཟང་པོའི་སློབ་མ་ཤྲཱི་ཕ་ལ་བཛྲས་མཛད་པ། རྒྱ་གར་གྱི་མཁན་པོ་བཱིརྱ་བྷ་དྲ་དང༌། བི་བྷཱ་ཀ་ར་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དཔལ་ཀུན་ཏུ་

བཟང་པོའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་སློབ་དཔོན་མཁས་པ་ཆེན་པོ་ཐ་ག་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བ་རྣམས་བཞུགས་སོ།། །།ནི་པ་ལ། ཡན་ལག་བཞི་པའི་སྒྲུབ་ཐབས་ཀྱི་རྒྱ་ཆེར་བཤད་པ་སྙིང་པོའི་སྙེམ་ཞེས་བྱ་བ་སློབ་དཔོན་དཔལ་ཀུན་ཏུ་

བཟང་པོས་མཛད་པ། པཎྜི་ཏ་ཆེན་པོ་ནྱ་ཡན་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བལ་ཡུལ་མཐིལ་དུ་འགྱུར། གྲོལ་བའི་ཐིག་ལེ་ཞེས་བྱ་བའི་རྣམ་པར་བཤད་པ་སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཧྱ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་

མཚན་གྱི་འགྱུར། (*བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་ཡང་ཟེར།)དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་འགྲེལ་པ་སློབ་དཔོན་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་བཱིརྱ་བྷ་དྲ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བ་རྣམས་སོ། །ད་ནི་དེ་དག་གི་རྗེས་སུ་འབྲང་བའི་སྒྲུབ་ཐབས་དཀྱིལ་ཆོག་

เล่ม ๒๑๓ · หน้า 374a

ལ་སོགས་པའི་སྐོར་ལ། ཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་བྱ་བའི་རྣམ་པར་བཤད་པ་དང༌། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་རྣམ་པར་བཤད་པ་སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཧྱ་དང༌། ཞུ་ཆེན་གྱི་ལོ་

ཙཱ་བ་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱི་འགྱུར་བ་རྣམས་བཞུགས་སོ།། །།པི་པ་ལ། དཔལ་གསང་བ་འདུས་པའི་སྒྲུབ་པའི་ཐབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གཏེར་ཞེས་བྱ་བ། སྦྱོར་བ་བདུན་པ་ཞེས་བྱ་བ་དབང་བཞིའི་རབ་ཏུ་བྱེད་པ། གཏོར་མ་ཆེན་པོའི་ཆོ་ག །མི་ཤིགས་

པའི་རིན་པོ་ཆེ་ཞེས་བྱ་བའི་སྒྲུབ་ཐབས། བདག་གི་དོན་གྲུབ་པར་བྱེད་པ་ཞེས་བྱ་བ་རྣལ་འབྱོར་གྱི་བྱ་བའི་རིམ་པ་རྣམས་སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཧྱ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱི་འགྱུར།

སྦྱོར་བ་ཡན་ལག་དྲུག་གི་སྣང་བའི་རིམ་པ་ཞེས་བྱ་བ་དཔལ་རྣམ་པར་སྣང་མཛད་རྡོ་རྗེས་མཛད་པ། བླ་མ་ཆེན་པོ་པཎྜི་ཏ་པུཎྱ་ཤྲཱི་དང༌། ལོ་ཙཱ་བ་དགེ་སློང་གཡུང་དྲུང་འོད་ཀྱི་འགྱུར། སློབ་དཔོན་མར་མེ་མཛད་བཟང་པོས་མཛད་པའི་སྒྲུབ་ཐབས་ཀྱི་རྣམ་བཤད་དཔལ་གསང་བ་འདུས་

པའི་འཇམ་དཔལ་གྱི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་དཔལ་ཀུན་ཏུ་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་ག་ཏ་ཀཱིརྟིས་བསྒྱུར་ནས་གཏན་ལ་ཕབ་པ། (*མ་བྱུང་)ཀུན་ཏུ་བཟང་པོའི་བསྡུས་དོན་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། དཔལ་གསང་

བ་འདུས་པའི་མངོན་པར་རྟོགས་པ་ཞེས་བྱ་བའི་སྒྲུབ་པའི་ཐབས་དང༌། དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་བསོད་སྙོམས་པས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དགའ་བའི་སྒྲུབ་པའི་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་རྒྱལ་བས་བྱིན་གྱིས་

མཛད་པ་དང༌། ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བའི་དཔལ་མི་བསྐྱོད་རྡོ་རྗེའི་སྒྲུབ་པའི་ཐབས་སློབ་དཔོན་དཔལ་རིན་ཆེན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། འདི་ལ་སྨྲྀ་ཏིའི་རང་འགྱུར་ཅིག་ཀྱང་ཡོད་མོད་ཀྱི། དོན་གཅིག་ཅིང་འགྱུར་འདི་

เล่ม ๒๑๓ · หน้า 374b

བཟང་བས་བྲིས་སོ། །དཔལ་གསང་བ་འདུས་པ་རྟོགས་སླ་ཞིང་མདོར་བསྡུས་པ་ཞེས་བྱ་བ་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་དཔལ་མཁས་པ་ཆེན་པོ་པུཎྱཱ་ཤྲཱི་མི་ཏྲས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་གྱི་འགྱུར། དབང་གི་རབ་ཏུ་བྱེད་པ་སློབ་དཔོན་མཁས་པ་ཆེན་པོ་དཔལ་དགའ་བའི་

རྡོ་རྗེས་མཛད་པ། གཞུང་ཚད་ནི་ཚིགས་བཅད་སུམ་བརྒྱ། བམ་པོ་གཅིག་པ། ཐོ་ལིང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཔལ་མར་མེ་མཛད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བ་རིའི་འགྱུར། འདུས་པའི་དབང་བསྐུར་བ་མདོར་བསྡུས་པ་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པས་མཛད་

པ། བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་དང༌། མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། ཡན་ལག་བདུན་པ་ཤླཽ་ཀ་བཞི་བརྒྱ་ཉི་ཤུ་རྩ་ལྔ་པ། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བ། དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་པར་བཤད་པ་རྣམས་སློབ་དཔོན་ངག་གི་དབང་

ཕྱུག་གྲགས་པས་མཛད་པ། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་དཔེ་ལས་ཞུ་གཏུགས་བྱས་པ། འདི་གསུམ་གསང་འདུས་ཀྱི་ཆོས་སྐོར་ཡིན་ཡང་ཡེ་ཤེས་ཞབས་ལུགས་ཀྱི་རྗེས་སུ་འབྲང་བའི་གསལ་ཁ་མི་སྣང་སྟེ། སྔར་གྱི་རྣམས་ཀྱིས་ཡེ་ཤེས་ཞབས་ལུགས་ཀྱི་སྐོར་དུ་བྲིས་

འདུག་པས་བྲིས་སོ། །རབ་ཏུ་གསལ་བ་ཞེས་བྱ་བའི་སྒྲུབ་པའི་ཐབས་སློབ་དཔོན་དཔེ་མེད་པའི་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བཱིརྱ་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། གསང་འདུས་ཀྱི་དཀྱིལ་འཁོར་ལ་སྤྱན་རས་གཟིགས་གཙོ་བོར་སྟོན་པ་དཔལ་གསང་བ་

འདུས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་པའི་ཐབས་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་པའི་ཐབས། དཔལ་གསང་བ་འདུས་པའི་བསྟོད་པ་རྣམས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་

བཟང་པོའི་འགྱུར། དེ་ཁོ་ན་ཉིད་བཅུ་པ་སློབ་དཔོན་རྒྱན་པས་མཛད་པ། བོད་ཀྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱི་འགྱུར། རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་ཟླ་བའི་འོད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པུཎྱ་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བསོད་ནམས་རྒྱལ་མཚན་གྱི་འགྱུར། བརྟན་པའི་

เล่ม ๒๑๓ · หน้า 375a

ནོར་ཐམས་ཅད་པ་ཞེས་བྱ་བའི་སྒྲུབ་པའི་ཐབས་པཎྜི་ཏ་ཆེན་པོ་རཏྣ་ཀཱིརྟིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། ཁྲོ་བོ་བཅུའི་གཏོར་མའི་ཆོ་ག །དབང་གཏན་ལ་དབབ་པ་སློབ་དཔོན་མཁས་པ་ཆེན་པོ་བསོད་སྙོམས་པ་དགེ་སློང་འོད་སྲུང་

གཞོན་ནུས་མཛད་པ། རྒྱ་གར་གྱི་མཁན་པོ་ཏ་ཐཱ་ག་ཏ་རཀྵི་ཏ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལུགས། པཎྜི་ཏ་སྨྲྀ་ཏིས་མཛད་ཅིང༌། དེ་ཉིད་ཀྱི་རང་འགྱུར། སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་

བ་ཡེ་ཤེས་ཞབས་ཀྱི་ལུགས་འདི་གཉིས་འགྲེལ་པ་ཆེན་པོ་ནས་སྦྱོར་དྲུག་ལ་མོས་པ་ཞིག་གིས་ལོགས་སུ་ཕྱུང་བ་ཡིན་པར་འདུག་པས་ལོགས་སུ་མ་བྲིས་ཀྱང་བཏུབ་མོད་ཀྱི། སྔར་གྱི་རྣམས་ཀྱིས་ཀྱང་བྲིས་འདུག་ཅིང་དོན་བཟང་བས་བྲིས་སོ། །འཇམ་པའི་རྡོ་རྗེ་མཆོད་པའི་ཆོ་ག་སློབ་དཔོན་དཔལ་

སྦྱིན་གྱིས་མཛད་པ། ལོ་ཙཱ་བ་དགེ་སློང་བློ་གྲོས་སེང་གེས་ཞུས་ཆེན་བྱས་ནས་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་རང་འགྱུར་དུ་མཛད་པ་རྣམས་བཞུགས་སོ།། །།ཕི་པ་ལ། དཔལ་གསང་བ་འདུས་པའི་རྒྱུད་ལ་བརྟེན་པའི་ཨརྒའི་ཆོ་ག་སྙིང་པོ་བསྡུས་པ་ཞེས་བྱ་བ་དང༌། རབ་ཏུ་གནས་པའི་ཆོ་

ག་ཡེ་ཤེས་སྣང་བ་ཞེས་བྱ་བ་སློབ་དཔོན་སྣང་བྱེད་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་པཎྜི་ཏ་ཝ་རེནྡྲ་པ་དང༌། ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིའི་འགྱུར། རབ་ཏུ་གནས་པའི་ཆོ་ག་ཞེས་བྱ་བའི་པཎྜི་ཏ་མི་འཇིགས་པའི་ཕྱག་གིས་མཛད་པ། རྒྱ་ཆེ་བའི་ཚིག་བསྡུས་པ་ཞེས་བྱ་བ་རབ་ཏུ་གནས་པའི་ཆོ་ག་

སློབ་དཔོན་དཔལ་ཀཱ་ཙ་ཞབས་ཀྱིས་མཛད་པ། ཞ་ལུ་ལོ་ཙཱ་བ་དྷརྨཱ་པཱ་ལ་བྷ་དྲས་དབེན་གནས་དཔལ་ཨེ་ཝཾ་ཆོས་འཁོར་དུ་བསྒྱུར་བ། དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ལས་ཕྱུང་བ་སྤྱན་མའི་ངན་སོང་སྦྱོང་བའི་ཆོ་ག་དཔལ་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་

པོ་ཨ་ཝ་དྷཱུ་ཏཱི་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་ཁམས་པ་ལྡི་རི་ཆོས་ཀྱི་གྲགས་པས་བསྒྱུར་བ། དུས་ཐ་མའི་མཆོད་པའི་ཆོ་ག་མིང་གཞན་གཤིན་པོ་བདེ་བར་གཤེགས་པའི་གནས་ལ་འགོད་པ་ཞེས་བྱ་བ་པཎྜི་ཏ་དཔལ་ཏིང་ངེ་འཛིན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་ཕྱོགས་དབང་

เล่ม ๒๑๓ · หน้า 375b

དགའ་བྱེད་དང༌། ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིའི་འགྱུར་བ་རྣམས་སོ། །དེ་ལྟར་ཡེ་ཤེས་ཞབས་ལུགས་ཀྱི་འགྲེལ་པའི་སྐོར་བཅུ། སྒྲུབ་ཐབས་རབ་གནས་ལ་སོགས་ཀྱི་ཆོས་སྐོར་ལྔ་བཅུ་རྩ་བདུན་ཏེ། ཆོས་སྐོར་དྲུག་ཅུ་རྩ་བདུན་ནོ།། །།དེ་ལྟར་ཡེ་ཤེས་ཞབས་ལུགས་ཀྱི་རྗེས་སུ་འབྲང་བ་རྣམས་བཀོད་ནས། ད་ནི་

སློབ་དཔོན་རྡོ་རྗེ་བཞད་པ་ལ་སོགས་པའི་བཞེད་པའི་ལུགས་ཀྱི་གསང་འདུས་ཀྱི་སྐོར་ནི། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྣམ་པར་བཤད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་རྡོ་རྗེ་བཞད་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙཱ་ནའི་འགྱུར། དཔལ་གསང་བ་འདུས་པའི་

རྒྱུད་ཀྱི་གླེང་གཞི་བླ་མའི་མན་ངག་གི་བཤད་པ་དཀྱིལ་འཁོར་གྱི་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ། དཔལ་བདེ་བ་ཆེན་པོའི་སྒྲུབ་ཐབས་རྡོ་རྗེ་བཞད་པས་མཛད་པ། དཔལ་བདེ་བ་ཆེན་པོ་སྒྲུབ་པའི་ཐབས་རྣམ་པར་བཤད་པ་སློབ་དཔོན་ཆེན་པོ་བི་མ་ལ་གརྦྷས་མཛད་པ་རྣམས་ཏེ། འདི་དག་སྔར་གྱི་རྣམས་ཀྱིས་

ཡེ་ཤེས་ཞབས་ལུགས་ཀྱི་གསེབ་ཏུ་བྲིས་མོད་ཀྱི། འདི་དག་ཡེ་ཤེས་ཞབས་ལུགས་ཀྱི་རྗེས་སུ་འབྲང་བའི་གསལ་ཁ་མེད་ཅིང༌། ལྷ་བསྐྱེད་ཆོག་ལ་སོགས་ཀྱང་འཕགས་སྐོར་དང་ཆ་མཐུན་པར་འདུག་ཅིང༌། ཡེ་ཤེས་ཞབས་ལུགས་དང་མི་མཐུན་པས་ལུགས་གུད་དུ་བྱས་སོ། །དཔལ་གསང་བ་འདུས་པ་

ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་སྒེག་པས་མཛད་པ། ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། དེ་ལྟར་རྡོ་རྗེ་བཞད་པ་ལུགས་ཀྱི་ཆོས་སྐོར་ལྔའོ། །རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་འགྲེལ་པ་རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་གཉིས་བླ་མའི་མན་ངག་ལས་

བྲིས་པ་ཞེས་བྱ་བ་དང༌། ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྣམ་པར་བཤད་པ་མན་ངག་རྒྱས་པ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་ཅིང༌། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཉིད་ཀྱི་རང་འགྱུར། ལྷ་མོ་བཞིས་ཡོངས་སུ་ཞུས་པའི་རྣམ་པར་བཤད་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་

པ། རྒྱ་གར་གྱི་མཁན་པོ་དྲན་པ་ཡེ་ཤེས་གྲགས་པས་བསྒྱུར་བ་རྣམས་ཏེ་འདི་དག་ཀྱང་སྔར་གྱི་རྣམས་ཀྱི་ཡེ་ཤེས་ཞབས་ལུགས་ཀྱི་སྐབས་སུ་གཏོགས་པར་བཤད་མོད་ཀྱི། ཡེ་ཤེས་ཞབས་ཀྱི་རྗེས་སུ་འབྲང་བའི་གསལ་ཁ་མེད་ཅིང༌། བཟང་པོ་ཞབས་ཀྱི་རྗེས་སུ་འབྲང་བར་སྨྲྀ་ཏིས་གསལ་བར་གསུངས་པས་འདི་

เล่ม ๒๑๓ · หน้า 376a

དག་ཀྱང་ལུགས་ཐ་དད་ཡིན་ནོ། །དེ་ལྟར་བཟང་པོ་ཞབས་དང་སྨྲྀ་ཏིའི་ཆོས་སྐོར་གསུམ་མོ།། །།བི་པ་ལ། དཔལ་གསང་བ་འདུས་པའི་དཀའ་འགྲེལ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཛ་ཡ་ཤྲཱི་དྷ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་

ཆེན་བཟང་པོའི་འགྱུར་ལ། སླད་ནས་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨས་ཞུས་ཏེ་གཏན་ལ་ཕབ་པ། འདི་འགྲེལ་པ་མཁན་པོས་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་ནས་སྣང་ན་ཡང་རྒྱུད་ཀྱི་ངོ་བོ་རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་པས་སྐབས་འདིར་བྲིས་སོ་ཞེས་པ་རྣམས་ཀུན་མཁྱེན་པས་གསུངས་སོ། །དེ་ལྟར་སློབ་དཔོན་ཀུན་དགའ་

སྙིང་པོའི་ལུགས་ཀྱི་ཆོས་སྐོར་གཅིག་གོ །གསང་འདུས་འཕགས་སྐོར་ཡེ་ཤེས་ཞབས་ལུགས་དང༌། །རྡོ་རྗེ་བཞད་པ་བཟང་པོའི་ཞབས་དང་ནི། །སྨྲྀ་ཏི་ཀུན་དགའ་སྙིང་པོ་ལ་སོགས་པའི། །ཆོས་སྐོར་བརྒྱ་དང་སུམ་ཅུ་རྩ་ལྔ་བཞུགས། །དེ་དག་གིས་ནི་གསང་བ་འདུས་པའི་ཆོས་སྐོར་བཞུགས་

པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་དཔལ་གསང་བ་འདུས་པའི་རྒྱུད་དང་འབྲེལ་པའི་ཆོས་སྐོར་རྣམས་བཀོད་ནས། ད་ནི་དེའི་ཆ་དང་མཐུན་པའི་རྒྱུད་གཤིན་རྗེ་གཤེད་ཀྱི་སྐོར་ལ། གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་ལེའུ་བཅོ་བརྒྱད་པའི་འགྲེལ་པ་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ཀྱི་དཀའ་

འགྲེལ་ལྷན་ཅིག་སྐྱེས་པའི་སྣང་བ་ཞེས་བྱ་བ་སློབ་དཔོན་ཤྲཱི་དྷ་རས་མཛད་པ། པཎྜི་ཏ་ཆེན་པོ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། དཔལ་གཤིན་རྗེ་དགྲ་ནག་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་རཏྣ་ཀ་ར་ཤཱནྟི་

པས་མཛད་པ། ཨཱ་ཙཱརྱ་བི་ན་ཡ་ཙནྡྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་དད་པས་བསྒྱུར། གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་རྒྱལ་པོ་མངོན་པར་མཐོང་བའི་ལམ་གྱི་སྒྲོན་མ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་རྒྱ་གར་གྱི་མཁན་པོ་ཆེན་པོ་ཀྲྀཥྞ་པ་ཆེན་པོས་མཛད་པ། རྣལ་འབྱོར་པ་བསོད་སྙོམས་པ་

པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ཤར་ཕྱོགས་བྷཾ་ག་ལ་ར་བི་ཀྲ་མ་པུ་རིའི་གཙུག་ལག་ཁང་དུ་སྐུ་འཁྲུངས་པའི་མཁས་པ་ཆེན་པོ་ཨ་ཝ་དྷཱུ་ཏཱི་པ་གཞོན་ནུ་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ལཱི་ལ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་

เล่ม ๒๑๓ · หน้า 376b

དཔྱལ་སེ་རྩ་བསོད་ནམས་རྒྱལ་མཚན་གྱིས་བསྒྱུར་བ། གཤིན་རྗེ་དགྲ་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ་ཡེ་ཤེས་སྒྲོན་མ་ཞེས་བྱ་བ་སློབ་དཔོན་པདྨ་པཱ་ཎིས་མཛད་པ། རྒྱ་གར་གྱི་སློབ་དཔོན་བ་ར་མེ་ཤྭ་ར་དང༌། བོད་ཀྱི་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོས་བསྒྱུར་བ་རྣམས་བཞུགས་སོ།། །།མི་པ་ལ།

གཤིན་རྗེ་ནག་པོའི་སྒྲུབ་ཐབས་ཚིག་གི་སྣང་བ་གྲུབ་པ་ཞེས་བྱ་བ་དང༌། གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་སློབ་དཔོན་མཁས་པ་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱ་ན་ཀཱིརྟི་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། རྡོ་རྗེ་དབྱངས་ཅན་མའི་བསྟོད་པ་སློབ་

དཔོན་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་དོ་ཆོས་ཀྱི་དབང་ཕྱུག་གི་འགྱུར། གཤིན་རྗེ་གཤེད་དགྲ་ནག་གི་དཀྱིལ་འཁོར་གྱི་ཆོ་ག་གཤིན་རྗེ་གཤེད་འབྱུང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲས་མཛད་པ། རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང༌། བོད་ཀྱི་ལོ་

ཙཱ་བ་ཅོག་གྲུ་ཤེས་རབ་བླ་མའི་འགྱུར། མཆོད་རྟེན་སྒྲུབ་པའི་ཆོ་ག་མདོར་བསྡུས་པ་རྒྱ་གར་གྱི་མཁན་པོ་ལ་ལི་ཏ་བཛྲས་མཛད་པ་དང༌། སྲུང་བའི་འཁོར་ལོའི་སྒྲུབ་པའི་ཐབས་དཔལ་མར་མེ་མཛད་བཟང་པོས་མཛད་པ་དང༌། གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས་སློབ་དཔོན་ཉིན་མོར་

བྱེད་པའི་གྲགས་པས་མཛད་པ། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་རྒྱ་གར་གྱི་ཕྱི་མོ་དང་གཏུགས་ཏེ་གཏན་ལ་ཕབ་པ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས་སློབ་དཔོན་གྷོ་ཥ་བཛྲས་མཛད་པ། བལ་པོའི་མཁན་པོ་སུ་མ་ཏི་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་བནྡེ་ཚོགས་ཆག་ཆུང་བའི་འགྱུར།

དཔལ་གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་ཐབས་འཁོར་ལོའི་དོན་རྒྱས་པར་བཤད་པ་དང་བཅས་པ་སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྻ་བི་ནཱ་ཡ་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། གཤིན་རྗེའི་གཤེད་ནག་པོའི་སྒྲུབ་པའི་ཐབས་བཞི་བརྒྱ་

ལྔ་བཅུ་པ་ལས་བཏུས་པ་དགེ་སློང་བསོད་སྙོམས་པ་ཀ་མ་ལ་རཀྵི་ཏ་ཞེས་བྱ་བས་བསྡུས་པ། རྒྱ་གར་གྱི་མཁན་པོ་པཎྜི་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། མཎྜལ་གྱི་ཆོ་ག་སློབ་དཔོན་ཆེན་པོ་དཔལ་རྙོག་མེད་རྡོ་རྗེའི་ཞལ་སྔ་ནས་མཛད་པ། རྒྱ་

เล่ม ๒๑๓ · หน้า 377a

གར་གྱི་མཁན་པོ་ཨ་དུ་ལ་ད་ས་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། མཎྜལ་གྱི་ཆོ་ག་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་ཀ་མ་ལ་རཀྵི་ཏས་གཤིན་རྗེ་གཤེད་ཀྱི་རྒྱུད་བཞི་བརྒྱ་ལྔ་བཅུ་པ་ལ་བརྟེན་ནས་མཛད་པ། ལོ་ཙཱ་བ་ཤྲཱི་པྲཛྙཱ་ཛྙཱ་ན་ཀཱིརྟིའི་རང་འགྱུར། གཤིན་རྗེའི་དགྲ་

ནག་པོའི་སྒྲུབ་ཐབས་ཀུ་མུ་ཏ་ཁ་བྱེ་བ་ཞེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། ཨཱ་ཙཱརྱ་བི་ནཱ་ཡ་ཙནྡྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དཔལ་གཤིན་རྗེ་གཤེད་ནག་པོ་སྒྲུབ་པའི་ཐབས་དང༌། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ནག་པོ་དུས་མཐར་ཕྱིན་པའི་སྒྲུབ་ཐབས་

ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་ཤྲཱི་པཎྜི་ཏས་མཛད་པ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད་པ། གཤིན་རྗེ་གཤེད་རྣམ་པར་སྣང་མཛད་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ། གཤིན་རྗེ་གཤེད་རིན་ཆེན་འབྱུང་ལྡན་གྱི་སྒྲུབ་ཐབས་

ཞེས་བྱ་བ། འོད་དཔག་ཏུ་མེད་པའི་སྙིང་པོ་འདོད་ཆགས་གཤིན་རྗེ་གཤེད་སྒྲུབ་པའི་ཐབས་ཞེས་བྱ་བ། གཤིན་རྗེ་གཤེད་རྡོ་རྗེ་རྣོན་པོ་ཞེས་བྱ་བའི་སྒྲུབ་ཐབས། རྡོ་རྗེ་སེམས་མ་བདེ་བའི་སྒྲུབ་པའི་ཐབས་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་མ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། རྡོ་རྗེ་བདེ་རྒྱས་དབྱངས་ཅན་མའི་

སྒྲུབ་ཐབས་ཞེས་བྱ་བ། ལས་ཀྱི་རྡོ་རྗེ་གཽ་རཱི་མའི་སྒྲུབ་ཐབས་རྣམས་སློབ་དཔོན་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་དང༌། རྗེ་བཙུན་འཇམ་དཔལ་གཤིན་རྗེ་གཤེད་མཆོད་པའི་ཆོ་གའི་རིམ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཀྲྀཥྞ་པཎྜི་ཏས་མཛད་པ། སངས་རྒྱས་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཞེས་

བྱ་བ་ནཱ་ད་ཀུ་བེ་ར་ལས་བྱུང་བའི་དོན་ཀུན་ད་ན་ཀྵེ་རི་ན་བཞུགས་པའི་མཁས་པ་ཆེན་པོ་རྣལ་འབྱོར་པ་ནག་པོ་ཞབས་ཀྱིས་མཛད་པ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་ཆེན་པོ་ཀ་མ་ལ་རཀྵི་ཏས་མཛད་པ། ཁྲོ་བོ་ཐོ་བ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཞེས་བྱ་བ། དབྱུག་པ་གཤིན་

རྗེ་གཤེད་རྣམ་པར་འཇོམས་པ་ཞེས་བྱ་བའི་སྒྲུབ་ཐབས། རལ་གྲི་གཤིན་རྗེ་གཤེད་གཏུམ་པོའི་སྒྲུབ་ཐབས་ཞེས་བྱ་བ། པདྨ་གཤིན་རྗེ་གཤེད་ཀྱི་ཤེས་རབ་བདེ་བ་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ་རྣམས་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཞེས་བྱ་བས་མཛད་པ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཀྱི་

เล่ม ๒๑๓ · หน้า 377b

མཎྜལ་གྱི་ཆོ་ག་ཞེས་བྱ་བ་ཟངས་གླིང་ནཱ་ག་པཱུ་རིའི་རྣལ་འབྱོར་པ་ཀ་མ་ལ་རཀྵི་ཏས་ཏ་རུ་བ་རིའི་དུར་ཁྲོད་ཀྱི་ཚལ་དུ་མཛད་པ། ཆོས་ཀྱི་སྐུའི་སྣང་བའི་ཆོ་ག་ཞེས་བྱ་བ་མཆོད་རྟེན་གྱི་ཆོ་ག་རྒྱ་གར་གྱི་མཁན་པོ་ཀ་ལཱ་པ་མ་ཧཱ་ཞེས་བྱ་བས་མཛད་པ། གཤིན་རྗེ་གཤེད་ཀྱི་རོ་སྲེག་གི་ཆོ་ག་ཞེས་བྱ་བ། ཚོགས་ཀྱི་འཁོར་

ལོའི་ཆོ་ག་ཞེས་བྱ་བ། གཤིན་རྗེ་གཤེད་ནག་པོའི་ཞི་བའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་བླ་མ་ནག་པོ་ཞབས་ཀྱིས་དཔལ་རྡོ་རྗེ་གདན་དུ་མཛད་པ། དེ་རྣམས་རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པ། ཡི་དྭགས་ཐམས་ཅད་རྡོ་རྗེས་བཅིངས་པ་སློབ་དཔོན་

ཆེན་པོ་དཔལ་ནག་པོ་པས་མཛད་པ། གཤིན་རྗེ་གཤེད་ནག་པོའི་མངོན་པར་རྟོགས་པའི་རིམ་པ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་རྡོ་རྗེའི་བློས་མཛད་པ། དཔལ་གཤིན་རྗེ་གཤེད་ནག་པོའི་འཁོར་ལོ་བྲི་བའི་ཆོ་ག །གཤིན་རྗེ་དགྲ་ནག་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས་

སློབ་དཔོན་ཀུན་ཏུ་བཟང་པོས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེའི་འགྱུར། གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ནག་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་

ཐབས་སློབ་དཔོན་ལ་ལི་ཏ་བཛྲས་མཛད་པ། འོ་མའི་སྒྲུབ་པའི་ཐབས་སློབ་དཔོན་ཨཱ་ཙཱརྱ་ཛི་མུ་དྲ་པཱ་དས་མཛད་པ། ཨཱ་ཙཱརྱ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། གཤིན་རྗེ་གཤེད་ནག་པོའི་འཁོར་ལོའི་མན་ངག་སློབ་དཔོན་ནཱ་ག་བོ་དྷིས་མཛད་པ། ལོ་ཙཱ་བ་དགེ་སློང་ཆོས་རབ་ཀྱི་

འགྱུར། སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་ལ་ལཱི་ཏ་བཛྲས་མཛད་པ། འཆི་བདག་ཡི་དྭགས་རྒྱལ་པོའི་སྒྲུབ་ཐབས། གཤིན་རྗེ་གཤེད་ཀྱི་ལག་མཆོད་དཱ་ན་ཤཱི་ལས་མཛད་ཅིང༌། དེ་ཉིད་ཀྱིས་བསྒྱུར་བ་འདི་གཤེད་དམར་གྱི་སྐོར་ཡིན་ཏེ་འབྲེལ་འདུག་པས་དེར་བཞག་གོ། །གཤིན་རྗེ་གཤེད་ནག་པོའི་དཀྱིལ་

འཁོར་གྱི་བསྟོད་པ་ཞེས་བྱ་བ་ཨཱ་ཙཱརྱ་ཀཱིརྟིས་མཛད་པ་དང༌། རྡོ་རྗེ་འཛིན་པས་གཤིན་རྗེ་གཤེད་པོ་ལ་བསྟོད་པ་གཅིག་གོ། །དེ་ལྟར་གཤིན་རྗེ་གཤེད་ནག་པོའི་འགྲེལ་སྐོར་ལྔ་དང༌། སྒྲུབ་སྐོར་ལ་སོགས་བཞི་བཅུ་རྩ་དགུ་སྟེ། ཆོས་སྐོར་ལྔ་བཅུ་ང་བཞིའོ།། །།རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་ལ།

เล่ม ๒๑๓ · หน้า 378a

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་རྡོ་རྗེ་སློབ་དཔོན་མི་བསྐྱོད་པས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙནྡྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་མདོར་བཤད་པ་ཞེས་བྱ་བ་སློབ་དཔོན་སོ་ན་ཤྲཱིས་མཛད་པ།

མཁས་པ་ཆེན་པོ་ཏ་ཐཱ་ག་ཏའི་ཞལ་ནས་བརྒྱུད་པ་ཞེས་ཡོད་པ། འཇིགས་བྱེད་ཀྱི་རྒྱུད་ཀྱི་མདོ་མདོར་བཤད་པ་ཞེས་བྱ་བ་སློབ་དཔོན་དཔལ་འཛིན་གྱི་རྗེས་སུ་འབྲང་བའི་སློབ་དཔོན་དཔལ་ཆེན་པོ་རྡོ་རྗེ་གྲུབ་པས་མཛད་པ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་སློབ་དཔོན་མཁས་པ་ཆེན་པོ་དཔལ་གཞོན་ནུ་ཟླ་བས་

མཛད་པ། པཎྜི་ཏ་མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏ་དང༌། ལོ་ཙཱ་བ་དགེ་སློང་བ་རི་རིན་ཆེན་གྲགས་ཀྱིས་འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནག་པོ་པས་རྡོ་རྗེ་མཁའ་འགྲོ་མ་ཉིད་ལས་བླངས་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་པཎྜི་ཏ་དཔལ་

བཻ་རོ་ཙ་ན་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱི་འགྱུར། མ་ཧེའི་ཞལ་གྱི་སྒྲུབ་ཐབས་ཞེས་བྱ་བའི་འཇིགས་བྱེད་ཀྱི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་རྣམ་པར་སྣང་མཛད་སྲུང་བ་དང༌། ལོ་ཙཱ་བ་དགེ་སློང་བ་རི་དྷརྨ་ཀཱིརྟིའི་འགྱུར། རྡོ་རྗེ་འཇིགས་བྱེད་

ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་པའི་ཐབས་འཇམ་པའི་དབྱངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཨཱ་ནནྡ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རྡོ་རྗེ་གྲགས་ཀྱི་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་མདོར་བསྡུས་པ་སློབ་དཔོན་ཆེན་པོ་ཤྲཱི་བྷ་དྲས་མཛད་པ། རྡོ་རྗེ་འཇིགས་བྱེད་ཀྱི་

བསྙེན་པའི་ཆོ་ག་དང༌། སྒྲུབ་པའི་ཆོ་ག་དང༌། ལས་སྦྱོར། རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་ལས་འཁོར་ལོ་བསྐོར་བའི་ལས་དྲག་པོ་ཕྱོགས་གཅིག་པ་སློབ་དཔོན་ཞི་བའི་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེའི་རང་འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སློབ་དཔོན་མཉྫུ་ཤྲཱི་ཛྙཱ་ནས་མཛད་

པ། ཞང་འོར་སྟོན་པ་ཤེས་རབ་བསོད་ནམས་ཀྱི་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་དང༌། ལས་བྱ་བའི་ཆོ་ག་སེམས་དཔའ་བསྡུས་པ་ཨཱ་ཙཱརྱ་དོན་ཡོད་རྡོ་རྗེས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་ཉིད་ཀྱི་རང་འགྱུར་ལ། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རོང་ཟོམ་ཆོས་

เล่ม ๒๑๓ · หน้า 378b

ཀྱི་བཟང་པོས་བསྒྱུར་ཅིང༌། སླར་ཡང་ཕྱུག་མཚམས་དབང་ཕྱུག་རྒྱལ་པོས་བསྒྱུར་ཅིང་གཏན་ལ་ཕབ་པ། དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཆེན་པོ་དཔལ་དོན་ཡོད་པའི་ཞབས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རྭ་རྡོ་རྗེ་གྲགས་ཀྱི་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསད་པའི་

འཁོར་ལོ་ལ་ལི་ཏས་མཛད་པ། དཔལ་དེ་ཁོ་ན་ཉིད་གྲུབ་པ་སློབ་དཔོན་ཆེན་པོ་ཀེ་ར་ལིས་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དམ་ཚིག་ལ་འཇུག་པའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་དཔལ་ལ་ལི་ཏ་བཛྲས་མཛད་པ། གྲུབ་པ་བརྙེས་པའི་པཎྜི་ཏ་ཨ་མོ་གྷ་བཛྲ་དང༌། ལོ་ཙཱ་བ་

མར་པ་དགེ་བསྙེན་ཆོས་འབར་གྱི་འགྱུར། རྡོ་རྗེའི་ཚིག་རྣལ་འབྱོར་དབྱེ་བ་ཞེས་བྱ་བ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཨ་མོ་གྷ་བཛྲས་མཛད་པ། རྡོ་རྗེ་ཙརྩི་ཀའི་ལས་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་བྲམ་ཟེ་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་རྒྱས་སྲས་བི་བྷཱུ་ཏི་ཙནྡྲའི་ཞལ་སྔ་ནས་གློ་

བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་སྐུ་མཁར་ཉི་གཟུངས་སུ་བསྒྱུར་བ། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཨ་ཤྭ་ཀ་ཤྲཱིས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། དཔལ་

རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་ཞེས་བྱ་བ། རྡོ་རྗེ་དཀར་མོའི་སྒྲུབ་ཐབས་རྣམས་གྲུབ་ཐོབ་འཁོར་ལོས་སྒྱུར་བའི་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་རྒྱལ་སྲས་དཔལ་བི་བྷཱུ་ཏི་ཙནྡྲ་དང༌། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱིས་ཆོས་ཀྱི་རྒྱལ་པོའི་ཁབ་སྐུ་མཁར་ཉི་

གཟུངས་སུ་བསྒྱུར་བ། ལས་ཀྱི་གཤིན་རྗེའི་མཆོད་པའི་ཆོ་ག་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཱརྤན་ཨཱ་ཙཱརྱས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཞེ་སྡང་རྡོ་རྗེས་དག་པར་བསྒྱུར་བ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་ཞེས་བྱ་བ་སློབ་དཔོན་མཉྫུ་བཛྲས་མཛད་པ། བལ་པོའི་པཎྜི་

ཏ་བྷ་རོ་ཕྱག་རྡུམ་དང༌། བོད་ཀྱི་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ་སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་རཀྵི་ཏ་དང༌། ལོ་ཙཱ་བ་དགེ་སློང་རྡོ་རྗེ་གྲགས་ཀྱི་འགྱུར། ཙུཙྪུནྡྷ་རའི་རྟོག་པ་བྷ་རོ་ཕྱག་རྡུམ་གྱི་ཕྱག་

เล่ม ๒๑๓ · หน้า 379a

དཔེ་ལས་རྭ་རྡོ་རྗེ་གྲགས་ཀྱིས་ཕྱིས་བསྒྱུར་བ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་ཨ་མོ་གྷ་བཛྲས་མཛད་པ། རྭ་རྡོ་རྗེ་གྲགས་ཀྱི་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་སློབ་དཔོན་ལ་ལི་ཏ་བཛྲས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཤྲཱི་དེ་བ་

དང༌། བོད་ཀྱི་ལོ་ཙཱ་བ་ཅོག་གྲུ་བནྡེ་ཤེས་རབ་བླ་མའི་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མའི་ཆོ་ག་སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲས་མཛད་པ། འཇིགས་བྱེད་ཀྱི་ཞི་བའི་བྱ་བ་བདུན་པ་པཎྜི་ཏ་ཨ་མོ་གྷ་ཆུང་བས་མཛད་པ། དྲག་པོའི་བྱ་བ་བདུན་པ་

དེ་ཉིད་ཀྱིས་མཛད་པ། འཁོར་ལོ་བྲི་བའི་ཆོ་ག ལས་ཀྱི་གྲོགས་ཀྱི་བྱ་བ། དམ་རྫས་རྨད་དུ་བསྒྱུར་ཏེ་བརྟེན་པའི་ཆོ་ག་དང་གསུམ་པོ་འདི་ཁ་ཅིག་རྟོག་པ་གསུམ་པའི་རྒྱུད་དུ་འདོད་དེ། ཁ་ཅིག་མན་ངག་ཏུ་འདོད་དེ་ཞང་ལོ་ཙཱ་བ་ཤེས་རབ་བླ་མའི་འགྱུར། གཏམ་རྒྱུད་ཀྱི་རྟོག་པ། དཔལ་རྡོ་རྗེ་འཇིགས་

བྱེད་ཀྱི་ཕྱག་མཚན་གྱི་རྣམ་པར་དག་པ་ཞེས་བྱ་བ་མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ། ཨུ་ཏོ་བོ་པ་ཏི་དང༌། བོད་ཀྱི་ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་ཀྱི་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཛྙཱ་ན་ཀ་རས་མཛད་པ། ཟླ་བའི་འོད་ཟེར་གྱི་འགྱུར། དཔལ་རྡོ་རྗེ་འཇིགས་

བྱེད་ཀྱི་བསྟོད་པ། དེ་ཉིད་ལྔ་པའི་བསྟོད་པ། ཡང་འཇིགས་བྱེད་ཀྱི་བསྟོད་པ་གཅིག དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་པཎྜི་ཏ་དོན་ཡོད་རྡོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཞང་ལོ་ཙཱ་བ་ཤེས་རབ་བླ་མའི་འགྱུར། འཇམ་དཔལ་འཇིགས་བྱེད་མཚན་གྱི་བསྟོད་པ། སློབ་དཔོན་ལས་ཀྱི་

རྒྱལ་པོས་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པའི་ཐབས་རྡོ་རྗེའི་འོད་ཅེས་བྱ་བ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་གསལ་བ་ཞེས་བྱ་བ་རྒྱ་གར་གྱི་པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏས་མཛད་པ། པཎྜི་ཏ་བཻ་རོ་ཙ་ན་དེ་ཉིད་དང༌། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བ་རྣམས་བཞུགས་སོ། །

དེ་ལྟར་འཇིགས་བྱེད་ཀྱི་སྐོར་ལ་འགྲེལ་སྐོར་ལྔ་སྒྲུབ་ཐབས་ལ་སོགས་བཞི་བཅུ་རྩ་གཉིས་ཏེ། ཆོས་སྐོར་བཞི་བཅུ་རྩ་བདུན་ནོ།། །།ཙི་པ་ལ། གདོང་དྲུག་གི་སྐོར་ལ། དཔལ་གཤིན་རྗེ་གཤེད་པོའི་རྩ་བའི་སྔགས་རྡོ་རྗེ་རབ་ཏུ་འབྱེད་པ་ཞེས་བྱ་བ་སློབ་དཔོན་དཔལ་སྒེག་པའི་རྡོ་རྗེས་མཛད་པ་དང༌། དེ་ལ་

เล่ม ๒๑๓ · หน้า 379b

ཕན་པའི་ལེའུ་གཅིག་སློབ་དཔོན་རིག་པ་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་ཨུ་པཱ་ཡ་ཤྲཱི་མི་ཏྲ་དང༌། བོད་ཀྱི་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོས་བསྒྱུར་བ། གཤིན་རྗེ་གཤེད་ནག་པོ་གདོང་དྲུག་པའི་འཁོར་ལོའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་དེ་ཝ་ཨཱ་ཀ་ར་ཙནྡྲས་མཛད་པ།

རྒྱ་གར་གྱི་མཁན་པོ་དེ་ཝ་ཨཱ་ཀ་ར་ཙནྡྲ་དེ་ཉིད་དང༌། ཅོག་རོ་བནྡེ་ཤེས་རབ་བླ་མའི་འགྱུར། ཨུ་རྒྱན་ནས་བྱུང་བའི་གཤིན་རྗེའི་དགྲ་བྲུབ་པའི་འཁོར་ལོ་ཇི་ལྟར་རྙེད་པ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ་སྟེ་དེ་ལྟར་གདོང་དྲུག་གི་ཆོས་སྐོར་ལ་བཞིའོ།། །།གཤེད་དམར་སྐོར་ལ། གཤིན་རྗེ་མཐར་

བྱེད་དམར་པོའི་སྒྲུབ་ཐབས་རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པས་མཛད་པ། རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་ཆེན་པོ་ཉི་མའི་དབང་པོའི་འོད་ཟེར་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱི་འགྱུར། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་སློབ་དཔོན་ཤྲཱི་བི་རཱུ་པས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་

ཏ་དཱ་ན་ཤཱི་ལའི་རང་འགྱུར། གཏོར་མའི་(*མ་བྱུང༌།)ཆོ་ག་གཉིས་དང༌། གཤིན་རྗེ་གཤེད་དམར་པོའི་བྱིན་རླབས་ཀྱི་མན་ངག་འོད་གསལ་འཆར་བའི་རིམ་པ་སློབ་དཔོན་མཐུ་སྟོབས་ཀྱི་མགོན་པོ་དཔལ་བི་རཱུ་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་རེ་ཝེནྡྲ་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱི་འགྱུར། གཤེད་

དམར་གྱི་རྫོགས་རིམ་ཤིན་ཏུ་སྤྲོས་པ་མེད་པ་དེ་ཁོ་ན་ཉིད་ཀྱི་མན་ངག་ཅེས་བྱ་བ་སློབ་དཔོན་དཔལ་མཐུ་སྟོབས་ཀྱི་མགོན་པོ་བཅོམ་ལྡན་འདས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བི་རཱུ་པས་མཛད་པ། ཆོས་ཀྱི་རྒྱལ་པོའི་སྐུ་མཁར་ཉི་གཟུངས་སུ་རྒྱ་གར་གྱི་པཎྜི་ཏ་དངོས་གྲུབ་

བརྙེས་པ་དཔལ་དཱརྤན་ཨཱ་ཙཱརྻ་དང༌། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱི་འགྱུར། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ཀྱི་ཆོ་ག་སློབ་དཔོན་བིརྺ་པའི་མཚན་གྱི་རྣམ་གྲངས་དཔལ་དཔའ་བོ་རྒྱལ་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་ཉི་མའི་དབང་པོའི་འོད་ཟེར་དང༌།

ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱི་འགྱུར། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར་གྱི་ཕྲེང་བ་སློབ་དཔོན་བི་རཱུ་པས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཔལ་མཁས་པ་ཆེན་པོ་དཱ་ན་ཤཱི་ལས་ཡུལ་དབུས་ཀྱི་གྲུབ་པ་ཐོབ་པའི་གནས་དྲང་སྲོང་སྲིན་པོ་རིར་རང་འགྱུར། དཔལ་གཤིན་རྗེ་གཤེད་དམར་

เล่ม ๒๑๓ · หน้า 380a

པོའི་སྒྲུབ་ཐབས་དང༌། དཔལ་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཆོ་ག་པཎྜི་ཏ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་རྗེ་བཙུན་ཆེན་པོ་དཔལ་གཤིན་རྗེ་གཤེད་ཀྱིས་རྗེས་སུ་བཟུང་བ་ཉི་མའི་དབང་པོའི་འོད་ཟེར་

དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱི་འགྱུར། རྣལ་འབྱོར་བཞིའི་དེ་ཁོ་ན་ཉིད་ཅེས་བྱ་བ་རང་བྱིན་གྱིས་བརླབ་པའི་མན་ངག་གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བ་མཐུ་སྟོབས་ལ་མངའ་བརྙེས་པ་རྣལ་འབྱོར་གྱི་དབང་ཕྱུག་བྲམ་ཟེ་དཔལ་འཛིན་གྱིས་མཛད་པ། དཱརྤན་ཨཱ་ཙཱརྻ་དང༌། གློ་བོ་ལོ་ཙཱའི་

འགྱུར། གཤེད་དམར་(*མ་བྱུང༌།)གྱི་ཡུམ་བཞི་སོ་སོའི་སྒྲུབ་ཐབས། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ཞེས་བྱ་བ། གཤིན་རྗེ་གཤེད་དམར་པོ་མཎྜལ་དུ་མཆོད་པའི་ཆོ་ག་ཞེས་བྱ་བ་རྣམས་གྲུབ་ཐོབ་དཔལ་འཛིན་གྱིས་མཛད་པ། ལྷའི་སྐད་ལ་ལེགས་པར་ཞུགས་པའི་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་

བཟང་པོས་སྐད་གཉིས་སྨྲ་བའི་གདན་ས་དཔལ་ཐར་པ་གླིང་དུ་བསྒྱུར་བ། དཔལ་གཤིན་རྗེ་གཤེད་ནག་པོ་དང་དམར་པོ་མཆོད་པའི་ཆོ་ག་སློབ་དཔོན་ཆེན་པོ་པཎྜི་ཏ་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་ཉི་མའི་དབང་པོའི་འོད་ཟེར་དང༌། ཆག་ཆོས་རྗེ་དཔལ་གྱི་འགྱུར། གཤིན་རྗེ་གཤེད་དམར་

པོའི་ཏིང་ངེ་འཛིན་གྱི་ཆོ་ག་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལའི་རང་འགྱུར། དཔལ་གཤིན་རྗེ་གཤེད་དམར་པོའི་གཏོར་མའི་ཆོ་ག་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་དཔལ་རྣམ་པར་སྣང་མཛད་སྲུང་

བས་མཛད་པ། རང་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་དང་བཅས་པ་གཤིན་རྗེ་མཐར་བྱེད་དམར་པོའི་མངོན་པར་རྟོགས་པ་སློབ་དཔོན་ཆེན་པོ་མཁས་ཤིང་དངོས་གྲུབ་བརྙེས་པ་བློ་གྲོས་བཟང་པོས་མཛད་པ་རྣམས་པཎྜི་ཏ་ཆེན་པོ་བླ་མ་རྗེ་བཙུན་ཉི་མའི་དབང་པོའི་འོད་ཟེར་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་

དཔལ་གྱིས་བསྒྱུར་བ། གཤིན་རྗེ་གཤེད་དམར་པོའི་འཁོར་ལོའི་གསལ་བྱེད་བསྡུས་པ་དང༌། གཤིན་རྗེ་གཤེད་དམར་པོའི་འཁོར་ལོའི་དེ་ཁོ་ན་ཉིད་ཀྱི་གསལ་བྱེད་སློབ་དཔོན་གནས་བརྟན་བྱང་ཆུབ་སྙིང་པོས་མཛད་པ། རྡོ་རྗེ་གདན་པ་ནིཥྐ་ལངྐ་དང༌། དཔྱལ་ལོ་ཙཱ་བ་དཔལ་ཆོས་ཀྱི་བཟང་པོའི་འགྱུར།

เล่ม ๒๑๓ · หน้า 380b

གཤིན་རྗེའི་དགྲ་དམར་པོའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་བློ་བཟང་སྙིང་པོའི་ཞབས་ཀྱིས་མཛད་པ། ལྷའི་སྐད་ལ་ལེགས་པར་ཞུགས་པའི་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་སྐད་གཉིས་སྨྲ་བའི་གདན་ས་དཔལ་ཐར་པ་གླིང་དུ་ལེགས་པར་བསྒྱུར་བ། གཤིན་རྗེ་གཤེད་དམར་པོའི་

རྫོགས་པའི་རྣལ་འབྱོར་ཞེས་བྱ་བ་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། དཔལ་གཤིན་རྗེ་གཤེད་དམར་པོའི་འཚོ་བའི་དེ་ཁོ་ན་ཉིད་ཅེས་བྱ་བའི་མན་ངག་རྒྱ་གར་གྱི་པཎྜི་ཏ་དཱརྤན་ཨཱ་ཙཱརྻས་མཛད་པ་དང༌། གཤིན་རྗེ་གཤེད་མཐར་བྱེད་དམར་པོའི་བྱིན་གྱིས་བརླབ་པའི་རིམ་པ་གྲུབ་

ཐོབ་ཀྱི་འཁོར་ལོས་སྒྱུར་བ་བྲམ་ཟེ་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱརྤན་ཨཱ་ཙཱརྻ་དང༌། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱི་འགྱུར། ལྷ་མོ་འོད་འཛིན་མའི་བྱིན་གྱིས་བརླབ་པ་གྲུབ་ཐོབ་མཁས་པ་ཆེན་པོ་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཝ་ཨཱ་ཀ་ར་དང༌།

ལོ་ཙཱ་བ་རིན་ཆེན་བཟང་པོས་འགྱུར་ལ། དུས་ཕྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དཱརྤན་ཨཱ་ཙཱརྻ་དང༌། ལོ་ཙཱ་བ་དགེ་སློང་རྡོ་རྗེ་འཛིན་པ་ཞེ་སྡང་རྡོ་རྗེའི་འགྱུར། སྔ་འགྱུར་ལ་འདི་ལས་ཚན་ཆེ་ཙམ་གདའོ་ཞེས་བུ་སྟོན་གྱིས་གསུངས་སོ། །འོད་འཛིན་མའི་སྒྲུབ་ཐབས་ཏིང་ངེ་འཛིན་ལ་མངའ་བརྙེས་པ་དཔལ་འཛིན་གྱིས་

མཛད་པ། སྒྱུར་བྱེད་ཀྱི་ལོ་པཎ་སྔ་མ་དང་འདྲའོ། །རང་གི་སེམས་གོང་དུ་འཕོ་བའི་མན་ངག་བྱིན་རླབས་དང་བཅས་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་རྒྱ་གར་མངོན་ཤེས་ཅན་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ཁུགས་པས་བསྒྱུར་བ་ལས། དུས་ཕྱིས་སའི་སྟེང་ན་འགྲན་ཟླ་དང་བྲལ་བ་དཱརྤན་

ཨཱ་ཙཱརྻ་དང༌། ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་འགྱུར། བྱིན་གྱིས་བརླབ་པའི་རིམ་པ་དང༌། མེའི་ལྷ་མཆོད་པ་ཞེས་བྱ་བ་དངོས་གྲུབ་བརྙེས་པ་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱརྤན་ཨཱ་ཙཱརྻ་དང༌། དགེ་སློང་ཤེས་རབ་རིན་ཆེན་གྱིས་ལེགས་པར་བསྒྱུར་བ། བདུད་རྩི་བྱིན་གྱིས་བརླབ་པ་ཞེས་བྱ་བ་

རྣལ་འབྱོར་གྱི་དབང་ཕྱུག་དཔལ་བི་རཱུ་པས་མཛད་པ། རྒྱ་གར་གྱི་མཁན་པོ་དཱརྤན་ཨཱ་ཙཱརྻ་དང༌། ལོ་ཙཱ་བ་ཞེ་སྡང་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སྲུང་འཁོར་གྱི་བྱིན་རླབས་དང་ཕྱིར་བཟློག་པའི་མན་ངག་ཅེས་བྱ་བ་དང༌། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་ཞལ་གདམས་རྣལ་འབྱོར་

เล่ม ๒๑๓ · หน้า 381a

གྱི་དབང་ཕྱུག་དངོས་གྲུབ་མཆོག་བརྙེས་པ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཨ་ནུ་པ་མ་རཀྵི་ཏ་དང༌། ལོ་ཙཱ་བ་དར་མ་ཡོན་ཏན་གྱི་འགྱུར་ལ། ཕྱིས་ཆོས་ཀྱི་རྒྱལ་པོའི་སྐུ་མཁར་གཉིས་སུ་རྒྱ་གར་ཤར་ཕྱོགས་ཀྱི་མཁན་པོ་ཆེན་པོ་དཱརྤན་ཨཱ་ཙཱརྻ་དང༌། ལོ་ཙཱ་བ་དགེ་སློང་ཤེས་རབ་

རིན་ཆེན་གྱི་འགྱུར། འདིའི་དཔེ་བར་སྐབས་སུ་རྒྱ་གར་བལ་པོ་ཐམས་ཅད་དུ་རྒྱུན་ཆད་པ་ལ། ཕྱིས་ཨཽ་ཌྱཱན་དུ་མཁའ་འགྲོ་མ་རྒྱ་མཚོའི་གོས་ཅན་ལས་རྣལ་འབྱོར་པ་སནྟ་ཝ་ལནྟས་ཞུས་ཏེ་བྱུང་ངོ༌། །གཤིན་རྗེ་གཤེད་དམར་པོའི་སྔགས་བཏུ་བ་ཞེས་བྱ་བ་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། པཎྜི་ཏ་དཱ་ན་ཤཱི་ལ་དང༌།

བོད་ཀྱི་ལོ་ཙཱ་བ་བསོད་ནམས་སེང་གེའི་འགྱུར། གཤིན་རྗེ་གཤེད་དམར་པོའི་ལས་ཀྱི་ཕྲེང་བའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་ལ་ལོངས་སྤྱོད་ཅན་མའི་རྟོག་པ། རིན་ཆེན་ཕྲེང་བ་མའི་སྒྲུབ་ཐབས། ཀླུ་མོ་ཞལ་མཐའ་ཡས་མའི་སྒྲུབ་ཐབས། ཀླུ་མོ་ནོར་སྐྱོང་ཞལ་མ་ཞེས་བྱ་བའི་སྒྲུབ་ཐབས། ཀླུ་མོ་ཨ་

ཕུ་ཞེས་བྱ་བའི་སྒྲུབ་ཐབས། དགའ་བས་ཚིམ་མའི་སྒྲུབ་ཐབས་ཞེས་བྱ་བ། གནོད་སྦྱིན་ནཱ་ཌ་ཕོ་མོའི་སྒྲུབ་ཐབས། གནོད་སྦྱིན་མོ་སའི་བདག་མོ་བཀྲ་ཤིས་མའི་སྒྲུབ་ཐབས། གནོད་སྦྱིན་དགའ་བྱེད་ཀྱི་སྒྲུབ་ཐབས། གནོད་སྦྱིན་གྱི་རྒྱལ་པོ་ཕུར་བུས་འདེབས་པའི་སྒྲུབ་ཐབས། རྡེག་པར་བྱེད་པའི་གནོད་

སྦྱིན་གྱི་སྡེ་དཔོན་གྱི་སྒྲུབ་ཐབས། དཔལ་ཟླ་བའི་ལྷ་མོ་ཞེས་བྱ་བའི་སྒྲུབ་ཐབས། འཕྲོག་མ་རྣ་ཆ་འཛིན་མའི་སྒྲུབ་ཐབས། ཡིད་འཕྲོག་མའི་སྒྲུབ་ཐབས། ལེགས་པར་དགའ་མའི་སྒྲུབ་ཐབས། སྤྱན་ཡངས་མའི་སྒྲུབ་ཐབས། འདོད་ཆགས་དགས་པའི་སྒྲུབ་ཐབས། གཞན་གྱིས་མི་ཐུབ་པ་ཞེས་བྱ་

བའི་སྒྲུབ་ཐབས། ལྷག་པར་རྒྱལ་བ་མི་ཕམ་པའི་སྒྲུབ་ཐབས། གང་བ་བཟང་པོའི་སྒྲུབ་ཐབས།འབྱུང་མོ་མཛེས་མའི་སྒྲུབ་ཐབས། དབང་རྒྱལ་མ་མཛེས་མའི་སྒྲུབ་ཐབས། དྲི་མེད་མཛེས་མའི་སྒྲུབ་ཐབས། ཤ་ཟ་པི་ལཱུའི་སྒྲུབ་ཐབས། ཤ་ཟ་ནོར་བུ་འཛིན་པའི་སྒྲུབ་ཐབས། ཤ་ཟ་ནག་པོའི་

སྒྲུབ་ཐབས། ཤ་ཟ་ནག་པོ་སྙིང་པོའི་སྒྲུབ་ཐབས། ཤ་ཟ་མོ་ཧ་ན་མ་ནའི་སྒྲུབ་ཐབས། ཨ་ལུ་ཀ་ཞེས་བྱ་བའི་སྒྲུབ་ཐབས། ཨ་ལ་གུཔྟ་ཞེས་བྱ་བའི་སྒྲུབ་ཐབས། བོང་བུའི་གདོང་ཅན་མའི་སྒྲུབ་ཐབས། ཤ་ཟ་ཨ་ལུ་བི་ནིའི་ཞེས་བྱ་བའི་སྒྲུབ་ཐབས། ཨུཙྪུསྨ་ཞེས་བྱ་བའི་སྒྲུབ་ཐབས། ཀྵུ་ཀྵུ་སེ་

เล่ม ๒๑๓ · หน้า 381b

རི་ཀུནྡའི་སྒྲུབ་ཐབས། ཤ་ཟ་མོ་རྣ་བ་འཛིན་མའི་སྒྲུབ་ཐབས། ཤ་ཟ་མོ་ཁ་ནག་མོའི་སྒྲུབ་ཐབས་ཏེ། དེ་ལྟར་སྒྲུབ་ཐབས་སུམ་ཅུ་རྩ་དྲུག་གཤིན་རྗེ་གཤེད་ཀྱི་ཡིད་བཞིན་གྱི་ནོར་བུའི་ཕྲེང་བ་ཞེས་བྱ་བའི་སྒྲུབ་ཐབས་འཇམ་དཔལ་དབྱངས་ཀྱི་ཞབས་རྡུལ་ལ་རེག་པ་སློབ་དཔོན་ཤེས་རབ་སྐྱོང་གིས་མཛད་པ། རྒྱ་གར་

ཤར་ཕྱོགས་བྷཾ་ག་ལའི་པཎྜི་ཏ་དཱ་ན་ཤཱི་ལ་ཞེས་བྱ་བས་གནས་བྱིན་གྱིས་བརླབས་པ་དྲང་སྲོང་སྲིན་པོ་རིར་རང་འགྱུར་དུ་མཛད་པ། དཔལ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ལམ་གྱི་སྙིང་པོ་ཞེས་བྱ་བ་མཁས་གྲུབ་རྣལ་འབྱོར་ཆེན་པོ་བུདྡྷ་ཛྙཱ་ན་པཱ་དས་ཨུ་ག་ཡ་ན་འབར་བའི་ཕུག་ཏུ་བཛྲ་ཝཱ་རཱ་ཧཱི་ཉིད་ལས་

དངོས་སུ་ཐོབ་པ་དང༌། ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་མན་ངག་ཅེས་བྱ་བ། སེམས་དཔའ་གསུམ་གྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ཞེས་བྱ་བ་རྣམས་རྡོ་རྗེ་ཕག་མོས་དངོས་སུ་བྱིན་གྱིས་བརླབས་པ་མཁས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་ཡེ་ཤེས་ཞབས་

ཀྱིས་མཛད་པ། ཡུལ་དབུས་ཀྱི་པཎྜི་ཏ་ཨཱ་ནནྡ་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་སེ་རྩ་བསོད་ནམས་རྒྱལ་མཚན་གྱིས་གྲོང་ཁྱེར་ཏི་ར་ཧ་ཏིའི་ལྷོ་ཕྱོགས་རང་བྱུང་གི་མཆོད་རྟེན་རྣམ་པར་དག་པའི་དྲུང་དུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་བསྒྱུར་ཞིང་གཏན་ལ་ཕབ་པ། སླར་ཡང་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་

གྱིས་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོར་བཅོས་པ། དེ་ལྟར་གཤིན་རྗེ་གཤེད་དམར་ལ་ཆོས་སྐོར་བདུན་ཅུ་དོན་གཉིས་སོ། །འཕགས་པ་གཤིན་རྗེ་ཚེ་བདག་ནག་པོའི་སྒྲུབ་པའི་ཐབས། གཏོར་མ་དང་བཅས་པ་དང༌། དཔལ་གཤིན་རྗེ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་དྲན་གསལ་དཔལ་ནག་པོ་

ཞབས་ཀྱིས་མཛད་པ། པཎྜི་ཏ་ཆེན་པོ་ནག་པོའི་ཞབས་དེ་ཉིད་དང༌། ལོ་ཙཱ་བ་གཉན་དར་གྱི་འགྱུར་རྣམས་ཏེ། དེ་ལྟར་ཚེ་བདག་ལ་ཆོས་སྐོར་གསུམ་མོ། །འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད་པོའི་རྒྱུད། །གཤིན་རྗེ་གཤེད་ནག་རྡོ་རྗེ་འཇིགས་བྱེད་དང༌། །གདོང་དྲུག་གཤེད་དམར་སོགས་དང་ཚེ་བདག་

བཅས། །ཆོས་སྐོར་བརྒྱ་དང་བརྒྱད་ཅུ་ཐམ་པ་བཞུགས། །དེ་དག་གིས་ནི་གཤིན་རྗེ་གཤེད་དམར་ནག་ལ་སོགས་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་གཤིན་རྗེ་གཤེད་དམར་ནག་ལ་སོགས་པའི་ཆོས་སྐོར་རྣམས་བཀོད་ནས། མཚན་ཡང་དག་པར་བརྗོད་པ་རྣལ་འབྱོར་བླ་མེད་ཀྱི་ལུགས་སུ་

เล่ม ๒๑๓ · หน้า 382a

བཀྲལ་བའི་སྐོར་ལ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། པཎྜི་ཏ་མངོན་ཤེས་ཅན་གྱི་ཕྱག་ནས་བྱུང་བ། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་དང་ཤེས་རབ་བརྩོན་འགྲུས་ཀྱི་འགྱུར། མཚན་ཡང་དག་

པར་བརྗོད་པའི་འགྲེལ་པ་ཚུལ་གསུམ་གསལ་བར་བྱེད་པའི་སྒྲོན་མ་འདི་གཉིས་རྒྱུད་སྡེ་སྤྱིར་བཀྲལ་བར་སྣང་ཞིང་ཐེ་ཚོམ་གྱི་གཞི་ཡོད་པ་རྣམས་བཞུགས་སོ།། །།ཚི་པ་ལ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་བི་མ་ལ་མི་ཏྲས་

མཛད་ནས་ཐུགས་ཀྱི་སྲས་ཉང་ཏིང་ངེ་འཛིན་གྱིས་ཞུས་པ་གཉགས་ཛྙཱ་ནའི་འགྱུར། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དོན་གསལ་བར་བྱེད་པ་ཞེས་བྱ་བ་དགའ་རབ་རྡོ་རྗེས་མཛད་ཟེར་བ་འདི་ནི་ཐེ་ཚོམ་གྱི་གཞིའོ་ཞེས་གསུངས་སོ། །མཚན་ཡང་དག་པར་བརྗོད་པ་ཉེ་བར་བསྡུས་

པའི་རྣམ་པར་རྟོག་གེ་ཞེས་བྱ་བ་མཁས་པ་ཆེན་པོ་ངེས་པར་སྦྱངས་པ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཤྲཱི་བཛྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔྱལ་སེ་རྩ་བསོད་ནམས་རྒྱལ་མཚན་གྱིས་གངས་ཅན་པའི་སྐད་དུ་ལེགས་པར་བསྒྱུར་བ། ནོར་བུ་གླིང་དུ་སྐུ་འཁྲུངས་པའི་

དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པའི་སྔགས་དོན་རྣམ་པར་གཟིགས་པ་དང༌། དེའི་རྗེས་སུ་འབྲངས་པའི་སློབ་དཔོན་ཆེན་པོ་གཉིས་མེད་རྡོ་རྗེས་མཛད་པའི་ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་གཉིས་ཀྱི་དོན་བསྡུས་པ་མཚན་གྱི་སྒྲོན་མེ་ཞེས་བྱ་བ་པྲཛྙཱ་གུ་རུས་མཛད་པ། འཇམ་དཔལ་ཡེ་ཤེས་སེམས་དཔའི་

མངོན་པར་རྟོགས་པ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ་རིན་པོ་ཆེའི་ཕྱག་རྒྱ་དྲི་མ་མེད་པའི་ཆོ་ག་ཞེས་བྱ་བ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ། རང་བཞིན་དུ་

གནས་པའི་སྔགས་ཀྱི་སྤྱོད་པ་བཅུ་པ། རྨི་ལམ་བརྟག་པ། སངས་རྒྱས་བྱང་ཆུབ་བསམ་གཏན་གྱི་དུག་སེལ་བར་བྱེད་པའི་མར་མེ་ཞེས་བྱ་བ། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡིད་འཇུག་པའི་བསམ་གཏན་གྱི་འཁོར་ལོ་ཞེས་བྱ་བ། ཐིག་ལེ་གྲུབ་པ། ཐིག་ལེ་གཅིག་པ་ཞེས་བྱ་བ། འཇམ་དཔལ་ཡེ་

เล่ม ๒๑๓ · หน้า 382b

ཤེས་སེམས་དཔའི་སྙིང་པོ་གྲུབ་པ་ཞེས་བྱ་བ་རྣམས་རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། སློབ་དཔོན་ཆེན་པོ་མཻ་ཏྲི་པའི་གདམས་ངག་ཉེ་བར་བསྡུས་པ་དང༌། དཔལ་མཻ་ཏྲི་པས་མཛད་པའི་འཕགས་པ་འཇམ་དཔལ་

གྱི་ཟབ་ཅིང་རྒྱ་ཆེ་བ་ཞེས་བྱ་བའི་འགྲེལ་པ་མཁས་པ་ཆེན་པོ་དྲིལ་བུ་པས་མཛད་པ། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་སིདྡྷི་དང༌། དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཞི་བ་འོད་ཀྱི་རིམ་པ་ཞེས་བྱ་བ། འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་རྡོ་རྗེ་འོད་ཀྱི་རིམ་པ་ཞེས་

བྱ་བ། དཀྱིལ་འཁོར་གྱི་ཆོ་ག སྐྱབས་འགྲོ་སེམས་བསྐྱེད་དབང་བཞིའི་གདམས་པ། རྡོ་རྗེ་གླུའི་གདམས་ངག་ཅེས་བྱ་བ། ཁྲུས་ཀྱི་ཆོ་ག གཏོར་མའི་ཆོ་ག །བདུན་ཚིགས་ཀྱི་ཆོ་ག །རོ་བསྲེག་པའི་ཆོ་ག །སཱཙྪ་གདབ་པའི་རིམ་པ། རབ་ཏུ་གནས་པའི་ཆོ་ག སྦྱིན་སྲེག་གི་ཆོ་

ག །ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་མན་ངག མཎྜལ་དབུལ་བའི་མན་ངག་སྟེ་བཅུ་གསུམ་པོ་རྣམས་ནི་བྲམ་ཟེ་སྡོམ་པ་བཟང་པོས་མཛད་ཅིང༌། འབྲོ་ལོ་ཙཱ་བ་དྷརྨཱ་བྷིའི་འགྱུར། འདི་དག་ལ་ཐེ་ཚོམ་ཟ་བ་སྣང་ཡང་རྒྱ་གར་མར་བྱེད་ཀྱིན་འདུག་པས་བྲིས་སོ་ཞེས་གསུངས། མཚན་བརྗོད་རྣལ་འབྱོར་

ཆེན་པོ་བླ་མེད་དུ། །དགོངས་པ་འགྲེལ་པའི་རྒྱུད་འགྲེལ་རྣམ་པ་ལྔ། །སྒྲུབ་ཐབས་ལ་སོགས་ཉི་ཤུ་རྩ་བརྒྱད་དེ། །དྲིལ་བས་ཆོས་སྐོར་སུམ་ཅུ་རྩ་གསུམ་བཞུགས། །དེ་དག་གིས་ནི་འཇམ་དཔལ་མཚན་བརྗོད་བླ་མེད་དུ་བཀྲལ་བའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་

ཏོ།། །།དེ་ལྟར་འཇམ་དཔལ་མཚན་བརྗོད་རྣལ་འབྱོར་བླ་མེད་དུ་བཀྲལ་བའི་ཆོས་སྐོར་རྣམས་བཀོད་ནས། བདེ་ཆེན་རལ་གཅིག་གི་སྐོར་ལ། བདེ་ཆེན་རལ་གཅིག་(*མ་བྱུང༌།)ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་ཞེས་བྱ་བ་གྲུབ་པ་བརྙེས་

པའི་པཎྜི་ཏ་ཆེན་པོ་ཨ་ཛི་ཏ་མི་ཏྲ་གུཔྟས་མཛད་པ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་མི་ཕམ་སྦས་པས་མཛད་པ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས་མི་ཕམ་སྦས་པའི་བཤེས་གཉེན་ནམ། མཚན་གྱི་རྣམ་གྲངས་རོལ་པའི་རྡོ་རྗེས་

เล่ม ๒๑๓ · หน้า 383a

མཛད་པ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་སྒྲུབ་ཐབས་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཤྲཱི་བཛྲ་ཀཱིརྟིས་མཛད་པ། དཔལ་རལ་གཅིག་མའི་སྒྲུབ་ཐབས་འཁོར་གནོད་སྦྱིན་དང་བཅས་པ་མི་ཏྲ་ཛོ་ཀིས་མཛད་པ་རྣམས་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡ་དང༌། གནུབས་ལོ་ཙཱ་བ་

བྱམས་པའི་དཔལ་གྱི་འགྱུར། བསྔོ་བ་ནོར་བུའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་མི་ཕམ་ཟླ་བས་མཛད་པ། རྒྱ་གར་གྱི་པཎྜི་ཏ་སུ་བྷཱ་ཤཱནྟི་དང༌། བོད་ཀྱི་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པ་ལ་བསྟོད་པ་ཁ་ཆེའི་པཎྜི་ཏ་བུདྡྷཱ་ཤྲཱི་བྷ་དྲ་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་གནུབས་

བྱམས་པའི་དཔལ་གྱི་འགྱུར། དེའི་རྫོགས་རིམ་སྟོན་པའི་མན་ངག་རང་གི་སེམས་ངལ་བསོ་བའི་མན་ངག་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་པ་ཞེས་བྱ་བ་ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་ལས་དངོས་སུ་གསན་ནས། གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཛ་ག་ཏ་མི་ཏྲ་ཨཱ་ནནྡ་པ།

སྐད་གཉིས་སྨྲ་བ་ཆེན་པོ་བྱམས་པའི་དཔལ་གྱིས་ཡང་དག་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྟོགས་པ་བརྗོད་པ་སུམ་ཅུ་པ། དཔལ་ཁརྶ་པཱ་ཎི་ཡབ་ཡུམ་གྱི་སྒྲུབ་ཐབས། གནོད་སྦྱིན་སྤུན་གཉིས་ཀྱི་སྒྲུབ་ཐབས་རྣམས་སློབ་དཔོན་ཨ་ཛི་ཏ་མི་ཏྲ་ཛོ་ཀིས་མཛད་པ། རྣལ་འབྱོར་གྱི་དབང་

ཕྱུག་མི་ཏྲ་ཨཱ་ནནྡའི་ཕྲིན་ལས་ཀྱིས་ལྷའི་རིགས་གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། འདི་དག་མ་རྒྱུད་ཀྱི་ཕྱོགས་སུ་གཏོགས་པ་འདྲ་བར་སྣང་ཡང་བླ་མ་རྣམས་ཀྱིས་ཕ་རྒྱུད་ཀྱི་ཕྱོགས་སུ་བྱས་སྣང་བས་འདིར་བྲིས་སོ། །རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ་ཞེས་བྱ་བ་རྗེ་བཙུན་

མ་ཉི་མས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་དྷ་ར་དང༌། ལོ་ཙཱ་བ་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བ། ལྔ་བཅུ་པའི་བཤད་པ་ཁ་ཆེའི་པཎྜི་ཏ་དྲི་མེད་དཔལ་བཟང་པོས་མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་དང༌། ལོ་ཙཱ་བ་ཡར་ལུངས་པ་ཤུད་

ཀེ་གྲགས་པ་རྒྱལ་མཚན་གྱི་འགྱུར། ཀུལ་ལོ་ཀ་ནཱ་ཐའི་བྱིན་རླབས་པཎྜི་ཏ་ཆེན་པོ་བི་མ་ལ་ཤྲཱིའི་ཞལ་སྔ་ནས་བྱུང་བ་བཞིན་བྲིས་པ། འཕགས་པ་སྤྱན་རས་གཟིགས་རིགས་ཀྱི་འཇིག་རྟེན་མགོན་པོའི་རྗེས་གནང་གི་ཆོ་ག་ཁ་ཆེའི་པཎྜི་ཏ་བི་མ་ལ་ཤྲཱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཤོང་ལོ་ཙཱ་བ་བློ་

เล่ม ๒๑๓ · หน้า 383b

བརྟན་གྱི་འགྱུར། རིགས་ཀྱི་འཇིག་རྟེན་དབང་ཕྱུག་སྒྲུབ་པའི་ཐབས་བྲམ་ཟེ་བྷྲིངྒ་རས་མཛད་པ། འཇམ་དཔལ་སྒེག་པའི་རྡོ་རྗེའི་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་གེ་བདུན་པའི་སྒྲུབ་ཐབས་མི་ཏྲ་ཛོ་ཀིས་མཛད་པ། དེ་ཉིད་དང༌། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར།

འདི་རྣམས་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསལ་བར་གསུངས་ཤིང༌། ཐབས་ཤེས་རབ་ཀྱི་རྒྱུད་འདིར་གཏོགས་པ་གསལ་བར་མ་གསུངས་ཀྱང༌། ཐབས་རྒྱུད་དང་མཐུན་པ་གཙོ་བོར་སྣང་བས་འདིར་བཀོད་དོ་ཞེས་བུ་སྟོན་གྱིས་གསུངས། དཔལ་ཐུགས་རྗེ་ཆེན་པོའི་དབང་བསྐུར་བའི་མན་ངག་གི་རབ་ཏུ་བྱེད་པ་ཞེས་

བྱ་བའམ། པདྨ་ཟབ་པ་དང་པདྨ་རྒྱལ་པོ་གཉིས་ཀྱི་དབང་ཆོག་སྦྱིན་སྲེག་དཔལ་ཛཱ་ལནྡྷ་རས་མཛད་པ། མངའ་བདག་མཻ་ཏྲི་པའི་ཕྱག་དཔེ་ལས་རྒྱ་གར་ཕྱག་ནའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་པྲཛྙཱ་ཀཱིརྟིའི་འགྱུར། འཕགས་པ་འཇིག་རྟེན་དབང་ཕྱུག་གསང་བའི་སྒྲུབ་ཐབས་ཞེས་བྱ་བ་མ་གཅིག་གྲུབ་

པའི་རྒྱལ་མོས་མཛད་པ། སྦ་ལྕག་མའི་གཞུང་ལ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བའི་རྒྱ་གཞུང༌། རྟ་མགྲིན་གྱི་སྒྲུབ་ཐབས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་སྒྲུབ་ཐབས་རྣམས་རྒྱ་གར་གྱི་པཎྜི་ཏ་ཟླ་བ་བཟང་པོ་དང༌། ལོ་ཙཱ་བ་གླན་དར་མ་

ཚུལ་ཁྲིམས་ཀྱི་འགྱུར། ཚེ་དཔག་ཏུ་མེད་པའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་ཝ་ལ་ཙནྡྲ་བླ་མ་དང༌། ལོ་ཙཱ་བ་གླན་དར་མ་ཚུལ་ཁྲིམས་ཀྱི་འགྱུར། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས་ཡེ་ཤེས་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པ། བཅོམ་ལྡན་འདས་ཚེ་དང་ཡེ་

ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་བྱས་པ་ཡིན་ཟེར་བ་རྣལ་འབྱོར་བླ་མེད་དུ་བྱས་པ་འདི་རྒྱ་གཞུང་ཡིན་ཟེར་བ་རྣམས་སོ། །སྤྱན་རས་གཟིགས་དབང་རྣལ་འབྱོར་བླ་མེད་དུ། །གྱུར་པའི་རལ་གཅིག་འཇིག་རྟེན་མགོན་ལ་སོགས། །ཚེ་

དཔག་མེད་པའི་ཆོས་སྐོར་རྣམ་བརྒྱད་དེ། །བཅུ་ཕྲག་གཉིས་ལ་དྲུག་གིས་བརྒྱན་པ་བཞུགས། །དེ་དག་གིས་ནི་བདེ་ཆེན་རལ་གཅིག་ལ་སོགས་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་བདེ་ཆེན་རལ་གཅིག་གི་ཆོས་སྐོར་རྣམས་བཀོད་ནས། ཕྱག་ན་རྡོ་རྗེ་

เล่ม ๒๑๓ · หน้า 384a

རྣལ་འབྱོར་ཆེན་པོའི་རྒྱུད་དུ་བཀྲལ་བ་ལ། འཁོར་ལོ་ཆེན་པོའི་སྐོར་ནི། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་ཞེས་བྱ་བའི་རྒྱུད་ཀྱི་འགྲེལ་པ་བདུད་རྩི་མྱུ་གུ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་ཛ་ཝ་རི་པས་ས་ཝ་རི་པ་ལ་མན་ངག་ཏུ་ཞུས་པ། པཎྜི་ཏ་དེ་ཉིད་དང༌། དེ་ཝ་པཱུརྞ་

མ་ཏི་དང༌། ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་འཁོར་ལོ་ཆེན་པོ་ཞེས་བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་སྒྲུབ་ཐབས་བདུད་རྩི་ཐིགས་པ་ཞེས་བྱ་བ། ལག་ན་རྡོ་རྗེ་གོ་སྔོན་པོ་

ཅན་གྱི་སྒྲུབ་པའི་ཐབས་མདོར་བསྡུས་པ་ཞེས་བྱ་བ་སྟེ་འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས་གསུམ་དང༌། ཀླུ་རིགས་བཞིའི་སྒྲུབ་ཐབས་ཞེས་བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་རྣམ་པར་སྦྱོང་ཞིང་སེལ་བ་ཞེས་བྱ་བའི་སྒྲུབ་ཐབས། ཡི་དྭགས་དང་གྲུལ་བུམ་དང་ཤ་ཟ་དང་སྲུལ་པོ་རྣམས་

རྣམ་པར་སྦྱོང་ཞིང་སེལ་བའི་སྒྲུབ་ཐབས་ཞེས་བྱ་བ་སྟེ་འཇིག་རྟེན་པའི་སྒྲུབ་ཐབས་གསུམ་དང༌། དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ་རྣམས་ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་བྲམ་ཟེའི་བཙུན་པ་ཛ་ཝ་རི་པས་

མཛད་པ། བླ་མ་དེ་ཝ་པཱུརྞ་མ་ཏི་དང༌། ལོ་ཙཱ་བ་ཤེའུ་བཛྲ་དེ་ཝས་བསྒྱུར་བ་ལ། སླད་ཀྱིས་དགེ་སློང་ཆོས་ཀྱི་བཟང་པོས་བླ་མ་ལས་ཤིན་ཏུ་ལེགས་པར་ཞུས་ཏེ་ཅུང་ཟད་བཅོས་པ། རིམ་པ་དྲུག་པ་ཞེས་བྱ་བ། བསད་པ་བདུད་རྩིས་གསོ་བ་ཞེས་བྱ་བ། བདུད་རྩི་འོ་མའི་མཆོད་པ་ཞེས་བྱ་བ།

ཀླུ་ཁྲོ་བོ་བསད་པའི་ཕྲིན་ལས་ཞེས་བྱ་བ། ཀླུ་རིགས་བཞི་མནན་པའི་ཆོ་ག ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དྲག་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་

འཁོར་གྱི་ཆོ་ག་ཞེས་བྱ་བ། མཛེ་ནད་ཀྱི་མཚན་ཉིད་ཅེས་བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་འཁོར་ལོ་ཆེན་པོའི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ་རྣམས་ནམ་གྲུའི་རིགས་ལས་བྱུང་བའི་དངོས་གྲུབ་བརྙེས་པའི་སློབ་དཔོན་ཛ་ཝ་རི་པས་མཛད་པ། རྒྱ་གར་

เล่ม ๒๑๓ · หน้า 384b

གྱི་མཁན་པོ་དེ་ཝ་པཱུརྞ་མ་ཏི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་མགར་ཆོས་ཀྱི་བཟང་པོའི་འགྱུར་ཏེ་དེ་ལྟར་བཅོ་བརྒྱད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྲུང་བ་ཞེས་བྱ་བ་ནམ་གྲུའི་རིགས་ལས་བྱུང་བ་དངོས་གྲུབ་བརྙེས་པ་ཛ་ཝ་རིའི་ཞལ་སྔ་ནས་མཛད་པ། པཎྜི་ཏ་དེ་ཝ་པཱུརྞ་མ་ཏི་དང༌། ལོ་

ཙཱ་བ་ཤེའུ་བཛྲ་དེ་ཝའི་འགྱུར། ཕྱག་ན་རྡོ་རྗེ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་བཀྲལ་བ་ལ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཕྱག་ན་རྡོ་རྗེའི་སྐུ་དངོས་སུ་སྤྲུལ་ནུས་པ་ཕྱག་ན་རྡོ་རྗེ་ཞེས་བྱ་བས་མཛད་པ།

རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། སློབ་དཔོན་དེས་(*མ་བྱུང༌།)མཛད་པའི་མེ་ལྕེའི་ཕྲེང་བའི་སྒྲུབ་ཐབས་སོ། །སློབ་དཔོན་བྷ་ཝ་པས་མཛད་པའི་སྐོར་ལ། འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ། གནོད་སྦྱིན་གྱི་སྡེ་

དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཆེ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཆུང་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག །ལུང་བསྟན་སྦྱོར་བའི་མན་ངག །རྡོ་རྗེ་ལས་ཀྱི་ཚོགས་རིམ་པར་ཕྱེ་

བ་རྣམས་སློབ་དཔོན་བྷ་ཝ་པས་མཛད་པ། ལོ་ཙཱ་བ་ཁུ་པ་བཱིརྻ་དང་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར་རྣམས་བཞུགས་སོ།། །།ཛི་པ་ལ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྦྱོར་ཀ་ཆེན་པོའི་ཆོ་ག །ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཏོར་མའི་ཆོ་ག་

ཚོགས་ཀྱི་འཁོར་ལོའི་སྦྱོར་ཀ །ཞི་བའི་སྦྱིན་སྲེག་གི་སྦྱོར་ཀ །རྒྱས་པའི་སྦྱིན་སྲེག་གི་སྦྱོར་ཀ །དབང་གི་སྦྱིན་སྲེག་གི་སྦྱོར་ཀ །དྲག་པོའི་ལས་ཀྱི་སྦྱོར་ཀ །བསྡུས་པའི་ལས་ཀྱི་སྦྱོར་ཀ །ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྦྱིན་སྲེག་གི་ཆོ་ག །མཎྜལ་གྱི་སྦྱོར་ཀ་རྣམས་སློབ་དཔོན་བྷ་ཝ་པས་མཛད་པ། ལོ་ཙཱ་བ་

གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། ལས་ཀྱི་རིམ་པ་མུ་ཏིག་ཕྲེང་བ་ཞེས་བྱ་བ་སློབ་དཔོན་བྷ་ཝ་པས་མཛད་པ། རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་བཱིརྻ་གུཔྟ་དང༌། སླད་ཀྱིས་ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཏེ་དུར་ཁྲོད་ནགས་ཚལ་དུ་བརྒྱུད་པའི་སློབ་དཔོན་ལ་ཤིན་ཏུ་གསང་ཞིང་

เล่ม ๒๑๓ · หน้า 385a

ལེགས་པར་མནོས་པ། ཕྱག་ན་རྡོ་རྗེ་རྡོ་རྗེ་ལྕེ་དབབ་ཀྱི་འགྲེལ་པ་མུ་ཏིག་ཕྲེང་བ་དང༌། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལྕེ་དབབ་ཀྱི་གསང་བའི་ཡང་བཀོལ་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་མཛད་པ། སླད་ཀྱིས་བླ་མ་ཛ་ཡཱ་ཀ་ར་དང༌།

ལོ་ཙཱ་བ་མར་པའི་འགྱུར། འདིར་ལྕེ་དབབ་པའི་བྱ་ཐབས། རྟེན་འབྲེལ་གྱི་མཐུས་བསྲུང་བ་གཉིས་མཛད་འགྱུར་མ་ངེས་པ། ལག་ན་རྡོ་རྗེ་ལྕེ་དབབ་ཀྱི་སྔོན་འགྲོའི་ལག་ལེན་རྣལ་འབྱོར་གྱི་སྦྱོར་ལམ་བརྒྱད་པོ་སློབ་དཔོན་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱི་མཛད་པ། པཎྜི་ཏ་ཛ་ཡཱ་ཀ་ར་དང༌། མར་

པ་ལོ་ཙཱའི་འགྱུར། གསང་བའི་བདག་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ནག་པོས་མཛད་པ་རྣམས་སོ། །གཏུམ་པོ་ལྷ་ལྔའི་སྐོར་ལ། རྡོ་རྗེ་གཏུམ་པོ་ལྷ་ལྔ་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །ཕྱག་ན་རྡོ་རྗེའི་ལམ་ཡན་ལག་བརྒྱད་པ་འཕགས་པ་ཀླུ་སྒྲུབ་

ཀྱིས་མཛད་པ་གཉིས་སོ། །གཏུམ་པོ་ཁྱུང་གཤམ་མའི་སྐོར་ལ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དང་བྱ་ཁྱུང་གི་སྒྲུབ་ཐབས་ཞེས་ནང་སྒྲུབ་ཡིད་བཞིན་ནོར་བུ་དང༌། དཔལ་ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ་གསང་བ་ཐུགས་ཀྱི་ཕུར་གཅིག་མ་པཎྜི་ཏ་ལས་ཀྱི་

རྡོ་རྗེས་མཛད་པ། པཎྜི་ཏ་ཝ་ལ་ཙནྡྲ་དང༌། ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱི་འགྱུར། རིག་སྔགས་བཅད་པ་དང་མནན་པའི་ཆོ་ག །དཔལ་ཕྱག་ན་རྡོ་རྗེའི་སྦྱིན་སྲེག་མདོར་བསྡུས། ཀླུ་གཏོར་རྒྱས་པ་རྣམས་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱི་འགྱུར། ཁྲོ་བོ་རྡོ་རྗེ་གཏུམ་པོའི་

སྒྲུབ་ཐབས་རྒྱལ་པོ་ཟླ་བའི་སྙིང་པོས་མཛད་པ། ལོ་ཙཱ་བ་སྒེག་པའི་དཔལ་གྱི་འགྱུར། རྡོ་རྗེ་ཁྱུང་གི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་པདྨས་མཛད་པ། པཎྜི་ཏ་སའི་སྙིང་པོ་དང༌། ལོ་ཙཱ་བ་རྨ་བན་གྱི་འགྱུར། རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་མདོར་བསྡུས་པ་ཞེས་བྱ་བ་སློབ་

དཔོན་ལས་ཀྱི་རྡོ་རྗེས་མཛད་པ། པཎྜི་ཏ་ཆེན་པོ་ཟླ་བ་བཟང་པོ་དང༌། ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱི་འགྱུར་བ་རྣམས་སོ། །ཕྱག་ན་རྡོ་རྗེ་བེ་ཅོན་མར་གྲགས་པའི་སྐོར་ལ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བའི་རྒྱུད་ཀྱི་རྣམ་པར་བཤད་པ་སྒྲོན་མ་གསལ་བ་ཞེས་བྱ་བ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด