དཀར་ཆག

ชื่อนี้มาจากชื่อไฟล์ของเล่มในต้นทาง

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๑๓ · หน้า 411b

རིག་སྔགས་བཤིག་པའི་ཕྱིར་བཟློག་པ་ཞེས་བྱ་བ། གཞན་གྱི་ལས་འཇིག་པར་བྱེད་པ་རྡོ་རྗེ་རྣོན་པོ་ཞེས་བྱ་བ། མུ་སྟེགས་ཅན་གྱི་རིག་སྔགས་འཇིག་པའི་སྒྲུབ་པ་ཉེ་བའི་ལས་ཕྱི་མ་ཞེས་བྱ་བ། གདོན་ཐམས་ཅད་བརླག་པར་བྱེད་པ་རྡོ་རྗེ་ཐོ་བ་ཞེས་བྱ་བ། ལྷའི་གདོན་ལས་ཐར་བར་བྱེད་པའི་མན་ངག །འབྱུང་པོའི་

གདོན་ལས་ཐར་བར་བྱེད་པའི་མན་ངག །དྲི་ཟའི་གདོན་ལས་ཐར་བར་བྱེད་པའི་མན་ངག །ཚངས་པའི་གདོན་ལས་ཐར་བར་བྱེད་པའི་མན་ངག །སྲིན་པོའི་གདོན་ལས་ཐར་བར་བྱེད་པའི་མན་ངག །ཤ་ཟའི་གདོན་ལས་ཐར་བར་བྱེད་པའི་མན་ངག །ཀླུའི་གདོན་ལས་ཐར་བར་བྱེད་པའི་མན་ངག ལོག་འདྲེན་གྱི་གདོན་ལས་ཐར་བར་བྱེད་

པའི་མན་ངག །རྗེད་བྱེད་ཀྱི་གདོན་ལས་ཐར་བར་བྱེད་པའི་མན་ངག །སྨྱོ་བྱེད་ཀྱི་གདོན་ལས་ཐར་བར་བྱེད་པའི་མན་ངག །ལྷ་མ་ཡིན་གྱི་གདོན་ལས་ཐར་བར་བྱེད་པའི་མན་ངག །གཞོན་ནུའི་གདོན་བཞི་ལས་ཐར་བར་བྱེད་པའི་མན་ངག །གནོད་སྦྱིན་གྱི་གདོན་ལས་ཐར་བར་བྱེད་

པའི་མན་ངག །འབྱུང་པོ་འགུགས་པའི་སྒྲུབ་པ་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ། ལས་ཀྱི་བྱེ་བྲག་བཞི་བཅུ་རྩ་གཉིས་བཀོད་པ་ཡིད་བཞིན་ནོར་བུ་འོད་འབར་བ་ཞེས་བྱ་བ། གཟུངས་སྔགས་ཀྱི་ལས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པའི་རྡོ་རྗེ་བེ་ཅོན་ཞེས་བྱ་བ། གཟུངས་སྔགས་ཀྱི་ལས་གྲུབ་པ་རྣམས་ཆུད་མི་ཟ་བར་

བྱེད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། ཀླུའི་ཆར་དབབ་པ་བདུད་རྩིའི་རྒྱུན་ཞེས་བྱ་བ། ཀླུ་རྣམས་མཉེས་པར་བྱེད་པ་ཆུ་ལ་བརྟེན་པའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ། སེམས་ཅན་བསྲུང་བའི་ལས་སྤྲིན་དྲལ་བའི་འབྱུང་བ་གཅོད་བྱེད་ཅེས་བྱ་བ་རྣམས་དཔལ་མར་མེ་

མཛད་བཟང་པོས་མཛད་པ། བྱིས་པ་གདོན་ལས་ཐར་བར་བྱེད་པའི་སྒྲུབ་ཐབས་གསང་བ་མེའི་འཁོར་ལོ་ཞེས་བྱ་བ། ཞི་བའི་སྦྱིན་སྲེག་གི་ཆོ་ག་རྒྱུད་ཀྱི་ཞི་བའི་མཚན་དོན་ཞེས་བྱ་བ། རྒྱུད་ཀྱི་རྒྱས་པ་ཞེས་བྱ་བའི་ཚིག་ལེགས་པར་བསྒྲུབ་པ་རྡོ་རྗེ་རྣམ་འཇོམས་ཀྱི་རྒྱས་པར་བྱེད་པའི་སྦྱིན་སྲེག་གི་ཆོ་ག །མངོན་སྤྱོད་

ཀྱི་སྦྱིན་སྲེག་གི་སྒོ་ནས་ཚར་བཅད་པའི་ལས་དབང་དུ་བྱ་བའི་སྦྱིན་སྲེག་གི་ཆོ་ག །སེམས་ཅན་ཐམས་ཅད་རེངས་པར་བྱེད་པའི་ལས་ཇག་ཆིངས་འཕྲུལ་ཡིག་ཅེས་བྱ་བ། བསྒྲུབ་བྱ་རེངས་པའི་ལས་སྣ་ཚོགས་པ་བསྟན་པ་རླུང་གི་ཞགས་པ་ཞེས་བྱ་བ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། བསྒྲུབ་བྱ་

เล่ม ๒๑๓ · หน้า 412a

ཀླུ་རྣམས་ཀྱི་བྱེད་དུ་གཞུག་པའི་ཆོ་ག་སྲེག་གཅོད་ཀྱི་སྤུ་གྲི་ཞེས་བྱ་བ་དཔལ་མར་མེ་མཛད་བཟང་པོས་མཛད་པ། ཚ་བའི་རིམས་ཀྱིས་དགྲ་བསད་པའི་རལ་གྲིའི་འཁོར་ལོ་ཞེས་བྱ་བ། སེམས་ཅན་ཐམས་ཅད་རྨུགས་པར་བྱེད་པའི་ལས་ཀྱི་མཐའ་གཟི་མདངས་ཆེན་པོ་ཞེས་བྱ་བ། དཔལ་

བཀྲ་ཤིས་བསྐྱེད་པ་ཉི་མའི་འོད་ཅེས་བྱ་བ་དཔལ་ཀུན་གྱིས་བརྒྱན་པའི་མཐའ། མིག་གི་དབང་པོ་ཉམས་པ་གསོ་བའི་ཆོ་ག་གསལ་བའི་སྣང་བ་ཞེས་བྱ་བ། རྣ་བའི་དབང་པོ་ཉམས་པ་དང་དེའི་ནད་གསོ་བའི་ཆོ་ག་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ། སྣའི་དབང་པོ་ཉམས་པ་དང་ན་བ་གསོ་བ་དྲི་མ་དང་བྲལ་བའི་

སྦྱོང་བྱེད་ཅེས་བྱ་བ། ལྕེའི་དབང་པོ་ཉམས་པ་གསོལ་བའི་ཆོ་ག་པདྨ་རྒྱས་པ་ཞེས་བྱ་བ། ལུས་ཀྱི་དབང་པོ་ཉམས་པ་དང་ལུས་ན་བ་གསོལ་བའི་ཆོ་ག་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ། ཚེ་ཟད་པ་བསྲིང་བའི་ཆོ་ག་རྒྱུན་གྱི་འཁོར་ལོ་ཞེས་བྱ་བ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། ཤི་བའི་སེམས་ཅན་སྡིག་པ་

ལས་ཐར་བར་བྱེད་པའི་རོ་བསྲེག་པའི་ཆོ་ག་དུག་སྦྱོང་གསལ་བའི་མེ་ལོང་ཞེས་བྱ་བ་དང༌། མཆོད་རྟེན་གདབ་པ་ཤི་བའི་སྡིག་པ་བྱང་བར་བྱེད་པ་རང་བྱུང་འཇིགས་བྲལ་ཞེས་བྱ་བ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད་པ། སེམས་ཅན་ཚེ་ཟད་པ་བསྲིང་བའི་ཆོ་ག་སྒྲུབ་པ་པདྨ་དབྱིག་སྒྲུབ་ཅེས་བྱ་བ།

དལ་འབྱོར་ཆེན་པོའི་སྒྲུབ་པ་བཅུད་ཀྱིས་ལེན་པ་ཞེས་བྱ་བ། ལན་ཆགས་དང་བྲལ་བར་བྱེད་པའི་གཏོར་མའི་ལས་དཔག་བསམ་གྱི་སྡོང་པོ་ཞེས་བྱ་བ། ལོངས་སྤྱོད་དང་ལྡན་པར་ངེས་པའི་དཔལ་ཚོགས་ཀྱི་གཏོར་མ་རིན་པོ་ཆེའི་གསེར་ཕྲེང་ཞེས་བྱ་བ། ཕུན་སུམ་ཚོགས་པའི་ལས་ཀྱི་ཉེ་བར་སྒྲུབ་པར་

བྱེད་པ་ལས་ཚོགས་སྟོང་རྒྱས་ཞེས་བྱ་བ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། འཇིག་རྟེན་གྱི་ལྷ་མཉེས་པར་བྱེད་པ་དོན་གྲུབ་པ་ཞེས་བྱ་བ་དཔལ་མར་མེ་མཛད་བཟང་པོས་མཛད་པ། སྐྱེ་བོ་སྡང་བའི་ལས་མྱུར་བྱེད་ཆེན་མོ་ཞེས་བྱ་བ། གཞན་གྱི་ལྕེ་འབབ་པ་བཟློག་པ་ཞེས་བྱ་བ། སྡང་བ་གསུམ་གྱི་

ལས་ཐོར་བུ་པ། བྲན་དང་བཟའ་མི་གདོན་གྱིས་གཙེས་པ་བསྲུང་བའི་ཆོ་ག་ཆེན་མོ་ཞེས་བྱ་བ། མི་མཐུན་པ་ཞི་བར་བྱེད་པའི་རྩི་སྦྱོར་དབྱིག་གི་ནོར་བུ་ཞེས་བྱ་བ། ནོར་འགྲིབ་པ་དགང་བའི་ཆོ་ག་དཔག་བསམ་གྱི་ཤིང་རྒྱས་པ་ཞེས་བྱ་བ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། ཚོགས་བདག་

เล่ม ๒๑๓ · หน้า 412b

གི་སྒྲུབ་པ་དབུལ་བ་གཏེར་སྦྱིན་ཞེས་བྱ་བ་དཔལ་མར་མེ་མཛད་བཟང་པོས་མཛད་པ། སྦས་པའི་གའུ་ཞེས་བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། གཟའ་ངན་པ་བཟློག་པའི་ཆོ་ག་རྒྱ་མཚོ་སྤྲིན་ཞེས་བྱ་བ། གཟའི་གདོན་ལས་གྲོལ་བར་བྱེད་པའི་ཆོ་ག་རིན་པོ་ཆེ་གྲོལ་བྱེད་ཅེས་བྱ་བ། གཟའ་

བརྒྱད་ཀྱི་ལས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པའི་ཆོ་ག་འདོད་པ་རབ་ཏུ་ཞི་བ་ཞེས་བྱ་བ། རྒྱུ་སྐར་ངན་པ་ཟློག་པར་བྱེད་པའི་ཆོ་ག །རྒྱུ་སྐར་རྣམས་ཀྱི་ལས་སྣ་ཚོགས་པ་སྒྲུབ་པར་བྱེད་པ་དུས་འཛིན་བཟང་པོ་ཞེས་བྱ་བ་རྣམས་དཔལ་མར་མེ་མཛད་བཟང་པོས་མཛད་པ། བཟློག་པའི་འཁོར་ལོ་ཞེས་

བྱ་བ་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། ཀླུ་ཆེན་པོ་བརྒྱད་མཆོད་པས་མི་བཟད་པའི་ནད་ཡམས་དྲག་པོ་ལས་ཐར་བར་བྱེད་པ། ཀླུ་སྒྲུབ་རིན་པོ་ཆེ་དབྱིག་སྒྲུབ་ཅེས་བྱ་བ། ཀླུའི་གདོན་ལས་གྲོལ་བར་བྱེད་པ་སྦྲུལ་འཛིན་གསང་བ་ཞེས་བྱ་བ། ཀླུའི་སྲོག་མེད་དབལ་གྱི་འཁོར་ལོ་ཞེས་བྱ་བ་ཀླུའི་རྣམ་

པར་འཇོམས་པའི་སྙིང་གཟེར་དུ་བཀོད་པ་རྣམས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད་པ། མི་ཟད་པའི་ནད་ཞི་བར་བྱེད་པ་གསེར་གྱི་རྒྱ་མཚོ་ཞེས་བྱ་བ། ཚེ་འཕེལ་བའི་སྒྲུབ་ཐབས་རྒྱལ་མཚན་གྱི་རྩེ་མོ་ཞེས་བྱ་བ། བསོད་ནམས་འཕེལ་བར་བྱེད་པའི་དཔལ་ཡེ་ཤེས་ཀྱི་ཕྲེང་བ་ཞེས་བྱ་

བ་རྣམས་སློབ་དཔོན་ཡེ་ཤེས་རྡོ་རྗེས་མཛད་པ། སྒྲ་ལ་གནས་པའི་བསམ་གཏན་ཞེས་བྱ་བ། སྒྲ་ལ་མི་གནས་པའི་བསམ་གཏན་ཞེས་བྱ་བ་རྣལ་འབྱོར་པའི་འཁོར་རྐྱེན་དྲུངས་ནས་འདོན་པ། སྒྲ་མཐར་གྱིས་རྣལ་འབྱོར་པའི་ལུས་སེམས་ཀྱི་འབྲེལ་པ་བཅད་པ་རྣམས་སློབ་དཔོན་ཆེན་པོ་དཔལ་མར་

མེ་མཛད་བཟང་པོས་མཛད་པ། རྡོ་རྗེ་རྣམ་པར་འཇོམས་པའི་ཐིམ་ཡིག་གསང་བ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ། དེ་རྣམས་ལ་ཆོས་ཀྱི་རྣམ་གྲངས་བརྒྱ་དང་བརྒྱད་དོ། །ཁྲོ་བོའི་རྒྱལ་པོ་གནམ་ལྕགས་འབར་བའི་སྒྲུབ་ཐབས་ཀླུ་འདུལ་བའི་ངན་ཐབས་བལ་པོའི་མན་ངག་དང༌། ཁྲོ་

བོའི་རྒྱལ་པོ་རྡོ་རྗེ་གནམ་ལྕགས་འབར་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པའི་བླ་མ་མཻ་ཏྲི་པས་མཛད་པ། པཎྜི་ཏ་བལ་པོ་དེ་བ་པུཎྱ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་འགར་ཆོས་ཀྱི་བཟང་པོས་བལ་ཡུལ་དུ་འགྱུར། རིགས་ཀྱི་ཡུམ་

เล่ม ๒๑๓ · หน้า 413a

སྤྱན་མ་དང༌། གོས་དཀར་མོ་དང༌། མཱ་མ་ཀཱི་གསུམ་གྱི་སྒྲུབ་ཐབས་སོ་སོར་བཀོད་པ་ནི་མི་སྣང་ལ། ཕྱོགས་མཐུན་ནི་འོག་ན་མར་འགོད་པར་བྱའོ། །རིགས་ཀྱི་ཁྲོ་བོ་གསུམ་ལ། སྐུའི་རིགས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་པོ་སྒྲུབ་པའི་ཐབས་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་

དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། གསུང་གི་རིགས་རྟ་མགྲིན་གྱི་སྐོར་ལ། རྟ་མགྲིན་གྱིས་སྒྲུབ་ཐབས་སློབ་དཔོན་ནཱ་གཱརྫུ་ནས་མཛད་པ། དགེ་སློང་བ་རིའི་འགྱུར། རྟོག་པ་བདུན་བརྒྱ་པ་ནས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས་ཞེས་བྱ་བ་དང༌། རྟ་མགྲིན་གྱི་སྒྲུབ་ཐབས་ཞེས་

བྱ་བ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། རྒྱུད་ཐམས་ཅད་ཀྱི་སྙིང་པོ་བླ་ན་མེད་པ་རྟ་མགྲིན་གྱི་སྒྲུབ་ཐབས་ཞེས་བྱ་བ་པཎྜི་ཏ་པྲ་བྷཱ་ཀ་རས་མཛད་པ་རྣམས་རྒྱ་གར་ཡུལ་ཝཱ་རཱ་ཎ་སཱིའི་པཎྜི་ཏ་པུ་རུ་ཥོཏྟ་མའི་ཞལ་སྔ་ནས་ལེགས་པར་མཉན་ཏེ། ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གཙུག་ལག་ཁང་

ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་བ། འཕགས་པ་རྟ་མགྲིན་གྱི་སྒྲུབ་ཐབས་ཞེས་བྱ་བ་དང༌། དཔལ་རྟ་མགྲིན་གྱི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཐུགས་ཀྱི་རིགས་ཁྲོ་བོ་བདུད་རྩི་འཁྱིལ་པའི་སྒྲུབ་ཐབས་དངོས་སུ་ནི་མི་སྣང་ངོ༌། །དེའི་ཕྱོགས་མཐུན་མི་གཡོ་

བའི་སྐོར་ལ། འཕགས་པ་མི་གཡོ་བའི་སྒྲུབ་ཐབས་ཞེས་བྱ་བ་བླ་མ་གསེར་གླིང་པས་མཛད་པ། སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་རང་འགྱུར་དུ་མཛད་ནས་དགེ་སློང་དབང་ཕྱུག་རྒྱལ་མཚན་ལ་གནང་བ། ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ་དང༌། ཡང་ཁྲོ་བོའི་རྒྱལ་པོ་འཕགས་པ་མི་

གཡོ་བ་ལ་བསྟོད་པ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཁྲོ་ཆེན་གཏུམ་པོའི་སྒྲུབ་ཐབས་སློབ་དཔོན་པྲ་བྷཱ་ཀ་ར་ཀཱིརྟིས་མཛད་པ། མཁས་པ་ཆེན་པོ་སྦྱིན་པ་ཚུལ་ཁྲིམས་ཀྱི་རང་འགྱུར། ཁྲོ་བོ་

གཏུམ་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། པཎྜི་ཏ་སུཎྱཱ་ཡ་ཤྲཱི་དང༌། ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་གྱི་འགྱུར། གཏུམ་པོ་དཀར་པོ་ཆེན་པོའི་སྒྲུབ་ཐབས་ལྷུག་པ་མ་དང༌། འཕགས་པ་མི་གཡོ་བའི་སྒྲུབ་ཐབས་ཚིགས་བཅད་མ་རྒྱ་གར་ཤར་

เล่ม ๒๑๓ · หน้า 413b

ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་མཛད་པ། དེ་ཉིད་ཀྱི་རང་འགྱུར། དེ་ལྟར་རིགས་གསུམ་པོ་སོ་སོའི་སྒྲུབ་ཐབས་རྣམས་བཀོད་ནས། རིགས་གསུམ་སྤྱིའི་སྒྲུབ་ཐབས་ནི། ལེགས་པར་གྲུབ་པར་བྱེད་པའི་སྒྲུབ་པའི་ཐབས་བསྡུས་པ་བདེ་བར་གཤེགས་པའི་སྲས་པོ་སློབ་དཔོན་བྱང་ཆུབ་མཆོག་གིས་

མཛད་པ། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་ཞེས་དགེ་བའི་འདོད་འཇོའི་རྣམ་པར་བཤད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ནག་པོ་པ་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། གཙུག་ཏོར་ལ་སོགས་པ་གཟུངས་སྣ་ཚོགས་ཀྱི་སྐོར་ལ། འཕགས་

པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་དང༌། ཡང་འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་བཀླག་ཅིང་མཆོད་

རྟེན་བརྒྱ་རྩ་བརྒྱད་དམ་མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་སློབ་དཔོན་བོ་དྷི་ས་ཏྭས་མཛད་པར་གྲགས་པ། བི་མ་ལ་ཨུཥྞཱི་ཥའི་གཟུངས་དང་རྒྱུད་དག་པ་ལས་ཙཻ་ཏྱ་དང་སཱཙྪ་གདབ་པ་ལ་སོགས་པའི་ཆོ་ག་ཨཱ་ཙཱརྱ་དྷརྨ་ཀཱིརྟི་དང༌། བཛྲ་ཀཱིརྟི་དང་བཛྲ་བོ་དྷི་ལ་སོགས་པ་ལ་ཐོས་ནས་སློབ་

དཔོན་དེ་དག་གིས་ལུང་བསྟན་ཏེ་གཏན་ལ་ཕབ་པར་བྱས་པའི་དང་པོ་མཆོད་རྟེན་བརྒྱ་རྩ་བརྒྱད་བྱ་བ། མཆོད་རྟེན་གཅིག་གདབ་པའི་ཆོ་ག །མཆོད་རྟེན་གཉིས་གདབ་པའི་ཆོ་ག །མཆོད་རྟེན་གསུམ་གདབ་པའི་ཆོ་ག །མཆོད་རྟེན་ལྔ་གདབ་པའི་ཆོ་ག །མཆོད་རྟེན་དགུ་གདབ་པའི་ཆོ་ག །མཆོད་

རྟེན་བྱེ་བ་གདབ་པའི་ཆོ་ག །སངས་རྒྱས་ཀྱི་སྐུ་བཤད་པ་རྣམས་བཙན་པོའི་ཕྱག་ནས་མཁན་པོས་བཏུས་པ། མཆོད་རྟེན་གྱི་ཆ་རྣམ་པར་དབྱེ་བ་འདུལ་བ་ལས་བྱུང་བའི་མདོ་སློབ་དཔོན་ཞི་བ་སྙིང་པོས་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བའི་སྒྲུབ་ཐབས་རྒྱ་གར་གྱི་མཁན་

པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། སཱཙྪ་ལྔ་གདབ་པའི་ཆོ་ག །གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག །ཡང་གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག་སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། དེ་ཉིད་དང༌།

เล่ม ๒๑๓ · หน้า 414a

ནག་ཚོ་ཚུལ་རྒྱལ་གྱི་འགྱུར། འཕགས་མ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་འགྱུར། འཕགས་པ་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་གྱི་གཏོར་

མའི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཐོ་ལིང་གི་གཙུག་ལག་ཁང་དུ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་བཟློག་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས།

སྲུང་བའི་འཁོར་ལོ། འཁྲུལ་འཁོར་བཅིང་བ། དུས་མ་ཡིན་པར་འཆི་བ་བཟློག་པའི་ཐབས། བགེགས་བཟློག་ཅིང་གཟིར་བའི་ཐབས། དམག་དཔུང་གཞོམ་པའི་ཐབས། དངོས་གྲུབ་སྒྲུབ་པའི་ཐབས། འཇིགས་པ་ལས་སྐྱོབ་པའི་ཐབས། སེར་བ་སྲུང་བའི་ཐབས། མཛེ་ནད་

གདུག་པ་ཅན་གསོ་བའི་ཐབས། གཏོར་མའི་ཆོ་ག་པཎྜི་ཏ་མ་ཧཱ་ཛ་ནའི་རང་འགྱུར་ཡིན་གསུངས། གདུགས་དཀར་མོ་ཅན་གྱི་མ་བྱུང༌་གཟུངས་ཀྱི་སྒྲུབ་ཐབས། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་བྱ་བའི་གཟུངས་ཀྱི་ཆོ་ག་ཞེས་བྱ་བ། རིམས་

བསྲུང་བའི་ཆོ་ག །ཕྱུགས་ནད་གོར་བསྲུང་བའི་ཆོ་ག །ཞི་བའི་སྦྱིན་སྲེག །མངོན་སྤྱོད་ཀྱི་ལས། དངོས་གྲུབ་སྒྲུབ་པའི་སྒོ་ནས་སྲིའུ་གསོ་བ། བཟློག་པའི་ཟོར་བྱ་བའི་ཆོ་ག མཆོད་རྟེན་བསྒྲུབ་པའི་ཆོ་གའི་རིམ་པ་རྣམས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཟངས་དཀར་

འཕགས་པ་ལོ་ཙཱའི་འགྱུར། གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་རྡོ་རྗེ་རྣོན་པོས་མཛད་པ། འཕགས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་

བ་དང༌། འཕགས་མ་གདུགས་དཀར་མོ་ཅན་གྱི་སཱཙྪའི་ཆོ་ག་ཞེས་བྱ་བ་སློབ་དཔོན་པདྨའི་ལྕགས་ཀྱུས་མཛད་པ། ཟངས་དཀར་ལོ་ཙཱ་བས་ཐོ་ལིང་གི་གཙུག་ལག་ཁང་དུ་འགྱུར། གཙུག་ཏོར་ནས་བྱུང་བའི་གདུག་དཀར་མོ་ཅན་གྱི་ཆོ་ག་ཞེས་བྱ་བ་སློབ་དཔོན་ཤུ་རངྒ་ཝརྨ་བཛྲས་མཛད་པ། ཟངས་

เล่ม ๒๑๓ · หน้า 414b

དཀར་འཕགས་པ་ཤེས་རབ་ཀྱི་འགྱུར། གཙུག་ཏོར་གདུགས་དཀར་མོ་ལ་བསྟོད་པ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཉེ་བར་བཤད་པ་བླ་མ་རྡོ་རྗེ་གདན་པས་མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་དང༌། ལོ་

ཙཱ་བ་དགེ་སློང་བ་རིའི་འགྱུར། གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞེས་བྱ་བའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་སློབ་དཔོན་གི་རི་ཝ་ཏས་མཛད་པ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོའི་གཟུངས་ཀྱི་སྒྲུབ་ཐབས་སློབ་དཔོན་བི་

མ་ལ་མི་ཏྲས་མཛད་པ། རབ་ཏུ་གནས་པའི་ཆོ་ག་ཞེས་བྱ་བ་མང་དུ་ཐོས་པའི་སློབ་དཔོན་པདྨའི་ལྕགས་ཀྱུས་རིགས་ལྡན་ཧ་ར་པའི་སློབ་དཔོན་ཀ་མ་ལ་དྷེ་ནུ་པའི་རྗེས་སུ་འབྲངས་ནས་སྦྱར་བ། ཨཱ་ཙཱརྱ་བི་ནཱ་ཡ་ཙནྡྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འཕགས་མ་གདུགས་

དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་སྒྲུབ་པའི་ཐབས། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་བི་བྷཱུ་ཏི་ཙནྡྲ་དང༌། གློ་བོ་ལོ་ཙཱ་བ་དགེ་སློང་ཤེས་རབ་རིན་ཆེན་གྱི་འགྱུར། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། འཕགས་མ་གཙུག་ཏོར་

གདུགས་དཀར་མོ་ལ་བསྟོད་པ་སློབ་དཔོན་གི་རི་ཝ་ཏས་མཛད་པ། སྲུང་བ་ལྔའི་སྐོར་ལ། འཕགས་པ་མ་རིག་པ་ཆེན་མོ་སོ་སོ་འབྲང་མའི་འཁོར་ལོའི་སེམས་སྦྱོང་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཆོས་ཀྱི་སྡེ་དང༌། ལོ་ཙཱ་བ་དགེ་ཚུལ་ནམ་མཁའ་རྡོ་རྗེའི་འགྱུར། སོ་སོར་

འབྲང་མའི་འཁོར་ལོ་བྲི་བའི་ཐབས་སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟི་པས་མཛད་པ། སོ་སོར་འབྲང་མའི་སྒྲུབ་ཐབས། རྨ་བྱ་ཆེན་མོའི་སྒྲུབ་ཐབས། སྟོང་ཆེན་མོ་རབ་ཏུ་འཇོམས་པའི་སྒྲུབ་ཐབས། གསང་སྔགས་རྗེས་སུ་འཛིན་མའི་སྒྲུབ་ཐབས། བསིལ་བའི་ཚལ་ཆེན་མོའི་སྒྲུབ་ཐབས་སློབ་

དཔོན་ཆེན་པོ་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། སོ་སོར་འབྲང་མ་ཆེན་མོའི་སྲུང་བ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་ཆེན་པོ་དྷརྨ་ཀཱིརྟིའི་འགྱུར། འཕགས་མ་སོ་སོར་འབྲང་མ་ཆེན་མོའི་རིག་པའི་ཆོ་ག་ཞེས་བྱ་བ་རྒྱ་གར་

เล่ม ๒๑๓ · หน้า 415a

ཡུལ་ཝཱ་རཱ་ཎ་སཱིར་པཎྜི་ཏ་པུ་རུ་ཥོཏྟ་མའི་ཞལ་ལས་ལེགས་པར་མཉན་ཏེ། ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གཙུག་ལག་ཁང་ཆེན་པོ་ཐར་པ་གླིང་དུ་འགྱུར། སྲུང་བ་ལྔའི་ཆོ་ག་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་

གྱི་མཁན་པོ་མུ་དི་ཏ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བནྡེ་བཀྲ་ཤིས་རྒྱལ་མཚན་གྱིས་བསྒྱུར་བ་ལས། སླར་ཆག་ཆོས་རྗེ་དཔལ་གྱིས་བཅོས་པ། སོ་སོར་འབྲང་མ་ཆེན་མོའི་འཁོར་ལོ་བྲི་བའི་ཆོ་ག་སློབ་དཔོན་ཛེ་ཏཱ་རིས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། དགེ་སློང་པྲ་ཛྙཱ་ཀཱིརྟིའི་

འགྱུར། སྲུང་བ་ལྔའི་སྒྲུབ་ཐབས་དང་མདོ་མ་བྱུང༌ངོ་ཀློག་པའི་ཆོ་ག་བལ་པོའི་དཔེ་ལས་མངའ་རིས་པ་རྡོ་རྗེ་དཔལ་གྱིས་བསྒྱུར་བ། སྲུང་བ་ལྔའི་མཆོད་པའི་ཆོ་ག་དང༌། གཟའ་དགུའི་མཆོད་པའི་ཆོ་ག་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱིས་ཉིད་ཀྱི་སློབ་དཔོན་ཧང་ས་ཞེས་བྱ་བའི་

གསུང་ཟིན་བྲིས་སུ་བགྱིས་པའི་ཡི་གེ་ལས་རྩེས་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་འགྱུར། འཕགས་པ་དྲ་བི་ཏའི་བུམ་པའི་ཆོ་ག་རིམ་པར་ཕྱེ་བ། རབ་གནས་ཀྱི་ཆོ་ག་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་བ་རིའི་

འགྱུར། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག །དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། ཡང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་

པར་རྒྱས་པ་ཞེས་བྱ་བའི་མདོ་སྡེ་བཀླག་ཅིང་དེ་བཞིན་གཤེགས་པ་བདུན་མཆོད་དེ་སྨོན་ལམ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་ཏེ་རིམ་པར་བཀླག་པ་མཁན་པོ་བོ་དྷི་ས་ཏྭས་མཛད་པ་འདི་གསུམ་ཆོ་ག་རྒྱས་འབྲིང་བསྡུས་གསུམ་ཡིན་ནོ། །གཟུངས་ཐམས་ཅད་ཀྱི་སྒྲུབ་ཐབས་རིམ་པ་གཉིས་

པ་ཞེས་བྱ་བ། གཟུངས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། སྒྲུབ་ཐབས་ཐམས་ཅད་ཀྱི་ལས་ཀྱི་བྱ་བ་རྣམས་སློབ་དཔོན་ཆེན་པོ་རཏྣ་ཀཱིརྟིས་མཛད་པ། བལ་པོ་མ་ཧཱ་པཱ་ནའི་རང་འགྱུར། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཆོ་ག་ཞིབ་མོ་མཁན་པོ་ནར་བན་རཀྵི་ཏས་མཛད་

เล่ม ๒๑๓ · หน้า 415b

པ། རབ་ཏུ་གནས་པའི་ཆོ་ག་པཎྜི་ཏ་དཔལ་སུ་མ་ཏི་ཀཱིརྟིས་མཛད་པ། མཁས་པ་དེ་ཉིད་དང༌། ལོ་ཙཱ་བ་པྲཛྙཱ་ཀཱིརྟིའི་འགྱུར་བ་རྣམས་བཞུགས་སོ། །འདིར་བཀོད་པའི་སྒྲུབ་ཐབས་འགའ་ཞིག་རྣལ་འབྱོར་རྒྱུད་དང་མཐུན་པ་དང༌། སྤྱོད་རྒྱུད་དང་མཐུན་པའི་བསྐྱེད་ཆོག་ཏུ་བྱས་པ་ཅི་རིགས་པ་

སྣང་ཡང་བརྟེན་པའི་རྒྱུད་ཕལ་ཆེར་བྱ་རྒྱུད་དུ་སྣང་བ་དང༌། སྡེ་ཚན་ཕྱོགས་གཅིག་ཏུ་སྣང་བའི་ཕྱིར་འདིར་བཀོད་དོ་ཞེས་ཀུན་མཁྱེན་བུས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་རིགས་གསུམ་གཙོར་གྱུར་པའི། །བྱ་བའི་རྒྱུད་དང་འབྲེལ་བའི་འགྲེལ་པ་དང༌། །སྒྲུབ་སྐོར་ལ་སོགས་

ཆོས་སྐོར་བརྒྱ་ཕྲག་བཞི། །བཅུ་ཕྲག་བདུན་ལ་ལྔ་ཡིས་སྤྲས་པ་བཞུགས། །དེ་དག་གིས་ནི་བྱ་བའི་རྒྱུད་ཀྱི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་རྒྱུད་སྡེ་སོ་སོ་བ་དང་འབྲེལ་བའི་ཆོས་སྐོར་རྣམས་བཀོད་ནས། རྒྱུད་སྡེ་བཞི་ཐུན་མོང་བ་ཅི་རིགས་པ་དང་འབྲེལ་

བའི་དགོངས་འགྲེལ་བསྟན་བཅོས་ཀྱི་སྐོར་ལ། ཕུ་པ་ལ། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་གནས་བརྟན་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཁེར་གད་བནྡེ་འཁོར་ལོ་གྲགས་ཀྱི་འགྱུར་ལ། དུས་ཕྱིས་ལོ་ཙཱ་བ་ཤེས་རབ་དཔལ་གྱིས་

བཅོས་ཤིང༌། སླད་ནས་པཎྜི་ཏ་རཏྣ་རཀྵི་ཏ་དང༌། རཱ་ཧུ་ལ་ཤྲཱི་བྷ་དྲ་དང༌། མ་ནི་ཀ་ཤྲཱི་ཛྙཱ་ན་དང༌། ཆག་ཆོས་རྗེ་དཔལ་གྱིས་བཅོས་པ་ལས། སླད་ནས་དཔང་ལོ་ཙཱ་བ་བློ་བརྟན་གྱིས་མི་བཅོས་སུ་མི་རུང་བ་རྣམས་བཅོས་ནས་དག་པར་བྱས་པ། རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ཞེས་བྱ་བ་

ཤླཽ་ཀ་སྟོང་ཉིས་བརྒྱ་པ་རྡོ་རྗེ་ཕག་མོས་མངོན་སུམ་དུ་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་པའི་དཔལ་བཟང་པོས་འགྱུར་རྙིང་པ་ལ་བརྟེན་ནས་སྨོན་འགྲོའི་གཙུག་ལག་ཁང་དུ་རང་

འགྱུར་དུ་མཛད་ཅིང༌། ཡང་པཎྜི་ཏ་དེ་ཉིད་ཀྱིས་ལན་གཉིས་སུ་ཞུས་ཤིང་གཏུགས། སླད་ཀྱིས་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་མཁས་བཙུན་མཆོག་གི་གྲུབ་པ་བརྙེས་པ་བླ་མ་རྗེ་བཙུན་ཆེན་པོ་རེ་ཝེནྡྲའི་ཞལ་སྔ་ནས། ཆག་ལོ་ཙཱ་བ་དགེ་སློང་དཔལ་གྱི་མཐའ་ཅན་གྱིས་ཞུས་ཤིང་དག་པར་བསྒྱུར་

เล่ม ๒๑๓ · หน้า 416a

ནས་བཅོས་པ། སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མ་ཞེས་བྱ་བ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན་དཔལ་བཟང་པོས་བོད་ཡུལ་གྱི་

དབུས་དྲང་སྲོང་སྲིན་པོ་རིར་རང་འགྱུར་དུ་མཛད་པ་ལ། སླད་ཀྱིས་པཎྜི་ཏ་ཆེན་པོ་རིག་པའི་གནས་རྣམས་ཐུགས་སུ་ཆུད་པའི་མཁས་པ་དག་དང་གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་གསུང་གི་བདུད་རྩིའི་རྒྱུན་གྱིས་ཐུགས་གཏམས་ཤིང་དེ་ཁོ་ན་ཉིད་ལ་གཞོལ་བའི་སློབ་དཔོན་ཉི་མའི་དབང་པོའི་འོད་

ཟེར་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་ལེགས་པར་བསྒྱུར་ཞིང་བཅོས་པ་ལ། དུས་ཕྱིས་ཤོང་ལོ་ཙཱ་བ་དགེ་སློང་བློ་བརྟན་གྱིས་ལེགས་པར་བཅོས་ཤིང་དག་པར་བྱས་པ། ཚིགས་བཅད་བརྒྱ་ཉི་ཤུ་རྩ་ལྔ་པའོ།། །།པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་

བའི་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྣམ་གྲངས་ལ། དང་པོར་འཕགས་པ་སངས་རྒྱས་རྗེས་སུ་དྲན་པ། དེ་ནས་རིམ་གྱིས་དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་ཀུ་མུད་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། པཎྜི་ཏ་ཨ་བྷ་ཡཱ་ཀ་རའི་ཞལ་སྔ་ནས་པ་ཚབ་ཀྱི་བརྒྱུད་ཀྱི་

དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། དམ་ཚིག་གསུམ་རྒྱལ་གྱི་རྟོག་པ་ནས་གསུངས་པ་རྡོ་རྗེ་འཛིན་པས་ལེགས་པར་གསུངས་པའི་བསྟོད་པ། རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་དཀྱིལ་འཁོར་གྱི་རྒྱན་ལས་གསུངས་པའི་བསྟོད་པའི་ཕན་ཡོན། དམ་ཚིག་གསུམ་གྱི་དམ་ཚིག་

གི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་རིན་ཆེན་འབྱུང་གནས་སྦས་པས་མཛད་པ། གདམས་ངག་གི་རིམ་པའི་བཅོམ་ལྡན་འདས་རྡོ་རྗེ་གདན་གྱི་སྒྲུབ་ཐབས། ཡང་རྡོ་རྗེ་གདན་གྱི་སྒྲུབ་ཐབས་གཅིག །འཕགས་པ་ཡི་གེ་དྲུག་པར་རིག་པ་ཆེན་མོའི་སྒྲུབ་ཐབས། འཕགས་པ་ཡི་གེ་དྲུག་པ་རིག་

པ་ཆེན་པོ་རྗེ་བཙུན་འཇིག་རྟེན་དབང་ཕྱུག་གི་གདམས་ངག་རྒྱུད་ནས་འོངས་པའི་སྒྲུབ་ཐབས་ཀྱི་ཆོ་ག །ཡི་གེ་དྲུག་པའི་གདམས་ངག་གི་ཁྱད་པར་རྣམས་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། བདེ་བ་འབྱུང་བའི་ཁརྶ་པ་ཎིའི་སྒྲུབ་ཐབས་པཎྜི་ཏ་རཏྣ་ཨཱ་ཀ་ར་གུཔྟ་དང༌། དགེ་སློང་ཚུལ་

เล่ม ๒๑๓ · หน้า 416b

ཁྲིམས་རྒྱལ་མཚན་གྱི་འགྱུར། བདེ་བ་འབྱུང་བ་ཁརྶ་པ་ཎི་ཞེས་བྱ་བའི་སྒྲུབ་ཐབས་པདྨ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། སེང་གེ་སྒྲའི་སྒྲུབ་ཐབས། སེང་གེ་སྒྲའི་གཟུངས། སེང་གེ་སྒྲའི་སྒྲུབ་ཐབས་

པཎྜི་ཏ་རཏྣ་ཨཱ་ཀ་ར་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། སྙིང་རྗེ་ཁྲོས་པ་ཞེས་བྱ་བའི་ཧ་ལ་ཧ་ལ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཨ་བྷ་ཡ་དང༌། ཚུལ་རྒྱལ་གྱི་འགྱུར། སྙིང་རྗེ་ཁྲོས་པའི་ཧ་ལ་ཧ་ལའི་སྒྲུབ་ཐབས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། པདྨ་གར་གྱི་

དབང་ཕྱུག་ཅེས་བྱ་བའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་དང༌། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས་མཁས་པ་རཏྣ་ཨཱ་ཀ་རའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། སེང་གེ་དང་བྱ་ཁྱུང་དང་ཁྱབ་འཇུག་ལ་བཞུགས་པ་ལས་བྱུང་བའི་སྒྲུབ་ཐབས། སེང་གེ་དང་བྱ་ཁྱུང་དང་

ཁྱབ་འཇུག་ལ་བཞུགས་པ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ཨཽ་རྒྱན་ནས་བྱུང་བའི་རིམ་པ་འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ས་ར་ཧའི་ཞལ་སྔ་ནས་མཛད་པ། ཨ་བྷ་ཡའི་ཞབས་དྲུང་ནས་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ཨཽ་ཌི་

ཡཱ་ན་ནས་རྣམ་པར་བྱུང་བའི་འཇིག་རྟེན་དབང་ཕྱུག་འཇིག་རྟེན་གསུམ་དབང་དུ་བྱེད་པའི་སྒྲུབ་ཐབས་ས་ར་ཧའི་ཞལ་སྔ་ནས་མཛད་པ། མཁས་པ་རཏྣ་ཨཱ་ཀ་ར་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས། སྒྱུ་འཕྲུལ་དྲྭ་བའི་

ལུགས་ཀྱི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་ཤཱནྟ་ཨཱ་ཀ་ར་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། བརྟན་པའི་འཁོར་ལོའི་སྒྲུབ་ཐབས་པཎྜི་ཏ་ཨཱརྻ་ཨཱ་ཀ་ར་དང༌། པ་ཚབ་ཀྱི་འགྱུར། ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་

ཐབས། འཕགས་པ་དཔལ་དང་ལྡན་པ་འཇམ་དཔལ་གསུང་གི་མངའ་བདག་གི་སྒྲུབ་ཐབས། གསུང་གི་མངའ་བདག་གི་སྒྲུབ་ཐབས། སྤྲོས་པ་མེད་པའི་སྒྲུབ་ཐབས། སྤྲོས་པ་མེད་པའི་སྒྲུབ་ཐབས་ཞེས་བྱ་བ་ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཕྲལ་དུ་ཉམས་སུ་མྱོང་

เล่ม ๒๑๓ · หน้า 417a

བའི་སྤྲོས་པ་མེད་པའི་སྒྲུབ་ཐབས། ལྷ་ལྔའི་ཁྱད་པར་གྱི་གདམས་ངག །རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས། འཇམ་དཔལ་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས། ཆོས་ཀྱི་དབྱིངས་ཀྱི་ངག་གི་དབང་ཕྱུག་གི་སྒྲུབ་ཐབས། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་

ལས་དབང་དུ་བྱ་བའི་ཆོ་ག །ཆོས་ཀྱི་དུང་གི་ཏིང་ངེ་འཛིན་ཐོབ་པར་བྱེད་པ། ཆོས་ཀྱི་དབྱིངས་ཀྱི་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་རྣམས་པཎྜི་ཏ་ཨ་བྷ་ཡ་ལས། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ངག་གི་སྒྲུབ་པའི་ཐབས་ངག་གྲུབ་པའི་པཎྜི་ཏ་ཆེན་པོ་ཤཱནྟ་རཀྵི་ཏ་

ལ་སོགས་པའི་ཞལ་སྔ་ནས་མཉན་ཏེ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ངག་སྒྲུབ་པའི་ཐབས། རྒྱལ་པོ་ཆེན་པོ་བརྗིད་པ་ཞེས་བྱ་བའི་འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། ཡང་དཔའ་བོ་གཅིག་ཏུ་གྲུབ་པའི་

སྒྲུབ་ཐབས། ཁོར་ཡུག་མངར་བའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ། དབང་དུ་བྱེད་པའི་འཇམ་དཔལ་གྱི་སྒྲུབ་ཐབས། འཇམ་དཔལ་གྱི་སྒྲུབ་ཐབས། རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བའི་འཇམ་དཔལ་གྱི་སྒྲུབ་ཐབས། ཤེས་

རབ་མངོན་པར་བསྐྱེད་པ། ཤེས་རབ་འཕེལ་བའི་ཆོ་ག །འཇམ་དཔལ་གྱི་ཤེས་རབ་འཁོར་ལོ། འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ཆེན་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མའི་སྒྲུབ་ཐབས། ཡང་སྒྲོལ་མའི་སྒྲུབ་ཐབས།

རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་རྣམས་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་རའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ཡང་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དང་ཨ་བྷ་ཡ་ལ་སོགས་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། རྒྱ་

ནག་པོའི་ལུགས་ཀྱི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། གདམས་ངག་གི་ཁྱད་པར་གྱི་སྒྲུབ་ཐབས། རྒྱ་ནག་ཆེན་པོའི་ལུགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། འཆི་བ་བསླུ་བར་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། ཡང་སྒྲོལ་མ་དཀར་མོའི་སྒྲུབ་ཐབས།

เล่ม ๒๑๓ · หน้า 417b

ཡང་སྒྲོལ་མ་དཀར་མོའི་སྒྲུབ་ཐབས། དུག་སེལ་མ་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས། སྒྲོལ་མ་ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྟོག་པ་ལས་གསུངས་པ། སྒྲོལ་མ་ལས་བྱུང་བའི་ཀུ་རུ་ཀུལླེའི་ཚིག་ལྷུག་པའི་སྒྲུབ་ཐབས། ཀུ་རུ་ཀུལླེའི་དབང་

དུ་བྱ་བའི་གདམས་ངག །གདམས་ངག་གི་ཁྱད་པར། ཀུ་རུ་ཀུལླེའི་སྒྲུབ་ཐབས། ཡང་ཀུ་རུ་ཀུལླེའི་སྒྲུབ་ཐབས་ཨིནྡྲ་བྷཱུ་ཏིས་ཞལ་སྔ་ནས་མཛད་པ། བུང་བའི་རྣལ་འབྱོར་གྱི་ཀུ་རུ་ཀུལླེའི་སྒྲུབ་ཐབས། ཡང་ཀུ་རུ་ཀུལླེའི་སྒྲུབ་ཐབས། ཡང་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྣམས་ཨ་བྷ་

ཡཱ་ཀ་རའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ཨཽ་ཌྱཱན་ནས་ངེས་པར་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་མ་ལ་བ་དཱ་ན་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། གསེར་མདོག་གི་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། མདོར་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་མཱ་ལ་བ་ཞེས་བྱ་བ་དཱ་བྱང་ཆུབ་

སེམས་དཔའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་དང༌། དབྱངས་ཅན་མ་ཆེན་མོའི་སྒྲུབ་ཐབས་མཁས་པ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་

ཐབས་མ་ལ་བ་ཞེས་བྱ་བ་དཱའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་དཱ་དང་ཨ་བྷ་ཡ་དང་ཨཱ་མ་ར་ལ་སོགས་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར་རྣམས་བཞུགས་སོ།། །།བུ་པ་ལ།

རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས་དང༌། མྱ་ངན་མེད་པ་ལ་དགའ་བའི་འོད་ཟེར་ཅན་མའི་སྒྲུབ་ཐབས་མཁས་པ་དཱ་ན་ཤྲཱི་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་ཨ་བྷ་ཡའི་

เล่ม ๒๑๓ · หน้า 418a

ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། འོད་ཟེར་ཅན་གྱི་སྒྲུབ་ཐབས། ཡང་འོད་ཟེར་ཅན་གྱི་སྒྲུབ་ཐབས། ཨཽ་ཌྱཱན་གྱི་འོད་ཟེར་ཅན་གྱི་སྒྲུབ་ཐབས། ཨོ་ཌི་ཡཱ་ན་ནས་བྱུང་བའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། འོད་ཟེར་ཅན་གྱི་སྒྲུབ་ཐབས་

ཨཽ་ཌྱཱན་ནས་འབྱུང་བའི་བདག་བྱིན་གྱིས་བརླབ་པའི་རིམ་པའི་སྒྲུབ་ཐབས། མྱ་ངན་མེད་པ་ལ་དགའ་བའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། གདམས་ངག་གི་ཁྱད་པར། འཕགས་མ་འོད་ཟེར་ཅན་གྱི་གཟུངས་འདོན་པའི་མན་ངག །ནོར་རྒྱུན་མའི་སྒྲུབ་ཐབས། ཡང་ནོར་རྒྱུན་མའི་སྒྲུབ་

ཐབས་རྣམས་པཎྜི་ཏ་ཆེན་པོ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ནོར་རྒྱུན་མའི་སྒྲུབ་ཐབས་དང༌། ནོར་རྒྱུན་མའི་གཟུངས་ཀྱི་མན་ངག་དཱ་བྱང་ཆུབ་སེམས་དཔའ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས་མ་ལ་བའི་

ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། གདམས་ངག་གི་ཁྱད་པར་གཞན་གྱི་རྡོ་རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་མ་ལ་བའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་

གྱི་འགྱུར། ཡང་ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། འཕགས་མ་དུག་སེལ་མའི་སྒྲུབ་ཐབས། འཕགས་མ་དུག་སེལ་མའི་གཟུངས་རྣམས་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། འཕགས་མ་དུག་སེལ་མའི་སྒྲུབ་ཐབས་བྱང་ཆུབ་སེམས་དཔའི་ཞལ་

སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། སྐུལ་བྱེད་མའི་སྒྲུབ་ཐབས་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། འཕགས་པ་རལ་གཅིག་མའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་དཱ་དང་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། གཙུག་

ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས། འཕགས་མ་གཞན་གྱིས་མི་ཐུབ་མ་གདུགས་དཀར་མོའི་སྒྲུབ་ཐབས། རྡོ་རྗེ་ཙརྩི་ཀའི་སྒྲུབ་ཐབས། སོ་སོར་འབྲང་མ་ཆེན་མོའི་སྒྲུབ་ཐབས། རྨ་བྱ་ཆེན་མོའི་སྒྲུབ་ཐབས། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས། གསང་སྔགས་ཀྱི་

เล่ม ๒๑๓ · หน้า 418b

རྗེས་སུ་འབྲང་མ་ཆེན་མོའི་སྒྲུབ་ཐབས། བསིལ་བའི་ཚལ་ཆེན་མོའི་སྒྲུབ་ཐབས། གདམས་ངག་གཞན་གྱིས་ལྷ་ལྔ་ལེགས་པར་བསྟན་པ་ཞེས་བྱ་བ། ཕྱིར་བཟློག་མ་ཆེན་མོ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས། རྡོ་རྗེ་དྲི་

ལྡན་མའི་སྒྲུབ་ཐབས། སྒྲོལ་མ་རབ་ཏུ་དང་བའི་སྒྲུབ་ཐབས་རྣམས་ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། གཏུམ་མོ་ཆེར་ཁྲོས་པའི་ཡན་ལག་དང་བཅས་པའི་སྒྲུབ་ཐབས་སློབ་དཔོན་འོད་ཟེར་འབྱུང་གནས་གྲགས་པས་མཛད་པ། པཎྜི་ཏ་ཆེན་པོ་དཱ་དང་ཨ་

བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ཁྲོ་བོ་གཏུམ་པོ་ཆེན་པོའི་སྒྲུབ་ཐབས་ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། བྱམས་པའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་ཤཱནྟ་དང་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ཡང་བྱམས་པའི་སྒྲུབ་

ཐབས། ཛམྦྷ་ལ་ཆེན་པོའི་སྒྲུབ་ཐབས། ཛམྦྷ་ལའི་སྒྲུབ་ཐབས་རྣམས་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ཛམྦྷ་ལའི་སྒྲུབ་ཐབས་པཎྜི་ཏ་དཱ་དང་ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ཡང་ཛམྦྷ་ལའི་སྒྲུབ་ཐབས་ཨ་བྷ་ཡ་ལས་ཚུལ་

ཁྲིམས་རྒྱལ་མཚན་གྱི་འགྱུར། ཛམྦྷ་ལའི་སྒྲུབ་ཐབས་དང༌། མདོར་བསྡུས་པའི་ཛམྦྷ་ལའི་སྒྲུབ་ཐབས་དཱ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། དཔལ་ཛམྦྷ་ལའི་སྒྲུབ་ཐབས་དང༌། ཛམྦྷ་ལའི་རྒྱུན་འབབས་པའི་གདམས་ངག་ཨ་བྷ་ཡ་ལས་དགེ་སློང་ཚུལ་

ཁྲིམས་རྒྱལ་མཚན་གྱི་འགྱུར། ཛམྦྷ་ལའི་གདམས་ངག་དཱ་དང་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། གདམས་ངག་གི་ཁྱད་པར་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། ཛམྦྷ་ལའི་ཁྱད་པར་གྱི་གདམས་ངག་དཱ་དང་ཨ་བྷ་

ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། རྟ་མགྲིན་གྱི་སྒྲུབ་ཐབས། ཁམས་གསུམ་རྣམ་པར་རྒྱལ་བའི་སྒྲུབ་ཐབས། རྡོ་རྗེ་མེ་འབར་བའི་གཟི་བརྗིད་ཀྱི་སྒྲུབ་ཐབས། རྟ་མཆོག་གི་སྒྲུབ་ཐབས། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། གཤིན་རྗེ་

เล่ม ๒๑๓ · หน้า 419a

གཤེད་ནག་པོའི་སྒྲུབ་ཐབས། ཡང་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། ཡང་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། གཤིན་རྗེ་མཐར་མཛད་ཀྱི་སྒྲུབ་ཐབས། ཡང་གཤིན་རྗེ་མཐར་བྱེད་ཀྱིས་སྒྲུབ་ཐབས། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས།

གཏོར་མའི་ཆོ་ག །རྡོ་རྗེ་ཧཱུྃ་མཛད་ཀྱི་སྒྲུབ་ཐབས། སྟོབས་པོ་ཆེའི་སྒྲུབ་ཐབས། ཧེ་རུ་ཀ་ཕྱག་གཉིས་པའི་སྒྲུབ་ཐབས་མདོར་བསྡུས་པ་རྣམས་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། དགེས་པ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་དང༌། བདག་མེད་མ་

འབའ་ཞིག་གི་སྒྲུབ་ཐབས་དཱ་དང་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། བདག་མེད་མའི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། རྡོ་རྗེ་ཕག་མོ་དབང་དུ་བྱ་བའི་ཆོ་ག །རྡོ་རྗེ་ཕག་མོའི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་རྟོག་པ་དོན་ཐམས་ཅད་སྒྲུབ་པར་

བྱེད་པ། དཔལ་ཨོ་རྒྱན་གྱི་རྡོ་རྗེ་གདན་ནས་ངེས་པར་བྱུང་བའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། མདོར་བསྡུས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྣམས་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་དཱ་དང་ཨ་བྷ་ཡའི་ཞལ་སྔ་ནས་

དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། དཔལ་འབྱུང་པོ་འདུལ་བྱེད་ཀྱི་མདོར་བསྡུས་པའི་སྒྲུབ་ཐབས། འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཡན་ལག་དང་བཅས་པ་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛེས་པར་བསྡེབས་པ། མགོན་པོ་ནག་པོའི་སྒྲུབ་ཐབས་རྣམས་པཎྜི་ཏ་

ཨ་བྷ་ཡ་ལ་སོགས་པ་ལས་དགེ་སློང་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར་རོ། །དེ་ལྟར་ན་སྒྲུབ་ཐབས་བརྒྱ་དང་དྲུག་ཅུ་རྩ་བཞི་བཞུགས་ཤིང༌། འདི་རྣམས་སཾ་སྐྲྀ་ཏའི་སྐད་མཆོག་ཏུ་གྱུར་ཅིང་དོན་བཟང་ལ་གདམས་ངག་ཆེ་བ་རྣམས་པཎྜི་ཏ་ཆེན་པོ་ཨ་བྷ་ཡའི་ཕྱག་དཔེ་ལས་

པཎྜི་ཏ་ཆེན་པོ་དེ་དག་དང༌། པ་ཚབ་ཀྱི་རིགས་སུ་སྐྱེས་པའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་ལེགས་པར་བསྒྱུར་བ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ་དཀྱིལ་འཁོར་གྱི་སློབ་དཔོན་ཆེན་པོ་པཎྜི་ཏ་ཨ་ཝ་དྷཱུ་ཏཱི་པ་དཔལ་ལྡན་འགྲོ་བའི་མེ་ལོང་གིས་མཛད་པ། བི་ཀྲ་མ་

เล่ม ๒๑๓ · หน้า 419b

ཤཱི་ལའི་པཎྜི་ཏ་ཆེན་པོ་མཉྫུ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་འགྱུར། སླར་ཡང་དཔལ་ལྡན་བྱང་ཆུབ་རྩེ་མོའི་ཞབས་རྡུལ་སྤྱི་བོས་ལེན་པ་དགེ་སློང་བཛྲ་ཤྲཱིས་ཀྱང་བཅོས་ཤིང་དག་པར་བགྱིས་པའོ།། །།མུ་པ་ལ། བ་རི་བའི་སྒྲུབ་ཐབས་བརྒྱ་རྩར་

གྲགས་པ་ལས། རྗེ་བཙུན་རྡོ་རྗེ་གདན་གྱི་མན་ངག་གི་སྒྲུབ་ཐབས་ཀྱི་ཆོ་ག་ཁམས་པ་བ་རི་ལོ་ཙཱའི་འགྱུར། བརྟན་པའི་འཁོར་ལོའི་ཆོ་ག་རྒྱ་གར་གྱི་མཁན་པོ་བཱིརྱ་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། བརྟན་པའི་འཁོར་ལོའི་སྒྲུབ་ཐབས་སློབ་དཔོན་

བྷ་ཝ་སྐནྡྷས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིའི་འགྱུར། ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབས། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ། ཨ་ར་པ་ཙ་ནའི་སྒྲུབ་

ཐབས་སློབ་དཔོན་ཆེན་པོ་མི་ཕམ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས། འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས། ངག་གི་རྒྱལ་པོའི་སྒྲུབ་

ཐབས། རྒྱལ་པོ་ཆེན་པོ་འཇམ་དཔལ་རོལ་པའི་སྒྲུབ་ཐབས། རིག་པ་འཛིན་པའི་སྡེ་སྣོད་དུ་གསུངས་པའི་མདོར་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས། རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས། འཇམ་དཔལ་གྱི་

ཤེས་རབ་ཀྱི་སྦྱོར་བ། ཡན་ལག་མེད་པའི་རྡོ་རྗེ་འཇམ་དཔལ་དབྱངས་ཀྱི་སྒྲུབ་པའི་ཐབས། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་པའི་ཐབས། མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས།

འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས། འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། ཡང་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། ཡང་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཁམས་པ་ལོ་ཙཱ་བ་དགེ་སློང་

เล่ม ๒๑๓ · หน้า 420a

བ་རིའི་འགྱུར། དཔལ་རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་སློབ་དཔོན་སུ་ཛ་ན་བྷ་དྲས་མཛད་པ། སེང་གེ་སྒྲའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིའི་འགྱུར། ཧ་ལ་ཧ་ལའི་སྒྲུབ་པའི་ཐབས་སློབ་དཔོན་ལྷན་

ཅིག་སྐྱེས་པའི་རོལ་པས་མཛད་པ། ཁརྶ་པ་ཎིའི་སྒྲུབ་པའི་ཐབས། ཡི་གེ་དྲུག་པའི་སྒྲུབ་པའི་ཐབས་དཔལ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ།

ཧ་ལ་ཧ་ལའི་སྒྲུབ་པའི་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོས་པས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིའི་འགྱུར། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་མྱུ་གུས་

མཛད་པ། སྒྲོལ་མ་དཀར་མོའི་སྒྲུབ་པའི་ཐབས་སློབ་དཔོན་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོས་མཛད་པ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། སྒྲོལ་མ་དཀར་མོའི་སྒྲུབ་པའི་ཐབས་ངག་གི་དབང་ཕྱུག་གྲགས་པའི་སློབ་མའི་ཐུ་བོས་

མཛད་པ། ཨཽ་ཌྱཱན་གྱི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། རྟོག་པ་ལས་གསུངས་པའི་ཚོ་གས་འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས། ཨཽ་ཌྱཱན་གྱི་འོད་ཟེར་

ཅན་གྱི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཨཽ་ཌྱཱན་གྱི་རིམ་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། ཙུནྡའི་སྒྲུབ་ཐབས། དཔལ་གནོད་གནས་ཀྱི་མདོར་བསྡུས་པའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མས་མཛད་པ། ཨུ་ཙྪུསྨ་ཛམྦྷ་ལའི་སྒྲུབ་པའི་ཐབས་རྣལ་

འབྱོར་པ་དགའ་བ་སྦྱིན་གྱིས་མཛད་པ། ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། བྱམས་པའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་སངས་རྒྱས་ཀྱིས་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་སློབ་དཔོན་དགེ་

เล่ม ๒๑๓ · หน้า 420b

འདུན་སྦྱིན་གྱི་སྲས་ཀྱིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། མདོར་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། མི་གཡོ་བའི་སྒྲུབ་ཐབས་པྲ་བྷཱ་ཀ་ར་ཀཱིརྟིས་མཛད་པ། གཏུམ་པོ་ཆེན་པོའི་

སྒྲུབ་ཐབས། རྡོ་རྗེ་ཧཱུྃ་མཛད་ཀྱི་སྒྲུབ་པའི་ཐབས། རི་ཁྲོད་མ་ལོ་མ་ཅན་གྱི་སྒྲུབ་ཐབས། འཕགས་མ་རི་ཁྲོད་མ་ལོ་མ་ཅན་གྱི་གཟུངས་སྔགས། འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། བགེགས་དགྲའི་སྒྲུབ་ཐབས། རལ་

གཅིག་མའི་སྒྲུབ་པའི་ཐབས། འཕགས་མ་དུག་སེལ་མའི་སྒྲུབ་ཐབས། དུག་སེལ་མའི་གཟུངས། ལྷ་མོ་རིགས་བྱེད་མའི་སྒྲུབ་པའི་ཐབས། རྟོག་པ་ལས་གསུངས་པའི་ལྷ་མོ་རིགས་བྱེད་མའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ལྷ་མོ་རིགས་བྱེད་

མའི་སྒྲུབ་ཐབས། ཨོ་ཌི་ཡཱ་ན་ནས་བྱུང་བའི་རིགས་བྱེད་མའི་སྒྲུབ་ཐབས། ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་པའི་ཐབས་སློབ་དཔོན་ས་ར་ཧས་མཛད་པ། དཔལ་གནོད་གནས་ཀྱི་སྒྲུབ་པའི་ཐབས། རྒྱ་ནག་པོའི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་

རྟག་པའི་རྡོ་རྗེས་མཛད་པ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། འཕགས་པ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། སོ་སོར་འབྲང་མ་ཆེན་མོའི་སྒྲུབ་ཐབས། གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས། འཕགས་མ་རྨ་བྱ་ཆེན་མོའི་སྒྲུབ་ཐབས། སྟོང་ཆེན་མོ་རབ་ཏུ་

འཇོམས་མའི་སྒྲུབ་ཐབས། གསང་སྔགས་རྗེས་སུ་འཛིན་མའི་སྒྲུབ་ཐབས། བསིལ་བའི་ཚལ་ཆེན་མོའི་སྒྲུབ་ཐབས། ཕྱིར་བཟློག་མ་ཆེན་མོའི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། རྣམ་པར་རྒྱལ་མའི་སྒྲུབ་ཐབས། རྡོ་རྗེ་གནྡྷ་རཱིའི་སྒྲུབ་

ཐབས། དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས། སྟོབས་པོ་ཆེའི་སྒྲུབ་ཐབས། གཞན་གྱིས་མི་ཐུབ་མ་ཞེས་བྱ་བའི་གདུགས་དཀར་མོ་ཅན་གྱི་སྒྲུབ་ཐབས། རྟ་མགྲིན་གྱི་སྒྲུབ་པའི་ཐབས། ཞལ་གཅིག་

เล่ม ๒๑๓ · หน้า 421a

ཕྱག་གཉིས་མའི་ཧེ་རུ་ཀའི་སྒྲུབ་ཐབས། བདག་མེད་མ་གཅིག་པུའི་སྒྲུབ་ཐབས། བདག་མེད་མའི་སྒྲུབ་ཐབས། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། རྟོག་པ་ལས་བརྒྱུད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། རྡོ་རྗེ་ཕག་མོའི་

སྒྲུབ་ཐབས། རིགས་བྱེད་མའི་སྒྲུབ་ཐབས། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ། སྒྱུ་འཕྲུལ་དྲྭ་བའི་རིམ་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས་སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། དེ་རྣམས་པཎྜི་ཏ་དོན་ཡོད་རྡོ་རྗེ་

དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རི་ཆོས་གྲགས་ཀྱི་འགྱུར། འདི་རྣམས་ལ་ཆོས་ཀྱི་རྣམ་གྲངས་དགུ་བཅུ་གོ་དྲུག་ཡོད་དོ།། །།ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བའི་སྒྲུབ་ཐབས་རྒྱ་མཚོའི་རྐང་གྲངས་ལ། སྒྲུབ་ཐབས་ཀུན་ལས་བཏུས་སམ་དམ་ཚིག་གསུམ་གྱི་རྒྱལ་པོའི་

སྒྲུབ་ཐབས་པཎྜི་ཏ་ཆེན་པོ་ཀུ་མུ་ཏ་འབྱུང་བའི་བློ་གྲོས་ཞབས་ཀྱིས་མཛད་པ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་སྦས་པས་མཛད་པ། དཔལ་རྡོ་རྗེ་གདན་གྱི་སྒྲུབ་ཐབས་ཀྱི་མན་ངག་གི་ཆོ་ག །རྡོ་རྗེ་གདན་གྱི་སྒྲུབ་ཐབས། ཡང་རྡོ་རྗེ་གདན་གྱི་སྒྲུབ་ཐབས།

འཕགས་པ་ཡི་གེ་དྲུག་པ་རིག་པ་ཆེན་མོའི་སྒྲུབ་ཐབས་དཔལ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཡི་གེ་དྲུག་པའི་སྒྲུབ་ཐབས་ཟ་མ་ཏོག་བཀོད་པའི་མན་ངག་གིས་མཛད་པ། འཇིག་རྟེན་མགོན་པོའི་སྒྲུབ་ཐབས། ཡི་གི་དྲུག་པའི་སྒྲུབ་ཐབས། འཕགས་པ་ཁརྶ་པཱ་ཎིའི་འཇིག་

རྟེན་དབང་ཕྱུག་གི་སྒྲུབ་ཐབས་སློབ་དཔོན་རྙོགས་པ་མེད་པས་མཛད་པ། པོ་ཏ་ལའི་ཁརྶ་པཱ་ཎིའི་སྒྲུབ་ཐབས་སློབ་དཔོན་པདྨ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། དཔལ་ཁརྶ་པཱ་ཎིའི་སྒྲུབ་ཐབས་དགེ་སློང་དགེ་བྱེད་ཀྱིས་མཛད་པ། དཔལ་མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་

ཅུང་ཟད་རྒྱས་པར་བྱས་པ་ཨ་ནུ་བ་མ་རཀྵི་ཏས་མཛད་པ། དཔལ་ལྡན་མཁའ་སྤྱོད་ཀྱི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་ཐབས་པཎྜི་ཏ་ཨ་ཝ་དྷཱུ་ཏཱི་དཔལ་ལྡན་གཉིས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པ། འཇིག་རྟེན་མགོན་པོའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས།

เล่ม ๒๑๓ · หน้า 421b

སེང་གེ་སྒྲའི་སྒྲུབ་ཐབས། འཕགས་པ་སེང་གེ་སྒྲའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ཧ་ལ་ཧ་ལའི་སྒྲུབ་ཐབས། ཧ་ལ་ཧ་ལའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ཆོ་

ག་བསྡུས་པ། འཇིག་རྟེན་མགོན་པོ་པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྒྲུབ་ཐབས། ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་

ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། ཨོ་ཌི་ཡཱ་ན་རིམ་པའི་འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ས་ར་ཧའི་ཞབས་ཀྱིས་མཛད་པ། ཨོ་ཌི་ཡཱ་ན་ནས་བྱུང་ཞིང་ས་ར་ཧའི་ཞབས་ཀྱིས་གདན་དྲངས་པའི་འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཇིག་

རྟེན་དབང་ཕྱུག་གི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གིས་ལྷག་པར་དབང་དུ་བྱ་བའི་ཆོ་ག །བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲངས་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མགྲིན་པ་སྔོན་པོ་ཅན་གྱི་སྒྲུབ་ཐབས། སྒྱུ་

འཕྲུལ་དྲ་བའི་རིམ་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། ཤེས་རབ་བསྐྱེད་པ་པདྨའི་ཕྱག་གི་གཟུངས། སྲན་མ་མ་ཥའི་གཟུངས། འཇིག་རྟེན་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲུབ་ཐབས། འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཕགས་པ་བྷུགྨའི་སྒྲུབ་ཐབས་

སློབ་དཔོན་དཔལ་ལྡན་ཤཱུ་ནྱ་ཏཱ་ས་མཱ་དྷི་བཛྲ་པཱ་དས་མཛད་པ། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། བརྟན་པའི་འཁོར་ལོའི་སྒྲུབ་ཐབས་སློབ་དཔོན་བྷ་བ་སྐནྡྷས་མཛད་པ། ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབས། འཇམ་དཔལ་སེང་གེ་སྒྲའི་སྒྲུབ་ཐབས། དཔལ་

ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས་པཎྜི་ཏ་དཔལ་ལྡན་ཡིད་བཞིན་ནོར་བུ་སྦྱིན་པས་མཛད་པ། རྡོ་རྗེ་རྣལ་འབྱོར་མས་གསུངས་པའི་འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས། ངག་གི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་པའི་དབྱངས་ཀྱིས་སྒྲུབ་ཐབས། དཔལ་ལྡན་

เล่ม ๒๑๓ · หน้า 422a

འཕགས་པ་ངག་གི་རྒྱལ་པོའི་སྒྲུབ་ཐབས། ངག་གི་རྒྱལ་པོའི་སྒྲུབ་ཐབས། ཤེས་རབ་འཕེལ་བའི་གཏེར་གྱི་ངག་གི་རྒྱལ་པོའི་སྒྲུབ་ཐབས་དཔལ་ལྡན་པཎྜི་ཏ་འཕྲོག་བྱེད་འཇོམས་པས་མཛད་པ། ངག་གི་རྒྱལ་པོའི་སྒྲུབ་ཐབས། ཨ་ར་པ་ཙ་ནའི་

སྒྲུབ་ཐབས་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། རྗེ་བཙུན་འཕགས་པ་འཇམ་དཔལ་བསྒོམ་པའི་མན་ངག །འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས།

འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་ཀྱིས་དབང་དུ་བྱ་བའི་ཆོ་ག །སེམས་ཅན་ཐམས་ཅད་དབང་དུ་བྱེད་པའི་ཏིང་ངེ་འཛིན། ཆོས་ཀྱི་དབྱིངས་ངག་གི་དབང་

ཕྱུག་གི་སྒྲུབ་ཐབས། ཨ་ར་པ་ཙ་ནའི་སྒྲུབ་ཐབས། ངག་གི་སྒྲུབ་ཐབས། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། ངག་གི་སྒྲུབ་ཐབས་གཅིག །འཇམ་དཔལ་རྒྱལ་པོ་ཆེན་པོ་རོལ་པའི་སྒྲུབ་ཐབས། འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་རྡོ་རྗེ་དཔའ་

བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། བུང་བ་མྱོས་པའི་སྒྲུབ་ཐབས། ལྷག་པར་དབང་དུ་བྱེད་པའི་འཇམ་དཔལ་གྱི་སྒྲུབ་ཐབས། རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བའི་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས། རིག་པ་འཛིན་

པའི་སྡེ་སྣོད་སོ་སོ་ནས་བསྡུས་པའི་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས། ཤེས་རབ་འཕེལ་བའི་ཆོ་ག །མཚན་ཡང་དག་པར་བརྗོད་པའི་མན་ངག་ཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་གི་སྒྲུབ་ཐབས། ཆོས་ཀྱི་དུང་གི་ཏིང་ངེ་འཛིན་འཇམ་དཔལ་གྱི་སྒྲུབ་ཐབས། མཚན་ཡང་

དག་པར་བརྗོད་པའི་སྒྲུབ་ཐབས། འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། ཡི་གེ་གཅིག་པའི་རབ་ཏུ་སྦྱོར་བ་ཅུང་ཟད་པ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་ཆོ་ག་དང་བཅས་པ་སློབ་དཔོན་འོད་ཟེར་འབྱུང་གནས་གྲགས་པས་མཛད་པ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས། ཡང་

เล่ม ๒๑๓ · หน้า 422b

གཏུམ་པོ་ཆེན་པོའི་སྒྲུབ་ཐབས། ཡང་གཏུམ་པོ་ཆེན་པོའི་སྒྲུབ་ཐབས། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། སྒྲོལ་མ་ཆེན་མོའི་སྒྲུབ་ཐབས། མཆོག་སྦྱིན་སྒྲོལ་མའི་སྒྲུབ་ཐབས། དབང་དུ་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས།

སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། ཡང་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། ཡང་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་ཆོས་འབྱུང་ཞབས་ཀྱིས་མཛད་པ། རྡོ་རྗེ་

སྒྲོལ་མའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། སྒྲོལ་མའི་སྒྲུབ་ཐབས་ཅུང་ཟད་རྒྱས་པ་པཎྜི་ཏ་གནས་བརྟན་ཆེན་པོ་དཔེ་མེད་སྲུང་བས་མཛད་པ། འཕགས་པ་འཇིགས་པ་ཆེན་པོ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས། རྒྱ་ནག་རིམ་པའི་

འཕགས་མ་སྒྲོལ་མའི་སྒྲུབ་ཐབས། རྒྱ་ནག་ཆེན་པོའི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ། འཆི་བ་བསླུ་བའི་སྒྲོལ་མའི་སྒྲུབ་ཐབས། འཆི་བ་བསླུ་བའི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་སློབ་མ་ཐུ་བོས་

མཛད་པ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ཡིད་བཞིན་ནོར་བུའི་རྒྱལ་པོས་མཛད་པ། སྒྲོལ་མ་དཀར་མོ་ཕྱག་དྲུག་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་དུག་སེལ་མའི་སྒྲུབ་ཐབས། སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས། འོད་དཔག་མེད་ཀྱི་སྙིང་པོའི་རྒྱུད་

ལས་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྟོག་པ་གསུངས་པ། ངན་སོང་ལས་སྒྲོལ་མའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས། འཆི་བ་བསླུ་བའི་མན་ངག་གི་སྒྲོལ་མའི་སྒྲུབ་ཐབས། སྣ་ཚོགས་ཡུམ་གྱི་ཆོ་ག །དོན་ཐམས་ཅད་རབ་ཏུ་གྲུབ་པ་སྦྱིན་པའི་

འཕགས་མ་སྒྲོལ་མའི་སྒྲུབ་ཐབས། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ཆོ་ག །འཕགས་མ་དུག་སེལ་མའི་སྒྲུབ་ཐབས། འཕགས་མ་དུག་སེལ་མའི་གཟུངས། འཕགས་མ་དུག་སེལ་མའི་སྒྲུབ་ཐབས། འཕགས་མ་དུག་སེལ་མའི་རིག་སྔགས་ཆེན་མོ། བཅོམ་

เล่ม ๒๑๓ · หน้า 423a

ལྡན་འདས་འཕགས་མ་དུག་སེལ་མའི་རྟོག་པ། འཕགས་མ་ཛཾ་གུ་ལཱིའི་སྒྲུབ་ཐབས། འོད་ཟེར་འབར་ཞིང་མཆེ་བ་གཙིགས་པ་རལ་གཅིག་མའི་སྒྲུབ་ཐབས། ཡང་རལ་པ་གཅིག་མའི་སྒྲུབ་ཐབས། འཕགས་མ་རལ་གཅིག་མའི་སྒྲུབ་ཐབས། རལ་པ་

གཅིག་མའི་སྒྲུབ་ཐབས། ཡང་རལ་པ་གཅིག་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བོད་ནས་གདན་དྲངས་པ། ཙུནྡའི་སྒྲུབ་ཐབས། ཡང་ཙུནྡའི་སྒྲུབ་ཐབས། ཡང་ཙུནྡའི་སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོ་ཕྱག་བཅུ་པའི་སྒྲུབ་ཐབས།

མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་ཆོ་ག་འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་གྱི་སྒྲུབ་ཐབས། འོད་ཟེར་ཅན་ཕྱག་བརྒྱད་མ་སེར་མོའི་

སྒྲུབ་ཐབས། སྐུ་མདོག་དམར་མོ་ཕྱག་བཅུ་གཉིས་མ་ཨོ་ཌི་ཡཱ་ནའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། ཡང་སྐུ་མདོག་དམར་མོ་ཕྱག་བཅུ་གཉིས་མ་ཨོ་ཌི་ཡཱ་ནའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། སྐུ་མདོག་དམར་མོ་ཕྱག་བཅུ་གཉིས་པའི་ཨོ་

ཌི་ཡཱ་ནའི་རང་བྱིན་གྱིས་བརླབ་པའི་རིམ་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་པཎྜི་ཏ་སློབ་དཔོན་སྙིང་པོའི་ཞབས་ཀྱིས་མཛད་པ། འོད་ཟེར་ཅན་གྱི་སྒྲུབ་ཐབས། དཔལ་འོད་ཟེར་ཅན་པི་ཙུ་པའི་སྒྲུབ་

ཐབས། འོད་ཟེར་ཅན་གྱི་སྒྲུབ་ཐབས། འོད་ཟེར་ཅན་གྱི་སྒྲུབ་ཐབས་མདོར་བསྡུས་པ། འཕགས་མ་འོད་ཟེར་ཅན་གྱི་གཟུངས་འདོན་པའི་མན་ངག །རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས། ཡང་རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས། འཕགས་མ་རི་ཁྲོད་ལོ་མ་ཅན་གྱི་གཟུངས། དཔལ་ལྡན་ནག་པོ་ཆེན་པོའི་སྒྲུབ་

ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོའི་སྒྲུབ་ཐབས་མདོར་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་དགེ་འདུན་སྦྱིན་གྱི་

เล่ม ๒๑๓ · หน้า 423b

བུས་མཛད་པ། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས་པཎྜི་ཏ་དཔལ་ལྡན་པདྨ་འཕེལ་གྱིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གསེར་མདོག་ཅན་གྱི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ། འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ། དབྱངས་ཅན་མ་ཆེན་མོའི་སྒྲུབ་ཐབས། ཡང་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། ཡང་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་

ཐབས། རྡོ་རྗེ་པི་ཝང་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་བྱུང་བའི་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། ཡང་ཁྲོ་གཉེར་ཅན་གྱི་སྒྲུབ་

ཐབས། སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཚིག་ལྷུག་པའི་རིགས་བྱེད་མའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཀུ་རུ་ཀུལླེའི་དབང་དུ་བྱེད་པའི་མན་ངག །རིགས་བྱེད་མའི་སྒྲུབ་ཐབས། དཔལ་ལྡན་

འཕགས་མ་རིགས་བྱེད་མའི་སྒྲུབ་ཐབས། ཨོ་ཌི་ཡཱ་ན་ནས་བྱུང་བའི་རིགས་བྱེད་མའི་སྒྲུབ་ཐབས། རིགས་བྱེད་མའི་སྒྲུབ་ཐབས་དཔལ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཀྱེ་རྡོ་རྗེའི་རིམ་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀུ་རུ་ཀུལླེའི་སྒྲུབ་ཐབས་དཔལ་ཀྱེ་རྡོ་རྗེའི་རྒྱུད་ལས་ཕྱུང་བ་སྙན་

དངགས་མཁན་ཆེན་པོ་བརྩེ་བ་ཅན་ཞེས་བྱ་བས་ཚིགས་བཅད་དུ་བསྡེབས་པ། རྗེ་བཙུན་མ་ཀུ་རུ་ཀུལླེ་ཕྱག་དྲུག་མའི་སྒྲུབ་ཐབས། རིགས་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས། རིགས་བྱེད་མ་ཕྱག་བརྒྱད་མའི་སྒྲུབ་ཐབས་ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས་མཛད་པ། ཀུ་རུ་ཀུལླེའི་སྒྲུབ་ཐབས།

རིགས་བྱེད་མའི་མན་ངག་གི་རིམ་པ། རིགས་བྱེད་མ་དཀར་མོའི་སྒྲུབ་ཐབས། དཔལ་ལྡན་སྒྱུ་འཕྲུལ་དྲྭ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་དྲུག་པ་ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་མཆོག་ཏུ་གྱུར་པ་སློབ་དཔོན་དཔལ་ནག་པོ་སྤྱོད་པའི་ཞབས་ཀྱིས་མཛད་པ། ཀུ་རུ་ཀུལླེའི་

เล่ม ๒๑๓ · หน้า 424a

སྒྲུབ་ཐབས། རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀུ་རུ་ཀུལླེའི་ལས་རབ་ཏུ་སྐྱོང་བ་སྦྱོར་བ། གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས། འཕགས་མ་གཞན་གྱིས་མི་ཐུབ་མ་གདུགས་དཀར་མོ་ཅན་གྱི་སྒྲུབ་ཐབས། རྡོ་རྗེ་ཙརྩི་ཀའི་སྒྲུབ་ཐབས།

སོ་སོ་འབྲང་མ་ཆེན་མོའི་སྒྲུབ་ཐབས། ཡང་སོ་སོ་འབྲང་མ་ཆེན་མོའི་སྒྲུབ་ཐབས། ཡང་སོ་སོ་འབྲང་མའི་སྒྲུབ་ཐབས། འཕགས་མ་རྨ་བྱ་ཆེན་མོའི་སྒྲུབ་ཐབས། འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས། འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་

སྒྲུབ་ཐབས། བསིལ་བའི་ཚལ་ཆེན་མོའི་སྒྲུབ་ཐབས། ལྷ་མོ་ལྔའི་སྒྲུབ་ཐབས་མདོར་བསྟན་པ། ཕྱིར་བཟློག་མ་ཆེན་མོའི་སྒྲུབ་ཐབས། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། གཞན་གྱིས་མི་ཐུབ་མའི་སྒྲུབ་ཐབས། རྡོ་རྗེ་གྷནྡྷ་རཱིའི་སྒྲུབ་ཐབས། ཡང་རྡོ་རྗེ་གནྡྷ་རཱིའི་

སྒྲུབ་ཐབས། སྲུང་བ་ལྔའི་ཆོ་ག །རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས། མན་ངག་གི་རིམ་པའི་ནང་ནས་བྱུང་བའི་རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས་ཀྱི་ཆོ་ག །རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་པཎྜི་ཏ་ཆོས་ཀྱི་འབྱུང་གནས་བློ་གྲོས་ཞབས་

ཀྱིས་མཛད་པ། འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས། ཡང་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས། ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས། ནོར་རྒྱུན་མའི་སྒྲུབ་ཐབས། ཡང་ནོར་རྒྱུན་མའི་སྒྲུབ་ཐབས། ནོར་རྒྱུན་མའི་གཟུངས་ཀྱི་མན་ངག །རྡོ་རྗེ་ཕག་མོའི་སྒྲུབ་

ཐབས་པཎྜི་ཏ་ཆེན་པོ་ཨ་ཝ་དྷུ་ཏཱི་པ་དཔལ་ལྡན་གཉིས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པ། ཤེས་རབ་ཀྱི་སྣང་བ་བསྒྲུབ་པའི་ཆོ་ག །རྡོ་རྗེ་ཕག་མོས་དབང་དུ་བྱ་བའི་ཆོ་ག །དཔལ་རྡོ་རྗེ་ཕག་མོའི་རྟོག་པ་ལས་གསུངས་པའི་དོན་ཐམས་ཅད་གྲུབ་པ། བྱམས་པའི་སྒྲུབ་ཐབས། ཡང་བྱམས་པའི་

སྒྲུབ་ཐབས། ཁྲོ་ཞིང་དགྱེས་པ་ཛམྦྷ་ལའི་སྒྲུབ་ཐབས་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། ཛམྦྷ་ལའི་སྒྲུབ་ཐབས་བཞི། བར་གྱི་མན་ངག་ཛམྦྷ་ལའི་སྒྲུབ་ཐབས། དཔལ་ཛམྦྷ་ལའི་སྒྲུབ་ཐབས་མདོར་བསྡུས་པ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། ཡང་

เล่ม ๒๑๓ · หน้า 424b

ཛམྦྷ་ལའི་སྒྲུབ་ཐབས་མདོར་བསྡུས་པ། ཛམྦྷ་ལའི་སྒྲུབ་ཐབས་རྒྱས་པ། དཔལ་ལྡན་ཛམྦྷ་ལའི་སྒྲུབ་ཐབས། ཛམྦྷ་ལ་ལ་ཆུ་རྒྱུན་དབུལ་བའི་མན་ངག །རྟ་མགྲིན་གྱི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། རྟོག་པ་བདུན་བརྒྱ་པ་ལས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས།

རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱི་མའི་རྟ་མགྲིན་གྱི་སྒྲུབ་ཐབས་པཎྜི་ཏ་པྲ་བྷཱ་ཀ་རས་མཛད་པ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས། རྡོ་རྗེ་མེ་དང་ཉི་མ་འབར་བའི་སྒྲུབ་ཐབས། རྟ་མཆོག་གི་སྒྲུབ་ཐབས། འཕགས་པ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། གཤིན་རྗེ་

གཤེད་ནག་པོའི་སྒྲུབ་ཐབས། ཡང་གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས། གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས། ཡང་གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས། རྡོ་རྗེ་ཧཱུྃ་མཛད་ཀྱི་སྒྲུབ་ཐབས།

སྟོབས་པོ་ཆེའི་སྒྲུབ་ཐབས། འཕགས་པ་སྟོབས་པོ་ཆེའི་སྒྲུབ་ཐབས། ཡང་འཕགས་པ་ཁྲོ་བོ་སྟོབས་པོ་ཆེའི་སྒྲུབ་ཐབས་དགེ་སློང་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། ཨཱརྱ་ཙནྡྲས་རང་འགྱུར་དུ་མཛད་པ་ལ་སྒྲ་བག་ཙམ་བཅོས། ཧེ་རུ་ཀའི་སྒྲུབ་ཐབས། དགྱེས་པ་རྡོ་རྗེ་

ཕྱག་གཉིས་པའི་སྒྲུབ་ཐབས་ཏཱ་ར་ཤྲཱིས་མཛད་ཟེར་བ། བདག་མེད་མ་རྐྱང་པའི་སྒྲུབ་ཐབས། བདག་མེད་མའི་སྒྲུབ་ཐབས། དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ། འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་

གྱི་རྡོ་རྗེས་མཛད་པ། དཔལ་ལྡན་ནག་པོ་ཆེན་པོའི་སྒྲུབ་ཐབས། ཡང་དཔལ་ལྡན་ནག་པོ་ཆེན་པོའི་སྒྲུབ་ཐབས་རྣམས་སོ། །ལྷ་སོ་སོའི་སྒྲུབ་ཐབས་རྒྱ་མཚོ་ཞེས་བྱ་བ་འདི་རྣམས་ནི་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་ཆེན་པོ་གཽ་ཏམ་ཤྲཱི་ལས་བརྒྱུད་ཅིང་པཎྜི་

ཏ་ཆེན་པོ་ཀཱིརྟི་ཙནྡྲའི་ཞལ་སྔ་ནས་ཞུས་ཏེ། དེ་ཤཱནྟ་རི་ཡོ་གི་གྲགས་པ་རྒྱལ་མཚན་གྱིས་བྱ་ལོ་ཟླ་བ་བཅུ་གཉིས་པའི་དཀར་པོའི་ཚེས་གསུམ་ལ་དབེན་གནས་དམ་པ་ཆུ་མིག་རྫིང་ཁར་ཡོངས་སུ་རྫོགས་པར་བསྒྱུར་བ། འདི་ལ་ཆོས་ཀྱི་རྣམ་གྲངས་ཉིས་བརྒྱ་བཞི་བཅུ་རྩ་ལྔ་བཞུགས་

เล่ม ๒๑๓ · หน้า 425a

སོ།། །།ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ཡིག་བརྒྱའི་ཆོ་ག་སློབ་དཔོན་པདྨས་མཛད་པ།

འཕགས་པ་བྱམས་པའི་སྒྲུབ་ཐབས་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བཟང་པོས་མཛད་པ། དེ་ཉིད་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། འཕགས་པ་བྱམས་པའི་སྒྲུབ་ཐབས་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། ཇོ་བོ་ཆེན་པོ་དང་དགེ་བཤེས་སྟོན་པའི་འགྱུར་ལ། དུས་

ཕྱིས་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་དང༌། གནུབས་ལོ་ཙཱ་བས་དག་པར་བཅོས་པ། དཔལ་མི་ཕམ་མགོན་པོའི་སྒྲུབ་ཐབས་སློབ་དཔོན་ནཻ་རི་ཏི་པས་མཛད་པ། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། སེང་གེ་སྒྲའི་སྒྲུབ་ཐབས། འཕགས་པ་ཁརྶ་པ་ཎི་འཇིག་རྟེན་

མགོན་པོའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། འཇམ་པའི་དབྱངས་ཀྱི་རྒྱལ་པོ་ཆེན་པོ་སྒེག་པའི་སྒྲུབ་ཐབས། འཕགས་པ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས། ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས། ཀུ་རུ་ཀུལླེའི་

སྒྲུབ་ཐབས། གནོད་གནས་ཀྱི་སྒྲུབ་ཐབས། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྣམས་སློབ་དཔོན་ཆེན་པོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་དྲི་མ་མེད་པའི་ལྷས་མཛད་པའི་སྒྲུབ་ཐབས་བཅུ་གཅིག །ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས། ཡང་

ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཡང་འཕགས་མ་འོད་ཟེར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཛེ་ཏཱ་རི་དགྲ་

ལས་རྣམ་པར་རྒྱལ་བས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་མཁས་པ་མར་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་རྣམ་

เล่ม ๒๑๓ · หน้า 425b

པར་སྣང་མཛད་རྡོ་རྗེའི་འགྱུར། སྒྲོལ་མའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། སླད་ཀྱི་རྒྱ་གར་གྱི་པཎྜི་ཏ་དཱ་ན་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་བློ་གྲོས་

གྲགས་པས་བཅོས་པ། སྒྲོལ་མ་ཚེ་འཕེལ་བའི་ཆོ་ག་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། མ་ཧཱ་པཎྜི་ཏ་རཏྣ་རཀྵི་ཏ་དང༌། ལོ་ཙཱ་བ་ཞང་གྲུབ་པ་དཔལ་བཟང་པོའི་འགྱུར། དཔལ་ཆེན་མོ་སྒྲོལ་མའི་བསྟོད་པ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་ཙནྡྲ་གོ་མིས་མཛད་པ། པཎྜི་ཏ་ཆེན་པོ་རྒྱལ་བའི་སྙན་

གྱི་ཞལ་སྔ་ནས། ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་གྱིས་ལོ་ཙཱ་བ་བློ་གྲོས་རྒྱལ་པོའི་འགྱུར་ལ་ཅུང་ཟད་དག་པར་བཅོས་པ། འཕགས་མ་སྒྲོལ་མ་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་གཉིས་པ། འཕགས་མ་སྒྲོལ་མའི་བསྟོད་པ་ཕྲིན་ལས་ཐམས་ཅད་སྒྲུབ་པ། འཕགས་མ་སྒྲོལ་མའི་

བསྟོད་པ་མེ་ཏོག་ཕྲེང་བ། འཕགས་མ་སྒྲོལ་མ་ལ་འཇིགས་པ་བརྒྱད་སྐྱོབ་ཀྱི་བསྟོད་པ། འཕགས་པ་འཇིགས་པ་བརྒྱད་ལས་སྐྱོབ་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་རྣམས་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་

ཁྲིམས་རྒྱལ་བས་བསྒྱུར་བ་ལས། སླད་ཀྱིས་རྒྱ་གར་གྱི་མཁན་པོ་བྱང་ཆུབ་སེམས་དཔའ་དཱ་ན་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་པས་བཅོས་པ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་སློབ་མ་ཐུ་བོས་མཛད་པ། པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་

བ་ཁམས་པ་དགེ་སློང་བ་རིའི་འགྱུར། སྒྲོལ་མའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་མདོར་བསྡུས་པ་དང༌། འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་བྷ་བ་བྷ་ཊས་མཛད་པ། མ་ཧཱ་པཎྜི་ཏ་ཤྲཱི་བི་མ་ལ་ཀཱིརྟིའི་ཞལ་སྔ་ནས་

དང༌། ལོ་ཙཱ་བ་དགེ་སློང་རྡོ་རྗེ་འཛིན་པ་ཞང་གྲུབ་པ་དཔལ་བཟང་པོས་བལ་པོའི་གྲོང་ཁྱེར་ཡམ་བུའི་ནུབ་ཕྱོགས་ཉི་མའི་གཙུག་ལག་ཁང་དུ་འགྱུར། སྒྲོལ་མ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། སྒྲོལ་མའི་ཁྲུས་ཀྱི་ཆོ་ག །གསོ་སྦྱོང་གི་ཆོ་ག་རྣམས་སྒྲོལ་མའི་དངོས་གྲུབ་བརྙེས་པའི་སློབ་དཔོན་

เล่ม ๒๑๓ · หน้า 426a

བྷ་ཝ་བྷ་དྲས་མཛད་པ། མ་ཧཱ་པཎྜི་ཏ་ཤྲཱི་རཏྣ་རཀྵི་ཏ་དང༌། ལོ་ཙཱ་བ་ཞང་གྲུབ་པ་དཔལ་གྱི་འགྱུར། སྒྲོལ་མའི་མཎྜལ་གྱི་ཆོ་ག་སྙན་དངགས་མཁན་ཆེན་པོ་སྙིང་རྗེ་ཆེན་པོས་མཛད་པ། སྒྲོལ་མ་མཆོག་སྒྲུབ་པ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་བསོད་སྙོམས་པས་

མཛད་པ། འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཏ་ཐཱ་ག་ཏ་བྷ་དྲ་དང༌། དགེ་སློང་འཕགས་པས་རྒྱའི་ཡུལ་ཅོང་ཏོའི་མཁར་དུ་བསྒྱུར་བ། དཔལ་སྒྲོལ་མ་དཀར་མོ་འཆི་བ་བསླུ་བའི་སྒྲུབ་ཐབས་

སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ། དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་བ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱི་འགྱུར། འཕགས་མ་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མའི་སྒྲུབ་ཐབས་དཱ་བྱང་ཆུབ་སེམས་དཔས་

མཛད་པ། པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་རིན་ཆེན་གྲགས་པའི་འགྱུར། རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། འཕགས་

མ་ལྷ་མོ་སྒྲོལ་མ་བསྒོམ་པའི་ཆོ་ག་རྒྱས་པ་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དུལ་བའི་ལྷ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲུབ་ཐབས་དང༌། འཕགས་མ་སྒྲོལ་མ་ལ་

བསྟོད་པ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་

འགྱུར། ཆོམ་རྐུན་བཅིང་བ་ཞེས་བྱ་བའི་རིམ་པ་མ་ཧཱ་པཎྜི་ཏ་ཤྲཱི་རཏྣ་རཀྵི་ཏ་དང༌། ལོ་ཙཱ་བ་ཞང་གྲུབ་པ་དཔལ་བཟང་པོའི་འགྱུར། འཕགས་མ་སྒྲོལ་མའི་རྗེས་སུ་སྤྱོད་པའི་གནོད་སྦྱིན་མོའི་སྒྲུབ་ཐབས་རྒྱ་གར་གྱི་མཁན་པོ་བཻ་རོ་ཙ་ན་དང༌། བོད་ཀྱི་ལོ་ཙཱ་བ་དར་མ་བློ་གྲོས་ཀྱི་འགྱུར། མེ་ཏོག་ཕྲེང་

เล่ม ๒๑๓ · หน้า 426b

འཛིན་སྒྲོལ་མའི་བསྟོད་པ་དང་བཅས་པའི་བསྒྲུབ་པ་མ་ཧཱ་པཎྜི་ཏ་རཏྣ་རཀྵི་ཏ་པཱ་དའི་ཞལ་སྔ་ནས་ལོ་ཙཱ་བ་གྲུབ་པ་དཔལ་བཟང་པོའི་འགྱུར། རྗེ་བཙུན་མ་སྒྲོལ་མའི་བསྟོད་པ་སློབ་དཔོན་མ་ཏི་ཙཻ་ཏྲས་མཛད་པ། རྗེ་བཙུན་མ་འཕགས་པ་སྒྲོལ་མ་ལ་བསྟོད་པ་ཆོས་ཀྱི་རྗེ་པཎྜི་ཏ་འབུམ་ཕྲག་

གསུམ་པས་མཛད་པ། ཡང་འཕགས་མ་ལྷ་མོ་སྒྲོལ་མ་ལ་བསྟོད་པ། རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་བླ་མ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲའི་རང་འགྱུར། དབྱངས་ཅན་མའི་སྒྲུབ་ཐབས་བྲམ་ཟེ་ཕུར་བུས་མཛད་པ།

ཚངས་པའི་བུ་མོ་དབྱངས་ཅན་མ་ལ་བསྟོད་པས་གྲུབ་པ་ངག་གི་འོད་ཟེར་ཞེས་བྱ་བ་ལྷ་མོ་ཉིད་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་བྲམ་ཟེ་ཕུར་བུས་མཛད་པ། སུམ་པ་ལོ་ཙཱ་བ་དྷརྨ་ཡོན་ཏན་གྱི་འགྱུར། དབྱངས་ཅན་མའི་བསྟོད་པ་པཎྜི་ཏ་ནག་མོ་ཁོལ་གྱིས་མཛད་པ། པཎྜི་ཏ་ཛྙཱ་ན་

ཤཱི་ལ་དང༌། ལོ་ཙཱ་བ་དགེ་སློང་ཆོས་འབར་གྱི་འགྱུར། དཔལ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སྙན་དངགས་མཁན་ཆེན་པོ་སློབ་དཔོན་ཟླ་བ་གཞོན་ནུས་མཛད་པ། རྣམ་པར་བཤད་པའི་པཎྜི་ཏ་མཁས་པ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་བྱམས་པའི་དཔལ་གྱི་འགྱུར། དཔལ་ལྷ་

མོ་ནོར་རྒྱུན་མའི་སྒྲུབ་ཐབས། འཕགས་མ་ནོར་རྒྱུན་མའི་མཚན་བརྒྱ་རྩ་བརྒྱད་པ། དཔལ་ནོར་རྒྱུན་མའི་སྨོན་ལམ། དཔལ་ནོར་རྒྱུན་མའི་བསྟོད་པ་རྣམས་དཔང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས་ཞོལ་བུག་ཏུ་རྒྱ་དཔེ་ལས་བསྒྱུར་ཅིང་ཞུས་པའི་ཡི་གེ་པ་ནི་དགེ་བའི་བཤེས་

གཉེན་རིན་ཆེན་མཐའ་ཅན་ཡིན་ནོ། །མཁའ་ལྡིང་གྲུབ་པའི་བསྟན་བཅོས་བྲམ་ཟེ་ཤང་ཀུས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་བྲམ་ཟེ་ཨ་ཝ་དྷཱུ་ཏཱི་པ་ཆེན་པོ་དཔེ་མེད་ཀྱི་སྤྱན་སྔར་ལོ་ཙཱ་བ་བནྡེ་པྲཛྙཱ་ཀཱིརྟིའི་འགྱུར། ལྷ་མོ་དབྱངས་ཅན་གྱི་བསྟོད་པ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་མཁས་པ་

ཆེན་པོ་པཎྜི་ཏ་ནག་མོ་ཁོལ་གྱིས་དབྱངས་ཅན་མ་ཞལ་གཟིགས་པའི་དུས་སུ་དགྱེས་ཏེ་བསྟོད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཛྙཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་དགེ་སློང་ཆོས་འབར་གྱིས་བསྒྱུར་བ་རྣམས་བཞུགས་སོ། །ལྷ་སོ་སོ་སྣ་ཚོགས་ཀྱི་སྒྲུབ་ཐབས་འདི་རྣམས་རྒྱུད་སྡེ་སྣ་ཚོགས་ནས་

เล่ม ๒๑๓ · หน้า 427a

བཏུས་པ་དང༌། རྒྱུད་སྡེ་མཐའ་དག་གཅིག་ཏུ་མ་ངེས་པ་རྣམས་འདིར་ཐུན་མོང་དུ་བཀོད་པའོ།། །།ཙུ་པ་ལ། དཀྱིལ་འཁོར་སྤྱིའི་བྱ་བ་དང་འབྲེལ་པ་ལ། དཀྱིལ་འཁོར་གྱི་ཆོ་ག་མདོར་བསྡུས་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ། རྒྱ་གར་གྱི་མཁན་པོ་

སངས་རྒྱས་གསང་བས་དབས་མཉྫུ་ཤྲཱི་དང༌། བྲན་ཀ་མུ་དི་ཏ་གཉིས་ལ་བརྫངས་པ། བོད་ཡུལ་དུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ལ་སོགས་པས་བསྒྱུར་བ། གཞལ་ཡས་ཁང་གསལ་བའི་མངོན་རྟོགས་མུན་སེལ་སྒྲོན་མེ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་ཟེར་བ་རྣམས་

སོ། །རྒྱུད་སྡེ་བཞི་པོ་སྤྱི་དང་འབྲེལ་པ་དང༌། །ཁྱད་པར་སོ་སོའི་སྒྲུབ་ཐབས་སྣ་ཚོགས་པའི། །གཞུང་ལུགས་ངོ་མཚར་བརྒྱ་ཕྲག་ལྔ་དང་ནི། །བཅུ་ཕྲག་བདུན་ལ་གཅིག་གིས་བརྒྱན་པ་བཞུགས། །དེ་དག་གིས་ནི་རྒྱུད་སྡེ་བཞི་པོ་སྣ་ཚོགས་དང་འབྲེལ་པའི་སྒྲུབ་ཐབས་དང་དཀྱིལ་ཆོག་ལ་སོགས་

པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་རྒྱུད་སྡེ་བཞི་པོ་སྣ་ཚོགས་དང་འབྲེལ་པའི་སྒྲུབ་དཀྱིལ་ལ་སོགས་པའི་ཆོས་སྐོར་རྣམས་བཀོད་ནས། ད་ནི་ཐེག་པ་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པའི་ཁྱད་པར་དང༌། མཚན་ཉིད་ཀྱི་རྣམ་གཞག་དང༌། བསྒོམ་རིམ་ལ་

སོགས་གཏན་ལ་འབེབས་པའི་སྐོར་ལ། ཚུལ་གསུམ་གྱི་སྒྲོན་མ་སློབ་དཔོན་ཆེན་པོ་མཐོ་བཙུན་ཏྲི་པི་ཊ་ཀ་མ་ལས་མཛད་པ། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཞི་བ་འཚོས་

མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། སླད་ཀྱིས་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ་དང༌། ལོ་ཙཱ་བ་འབྲོ་ཤཱཀྱ་འོད་ཀྱིས་ཚད་མའི་སྐབས་བཅོས་ཤིང་གཏན་ལ་ཕབ་པ། དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་བདེ་བར་གཤེགས་པའི་བཀའ་

མ་ལུས་པ་མདོར་བསྡུས་ཏེ་བཤད་པའི་རབ་ཏུ་བྱེད་པ་སློབ་དཔོན་དཔལ་ཡེ་ཤེས་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། གསང་སྔགས་ཀྱི་ཚུལ་གྱི་སྣང་བ་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་ཆེན་པོ་མཐོ་བཙུན་ཙོ་ཡག་

เล่ม ๒๑๓ · หน้า 427b

གིས་མཛད་པ། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ་སློབ་དཔོན་ཆོས་ཀྱི་དབང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཛ་ནར་དཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ཐེག་པ་གསུམ་

རྣམ་པར་གཞག་པ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་བསྡུས་པ་སློབ་དཔོན་ཤྲདྡྷཱ་ཀ་ར་ཝརྨས་མཛད་པ། རྒྱ་གར་གྱི་མཁན་པོ་

ཤྲདྡྷཱ་ཀ་ར་ཝརྨ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་ཐེག་པའི་མཐའ་གཉིས་སེལ་བ་སློབ་དཔོན་ཛྙཱ་ན་ཤྲཱིས་བཀོད་པ། དེ་ཉིད་མཐོང་བའི་ལམ་དཔལ་ཡེ་ཤེས་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་རྔོག་བུདྡྷ་པཱ་ལས་དཔལ་ཤིང་ཀུན་དུ་ཚོགས་འཁོར་

སར་གསོལ་བ་བཏབ་ནས་ལྷ་ཁང་བི་ཧཱ་རར་བསྒྱུར་བ། བླ་མ་བརྒྱུད་པའི་རིམ་པའི་མན་ངག་ཅེས་བྱ་བ་ཕྱག་རྒྱ་ཆེན་པོ་རྣལ་དུ་མཚོན་པར་བྱེད་པ་སློབ་དཔོན་ཆེན་པོ་བཛྲ་པཱ་ཎིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷི་རོཥྐྲྀ་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་འབྲོག་མི་ཇོ་སྲས་ཀྱི་འགྱུར། ཐེག་པ་ཆེན་པོའི་

ལམ་གྱི་རིམ་པ་ཞེས་བྱ་བ་སློབ་དཔོན་སྐལ་བ་བཟང་པོའི་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་འགྱུར། གསང་སྔགས་ལ་འཇུག་པའི་རབ་ཏུ་བྱེད་པ་དྲུག་ཅུ་པ་སློབ་དཔོན་ཛྙཱ་ན་ཨཱ་ཀ་རས་མཛད་པ། པཎྜི་ཏ་ཛྙཱ་ན་ཨཱ་ཀ་ར་ཉིད་དང༌། ལོ་ཙཱ་བ་དགེ་

སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། གསང་སྔགས་ལ་འཇུག་པའི་རབ་ཏུ་བྱེད་པ་དྲུག་ཅུ་པའི་འགྲེལ་པ་པཎྜི་ཏ་ཨཱ་ཙཱརྱ་ཛྙཱ་ན་ཨཱ་ཀ་རས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་ཨཱ་ཀ་ར་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་རྣམས་བཞུགས་སོ།། །།ཚུ་པ་ལ། ཐེག་པ་ཆེན་

པོའི་དོན་བསྡུས་པའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ནག་པོ་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དམ་ཚིག་དང་སྡོམ་པ་ལ་སོགས་པའི་རྣམ་གཞག་གི་སྐོར་ལ། བླ་མ་ལྔ་བཅུ་པ་སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པ། རྒྱ་

เล่ม ๒๑๓ · หน้า 428a

གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། བླ་མ་ལྔ་བཅུ་པའི་དཀའ་འགྲེལ་རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ་དཔལ་ནགས་ཀྱི་རིན་ཆེན་གྱི་བཀའ་དྲིན་ལས། མཁས་པ་གཞོན་ནུ་དཔལ་གྱིས་དཔལ་ལྡན་བླ་མ་དམ་པའི་དབེན་

གནས་ལྷ་ཁང་སྟེང་དུ་འགྱུར། སྤྱིའི་དམ་ཚིག་མདོར་བསྡུས་པ་དཔལ་སྒེག་པའི་རྡོ་རྗེས་མཛད་པ། ཚུལ་ཁྲིམས་དང་སྡོམ་པ་དང་དམ་ཚིག་དང་མི་འགལ་བ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་ཡེ་ཤེས་དཔལ་བཟང་པོས་མཛད་པ། ཁ་ཆེའི་མཁན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་

བ་དགེ་སློང་བློ་གྲོས་སྙིང་པོ་དང༌། དགེ་སློང་རབ་ཞི་བཤེས་གཉེན་གཉིས་ཀྱི་འགྱུར། དམ་ཚིག་ཐམས་ཅད་བསྡུས་པ་ཞེས་བྱ་བ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། རྗེ་བཙུན་བླ་མ་ཆེན་པོ་དེ་ཉིད་ཀྱི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ལས་དང་པོ་པའི་

དམ་ཚིག་མདོར་བསྡུས་པ་དབང་པོས་མཚན་པའི་ཡུལ་གྱི་རྩ་ན་གནས་པའི་སློབ་དཔོན་ཛྙཱ་ན་བོ་དྷིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་བསོད་ནམས་རྒྱལ་བའི་འགྱུར། སྡོམ་གསུམ་འོད་ཀྱི་ཕྲེང་བ་ཞེས་བྱ་བ་རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་

ཙནྡྲས་མཛད་དེ། དེ་ཉིད་ཀྱི་རང་འགྱུར། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་ལས་ཀྱི་ཆོ་ག་བླ་མ་རྡོ་རྗེ་གདན་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔྟ་དང༌། བོད་ཀྱི་ལོ་ཙཱ་བ་རྩ་མི་སངས་རྒྱས་གྲགས་ཀྱིས་བསྒྱུར་བ། ཞེན་ལོག་སྒྲོན་མ་ཞེས་བྱ་བ་སློབ་དཔོན་མཁས་པ་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་འདི་

ཐེ་ཚོམ་གྱི་གཞི་གཅིག་སྣང་བས་མཇུག་ཏུ་བཀོད་པ་ཡིན་ནོ། །ཆོས་སྐྱོང་དང་ནོར་ལྷ་ལ་སོགས་པའི་སྐོར་ལ། རྣམ་སྲས་ཀྱི་སྒྲུབ་ཐབས་རྣམ་སྲས་བདེ་བྱེད་ཀྱི་རྟོག་པ་དང༌། རྣམ་སྲས་དྲག་བྱེད་ཀྱི་ཆོ་ག་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ། རྒྱ་གར་དབུས་ཀྱི་པཎྜི་ཏ་ཆེན་པོ་ཏེ་ཛ་དེ་ཝ་དང༌། བོད་ཀྱི་ལོ་

ཙཱ་བ་དགེ་སློང་ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར། གནོད་སྦྱིན་རྒྱལ་པོ་རྣམ་སྲས་གསང་བའི་སྒྲུབ་ཐབས་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ། རྒྱལ་པོ་ཆེན་པོ་ལུས་ངན་པོའི་སྒྲུབ་ཐབས་གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་དཔའ་བོ་རྡོ་རྗེས་མཛད་པ། སྒྲ་པ་ཆེན་པོ་རྒྱལ་བའི་སྙན་ལ་ལེགས་པར་

เล่ม ๒๑๓ · หน้า 428b

ཞུས་ཤིང༌། ལོ་ཙཱ་བ་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་བ། རྣམ་ཐོས་སྲས་ཀྱི་སྒྲུབ་པའི་ཐབས་སློབ་དཔོན་ཤཱུ་རངྒཱ་ཝརྨས་མཛད་པ། པཎྜི་ཏ་ཏེ་ཛ་དེ་ཝ་དང༌། ལོ་ཙཱ་བ་ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར། བཻ་ཤ་

ཝ་ཎའི་རྟོག་པ་དང་བསྟོད་པ། བདེ་བྱེད་ཀྱི་རྣམ་སྲས་ཀྱི་རྟོག་པ་ཆོ་ག་སྣ་ཚོགས་པའི་མཛོད། རྣམ་སྲས་ཀྱི་བསྟོད་མ་བྱུང༌པ་ཐུགས་རྗེ་བ་འཇོ་ཞེས་བྱ་བ་སྙན་དངགས་ཀྱི་ཕྲེང་བ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ། པཎྜི་ཏ་ཏེ་ཛ་དེ་ཝ་དང༌། ལོ་ཙཱ་བ་ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར། བགེགས་

ཀྱི་རྒྱལ་པོའི་སྒྲུབ་ཐབས་འདི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་ཕྱུང་བའོ། །ཚོགས་ཀྱི་བདག་པོ་གསང་བའི་སྒྲུབ་ཐབས་ཞེས་བྱ་བ་དཔལ་དངོས་གྲུབ་བརྙེས་པའི་པཎྜི་ཏ་ཨ་མོ་གྷ་བཛྲས་མཛད་པ། ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེའི་དམ་ཚིག་གི་བསྟོད་པ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ།

ཚོགས་ཀྱི་བདག་པོ་སྤྲིན་གྱི་སྒྲོན་མེའི་སྒྲུབ་ཐབས་སློབ་དཔོན་བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པ་རྣམས་རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་འཇུར་གེགས་སེལ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། པཎྜི་ཏ་

ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་ཡམ་བུ་ཀརྟ་རིར་ལེགས་པར་བསྒྱུར། འཆོལ་བའི་སྒྲུབ་ཐབས་སྒེག་པའི་རྡོ་རྗེས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལའི་རང་འགྱུར། རྨུགས་འཛིན་འཆོལ་བའི་སྒྲུབ་ཐབས་ཞེས་བྱ་བ་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔྟས་

མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨ་ལངྐ་དེ་ཝ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་སྦས་པས་ཆོས་འཁོར་ཤོད་མའི་གཙུག་ལག་ཁང་དུ་བསྒྱུར་བ་ལ། སླད་ཀྱིས་པཎྜི་ཏ་མ་ཧཱ་བི་བྷཱུ་ཏི་ཙནྡྲ་དང༌། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཞིང་དག་པར་བཅོས་པ། ཛམྦྷ་ལའི་

སྒྲུབ་ཐབས་རྒྱལ་པོ་ཨཱརྱ་མ་ཏིས་མཛད་པ། དགེ་སློང་དར་མ་གྲགས་ཀྱི་འགྱུར། དཔལ་རྨུགས་འཛིན་འཆོལ་བ་ནག་པོའི་སྒྲུབ་ཐབས་གསང་བ་ལས་ཀྱང་ཆེས་གསང་བ་སྦས་པ་བུམ་པ་འཁྱིལ་པ་ཞེས་བྱ་བ་སློབ་དཔོན་ནོར་སྦྱིན་གྱིས་མཛད་པ། དཔལ་ཆོས་ཀྱི་རྗེ་སའི་སྟེང་ན་འགྲན་ཟླ་དང་བྲལ་

เล่ม ๒๑๓ · หน้า 429a

བའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བོད་ཡུལ་གྱི་དབུས་ངམ་ཤོད་ཀྱི་མཐིལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྒྱལ་པོའི་ཕོ་བྲང་ཡིད་བཞིན་ནོར་བུའི་མཛོད་དབུ་རྩེ་རིམ་གསུམ་ལྷ་ཁང་གི་སྟེང་དུ་ལེགས་པར་བསྒྱུར་བ། ཛམྦྷ་ལ་ནག་པོའི་

སྒྲུབ་ཐབས་བསྡུས་པ་པཎ་ཆེན་ཤཱཀྱ་ཤྲཱིས་ཞལ་ནས་གསུངས་པ། དེ་ཉིད་དང༌། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། འཕགས་པ་རྨུགས་འཛིན་ཆུའི་དབང་པོ་ལ་ཕྲིན་ལས་ཉི་ཤུའི་སྒོ་ནས་ཁྱད་པར་གྱི་བསྟོད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནོར་འཛིན་དཔལ་གྱིས་མཛད་པ། པཎྜི་ཏ་ཆེན་པོ་བུདྡྷ་

ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱིས་མང་ཡུལ་གྱི་གྲོང་གི་འཕགས་པ་ཝ་ཏིའི་ཕོ་བྲང་དུ་བསྒྱུར་བ། འཕགས་པ་རྨུགས་འཛིན་ལ་བསྟོད་པ་སློབ་དཔོན་ཆེན་པོ་བཙུན་པ་ཟླ་བས་མཛད་པ། རྒྱ་གར་གྱི་མཁན་པོ་མུ་དི་ཏ་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ལེགས་པར་བསྒྱུར་བ།

འཕགས་པ་རྨུགས་འཛིན་ལ་བསྟོད་པ་པཎྜི་ཏ་ཛྙཱ་ན་བཛྲས་མཛད་པ། ཛམྦྷ་ལ་ལ་བསྟོད་པ་མིའི་དབང་པོ་ཉི་མ་རྣམ་པར་གནོན་པས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་དྷ་ར་དང༌། ཡར་ལུང་པ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྨུགས་འཛིན་འཆོལ་བའི་མན་ངག་

གི་བསྟོད་པ་བླ་མ་དཱ་བྱང་ཆུབ་སེམས་དཔས་མཛད་པ། ཁ་ཅིག་སློབ་དཔོན་ཉི་མ་སྦས་པས་མཛད་ཟེར་རོ། །ལྷ་མོ་ནོར་རྒྱུན་མའི་བསྟོད་པ་པཎྜི་ཏ་ཛ་མ་རིས་མཛད་ཅིང༌། དེ་ཉིད་ཀྱི་རང་འགྱུར། དཔལ་ལྷ་མོ་ནོར་རྒྱུན་མའི་དཀྱིལ་འཁོར་གྱི་ཆོ་ག་འདི་ནི་མཁས་པ་ཆེན་པོ་ཞྭ་ལུ་ལོ་ཙཱ་བ་དགེ་སློང་

དྷརྨ་པཱ་ལ་བྷ་དྲའི་འགྱུར། གནོད་སྦྱིན་ཆེན་པོ་གཞན་གྱིས་མི་ཐུབ་པའི་སྒྲུབ་ཐབས་ཀྱི་རྒྱུད་རྒྱ་གར་གྱི་བླ་མ་ཛ་མ་རིའི་འགྱུར། རྡོ་རྗེ་བཀོད་པའི་རྒྱུད་ལས་དཀྱིལ་འཁོར་བདུན་པའི་རིམ་པ་རྣམ་པར་ཕྱེ་བའི་སྒྲུབ་ཐབས་ཏེ་ལེགས་ལྡན་ནག་པོའི་སྒྲུབ་ཐབས་སློབ་དཔོན་སྣང་མཛད་མྱུ་གུས་མཛད་

པ་འདི་རྙིང་མ་ཡིན་པ་འདྲའོ་ཞེས་བུ་སྟོན་རྗེས་གསུངས་སོ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་ཀྱི། །སྤྱི་ཡི་རྣམ་གཞག་སྔགས་ཀྱི་ཐེག་པ་ཡི། །དམ་ཚིག་ལ་སོགས་གསལ་བར་སྟོན་པའི་གཞུང༌། །བཅུ་ཕྲག་ལྔ་ལ་གཅིག་གིས་བརྒྱན་པ་བཞུགས། །དེ་དག་གིས་ནི་སྡེ་སྣོད་དང་རྒྱུད་སྡེ་སྤྱིའི་

เล่ม ๒๑๓ · หน้า 429b

རྣམ་གཞག་དང༌། སྔགས་ཀྱི་ཐེག་པའི་དམ་ཚིག་ལ་སོགས་པ་སྟོན་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོང་ཟིན་ཏོ།། །།དེ་ལྟར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་ཀྱི་སྤྱིའི་རྣམ་གཞག་དང༌། སྔགས་ཀྱི་ཐེག་པའི་དམ་ཚིག་སྟོན་པའི་ཆོས་སྐོར་རྣམས་བཀོད་ནས། ད་ནི་གནས་ཆེན་དུ་བགྲོད་ཚུལ་

དང༌། བླ་མ་ལ་གསོལ་བ་འདེབས་པའི་སྐོར་ལ། པོ་ཊ་ལ་ཀར་འགྲོ་བའི་ལམ་ཡིག་རྗེ་བཙུན་སྤྱན་རས་གཟིགས་ཀྱི་ཞལ་སྔ་ནས་གསུངས་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཨ་བྷི་ཡུཀྟ་དེ་ཝ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་དྷརྨ་ཡོན་ཏན་གྱིས་ཇི་ལྟར་རྙེད་པར་བསྒྱུར། བྱང་ཆུབ་ཆེན་པོ་མདོར་བསྟན་པ་ཞེས་རྡོ་རྗེ་

གདན་གྱི་བཀོད་པ་ཞྭ་ལུ་ལོ་ཙཱ་བས་ཕོ་བྲང་ཆེན་པོ་སྣེའུ་གདོང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་དཔེ་ལས་བོད་ཀྱི་སྐད་དུ་བསྒྱུར་བ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་བླ་མ་རྡོ་རྗེ་གདན་པས་མཛད་པ། པཎྜི་ཏ་བཻ་རོ་ཙ་ན་དང༌། ལོ་ཙཱ་བ་ཤྲཱི་ཆོས་ཀྱི་གྲགས་པའི་འགྱུར། བླ་མ་དམ་པ་བསོད་ནམས་དཔལ་ཞེས་

བྱ་བ་ལ་བསྟོད་པ། རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་དཔལ་ལྡན་འབྲས་ཕུང་ཞེས་བྱ་བའི་མཆོད་རྟེན་བཞུགས་པའི་གནས་དེར་བླ་མ་མན་ལུངས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་རླབས་པོ་ཆེ་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དང་ཆ་མཐུན་པ་ལ་མོས་པའི་པཎྜི་ཏ་བི་མ་ལ་ཤྲཱི་ཞེས་བྱ་བ་མཁས་ཤིང་བཙུན་པ་

དེས་ཚིགས་སུ་བཅད་པས་བསྟོད་པ། །དཔལ་ལྡན་མན་ལུངས་ཀྱི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་གཽ་ཏཾ་བྷ་དྲ་དང༌། ལོ་ཙཱ་བ་གྲགས་པ་བྱང་ཆུབ་གཉིས་ཀྱི་འགྱུར། མཎྜལ་དང་སཱཙྪ་ལ་སོགས་པའི་ཉིན་ཞག་ཕྲུགས་གཅིག་གི་ཆོས་སྤྱོད་ཀྱི་སྐོར་ལ། མཎྜལ་གྱི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་

དཔོན་མཁས་པ་ཆེན་པོ་ཀམྤ་ལའི་ཞལ་སྔ་ནས་མཛད་པ། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱི་འགྱུར་རྙིང་ངོ༌། །མཎྜལ་བྱ་བའི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་དཔོན་སངས་རྒྱས་གསང་བའི་ཞལ་སྔ་ནས་མཛད་པ། ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ཀའི་ཐུན་མོང་ངོ༌། །བླ་མའི་མཎྜལ་གྱི་ཆོ་ག །མཎྜལ་

གྱི་ཆོ་ག་སློབ་དཔོན་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྒྱལ་བ་གསང་བའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཨ་ཏུ་ལོ་པ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཡང་མཎྜལ་གྱི་ཆོ་ག་དངོས་གྲུབ་བརྙེས་པའི་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་སྦས་པའི་ཞལ་སྔ་

เล่ม ๒๑๓ · หน้า 430a

ནས་མཛད་པ། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱི་འགྱུར། སློབ་དཔོན་སྲིད་གསུམ་རྣམ་པར་དག་པའི་རྡོ་རྗེས་མཛད་པའི་ལས་དང་པོ་པའི་ཚོགས་སོག་བྱ་བའི་རིམ་པ་མདོར་བསྡུས་པ། བྱང་ཆུབ་གཞུང་ལམ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་

གནས་སྦས་པས་མཛད་པ། ཤློ་ཀ་སུམ་བརྒྱ་ཉི་ཤུ་རྩ་ལྔ་པ་ཁ་ཆེའི་མཁན་པོ་ཆེན་པོ་ཆོས་ཀྱི་རྗེ་ཤཱཀྱ་ཤྲཱི་བྷ་དྲ་ལས་མཉན་ནས། བོད་ཡུལ་དབུས་ཀྱི་སྡེ་སྣོད་འཛིན་པ་ཆག་ལོ་ཙཱ་བ་དགེ་སློང་དགྲ་བཅོམ་གྱི་འགྱུར། མཎྜལ་གྱི་ཆོ་ག་ཁ་ཆེ་པཎ་ཆེན་གྱིས་མཛད་པ། དེ་ཉིད་དང༌། གནུབས་བྱམས་པའི་དཔལ་གྱི་

འགྱུར། དེ་ཁོ་ན་ཉིད་བསྡུས་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཤཱི་ལ་སྭ་བྷཱ་ཝས་ལས་དང་པོ་པའི་ངོར་བསྡུས་ཏེ་མཛད་པ། གཏོར་མའི་ཆོ་ག་སྣ་ཚོགས་ཀྱི་སྐོར་ལ། རྒྱུད་སྣ་ཚོགས་ལས་བཏུས་པའི་གཏོར་མའི་ཆོ་ག་སློབ་དཔོན་དཔལ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་

ཆེན་པོ་ཀརྨ་བཛྲ་དང༌། ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་སློབ་དཔོན་ཆེན་པོ་བ་ལིཾ་ཨཱ་ཙཱརྱས་མཛད་པ། བོད་ཀྱི་ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། གཏོར་མའི་ཕྲེང་བ་སློབ་དཔོན་བློ་བཟང་སེང་གེས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་

དགེ་སློང་དྷརྨ་དཱི་པཾ་ཀ་ར་དང༌། ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲས་དཔལ་ཨེ་ཝཾ་ཆོས་འཁོར་དུ་འགྱུར། རྒྱལ་པོ་ཆེན་པོ་བཞིའི་གཏོར་མ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་བཤེས་སྟོན་པའི་འགྱུར། གཏོར་མ་ཆེན་པོའི་ལས་ཀྱི་རིམ་པའི་འགྲེལ་པ་སློབ་དཔོན་རྡོ་རྗེ་མི་བསྐྱོད་པས་མཛད་པ། རྒྱ་གར་གྱི་

མཁན་པོ་བཛྲ་ཀཱིརྟི་དང༌། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། ཆ་གསུམ་འབྲིང་པོའི་ཆོ་ག་ནོར་བུ་གླིང་པ་བདེ་བའི་རྡོ་རྗེའི་གདམས་ངག་ལ་བརྟེན་ནས་པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨས་ཉེ་བར་སྦྱར་བ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ཆུ་གཏོར་གྱི་ཆོ་ག་

འཇམ་དཔལ་མའི་རྩ་བ་སློབ་དཔོན་ཛ་ཡ་སེ་ནཱས་མཛད་པ་དང༌། ཆུ་གཏོར་འཇམ་དཔལ་མའི་འགྲེལ་པ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་འཇུག་པའི་མན་ངག་ཅེས་བྱ་བ་སློབ་དཔོན་ཤཱཀྱ་མི་ཏྲས་མཛད་པ་གཉིས་དགེ་སློང་རིན་ཆེན་བཟང་པོའི་འགྱུར། གཏོར་མའི་འགྲེལ་པ་སློབ་དཔོན་བིད་ཛྙཱ་ནས་མཛད་

เล่ม ๒๑๓ · หน้า 430b

པ། རྒྱ་གར་གྱི་མཁན་པོ་ཤཱནྟིཾ་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཨཱ་ཙཱརྱ་རིན་ཆེན་མཆོག་གི་འགྱུར། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་ག་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་ཅིང༌། ལོ་ཙཱ་བ་ཁུ་དངོས་གྲུབ་ཀྱིས་གཏན་ལ་ཕབ་པ། ཆབ་གཏོར་དྲི་མ་མེད་པའི་གཞུང་སློབ་དཔོན་

དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཀླུ་གཏོར་གྱི་ཆོ་ག་སྒྲོལ་མའི་ཞབས་རྡུལ་ལ་རེག་པའི་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། དེ་ཉིད་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། བཀྲ་ཤིས་དང་བདེ་ལེགས་

སུ་བྱེད་པའི་སྐོར་ལ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སློབ་དཔོན་སྣང་བྱེད་ཟླ་བས་མཛད་པ། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཔལ་རྣལ་འབྱོར་གྱི་རྒྱུད་ཀྱི་དཀྱིལ་འཁོར་གྱི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ལྷ་སུམ་

ཅུ་རྩ་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། རྗེ་བཙུན་འཕགས་མ་སྒྲོལ་མས་གསུངས་པའི་བཀྲ་ཤིས་བརྒྱད་པ། རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ལྡན་མ་ཚུལ་ཁྲིམས་སེང་གེའི་འགྱུར། མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་བཅད་རྣམས་བཞུགས་སོ། །གསང་བ་

འདུས་པ་ལེའུ་བཅུ་བདུན་པའི་འགྲེལ་པ་བམ་པོ་བརྒྱ་རྩ་བཅུ་དང་ཤློ་ཀ་བཅུ་གཉིས་པ་སློབ་དཔོན་རབ་ཏུ་བྱུང་བའི་མཚན་པྲ་བྷ་ཝ་གསང་མཚན་འཕགས་པ་སྙིང་པོས་མཛད་ཟེར་བ། པཎྜི་ཏ་ཕྲ་རས་ཀྱིས་འབལ་བྱམས་པ་ཤེས་རབ་དང༌། གཉན་བྱང་ཆུབ་ཚུལ་ཁྲིམས་གཉིས་ཀྱི་དོན་དུ་བསྒྱུར་བ་འདི་རྫུན་མ་

ཡང་དག་ཡིན་པས་མ་བྲིས་སོ་ཞེས་ཀུན་མཁྱེན་བུས་གསུངས་སོ། །བླ་མའི་གསོལ་འདེབས་ཉིན་ཞག་ཕྲུག་གཅིག་གི །བྱ་རིམ་ཆོས་སྐྱོང་ནོར་ལྷའི་བཀྲ་ཤིས་ཀྱི། །ཚིགས་སུ་བཅད་པ་ལ་སོགས་བསྟན་བཅོས་གྲངས། །དྲི་མ་མེད་པ་སུམ་ཅུ་ཐམ་པ་བཞུགས། །དེ་དག་གིས་ནི་ལས་དང་པོའི་བྱ་བའི་རིམ་

པ་དང་ཆོས་སྐྱོང་དང་ནོར་ལྷ་དང་བཀྲ་ཤིས་ལ་སོགས་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་སྔགས་ཕྱོགས་ཀྱི་ཆོས་སྐོར་ལ་བསྟན་བཅོས་ཉིས་སྟོང་བདུན་བརྒྱ་གྱ་གཅིག་བཞུགས་སོ། །སྔགས་ཀྱི་བསྟན་བཅོས་སྐབས་ཏེ་གཉིས་པའོ།། །།

เล่ม ๒๑๓ · หน้า 431a

གཉིས་པ་ཕྱི་མཚན་ཉིད་ཀྱི་ཕྱོགས་ལ། རིག་པའི་གནས་ལྔ་སྟོན་པའི་བསྟན་བཅོས་ལས་དང་པོ་ནང་རིག་པའི་བསྟན་བཅོས་ལ་ཐེག་པ་ཆེ་ཆུང་གཉིས་ལས། ཐེག་ཆེན་གྱི་སྙིང་པོ་བཀའ་བར་པ་རྒྱལ་བའི་ཡུམ་གྱི་དགོངས་འགྲེལ་ལ་ཤིང་རྟ་ཆེན་པོའི་སྲོལ་བཞིར་གྲགས་པ་ལས། དང་

པོ་རྒྱལ་བའི་ཡུམ་གྱི་མངོན་པར་རྟོགས་པའི་དོན་སྟོན་པ་ནི། ཀ་པ་ལ། བཅོམ་ལྡན་འདས་བྱམས་པ་མགོན་པོས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་ཚིག་ལེའུར་བྱས་པ། པཎྜི་ཏ་གོ་མི་འཆི་མེད་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར།

དེའི་རྗེས་སུ་འབྲང་བའི་འགྲེལ་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ལེགས་པར་སྤྱད་པའི་ལས་ཅན་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་འཕགས་པ་མང་པོས་བཀུར་བ་ཀུ་རུ་ཀུལླེའི་སྡེ་པ་གཙུག་

ལག་ཁང་དུ་མའི་བདག་པོ་སློབ་དཔོན་སངས་རྒྱས་འབངས་ཀྱི་ཚ་བོ་དགེ་སློང་འཕགས་པ་རྣམ་པར་གྲོལ་བའི་སྡེས་མཛད་པ། ཉི་ཁྲི་སྣང་བར་གྲགས་པ་རྒྱ་གར་གྱི་མཁན་པོ་ཤར་ཕྱོགས་ཀྱི་དགེ་བསྙེན་ཆེན་པོ་གོ་མི་འཆི་མེད་དང༌། ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར་གཉིས་བཞུགས་སོ།། །།

ཁ་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པ་མཁས་པ་ཆེན་པོ་མོས་པས་སྤྱོད་པའི་ས་བརྙེས་པ་སློབ་དཔོན་རྣམ་གྲོལ་སྡེས་མཛད་པ། བལ་ཡུལ་གྱི་པཎྜི་ཏ་ཆེན་པོ་ཤཱནྟི་བྷ་དྲ་དང༌། འབྲོ་

སེང་དཀར་དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། འདི་ལ་ཤློ་ཀ་ལྔ་སྟོང་བཞི་བརྒྱ་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་ཉི་ཁྲི་ལྔ་སྟོང་པ་དང་ཁྲི་བརྒྱད་སྟོང་པ་གསུམ་དོན་མཐུན་པར་མངོན་རྟོགས་བརྒྱད་དུ་བསྟན་པ་པཎྜི་ཏ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ་རྣམས་བཞུགས་སོ། །འདི་ལ་དཔེ་རྙིང་དག་པོ་

རྣམས་ན་པཎྜི་ཏ་བྱམས་པས་མཛད་བྱ་བ་སྣང་སྟེ། དེ་ལྟར་ན་མཻ་ཏྲི་པ་ལ་སྨྲྀ་ཏིར་ནོར་བ་ཡིན་ནམ་སེམས་སོ་ཞེས་བུ་སྟོན་གྱིས་གསུངས་སོ།། །།ག་ང་ཅ་གསུམ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲངས་ནས་དག་པར་གཏུགས་པ་སློབ་དཔོན་

เล่ม ๒๑๓ · หน้า 431b

སེང་གེ་བཟང་པོས་མཛད་པ་ཉི་ཁྲི་ལེ་བརྒྱད་མར་གྲགས་པ་བམ་པོ་བདུན་ཅུ་རྩ་བཞི་པ། བལ་ཡུལ་ཡམ་བུའི་བསོད་ནམས་རྒྱུན་འབྱུང་གི་གཙུག་ལག་ཁང་དུ་པཎྜི་ཏ་ཞི་བ་བཟང་པོ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར་བཞུགས་སོ།། །།ཆ་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་བརྒྱད་སྟོང་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ཞེས་བྱ་བ་མཁས་པ་ཆེན་པོ་སློབ་དཔོན་སེང་གེ་བཟང་པོའི་ཞལ་སྔ་ནས་མཛད་པ་ཤློ་ཀ་སྟོང་ཕྲག་བརྒྱད་པ། རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ནས། སླད་ཀྱིས་རྒྱ་གར་གྱི་མཁན་པོ་པཎྜི་

ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་ཡང་གཏུགས་ནས་བཅོས་པ་ལ། དུས་ཕྱིས་པཎྜི་ཏ་ཆེན་པོ་གཞུང་འབུམ་ཕྲག་གཉིས་ཀྱིས་མགྲིན་པ་བརྒྱན་པ་དྷི་ར་པཱ་ལ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར་བ་བཞུགས་སོ།། །།

ཇ་པ་ལ། མངོན་རྟོགས་རྒྱན་སྡུད་པ་དང་སྦྱར་བའི་འགྲེལ་པའམ། བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པའི་བཀའ་འགྲེལ་རྟོགས་པར་སླ་བ་ཞེས་བྱ་བ་ཤློ་ཀ་ཉིས་སྟོང་ཆིག་བརྒྱ་པ་སློབ་དཔོན་ཆེན་པོ་སེང་གེ་བཟང་པོས་མཛད་པ། བལ་ཡུལ་གྱི་པཎྜི་ཏ་ཛེ་ཏ་ཧང་ངུ་ཤཱནྟི་བྷ་དྲ་དང༌། བོད་

ཀྱི་ལོ་ཙཱ་བ་འཕྲོ་སེང་དཀར་ཤཱཀྱ་འོད་ཀྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་བམ་པོ་ལྔ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་

བསྒྱུར་བ་ལ། སླད་ཀྱིས་པཎྜི་ཏ་དཔལ་གོ་མི་འཆི་མེད་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་རྟོགས་པར་དཀའ་བའི་སྣང་བ་ཞེས་བྱ་བའི་འགྲེལ་

བཤད་སློབ་དཔོན་གསེར་གླིང་པ་ཆོས་ཀྱི་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་བསྡུས་དོན་ནུབ་ཀྱི་སྒོ་གླེགས་པ་དཔལ་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་

เล่ม ๒๑๓ · หน้า 432a

བློ་གྲོས་ཀྱིས་མཛད་པ། པཎྜི་ཏ་ཆེན་པོ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་རྣམས་བཞུགས་སོ།། །།ཉ་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བཤད་ཚིག་རབ་

ཏུ་གསལ་བ་ཞེས་བྱ་བ་ཡུལ་ཆེན་པོ་བཻ་ད་ལར་སྐྱེས་པའི་སློབ་དཔོན་མཁས་པ་ཆེན་པོ་གྲུབ་པའི་མཐའ་རབ་འབྱམས་ལ་མཁྱེན་པའི་སྣང་བས་ཁྱབ་པ་ཐེག་པ་ཆེན་པོ་དབུ་མའི་སློབ་དཔོན་དཔལ་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཨ་བྷི་ཡུཀྟ་ཀཏྟ་ར་ཤྲཱི་མི་ཏྲ་དང༌། བོད་ཀྱི་ལོ་ཙཱ་བ་

དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཤྲཱི་བྷ་དྲས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་བཀྲ་ཤིས་རྒྱལ་མཚན་གྱིས་བསྒྱུར་བ། སྡུད་པ་ཚིགས་སུ་བཅད་པའི་བཀའ་འགྲེལ་སློབ་དཔོན་སེང་གེ་བཟང་པོའི་དངོས་སློབ་བུདྡྷ་ཤྲཱི་ཛྙཱ་ནས་

མཛད་པ་བམ་པོ་དྲུག་པ། རྒྱ་གར་གྱི་མཁན་པོ་བིདྱཱ་སིངྷ་ཀ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱི་འགྱུར། མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་རཏྣ་ཀཱིརྟིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་རཏྣ་ཀཱིརྟི་དེ་ཉིད་དང༌། ལོ་ཙཱ་བ་ལ་ཆིངས་ཡོན་ཏན་

འབར་གྱི་འགྱུར་རྣམས་བཞུགས་སོ།། །།ཏ་པ་ལ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་བྱ་བ་དཔལ་ཆོས་ཀྱི་རྗེ་བྱང་ཆུབ་སེམས་དཔའ་དམ་པ་མཁས་པ་ཐམས་ཅད་ཀྱི་བླ་མར་གྱུར་པ་

ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་ཆེན་པོ་དེ་ཉིད་དང༌། གནུབས་ལོ་ཙཱ་བ་དགེ་སློང་བྱམས་པའི་དཔལ་གྱི་འགྱུར། མངོན་རྟོགས་རྒྱན་སེམས་ཙམ་གྱི་ལྟ་བར་བཀྲོལ་བ་འཕགས་པ་འཇམ་དཔལ་གྱི་དངོས་གྲུབ་བརྙེས་པ་མཁས་པ་ཆེན་པོ་སློབ་དཔོན་རིན་ཆེན་འབྱུང་གནས་

ཞི་བས་མཛད་པ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་དག་ལྡན་ཞེས་བྱ་བ་ཉི་ཁྲི་དང་སྦྱར་བའི་འགྲེལ་པ། རྒྱ་གར་གྱི་མཁན་པོ་ཤྲཱི་སུ་བྷཱུ་ཏི་ཤཱནྟི་དང༌། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་དང༌། དགེ་སློང་དགེ་བའི་བློ་གྲོས་ཀྱི་བསྒྱུར་བ་ལ། སླད་ཀྱིས་པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲ་དང༌། ཞུ་

เล่ม ๒๑๓ · หน้า 432b

ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བཅོས་ཏེ་གཏན་ལ་ཕབ་པ། སྟོང་ཕྲག་བརྒྱ་པའི་རྣམ་པར་བཤད་པ་མངོན་རྟོགས་རྒྱན་དང་མཐུན་པར་བཤད་པ་ཁ་ཆེའི་པཎྜི་ཏ་དྷརྨ་ཤྲཱིས་མཛད་དོ་ཞེས་གྲགས་པ་རྣམས་བཞུགས་སོ།། །།ཐ་པ་ལ། མངོན་རྟོགས་རྒྱན་བརྒྱད་སྟོང་པ་དང་སྦྱར་ནས་སེམས་ཙམ་

དུ་སྟོན་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ་ཤླཽ་ཀ་སྟོང་ཕྲག་བརྒྱད་པ།རྒྱལ་པོའི་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ། པཎྜི་ཏ་ཤྲཱི་སུ་བྷུ་ཏི་ཤཱནྟི་དང༌། ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ་ཞེས་བྱ་བ་དཔལ་ཤཱནྟི་པའི་སློབ་མ་སློབ་དཔོན་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་མཁས་པ་ཆེན་པོ་ཚུལ་ཁྲིམས་རྒྱལ་བའི་འགྱུར་བ་རྣམས་བཞུགས་སོ།། །།ད་པ་ལ། བརྒྱད་སྟོང་པ་(*མ་བྱུང༌)མངོན་རྟོགས་རྒྱན་དང་སྦྱར་བའི་འགྲེལ་པ་སློབ་

དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། མཁས་པ་ཤེས་རབ་དཔལ་གྱིས་དཔལ་

ནཱ་ལེནྡྲར་བསྒྱུར་བ། སྡུད་པ་མངོན་རྟོགས་རྒྱན་དང་མཐུན་པར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཛོད་ཀྱི་ལྡེ་མིག་ཅེས་བྱ་བ་ཁ་ཆེའི་མཁན་པོ་བླ་མ་དྷརྨ་ཤྲཱིས་མཛད་པ། འཕགས་པ་སྡུད་པའི་གདམས་ངག་འདི་བྱང་ཆུབ་སའི་སྙིང་པོ་དཔལ་འབུམ་སྟེང་གི་གཙུག་ལག་ཁང་གསར་དུ་བཞེངས་པའི་དུས་

མཁས་པ་ཆེན་པོ་བ་རེག་ལོ་ཙཱ་བས་བསྒྱུར་བ་རྣམས་བཞུགས་སོ། །དེ་ལྟར་མངོན་རྟོགས་རྒྱན་གྱི་རྗེས་སུ་འབྲང་བའི་འགྲེལ་པ་ཉི་ཤུ་རྩ་གཅིག་གོ །ཤིང་རྟའི་སྲོལ་འབྱེད་གཉིས་པ་དབུ་མ་རིག་པའི་ཚོགས་ནི་འོག་ཏུ་དབུ་མ་དང་ལྷན་ཅིག་བྲིའོ།། །།ན་པ་གཉིས་ལ། ཤིང་རྟའི་སྲོལ་འབྱེད་གསུམ་པ་

སློབ་དཔོན་དཾཥྚཱ་སེ་ནས་མཛད་པར་གྲགས་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་འགྲེལ་པ་ལེའུ་ལྔ་བཅུ་ང་གཉིས་པའི་འཕྲོ་ལ་ལུས་པ་བཞུགས། འདི་ལ་དཀར་ཆག་འཕང་ཐང་མར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་ཟེར་རོ།། །།ཕ་པ་ལ། འཕགས་པ་ཤེས་

เล่ม ๒๑๓ · หน้า 433a

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་བམ་པོ་ཉི་ཤུ་རྩ་བདུན་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བ། འདི་ལ་ཀུན་མཁྱེན་བུས་ཁ་ཅིག་དཾཥྚ་སེ་ནས་མཛད་ཟེར་མོད་ཀྱི། སློབ་དཔོན་

དབྱིག་གཉེན་གྱིས་མཛད་པའི་གཞུང་གི་འགྲེལ་པར་བཞེད་པ་ཉིད་འཐད་པར་རྟོགས་ཏེ། རྒྱ་འགྲེལ་རྣམས་སུ་ལུང་དྲངས་པའི་གཞུང་རྣམས་དེ་ན་མི་སྣང་བའི་ཕྱིར་འདིས་ལྟ་བ་སེམས་ཙམ་དུ་བཀྲོལ་ཞིང༌། འདི་དང་འབུམ་ཊཱིཀ་ཆེ་བ་གཉིས་ཀ་སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་འཆད་དོ་ཞེས་བཤད་

དོ། །ཤིང་རྟའི་སྲོལ་འབྱེད་བཞི་པ་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་སྟོན་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་དང༌། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་

པ་སློབ་དཔོན་བླ་མ་དཀོན་མཆོག་གསུམ་གྱི་འབངས་ཀྱིས་མཛད་པ། ཤློ་ཀ་ལྔ་བརྒྱ་བཞི་བཅུ་པ། ཁ་ཆེའི་པཎྜི་ཏ་ཐིག་ལེ་བུམ་པ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར་བ་རྣམས་བཞུགས་སོ།། །།བ་པ་ལ། དཔལ་ལྡན་རྒྱལ་པོ་ཛ་གཏྟ་ཏཱ་ལར་གནས་པས་མཛད་པ་བཅོམ་ལྡན་འདས་མ་འཕགས་པ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་རྣམ་པར་བཤད་པ་མན་ངག་གི་རྗེས་སུ་འབྲང་བ་གཞུང་ཚད་ཤློ་ཀ་སྟོང་ཕྲག་བརྒྱད་པ། རྒྱ་གར་གྱི་མཁན་པོ་ཨ་ལངྐ་དེ་ཝ་དང༌། བོད་ཀྱི་ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས་ཀྱིས་དཔལ་སྒྱེའུ་རིའི་དྲུང་དུ་ཆོས་འཁོར་དབེན་པའི་གཙུག་ལག་ཁང་དུ་བསྒྱུར་བ། འདི་བརྒྱད་སྟོང་དོན་བསྡུས་

དང༌། ཉི་ཁྲི་གཞུང་འགྲེལ་གཉིས་ཀའི་རྗེས་སུ་འབྲང་བའི་འགྲེལ་པ་ཡིན་ནོ།། །།མ་པ་ལ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པའི་ཚིགས་སུ་བཅད་པ་དགུ་པ་སློབ་དཔོན་ཆེན་པོ་ཀམྤ་ལའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་

དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པའི་ཚིགས་སུ་བཅད་པ་དགུ་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཆེན་པོ་ཀམྤ་ལའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཀཱ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་

เล่ม ๒๑๓ · หน้า 433b

དགེ་སློང་རིན་ཆེན་བཟང་པོའི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པའི་རྒྱ་ཆེར་འགྲེལ་པ་མགོན་པོ་ངག་གི་དབང་པོས་སྤོབས་པ་བསྐྱེད་པའི་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ་བམ་པོ་བདུན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པའི་རྒྱ་ཆེར་བཤད་པ་སློབ་དཔོན་ཀ་མ་ལ་

ཤཱི་ལས་མཛད་པ་བམ་པོ་དྲུག་པ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང༌། ལིའི་མཁན་པོ་སུ་རེནྡྲ་ཀ་ར་པྲ་བྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ནམ་མཁའ་སྐྱོང་གིས་བསྒྱུར་བ། འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་གནས་བདུན་གྱི་རྒྱ་ཆེར་འགྲེལ་བ་

སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་འདི་ནི་ཐམས་ཅད་མཁྱེན་པ་གཞོན་ནུ་དཔལ་བའི་ཞལ་སྔ་ནས་གསར་འགྱུར་མཛད་པའི་འཕྲོ་ཅུང་ཟད་ལུས་པ། ཞྭ་ལུ་ལོ་ཙཱ་བ་འགོས་ཆོས་སྐྱོང་བཟང་པོས་ལུགས་གཉིས་ཀྱི་མདུན་ས་ཆེན་པོ་ཕོ་བྲང་སྣེའུ་གདོང་རྩེར་ཆོས་ཀྱི་རྗེ་ཆོས་ཀྱི་རྒྱལ་པོ་ཆེན་པོ་དཔལ་ངག་གི་

དབང་ཕྱུག་གྲགས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔལ་གྱི་མངའ་ཐང་ཆེན་པོ་ལ་བརྟེན་ནས་ལེགས་པར་བསྒྱུར། སླར་ཡང་རྒྱ་དཔེ་ལ་གཏུགས་ཤིང་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་འགྲེལ་པར་བརྗོད་བྱ་རིས་མཐུན་པ་རྣམས་དང་སྦྱར་ཏེ། ཚིག་ཕྲད་དང་འཁྲུགས་སྡེབ་

སོགས་ཅུང་ཟད་ལེགས་ཆར་འགྱུར་བ་རྣམས་འབད་ཅིང་དག་པར་བགྱིས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་མཉྫུ་ཤྲཱི་དང༌། ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་

ཤེས་སྡེས་བསྒྱུར་བ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྒྱ་ཆེར་བཤད་པ་དོན་བརྒྱད་མ་རྒྱ་གར་གྱི་མཁན་པོ་དྲི་མ་མེད་པའི་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དེ་ཉིད་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ནམ་མཁའ་དང་ཡེ་ཤེས་སྙིང་

པོ་ལ་སོགས་པས་བསྒྱུར་བ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་སློབ་དཔོན་ཛྙཱ་ན་མི་ཏྲས་མཛད་པ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ་པཎྜི་ཏ་ཕྱག་ན་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌།

เล่ม ๒๑๓ · หน้า 434a

སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་སེང་གེ་རྒྱལ་མཚན་གྱི་འགྱུར། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྒྱ་ཆེར་འགྲེལ་པ་དོན་བཅུ་པ་གསལ་བར་བསྟན་པ་སློབ་དཔོན་པྲ་ཤསྟྲ་སེ་ནཱས་མཛད་པ། ཤེར་སྙིང་གི་འགྲེལ་པ་(*མ་བྱུང༌)མ་ཚང་བ་གཅིག །ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་ཡོངས་སུ་ཤེས་པ་པཎྜི་ཏ་ཤྲཱི་མ་ཧཱ་ཛ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་སེང་གེ་རྒྱལ་མཚན་གྱི་འགྱུར། ཤེས་རབ་སྙིང་པོའི་རྣམ་པར་བཤད་པ་དགེ་སློང་ལེགས་པའི་ཤེས་རབ་ཀྱིས་སློབ་དཔོན་མར་མེ་མཛད་དཔལ་

ཡེ་ཤེས་ལ་གསོལ་བ་བཏབ་ནས་ལེགས་པར་བཤད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཤེར་སྙིང་གི་(*མ་བྱུང༌།) འགྲེལ་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་ཟེར་བ་རྣམས་བཞུགས་སོ། །གསུང་རབ་ཀུན་གྱི་སྙིང་པོ་བླ་ན་

མེད། །དུས་གསུམ་རྒྱལ་བ་མ་ལུས་སྐྱེད་པའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་མའི་མདོ་ཡི་དོན། །གསལ་བྱེད་བསྟན་བཅོས་བཞི་བཅུ་ཐམ་པ་བཞུགས། དེ་དག་གིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།

དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྐོར་རྣམས་བཀོད་ནས། གཉིས་པ་བཀའ་ཐམས་ཅད་ཀྱི་དགོངས་པ་འགྲེལ་ཞིང༌། ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་འགྲེལ་པ་དབུ་མའི་སྐོར་ལ། ཙ་པ་ལ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་སློབ་

དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས་བདེ་བ་ཅན་དུ་གཤེགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་

དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤློ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ། བམ་པོ་ཕྱེད་དང་གཉིས་སུ་བྱས་སོ། །སླད་ཀྱིས་གྲོང་ཁྱེར་དཔེ་མེད་ཀྱི་དབུས་གཙུག་ལག་ཁང་རིན་ཆེན་སྦས་པའི་དབུས་སུ་ཁ་ཆེའི་མཁན་པོ་

เล่ม ๒๑๓ · หน้า 434b

ཧ་སུ་མ་ཏི་དང༌། བོད་ཀྱིས་སྒྲ་སྒྱུར་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་འགྲེལ་པ་ཚིག་གསལ་དང་བསྟུན་ནས་བཅོས་པ་དང༌། སླད་ཀྱིས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་ལོ་ཙཱ་བ་དེ་ཉིད་ཀྱིས་ཞུ་ཆེན་བགྱིས་པའོ། །རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་སློབ་དཔོན་འཕགས་པ་

ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་མུ་དི་ཏ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར། ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་མདོ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། ཁ་ཆེའི་པཎྜི་ཏ་ཨཱ་ནནྡ་དང༌། ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་

ཀྱི་འགྱུར། སྟོང་པ་ཉིད་བདུན་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ལོ་ཙཱ་བ་གཞོན་ནུ་མཆོག་དང༌། གཉན་དར་མ་གྲགས་དང་ཁུའི་འགྱུར་དག་ལས་དོན་དང་ཚིག་བཟང་དུ་བྲིས་པ། རྩོད་པ་བཟློག་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་སློབ་དཔོན་

འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་ལས། སླད་ཀྱིས་ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྡ་དང་ལོ་ཙཱ་བ་ཁུ་མདོ་སྡེ་དཔལ་གྱིས་བཅོས་པ། དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་

བྱས་པ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤློ་ཀ་ནི་ཉིས་སྟོང་ཆིག་བརྒྱ། བམ་པོ་ནི་

བདུན་དུ་བྱས་སོ། །འདིར་རིགས་པ་དྲུག་ཅུ་པའི་རང་འགྲེལ་རྙེད་ན་བྲིའོ། །ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཛཱ་ཡ་ཨཱ་ནནྡ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་ཁུ་མདོ་སྡེ་འབར་གྱི་འགྱུར། སྟོང་པ་

ཉིད་བདུན་ཅུ་པའི་འགྲེལ་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེའི་འགྱུར། རྩོད་པ་བཟློག་པའི་འགྲེལ་པ་ས་དང་པོ་ལ་རབ་ཏུ་དགའ་བ་ལ་བཞུགས་པ་སློབ་དཔོན་འཕགས་པ་ནཱ་གཱརྫུ་ནས་མཛད་པ། རྒྱ་

เล่ม ๒๑๓ · หน้า 435a

གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏའི་འགྱུར། ཐེག་པ་ཆེན་པོ་ཉི་ཤུ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཙནྡྲ་ཀུ་མཱ་ར་དང༌། དགེ་སློང་ཤཱཀྱ་འོད་ཀྱི་འགྱུར། ཡི་གེ་བརྒྱ་པ་དང༌། ཡི་གེ་བརྒྱ་པ་ཞེས་བྱ་བའི་

འགྲེལ་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དཔལ་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བནྡེ་གཞོན་ནུ་ཤེས་རབ་ཀྱིས་བསྒྱུར་བ་ལ། སླད་ཀྱིས་པཎྜི་ཏ་ཨཱ་ནནྡ་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱིས་བཅོས་པ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། རྟེན་

ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྣམ་པར་བཤད་པ། མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་རྣམས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། པཎྜི་ཏ་ཨཱ་ནནྡ་དང༌། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་ཀྱི་འགྱུར། སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་བྱ་བ་འཕགས་པ་ཀླུ་

སྒྲུབ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། ལོ་ཙཱ་བ་སཱུརྱ་ཀཱིརྟིས་ལྷ་ས་ར་མོ་ཆེར་འགྱུར། དབུ་མ་སྲིད་པ་འཕོ་བ་ཞེས་བྱ་བ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཟླ་བ་གཞོན་ནུའི་རང་འགྱུར། སྲིད་པ་འཕོ་བའི་ཊཱི་ཀ་པཎྜི་ཏ་བྱམས་པ་མགོན་པོས་མཛད་པ།

པཎྜི་ཏ་ཟླ་བ་གཞོན་ནུ་ལ་གྲུ་སྟོན་ཆུང་གིས་ཞུས་ནས་རང་འགྱུར། དབུ་མ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ་ཞེས་བྱ་བ་སློབ་དཔོན་སངས་རྒྱས་བསྐྱངས་འཕགས་པ་འཇམ་དཔལ་གྱི་བཀའ་གྲུབ་པ་བསྟན་བཅོས་དུ་མའི་རྣམ་བཤད་མཛད་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་

རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་ཅན་དུ་གཤེགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར། རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། ཁ་

ཆེའི་པཎྜི་ཏ་དགེ་སློང་ཟླ་བ་གྲགས་པའི་རང་འགྱུར། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་འཕགས་པ་ལྷས་མཛད་པ་དང༌། ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པའི་འགྲེལ་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་

เล่ม ๒๑๓ · หน้า 435b

ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་བ་རྣམས་བཞུགས་སོ།། །།ཚ་པ་ལ། སློབ་དཔོན་འཕགས་པ་ལྷས་མཛད་པའི་རྣལ་འབྱོར་སྤྱོད་པ་བསྟན་བཅོས་བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུང་རིན་ཆེན་སྦས་

པའི་ཀུན་དགའ་རྭ་བར་རྒྱ་གར་གྱི་མཁན་པོ་སཱུཀྵྨ་ཛཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར། འཁྲུལ་བ་བཟློག་པའི་རིགས་པ་གཏན་ཚིགས་གྲུབ་པ་ཞེས་བྱ་བ་སློབ་དཔོན་འཕགས་པ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་

དཔལ་བརྩེགས་ཀྱི་འགྱུར། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ་དང༌། ལག་པའི་ཚད་ཀྱི་འགྲེལ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་དགེ་སློང་དཔལ་འབྱོར་སྙིང་པོས་བསྒྱུར་ཅིང༌། ཞུ་

ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་ཞུས་པ། དབུ་མ་འཁྲུལ་བ་འཇོམས་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ་

སློབ་དཔོན་ཆེན་པོ་འཕགས་པ་ལྷའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་དགེ་

སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་སློབ་དཔོན་བཙུན་པ་ལེགས་ལྡན་འབྱེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་འདི་ལ་རབ་ཏུ་བྱེད་པ་ཉི་

ཤུ་བདུན། ཤློ་ཀ་དྲུག་སྟོང༌། བམ་པོ་ཉི་ཤུར་བྱས་སོ། །དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་བདག་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུ་ལ་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ། སྐུ་ཚེ་འདི་ཉིད་ཀྱིས་རིག་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་སློབ་དཔོན་

เล่ม ๒๑๓ · หน้า 436a

འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ། ཕྱིས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་བ་རྣམས་བཞུགས་སོ།། །།ཛ་པ་ལ། དབུ་མའི་

སྙིང་པོའི་ཚིག་ལེའུར་བྱས་པ་དང༌། དབུ་མའི་སྙིང་པོ་འགྲེལ་པ་རྟོག་གེ་འབར་བ་སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ་བམ་པོ་ཉི་ཤུ་རྩ་བདུན་པ་དང༌། དབུ་མ འི་དོན་བསྡུས་པ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་རྣམས་ཇོ་བོ་རྗེ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དབུ་མ་

རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་སློབ་དཔོན་ནག་པོ་པས་མཛད་པ་རྣམས་བཞུགས་སོ།། །།ཝ་ཞ་ཟ་གསུམ་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་པ་ཐེག་པ་ཆེན་པོ་དབུ་མ་པའི་སློབ་དཔོན་ཡུལ་ས་

ཀེ་ཏ་ནས་བྱུང་བ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རིག་པའི་གནས་མཐའ་དག་ཆུབ་པ་རང་དང་གཞན་གྱི་གྲུབ་མཐའ་ཐམས་ཅད་ལ་མཁས་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང༌། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་

སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར་བ་བཞུགས་སོ། །འདི་ལ་རབ་ཏུ་བྱེད་པ་ནི་ཉི་ཤུ་རྩ་བདུན། ཤློ་ཀ་ནི་ཉི་ཁྲི་བཞི་སྟོང༌། བམ་པོ་ནི་བརྒྱད་ཅུར་བྱས་སོ།། །།འ་པ་ལ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་ཞེས་བྱ་བ་སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་

གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོ་བྲིས་པའི་བ་དྲུས་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ། ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་གཙུག་ལག་ཁང་གི་འདབས་སུ་རྒྱ་གར་གྱི་མཁན་པོ་རྟོག་གེ་པ་ཆེན་

པོ་མ་ཧཱ་སུ་མ་ཏི་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར་བ་ལས། ཕྱིས་ར་མོ་ཆེའི་གཙུག་ལག་ཁང་དུ་ཁ་ཆེའི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་ལེགས་པར་

เล่ม ๒๑๓ · หน้า 436b

བཅོས་པ། དབུ་མ་ལ་འཇུག་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ཤཱནྟི་པཎྜི་ཏ་ལ་ཤ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་ཚུལ་ཁྲིམས་རྒྱལ་བ་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར། ཕྱིས་ར་ས་ར་མོ་ཆེར་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། ལོ་ཙཱ་བ་དེ་ཉིད་

ཀྱིས་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་བཅོས་པ། དབུ་མ་ལ་འཇུག་པའི་བཤད་པ་ཞེས་བྱ་བ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་རིན་ཆེན་སྦས་པའི་གཙུག་ལག་ཁང་དུ་ཁ་ཆེའི་རྒྱལ་པོ་འཕགས་པ་ལྷའི་སྐུ་རིངས་ལ་རྒྱ་གར་གྱི་མཁན་

པོ་ཏི་ལ་ཀ་ཀ་ལ་ཤ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར་བ་ལས། ཕྱིས་ར་ས་ར་མོ་ཆེར་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་

པ། གཞུང་ཚད་ནི་བམ་པོ་བཅུ་གཅིག་དང་བམ་པོ་སུམ་གཉིས་སོ། །དབུ་མ་ཤེས་རབ་ལ་འཇུག་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་བ་རྣམས་བཞུགས་སོ།། །།ཡ་པ་ལ། རིགས་པ་དྲུག་ཅུ་པའི་

འགྲེལ་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོ་དབུ་མའི་སློབ་དཔོན་ཡུལ་ས་མ་ཏ་ནས་སྐྱེས་པ་མུ་སྟེགས་ཅན་རྟོག་གེ་ངན་པར་སྨྲ་བའི་ཚོགས་ཐམས་ཅད་ཀྱི་མུན་པ་མང་པོ་རྣམ་པར་འཇོམས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཤཱི་

ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། དཔལ་གྲོང་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་ཀུན་དགའ་རྭ་བར་རྒྱ་གར་གྱི་མཁན་པོ་

སཱུཀྵྨ་ཛཱ་ན་ཞེས་བྱ་བ་གདུང་རབས་གྲངས་མེད་པར་པཎྜི་ཏ་བརྒྱུད་པའི་རིགས་སུ་སྐུ་འཁྲུངས་པ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་བྲམ་ཟེ་ཆེན་པོ་སཛྫ་ནའི་སྲས་གཅིག་པུ་བདེ་བར་གཤེགས་པའི་བསྟན་པ་ལ་གཅེས་སྤྲས་སུ་མཛད་པའི་ཞལ་སྔ་ནས་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་པ་ཚབ་ཉི་མ་གྲགས་

เล่ม ๒๑๓ · หน้า 437a

ཀྱིས་བསྒྱུར་བ། ཕུང་པོ་ལྔའི་རབ་ཏུ་བྱེད་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། ཚངས་པའི་འབྱུང་གནས་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ལེགས་པར་བསྒྱུར་བ། སྟོང་ཉིད་

བདུན་ཅུ་པའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང༌། སྣུར་ལོ་ཙཱ་བ་དར་མ་གྲགས་ཀྱི་འགྱུར། འདིའི་གཞུང་གྲངས་སྟོང་ཕྲག་གཉིས་དང་བརྒྱ་ཕྲག་གཅིག་གིས་ལྷག་པའོ། །སྟོང་ཉིད་བདུན་ཅུ་པའི་རྣམ་པར་

བཤད་པ་ཁ་ཆེའི་ཡུལ་གྱི་མཁས་པ་ཆེན་པོ་སོ་མ་ཤྲཱིའི་ཞབས་རྡུལ་ལ་བརྟེན་པར་མཛད་པའི་སློབ་དཔོན་མཁས་པ་ཆེན་པོ་དཔལ་གཞན་ལ་ཕན་པས་མཛད་པ། ཐུགས་དམ་སའི་སྙིང་པོ་ཐོ་ལིང་དུ་ཁ་ཆེའི་མཁན་པོ་པ་ར་ཧི་ཏའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་གཞོན་ནུ་མཆོག་གི་འགྱུར།

རྟོག་གེ་ཐོ་བའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྡས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཁུ་མདོ་སྡེ་འབར་གྱི་འགྱུར་རྣམས་བཞུགས་སོ།། །།ར་པ་ལ། དབུ་མ་འཇུག་པའི་འགྲེལ་བཤད་དོན་གསལ་བར་བྱེད་པ་ཞེས་བྱ་བ་ཁ་ཆེའི་པཎྜི་ཏ་

ཆེན་པོ་ཛ་ཡ་ཨཱ་ནནྡས་མཛད་པ། ཁ་ཆེའི་མཁས་པ་ཆེན་པོ་ཛ་ཡ་ཨཱ་ནནྡ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་ཀུན་དགའ་གྲགས་ཀྱིས་བསྒྱུར་བ་བཞུགས་སོ།། །།ལ་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཤཱནྟ་དེ་ཝས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་

དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལས་ཞུས་ཏེ་གཏན་ལ་ཕབ་པ་ལ། སླད་ཀྱིས་རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་འགྲེལ་པ་དང་མཐུན་པར་བཅོས་པ། སླར་ཡང་དུས་ཕྱིས་

རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་པ། ཤློ་ཀ་སྟོང་དུ་གྲགས་པ། བམ་པོ་གཉིས་སུ་བྱས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་ཀྱི་ལེའུའི་རྒྱ་ཆེར་བཤད་པ་དགེ་སློང་མཁས་

เล่ม ๒๑๓ · หน้า 437b

པ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། འགྲེལ་བཤད་འདིའི་ལེའུ་དང་པོ་གཉིས་དང༌། བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི་ཊཱི་ཀ མཁས་པ་ཆེན་པོ་སུ་མ་ཏི་ཀཱིརྟི་དང༌། ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་དང༌། གཉན་དར་མ་གྲགས་གཉིས་ཀྱིས་སྟོད་སྨད་བགོས་ནས་

བསྒྱུར་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པའི་དཀའ་འགྲེལ་མཛད་བྱང་འགྱུར་བྱང་མི་གསལ་བ་རྣམས་བཞུགས་སོ།། །།ཤ་པ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ་ཤློ་ཀ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་རྩ་ལྔ་པ་

སློབ་དཔོན་དགེ་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ཀུ་མཱ་ར་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་བའི་གནས་གཏན་ལ་དབབ་པའི་གཞུང་སློབ་དཔོན་མཁས་པ་ཆེན་པོ་ཀྲྀཥྞ་པས་མཛད་པ། རྒྱ་

གར་གྱི་མཁན་པོ་ཀྲྀཥྞ་པ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་གི་མཁས་པ་ཆེན་པོ་དགེ་སློང་བཻ་རོ་ཙ་ན་རཀྵི་ཏས་མཛད་པ། སྤྱོད་འཇུག་གི་ཤེས་རབ་ལེའུའི་བཀའ་འགྲེལ་

པཎྜི་ཏ་མི་མཉམ་ཁོལ་པོ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱི་འགྱུར་ལ། ལི་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་མོས་པའི་དབང་གིས་ལེགས་པར་བསྒྱུར་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུ་དང༌། བསྔོ་བའི་ལེའུའི་དཀའ་འགྲེལ་

མཛད་བྱང་འགྱུར་བྱང་མེད་པ་གཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་སུམ་ཅུ་རྩ་དྲུག་ཏུ་བསྡུས་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཙོ་བོའི་དོན་བཅུ་གཅིག་ཏུ་བསྡུས་པ་གསེར་གླིང་གི་བླ་མ་ཆོས་སྐྱོང་ལ་གུས་པ་དང་ལྡན་པའི་སློབ་མ་ཀ་མ་ལ་རཀྵི་ཏ་

དང༌། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་གསོལ་བ་བཏབ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ཅེས་བྱ་བ་རྒྱ་གར་ཤར་ཕྱོགས་ཛ་གཏྟ་ལ་བི་ཧ་རའི་པཎྜི་ཏ་ཆེན་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด