དཀར་ཆག

ชื่อนี้มาจากชื่อไฟล์ของเล่มในต้นทาง

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๑๓ · หน้า 385b

དགེ་སློང་ཀླུའི་བྱང་ཆུབ་ཀྱིས་མཛད་པ། བེ་ཅོན་ཅན་གྱི་རྒྱུད་ཀྱི་འགྲེལ་པ་ལས་རྟོག་པ་ཐམས་ཅད་བསྡུས་པའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཤྲཱི་བྷ་དྲས་མཛད་པ། འཕགས་པ་གོས་སྔོན་པོ་ཅན་ཞེས་བྱ་བའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སློབ་དཔོན་ཆེན་པོ་མཆོག་རབ་སྙིང་པོས་མཛད་པ། ལག་

ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་རྟོག་པ་དྲུག་པ་ཞེས་བྱ་བ་སློབ་དཔོན་གུ་ཡ་རཱུ་པའི་ཞལ་སྔ་ནས་བསྒྱུར་བ་མཁའ་འགྲོའི་གླིང་ནས་དུམ་བུ་བརྒྱད་དུ་ལེགས་པར་བྲིས་པ། དེའི་བཤད་རྒྱུད་འབུམ་ཕྲག་ཕྱེད་དང་སུམ་སྟོང་ལས་ཕྱུང་བ་འདི་རྒྱུད་དུ་འདོད་དོ། །དེ་ཁོ་ན་ཉིད་

སྒྲོན་མ་ཞེས་བྱ་བ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཐམས་ཅད་རྫོགས་པའི་རྒྱན་དགེ་སློང་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་གུ་རུ་པདྨ་འབྱུང་གནས་དང༌། ལོ་ཙཱ་བ་གླང་དཔལ་གྱི་སེང་གེའི་འགྱུར། སླད་ཀྱིས་ཀྱང་པཎྜི་ཏ་དེས་རྒྱ་གར་ནས་སྒྲ་རང་འགྱུར་དུ་བསྒྱུར་རོ། །འཕགས་པ་ལག་ན་རྡོ་རྗེ་

གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག །སྔགས་ཀྱི་རྒྱན་གྱི་སྒྲུབ་ཐབས། རབ་གནས་ཀྱི་རྒྱན་རྣམས་དགེ་སློང་ནཱ་གཱརྫུ་ནས་མཛད་པ། གཏོར་མའི་རྒྱན་དགེ་སློང་ཀླུའི་བྱང་ཆུབ་ཀྱིས་མཛད་པ། དམ་ཚིག་གི་རྒྱན། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་དགེ་སློང་ཀླུའི་བྱང་ཆུབ་

ཀྱིས་མཛད་པ། དེའི་འགྲེལ་པ་སྔགས་ཀྱི་རྒྱན་གྱི་འགྲེལ་པ་དང༌། དམ་ཚིག་གི་རྒྱན་གྱི་རྣམ་པར་བཤད་པ་སློབ་དཔོན་མཆོག་རབ་ཀྱིས་མཛད་པ། ཟངས་དཀར་ཚུལ་ཁྲིམས་གཞོན་ནུའི་འགྱུར། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པ་ཀླུ་སྒྲུབ་

སྙིང་པོ་ཞེས་ཀྱང་བྱ། སློབ་དཔོན་ཀླུའི་བྱང་ཆུབ་ཅེས་བྱ་བས་མཛད་པ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པའི་འགྲེལ་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ། དེ་ཁོ་ན་ཉིད་སྒྲོན་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་པ་དང༌། དེ་ཁོ་ན་

ཉིད་ཀྱི་སྒྲོན་མ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་དཔའ་བོས་བྱིན་གྱིས་མཛད་པ་རྣམས་བཞུགས་སོ། །ཕྱག་ན་རྡོ་རྗེ་རྣལ་འབྱོར་ཆེན་པོར་བཀྲལ་བའི་སྐོར་འདི་ལ་ཐེ་ཚོམ་ཟ་བའི་གཞི་མང་དུ་སྣང་ཡང་བོད་ན་གྲགས་པ་ཅན་དུ་འདུག་པས་བྲིས་སོ་ཞེས་བུ་སྟོན་གྱིས་གསུངས་སོ། །འཁོར་ཆེན་

เล่ม ๒๑๓ · หน้า 386a

གཏུམ་པོ་བེ་ཅོན་ལ་སོགས་པ། །ཕྱག་ན་རྡོ་རྗེ་རྣལ་འབྱོར་བླ་མེད་དུ། །དགོངས་པ་བཀྲལ་བའི་རྒྱུད་འགྲེལ་སྒྲུབ་སྐོར་སོགས། །བཅུ་ཕྲག་བདུན་ལ་གཅིག་གིས་སྤྲས་པ་བཞུགས། །དེ་དག་གིས་ནི་ཕྱག་ན་རྡོ་རྗེ་རྣལ་འབྱོར་བླ་མེད་དུ་བཀྲལ་བའི་ཆོས་

སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་ཐབས་ཀྱི་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་དང༌། ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཀྱི་སོ་སོའི་བསྟན་བཅོས་རྣམས་བཀོད་ནས། ད་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྤྱིའི་དགོངས་འགྲེལ་གྱི་སྐོར་ལ། ཝི་པ་ལ། རྒྱུད་མ་

ལུས་པའི་དོན་ངེས་པར་སྐུལ་བར་བྱེད་པ་དཔལ་གསང་བ་གྲུབ་པ་ཞེས་བྱ་བ་ལྷ་དང་ལྷ་མ་ཡིན་ལ་སོགས་པ་མ་ལུས་པས་ཞབས་ཟུང་པདྨར་མེ་ཏོག་གི་ཕྲེང་བས་མཆོད་པ་གྲུབ་ཐོབ་ཆེན་པོ་པདྨ་བཛྲས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་

བའི་འགྱུར། ཐབས་དང་ཤེས་རབ་རྣམ་པར་གཏན་ལ་དབབ་པ་གྲུབ་པ་སློབ་དཔོན་པདྨ་བཛྲའི་སློབ་མ་སློབ་དཔོན་ཆེན་པོ་ཡན་ལག་མེད་པའི་རྡོ་རྗེས་མཛད་པ། པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། གཞུང་དེ་གཉིས་ལ་བརྟན་ནས་སློབ་དཔོན་

དེའི་སློབ་མ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པའི་ཡེ་ཤེས་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བ། སླད་ཀྱིས་ནག་ཚོས་ཀྱང་བཅོས་པའོ། །གཞུང་དེ་རྣམས་ལ་བརྟེན་ནས་སློབ་དཔོན་དེའི་སློབ་མ་བཅོམ་

ལྡན་འདས་མ་ལཀྵྨཱི་ཀ་རས་མཛད་པའི་གཉིས་སུ་མེད་པར་གྲུབ་པའི་སྒྲུབ་ཐབས། གཞུང་དེ་རྣམས་ལ་བརྟེན་ནས་ལྕམ་གྱི་སློབ་མ་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་དངོས་པོ་གསལ་(*མ་བྱུང༌།)བ་གྲུབ་པ། དཔལ་ཨོ་རྒྱན་ནས་བྱུང་བ་གསང་བའི་གསང་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མན་ངག་སློབ་

དཔོན་སྒེག་པའི་རྡོ་རྗེའི་སློབ་མ་སློབ་དཔོན་ཆེན་པོ་དཱ་རི་ཀ་པས་མཛད་པ། སློབ་དཔོན་དེའི་སློབ་མ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་ཙི་ཏོས་མཛད་པའི་དངོས་པོ་གསལ་བའི་རྗེས་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པ་པཎྜི་ཏ་ཞི་བ་བཟང་པོ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར།

เล่ม ๒๑๓ · หน้า 386b

དཔལ་ལྷན་ཅིག་སྐྱེས་པ་གྲུབ་པ་ཞེས་བྱ་བ་སྒེག་པ་རྡོ་རྗེའི་སློབ་མ་སློབ་དཔོན་ཆེན་པོ་དཔལ་ཌོམྦི་ཧེ་རུ་ཀས་མཛད་པ་དེ་རྣམས་ལ་གྲུབ་པ་སྡེ་བརྒྱད་ཅེས་གྲག་གོ །རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧ་པ་ཆེན་པོས་མཛད་པའི་དོ་ཧ་མཛོད་ཅེས་བྱ་བའི་གླུ་དེ་ཁོ་ན་ཉིད་རྣལ་དུ་མཚོན་པ་དོན་

དམ་པའི་ཡི་གེ ཕྱག་རྒྱ་བཞི་གཏན་ལ་དབབ་པ་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པ། བླ་མ་དྷི་རི་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། འདི་མན་ངག་སྙེ་མ་ལ་སོགས་པར་སློབ་དཔོན་ཀླུ་སྒྲུབ་ཀྱིས་བྱས་པ་མ་ཡིན་ཏེ། སོ་སོའི་སྐྱེ་བོ་མན་ངག་མི་ཤེས་

པ་ཁ་ཅིག་གིས་བྱས་སོ་ཞེས་བཤད་མོད་ཀྱི་འོན་ཀྱང་རྒྱ་གར་མ་ཡིན་ཅིང་བོད་ལ་གྲགས་པ་གཙོར་བྱས་ནས་བྲིས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཨཱརྻ་དེ་ཝ་ལ་བཤད་ཅིང༌། དེས་སེམས་ཀྱི་སྒྲིབ་སྦྱོང་མཛད་དེ་བྲིས་སོ། །ཤེས་རབ་ཡེ་ཤེས་གསལ་བ་ཞེས་བྱ་བ་མཁས་པ་ཆེན་

པོ་དེ་ཝ་ཙནྡྲས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་དྷརྨ་ཀཱིརྟིའི་འགྱུར། གནས་པ་བསྡུས་པ་སློབ་དཔོན་ཆེན་པོ་དཔལ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ། བླ་མ་དྷི་རི་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར་ལ། ཕྱིས་བར་སྟོན་གྱིས་ཞུས་ནས་བླ་མ་རྒྱ་

གར་བ་དང༌། མཚུར་ལོ་ཙཱ་བས་དཔེ་ཕྱི་མོ་ལ་གཏུགས་ཏེ་གཏན་ལ་ཕབ་པ། བསམ་གྱིས་མི་ཁྱབ་པའི་རིམ་པའི་མན་ངག་ཅེས་བྱ་བ་ཕྱག་རྒྱ་ཆེན་པོ་ཐོབ་པའི་སློབ་དཔོན་ཏོག་ཙེ་པས་མཛད་པ། པཎྜི་ཏ་བདེ་བའི་མྱུ་གུ་དང༌། ལོ་ཙཱ་བ་འགོས་ཀྱི་འགྱུར་ཏེ། དེ་ལྟར་ལྔ་དང༌། སེམས་ཀྱི་སྒྲིབ་(*མ་བྱུང༌།)སྦྱོང་

དང་བཅས་པའི་དྲུག་པོ་དེ་ལ་སྙིང་པོའི་སྐོར་ཞེས་གྲགས་སོ། །ཐ་དད་དུ་ཆོས་སྤྱོད་ཡོད་པར་སྟོན་པ་ལྟ་བ་ངན་པ་སེལ་བ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་ངེས་པར་སྦྱངས་པ་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བླ་མ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་མཚུར་སྟོན་ཡེ་

ཤེས་འབྱུང་གནས་ཀྱི་འགྱུར། སྔགས་ཀྱི་ལྟ་བ་སྟོན་པ་དབུ་མ་དྲུག་པ་སློབ་དཔོན་མཁས་པ་མཻ་ཏྲིས་མཛད་པ། བླ་མ་བཛྲ་པཱ་ཎི་དང༌། ནག་ཚོའི་འགྱུར། ལྟ་བ་ངན་པ་སེལ་བའི་དཀའ་འགྲེལ་དཔལ་ལྡན་ངེས་པར་སྦྱངས་པ་གཉིས་སུ་མེད་པས་མཛད་པ་དང༌། སྔགས་ཀྱི་སྤྱོད་པ་

เล่ม ๒๑๓ · หน้า 387a

སྟོན་པ་ལྷན་སྐྱེས་དྲུག་པ་བླ་མ་མཻ་ཏྲི་པས་མཛད་པ། བླ་མ་བཛྲ་པཱ་ཎི་དང༌། མཚུར་གྱི་འགྱུར། ལྟ་བ་དཔེས་སྟོན་པ་རྨི་ལམ་ངེས་པར་བསྟན་པ། སྤྱོད་པ་དཔེས་སྟོན་པ་སྒྱུ་མ་ངེས་པར་བསྟན་པ་ཞེས་བྱ་བ། ལྟ་བའི་དོན་ལ་འབེབས་པའི་རབ་ཏུ་མི་གནས་པར་གསལ་

བར་སྟོན་པ་ཞེས་བྱ་བ་རྣམས་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། ནག་ཚོ་ཚུལ་རྒྱལ་གྱི་འགྱུར། སྤྱོད་པ་གཏན་ལ་འབེབས་པ་དེ་ཁོ་ན་ཉིད་བཅུ་པ་ཞེས་བྱ་བ་སློབ་དཔོན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། བླ་མ་ཕྱག་ན་དང་མཚུར་གྱི་འགྱུར་ལ། ཕྱིས་ལོ་ཙཱ་བ་ཚུལ་

ཁྲིམས་རྒྱལ་བས་བཅོས་པ། ཐབས་ཤེས་རབ་དབྱེར་མེད་དུ་སྟོན་པ་ཟུང་དུ་འཇུག་པ་རབ་ཏུ་གསལ་བར་སྟོན་པ་ཞེས་བྱ་བ་སློབ་དཔོན་ཨ་ཝ་དྷཱུ་ཏཱིས་མཛད་པ། བཛྲ་པཱ་ཎི་དང༌། ནག་ཚོ་ཚུལ་རྒྱལ་གྱི་འགྱུར། སྣང་སྟོང་དབྱེར་མེད་དུ་སྟོན་པ་དགའ་གཅུགས་ལྔ་པ་སློབ་དཔོན་མཻ་ཏྲི་པས་མཛད་པ། འཁོར་

འདས་གཉིས་མེད་དུ་སྟོན་པ་མི་ཕྱེད་པ་ལྔ་པ་སློབ་དཔོན་མཻ་ཏྲི་པས་མཛད་པ། བདེན་གཉིས་ཐ་མི་དད་དུ་སྟོན་པའི་བདེ་བ་ཆེན་པོ་གསལ་བ་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྣམས་བླ་མ་བཛྲ་པཱ་ཎི་དང་རྨ་བན་ཆོས་འབར་གྱི་འགྱུར། ཐེག་པ་ཐུན་མོང་གི་ལྟ་བ་

སྟོན་པ་དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཨ་བ་དྷཱུ་ཏཱི་པ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། བཛྲ་པཱ་ཎི་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། གང་ཟག་གསུམ་གྱི་རྟོགས་ཐབས་སྟོན་པ་དེ་ཁོ་ན་ཉིད་རབ་ཏུ་བསྟན་པ་ཞེས་བྱ་བ་དང༌། ལྷའི་རྣལ་འབྱོར་གཏན་ལ་

འབེབས་པ་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཕྱག་ན་རྡོ་རྗེ་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། དབང་གི་དགོས་པ་མདོར་བསྡུས་པ། དབང་གི་བྱ་བ་མདོར་བསྡུས་པ། རང་བཞིན་ལྔ་པ། ཐབས་དང་ཤེས་རབ་བརྩེ་བ་

ལྔ་པ་རྣམས་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་མཚུར་ཛྙཱ་ན་ཨཱ་ཀ་རའི་འགྱུར། འདི་ཨཱ་མ་ནས་ཀྱི་སྐོར་དུ་མི་བགྲང་བར་སྣང༌། དོ་ཧ་ཏི་ཞེས་བྱ་བ་དེ་ཁོ་ན་ཉིད་ཀྱི་མན་ངག་ཨ་ཝ་དྷཱུ་ཏཱི་པས་མཛད་པ། རྗེ་བཙུན་དྷི་རི་ཤྲཱི་ཛྙཱ་ནའི་རང་འགྱུར།

เล่ม ๒๑๓ · หน้า 387b

གང་ཟག་གསུམ་གྱི་སྒོམ་ཐབས་སྟོན་པ་ཐེག་པ་ཆེན་པོ་ཉི་ཤུ་པ་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཝཱ་ཀ་ར་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། ཡིད་ལ་མི་བྱེད་པའི་སྒྲ་ལ་རྩོད་པ་སྤོང་བ་ཡིད་ལ་མི་བྱེད་པ་སྟོན་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་

གཉིས་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་གཉན་ཆུང་གི་འགྱུར། མཐའ་བྲལ་རྟོགས་པའི་ཤེས་རབ་སྟོན་པ་དེ་ཁོ་ན་ཉིད་ཐེག་པ་ཆེན་པོ་ཉི་ཤུ་པ་ཨ་ཝ་དྷཱུ་ཏཱི་པ་གཉིས་མེད་རྡོ་རྗེས་མཛད་པ། རྗེ་བཙུན་དྷི་རི་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། ལོ་ཙཱ་བ་སེང་དཀར་ཤཱཀྱ་འོད་

ཀྱི་འགྱུར། ཤེས་པ་སྤྲོ་བསྡུ་མེད་པར་འཇོག་པའི་མན་ངག་གསང་བ་དམ་པ་འདི་གཞན་རྣམ་གྲངས་སུ་མི་བགྲང་བར་སྣང༌། དབང་གི་ཁྱད་པར་གཏན་ལ་འབེབས་པ་དབང་བསྐུར་བ་ངེས་པར་བསྟན་པ་ཞེས་བྱ་བ་སློབ་དཔོན་རྒྱལ་བ་མཻ་ཏྲི་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དང་

ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཆོས་སྣ་ཉི་ཤུ་རྩ་གཉིས་པོ་དེ་མངའ་བདག་མཻ་ཏྲི་དང༌། མཚན་གྱི་རྣམ་གྲངས་གཉིས་མེད་རྡོ་རྗེ་ཞེས་ཀྱང་བྱ། ཨ་ཝ་དྷཱུ་ཏཱི་པ་ཞེས་ཀྱང་བྱ་བས་མཛད་པའོ། །དེའི་རྗེས་སུ་འབྲང་བ་བཀས་བསྐུར་བའི་ཆོས་བཞི་ལ། དབང་བསྐུར་བ་ངེས་

པར་བསྟན་པའི་དཀའ་འགྲེལ་སློབ་དཔོན་དགའ་བ་སྐྱོང་གིས་མཛད་པ། པཎྜི་ཏ་ས་མནྟ་བྷ་དྲ་དང༌། ལོ་ཙཱ་བ་ནག་ཚོའི་འགྱུར། དེ་ཁོ་ན་ཉིད་བཅུ་པའི་རྒྱ་ཆེར་འགྲེལ་པ་པཎྜི་ཏ་ཆེན་པོ་སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་ལས་མཉན་ཏེ། སླད་ཀྱིས་པཎྜི་

ཏ་ཀ་ལྱཱ་ན་ཝརྨ་དང༌། ལོ་ཙཱ་བ་དགེ་སློང་ཛྙཱ་ན་ཨཱ་ཀ་ར་མཚུར་གྱི་འགྱུར། རྡོ་རྗེའི་ཚིག་ཅེས་བྱ་བ་རྡོ་རྗེ་སློབ་དཔོན་བཛྲ་པཱ་ཎིས་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་མཚུར་སྟོན་དགེ་སློང་ཛྙཱ་ན་ཨཱ་ཀ་རའི་འགྱུར། པཎྜི་ཏ་བཛྲ་པཱ་ཎིས་མཛད་པའི་ལྟ་བ་

ངན་སེལ་གྱི་དྲན་པ་ནི་མ་རྙེད་དེ། དེ་ལྟར་ཆོས་སྣ་ཉི་ཤུ་རྩ་དྲུག་ལ་ཨ་མ་ན་སེ་ཀ་རའི་སྐོར་ཞེས་གྲགས་སོ། །འདིའི་གསང་བ་གྲུབ་པ་གསང་འདུས་ཀྱི་དོན་འགྲེལ་ཡིན་པས་དེའི་ཕྱོགས་སུ་རིགས་ཀྱང༌། བོད་ན་གྲུབ་རྙིང་ཨ་མ་ན་སེའི་སྐོར་ཞེས་བཤད་བཀའ་དང༌། མན་ངག་གི་བཀའ་

เล่ม ๒๑๓ · หน้า 388a

ཕྱོགས་གཅིག་ཏུ་ཡོད་པས་འདིར་ལྷན་ཅིག་ཏུ་བྲིས་སོ། །ད་ནི་དེ་དག་གི་འགྲེལ་པའི་སྐོར་ལ། དོ་ཧ་མཛོད་ཀྱི་དཀའ་འགྲེལ་སློབ་དཔོན་ཆེན་པོ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ཀོ་ས་ལར་སྐུ་འཁྲུངས་པའི་རྣལ་འབྱོར་པ་ཆེན་པོ་ཤྲཱི་བཻ་

རོ་ཙ་ན་བཛྲའི་རང་འགྱུར། མི་ཟད་པའི་གཏེར་མཛོད་ཡོངས་སུ་གང་བའི་གླུ་ཞེས་བྱ་བ་གཉུག་མའི་དེ་ཉིད་རབ་ཏུ་བསྟན་པའི་རྒྱ་ཆེར་བཤད་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧ་པའི་དགོངས་པ་མཁས་པར་གྲགས་པ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། རྣལ་འབྱོར་པ་བསོད་

སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། དོ་ཧ་མཛོད་ཀྱི་བཀའ་འགྲེལ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཐར་པའི་འབྱུང་གནས་སྦས་པས་མཛད་པ། རྒྱ་གར་གྱི་མཁན་པོ་རྒྱལ་བའི་ལྷ་དང༌། རྒྱ་ལོ་ཙཱའི་འགྱུར། ཕྱག་རྒྱ་བཞིའི་རྒྱ་ཆེར་འགྲེལ་པ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བ། རྒྱ་གར་

གྱི་མཁན་པོ་མཁས་པར་གྲགས་པ་བླ་མ་བི་ཏ་ཀརྨས་མཛད་པ། རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར་རྣམས་བཞུགས་སོ། །དཱ་རི་ཀ་པས་མཛད་པའི་གྲུབ་མཐའ་བདུན་པ། (*མ་བྱུང༌།) རྒྱ་གར་གྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་དང༌། རྩེས་ཐང་ལོ་ཙཱའི་འགྱུར།

དབང་བཞི་པའི་རབ་ཏུ་(*མ་བྱུང༌།)བྱེད་པ་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱིས་མཛད་པ། བྱམས་པ་གླིང་པའི་འགྱུར་རྣམས་བཞུགས་སོ།། །།ཞི་པ་ལ། ལྷན་ཅིག་སྐྱེས་གྲུབ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། རྒྱ་གར་གྱི་མཁན་པོ་ཟླ་བ་མགོན་པོ་དང༌། བོད་ཀྱི་ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་འགྱུར། ལྷན་

ཅིག་སྐྱེས་གྲུབ་ཀྱི་གཞུང་འགྲེལ་ཞེས་བྱ་བ་ལྷ་ལྕམ་རྗེ་བཙུན་མ་དཔལ་མོས་མཛད་པ། རྒྱ་གར་གྱི་མཁན་པོ་མ་ནཱ་བི་ཧ་ར་ལ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་པྲཛྙཱ་ཀཱིརྟིའི་རང་འགྱུར། དཔལ་དེ་ཁོ་ན་ཉིད་གྲུབ་པ་སློབ་དཔོན་ཆེན་པོ་ཀེ་ར་ལི་པས་མཛད་པ། འདི་

གསུམ་ཁ་ཅིག་གྲུབ་པའི་ཆོས་སྐོར་དུ་གཏོགས་པར་འདོད་དོ། །ད་ནི་དེ་དག་དང་ཕྱོགས་མཐུན་པ་ཕྱག་རྒྱ་ཆེན་པོ་སྟོན་པའི་གཞུང་དོ་ཧ་ལ་སོགས་པའི་སྐོར་ལ། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ་དང༌། མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་

เล่ม ๒๑๓ · หน้า 388b

ཕྱུག་དཔལ་བྲམ་ཟེ་ཆེན་པོ་ས་ར་ཧ་པས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། བླ་མ་ཨ་སུས་ཞུས་པ། འདི་གཉིས་རྒྱལ་པོ་དོ་ཧ་དང་བཙུན་མོ་དོ་ཧར་གྲགས་ཤིང༌། བྲམ་ཟེ་ཆེན་པོས་མཛད་མ་མཛད་ཐེ་ཚོམ་གྱི་གཞིའོ། །དམངས་དོ་ཧ་དང༌། བཙུན་མོ་དོ་ཧ་དང༌།

རྒྱལ་པོ་དོ་ཧ་དང༌། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུའི་འགྲེལ་པ་དོན་གྱི་སྒྲོན་མ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བལ་པོ་སྐྱེ་མེད་བདེ་ཆེན་གྱིས་མཛད་པ། དེ་ཉིད་ཀྱི་རང་འགྱུར་དུ་གཏན་ལ་ཕབ་པ། གསལ་བྱེད་སུམ་ཅུ་རྩ་བཞི་ལ་སྦྱར་ཏེ་སྟོན་པ་ཀ་ཁའི་དོ་ཧ་ཞེས་བྱ་བ་དང༌། དེའི་

རང་འགྲེལ་ཀ་ཁའི་དོ་ཧའི་བཤད་པ་བྲིས་པ་རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུ་དཔལ་ས་ར་ཧས་མཛད་པ། རྒྱ་གར་ལྷོ་ཕྱོགས་ཡུལ་ཀོ་ས་ལར་འཁྲུངས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་བཻ་རོ་ཙ་ན་བཛྲའི་རང་འགྱུར། དོ་ཧ་མཛོད་ཀྱི་སྙིང་པོ་དོན་གྱི་གླུའི་

འགྲེལ་པ་ཞེས་བྱ་བ་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ། དོ་ཧ་སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ། གསུང་གི་མཛོད་འཇམ་དབྱངས་རྡོ་རྗེའི་གླུ། ཐུགས་ཀྱི་མཛོད་སྐྱེ་མེད་རྡོ་རྗེའི་གླུ། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་རྣམས་སངས་རྒྱས་གཉིས་པ་ལྟར་

གྲགས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧ་པའི་ཞལ་སྔ་ནས་གསུངས་པ། བླ་མ་ནག་པོ་པའི་རང་འགྱུར། དོ་ཧ་མཛོད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོའི་མན་ངག་དཔལ་རི་ཁྲོད་པ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་མཛད་པ། ཤྲཱི་བཻ་རོ་ཙ་ན་རཀྵི་ཏའི་རང་འགྱུར། དེ་རྣམས་ལྔ་

པོ་བྲམ་ཟེར་ཆེན་པོ་ས་ར་ཧ་པས་མཛད་པའོ། །མན་ངག་ཚིགས་སུ་བཅད་པ་བཅུ་གཉིས་པ་བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་སྔ་ནས་གསུངས་པ། རང་བྱིན་གྱིས་བརླབ་པའི་རིམ་པ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧ་པས་མཛད་པ། པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲ་དང༌། བོད་ཀྱི་

ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། དེ་ཁོ་ན་ཉིད་ཀྱི་མན་ངག་རྩེ་མོ་དོ་ཧའི་གླུ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧའི་ཞལ་སྔ་ནས་གསུངས་པ། ཀྲྀཥྞ་པཎྜི་ཏའི་རང་འགྱུར་དུ་མཛད་པ། དངོས་པོ་སྦྱོང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་

เล่ม ๒๑๓ · หน้า 389a

སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཚིགས་སུ་བཅད་པ་ཕྱེད་དང་ལྔ་པའི་འགྲེལ་པ། རྣམ་པར་མི་རྟོག་པའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཨཱརྻ་དེ་ཝས་

མཛད་པ། པཎྜི་ཏ་ཆེན་པོ་མ་ཧཱ་ཀཱ་རུ་ཎ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྨ་བན་ཆོས་འབར་གྱི་འགྱུར། དོ་ཧ་མཛོད་ཅེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་མཛད་པ། དོ་ཧ་མཛོད་སློབ་དཔོན་ཆེན་པོ་ཏིལླི་པས་མཛད་པ། བརྟུལ་ཞུགས་སྤྱོད་པའི་སློབ་དཔོན་ཆེན་པོ་ནག་པོས་

མཛད་པའི་ཚིགས་སུ་བཅད་པ་ལྔ་པ། དཔལ་བི་རཱུ་པས་མཛད་པའི་ཚིག་རྐང་བརྒྱད་ཅུ་རྩ་བཞི་པ་རྣམས་ཡུལ་ལྷོ་ཕྱོགས་ཀོ་ས་ལར་སྐུ་འཁྲུངས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་བཻ་རོ་ཙ་ན་བཛྲའི་རང་འགྱུར། ལམ་འབྲས་བུ་དང་བཅས་པའི་རྩ་བ་རྡོ་རྗེའི་ཚིག་རྐང་དང༌། བདུད་

རྩི་གྲུབ་པའི་རྩ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་བི་རཱུ་པས་མཛད་པ། རྒྱ་གར་གྱི་མཁན་པོ་རྣལ་འབྱོར་པ་ལས་གྲུབ་པ་ཐོབ་པའི་རྒྱ་གར་ཨེ་ན་དེ་ཝའི་འགྱུར། མཁའ་འགྲོ་མའི་མན་ངག་སྙན་ནས་སྙན་དུ་བརྒྱུད་པ་གདུང་བ་བཅད་པའི་གདམས་ངག་ཅེས་བྱ་བ་སྤྲུལ་པའི་རྣལ་འབྱོར་པས་

གཞུང་དུ་བཀོད་པ། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ་བརྡ་བརྒྱུད་གསང་བའི་སྒྲོན་མ་དཔལ་ཤ་བ་རི་དབང་ཕྱུག་དང༌། མཁའ་འགྲོ་མ་ཡེ་ཤེས་ཀྱི་སྤྱན་མ་དང༌། པདྨའི་སྤྱན་གཉིས་རྣམས་ཀྱིས་སྙིང་པོའི་དོན་མགུར་དུ་བཞེས་པ། སློབ་དཔོན་ཆེན་པོ་ནཱ་རོ་པའི་རྡོ་རྗེའི་གླུ། མ་ཧཱ་ཡོ་

ག་ནཱ་རོ་པའི་རྡོ་རྗེའི་གླུ། ཡང་རྡོ་རྗེའི་གླུ། སློབ་དཔོན་ནག་པོ་ཞབས་ཀྱི་རྡོ་རྗེའི་གླུ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོག་པའི་སྙིང་པོ་ཞེས་བྱ་བ་སློབ་དཔོན་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡུས་པ་དང༌། སྤྱོད་པའི་གླུའི་མཛོད་གྲུབ་པ་རྣམས་ཀྱི་རྡོ་རྗེའི་གླུ་

དེ་ཁོ་ན་ཉིད་གསལ་བར་ཤེས་པའི་སྐྱེ་བོ་རྣམས་ལ་སློབ་དཔོན་ཐུབ་པས་བྱིན་གྱིས་འགྲེལ་པ་མཛད་པ་ལ། རྡོ་རྗེའི་གླུ་འགྲེལ་པ་དང་བཅས་པ་པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲའི་ཞལ་སྔ་ནས་གདམས་པ་དང་བཅས་པ་ཞུས་ཤིང༌། ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པ་ཁུ་དབོན་རྣམས་ཀྱི་

เล่ม ๒๑๓ · หน้า 389b

སྐུ་དྲིན་ལ་བརྟེན་ནས་བལ་ཡུལ་ཡམ་བུའི་གྲོང་ཁྱེར་དུ་བོད་ཀྱི་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། དངོས་པོའི་གནས་ལུགས་བསྒོམ་པ་ཞེས་བྱ་བ་ནོར་བུ་གླིང་པའི་སློབ་དཔོན་བདེ་བའི་རྡོ་རྗེས་མཛད་པ། ཕྱག་རྒྱ་བཞིའི་མན་ངག་ཅེས་བྱ་བ་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་

པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྟོན་པའི་དེ་ཁོ་ན་ཉིད་ཚིགས་སུ་བཅད་པ་ཕྱེད་ཀྱི་འགྲེལ་པ་དཔལ་ཨ་ཝ་དྷཱུ་ཏཱིའི་ཞབས་ཀྱིས་མཛད་པ། མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་

བྱ་བ་སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པ་དང༌། སྙིང་པོ་ཀུན་ལས་བཏུས་པའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཤྲཱི་ཨཱ་ནནྡ་བཛྲས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང༌། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། སངས་རྒྱས་འཆར་བ་(*མ་བྱུང༌།)ཞེས་བྱ་བ་སློབ་དཔོན་ལཱུ་ཧི་

པའི་ཞབས་ཀྱིས་མཛད་པ། པཎྜི་ཏ་ནགས་ཀྱི་རིན་ཆེན་དང༌། བྱམས་པ་གླིང་པའི་འགྱུར། བསྒོམ་རིམ་དྲུག་པ་ཞེས་བྱ་བ་སངས་རྒྱས་གཉིས་པ་ལྟར་གྲགས་པའི་བཛྲ་པཱ་ཎིས་མཛད་པ། དེ་ཉིད་དང༌། ནག་ཚོའི་འགྱུར། ན་མོ་བུདྡྷཱ་ཡའི་འགྲེལ་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སློབ་དཔོན་

ནག་པོ་རྡོ་རྗེས་མཛད་པའི་དོ་ཧ་མཛོད་ཅེས་བྱ་བ་དང༌། དཔལ་ནག་པོ་རྡོ་རྗེ་ཞབས་ཀྱི་དོ་ཧ་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་པཎྜི་ཏ་འོད་དཔག་མེད་ཀྱིས་མཛད་པ། ཤྲཱི་བཻ་རོ་ཙ་ན་བཛྲའི་རང་འགྱུར། ཕྱག་རྒྱ་ཆེན་པོའི་མན་ངག་ཏིལླི་པས་ནཱ་རོ་པ་ལ་ཆུ་བོ་གངྒཱའི་འགྲམ་དུ་གསུངས་པ། རྗེ་ནཱ་རོའི་ལྟ་བ་མདོར་བསྡུས་པ་

ཞེས་བྱ་བ་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་གོ་རི་ཤར་བའི་རྒྱལ་པོའི་ཁབ་ཏུ་རྣལ་འབྱོར་པ་ལ་གདམས་པ་དང༌། མཐུ་ཆེན་ལ་གདམས་པ་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་གྱད་ཀྱི་ནོར་བུའི་གྲོང་

དུ་གདམས་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་དང༌། གླུ་མཁན་ལ་གདམས་པ་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་འདུས་པ་རིན་པོ་ཆེའི་ཚོང་དུས་སུ་གདམས་པ་རོལ་མོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་དང༌། མུ་སྟེགས་ལ་གདམས་པ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་

เล่ม ๒๑๓ · หน้า 390a

པོ་ཏིལླི་པས་རྒྱལ་པོ་སེང་གྲགས་སེང་གེའི་སྒོ་དྲུང་དུ་གདམས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་དང༌། ཤན་པ་ལ་གདམས་པ་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་རིགས་ངན་གཏུམ་མོའི་གྲོང་ཁྱེར་དུ་གསོད་པའི་སྦྱར་བ་བསམ་གྱིས་མི་

ཁྱབ་པ་ཞེས་བྱ་བ་དང༌། རིག་བྱེད་མཁན་ལ་གདམས་པ་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་གྲོང་ཁྱེར་པདྨ་ཅན་དུ་གདམས་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་དང༌། སྒྱུ་མ་མཁན་ལ་གདམས་པ་རྣལ་འབྱོར་གི་དབང་ཕྱུག་ཏིལླི་པས་གྲོང་ཁྱེར་གྲགས་པ་སྐྱོང་དུ་གདམས་

པ་དངོས་པོ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་དང༌། སྨད་འཚོང་ལ་གདམས་པ་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་སྒྱུ་མ་སྤྲུལ་པའི་གྲོང་ཁྱེར་དུ་གདམས་པ་བསམ་གྱིས་མི་ཁྱབ་པ་བདེ་བ་ཆེན་པོ་ཞེས་བྱ་བ་སྟེ་ཏིལླི་པའི་ཆོས་བརྒྱད་དོ། །འཁོར་བ་ལས་ཡིད་ངེས་པར་འབྱུང་

བར་བྱེད་པ་ཞེས་བྱ་བའི་གླུ་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རྒྱ་བརྩོན་སེང་གེས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བ། སླད་ནས་བླ་མ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བཅོས་

པ། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་སློབ་དཔོན་ཆེན་པོ་དཱི་པཾ་ཀ་རས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཞི་བྱེད་ཀྱི་མན་ངག་སྒྲོན་མ་དགུ་སྐོར་ལ། མན་ངག་སྐུའི་སྒྲོན་མ་ཞེས་བྱ་བ་དང༌། ཐེག་པ་

གསུང་གི་སྒྲོན་མ་ཞེས་བྱ་བ་དང༌། ཡང་དག་ལྟ་བའི་སྒྲོན་མ་ཞེས་བྱ་བ་དང༌། རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་དང༌། མཉམ་ཉིད་གཞིའི་སྒྲོན་མ་ཞེས་བྱ་བ་དང༌། མཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱ་བ་དང༌། བྱང་ཆུབ་སྤྱོད་པའི་སྒྲོན་མ་ཞེས་བྱ་བ་དང༌། རྣལ་འབྱོར་ལམ་གྱི་སྒྲོན་མ་ཞེས་བྱ་

བ་དང༌། གསང་བ་ཐུགས་ཀྱི་སྒྲོན་མ་ཞེས་བྱ་བ་དང༌། མཎྜལ་གྱི་ཆོ་ག་ཞེས་བྱ་བ་དང༌། དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་མན་ངག་རྣམས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གུ་ཧྱ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བླ་མ་ཨང་

เล่ม ๒๑๓ · หน้า 390b

ལོ་བཙུན་ཆུང་གི་འགྱུར་རོ། །བསྐྱེད་རིམ་གྱི་སྐོར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། འཇམ་དཔལ་ཁྲོ་བོར་སྒྲུབ་པ་དེ་རྣམས་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་ཅིང༌། པཎྜི་

ཏ་ཛྙཱ་ན་གུ་ཧྱ་དང༌། ཨང་ལོ་ཙཱ་བའི་འགྱུར། ཆོས་དྲུག་མན་ངག་ཅེས་བྱ་བ་གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་མཛད་པ། རྒྱ་གར་གྱི་མཁས་པ་ནཱ་རོ་པཎྜི་ཏ་དང༌། མར་པ་ལྷོ་བྲག་པ་ཆོས་ཀྱི་བློ་གྲོས་ཀྱིས་ཁ་ཆེའི་གནས་པུཥྤ་ཧ་རིར་བསྒྱུར། བཀའ་ཡང་དག་པའི་ཚད་མ་ཞེས་

བྱ་བ་མཁའ་འགྲོ་མའི་མན་ངག་ཀ་དཔེ་དང་པོ་དང༌། ཀ་དཔེ་ཕྱི་མ་གཉིས་འགྱུར་བྱང་མེད་པ། རིམ་པ་ལྔ་བསྡུས་པ་གསལ་བ་ཞེས་བྱ་བ་དཔལ་ནཱ་རོ་པས་མཛད་པ། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། གོ་བར་བྱེད་པའི་སྙིང་པོ་བརྒྱ་པ་ཞེས་

བྱ་བ་སློབ་དཔོན་ཆེན་པོ་ཨཱརྻ་དེ་ཝས་མཛད་པ།གོ་བར་བྱེད་པའི་སྙིང་པོ་བརྒྱ་པ་རྣམ་པར་བཤད་པ་ཞེས་བྱ་བ་དཔལ་ཧེ་རུ་ཀ་དེ་ཝའི་ཞལ་སྔ་ནས་མཛད་པ། ཚེ་སྒྲུབ་པའི་ཐབས་རྣམས་རྒྱ་གར་ཤར་ཕྱོགས་སཏྣ་ག་རའི་པཎྜི་ཏ་ཆེན་པོ་དཔལ་ནགས་ཀྱི་རིན་ཆེན་གྱི་སྤྱན་སྔར། དགེ་

སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་བསྒྱུར། དཔལ་འཁོར་ལོ་སྡོམ་པའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་ཡིད་བཞིན་ནོར་བུ་ཞེས་བྱ་བ་མཁའ་འགྲོ་མའི་གསང་ཚིག་ཏིལླི་པས་བཀོད་པ་དང༌། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་མཁས་པ་ནཱ་རོ་པས་མཛད་པ། མཁས་པ་ནཱ་རོ་

པཎ་ཆེན་དེ་ཉིད་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་གནས་ཆེན་དུ་བསྒྱུར། བདག་གི་རྣལ་འབྱོར་ཞེས་བྱ་བ་ཏོག་རྩེ་པའི་ཞབས་ཀྱིས་མཛད་པ། རྒྱ་གར་ཤར་ཕྱོགས་སཏྣ་ག་རའི་མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་སྤྱན་སྔར། དགེ་སློང་ཆོས་སྨྲ་བ་བསོད་ནམས་

རྒྱ་མཚོའི་སྡེས་བསྒྱུར་བ། ལས་ཐམས་ཅད་གྲུབ་པར་བྱེད་པ་ཞེས་བྱ་བ་ཙརྦ་ཊིའི་ཞབས་ཀྱིས་མཛད་པ། དགེ་སློང་རྒྱ་མཚོས་བསྒྱུར་བ་རྣམས་བཞུགས་སོ།། །།ཟི་པ་ལ། ལྷན་ཅིག་སྐྱེས་པའི་གླུ་རྣལ་འབྱོར་གྱི་དབང་ཕྱུག་ཤཱནྟི་དེ་ཝས་མཛད་པ། བླ་མ་དྷི་རི་ཤྲཱི་ཛྙཱ་

เล่ม ๒๑๓ · หน้า 391a

ན་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། རང་བཞིན་གྱི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ་ཞེས་བྱ་བ་སློབ་དཔོན་ལཱུ་ཧི་པས་མཛད་པ། རྣམ་རྟོག་སྤང་བའི་གླུ་ཞེས་བྱ་བ་སློབ་དཔོན་ལི་ལཱ་པས་མཛད་པ། ལས་ཀྱི་གཏུམ་མོའི་དོ་ཧ་མཛོད་ཀྱི་ཀླུ་ཞེས་བྱ་བ་

སློབ་དཔོན་བི་རཱུ་པས་མཛད་པ། ལྟ་བསྒོམ་སྤྱོད་པ་འབྲས་བུའི་དོ་ཧའི་གླུ་ཞེས་བྱ་བ་སློབ་དཔོན་ས་ར་ཧ་པས་མཛད་པ། དོ་ཧ་མཛོད་ཀྱི་དེ་ཉིད་ཀྱི་གླུ་ཞེས་བྱ་བ་སློབ་དཔོན་ཀ་ན་རི་ནས་བརྒྱུད་པ་ཐ་ག་ནས་མཛད་པ། སྤྱོད་པའི་དོ་ཧ་མཛོད་ཀྱི་གླུ་ཞེས་བྱ་བ་སློབ་དཔོན་ཀཱམ་བྷ་ལ་ནས་

བརྒྱུད་པ་སློབ་དཔོན་ཀོངྐ་ནས་མཛད་པ། ལྷན་ཅིག་སྐྱེས་དགའི་དོ་ཧ་མཛོད་ཀྱི་གླུའི་ལྟ་བ་ཞེས་བྱ་བ་སློབ་དཔོན་བྷ་དེས་མཛད་པ། བདེ་བར་གཤེགས་པའི་ལྟ་བའི་གླུ་ཞེས་བྱ་བ་སློབ་དཔོན་དཱ་མ་པས་མཛད་པ། རླུང་གི་དེ་ཉིད་ཀྱི་དོ་ཧའི་གླུ་ཞེས་བྱ་བ་སློབ་དཔོན་ནག་པོ་པ་ནས་བརྒྱུད་པ་སློབ་དཔོན་

མ་ཧི་པས་མཛད་པ། དཔྱིད་ཀྱི་ཐིག་ལེ་དོ་ཧ་མཛོད་ཀྱི་གླུ་ཞེས་བྱ་བ་སློབ་དཔོན་ནག་པོ་ནས་བརྒྱུད་པ་སློབ་དཔོན་ས་ར་ཧས་མཛད་པ། རྡོ་རྗེ་བཞིའི་གླུ་ཞེས་བྱ་བ་ཨ་ཝ་དྷཱུ་ཏཱི་གཉིས་མེད་རྡོ་རྗེས་མཛད་པ། བླ་མ་མཻ་ཏྲི་པའི་གླུ། ས་ར་ཧའི་གླུ། ཡང་ས་ར་ཧའི་གླུ། བི་རཱུ་

བྱེད་པའི་རྡོ་རྗེའི་གླུ། ཀཧྞ་པའི་གླུ། མི་གནས་པའི་དོན་ཐུགས་སུ་ཆུད་པ་བླ་མ་རྗེ་བཙུན་དྷིཥྚི་ཛྙཱ་ནས་མཛད་པ་རྡོ་རྗེའི་གླུ། ཡང་བླ་མ་དྷིཥྚི་ཛྙཱ་ནའི་ཞལ་སྔ་ནས་ཀྱི་གླུ། ཡང་གླུ་གཅིག གཎྜཱ་རིའི་གླུ། མ་ཏི་ཙི་ཊའི་གླུ། ཡང་གླུ་གཉིས། ཨཱ་ཙཱརྻ་དཔའ་

བོ་རྣམ་པར་སྣང་མཛད་ཀྱི་གླུ། ནཱ་རོ་པཎྜི་ཏའི་གླུ། ལཱུ་ཧི་པའི་གླུ། ཌོམྦི་པའི་གླུ། བི་རཱུ་པའི་གླུ། ལ་བ་པའི་གླུ། མ་ཧཱ་སུ་ཁ་ཏའི་གླུ། རྣལ་འབྱོར་པ་པྲ་ས་རའི་གླུ། ཀླུ་སྒྲུབ་ཀྱི་གླུ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཆོས་ཀྱི་གླུ། ཐིག་ལེ་བཅུ་དྲུག་གི་ཉམས་ལེན་ཞེས་བྱ་བ་སློབ་དཔོན་

ཀངྐ་ལི་པས་མཛད་པ། ཕྱི་ནང་བྱང་ཆུབ་ཀྱི་སེམས་བཅིང་བའི་མན་ངག་ཅེས་བྱ་བ་སློབ་དཔོན་བི་ནཱ་པས་མཛད་པ། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ་སློབ་དཔོན་གྷོ་ར་ཥས་མཛད་པ། རླུང་གི་དེ་ཉིད་བསྒོམ་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཙོ་རོང་གིས་མཛད་

เล่ม ๒๑๓ · หน้า 391b

པ། རྡོ་རྗེ་མཁའ་འགྲོའི་རྫོགས་པའི་རིམ་པ་སློབ་དཔོན་བི་རཱུ་པ་ནས་བརྒྱུད་པ་སློབ་དཔོན་བྷི་ན་པས་མཛད་པ། རྣལ་འབྱོར་བཞིའི་ཉམས་ལེན་གྱི་ཐབས་ཞེས་བྱ་བ་སློབ་དཔོན་ཏནྟི་པས་མཛད་པ། ཐབས་དང་ཤེས་རབ་གཏན་ལ་ཕབ་པའི་དངོས་གྲུབ་བསྡུས་པ་ཞེས་བྱ་བ་

སློབ་དཔོན་ཙ་མ་རིས་མཛད་པ། རང་བཞིན་གྲུབ་པ་མེད་པའི་གཞིའི་མན་ངག་ཅེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྗེ་བཙུན་ཡི་གེ་བརྒྱ་པའི་སེམས་དཔའ་གསུམ་གྱི་སྒོམ་པའི་ཐབས་སློབ་དཔོན་ནཱ་རོ་པས་མཛད་པ། རིན་ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་སི་ལ་

ཨ་ལིས་མཛད་པ། སྙིང་རྗེ་བསྒོམ་པའི་བྱིན་རླབས་ཞེས་བྱ་བ་སློབ་དཔོན་ཏིལླི་པས་མཛད་པ། ཐེག་པ་ཆེན་པོའི་གནས་ལུགས་གཏན་ལ་འབེབས་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དྷོ་ཁིནྡྷས་མཛད་པ། སེམས་ལ་གྲོས་འདེབས་ཞེས་བྱ་བ་སློབ་དཔོན་ཨ་ཛོ་གིས་མཛད་པ།

གཞི་ལམ་འབྲས་བུ་བསྒོམ་པའི་ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཞེས་བྱ་བ་སློབ་དཔོན་པཾ་ཀ་ལས་མཛད་པ། རྩ་རླུང་གི་སྒོ་ནས་རྣལ་འབྱོར་གྱི་སྤྱོད་པ་སྤྱད་པ་ཞེས་བྱ་བ་དང༌། ཡི་གེ་གཉིས་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཌོམྦི་ཧེ་རུ་ཀས་མཛད་པ། དེ་ཁོ་ན་ཉིད་ཀྱི་བདེ་

བ་བསྒོམ་པའི་རྗེས་སུ་འབྲང་བའི་རྣལ་འབྱོར་བསྒོམ་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཆེན་པོ་ཀུ་ཀུ་རི་པས་མཛད་པ། འཛག་པ་གཅོད་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཀུ་ཛཱི་པས་མཛད་པ། མུ་སྟེགས་ཀྱི་གཏུམ་མོ་ཞེས་བྱ་བ་སློབ་དཔོན་ཨ་ཙིནྟིས་མཛད་པ། གསེར་འགྱུར་

གྱི་རྩི་ཞེས་བྱ་བ་སློབ་དཔོན་ན་ལིས་མཛད་པ། སེམས་དང་སེམས་ཉིད་འདུལ་བའི་ཐབས་ཞེས་བྱ་བ་སློབ་དཔོན་ཤཱནྟ་དེ་ཝ་ནས་བརྒྱུད་པ་སློབ་དཔོན་མེ་ཀོ་ལས་མཛད་པ། ལྷ་ཀུན་གྱི་རྫོགས་པའི་རིམ་པའི་ལམ་ཞེས་བྱ་བ་གྷ་དྷ་རིས་མཛད་པ། ཉི་ཟླ་བཅིང་བའི་ཐབས་ཞེས་བྱ་བ་

སློབ་དཔོན་བི་རཱུ་པ་ནས་བརྒྱུད་པ་ཀ་མ་རིས་མཛད་པ། སེམས་ཉིད་ཀྱི་ཐིག་ལེ་ཧཱུྃ་ཉིད་བསྒོམ་པའི་རིམ་པ་ཞེས་བྱ་བ་སློབ་དཔོན་ཛཱ་ལནྡྷ་རིས་མཛད་པ། བསམ་གྱིས་མི་ཁྱབ་པའི་བསྒོམ་པ་ཞེས་བྱ་བ་སློབ་དཔོན་རཱ་ཧུ་ལས་མཛད་པ། ཧཱུྃ་ཡིག་སེམས་ཉིད་ཐིག་ལེ་བསྒོམ་པའི་རིམ་པ་

เล่ม ๒๑๓ · หน้า 392a

ཞེས་བྱ་བ་སློབ་དཔོན་ནག་པོ་པ་ནས་བརྒྱུད་པའི་སློབ་དཔོན་དྷརྨ་པས་མཛད་པ། རང་བཞིན་གྲུབ་པ་ཞེས་བྱ་བ་སློབ་དཔོན་དྷོ་ཀ་རིས་མཛད་པ། ལྷན་ཅིག་སྐྱེས་པའི་གདམས་པ་ཞེས་བྱ་བ་སློབ་དཔོན་མེ་དྷི་ནིས་མཛད་པ། བླ་མེད་སྦྱོར་བའི་རིམ་པ་ཞེས་

བྱ་བ་སློབ་དཔོན་བཱ་དཱ་ཛས་མཛད་པ། ཨ་ཕྲེང་ཀ་ཕྲེང་གི་སྔགས་ཀྱི་རིམ་པ་ཞེས་བྱ་བ་སློབ་དཔོན་གནྡྷས་མཛད་པ། ཀ་ཕྲེང་བསྒོམ་པའི་ལམ་ཞེས་བྱ་བ་སློབ་དཔོན་དྷ་མ་དྷུ་མས་མཛད་པ། ཨ་ཕྲེང་ཀ་ཕྲེང་བདེ་མཆོག་འཁོར་ལོའི་རྣལ་འབྱོར་ཆེན་པོ་བསྒོམ་པ་ཞེས་བྱ་བ་སློབ་དཔོན་སཱ་

ག་རས་མཛད་པ། རླུང་གནས་ནད་ཀྱི་བརྟག་པ་ཞེས་བྱ་བ་སློབ་དཔོན་ཨ་ཛོ་ཀིས་མཛད་པ། སེམས་ཀྱི་དེ་ཉིད་བཅིང་བ་ཞེས་བྱ་བ་སློབ་དཔོན་ཀོ་དྷ་ལིས་མཛད་པ། གཏུམ་མོ་ཐིག་ལེ་བཀྲམ་པ་ཞེས་བྱ་བ་སློབ་དཔོན་ཙུ་ལི་ཀིས་མཛད་པ། ལུས་ཀྱི་རྩ་ཐིག་མཉམ་པ་ཉིད་ཀྱི་མན་ངག་ཅེས་བྱ་བ་

སློབ་དཔོན་ནི་ཀུ་ནིས་མཛད་པ། འབྱུང་བ་བཞིའི་སྲིད་པའི་ཆགས་ལུགས་ཞེས་བྱ་བ་སློབ་དཔོན་ཙ་ར་པ་ཏིས་མཛད་པ། རང་རིག་ཡེ་ཤེས་ཀྱི་ལྟ་བའི་ཉམས་ལེན་ཞེས་བྱ་བ་སློབ་དཔོན་ཙམྤ་ཀས་མཛད་པ། འཇིགས་པ་བརྒྱད་རྨོངས་པར་བྱེད་པའི་ཐབས་ཞེས་བྱ་བ་སློབ་དཔོན་བྷེ་ཁ་ནས་

མཛད་པ། ཕྱི་ནང་གི་དུག་སེལ་གྱི་རིམ་པ་ཞེས་བྱ་བ་སློབ་དཔོན་ཏིལླི་པས་མཛད་པ། གཡུང་དྲུང་འཁྱིལ་པ་གསུམ་གྱི་ཞལ་གདམས་ཀྱི་ཉམས་ལེན་ཞེས་བྱ་བ་སློབ་དཔོན་ཡུམ་ཀངྐ་ལ་མེ་ཀ་ལས་གསུངས་པ། ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་བྱ་བ་སློབ་དཔོན་ཀནྠཱ་རིས་མཛད་པ། ཨ་

ཏི་རྣལ་འབྱོར་གྱི་བསྒོམ་པའི་ཐབས་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ། བྱང་ཆུབ་སེམས་ཀྱི་རླུང་རྒྱུ་བའི་མན་ངག་བསྒོམ་པ་ཞེས་བྱ་བ་སློབ་དཔོན་སུ་ཏ་ལིས་མཛད་པ། ལྟ་སྤྱོད་སྐྱེ་མེད་ཀྱི་བསྒོམ་པ་ཞེས་བྱ་བ་སློབ་དཔོན་པ་ན་ཧས་མཛད་པ། ཚེ་སྒྲུབ་པའི་གདམས་ངག་ཅེས་བྱ་བ་

སློབ་དཔོན་ཀོ་ཀི་ལས་མཛད་པ། དུག་སེལ་སྒོམ་པའི་རིམ་པ་ཞེས་བྱ་བ་སློབ་དཔོན་ཨ་རང་གིས་མཛད་པ། གཉིས་མེད་ཀྱི་རྩ་བ་སྒོམ་པའི་རིམ་པ་ཞེས་བྱ་བ་སློབ་དཔོན་ནག་པོ་པ་ནས་བརྒྱུད་པ་སློབ་དཔོན་ནི་ལ་ཁནྡྷས་མཛད་པ། ཕྲ་བའི་རྣལ་འབྱོར་གྱི་ཉམས་ལེན་ཞེས་བྱ་བ་སློབ་

เล่ม ๒๑๓ · หน้า 392b

དཔོན་ས་མུ་དྲས་མཛད་པ། ཕྱི་ནང་བདུད་རྩིའི་བཅུད་ལེན་ཞེས་བྱ་བ་སློབ་དཔོན་བྷྱ་རིས་མཛད་པ་རྣམས་རྒྱ་གར་གྱི་པཎྜི་ཏ་རཏྣ་ཕ་ལས་རང་འགྱུར་དུ་མཛད་ནས་བཤད་རྒྱུད་ཀྱི་གདམས་པ་བར་མ་ཆད་དུ་གསུངས་སོ། །དོ་ཧ་སྤྱོད་པའི་གླུའི་ལྟ་བ་ཞེས་བྱ་བ་སློབ་དཔོན་ལཱུ་ཧི་པ་ནས་བརྒྱུད་པ་

སློབ་དཔོན་ཀི་ར་བས་མཛད་པ། སྟོང་པ་ཉིད་ཀྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་ཤ་བ་རི་པས་མཛད་པ། བདེ་སྡུག་གཉིས་བྲལ་གྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་ཤཱནྟི་པས་མཛད་པ། འབྲེལ་མེད་ཀྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་ཀཾ་པ་ལས་མཛད་པ་རྣམས་བླ་མ་རཏྣ་ཕ་ལའི་རང་འགྱུར། ཞེན་མེད་ཀྱི་

ལྟ་བ་ཞེས་བྱ་བ་སློབ་དཔོན་ཀཾ་པ་ལས་མཛད་པ། སྟོང་ཉིད་སྙིང་རྗེའི་ལྟ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཨཱརྻ་དེ་ཝ་ནས་བརྒྱུད་པ་སློབ་དཔོན་ཙ་ཏ་པས་མཛད་པ། སེམས་ཉིད་རིན་ཆེན་གྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་ཀ་ན་པ་ནས་བརྒྱུད་པ་སློབ་དཔོན་དྷེ་ཏ་ནས་མཛད་པ། དེ་ཉིད་བརྒྱད་ཀྱི་ལྟ་བ་

ཞེས་བྱ་བ་སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པ། སེམས་ཉིད་ཀྱི་རྟོག་པ་འཇོམས་པའི་ལྟ་བ་ཞེས་བྱ་བ་ཀངྐ་ལ་དང་མེ་ཁ་ལ་ནས་བརྒྱུད་པ་སློབ་དཔོན་ལཀྵྨཱིས་གསུངས་པ། མྱ་ངན་གྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་མ་ཧི་ལ་ནས་བརྒྱུད་པ་དྷའུ་རི་པས་མཛད་པ། སེམས་ཙམ་གྱི་ལྟ་བ་ཞེས་བྱ་བ་

སློབ་དཔོན་ས་ར་ཧ་ནས་བརྒྱུད་པ་སློབ་དཔོན་མཻ་ཏྲི་པས་གསུངས་པ། སྙིང་རྗེའི་སྤྱོད་པ་ཐོད་པའི་ལྟ་བ་ཞེས་བྱ་བ་སློབ་དཔོན་དྷ་རི་ཀ་པ་ནས་བརྒྱུད་པ་སློབ་དཔོན་ས་ར་བྷ་ཁས་མཛད་པ། འབྲེལ་མེད་ཀྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་ནག་པོ་པས་མཛད་པ། དེ་བཞིན་ཉིད་ཀྱི་ལྟ་བ་ཞེས་བྱ་བ་སློབ་དཔོན་དཱ་

རི་ཀ་པས་མཛད་པ། ཕྱག་རྒྱ་ཆེན་པོ་བརྡའི་བརྒྱུད་པ་དམ་པ་རྒྱ་གར་ལ་བདེ་བར་གཤེགས་པ་བཅུ་གཉིས་ཀྱིས་གསུངས་པ། སངས་རྒྱས་གཉིས་པ་ལྟར་གྲགས་པ་བླ་མ་རྒྱ་གར་ནག་གུའི་ཞབས་དང༌། བོད་ཀྱི་བནྡེ་ཞ་མ་ལོ་ཙཱ་བས་བྱིན་རླབས་ཀྱི་གནས་མཆོག་དིང་རིར་བསྒྱུར་ཏེ་བླ་མ་བྱང་ཆུབ་

སེམས་དཔའ་ཀུན་དགའ་ལ་གསུངས་པ། ཕྱག་རྒྱ་ཆེན་པོའི་མན་ངག་རྡོ་རྗེ་གསང་བའི་གླུ་ཞེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧས་ཞལ་ནས་གསུངས་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་ཞ་མ་སྟོན་པ་སེང་གེ་རྒྱལ་པོས་བསྒྱུར། དཔལ་རྡོ་རྗེ་

เล่ม ๒๑๓ · หน้า 393a

མཁའ་འགྲོ་མའི་མགུར་ཞེས་བྱ་བ་ཞ་མ་ལོ་ཙཱའི་འགྱུར། རྡོ་རྗེ་མཁའ་འགྲོ་མའི་བརྡའི་མགུར་ཞེས་བྱ་བ་དབྱིངས་ཀྱི་གཙོ་མོ་རྣམས་བཀའ་བགྲོས་ནས་རྗེ་དམ་པ་རྒྱ་གར་ལ་གནང་བ། སླད་ཀྱིས་དིང་རི་གླང་འཁོར་དུ་ཞ་མ་ལོ་ཙཱས་བསྒྱུར་ནས་བླ་མ་བྱང་ཆུབ་སེམས་དཔའ་

ཀུན་དགའ་ལ་གཏད། ཐུགས་ཀྱི་གསང་བ་གླུར་བླང་བ་ཐིག་ལེ་དག་པའི་ཕྲེང་བ་ཞེས་བྱ་བ་དང༌། གྲུབ་ཐོབ་ཕོ་མོ་བརྒྱད་ཅུའི་རྟོག་པ་བརྗོད་པ་དང༌། གྲུབ་ཐོབ་ལྔ་བཅུའི་རྟོག་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་ཞེས་བྱ་བ་མཁའ་འགྲོ་མའི་གསང་མཛོད་ནས་ཕྱུང་སྟེ་རྗེ་དམ་པ་རྒྱ་གར་ལ་

གནང་བ་ཞ་མ་ལོ་ཙཱའི་འགྱུར། ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་བརྡའི་མན་ངག་ཅེས་བྱ་བ་རྗེ་དམ་པ་ལ་མཁའ་འགྲོ་མས་གཏད་པ། ཞ་མ་ལོ་ཙཱའི་འགྱུར་ལ་དུམ་བུ་དྲུག་དང་ལེ་ཕྲན་ལྔ་བཅུ་རྩ་ལྔ་ཡོད་དོ། །མཁའ་འགྲོ་མ་རྡོ་རྗེ་གསང་བའི་གླུ་ཞེས་བྱ་བ་བྲུལ་ཚོ་བདུན་དུ་བསྟན་པ་མཁའ་འགྲོ་མ་གསང་

བའི་མཛོད་ན་གནས་པ་ལས་དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས་ཀ་མ་ལ་ཤཱི་ལ་ལ་གཏད་པ། ཞ་མ་ལོ་ཙཱ་བ་སྟོན་པ་སེང་གེ་རྒྱལ་པོས་བསྒྱུར། རྔོན་པ་ཆེན་པོས་ཀ་མ་ལ་ཤཱི་ལ་ལ་གནད་ཀྱི་གདམས་པ་བསྟན་པ་སེམས་ཀྱི་གསང་བ་ཟབ་དོན་བརྡའི་གླུར་བླངས་པ་ཞེས་བྱ་བ་

ཤ་བ་རི་དབང་ཕྱུག་གིས་དམ་པ་ལ་གནང༌། དམ་པའི་ཞལ་སྔ་ནས་ཞ་མ་ལོ་ཙཱ་བས་གཏན་ལ་ཕབ་སྟེ་དཔལ་དིང་རི་མཁན་པའི་ཁྲོད་དུ་བསྒྱུར་བ། དཔལ་ཨཽ་རྒྱན་གྱི་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་བཞི་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་

ལེ་གསེར་གྱི་ཕྲེང་བ་ཞེས་བྱ་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་སུམ་ཅུ་རྩ་ལྔའི་རྟོག་པ་བརྗོད་པ་མཁའ་འགྲོ་མའི་གསང་མཛོད་ན་གནས་པ་ལས་དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས་རྗེ་དམ་པ་རྒྱ་གར་ལ་གནང་བ། ཞ་མ་ལོ་ཙཱའི་འགྱུར། མཁའ་འགྲོ་མའི་འབྱམས་གླུ་ཞེས་

བྱ་བ་ཁྱད་པར་གྱི་བརྒྱུད་པ་བརྒྱད་ལས་དོན་སྐོར་རྣམ་པ་བཞི་འབྱམས་གླུ་དང་བཅས་པ་དང༌། ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་དབང་གི་འཁོར་ལོ་ཞེས་བྱ་བ་དུར་ཁྲོད་རྒྱུ་སྐར་དཔལ་གྱི་རོལ་པར་གསུངས་པ། རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་གྲུབ་པ་རྣམས་ཀྱི་རྡོ་རྗེའི་

เล่ม ๒๑๓ · หน้า 393b

མགུར་རྒྱལ་སྲས་མིའི་སེང་གེ་རྗེ་དམ་པ་རྒྱ་གར་རིན་པོ་ཆེའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པ། ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ཞེས་བྱ་བ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དང་པཎྜི་ཏ་མང་པོས་གསུངས་པ་རྣམས་རྗེ་བཙུན་མངའ་བདག་མཻ་ཏྲི་པས་གཞུང་གཅིག་ཏུ་བསྡེབས་པ། པཎྜི་

ཏ་དེ་ཉིད་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། ཤེས་རབ་ཀྱི་ཕྲིན་ཡིག་ཅེས་བྱ་བ་སློབ་དཔོན་ཆེན་པོ་པདྨ་རྡོ་རྗེས་མཛད་པ། པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲ་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། རྣལ་འབྱོར་པའི་རྟོག་པའི་གེགས་སེལ་བ་ཞེས་བྱ་བ་དངོས་གྲུབ་བརྙེས་

པའི་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་མཛད་པ། དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་སློབ་དཔོན་འཕགས་པ་ལྷས་མཛད་པ། རྣལ་འབྱོར་གྱི་མཚན་ཉིད་ལྡན་པ་མཁས་པ་ཆེན་པོ་དཔལ་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ། ཤེས་

རབ་བརྩམ་པ་དུས་ཀྱི་གཏམ་ཞེས་བྱ་བ་བྷཾ་ག་ལའི་མཁས་པ་དཔལ་ངེས་པར་སྦྱངས་པ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་བྲམ་ཟེ་བྷ་ལོ་ལ་གདམས་པ། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག་གཉིས་སློབ་དཔོན་མཁས་

པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། འདི་དག་མདོ་ཕྱོགས་སུ་བྲིས་པ་ནི་ནོར་བ་ཡིན་ནོ། །བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེའི་གྲུ་བོ་ཞེས་བྱ་བ་གྲུབ་པ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་ཛི་ཏ་མི་ཏྲ་གུཔྟས་མཛད་པ་

དང༌། འཆིང་བ་རྣམ་གྲོལ་གྱི་བསྟན་བཅོས་རྒྱ་གར་གྱི་སློབ་དཔོན་ཆེན་པོ་གྲུབ་པ་བརྙེས་པ་དཔལ་ནི་སྐ་ལཾ་ཀས་མཛད་པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲ་ནནྡ་དང་ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷཱ་ཤྲཱི་བྷ་དྲས་གཏན་ལ་ཕབ་ནས། ལོ་ཙཱ་བ་གནུབས་ཚུལ་ཁྲིམས་ཤེས་

རབ་ཀྱི་འགྱུར། ལྟ་སྤྱོད་རྣམ་དག་གི་མན་ངག་ཅེས་བྱ་བ་ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་དཔལ་ཆོས་ཀྱི་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། མཁས་པ་ཆེན་པོ་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཁྲོ་ཕུ་བཟང་ལུང་དུ་འགྱུར། སེམས་རིན་པོ་ཆེ་སྦྱང་བའི་ལམ་འབྲས་ཁ་ཆེའི་

เล่ม ๒๑๓ · หน้า 394a

རིགས་ལས་བལ་ཡུལ་དུ་སྐུ་འཁྲུངས་པའི་པཎྜི་ཏ་ཆེན་པོ་དཔལ་ལྔ་རིས་པའི་མཆོག་བུདྡྷ་ཤྲཱི་ཛྙཱ་ནས་མཛད་པ། མཁས་པ་ཆེན་པོ་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བལ་ཡུལ་ཡ་མ་མགལ་གྱི་གཙུག་ལག་ཁང་དུ་བསྒྱུར་བ། འཆིང་བ་རྣམ་གྲོལ་གྱི་མན་ངག་ཅེས་བྱ་

བ་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡས་གསུངས་པ།རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བལ་ཡུལ་བུ་ལང་གསེར་ཁང་དུ་བསྒྱུར་བ། གྲུབ་པ་དམ་པའི་ལམ་ངེས་པ། རྣལ་འབྱོར་པ་རང་གི་སེམས་མདུད་པ་འགྲོལ་བའི་མན་

ངག །དཔལ་རྣལ་འབྱོར་བདུན་གྱི་ལམ་རྣམ་པར་ངེས་པ་རྣམས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནནྡའི་ཐུགས་ཀྱི་འཁོར་ལོ་དམ་པ་བཀྲ་ཤིས་ཀྱི་ཚོང་འདུས་ཆེན་པོ་དཔལ་མགུར་མོ་རིན་པོ་ཆེའི་གླིང་དུ་མཛད་པའི་བསྟན་བཅོས་གནུབས་ལོ་ཙཱའི་འགྱུར། ཏིང་ངེ་འཛིན་གྱི་དབང་

བསྐུར་བ་དང༌། ཕ་རོལ་དབང་དུ་བྱ་བ་བླ་མ་མི་ཏྲ་ཨཱ་ནནྡས་མཛད་པ། དེ་ཉིད་དང༌། གནུབས་ལོ་ཙཱའི་འགྱུར། རིན་པོ་ཆེ་འཁོར་ལོ་དབང་གི་མན་ངག་གི་རིམ་པ་སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པ། དབང་གི་རིམ་པ་བསྟན་པ་ཞེས་བྱ་བ་རྗེ་བཙུན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ག་

ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཡེ་ཤེས་བཟང་པོའི་འགྱུར། དབང་གི་རིམ་པ་མདོར་བསྡུས་པ་སློབ་དཔོན་དཔལ་ཤེས་རབ་གསང་བས་མཛད་པ། བཞི་པའི་རྣམ་པར་ངེས་པའི་མན་ངག་ཅེས་བྱ་བ་ཁ་ཆེའི་སློབ་དཔོན་ཆེན་པོ་རིག་བྱེད་ཀྱི་མཐའ་འཛིན་པ་དཔལ་རིན་ཆེན་རྡོ་རྗེས་མཛད་

པ། རྒྱ་གར་གྱི་མཁན་པོ་བིརྻཱ་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་བཀྲ་ཤིས་ཀྱི་འགྱུར། དབང་བསྐུར་བའི་ངེས་པ་བསྟན་པ་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་

འགྱུར། དབང་གི་དོན་ངེས་པར་བརྗོད་པ་ཞེས་བྱ་བ་སློབ་དཔོན་རྒྱལ་བ་བཟང་པོ་དཔལ་སྦས་པ་ཞེས་བྱ་བས་མཛད་པ། རུ་ལག་རྒྱང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ཨ་ཝ་དྷཱུ་ཏཱི་པ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་བསྡུས་

เล่ม ๒๑๓ · หน้า 394b

པ་དང༌། ལྟུང་བ་སྦོམ་པོ་བསྡུས་པ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། ལྟུང་བ་བཅོ་ལྔ་པ། ཡན་ལག་གི་ཉེས་པ་བདུན་པ། རྡོ་རྗེ་ཐེག་པའི་སྦོམ་པོའི་ལྟུང་བ་བརྒྱད་པ་རྣམས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་ལ།

སླད་ཀྱིས་རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་པཎྜི་ཏ་ཆེན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ན་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བཅོས་པ། ཡན་ལག་གི་དམ་ཚིག་ཅེས་བྱ་བ། རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ་ཞེས་བྱ་བ་མཁས་པ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པ། མ་ག་དྷཱའི་མཁས་པ་ཆེན་པོ་དེ་ཉིད་དང༌། མང་དུ་ཐོས་

པའི་དགེ་སློང་བསོད་སྙོམས་པ་རྩ་མི་སངས་རྒྱས་གྲགས་པས་ནཱ་ལེནྡྲར་འགྱུར། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་པ་སློབ་དཔོན་ཆེན་པོ་དཔལ་ལྕམ་ལཀྵྨཱི་ཀ་རས་མཛད་པ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆེན་པོ་སྙིང་པོ་ཞབས་ཀྱིས་མཛད་པ་བྷ་ཝ་པའི་

གདམས་ངག་མངོན་པར་བཀོད་པ། སློབ་དཔོན་རྒྱལ་བའི་ལྷས་མཛད་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་གསུངས་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཇམ་དཔལ་གྲགས་པས་མཛད་པའི་རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་

ཆེར་འགྲེལ་པ་ལམ་གྱི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ། མྱང་རོ་སྟག་ཚལ་དུ་དཱི་པཾ་ཀ་ར་བོད་དུ་བྱོན་ཙམ་ན་བསྒྱུར་བ། བུ་རི་ཤའི་གྲོང་ཁྱེར་དུ་ཨཱ་ཙཱརྻ་ཨུ་པ་དྷ་ཤྲཱི་བཛྲ་ཤཱི་ལ་དང༌། ལོ་ཙཱ་བ་དགེ་སློང་བརྩོན་འགྲུས་སེང་གེས་ལེགས་པར་མནོས་ཏེ་གུས་པར་བསྒྱུར། ཡང་བལ་པོའི་ཁྱིམ་དུ་

རིན་ཆེན་གྲགས་པས་ཀྱང་འགྲེལ་དཔེ་རྙིང་པ་ལ་གཏུགས་ཏེ་ཤིན་ཏུ་དག་པར་བགྱིས་པ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ་བླ་མ་མངོན་ཤེས་ཅན་རྡོ་རྗེ་གདན་པས་མཛད་པ། ཡུལ་དབུས་ཀྱི་དཔེ་ཇི་ལྟ་བ་བཞིན་ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གཙུག་ལག་ཁང་ཆེན་པོ་དཔལ་

ཐར་པ་གླིང་དུ་བསྒྱུར་བ། དཔལ་གསང་བ་ཐམས་ཅད་ཀྱི་སྤྱིའི་ཆོ་གའི་སྙིང་པོ་རྒྱན་ཞེས་བྱ་བ་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ། བལ་པོའི་མཁན་པོ་ཀ་ན་ཀ་ཤྲཱི་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར་ལ། སླད་ཀྱིས་རྒྱ་གར་གྱི་པཎྜི་ཏ་ཧཱ་སྱ་བཛྲ་དང༌། ལོ་ཙཱ་བ་དགེ་སློང་ཉི་མ་རྡོ་རྗེས་

เล่ม ๒๑๓ · หน้า 395a

བསྒྱུར། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ་མ་ཧཱ་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པ། མ་ཧཱ་པཎྜི་ཏ་ཤྲཱི་རཏྣ་རཀྵི་ཏའི་རང་འགྱུར། ཚོགས་ཀྱི་འཁོར་ལོའི་ཆོ་ག་སློབ་དཔོན་ནག་པོ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་

འགྱུར། ཚོགས་ཀྱི་འཁོར་ལོའི་ཆོ་ག་པཎྜི་ཏ་བཟང་པོ་སྦྱིན་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ་པཎྜི་ཏ་རཏྣ་རཀྵི་ཏས་མཛད་པ་དང༌།

ཚོགས་ཀྱི་འཁོར་ལོའི་ཆོ་ག་རིམ་པར་ཕྱེ་བ་ཞེས་བྱ་བ་ཨཱ་ཙཱརྻ་ཧེ་རུ་ཀ་བཛྲས་མཛད་པ། པཎྜི་ཏ་རཏྣ་རཀྵི་ཏ་དང༌། ལོ་ཙཱ་བ་ཞང་གྲུབ་པ་དཔལ་བཟང་པོའི་འགྱུར། སྐུ་དང་གསུང་དང་ཐུགས་རབ་ཏུ་གནས་པ་ཞེས་བྱ་བ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་དེ་

ཉིད་དང༌། རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བ། གདུགས་ལ་སོགས་པ་རབ་ཏུ་གནས་པ་དང་རྙིང་པ་འབྱིན་པའི་ཆོ་ག་དང༌། ས་དང་ཤིང་དང་རྡོའི་ཆོ་ག་གཉིས་ཀྱི་རྒྱ་དཔེ་གཉལ་གྱི་ཕྱོགས་ནས་རྙེད་ཅིང་ཞྭ་ལུ་ལོ་ཙཱ་བས་དཔལ་སྣེའུ་གདོང་རྩེར་བསྒྱུར་བ། འདི་རྣལ་འབྱོར་ཆེན་པོའི་ཐབས་རྒྱུད་ལས་འཕྲོས་

པ་ཞིག་འདྲ་ནའང་གང་གི་དུམ་བུ་ཡིན་མ་གསལ་བས་འདིར་བཀོད་དོ། །དབྱིག་གི་ཕྲེང་བ་ཞེས་བྱ་བ་ཆོ་གའི་བྱ་བ་བཅུ་པ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་དཔལ་ཨེ་ཝཾ་ཆོས་འཁོར་དུ་བསྒྱུར། འདི་རྒྱུད་སྣ་ཚོགས་ལས་བཏུས་པར་སྣང་བས་འདིར་བཀོད་དོ། །འདོད་པའི་བསྟན་བཅོས་སློབ་དཔོན་

གཟུགས་བཟང་གིས་མཛད་པ་རྣམས་བཞུགས་སོ། །རྣལ་འབྱོར་བླ་མེད་སྤྱི་ཡི་ལྟ་སྒོམ་དང༌། །དབང་དོན་སྡོམ་པ་དམ་ཚིག་ལ་སོགས་དང༌། །ཚོགས་འཁོར་རབ་གནས་ལ་སོགས་སྟོན་པ་ཡི། །ཆོས་སྐོར་ཉིས་བརྒྱ་བརྒྱད་ཅུ་རྩ་བདུན་བཞུགས། །དེ་དག་གིས་ནི་བླ་མེད་སྤྱིའི་ལྟ་སྒོམ་སྤྱོད་

འབྲས་ལ་སོགས་པ་སྟོན་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་བླ་མེད་སྤྱིའི་ལྟ་སྒོམ་སྤྱོད་འབྲས་ལ་སོགས་པ་སྟོན་པའི་ཆོས་སྐོར་རྣམས་བཀོད་ནས། རྣལ་འབྱོར་གྱི་རྒྱུད་ཀྱི་སྐོར་ལ།རྩ་བའི་རྒྱུད་དེ་ཉིད་བསྡུས་པའི་སྐོར་ནི། དང་པོ་སློབ་དཔོན་སངས་རྒྱས་

เล่ม ๒๑๓ · หน้า 395b

གསང་བའི་རྗེས་སུ་འབྲང་བ་ལ། འི་པ་ལ། རྒྱུད་ཀྱི་དོན་ལ་འཇུག་པ་ཞེས་བྱ་བ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཡེ་ཤེས་སེམས་དཔའ་མཉེས་པར་བྱ་བའི་ཆོ་ག་བསྡུས་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། ལོ་ཙཱ་བ་འཇམ་དཔལ་གོ་ཆའི་འགྱུར།

རྒྱུད་ཀྱི་དོན་ལ་འཇུག་པའི་འགྲེལ་བཤད་སློབ་དཔོན་ཆེན་པོ་པདྨ་བཛྲས་མཛད་པ་གཉིས་བཞུགས་སོ།། །།ཡི་རི་གཉིས་ལ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་བཞེད་པ་རྗེས་འབྲང་དང་བཅས་པའི་སྐོར་ལ། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ཞེས་བྱ་བ་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་པ་མང་

དུ་ཐོས་པའི་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་ཀྱི་རྣམ་པར་གཞག་པ་ཞེས་བྱ་བ་སློབ་དཔོན་མུ་དི་ཏ་ཀོ་ཥས་མཛད་པ། རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་

དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དཀྱིལ་འཁོར་གྱི་ཐིག་གདབ་པ་མདོར་བསྡུས་པ་དང༌། དཀྱིལ་འཁོར་གྱི་ཐིག་གདབ་པའི་མདོར་བསྡུས་པའི་འགྲེལ་པ་ཡུལ་ཁ་ཆེར་སྐྱེས་པའི་རྡོ་རྗེ་སློབ་དཔོན་ཤྲདྡྷཱ་ཀ་ར་ཝརྨས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་

སློང་རིན་ཆེན་བཟང་པོས་སྐད་གསར་བཅད་ཀྱིས་བཅོས་པ། ཐིག་གདབ་པའི་ཆོ་ག་དཀའ་བ་སྤྱོད་པ་ཞེས་བྱ་བ་སློབ་དཔོན་ཤུདྡྷི་པྲ་བྷས་མཛད་པ། དཀྱིལ་འཁོར་གྱི་ཐིག་གི་ཆོ་ག་སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། ཁམས་གསུམ་རྣམ་རྒྱལ་གྱི་དུམ་བུ་ལས་འཕྲོས་པ་འཕགས་པ་འཇིག་རྟེན་གསུམ་ལས་རྣམ་པར་

རྒྱལ་བ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་མུ་དི་ཏ་ཀོ་ཥས་མཛད་པ་རྣམས་བཞུགས་སོ།། །།ལི་ཤི་གཉིས་ལ། སློབ་དཔོན་ཀུན་དགའ་སྙིང་པོའི་རྗེས་སུ་འབྲང་བའི་སྐོར་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་

ཉིད་སྣང་བར་བྱེད་པ་ཞེས་བྱ་བ་ཤླཽ་ཀ་སྟོང་ཕྲག་བཅོ་བརྒྱད་པ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། དུམ་བུ་དང་པོ་ཡན་ཆད་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ། མན་ཆད་རྒྱ་གར་གྱི་མཁས་པ་པཎྜི་ཏ་ཐུགས་རྗེ་ཆེན་པོ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱི་འགྱུར་བ་བཞུགས་སོ།། །།སི་

เล่ม ๒๑๓ · หน้า 396a

ཧི་ཨི་གསུམ་ལ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུའི་འགྲེལ་པ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དཔལ་མཆོག་དང་

པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་དུམ་བུ་དང་པོའི་ཕྱག་རྒྱ་བཤད་པ་ཞེས་བྱ་བ་ཤླཽ་ཀ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། སྨད་

འགྲེལ་ལོ་ཙཱ་བ་རིན་ཆེན་བཟང་པོས་ཅི་རིགས་པར་བསྒྱུར་བ་ལ། གུ་གེའི་ཡུལ་གྱི་དབུས་བྱང་ཆུབ་སེམས་དཔའི་ཐུགས་དམ་སའི་སྙིང་པོ་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ཆེན་པོ་མནྟྲ་ཀ་ལ་ཤ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བྱང་ཆུབ་སེམས་དཔའི་གདུང་བརྒྱུད་

ལྷ་བླ་མ་དགེ་སློང་ཞི་བ་འོད་ཀྱིས་ཧོར་ཀོང་བསབས་ཏེ་ཡོངས་སུ་རྫོགས་པར་བསྒྱུར་བའོ། །འདི་ལ་རྒྱ་དཔེ་རྙེད་ན་ཧོར་ཀོང་བསབས་དགོས་པའང་ད་དུང་ཆ་གཉིས་གསུམ་སྣང་ངོ༌། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བའི་རྒྱ་ཆེར་བཤད་པ་སློབ་དཔོན་མཁས་པ་ཆེན་པོ་ཀུན་དགའ་སྙིང་པོས་མཛད་

པ། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བའི་དཀའ་འགྲེལ་སློབ་དཔོན་རབ་ཏུ་ཞི་བའི་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་བ། རྒྱུད་འདི་རྡོ་རྗེ་སྙིང་པོ་རྒྱན་གྱི་

རྒྱུད་ལས་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་ཀྱང༌། འགྲེལ་པ་མཁན་པོས་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བས་འགྲེལ་པ་འདི་གཉིས་ཕྱོགས་འདིར་བྲིས་སོ། །དཔལ་རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ཆེན་པོའི་དཀའ་འགྲེལ་སློབ་དཔོན་རབ་ཏུ་ཞི་བའི་བཤེས་གཉེན་གྱིས་མཛད་པ། བོད་

ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་གྲུབ་ཀྱིས་ཡང་དག་པ་ཉིད་དུ་བསྒྱུར་བ་རྣམས་བཞུགས་སོ།། །།དེ་ལྟར་རྒྱུད་ཀྱི་འགྲེལ་པའི་སྐོར་རྣམས་བཀོད་ནས། སྒྲུབ་ཐབས་དཀྱིལ་ཆོག་མན་ངག་ལ་སོགས་པའི་སྐོར་ལ། ཀུ་པ་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྡོ་རྗེ་ཐམས་ཅད་འབྱུང་

เล่ม ๒๑๓ · หน้า 396b

བ་ཞེས་བྱ་བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྻ་བུདྡྷ་ཤྲཱི་ཤཱནྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་སེམས་དཔའ་འབྱུང་བ་ཞེས་བྱ་བའི་སྒྲུབ་པའི་ཐབས་གཞུང་ཚད་ཤླཽ་ཀ་བརྒྱ་ཕྲག་གཉིས་དང་རྐང་པ་གཅིག་བཅས་དང༌། རྡོ་རྗེ་

སེམས་དཔའི་སྒྲུབ་ཐབས་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་བུདྡྷ་ཤྲཱི་ཤཱནྟི་དང༌། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་བཏུས་པ་སློབ་དཔོན་ཆེན་པོ་ཀུན་

དགའ་སྙིང་པོས་མཛད་པ། གཞུང་ཚད་ཤློ་ཀ་སྟོང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་པ་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་དང༌། སྤྱན་དབྱེ་བའི་ཆོ་ག་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་ཆུང་བ་དང༌། ཆེ་བ་(*མ་བྱུང༌།)གཉིས་པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ལོ་

ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཆེ་བ་འདི་ཐེ་ཚོམ་གྱི་གཞི་ཅིག་སྣང་སྟེ་བླ་མ་རྣམས་ཡང་དག་ཏུ་བཞེད་ཀྱིན་སྣང་བས་བྲིས་སོ། །རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་

འགྱུར། སྤྱན་དབྱེ་བའི་ཆོ་ག་སློབ་དཔོན་པྲཛྙཱ་ཝ་ལི་ཏས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཐུགས་རྗེ་འབྱུང་བ་ཞེས་བྱ་བའི་བསྒོམ་པ་དང་བཟླས་པའི་ཆོ་ག་སློབ་དཔོན་ཆེན་པོ་ཡེ་ཤེས་རྡོ་རྗེའམ་མིང་གཞན་པདྨ་དཀར་པོ་

ཞེས་བྱ་བས་མཛད་པ་དང༌། སྦྱིན་སྲེག་གི་ཆོ་ག་སློབ་དཔོན་རབ་འབྱོར་བསྐྱངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དཔལ་ལྡན་རྒྱ་ཆེ་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །ཀུན་ཏུ་བཟང་པོ་ཞེས་བྱ་བའི་སྦྱིན་

སྲེག་གི་ཆོ་ག །རབ་ཏུ་གནས་པའི་ཆོ་ག་རབ་གནས་ཀྱི་རྒྱལ་པོ་ཞེས་བྱ་བ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྡོ་རྗེ་ཐམས་ཅད་འབྱུང་བ་ཞེས་བྱ་བའི་དོན་བསྡུས་པ་ཨཱ་ཙཱརྻ་མུ་ནཱིནྡྲ་བྷ་དྲས་མཛད་པ། དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྡོ་རྗེ་དབྱིངས་ཀྱི་

เล่ม ๒๑๓ · หน้า 397a

དཀྱིལ་འཁོར་གྱི་དོན་བསྒོམ་པའི་དོན་བསྡུས་པ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤའི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་པ། བྱ་བ་བསྡུས་པ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་ནི་སཾ་ག་ཨཱ་ཙཱརྻ་དཔལ་ལྡན་རིགས་ཀྱི་བྱིན་པས་མཛད་པ། བླ་མ་པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲས་ཞུས་ཤིང་

གཞུང་སུམ་གཉིས་བལ་པོའི་མཐིལ་དུ་བསྒྱུར་ནས་སུམ་ཆ་གཅིག་ལོ་ཙཱ་བ་དགེ་སློང་ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས།གཞུའི་གཙུག་ལག་ཁང་ཆེན་པོ་ཉིད་དུ་ཡོངས་སུ་རྫོགས་པར་ལེགས་པར་བསྒྱུར་ཅིང་ཤིན་ཏུ་དག་པར་བྱས་པ། འདི་ཉིད་ནི་དཔལ་རྡོ་རྗེ་

དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡིན་པས་འདིར་བྲིས་སོ། །དེ་ཉིད་བསྡུས་པ་དཔལ་མཆོག་དང་པོ་དང༌། སྒྱུ་འཕྲུལ་དྲྭ་བ་ལ་སོགས་དགོངས་འགྲེལ་བའི། །མཁས་གྲུབ་གསུམ་གྱི་གཞུང་ལུགས་རྗེས་འབྲང་བཅས། །བཅུ་ཕྲག་གསུམ་ལ་གཉིས་ཀྱིས་བརྒྱན་པ་བཞུགས། །

དེ་དག་གིས་ནི་རྣལ་འབྱོར་གྱི་རྒྱུད་དེ་ཉིད་བསྡུས་པ་དང་དཔལ་མཆོག་དང་སྒྱུ་འཕྲུལ་དྲྭ་བའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ཉིད་བསྡུས་པ་ལ་སོགས་པའི་ཆོས་སྐོར་རྣམས་བཀོད་ནས། ད་ནི་རྩ་བའི་རྒྱུད་དེ་ཉིད་བསྡུས་པའི་རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལས་འཕྲོས་

པ་མཚན་ཡང་དག་པར་བརྗོད་པ་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བའི་སྐོར་ལ། ཁུ་པ་ལ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་(*འགྲེལ་བརྒྱ་རུ་གསལ།)སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་

འགྱུར། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་སྒེག་པའི་རྡོ་རྗེ་ཉི་མ་ཅན་གྱི་རིན་པོ་ཆེའི་གླིང་ན་བཞུགས་པ་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་གང་གི་མཚན་དཔལ་སྣ་ཚོགས་

གཟུགས་ཅན་དུ་གྲགས་པ་དེས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་འགྱུར་ལ། ཕྱིས་རྒྱ་གར་གྱི་མཁན་པོ་ཕྱག་ན་རྡོ་རྗེ་དང༌། ལོ་ཙཱ་བ་ཀློག་སྐྱ་ཤེས་རབ་བརྩེགས་ཀྱིས་བཅོས་པ་ལ་ཡང་གཉེན་གྱིས་བཅོས་པ། གཞུང་ཚད་ནི་ཤློ་ཀ་ཉིས་སྟོང་ལྔ་བརྒྱའོ། །

เล่ม ๒๑๓ · หน้า 397b

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཆེན་པོ་འཇམ་དཔལ་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྻ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཀ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར་བ་རྣམས་

བཞུགས་སོ།། །།གུ་པ་ལ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་ཆེན་པོ་ཟླ་བ་བཟང་པོ་གྲགས་པའི་དཔལ་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ཤྲཱི་མ་ཧཱ་ཛ་ན་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་

སློང་འཕགས་པ་ཤེས་རབ་ཀྱི་འགྱུར། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་བསྡུས་པའི་གསལ་བ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཨ་ཝ་དྷཱུ་ཏཱི་པས་མཛད་པ་དང༌། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་

དོན་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་གཉིས་སུ་མེད་པའི་སྦས་པས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་ཨོ་རྒྱན་གྱི་ཛམྦུ་དྷ་ར་ཞེས་བྱ་བའི་མཐར་བསྒྱུར་བ། འཇམ་དཔལ་མཚན་བརྗོད་ཀྱི་བཤད་འབུམ་པཎྜི་ཏ་

སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། པཎྜི་ཏ་དེ་ཉིད་ཀྱི་རང་འགྱུར། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མན་ངག་གི་འགྲེལ་པ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་སློབ་དཔོན་གཞོན་ནུ་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཝ་རཱ་ཛ་དང༌། བོད་ཀྱི་ལོ་ཙཱ་བ་ཤེས་རབ་བླ་

མའི་འགྱུར། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ་དབུ་མ་ལ་དགའ་བས་མཛད་པ། འདིའི་རྒྱ་དཔེ་དཔལ་སྣེ་གདོང་གི་གཙུག་ལག་ཁང་དུ་བཞུགས་པ་སྔར་མ་འགྱུར་བ་ལ། དུས་ཕྱིས་འགོས་ཀྱི་རིགས་ལས་འཁྲུངས་པའི་སྐད་གཉིས་སྨྲ་བ་ཆོས་

སྐྱོང་བཟང་པོའི་ཞལ་སྔ་ནས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ་བསྡུས་པ་ཞེས་བྱ་བ་རཏྣ་ཨཱ་ཀ་ར་གུཔྟས་མཛད་པ། རྒྱ་གར་གྱི་མཁན་པོ་ཀཱ་ལ་ཙཀྲ་དང༌། བོད་ཀྱི་ལོ་ཙཱ་བ་ཛྙཱ་ན་གརྦྷ་དང་འབྲོ་ཇོ་སྲས་དང་ཆོས་ཀྱི་

เล่ม ๒๑๓ · หน้า 398a

བརྩོན་འགྲུས་ལ་སོགས་པའི་འགྱུར། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་སློབ་དཔོན་ཆེན་པོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་ཌོམྦི་ཧེ་རུ་ཀས་མཛད་པ། གཞུང་གི་ཚད་ལ་ཚིགས་སུ་བཅད་པ་སྟོང་ཕྲག་

གཅིག་དང་དྲུག་བརྒྱ་ལྔ་བཅུ་མཆིས་པ། བཀྲ་ཤིས་ཀྱི་གདན་ས་ཆེན་པོ་ཙོང་ཀ་སེར་ཏོ་བླ་མཁར་གྱི་ནང་དུ་བོད་ཀྱི་ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱིས་བསྒྱུར་བ་རྣམས་བཞུགས་སོ། །གཞུང་འདི་ལའང་ཐེ་ཚོམ་གྱི་གཞི་ཅན་དུ་སྣང་ངོ་ཞེས་སྔོན་གྱི་མཁན་པ་དག་གསུང་ངོ༌། །དེ་ལྟར་མཚན་

བརྗོད་ཀྱི་འགྲེལ་པའི་སྐོར་རྣམས་བཀོད་ནས། དེ་དག་གི་རྗེས་སུ་འབྲང་བའི་སྒྲུབ་ཐབས་དང༌། དཀྱིལ་ཆོག་དང༌། མན་ངག་གི་སྐོར་ལ། ངུ་པ་ལ། མཚན་བརྗོད་ཀྱི་འགྲེལ་པ་ཆུང་བའི་རྗེས་སུ་འབྲང་བ་ནམ་མཁའ་དྲི་མེད་ཆུང་བ་ཞེས་གྲགས་པའི་སྐོར་ནི། མཚན་ཡང་དག་པར་བརྗོད་པ་དཀྱིལ་

འཁོར་གྱི་ཆོ་ག་ནམ་མཁའ་དྲི་མེད་ཅེས་བྱ་བ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འཕགས་པ་འཇམ་དཔལ་ཞེས་བྱ་བའི་སྒྲུབ་པའི་ཐབས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ།

འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་ཆོ་ག་ལ། བྱང་སེམས་རྡོ་རྗེ་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག །རྣམ་པར་སྣང་མཛད་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག །མི་བསྐྱོད་པ་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག །སྣང་བ་མཐའ་ཡས་དབུགས་དབྱུང་

བའི་དཀྱིལ་འཁོར་གྱི་ཆོ་ག །རིན་ཆེན་འབྱུང་ལྡན་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག །དོན་ཡོད་གྲུབ་པ་དབུགས་དབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཁྲུས་ཀྱི་ཆོ་ག །མཚན་ཡང་དག་པར་བརྗོད་པའི་ཆུ་སྦྱིན། མཚན་ཡང་དག་པར་བརྗོད་

པའི་ཟས་ཀྱི་རྣལ་འབྱོར། མཚན་ཡང་དག་པར་བརྗོད་པའི་འབྱུང་པོའི་གཏོར་ཆོག །མཚན་ཡང་དག་པར་བརྗོད་པའི་མཎྜལ་གྱི་ཆོ་ག །མཚན་ཡང་དག་པར་བརྗོད་པའི་བསྐོར་བ་བྱ་ཐབས། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཡན་ལག་བདུན་པས་ཚོགས་བསགས་པའི་ཐབས། འཇམ་དཔལ་

เล่ม ๒๑๓ · หน้า 398b

གྱི་མཚན་འདོན་པའི་མན་ངག །མཚན་ཡང་དག་པར་བརྗོད་པའི་དགེ་བའི་རྩ་བ་བསྔོ་བ། མཚན་ཡང་དག་པར་བརྗོད་པའི་མི་རྟག་པ་སྒོམ་པ། མཚན་ཡང་དག་པར་བརྗོད་པའི་མི་རྟག་པ་འཁོར་བ་ལ་ཡིད་བྱུང་བ། མཚན་ཡང་དག་པར་བརྗོད་པའི་ཤེས་པ་དུག་གསུམ་ལས་བཟློག་པའི་མན་ངག །

སྐྱབས་སུ་འགྲོ་བའི་ཆོ་ག །སེམས་བསྐྱེད་པའི་ཆོ་ག །བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག །ཚད་མེད་པ་བཞི་བསྒོམ་པའི་མན་ངག །དུས་གསུམ་གྱི་སངས་རྒྱས་ལ་ལྟ་བ། དབང་པོ་ཐ་མས་མཚན་ཡང་དག་པར་བརྗོད་པའི་རྗེས་སུ་དྲན་པ་དྲུག་སྒོམ་པའི་མན་ངག །དབང་པོ་འབྲིང་གིས་མཚན་

ཡང་དག་པར་བརྗོད་པའི་སྒོ་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྒོམ་པའི་མན་ངག །དབང་པོ་རབ་ཀྱིས་དེ་ཁོ་ན་ཉིད་སྒོམ་པའི་མན་ངག །འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་བྱང་ཆུབ་ཆེན་པོའི་སྐུ་གདུང་གི་ཆོ་ག་ཞེས་བྱ་བ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྦྱིན་སྲེག་

གི་ཆོ་ག་བསྡུས་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མཉམ་པར་གཞག་པའི་རིམ་པའི་མན་ངག །འཇམ་དཔལ་དཔའ་བོ་གཅིག་པའི་སྒྲུབ་ཐབས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་

བརྗོད་པའི་ཆོ་ག་མདོ་དང་བསྲེས་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྤྱན་དབྱེ་བའི་ཆོ་ག་དང་རབ་ཏུ་གནས་པའི་ཆོ་ག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ངན་སྔགས་བྱད་ཀྱི་འཁོར་ལོས་བསད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་

དག་པར་བརྗོད་པའི་སྡིག་པ་སྦྱོང་བ་ཚེ་འཕོས་པ་ལ་ཕན་གདགས་པའི་བདུན་ཚིགས་ཀྱི་ཆོ་ག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྡིག་པ་སྦྱོང་བའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ། ངན་སོང་སྦྱོང་བ་འགྲོ་བ་རིགས་དྲུག་གི་ཆོ་ག་རྣམས་སློབ་དཔོན་འཇམ་དཔལ་བཤེས་གཉེན་

གྱིས་མཛད་པ་སྟེ། འདི་དག་ནི་པཎྜི་ཏ་སུ་བཛྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་གུ་རུབ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འདི་ལ་ལ་རྒྱ་གཞུང་ཡིན་མིན་ཐེ་ཚོམ་ཟ་བར་འདུག་ནའང་བླ་མ་གོང་མ་རྣམས་རྒྱ་གཞུང་དུ་བཞེད་ཅིང༌། སྔར་གྱི་རྣམས་ལའང་བྲིས་འདུག་པས་བཞུགས་སུ་བཅུག་པ་ཡིན་ནོ། །བྱང་

เล่ม ๒๑๓ · หน้า 399a

ཆུབ་ཀྱི་སེམས་བསྒོམ་པ་དོན་བཅུ་གཉིས་བསྟན་པ་ལུང་གི་རྗེས་སུ་འབྲངས་པ་སིངྒ་ལའི་གླིང་གི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་ཚིགས་སུ་བཅད་པ་བཞི་བཅུ་པའི་འགྲེལ་པ་འདི་མདོ་ཕྱོགས་སུ་བཞེད་པ་མི་འཐད་དེ། གཞུང་ནས་རྣལ་འབྱོར་རྒྱུད་དུ་གསལ་

བར་གསུངས་པའི་ཕྱིར་རོ། །འགྲེལ་པ་བར་པའི་རྗེས་སུ་འབྲངས་པའི་སྐོར་ལ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་དང་ལྡན་པའི་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་འགྱུར།

མཚན་ཡང་དག་པར་བརྗོད་པ་བཀླག་པའི་སྒོམ་ཁོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་སྦྱིན་སྲེག་གི་རིམ་པ། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་ཞེས་བྱ་བ་རྣམས་སློབ་དཔོན་དཔལ་ལྡན་བྱང་ཆུབ་མཆོག་

གི་སྐལ་བ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྐྱེ་བ་གཅིག་ལ་མཚན་ལྔ་ཐོབ་པའི་སློབ་དཔོན་དེའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་འགྱུར། ཕྱིས་སློབ་དཔོན་འཕགས་པ་མཆོག་གིས་ཞུས་ནས་གཏན་ལ་ཕབ་སྟེ་འགྱུར་ཕྱི་མ་ཡང་ཡིན་ནོ། །འཕགས་

པ་འཇམ་དཔལ་གྱི་རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་ཤཱནྟིཾ་གརྦྷས་མཛད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་གསང་བ་ལྡན་པའི་སྒྲུབ་པའི་ཐབས་ཀྱི་འགྲེལ་པ་ཡེ་ཤེས་གསལ་བ་ཞེས་བྱ་བ་དང༌། སྒྲུབ་ཐབས་གསང་བ་ལྡན་པའི་ཐིག་གི་ཆོ་ག །སྤྱན་དབྱེ་

བའི་ཆོ་ག་རབ་གནས་བཅས་པ་རྣམས་པཎྜི་ཏ་སྨྲྀ་ཏིས་མཛད་ནས། དེ་ཉིད་ཀྱིས་སྒྲ་རང་འགྱུར་དུ་བསྒྱུར་བ། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཞེས་བྱ་བ་དགེ་བསྙེན་མ་སྙན་གྲགས་དགེ་མས་མཛད་པ། འཕགས་པ་འཇམ་དཔལ་རིན་པོ་ཆེའི་ཆོ་ག་དགེ་བསྙེན་མ་གྲགས་སྦྱིན་མས་

མཛད་པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། མཚན་བརྗོད་འགྲེལ་ཆེན་གྱི་སྐོར་ལ། ནམ་མཁའ་དྲི་མ་མེད་པ་ཤིན་ཏུ་ཡོངས་སུ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་སློབ་དཔོན་འཇམ་དཔལ་གྲགས་(*དཔེ་དངོས་པ་མཛད་འགྱུར་ཅི་ཡང་འདུས།)པས་མཛད་པ། པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར།

เล่ม ๒๑๓ · หน้า 399b

དེ་དག་དང་རྗེས་སུ་མཐུན་པ་དཔལ་འཇམ་པའི་རྡོ་རྗེ་འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་སེམས་ཅན་ཐམས་ཅད་ཀྱི་བདེ་བ་སྐྱེད་པ་ཞེས་བྱ་བ་རྣམས་བཞུགས་སོ།། །།ཅུ་པ་ལ། མཚན་བརྗོད་འགྲེལ་པ་ཆུང་བའི་སྐོར་ལ། བྱང་ཆུབ་ཀྱི་སེམས་སྒོམ་པ་དང༌། འཕགས་པ་འཇམ་

དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཆོ་ག་མདོ་དང་བསྲེས་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། མཚན་བརྗོད་འགྲེལ་པ་བར་པའི་སྐོར། གསང་ལྡན་གྱི་དཀའ་འགྲེལ་དོན་བསྡུས་སྒྲོན་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དེ་ཝ་ཨཱ་ཀ་ར་ཙནྡྲ་དང༌། ལོ་ཙཱ་

བ་ཀློག་སྐྱའི་འགྱུར། གསང་ལྡན་གྱི་ཐོ་ཡིག་དོན་བསྡུས་སུ་མཛད་པ། སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། དེ་ཉིད་ཀྱི་རང་འགྱུར། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་པཎྜི་ཏ་ཤཱནྟིཾ་གརྦྷས་མཛད་པ། ལོ་ཙཱ་བ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། འཕགས་

པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་གསང་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཆེན་པོ་པྲཛྙཱ་གུ་རུས་མཛད་པ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འཁོར་ལོའི་རིམ་པ། མཚན་(*མ་བྱུང༌།)བརྗོད་ཀྱི་སྒྲུབ་ཐབས་རྡོ་རྗེ་ལས་བསྒྲུབ་ཀྱིས་མཛད་པ། འཕགས་

པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ་སློབ་དཔོན་ཟླ་བཟངས་གྲགས་པས་མཛད་པ། ཁ་ཆེའི་མཁན་པོ་པཎྜི་ཏ་མ་ཧཱ་ཛ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་གཞོན་ནུའི་འགྱུར། མཚན་བརྗོད་ཀྱི་འགྲེལ་པ་ཨ་ཝ་དྷཱུ་ཏཱི་པའི་རྗེས་སུ་འབྲང་བའི་སྐོར་ལ། འཕགས་པ་འཇམ་

དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། ཡང་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག །འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཁོ་ན་ཉིད་ཅེས་བྱ་བའི་སྒྲུབ་ཐབས་རྣམས་སློབ་དཔོན་གཉིས་

སུ་མེད་པ་སྦས་པས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོའི་འགྱུར། སྦྱིན་སྲེག་གི་ཆོ་ག་མདོར་བྱས་པ་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་པོའི་སངས་རྒྱས་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཨ་ཝ་དྷཱུ་ཏཱིས་

เล่ม ๒๑๓ · หน้า 400a

མཛད་པ། དྷརྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། མཆོད་རྟེན་སྒྲུབ་པའི་ཆོ་ག་མདོར་བསྡུས་པ་སློབ་དཔོན་ཨ་བ་དྷཱུ་ཏཱི་པས་མཛད་པ། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་ཞེས་བྱ་བ་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་

ཨཱ་ཤྭ་ཀ་ཤྲཱི་དང༌། ལོ་ཙཱ་བ་འ་ཞ་རྒྱ་གར་བརྩེགས་ཀྱིས་འགྱུར། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཨ་ཤོ་ཀ་ཤྲཱིས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་མི་གཡོ་བའི་སྒྲུབ་ཐབས།

གཏོར་མའི་ཆོ་ག །འཕགས་པ་འཇམ་དཔལ་གྱི་སྤྱོད་ལམ་གྱི་ཆོ་ག །འཇམ་དཔལ་རྡོ་རྗེའི་བུམ་པའི་ཆོ་ག་རྣམས་སློབ་དཔོན་ཆེན་པོ་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། དཔལ་ཨཽ་རྒྱན་གྱི་མཁན་པོ་ཆེན་པོ་དྷརྨ་ཤྲཱི་མི་ཏྲའི་ཞལ་སྔ་ནས་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་

བསྒྱུར་བ། ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་སློབ་དཔོན་གཉིས་སུ་མེད་པའི་སྦས་པས་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་མགར་ཆོས་བཟང་གི་འགྱུར། འདིའི་དགྲ་ནག་འཇིགས་བྱེད་རྣམས་ཀྱང་འདི་ཉིད་དུ་བཞུགས་པར་བྱའི། གཞན་དུ་མི་འཁྱར་བར་བྱའོ་ཞེས་བུ་སྟོན་གྱིས་

གསུངས། མཚན་ཡང་དག་པར་བརྗོད་པ་སྒྲུབ་པའི་ཐབས་སློབ་དཔོན་མི་གཡོ་སེང་གེས་མཛད་པ། མར་པ་དོ་པའི་འགྱུར། མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་ཞེས་བྱ་བ་པྲ་བྷཱ་ཀ་རས་མཛད་པ། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་ཐར་

པ་གླིང་གི་གཙུག་ལག་ཁང་ཆེན་པོར་བསྒྱུར་བ། མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་སྒྲུབ་ཐབས་གཉན་དར་མ་གྲགས་ཀྱི་རང་འགྱུར། མཚན་ཡང་དག་པར་བརྗོད་པ་ཀློག་པའི་མན་ངག་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། རྣམ་པ་ཉི་ཤུས་བྱང་ཆུབ་རིམ་པས་བཅོམ་ལྡན་

འདས་འཇམ་དཔལ་སྒྲུབ་པའི་ཐབས། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་

เล่ม ๒๑๓ · หน้า 400b

འཁོར་ཐམས་ཅད་ལ་བསྟོད་པ་རྣམས་སློབ་དཔོན་སོ་མ་ཤྲཱིས་མཛད་པ། རྒྱ་གར་གྱི་མཁན་པོ་མ་ཧཱ་ཛཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་གཞོན་ནུ་འོད་ཀྱི་འགྱུར། འཇམ་དཔལ་གྱི་གཏོར་མའི་ཆོ་ག་གཅིག་རྣམས་སོ། །མཚན་ཡང་དག་པར་བརྗོད་པ་རྣལ་འབྱོར་གྱི། །རྒྱུད་དུ་བཀྲལ་བའི་འགྲེལ་སྐོར་བཅུ་གཉིས་དང༌། །སྒྲུབ་

སྐོར་ལ་སོགས་བརྒྱད་ཅུ་རྩ་གསུམ་སྟེ། །དྲིལ་བས་ཆོས་སྐོར་དགུ་བཅུ་རྩ་ལྔ་བཞུགས། །དེ་དག་གིས་ནི་འཇམ་དཔལ་མཚན་བརྗོད་རྣལ་འབྱོར་གྱི་རྒྱུད་དུ་བསྟན་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་བཀོད་ཟིན་ཏོ།། །།དེ་ལྟར་མཚན་བརྗོད་རྣལ་འབྱོར་གྱི་རྒྱུད་དུ་བསྟན་པའི་ཆོས་སྐོར་རྣམས་

བཀོད་ནས། ད་ནི་ཐམས་ཅད་གསང་བ་དང་ངན་སོང་སྦྱོང་བའི་རྒྱུད་ཀྱི་སྐོར་ལ། དཔལ་ཐམས་ཅད་གསང་བའི་བཤད་སྦྱར་གསང་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར།

རྩ་རྒྱུད་དེ་ཉིད་བསྡུས་པའི་དུམ་བུ་གཉིས་པ་ཁམས་གསུམ་རྣམ་རྒྱལ་གྱི་དུམ་བུ་ལས། ངན་འགྲོ་དགུག་ཅིང་སྡིག་པ་སྦྱོང་བ་ལས་འཕྲོས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་སྐོར་ལ། ངན་སོང་ཡོངས་སུ་སྦྱོང་བའི་དོན་གྱི་འབྲུ་འགྲེལ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་

ཟེར་བ། འདི་པཎྜི་ཏས་ཆོས་གསུང་བ་ལ་ལོ་ཙཱ་བས་ཟིན་བྲིས་སུ་བྱས་པ་ཡིན་ནམ་ཡང་ཟེར། འཕགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་ཆོ་ག་ཞིབ་མོའི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་པ་སྙིང་པོ་རྣམ་པར་བཤད་པ་ཞེས་བྱ་བ་ཛ་ལནྡྷ་རའི་རྡོ་རྗེ་སློབ་དཔོན་

ཀཱ་མ་དྷེ་ནུ་པ་ཞེས་བྱ་བའི་ཞལ་སྔ་ནས་མཛད་པ། ཨཱ་ཙཱརྻ་བི་ན་ཡ་ཙནྡྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་འཕེན་ཡུལ་རྒྱལ་གྱི་ལུག་ལྷས་སུ་བསྒྱུར་བ་རྣམས་བཞུགས་སོ།། །།ཆུ་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྣམ་པར་བཤད་པ་མཛེས་པའི་རྒྱན་ཞེས་བྱ་བ་སློབ་དཔོན་ཆེན་པོ་རྡོ་རྗེ་གོ་ཆའི་སློབ་མ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ཟེར་བ་དང༌། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་

เล่ม ๒๑๓ · หน้า 401a

པོའི་བརྟག་པ་སྣང་བའི་རྒྱན་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་སུ་བིདྱཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དབང་ཕྱུག་རྒྱལ་མཚན་གྱི་འགྱུར་ཟེར་བ་གཉིས་བཞུགས་སོ། །འདི་ལ་ཀུན་མཁྱེན་བུས་སྦྱོང་རྒྱུད་ཀྱི་བཤད་པ་བྱེད་ལུགས་ཅུང་འདི་ཉིད་

ལེགས་པར་གསུངས་པ་དང༌། ངོར་པ་རྡོ་རྗེ་འཆང་ཡབ་སྲས་ཀྱིས་འཁྱིན་ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱིས་བྱས་ནས་ཀུན་དགའ་སྙིང་པོ་ལ་ཁ་འཕངས་པའི་བོད་མར་བཞེད་དོ། །འོན་ཏེ་སྔོན་གྱི་རྣམས་ཀྱིས་ཁུངས་མར་བཟུང་སྟེ་བཅུག་པ་ལྟར་འདིར་བྲིས་སོ།། །།ཇུ་པ་ལ། དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་བརྟག་པའི་བཤད་པ་ཞེས་ཀྱང་བྱ། གསལ་བའི་སྒྲོན་མ་ཞེས་ཀྱང་བྱ་བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་ཟེར་བ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་

ཤ་དང༌། བོད་ཀྱི་ལོ་ཙཱ་བ་ཁྱུང་པོ་ཆོས་བརྩོན་གྱི་འགྱུར། དཀྱིལ་འཁོར་སྤྱིའི་རིམ་པ་སློབ་དཔོན་སུ་ར་བྷ་དྲས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་རིག་པ་གཞོན་ནུའི་འགྱུར། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་ཀུན་

དགའ་སྙིང་པོས་མཛད་ཟེར་བ་གཙུག་དགུའི་གཞུང་དང་ཆ་འདྲ་བ། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར་ཟེར། དཔེ་ལ་ལ་ན་པཎྜི་ཏ་སུ་བྷཱུ་ཏི་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ཟེར་བ་སྣང་ངོ༌། །དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་

ཐུགས་རྗེའི་ཕྲེང་བ་ཞེས་བྱ་བ་རྡོ་རྗེ་གོ་ཆའི་སློབ་མ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་ཟེར་བ། རྒྱ་གར་གྱི་མཁན་པོ་ཀི་རེ་ཎ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱི་འགྱུར། འདི་གཉིས་སྔ་མ་ཅུང་དྲག་པར་སྣང་ངོ༌། །དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་

བའི་རོའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་ཟེར་བ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། དགེ་སློང་རིན་ཆེན་བཟང་པོའི་འགྱུར། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཤི་བའི་སྦྱིན་སྲེག་གི་ཆོ་གའི་ལས་ཀྱི་རིམ་པ་མདོ་དང་བསྲེས་ནས་སློབ་དཔོན་ཀུན་དགའ་

เล่ม ๒๑๓ · หน้า 401b

སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ངན་སོང་ཐམས་ཅད་སྦྱོང་བའི་ཐབས་ཞེས་བྱ་བའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་སྐལ་བཟང་དགའ་བས་མཛད་པ། རྒྱ་གར་གྱི་མཁས་པ་ཆེན་པོ་

བླ་མ་ནི་ན་ཤྲཱི་དང༌། ལོ་ཙཱ་བ་དགེ་སློང་གཡུ་རུང་འོད་ཀྱི་འགྱུར། གཙུག་ཏོར་དགུའི་རྒྱུད་ལ་བརྟེན་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྻ་བུདྡྷཱ་ཤྲཱི་ཤཱནྟི་དང༌། བོད་ཀྱི་ལོ་

ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། འདི་རྩོད་མེད་ཡང་དག་པ་ཡིན་ནོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། རྒྱ་གར་གྱི་མཁན་པོ་སངས་རྒྱས་གསང་བ་དང༌། མཉྫུ་ཤྲཱི་ཝརྨ་དང༌།

བྲན་ཀ་མུ་ཏིའི་འགྱུར། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དྷརྨ་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དྷརྨ་པཱ་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་

བའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཀྱི་འགྲེལ་པ་ཡན་ཆད་རྫོགས་པའི་འཕྲོ་གཅིག་སློབ་དཔོན་ཀུན་སྙིང་གིས་མཛད་ཟེར་བ། འདི་བོད་མ་འདྲ་བ་ཅིག་འདུག་སྟེ་སྔར་གྱི་རྣམས་ཀྱིས་ཀྱང་བྲིས་འདུག་པས་བྲིས་སོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཆོ་ག་མདོར་བསྡུས་པ་རྒྱ་གར་གྱི་

མཁན་པོ་ཨཱ་ནནྡ་པ་ར་ཧི་ཏའི་ཞལ་སྔ་ནས་མཛད་པ། ངན་སོང་སྦྱོང་མ་བྱུང༌་བའི་སྒྲུབ་པའི་ཐབས་ཞེས་བྱ་བ་པཎྜི་ཏ་འགྲོ་ཀུན་བཟང་པོས་མཛད་པ། དཔལ་ལྡན་བྱང་ཆུབ་རྩེ་མོའི་བཀའ་དྲིན་ལས་ལོ་ཙཱ་བ་མངའ་རིས་པ་རྡོ་རྗེ་དཔལ་གྱིས་བསྒྱུར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་

སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བཻ་རོ་ཙ་ན་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་གླན་ཆུང་གི་འགྱུར་ལ། སླད་ཀྱིས་སྟག་ལོ་ཙཱ་བས་བཅོས་པ། དེ་ལ་བརྟེན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་པོའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཱ་རི་ཀ་

เล่ม ๒๑๓ · หน้า 402a

པས་མཛད་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྡོ་རྗེ་ལྟ་བུ་ཞེས་བྱ་བ་དཔལ་ཀམྤ་ལས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། དེ་ཁོ་ན་ཉིད་

གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ་དཔལ་ཀམྤ་ལའི་ཡུམ་གྱིས་མཛད་པ། མདོ་རྒྱས་འབྲིང་གི་གླེང་གཞིའི་སངས་རྒྱས་བྱང་སེམས་རྣལ་འབྱོར་རྒྱུད་དུ་དགོངས་པ་བཀྲལ་ཏེ་དཀྱིལ་འཁོར་ལ་བཀོད་ནས་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་

བ་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ་དང༌། དེ་ལ་བརྟེན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་རཏྣ་ཀཱིརྟིས་མཛད་པ། བལ་པོ་མ་ཧཱ་པ་ནའི་རང་འགྱུར། རབ་གནས་ཀྱི་ཆོ་ག་མདོར་བསྡུས་པ་སློབ་དཔོན་དད་པའི་འབྱུང་

གནས་གོ་ཆས་མཛད་པ། རྒྱ་གར་གྱི་མཁན་པོ་ཀན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་རྣལ་འབྱོར་གྱི་རྒྱུད་དུ་དགོངས་པ་བཀྲལ་བ་རྒྱ་གར་གྱི་མཁན་པོ་ཛྙཱ་ན་མི་ཏྲས་མཛད་པ།

ཡི་གེ་བརྒྱ་པའི་ཆོ་ག་སློབ་དཔོན་པདྨའི་རྡོ་རྗེ་ལྕགས་ཀྱུས་སྟོང་ཕྲག་བརྒྱ་པ་ལས་ཇི་སྙེད་པ་རྣམས་བརྗེད་དུ་དོགས་ནས་བྲིས་པ། ཡང་ཡི་གེ་བརྒྱ་པའི་ཆོ་ག་བསྡུས་པ། བཟླས་པའི་ཕྲེང་བའི་མཚན་ཉིད། སྐུ་ཁྲུས་ཀྱི་ཆོ་ག་རྣམས་པཎྜི་ཏ་པ་ར་ཧི་ཏ་དང༌། ལོ་ཙཱ་བ་ནག་ཚོ་དགེ་སློང་ཤེས་རབ་རྒྱལ་

མཚན་གྱི་འགྱུར། གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས་བྱུང་བའི་མཆོད་རྟེན་སྒྲུབ་པའི་ཆོ་ག་རྣལ་འབྱོར་གྱི་རྒྱུད་དང་བསྡེབས་ཏེ་སློབ་དཔོན་ཞི་བ་སྙིང་པོས་མཛད་པ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པར་བྱེད་པའི་གཟུངས་རྣལ་འབྱོར་གྱི་རྒྱུད་དུ་དགོངས་པ་བཀྲལ་བ་མི་འཁྲུགས་པའི་སྒྲུབ་

ཐབས་ཞེས་བྱ་བ་རྒྱས་པ་དང༌། མི་འཁྲུགས་པའི་སྒྲུབ་ཐབས་བསྡུས་པ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། དེའི་དཀྱིལ་ཆོག་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ་ཞེས་

เล่ม ๒๑๓ · หน้า 402b

པའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་མར་མེ་མཛད་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། མི་འཁྲུགས་པའི་སྒྲུབ་ཐབས་སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པ་དང༌། མི་འཁྲུགས་པའི་སྒྲུབ་ཐབས་སློབ་དཔོན་ཛེ་ཏཱ་རིས་མཛད་པ། བླ་མ་གཉེན་དར་

མ་གྲགས་ཀྱི་རང་འགྱུར། ཡང་མི་འཁྲུགས་པའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ལོ་ཆུང་ལེགས་པའི་ཤེས་རབ་ཀྱི་འགྱུར་བ་འདི་མཛད་བྱང་མེད་པས། སྔར་གྱི་རྣམས་ཀྱི་བྲིས་འདུག་པས་བཞུགས་སུ་བཅུག་པ་ཡིན། རྒྱན་དམ་

པ་སྣ་ཚོགས་པ་རིམ་པར་ཕྱེ་བ་བཀོད་པ་རྒྱ་གར་གྱི་མཁན་པོ་སྠི་ར་མ་ཏིས་ཡོ་གའི་གཞུང་རྒྱུད་ཕྱི་ནང་ལས་ངེས་དོན་མདོར་བསྡུས་ཏེ་མཛད་པ། བམ་པོ་གཅིག་པ། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་སྐད་ཕྱི་མོ་དང་གཏུགས་པའི་འགྱུར་ཡིན་ཟེར་བ། འདི་རྙིང་མའམ་བོད་མ་ཅིག་ཡིན་པ་འདྲ་སྟེ།

སྔར་གྱི་རྣམས་ཀྱིས་བྲིས་འདུག་པས་བཞུགས་སུ་བཅུག་པ་རྣམས་སོ། །ཐམས་ཅད་གསང་བ་ངན་སོང་སྦྱོང་རྒྱུད་དང༌། །ཤེར་ཕྱིན་མི་འཁྲུགས་པ་ལ་སོགས་པའི་གཞུང༌། །འགྲེལ་པ་དག་དང་སྒྲུབ་ཐབས་ལ་སོགས་སྐོར། །རྣམ་གྲངས་བཞི་བཅུ་ཐམ་པ་ལེགས་པར་བཞུགས། །དེ་དག་གིས་

ནི་ཐམས་ཅད་གསང་བ་དང་ངན་སོང་སྦྱོང་བ་ལ་སོགས་པའི་ཆོས་སྐོར་བཞུགས་པའི་རྣམ་གྲགས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་ཐམས་ཅད་གསང་བ་དང་སྦྱོང་རྒྱུད་ལ་སོགས་པའི་ཆོས་སྐོར་རྣམས་བཀོད་ནས། སྤྱོད་པའི་རྒྱུད་ཀྱི་སྐོར་ལ། ཉུ་པ་ལ། རྩ་བའི་རྒྱུད་ལས་རྣམ་པར་སྣང་

མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་པའི་དོན་སློབ་དཔོན་ཤྲཱི་བུདྡྷ་གུ་ཧྱས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏའི་འགྱུར། འདི་ལ་ཤློ་ཀ་ཉིས་སྟོང་སུམ་བརྒྱ་ཡོད་དོ། །རྣམ་པར་སྣང་མཛད་མངོན་པར་

བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་སངས་རྒྱས་གསང་བས་མཛད་པའི་སྟོད་དུམ་བཞུགས།། །།ཏུ་པ་ལ། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཆེན་པོའི་འགྲེལ་བཤད་ཀྱི་སྨད་དུམ་སློབ་དཔོན་སངས་རྒྱས་གསང་བས་ཕྱིན་ཅི་མ་ལོག་པར་མཛད་པ།

เล่ม ๒๑๓ · หน้า 403a

དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བསྟན་བཅོས་བོད་ཀྱི་ཡུལ་དུ་འགྱུར་བ་ཇི་སྙེད་པ་བསྡུས་པའི་ཚེ་འགྲེལ་པ་འདིའི་དཔེ་ཕྱི་མོ་མ་དག་ཅིང་གོང་འོག་འཁྲུགས་ལ་བར་བར་ནས་ཅུང་ཟད་མ་ཚང་བ་ལ་བརྟེན་པས་བསྟན་འགྱུར་ཐམས་ཅད་དུ་མ་དག་པ་བརྒྱུད་པ་དང༌། སྐད་

གསར་ཆད་ཀྱིས་གཏན་ལ་མ་ཕབ་པའི་འགྱུར་ཡང་མི་བདེ་བ་ཞིག་སྣང་བས། སྐད་གཉིས་སྨྲ་བའི་དབང་པོ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའི་རྒྱུད་ཀྱི་ཚིག་དང་བསྟུན་ཏེ་སྐད་གསར་བཅད་དང་མཐུན་པར་བཅོས་པ་འདི་ནི་ཡུལ་དབུས་ཀྱི་ལོ་ཙཱ་བ་གཞོན་ནུ་དཔལ་ཞེས་བྱ་བས་དཔལ་རྩེ་ཐང་གི་གཙུག་

ལག་ཁང་དུ་བྲིས་པ་ཞེས་པའི་མཐའ་ཅན། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པར་རྟོགས་པའི་མཆོད་པའི་ཆོ་ག་སློབ་དཔོན་སྐལ་བཟང་རབ་དགས་མཛད་པ། རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། རྣམ་པར་སྣང་མཛད་ཀྱི་

སྒྲུབ་པའི་ཐབས་ཀྱི་ཆོ་ག་སློབ་དཔོན་རྒྱལ་བའི་འོད་ཀྱིས་མཛད་པ། འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་སྒྲུབ་ཐབས་དང་ལས་ཀུན་གྱི་གཏེར་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་ལྷ་སྦས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པདྨཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིག་པ་གཞོན་ནུའི་འགྱུར།

འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་དོན་ཡོད་པའི་ཞབས་ཀྱིས་མཛད་པ། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་པོའི་སྦྱིན་སྲེག་གི་ཆོ་ག་དང༌། དངོས་གྲུབ་ཀྱི་ཚུལ་ངེས་པར་བསྟན་པ་ཞེས་བྱ་བ་སློབ་དཔོན་དོན་ཡོད་ཞབས་ཀྱིས་

མཛད་པ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་གཤམ་མ་ཚང་བ་ཅིག་རྣམས་བཞུགས་སོ། །རྣམ་སྣང་མངོན་བྱང་རྒྱུད་འགྲེལ་ལ་སོགས་སྐོར། །བཞི་དང་འཇམ་དཔལ་གསང་རྒྱུད་ཆོས་སྐོར་བཞི། །ཁྲོ་བོ་རྣམ་རྒྱལ་རྟོག་པའི་འགྲེལ་པ་གཅིག །སྤྱོད་པའི་

རྒྱུད་ཀྱི་ཆོས་སྐོར་དགུ་བཞུགས་སོ། །དེ་དག་གིས་ནི་རྣམ་སྣང་མངོན་བྱང་སོགས་སྤྱོད་པའི་རྒྱུད་ཀྱི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་སྤྱོད་པའི་རྒྱུད་ཀྱི་ཆོས་སྐོར་རྣམས་བཀོད་ནས། བྱ་བའི་རྒྱུད་ཀྱི་སྐོར་ལ། ཐུ་པ་ལ། བྱ་བ་སྤྱིའི་རྒྱུད་བསམ་

เล่ม ๒๑๓ · หน้า 403b

གཏན་ཕྱི་མ་རིམ་པར་ཕྱེ་བ་རྒྱ་ཆེར་བཤད་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར། འཕགས་པ་དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་སློབ་དཔོན་སངས་རྒྱས་གསང་

བས་མཛད་པ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་ཚིག་གི་དོན་བཤད་པའི་བརྗེད་བྱང༌། འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་དགྲོལ་བའི་བརྗེད་བྱང༌། འདི་བོད་ཀྱིས་བྱས་པ་ཡིན་ནམ་སེམས། སོ་སོའི་དགོངས་འགྲེལ་ལ། དང་པོ་སྐུའི་

རིགས་འཇམ་དཔལ་གྱི་སྐོར་ལ། དཔའ་བོ་གཅིག་ཏུ་སྒྲུབ་པའི་རྒྱུད་ཀྱི་འགྲེལ་པ་གཙུག་ལག་ཁང་ཛ་ག་ཏ་ལའི་པཎྜི་ཏ་སུ་བྷཱ་ཀ་ར་ཞེས་བྱ་བས་མཛད་པ། པཎྜི་ཏ་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པ་ལ། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ལེགས་པར་ཞུས་པ། གསུང་གི་རིགས་ཐུགས་རྗེ་ཆེན་པོའི་

འགྲེལ་པ་ནི་མི་སྣང་ངོ༌། །ཐུགས་ཀྱི་རིགས་ཕྱག་ན་རྡོ་རྗེའི་སྐོར་ལ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་སེང་གེས་ཤྲཱི་ནཱ་ལེནྡྲར་བསྒྱུར་ཅིང་

ཞུས་པ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་ཀྱི་འགྲེལ་པ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་ཀརྨ་བཛྲས་མཛད་པ། དཔལ་འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་བློ་བཟང་སྐྱོང་གིས་མཛད་པ། ཤློ་ཀའི་གྲངས་ཚིགས་བཅད་བདུན་བརྒྱ་པ། རྒྱ་གར་

གྱི་པཎྜི་ཏ་སྒྲ་པཱ་ཎི་ནི་ཡོངས་སུ་རྫོགས་པའི་སྙན་ངག་དང་ཚིག་གི་སྡེབ་ལ་མཁས་པ་ནོན་ནི་པཎྜི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་རི་བོ་ཆེན་པོ་སྤུ་ཏྲའི་མགུལ་དུ་བསྒྱུར་བ། ཕྱག་ན་རྡོ་རྗེ་དང་ཕྱོགས་མཐུན་པ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་སྐོར་ལ། རྡོ་རྗེ་རྣམ་

པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ་སློབ་དཔོན་བོ་དྷི་ས་ཏྭས་མཛད་པ། དེ་ཉིད་དང༌། ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་གསང་སྔགས་མཐའ་དག་ལ་མངའ་བརྙེས་པའི་སློབ་དཔོན་ཆེན་

เล่ม ๒๑๓ · หน้า 404a

པོ་པདྨ་འབྱུང་གནས་ཀྱིས་མཛད་པ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་རིན་པོ་ཆེ་གསལ་བ་ཞེས་བྱ་བའི་རྒྱུད་ཀྱི་གྲུབ་པ་སངས་རྒྱས་གསང་བས་མཛད་པ། མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་ད་བས་མཉྫུ་ཤྲཱི་ཝརྨའི་འགྱུར་ལ། ཕྱིས་པཎྜི་ཏ་

འཇོན་ཏེ་ཏའུ་ལ་དང༌། ལོ་ཙཱ་བ་འོག་བསོད་ནམས་མོས་པའི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རྣམ་པར་བཤད་པ་དང༌། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་རྣམ་པར་བཤད་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་

གཟུངས་ཀྱི་འགྲེལ་པ་སློབ་དཔོན་ཆེན་པོ་རྡོ་རྗེ་གོ་ཆས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྣམ་པར་བཤད་པ་སློབ་དཔོན་བདེ་བའི་མྱུ་གུས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་

གཟུངས་ཀྱི་འགྲེལ་པ་དང༌། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་མན་ངག་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་ཀྱི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་གཟུངས་ཀྱི་འགྲེལ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ས་ཝ་རི་པས་མཛད་པ། པཎྜི་ཏ་དེ་ཝ་པུཎྱ་

མ་ཏི་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོའི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བའི་རྒྱ་ཆེར་འགྲེལ་པ་གསལ་བའི་སྒྲོན་མེ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཐེག་པ་ཆེན་པོའི་གསང་སྔགས་ལ་མཁས་པ་སློབ་དཔོན་བུདྡྷ་གུ་ཧྱ་དང༌།

བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་སྐ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར་ལ། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཆེན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་མཁས་པ་ཆེན་པོ་རིན་ཆེན་བཟང་པོས་རྒྱ་དཔེ་དང་གཏུགས་ནས་བཅོས་ཟེར་བ། དེ་དག་དང་འབྲེལ་བའི་གཙུག་ཏོར་ལ་སོགས་པའི་གཟུངས་ཀྱི་སྐོར་ལ། ཀུན་ནས་

སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ་སློབ་དཔོན་ཆེན་པོ་དངོས་གྲུབ་ཐོབ་པ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། པཎྜི་ཏ་ཛ་ཡ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཚུལ་ཁྲིམས་

เล่ม ๒๑๓ · หน้า 404b

བརྩེགས་ཀྱི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་ཞེས་བྱ་བའི་འགྲེལ་པ་སློབ་དཔོན་ཤཱུ་རངྒ་ཝརྨ་བཛྲས་མཛད་པ། ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ།། །།དུ་པ་ལ། སྟོང་ཆེན་མོ་རབ་ཏུ་འཇོམས་པའི་

མདོའི་འབུམ་འགྲེལ་ལས་ཀྱི་རྡོ་རྗེས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེའི་རང་འགྱུར། རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་མདོའི་འབུམ་འགྲེལ། གསང་སྔགས་ཆེན་མོ་རྗེས་སུ་འཛིན་པའི་མདོའི་འབུམ་འགྲེལ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བསིལ་བའི་ཚལ་གྱི་མདོའི་འབུམ་འགྲེལ་ཞེས་བྱ་བ་

རྣམས་སློབ་དཔོན་མཁས་པ་ཆེན་པོ་ལས་ཀྱི་རྡོ་རྗེས་མཛད་པ། པཎྜི་ཏ་མཁས་པར་གྲགས་པ་མི་མཉམ་རྡོ་རྗེའི་སྲས་སྐྱེ་བ་ལྔ་བརྒྱར་སྦྱངས་པའི་འབྲས་བུ་ལྔ་རིག་ལ་མ་རྨོངས་ཤིང་གསང་སྔགས་གདམས་པ་ཐུགས་ལ་མངའ་བའི་མཚན་དོན་ཡོད་རྡོ་རྗེར་གྲགས་པས་བོད་ཡུལ་དུ་བྱོན་ནས།

འཛམ་གླིང་བྱང་ཕྱོགས་ཀྱི་བྲག་དམར་དཔལ་བསམ་ཡས་སུ་རྒྱལ་པོ་ཁྲི་པའི་གདུང་བརྒྱུད་ཀྱི་སྲས་ལྷ་གཅིག་ལྷ་ལྕམ་དར་སྒྲོན་གྱི་ཕོ་བྲང་རྡོ་ལུང་དགོན་པར་རང་འགྱུར་དུ་མཛད་པ་རྣམས་བཞུགས་སོ།། །།ནུ་པ་ལ། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་

པ། འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་རྣམ་པར་བཤད་པའི་ཚིག་ལེའུར་བྱས་པ་དང༌། འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་

པའི་འགྱུར། ཆོས་མ་བྱུང༌། སྤྱོད་ཐམས་ཅད་ཀྱི་མངོན་པར་རྟོགས་པའི་མན་ངག་གི་རྒྱུད་ཀྱི་འགྲེལ་པ་གཟི་བརྗིད་སྣང་བ་ཞེས་བྱ་བ་ཀླུའི་དབང་ཕྱུག་གིས་མཛད་པ། དགེ་ཚུལ་ཁྱུང་གྲགས་ཀྱི་འགྱུར། འདི་རྩ་འགྲེལ་གཉིས་ཀ་རྫུན་མ་ཡང་དག་པ་ཅིག་འདུག་སྟེ། ནག་ཚོ་ལོ་ཙཱ་བ་ཡང་དག་ཏུ་བཞེད་པ་ཡིན་ཟེར་

ནས། སྔར་གྱི་རྣམས་ཀྱིས་བྲིས་འདུག་པས་འདིར་ཡང་བཞུགས་སུ་བཅུག་པ་ཡིན་ནོ། །དེ་ལྟར་བྱ་བའི་རྒྱུད་སོ་སོའི་འགྲེལ་པ་རྣམས་བཀོད་ནས། ད་ནི་དེ་དག་གི་སྒྲུབ་ཐབས་དཀྱིལ་ཆོག་ལ་སོགས་པའི་སྐོར་ལ། བྱ་བའི་རྒྱུད་ཀྱི་ལྷ་གསུམ་ཚན་ལྔར་གྲགས་པ་ལས། དང་པོ་རིགས་ཀྱི་གཙོ་

เล่ม ๒๑๓ · หน้า 405a

བོ་གསུམ་ལ། སྐུའི་རིགས་ཀྱི་གཙོ་བོ་རྣམ་པར་སྣང་མཛད་ཡིན་པས། དེ་དང་ཕྱོགས་མཐུན་པ་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཀེ་དྷ་ར་ཎ་དྷིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཔལ་གོ་མི་འཆི་མེད་དང༌། བོད་ཀྱི་ལོ་ཙཱ་བ་བློ་ལྡན་

ཤེས་རབ་ཀྱི་འགྱུར། འདི་སྤྱོད་པའི་རྒྱུད་དང་བསྐྱེད་ཆོག་རྣམས་མཐུན་པར་བཀོད་འདུག་ནའང༌། རྒྱུད་འགྲེལ་དག་ལས་དམ་ཚིག་གསུམ་བཀོད་བྱ་རྒྱུད་དུ་གསུངས་འདུག་པས་འདིར་བྲིས་སོ། །གསུང་གི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་ཀྱི་སྐོར་ལ། ཚེ་དཔག་མེད་ལ་བསྟོད་པ། འཕགས་པ་ཚེ་དང་ཡེ་ཤེས་

དཔག་ཏུ་མེད་པའི་སྒྲུབ་ཐབས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་བྲམ་ཟེ་ནམ་མཁའི་དབྱིངས་ཀྱི་བུའི་ཆེད་དུ་མཛད་པ་རྣམས་རྒྱ་གར་གྱི་མཁན་པོ་ཤྲཱི་མཉྫུ་དང༌། ལོ་ཙཱ་བ་ལྕེ་དགའ་བའི་དཔལ་གྱི་འགྱུར། རིགས་ཀྱི་བདག་པོ་གསུམ་

ལ། སྐུའི་རིགས་ཀྱི་བདག་པོ་འཇམ་དཔལ་གྱི་སྐོར་ལ། འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་བ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ། འཇམ་པའི་མ་བྱུང༌། དབྱངས་ཀྱི་དཔྱད་འཕགས་པ་ལྷས་མཛད་པ་ཤློ་ཀ་བརྒྱ་པ། འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་སློབ་དཔོན་

ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། འཇམ་དབྱངས་སྨྲ་བའི་སེང་གེའི་སྒྲུབ་ཐབས་རྗེ་བཙུན་དམ་པ་རྒྱ་གར་གྱི་གདམས་པ། ཞ་མ་སེང་རྒྱལ་གྱི་འགྱུར། རྗེ་བཙུན་འཇམ་དཔལ་

ཤེས་རབ་འཁོར་ལོའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཙནྡྲཱ་ཀ་ར་གུཔྟས་མཛད་པ། པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་འགྱུར། འཇམ་དཔལ་གཡོ་བའི་འཁོར་ལོའི་མན་ངག་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ། འཕགས་

པ་འཇམ་དཔལ་ལ་ཁྱེའུ་བཅུ་དྲུག་གིས་བསྟོད་པ། འཕགས་པ་ངག་གི་དབང་ཕྱུག་གཙོ་འཁོར་ལྔ་པའི་བསྟོད་པ་པཎྜི་ཏ་ཐིག་ལེ་བུམ་པས་མཛད་པ། གུར་གུམ་གཞོན་ནུ་ལྟ་བུའི་བསྟོད་པ་སློབ་དཔོན་སེང་གེ་མི་གཡོ་བས་མཛད་པ་རྣམས་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་

เล่ม ๒๑๓ · หน้า 405b

བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ་སྙན་དངགས་མཁན་རྣམས་ཀྱི་གཙུག་གི་ནོར་བུ་བྱང་ཆུབ་སེམས་དཔའི་རིགས་ཅན་མཁས་པ་ཆེན་པོ་ཙནྡྲ་གོ་མིས་མཛད་པ། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་སུ་མ་ཏི་ཀཱིརྟིའི་

ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་དང་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་སློབ་དཔོན་རྡོ་རྗེ་མཚོན་ཆས་མཛད་པ། རྒྱ་གར་གྱི་པཎྜི་ཏ་འབུམ་ཕྲག་གསུམ་པ་དང༌། བོད་ཀྱི་རྔོག་ལོ་ཙཱ་བའི་འགྱུར། འཕགས་པ་འཇམ་

པའི་དབྱངས་ཀྱི་བསྟོད་པ་རྟོག་གེ་པ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཀྱི་ཆོ་ག་སློབ་དཔོན་ཤྲདྡྷཱ་ཀ་ར་ཝརྨས་མཛད་པ། ཨ་ར་པ་ཙ་ནའི་སྒྲུབ་

ཐབས་དངོས་གྲུབ་བརྙེས་པའི་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་བྷཱུ་ཏི་ཙནྡྲ་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱི་འགྱུར། ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་མི་ཕམ་བཤེས་གཉེན་གྱིས་མཛད་པ། ལྷག་པའི་ལྷ་འདི་ཉིད་ཀྱིས་

དངོས་སུ་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་ཤྲཱི་བན་རཏྣའི་བཀའ་དྲིན་ལས། ལོ་ཙཱ་བ་དགེ་སློང་རྒྱ་མཚོས་སྡེས་འགྱུར་རྙིང་ལས་ཅུང་ཟད་བཅོས་ཤིང༌། རྒྱ་དཔེ་དང་རྐང་པ་མཐུན་པར་དཔལ་གནོད་གནས་ཀྱི་གཙུག་ལག་ཁང་ཆེན་པོར་འགྱུར། འཇམ་དབྱངས་དཀར་པོ་མཆོད་པའི་ཆོ་ག་ཞེས་བྱ་

བ་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། པཎྜི་ཏ་ཆེན་པོ་ཤྲཱི་བན་རཏྣའི་སྤྱན་སྔར་ཆོས་འཁོར་ལོ་ཙཱ་བས་བསྒྱུར་བ་ལ། དགེ་སློང་རྒྱ་མཚོ་བཅོས་པ། འཕགས་པ་འཇམ་དཔལ་གྱི་སྒྲུབ་པའི་ཐབས་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་མ་ཏིས་མཛད་པ། རྒྱ་གར་ཤར་

ཕྱོགས་ཀྱི་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་བོད་ཡུལ་གྱི་དབུས་དྲང་སྲོང་སྲིན་པོའི་རིར་ལྷའི་སྐད་ལས་བོད་ཀྱི་བརྡར་འཁྲུལ་པ་མེད་པར་བསྒྱུར་བ། འཕགས་པ་འཇམ་དཔལ་གྱི་བསྟོད་པ་ཞེས་བྱ་བ་དཔལ་ལྡན་མཁས་པ་རྣམས་ཀྱི་ནང་ནས་རྒྱལ་མཚན་རྩེ་མོ་ལྟར་ཤིན་ཏུ་མཐོ་ཞིང་གསལ་བར་གྱུར་

เล่ม ๒๑๓ · หน้า 406a

པའི་པཎྜི་ཏ་ཆེན་པོ་མ་ཏིས་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་དང་བསྟུན་ཏེ་བསྐྱེད་རིམ་གྱི་གསལ་འདེབས་བདེ་བའི་ཏིང་ངེ་འཛིན་གྱི་བསྟོད་པ། པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་ཁྲོ་ཕུ་བ་གནུབས་བྱམས་པའི་དཔལ་གྱིས་སྲིན་པོའི་རིར་བསྒྱུར་བ། འཕགས་པ་ཨ་ར་པ་

ཙ་ནའི་མཆོད་པའི་ཆོ་ག་ཞེས་བྱ་བ། ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གྲུབ་པའི་ཞིང་དམ་པ་མང་ཡུལ་སྐྱིད་གྲོང་འཕགས་པ་འཇིག་རྟེན་དབང་པོའི་གཙུག་ལག་ཁང་ལས་མི་རིང་བའི་ཆེན་པོ་རྣམས་ཀྱི་གདན་ས་དཔལ་ཤེར་གྱི་གཙུག་ལག་ཁང་དུ་བསྒྱུར་བ། གསུང་གི་

རིགས་ཀྱི་བདག་པོ་ཐུགས་རྗེ་ཆེན་པོའི་སྐོར་ལ། འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་བསྟོད་པ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། འཕགས་པ་དོན་ཡོད་ཞགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། འཇིག་རྟེན་མགོན་པོའི་བསྟོད་པ་ཡིད་འཕྲོག་སྡིག་

འཇོམས་ཞེས་བྱ་བ་ཤར་ཕྱོགས་ཝ་རེནྡྲའི་སློབ་དཔོན་མཁས་པ་ཆེན་པོ་ཙནྡྲ་གོ་མིས་མཛད་པ། ཝ་རེནྡྲའི་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལའི་རང་འགྱུར། ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་བསྐུལ་བ་དགེ་བསྙེན་ཆེན་པོ་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་པཱ་ར་མེ་ཤྭ་ར་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་

བཙས་ཀྱི་འགྱུར། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་ཞེས་བྱ་བ་ཙརྦ་ཊིས་མཛད་པ། སྒྲ་མཁན་ཆེན་པོ་རྒྱལ་བའི་སྙན་གྱི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་བསྟོད་པ་པཎྜི་ཏ་ཆེན་པོ་ཨེ་ར་བ་ཏིས་མཛད་པ། རྒྱ་གར་གྱི་

པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་བ་བ་རི་རིན་ཆེན་གྲགས་པའི་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་གྲུབ་ཐོབ་ཆེན་པོ་ཙརྦ་ཊིས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་དང༌། ལོ་ཙཱ་བ་འགོས་གཞོན་ནུ་དཔལ་གྱི་འགྱུར། དཔལ་འཇིག་རྟེན་མགོན་པོ་མཁའ་

ལ་སྤྱོད་པའི་སྒྲུབ་ཐབས་ཞེས་བྱ་བ་གྲུབ་ཆེན་པདྨ་འབྱུང་གནས་ཀྱིས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བན་རཏྣའི་ཞལ་སྔ་ནས་དང༌། ཆོས་འཁོར་ལོ་ཙཱ་བས་བསྒྱུར་བ་ལས། སླད་ཀྱིས་བཙུན་པ་རྒྱ་མཚོས་དག་པར་བཅོས་པ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ་སྙན་དངགས་མཁན་

เล่ม ๒๑๓ · หน้า 406b

ཆེན་པོ་ཤྲཱི་བཛྲ་དེ་ཝ་ཞེས་བྱ་བས་མཛད་པ། རྒྱ་གར་གྱི་མཁན་པོ་སྙན་དངགས་མཁན་པོ་མ་ཧཱ་པཎྜི་ཏ་ལཀྵྨཱི་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱི་འགྱུར། འཇིག་རྟེན་དབང་ཕྱུག་ལ་བསྟོད་པ་དགེ་སློང་མ་དཔལ་མོས་མཛད་པ། ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ་སློབ་དཔོན་རྟ་

དབྱངས་ཀྱིས་མཛད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱིས་བསྟོད་པ་ཞེས་བྱ་བ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱིས་བསྟོད་པ་བྱིན་རླབས་ཅན་ཞེས་བྱ་བ་ལྔ་བརྒྱ་པ་

རྣམས་ཀྱི་གཙུག་གི་ནོར་བུ་ལྟར་གྱུར་པ་མཐོང་ལམ་རྒྱུད་ལས་སྐྱེས་པའི་གང་ཟག་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། སྙིང་རྗེ་ལ་བསྟོད་པ་དགེ་བསྙེན་ཀུན་སྦྱིན་གྱིས་མཛད་པ། དཔལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་ཞེས་བྱ་བ་དགེ་སློང་མ་ཟླ་མཛེས་ཀྱིས་མཛད་པ།

རྒྱ་གར་ཤར་ཕྱོགས་ཀྱི་བཙུན་པ་ཙནྡྲ་ཤྲཱིས་ངག་ལས་འབྱུང་བ་དང་རྒྱ་དཔེ་དང་བསྟུན་ནས་དགེ་སློང་བསོད་ནམས་རྣམ་རྒྱལ་གྱི་འགྱུར། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུས་བསྟོད་པ། དཔལ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔར་བསོད་ནམས་རྣམ་པར་རྒྱལ་བའི་འགྱུར།

འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་པའི་སྒྲུབ་ཐབས་འཕགས་པ་ཀླུ་སྒྲུབ་བདག་ཉིད་ཆེན་པོ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་ས་དྲུག་པའི་བྱང་སེམས་ཡིན་ཡང་ས་དང་པོའི་བྱང་སེམས་སུ་བྱིན་གྱིས་བརླབས་པས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌།

ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སློབ་དཔོན་པདྨའི་ཞལ་སྔ་ནས་བོད་ཀྱི་ལོ་ཙཱ་བ་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་

བསྒྱུར་བ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་དགེ་སློང་མ་དཔལ་མོས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ། འཕགས་པ་སྤྱན་

เล่ม ๒๑๓ · หน้า 407a

རས་གཟིགས་དབང་ཕྱུག་གི་བསྟོད་པ། རྗེ་བཙུན་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་རྣམས་དགེ་སློང་མ་དཔལ་མོས་མཛད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་ཞེས་གྲགས་པ་ལ་འདིའི་རྣམ་གྲངས་ནི། ཐུགས་རྗེ་ཆེན་པོ་

ཁ་སརྤ་ཎའི་སྒྲུབ་ཐབས་ཚིགས་སུ་བཅད་པ་བཞི་པ། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས། སྤྱན་རས་གཟིགས་འཁོར་ལོ་གསུམ་བསྒོམ་པ། ཐུགས་རྗེ་ཆེན་པོ་ལྷ་ལྔའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ཚད་མེད་བཞིའི་སྒྲུབ་ཐབས།

དཔལ་འཇིག་རྟེན་མགོན་པོ་ཡི་གེ་དྲུག་པའི་སྒྲུབ་ཐབས། སེམས་ངལ་བསོ་བའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ཡི་གེ་མེད་པའི་སྒྲུབ་ཐབས། སྟོང་ཉིད་བསྒོམ་པའི་མན་ངག །དཔལ་ཁ་སརྤ་ཎི་མར་མེ་སྦར་བའི་སྒྲུབ་ཐབས། དཔལ་ཁ་སརྤ་ཎི་སྐུ་གསུམ་གྱི་གདམས་

པ། ཐུགས་རྗེ་ཆེན་པོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ནམ་མཁའ་དྲི་མེད་ཀྱི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ནམ་མཁའ་མཛོད་ཀྱི་སྒྲུབ་ཐབས། སྤྱན་རས་གཟིགས་བཅུ་གཅིག་ཞལ་ཅན་གྱི་སྒྲུབ་ཐབས། དཔལ་ཁ་སརྤ་ཎི་ཡེ་ཤེས་ཀྱི་འཁོར་ལོའི་སྒྲུབ་ཐབས། སྤྱན་རས་གཟིགས་ཡིད་

བཞིན་ནོར་བུའི་སྒྲུབ་ཐབས། དཔལ་ཐུགས་རྗེ་ཆེན་པོ་པོ་ཊ་ལ་ཀེ་རིའི་རྩེ་མོའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ཅན་དཔལ་འཁོར་ལོས་སྒྱུར་བའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ལུས་ཀྱི་འཁོར་ལོ་འབར་བ། ཐུགས་རྗེ་ཆེན་པོ་དཀའ་ཐུབ་ཅན་གྱི་སྒྲུབ་ཐབས། དཔལ་ཐུགས་རྗེ་ཆེན་པོ་རྟག་ཏུ་བྱ་བའི་རྣལ་

འབྱོར། དཔལ་འཇིག་རྟེན་མགོན་པོ་སྒྲུབ་པའི་མན་ངག ཐུགས་རྗེ་ཆེན་པོའི་གཏོར་མའི་ཆོ་ག །ཐུགས་རྗེ་ཆེན་པོའི་མཎྜལ་གྱི་ཆོ་ག །ཐུགས་རྗེ་ཆེན་པོའི་བསམ་གྱིས་མི་ཁྱབ་པའི་མཆོད་པའི་ཆོ་ག །སྤྱན་རས་གཟིགས་ཀྱི་སྨོན་ལམ་དུ་བྱ་བ། དཔལ་སྤྱན་རས་གཟིགས་བདུད་རྩི་མཉེས་པའི་

ཟས་ཀྱི་ཆོ་ག །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཤྲཱི་མི་ཏྲའི་གདམས་པ་ལུས་སྦྱིན་པའི་ཆོ་ག །ཐུགས་རྗེ་ཆེན་པོའི་ཆུ་སྦྱིན་གྱི་ཆོ་ག །དཔལ་ཐུགས་རྗེ་ཆེན་པོའི་ཆབ་གཏོར་གྱི་ཆོ་ག །མེའི་མཆོད་པའི་ཆོ་ག །སྐུ་གཟུགས་ཀྱི་ཆོ་ག །སྐུ་གཟུགས་དང་མཆོད་རྟེན་གྱི་ཆོ་ག །ཡེ་ཤེས་སྤར་བའི་གདམས་པ།

เล่ม ๒๑๓ · หน้า 407b

དྲི་མ་རྣམ་དག་གི་ཆོ་ག །ཆགས་ཉམས་གསོ་བ། ཏིང་ངེ་འཛིན་མྱུར་དུ་བསྐྱེད་པའི་གདམས་ངག །ཏིང་ངེ་འཛིན་བརྟན་པར་བྱེད་པའི་གདམས་ངག །སེམས་བརྟན་པར་བྱེད་པ། བྱིན་རླབས་མི་ཟད་པའི་ཆོ་ག །འཁོར་ལོ་འབར་བ། དཔལ་ངག་གི་མཐུ་བསྐྱེད་པའི་མན་ངག །གསང་སྔགས་

མྱུར་དུ་འགྲུབ་པའི་ཆོ་ག །རྨི་ལམ་དྲི་མ་མེད་པའི་བསྒོམ་པ། རྨི་ལམ་ལྟ་བ་ངན་པ་རྣམ་པར་ཟློག་པ། ཁྲོ་བ་བསལ་བ། འཕགས་པ་ཐུགས་རྗེ་ཆེན་པོའི་གདུག་པ་འདུལ་བའི་ཆོ་ག །སྐྱེ་བོ་གདུལ་དཀའ་བ་རྣམས་ཀྱི་སྙིང་གི་དྲེགས་པ་ཞི་བར་བྱེད་པའི་སྦྱོར་བ། བླ་མའི་མན་ངག །དཔལ་འཁོར་

ལོ་རྣམ་དག་གི་སྒྲུབ་ཐབས། སྙིང་གི་དུག་སྦྱོང་བ། ལུས་ཀྱི་འཁོར་ལོ་བཅིང་བ་དང་དགྲོལ་བའི་མན་ངག །དཔལ་རྡོ་རྗེ་ཐོད་པའི་དངོས་གྲུབ་སྒྲུབ་པའི་ཐབས། དཔལ་མི་འཇིགས་པ་སྦྱིན་པའི་སྒྲུབ་ཐབས། ཁ་སརྤ་ཎི་པདྨ་ཁ་འབྱེད་ཀྱི་མན་ངག །ཐུགས་རྗེ་ཆེན་པོ་གཟུགས་བརྙན་ལ་བརྟེན་

པའི་སྒྲུབ་ཐབས། དཔལ་མེ་ཏོག་གི་གདན་ཅན་གྱི་སྒྲུབ་ཐབས། མེ་ཏོག་ལ་བརྟེན་པའི་སྒྲུབ་ཐབས། སྤྱིལ་བུ་ཅན་གྱི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་རྔ་སྒྲའི་སྒྲུབ་ཐབས། ཉི་ཟླ་སྒྲོན་མའི་ཆོ་ག །གྲགས་པ་བསྐྱེད་པའི་ཆོ་ག །གཟི་བརྗིད་བསྐྱེད་པའི་ཆོ་ག །སེམས་མགུ་བར་བྱེད་པའི་ཆོ་ག །

རྨི་ལམ་སྟོན་པ། ཡིད་འགྱོད་པ་བསལ་བ། ལོངས་སྤྱོད་མི་ཟད་པའི་སྒྲུབ་ཐབས། དཔག་བསམ་གྱི་ཤིང་ཅན་གྱི་སྒྲུབ་ཐབས། བུམ་པ་བཟང་པོ་ཅན་གྱི་སྒྲུབ་ཐབས། ལམ་ཆེན་པོའི་སྒྲུབ་ཐབས། དཔལ་འཇིག་རྟེན་དབང་ཕྱུག་ཝ་ཏི་ཅན་གྱི་སྒྲུབ་ཐབས། པདྨོའི་སྡོང་བུ་ཅན་གྱི་སྒྲུབ་ཐབས།

སྤྱན་རས་གཟིགས་དྲི་མ་འཇིག་པའི་བུམ་པའི་ཆོ་ག །དཔལ་རྡོ་རྗེ་འབར་བ་བསྲུང་བ་ཆེན་པོའི་མན་ངག །སྲུང་བའི་འཁོར་ལོ། རང་སྲུང་བའི་ཆོ་ག །གཞན་སྐྱབ་པའི་ཆོ་ག །སྲུང་སྐུད་ཀྱི་ཆོ་ག །གཞོན་ནུ་བསྲུང་བའི་ཆོ་ག །དཔལ་སྤྱན་རས་གཟིགས་ཀྱི་ནད་བསྲུང་བའི་ཆོ་ག །སྤྱན་རས་

གཟིགས་ཀྱི་ནད་བསལ་བའི་ཆོ་ག །འཕགས་པ་སྤྱན་རས་གཟིགས་ཀྱི་ཀླུ་གསོ་བའི་ཆོ་ག །མཛེའི་ནད་གསོ་བ། གཞན་ལས་རྣམ་པར་རྒྱལ་བའི་གདམས་ངག །ཕ་རོལ་གྱི་གནོད་པ་བསྲུང་བ། ཕ་རོལ་གྱི་སྡེ་གཞོམ་པ། ཕ་རོལ་དབང་དུ་བྱ་བ། ཆོམ་རྐུན་བཅིང་བ། སློབ་མ་ལ་ཤེས་རབ་བསྐྱེད་པ། དཔལ་

เล่ม ๒๑๓ · หน้า 408a

སྤྱན་རས་གཟིགས་ཁྲོས་བས་སེར་བ་ཟློག་པའི་ཆོ་ག །རྨི་ལམ་དྲི་མ་མེད་པ་བསྒོམ་པ། སློབ་མ་བྱིན་གྱིས་བརླབས་པའི་མན་ངག །ཡེ་ཤེས་གཞུག་པའི་ཆོ་ག །ཏིང་ངེ་འཛིན་གྱི་བྱིན་རླབས། ཏིང་ངེ་འཛིན་གྱི་དབང་བསྐུར། དཔལ་ཡེ་ཤེས་འབར་བའི་འཁྲུལ་འཁོར། སྐྱེ་བ་བསྡམས་པའི་

ཆོ་ག །འཆི་བ་བསླུ་བའི་གདམས་པ། དཔལ་ལྷའི་གྲོང་ཁྱེར་དུ་འཇུག་པ། རྡོ་རྗེ་སྐར་མདའི་མན་ངག །ཚེ་འདས་པ་ལ་བྱ་བའི་ཆོ་ག །རོ་བསྲེག་ཆོ་ག །སྦྱིན་སྲེག་གི་ཆོ་ག །བཀྲ་ཤིས་ཀྱི་ཆོ་ག །ཚ་ཚ་གདབ་པའི་ཆོ་ག །རབ་ཏུ་གནས་པའི་ཆོ་ག་རྣམས་ལ་བརྒྱ་དང་བཞིའོ། །འདི་རྣམས་གྲུབ་པ་བརྙེས་པའི་པཎྜི་

ཏ་ཆེན་པོ་ཨ་ཛི་ཏ་མི་ཏྲ་གུཔྟས་མཛད་པ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲཱ་ནནྡའི་ཞལ་སྔ་ནས་དང༌། ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ནས་གཏན་ལ་ཕབ་ནས། བོད་ཀྱི་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་བཟང་པོ་ཞེས་བྱ་བས་བསྒྱུར་བ། འདི་དག་ལ་རྣལ་འབྱོར་བླ་མེད་དང༌། རྣལ་འབྱོར་གྱི་ཁོངས་

སུ་གཏོགས་པའང་སྣང་མོད་ཀྱི། ཐུགས་རྗེ་ཆེན་པོ་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་འདིར་བྲིས་སོ། །ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དངོས་གྲུབ་བརྙེས་པ་ཏ་ཐཱ་ག་ཏ་བཛྲས་མཛད་པ། མཁས་པའི་འབྱུང་གནས་ཤར་ཕྱོགས་བྷཾ་ག་ལའི་པཎྜི་ཏ་ཉི་མ་འབྱུང་གནས་ཟླ་བ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་ཚུལ་

ཁྱུང་གྲགས་ཀྱིས་འདུལ་བའི་བསྟན་པ་སྙིང་པོར་གནས་པའི་ས་དཔལ་ལྡན་རྒྱན་གོང་གི་གཙུག་ལག་ཁང་དུ་བདེ་བར་གཤེགས་པའི་བསྟན་པ་ལ་ཕན་པའི་ཕྱིར་བསྒྱུར་བ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཡིད་བཞིན་གྱི་ནོར་བུ་འཁོར་ལོས་སྒྱུར་བའི་སྒྲུབ་ཐབས་སློབ་དཔོན་ཛེ་ཏཱ་རིས་མཛད་པ། པཎྜི་ཏ་པཱུརྞ་

ཀཱིརྟི་དང༌། སྣ་ནམ་རྡོ་རྗེ་བླ་མའི་འགྱུར། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་ཉུང་ངུར་བསྡུས་ཏེ་བསྒྱུར་བ། ཡི་གེ་དྲུག་པའི་རྒྱུད་ཀྱི་རིམ་པའི་དཀྱིལ་འཁོར་བསྟན་པའི་སྒྲུབ་པའི་ཐབས། རྒྱ་གར་གྱི་མཁན་པོ་མ་ཧཱ་ཛ་ན་དང༌། ལོ་ཙཱ་བ་

གཞོན་ནུ་འོད་ཀྱི་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁ་སརྤ་ཎིའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར། འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་པཱུ་ཛ་བཛྲས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་

เล่ม ๒๑๓ · หน้า 408b

ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་ཚིགས་བཅད་བཞི་པ་དང༌། རྣལ་འབྱོར་སྙིང་པོ་གཉིས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲས་མཛད་པ། དེ་ཉིད་དང༌། བྱམས་པ་ལོ་ཙཱའི་འགྱུར། དཔལ་ཁ་སརྤ་ཎི་འཇིག་

རྟེན་དབང་ཕྱུག་གི་སྒྲུབ་ཐབས་གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་ཤྲཱི་ཤཱནྟ་ཀ་རས་མཛད་པ། བོད་ཀྱི་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱི་འགྱུར། ཁ་སརྤ་མ་བྱུང༌ཎི་ལྷ་ལྔའི་སྒྲུབ་ཐབས་ཨཱ་ཙཱརྱ་པདྨ་ཀ་རས་མཛད་པ། ཆོས་འཁོར་ལོ་ཙཱའི་འགྱུར། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་ལྷ་ལྔའི་

སྒྲུབ་ཐབས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་མི་ཏྲ་ཨཱ་ནནྡས་མཛད་པ། པཎྜི་ཏ་དེ་ཉིད་དང༌། གནུབས་ལོ་ཙཱའི་འགྱུར། སེང་གེ་སྒྲའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། བླ་མ་རྡོ་རྗེ་གདན་པ་དང༌། དཔལ་ཆོས་ཀྱི་བཟང་པོའི་འགྱུར། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ཞེས་བྱ་བའི་བསྟོད་པ།

རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཏི་ལ་ཀས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་མལ་གྱི་འགྱུར། སེང་གེ་སྒྲའི་སྲུང་བའི་འཁོར་ལོ་ཞེས་བྱ་བ། དོན་ཡོད་ཞགས་པའི་སྒྲུབ་ཐབས་མདོར་བསྡུས་པ། དོན་ཡོད་ཞགས་པའི་གཏོར་མའི་ཆོ་ག །གསོ་སྦྱོང་བླང་བ། འཕགས་པ་དོན་ཡོད་ཞགས་པའི་

གསོ་སྦྱོང་གི་ཆོ་གའི་མན་ངག་རྣམས་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་ཅིང༌། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་རབ་མཆོག་དཔལ་བཟང་པོའི་འགྱུར། ཕྱག་ན་རྡོ་རྗེ་ཐུགས་ཀྱི་རིགས་ཀྱི་སྐོར་ལ། དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་པའི་ཐབས་སློབ་དཔོན་སངས་རྒྱས་གསང་བས་

མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་དང༌། ལོ་ཙཱ་བ་འཇམ་དཔལ་གོ་ཆའི་འགྱུར། ཕྱག་ན་རྡོ་རྗེ་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བ་ལ། ཕྱག་ན་རྡོ་རྗེ་མདོ་ལུགས་སུ་གྲགས་པའི་ཆོས་སྐོར་ནི། གོས་སྔོན་པོ་ཅན་གྱི་དངོས་གྲུབ་ཉེ་བར་བྱེད་པའི་མཆོད་རྟེན་གྱི་མན་ངག །གནོད་པ་

སེལ་བའི་བདུད་རྩི། རྡོ་རྗེ་བྱབ་པའི་ལས་ཚོགས། ཡན་ལག་བདུན་པའི་སྒྲུབ་ཐབས་རྣམས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ཞེས་བྱ་བའི་སྒྲུབ་པའི་ཐབས། ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ་འགྲེལ་པ་ལས་གཟུངས་སྒྲུབ་ཐབས་སུ་མཛད་པ།

เล่ม ๒๑๓ · หน้า 409a

ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ་གཏའི་གཏོར་མའི་གདམས་ངག །འཁོར་ལོའི་མན་ངག་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་གཟུངས་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ། ཕྱག་ན་རྡོ་རྗེའི་སྒྲུབ་པའི་ཐབས་མདོར་བསྡུས་པ་ཞེས་བྱ་བ། སྡེ་དཔོན་བཞིའི་སྒྲུབ་ཐབས་ཐུན་མོང་

མ་ཡིན་པ། དོན་འགྲེལ་སྒྲོན་མ། སྒྲུབ་པའི་གོ་རིམ། བུམ་པའི་སྒྲུབ་ཐབས་ཞེས་བྱ་བ། དེ་ཁོ་ན་ཉིད་སྒྲོན་མ་ཞེས་བྱ་བ། ཕྱག་ན་རྡོ་རྗེའི་སྤུར་བསད་ལས་ཚོགས་བསྡུས་པ་རྣམས་སློབ་དཔོན་སུ་ཝཱ་གཱི་ཤྭ་ར་ཀཱིརྟིས་མཛད་པ་དང༌། ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་མན་ངག་ལག་ཏུ་བླང་བའི་སྒྲུབ་ཐབས་ཞེས་བྱ་བ། གསང་

སྔགས་བཟླས་བརྗོད་ཀྱི་མན་ངག །ནམ་མཁའ་ལྡིང་གི་རྒྱལ་པོ་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ་རྣམས་སློབ་དཔོན་བཱིརྱ་ཙནྡྲས་མཛད་པ། ཕྱག་ན་རྡོ་རྗེའི་སྒྲུབ་པའི་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཤྲདྡྷཱ་ཀ་ར་ཝརྨས་མཛད་པ། རྟེན་འབྲེལ་གྱི་བསྲུང་བ་རྣམས་ཇོ་བོ་རྗེ་དང༌། རྒྱ་བརྩོན་འགྲུས་སེང་གེའི་འགྱུར།

ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་སློབ་དཔོན་མཁས་པ་ཆེན་པོ་དཔལ་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། རང་གི་བླ་མ་ཉིད་ལས་ཐོས་ནས་ཁམས་པ་དགེ་སློང་བ་རི་ལོ་ཙཱ་བ་ཆེན་པོ་རིན་ཆེན་གྲགས་པས་བསྒྱུར་ཅིང༌། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཨ་བྷི་ཡུཀྟ་དང་ཞུས་དག་བྱས་

ནས་གཏན་ལ་ཕབ་པ། ཕྱག་ན་རྡོ་རྗེ་གོས་དཀར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་སློབ་དཔོན་ཀླུ་སྒྲུབ་དང་འགྲོ་བཟང་སྙིང་པོས་དོན་གཅིག་ཏུ་བསྡེབས་པ་རྣམས་སོ། །འདི་དག་ལ་རྒྱ་གཞུང་ཡིན་

མིན་ཐེ་ཚོམ་ཟ་བ་ཅི་རིགས་པ་སྣང་ཞིང༌། གཟུངས་ཀྱི་ངོ་བོ་བྱ་རྒྱུད་དུ་གསལ་ཡང༌། བསྐྱེད་ཆོག་དང༌། དབང་ཆོག་རྣམས་རྣལ་འབྱོར་གྱི་རྒྱུད་བཞིན་བྱས་སྣང་ངོ༌། །དཔལ་ཕྱག་ན་རྡོ་རྗེ་ལ་མཚན་མ་བྱུང༌། ཉིད་བསྡུས་པའི་སྒོ་ནས་བསྟོད་པ་སློབ་དཔོན་བཱིརྻ་ཙནྡྲས་མཛད་པ་དང༌། ཕྱག་ན་རྡོ་རྗེ་ལ་དོན་རྟགས་ཀྱི་སྒོ་ནས་

བསྟོད་པ་སློབ་དཔོན་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་བརྒྱ་བརྩོན་འགྲུས་སེང་གེའི་འགྱུར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བསྟོད་པ་བསྡུས་པ་གཅིག །ཕྱག་ན་རྡོ་རྗེ་འགྲོ་བཟངས་ཀྱི་སྐོར་ལ། ཕྱག་ན་རྡོ་རྗེ་འགྲོ་བཟངས་མ་བྱུང༌་མའི་སྒྲུབ་ཐབས། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆུ་གཏོར།

เล่ม ๒๑๓ · หน้า 409b

ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཀླུ་གཏོར། ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ། ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་རྣམས་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ། པཎྜི་ཏ་ཏེ་ཛ་དེ་ཝ་དང༌། ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་ཡིད་བཞིན་གྱི་ནོར་བུ་

ཞེས་བྱ་བ་སློབ་དཔོན་ཆེན་པོ་དངོས་གྲུབ་བརྙེས་པའི་མཁས་པ་ཆེན་པོ་ཉིན་མཛད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ཀུ་མཱ་ར་ཀ་ལ་ཤའི་རང་འགྱུར། དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ཆེན་པོའི་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བ་སློབ་དཔོན་བྲམ་ཟེ་ཉིན་མཛད་རྡོ་རྗེས་མཛད་པ། ཕྱག་ན་རྡོ་རྗེ་རྡོ་རྗེ་སྙིང་པོའི་མན་ངག་ཅེས་བྱ་བའི་སྒྲུབ་

ཐབས་པཎྜི་ཏ་ཛྙཱ་ན་ཤྲཱིས་མཛད་པ། རིག་སྔགས་གཏད་པའི་ཆོ་ག །རྒྱ་གར་གྱི་མཁན་པོ་ནག་པོ་པ་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་སྟོང་ཉིད་ཏིང་ངེ་འཛིན་སྙིང་རྗེའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དོན་ཡོད་རྡོ་རྗེ་

དང༌། བོད་ཀྱི་ལོ་ཙཱ་བ་ཁམས་པ་བ་རི་དགེ་སློང་རིན་ཆེན་གྲགས་ཀྱི་འགྱུར། ཁྲོ་བོ་རྡོ་རྗེ་འཛིན་པའི་སྒྲུབ་པའི་ཐབས་ཞེས་བྱ་བ། དེའི་སྦྱིན་སྲེག་གི་ཆོ་ག རྡོ་རྗེ་འཛིན་པའི་གཏོར་མའི་ཆོ་ག་ཞེས་བྱ་བ། བསྲུང་བའི་ཆོ་ག་ལས་ཐམས་ཅད་པ་ཞེས་བྱ་བ་རྣམས་སློབ་དཔོན་བ་སུ་ཏ་བཛྲས་མཛད་པ། རྣལ་འབྱོར་བསོད་སྙོམས་

པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་སྒྲུབ་པའི་ཐབས་སློབ་དཔོན་སུ་ཙནྡྲ་བྷ་དྲས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙནྡྲ་དང༌། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དཔལ་འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་བློ་བཟང་སྐྱོང་གིས་མཛད་

པ། འདིའི་ཤླཽ་ཀའི་གྲངས་ཚིགས་བཅད་བདུན་བརྒྱ་པ། རྒྱ་གར་གྱི་པཎྜི་ཏ་སྒྲ་པཱ་ཎི་ནི་ཡོངས་སུ་རྫོགས་པའི་སྙན་དངགས་ལ་མཁས་པ་ནོན་ནི་པཎྜི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་རི་བོ་ཆེན་པོ་སྤུ་ཏྲའི་མགུལ་དུ་འགྱུར། དཀྱིལ་འཁོར་དྲུག་གི་ཆོ་ག་རིན་པོ་ཆེའི་མིག་ཐུར་ཞེས་བྱ་བ་སློབ་དཔོན་

ཆེན་པོ་ཤཱུ་རངྒ་ཝརྨས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག་དགའ་བའི་སྒྲོན་མ་ཞེས་བྱ་བ་རྒྱ་གར་གྱི་སློབ་དཔོན་ཆེན་པོ་རྡོ་རྗེ་གོ་ཆས་མཛད་པ། བོད་ཀྱི་ལོ་ཙཱ་བ་པུ་རངས་བསོད་ནམས་བློ་གྲོས་ཀྱི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་གའི་འགྲེལ་པ་དང༌། ལས་ཀྱི་མཐའ་བཅོ་བརྒྱད་

เล่ม ๒๑๓ · หน้า 410a

པའི་མན་ངག་སློབ་དཔོན་རྡོ་རྗེ་གོ་ཆས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་ག་སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པ། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་མདོར་བསྡུས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་

ག་བྲམ་ཟེ་ཛ་ཡ་ཝརྨས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་སྒྲུབ་ཐབས་དཔལ་གངྒཱ་དྷ་རས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་བསྟོད་པ། རྡོ་རྗེ་རྣམ་པར་འཇོམས་པའི་བུམ་པའི་ཆོ་ག །ཞི་བའི་སྦྱིན་སྲེག་གི་ཆོ་ག །གཏོར་མའི་

ཆོ་ག་ཞེས་བྱ་བ། རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་ཆོ་ག་རྣམས་བྲམ་ཟེ་མ་ཎི་བཛྲས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་སྦྱིན་སྲེག་གི་ཆོ་ག །རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་བུམ་པའི་ཆོ་ག རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་འཁོར་ལོའི་ཆོ་

ག་རྣམས་པཎྜི་ཏ་ཆེན་པོ་ཛྙཱ་ནཤྲཱིས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྒྲུབ་པའི་ཐབས་ཀྱི་ཆོ་ག་བྱང་ཆུབ་སེམས་དཔའ་འབྱམས་པའི་ཞབས་རྡུལ་ལ་རེག་པ་དཔལ་གངྒཱ་དྷ་རའི་སྲས་ཀྱི་ཐུ་བོ་བྲམ་ཟེ་མ་ཎི་བཛྲས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྣ་ཚོགས་སྒྲུབ་པའི་ཆོ་ག་པཎྜི་ཏ་ཆེན་པོ་ཛྙཱ་ན་

ཤྲཱིས་མཛད་པ་རྣམས་པཎྜི་ཏ་ཛྙཱ་ན་ཤྲཱི་དང༌། ལོ་ཙཱ་བ་རབ་ཞི་བཤེས་གཉེན་གྱི་འགྱུར། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་ཆོ་ག་ཞིབ་མོ་དང་བཅས་པ་བྲམ་ཟེ་རིག་སྔགས་འཆང་བ་མཁས་པ་ཆེན་པོ་ཀུ་མཱ་ར་སེ་ནཱས་མཛད་པ། རྒྱ་གར་གྱི་མཁན་པོ་བུདྡྷ་གུཔྟ་དང༌། བོད་ཀྱི་ལོ་ཙཱ་བ་དབང་མཉྫུ་ཤྲཱི་ཝརྨའི་

འགྱུར་ལ། ཕྱིས་པཎྜི་ཏ་ཛྙོན་ཏེང་ཧང་ངུ་དང༌། ལོ་ཙཱ་བ་ད་འོག་བསོད་ནམས་མོས་པ་ཤེས་རབ་ཀྱི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་དཔའ་བོ་གཅིག་ཏུ་གྲུབ་པ་ཞེས་བྱ་བ་དང༌། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་གཏོར་མའི་ཆོ་གའི་རིམ་པ་ཞེས་བྱ་བ་སློབ་དཔོན་ཆེན་

པོ་སངས་རྒྱས་གསང་བས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་དབའ་མཉྫུ་ཤྲཱི་ཝརྨའི་འགྱུར། ལས་ཀྱི་ཐབས་ཞེས་བྱ་བ་དང༌། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་ག་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། །ཁྲུས་ཀྱི་ཆོ་གའི་རིམ་པ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་

เล่ม ๒๑๓ · หน้า 410b

ཀྱི་མན་ངག་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་ཀྱི་རང་འགྱུར། རྣམ་འཇོམས་ས་ཝ་རིའི་སྐོར་ལ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྣང་བ་ཞེས་བྱ་བ་དང༌། རྡོ་རྗེ་ཁྲོ་བོས་བསད་པའི་ལས་ཞེས་བྱ་བའི་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་ས་ཝ་རི་པས་མཛད་

པ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གཏུམ་པོ་ཞེས་བྱ་བའི་སྒྲུབ་ཐབས་ཨཽ་ཌྱཱན་གྱི་སློབ་དཔོན་ཨ་མོ་པ་ནཱ་ཐ་ཞེས་བྱ་བས་མཛད་པ་དང༌། སྦྱིན་སྲེག་གི་ཆོ་ག་སློབ་དཔོན་ཆེན་པོ་བྲམ་ཟེ་པ་ར་མ་ཏིས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པ་གཏུམ་པོའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་དངོས་གྲུབ་བརྙེས་པའི་ས་པ་རི་པས་མཛད་

པ་རྣམས་བལ་པོའི་པཎྜི་ཏ་དེ་བ་པཱུརྞ་མ་ཏི་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོའི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་མ་བྱུང༌ཀྱི་ཆོ་ག་སངས་རྒྱས་གསང་བས་མཛད་པ་འགྱུར་བྱང་མེད་པ། རྣམ་འཇོམས་སྒྲུབ་མ་བྱུང༌སྐོར་སློབ་དཔོན་གངྒཱ་དྷ་རས་མཛད་པ་འགྱུར་བྱང་མེད་པ་རྣམས་བཞུགས་སོ།། །།པུ་པ་ལ། རྡོ་རྗེ་

རྣམ་པར་འཇོམས་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ལག་ལེན་གོ་རིམ་ཇི་ལྟ་བ་ཞེས་ཀྱང་བྱ། གཞན་ལ་ཕན་པ་ཞེས་ཀྱང་བྱ་བ་རིག་སྔགས་འཆང་གི་སློབ་དཔོན་རཏྣ་ཤྲཱི་ཕ་ལས་མཛད་པ། རྒྱ་གར་གྱི་མཁན་པོ་བཛྲ་བོ་དྷི་དང༌། ལོ་ཙཱ་བ་ཚུལ་དགེ་རིན་ཆེན་གྱི་འགྱུར། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་སྒྲུབ་ཐབས་

ཞེས་བྱ་བ་དང༌། འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། རྣམ་པར་འཇོམས་པའི་སྒྲུབ་ཐབས་ཞེས་བྱ་བ་དང༌། རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཆེན་པོ་རཏྣ་ཀཱིརྟིས་མཛད་པ་རྣམས་བལ་པོའི་པཎྜི་ཏ་མ་ཧཱ་པཱ་ནའི་རང་འགྱུར། སློབ་

དཔོན་ཡེ་ཤེས་རྡོ་རྗེ་དང༌། སློབ་དཔོན་པདྨ་ལ་སོགས་པས་མཛད་ཟེར་བའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩར་གྲགས་པ་ལས། རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། དབང་བསྐུར་གྱི་ཆོ་ག་དང༌། དམ་ཚིག་བསྲུང་བ་སློབ་དཔོན་པདྨས་མཛད་པ།

ཁྲོ་བོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སློབ་དཔོན་དཔལ་མར་མེ་མཛད་ཀྱིས་རྒྱུད་ལ་བརྟེན་ནས་མཛད་པ། ལྷ་མོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་བདུད་རྩིའི་བུམ་པའི་ཆོ་ག །དཔལ་ཡབ་ཡུམ་གཉིས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་

เล่ม ๒๑๓ · หน้า 411a

བདེ་སྦྱིན་དམ་པ་ཞེས་བྱ་བ། བདུད་རྩི་ཐབ་སྦྱོར་ཞེས་བྱ་བ་ཁྲོ་བོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཟབ་མོ། །སྒོ་མ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རིན་པོ་ཆེ་དྲི་མ་མེད་པ་ཞེས་བྱ་བ། རྒྱལ་པོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བ། ཕྱོགས་སྐྱོང་བཅུའི་དཀྱིལ་

འཁོར་དུ་དབང་བསྐུར་བ། གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཉི་མ་བཅུད་ལེན་ཞེས་བྱ་བ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་གོ་ཆ་མ་ཞེས་བྱ་བ། ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པའི་ལམ་སྟོན་པར་བྱེད་པ་ཞེས་བྱ་བ།

ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དུག་ལས་རྒྱལ་བ་ཞེས་བྱ་བ། སྔ་མ་དང་ད་ལྟ་དང་ཕྱི་མའི་སྡིག་པ་མ་ལུས་པ་ལས་ཐར་བར་བྱེད་པ་འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག །འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་རབ་ཏུ་གནས་པའི་ཆོ་ག་རྣམས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་

བཟང་པོས་མཛད་པ། དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལས་ལ་སྦྱར་བ་འགྲུབ་པར་ངེས་པའི་ཆོ་ག །མན་ངག་གི་སྒྲུབ་པའི་རྣལ་འབྱོར་པའི་ཚེ་དང་སྟོབས་སྒྲུབ་པ་ཞེས་བྱ་བ། རྒྱུད་ཀྱི་བདེན་པའི་དོན་ངེས་པར་སྒྲུབ་པ་རྣལ་འབྱོར་པའི་པྲ་སེ་ན་ལེགས་པར་བརྟགས་པ། འདོད་པའི་དོན་དུས་ལ་ངེས་པར་སྒྲུབ་པ།

རྒྱུད་ཀྱི་བརྟེན་པ་ཞེས་བྱ་བའི་ཚིག་ལེགས་པར་སྒྲུབ་པ་ཞེས་བྱ་བ། རྒྱུད་ཐམས་ཅད་ཐོགས་པ་མེད་པའི་ཚིག་ལེགས་པར་སྒྲུབ་པ་ཞེས་བྱ་བ། མནའ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས། ཚོང་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པར་བྱེད་པའི་སྒྲུབ་ཐབས། རང་རྟགས་རྡོ་རྗེའི་སྒྲུབ་པའི་

ཐབས་བདུན་པ་ལས་ཀྱི་བྱེ་བྲག་བཅུ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། བསྒྲུབ་བྱ་གཟའི་བྱང་དུ་གཞུག་པའི་འཁོར་ལོ་ཅན། ཐེ་ཚོམ་མེད་པར་འགྲུབ་པ་ལས་བསྒྲུབ་བྱ་ཐོག་གིས་བསད་པའི་ཆོ་ག་དྲག་ཤུལ་ཞེས་བྱ་བ། བསྒྲུབ་བྱ་སྐྲག་པའི་ལས་ཆུ་ཐིགས་ཞེས་བྱ་བ། འགལ་བ་སྐྲག་པར་བྱེད་པའི་ལས་སྣ་

ཚོགས་པའི་ཆོ་ག་འགལ་བ་མའི་འཁོར་ལོ་ཞེས་བྱ་བ་རྣམས་དཔལ་མར་མེ་མཛད་བཟང་པོས་མཛད་པ། གཞན་གྱི་རིག་སྔགས་གཅོད་པ་རྒྱུན་གཅོད་སྤུ་གྲི་ཞེས་བྱ་བ། གཞན་གྱི་རིག་སྔགས་མནན་པ་གསེར་གྱི་རི་བོ་ཞེས་བྱ་བ། ལས་ཐམས་ཅད་འཇོམས་པའི་ཡེ་ཤེས་འདུས་པའི་ཐོ་བ་ཞེས་བྱ་བ། གཞན་གྱི་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด