དཀར་ཆག
ชื่อนี้มาจากชื่อไฟล์ของเล่มในต้นทาง
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๑๓ · หน้า 491b
འགྲོ་བ་ཐམས་ཅད་མི་གནས་མྱ་ངན་ལས། །འདས་པའི་གོ་འཕང་སྟེར་བའི་བདེན་པས་སྲུང་གྱུར་ཅིག ༢༩ །(*ཡན་ལག་གཅིག་པའི་གཟུགས་ཅན།) དེ་འདྲའི་གོ་འཕང་བླ་ནས་བླ་མར་བྱར་མེད་པའི། །ཡོན་ཏན་གཞལ་དུ་མེད་པའི་ཁང་པ་ཉམས་དགའ་བར། །བདེ་བར་འདོད་པ་སྣ་ཚོགས་ཐེག་པའི་རིམ་པ་ཅན། །ཐུབ་
དབང་བསྟན་པ་སྐྱེ་དགུའི་བླ་ན་བརྟན་གྱུར་ཅིག ༣༠ །(*དགའ་བའི་འགྱུར་བ་སྒེག་པའི་ཉམས་དང་ལྡན་པ།) བཀའ་དོན་ཟབ་དང་རྒྱ་ཆེའི་དགོངས་པ་མ་ལོན་པར། །ཕལ་ཆེར་མ་རྟོགས་ལོག་རྟོགས་འཕྱང་མོ་ཉུག་གི་གཡང༌། །འཕྱན་པ་གང་ཚེ་ཡང་དག་ཉིད་དུ་རྣམ་བཀོད་པའི། །འཆོས་སྐྱོབ་དམ་པའི་
ཆོས་འདི་འགྲོ་བས་འཇི་ལྟར་ཐོབ། ༣༡ །(*ཁྱད་པར་བཅས་པའི་གཟུགས་ཅན།) ད་ཀོ་ལེགས་པར་ཐོབ་པ་མཁས་པའི་ཚོགས་རྣམས་ཀྱིས། །བཤད་དང་སྒྲུབ་པའི་གོས་མཆོག་རྣམ་པར་བརྩེགས་པའི་རྩེར། །ཡང་དག་བཀོད་པ་ས་གསུམ་དགེ་བའི་རྒྱལ་མཚན་དུ། །གཟི་བྱིན་རབ་ཏུ་འབར་བར་
རྟག་ཏུ་རྒྱལ་གྱུར་ཅིག ༣༢ །(*ཆ་ཤས་ཅན་གྱི་གཟུགས་ཅན།) ལུགས་མཆོག་དེ་དག་མ་ནོར་ཐུགས་ཀྱི་དཔལ་བེའུ་རུ།) །ཡོངས་སུ་བཟུང་ནས་ལེགས་པར་འདོམས་ལ་ཟླ་མེད་པའི། །གཟུངས་དང་ཏིང་ངེ་འཛིན་དང་ཤེས་རབ་སྤོབས་པའི་གཏེར། །ས་སྐྱ་པ་སྟེ་ཁམས་གསུམ་ཆོས་ཀྱི་སྒྲོན་
མ་ཆེ། ༣༣ །(*མ་བསྡུས་པའི་གཟུགས་ཅན།) གང་དེའི་ལུང་རྟོགས་ཆོས་ཀྱི་རྒྱལ་སྲིད་མཐོན་པོ་ནས། །ཕྲིན་ལས་དམ་པའི་གསེར་སྦྱངས་འཁོར་ལོ་རིང་སོང་བ། །ཐུབ་པའི་རྒྱལ་ཚབ་ཡོངས་ཀྱི་རྒྱལ་པོ་ཨེ་ཝཾ་པའི། །ལུགས་མཆོག་སྲིད་པ་གསུམ་གྱི་ཁོངས་སུ་གསལ་གྱུར་ཅིག ༣༤ །(*མཚུངས་པ་གསལ་བྱེད་ཀྱི་སྒྲས་ཟིན་པའི་དཔེ།) དེ་སོགས་གངས་ལྡན་
རི་བོའི་དོ་ཤལ་གྱིས་མཛེས་པའི། །ལྗོངས་སུ་རྒྱལ་བའི་རིང་ལུགས་ཡང་དག་སྨྲ་བའི་མཆོག །མང་པོས་བྱི་དོར་ལེགས་བྱས་ཕྲིན་ལས་གང་དག་ཡོད། །ཆར་ལྡན་དུས་ཀྱི་ཆུ་ཡི་གཏེར་ལ་འགྲན་གྱུར་ཅིག ༣༥ །སོ་(*་མཐའ་དག་གི་གཟུགས་ཅན།) སོ་ཐར་པའི་བསླབ་གཞིའི་
རྩ་བ་ཤིན་ཏུ་བརླིང༌། །རྒྱལ་སྲས་སྤྱོད་པའི་ཡུལ་འདབ་ཁོར་ཡུག་ཡངས་པར་བརྐྱང༌། །གསང་ཆེན་གདམས་པའི་འབྲས་བུ་གཡུར་དུ་ཟ་གྱུར་པའི། །ཡོངས་འཛིན་འདོད་དགུའི་ལྗོན་པ་ཐམས་ཅད་བརྟན་གྱུར་ཅིག ༣༦ །(*བྱ་བའི་རང་བཞིན་བརྗོད་པ།) ཚིག་དོན་གཟུང་བདེ་རྟོགས་པར་སླ་དང་ཟབ་
เล่ม ๒๑๓ · หน้า 492a
རྒྱ་ཆེ། །སྐབས་སུ་གང་བབས་གཞུང་གི་དགོས་པ་བསྡུས་པའི་དོན། །སྒྲ་དོན་མཚམས་སུ་སྦྱོར་དང་བརྒལ་ལན་བཅས་པ་ཡིས། །ལེགས་པར་འདོམས་པས་ས་སྟེངས་ཐམས་ཅད་མཛེས་གྱུར་ཅིག ༣༧ །(*རིག་བྱེད་གཞུང་གི་ལོ་རྒྱུས་ལས་དྲངས་པའི་མཐའ་དག་གཟུགས་ཅན།) གཞལ་བར་བྱ་བ་ཕ་རོལ་ཕྱིན་དཀའི་ས་ཆེན་གསུམ། །འཇལ་བྱེད་
ཚད་མའི་གོམ་པ་གསུམ་གྱིས་གནོན་བྱེད་པའི། །རིགས་ལུང་འདོམས་པའི་བློ་གྲོས་པད་དཀར་མིག་ཅན་གྱིས། །ལོག་པར་སྨྲ་བའི་བཅུད་བྲལ་རྐང་འོག་འཆིང་གྱུར་ཅིག ༣༨ །ཉམས་(*མ་བསྡུས་པའི་གཟུགས་ཅན།) འགྱུར་རོ་ལྡན་སྒྲ་དོན་རྒྱན་གྱི་ནགས་ཁྲོད་ནས། །གཙུག་
ལག་རབ་འབྱམས་བཅད་ལྷུག་སྤེལ་མའི་ལེགས་བཤད་ཀྱི། །གླུ་རུ་འཇོ་བས་མང་ཐོས་སེམས་ཀྱི་རི་དྭགས་ཀྱང༌། །དཀའ་བ་མེད་འཛིན་སྨྲ་མཆོག་བྱེ་བས་མཛེས་གྱུར་ཅིག ༣༩ །(*དཔེ་ལས་དཔེ་ཅན་ལྷག་པའི་ལྡོག་པ་ཅན།) གུར་གུམ་རྒྱས་པའི་ནགས་སྟུག་བུང་བའི་སྒྲ་སྙན་ཅན། །ཚུལ་ཁྲིམས་དག་པའི་དྲི་
ཡིས་རྣམ་དབེན་ཀློག་འདོན་གྱི། །སྒྲ་དབྱངས་རྫོགས་པ་མིན་ནོ་ཡོན་ཏན་དེ་དག་གིས། །རིང་པོར་འཕགས་པ་འདུས་པའི་ཚོགས་ཀྱིས་གཏམས་གྱུར་ཅིག ༤༠ །(*སྐྱེད་བྱེད་འགྲུབ་པའི་རྒྱུ།) དེ་མཐུས་ལྗོངས་ཀྱི་ཐིག་ལེ་འདིས་མཚོན་འཇིག་རྟེན་ཁམས། །དཀར་པོའི་ཕྱོགས་སུ་འཛུམ་
བརྒྱ་གྲོལ་བའི་ཡིད་བཟངས་རྣམས། །དུས་སུ་ཡིད་འོང་ཆུ་འཛིན་སྟུག་པོ་ཉིད་དུ་བྲེས། །ཆར་ཟིམ་ཨུཏྤ་ལ་ཡི་འདབ་འདྲ་འབེབས་པ་དང༌། ༤༡ །(*རྨད་དུ་བྱུང་བའི་ཉམས་ལྡན།) ལྗོན་ཤིང་ལོ་འདབ་སྟུག་པོར་རྒྱས་པའི་གུར་ཁྱིམ་འབུབ། །རྩ་ལྗང་ལོ་མས་སེར་བུ་འཇོ་བའི་རླུང་ཡབ་གཡོབ། །རེས་འགའ་
ཆུ་གཙང་ཟིལ་པ་སྦྲེང་བའི་འཐོར་ཡབ་བྱེད། །མེ་ཏོག་གད་མོར་དགོད་པ་བཅས་པས་མཛེས་གྱུར་ཅིག ༤༢ །(*ཕྱི་ཤེས་པར་བྱེད་པ།) རྨ་མེད་ཆུ་བས་བཏུང་བ་ལན་མང་འཐུངས་པའི་རོས། །སྡོང་ལྕུག་ལོ་འདབ་སྟུག་པོར་འཁྲུངས་པའི་རྩེ་མོ་ནས། །དུས་སུ་ལང་ཚོ་དར་ལ་བབ་གྱུར་འབྲས་བུའི་
ཚོགས།། ལེགས་པར་ཡོངས་སུ་དུད་པའི་ཁུར་གྱིས་ལྕི་གྱུར་ཅིག ༤༣ །(*མ་བསྡུས་པའི་གཟུགས་ཅན།) གདེངས་ཀ་རབ་ཏུ་གཡོ་བས་མཛེས་པའི་ལྟོས་འཕྱེ་རྣམས། །རངས་པའི་རྣམ་འགྱུར་དུས་སུ་ཉལ་འགྲོའི་བུ་མོ་དག །ཆབ་སྒྲ་སྙན་པའི་གླིང་བུ་བསྒྱུར་བས་རི་ཀླུང་དང༌། །ནགས་ཚལ་མཛེས་པའི་
เล่ม ๒๑๓ · หน้า 492b
གར་སྟབས་བསྒྱུར་བ་སྤེལ་གྱུར་ཅིག ༤༤ །(*ནང་ཤེས་པར་བྱེད་པ།) གང་ཚེ་མཐོང་བའི་ཆོས་ཀྱི་བདེ་ལ་རབ་སྲེད་པའི། །འགྲོ་འདི་ཇི་ལྟར་མངོན་པར་འདོད་པའི་ལོངས་སྤྱོད་ཕྱིར། །ལུས་སེམས་མནར་གྱིས་དོགས་པའི་རྒྱ་ལས་གྲོལ་བའི་ཁས། །སྙན་པའི་གླུ་ལེན་གར་གྱི་རྩེ་འཇོར་རོལ་གྱུར་ཅིག ༤༥ །(*སྐབས་མ་ཡིན་པར་བསྟོད་པ།) མ་ལ་སྙིགས་
མའི་རང་སྟོབས་ཤིན་ཏུ་བདོ་གྱུར་པའི། །རྐུ་དང་འཕྲོག་དང་ཚོང་འཕྲུལ་འཁོར་བའི་སོ་ནམ་སོགས། །བློ་མང་རྗེས་སུ་མི་རྒྱུག་ནགས་ཀྱི་རི་དྭགས་རྣམས། །རྩ་དང་མྱུ་གུས་འཚོ་ལ་འཚེ་བར་མ་གྱུར་ཅིག ༤༦ །(*སྙིང་རྗེའི་ཉམས་ལྡན།) རིང་ནས་ལན་གྲངས་བསྟེན་པའི་ཉེར་འཚོས་བོར་བའི་
ལུས། །རིང་པོར་གྱུར་པ་འདོད་པ་གོམ་པའི་སྟབས་འཁྱོར་ཞིང༌། །བཟའ་དང་བཅའ་བའི་ཡི་གེ་རྣམ་འཁྲུགས་བཟླས་བརྗོད་ལ། །བརྩོན་པའི་དུས་དེ་མིང་གི་ལྷག་མ་ཉིད་གྱུར་ཅིག ༤༧ །(*ཆོས་ཀྱི་དཔེ།) ཚ་དང་གྲང་བ་འདུས་པ་ལས་གྱུར་མི་བཟད་པའི། །ཟུག་རྔུ་དྲག་པོ་རལ་གྲིའི་ལྕེ་
བཞིན་རྐྱོང་བ་ཡིས། །བདེ་བའི་འཚོ་བ་དུས་མ་ཡིན་པར་བཟའ་ཕྱིར་དུ། །རྣམ་པར་གླལ་བའི་འཇིགས་པ་ཐམས་ཅད་མེད་གྱུར་ཅིག ༤༨ །(*འཇིགས་རུང་གི་ཉམས་ལྡན།) ཁྲག་དམར་རླངས་པའི་ན་བུན་འཕྱུར་བ་ཀླད་པའི་སྣོད། །བཏུང་བས་ཆེར་མྱོས་མིག་གིས་གཞན་སྲོག་ལ་བལྟ་བས། །ཕྱོགས་ཕྱོགས་
རྒྱུག་པའི་སྲིན་པོ་འབྱུང་པོ་ཡི་དྭགས་རྣམས། །བྱམས་པའི་སེམས་ཀྱིས་འགྲོ་ལ་མཉེས་གཤིན་གནས་གྱུར་ཅིག ༤༩ །(*དྲག་ཤུལ་གྱི་ཉམས་ལྡན།) ཁྲག་གིས་གཡོས་པའི་མིག་བསྒྱུར་སྨིན་མ་རབ་གཅུས་ནས། །རྣོ་མཚོན་མི་བཟད་འཕེན་ཞིང་འདེབས་པའི་ཚེག་སྒྲ་དང༌། །སོད་རྒྱོབ་ང་རོ་
དྲག་པོས་གནམ་སའི་དཀྱིལ་འཁོར་ཡང༌། །དོག་མོར་བགྱིད་པའི་འཁྲུག་རྩོད་ཐམས་ཅད་ཞི་གྱུར་ཅིག ༥༠ །(*ཏིང་ངེ་འཛིན་གྱི་རབ་རྟོག) འགྲོ་བ་ཀུན་ཀྱང་འཇིག་རྟེན་ཡང་དག་ལྟ་ལ་གཞོལ། །རང་དབང་དཔལ་གྱིས་ཆོག་ཤེས་འཐུང་ལ་རབ་དགའ་བས། །མཛའ་གཅུགས་བྱམས་པའི་
ཡོན་ཏན་བཞིན་ལ་འཁྱུད་མཐོང་ནས། །རུས་པའི་གེ་སར་དགའ་བས་དགོད་བཞིན་བསྟི་གྱུར་ཅིག ༥༡ །(*མཐའ་དག་གཟུགས་ཅན།) བསོད་ནམས་དཔལ་འབྱོར་པདྨའི་རྫིང་ཆེན་འཁྱིལ་བའི་ནང༌། །རིང་འཚོའི་རྟེན་གྱི་ངང་མོས་རྣམ་པར་རྩེན་པ་ཡིས། །བདེ་སྐྱིད་ཁོང་
เล่ม ๒๑๓ · หน้า 493a
ནས་རྒྱས་པའི་གད་མོ་རྫ་རྔ་ཡི། །དབྱངས་སུ་རྟག་པར་འབྱིན་པས་འཇིག་རྟེན་མཛེས་གྱུར་ཅིག ༥༢ །(*འདི་ནས་བརྩམས་ཏེ་བྱེ་བྲག་ཏུ་ཤིས་པ་བརྗོད་ཅིང་བསྔོ་བ་ཡོན་ཏན་གྱི་རང་བཞིན་བརྗོད་པ།) ཁྱད་པར་འཕགས་པའི་ཡུལ་འཁྲུངས་མཁས་པའི་མཆོག་རྣམས་ཀྱིས། །ལེགས་པར་བཤད་པ་འདི་ན་མི་བདག་བསོད་ནམས་སྟོབས། །གང་དག་ཐོབ་པ་རྒྱས་པར་
སྤེལ་བའི་ཕྲིན་ལས་འདི། །ཕྱོགས་ཀྱི་དཀྱིལ་འཁོར་ཀུན་དུ་ཡོངས་སུ་དར་བ་དང༌། ༥༣ །དེ་(*རིགས་པའི་རྒྱུ།) དེར་གང་དག་གུས་པས་ཉན་དང་ཀློག་དང་འཛིན། །བསམ་གྱིས་མི་ཁྱབ་བཀུར་སྟི་རྒྱ་ཆེར་བགྱིས་པ་ཡི། །བསོད་ནམས་
ཕུང་པོ་དང་འགྲོགས་བྱིན་གྱིས་བརླབས་པ་ཡིས། །ཐོག་མ་བར་མཐའ་ཀུན་དུ་དགེ་ལེགས་འཕེལ་གྱུར་ཅིག ༥༤ །(*རང་བཞིན་བརྗོད་པ་ལ་རབ་རྟོག་གིས་བརླིང་བ།) འཇམ་དཔལ་གཞོན་ནུས་མངོན་པར་སྤྲུལ་པའི་སྐྱེས་བུ་ཆེ། །མང་དུ་ཐོས་པ་ཀུཾན་དགཾའ་བསྐྱེད་པའི་བླཾོ་གྲོཾས་གཏེར། །གྲཾགས་པཾའི་
ཡི་གེའི་གད་མོ་ལྷང་ལྷང་དགོད་སྙམ་ཅན། །ལྷར་བཅས་འགྲོ་བའི་གཙུག་ན་རྟག་པར་བརྟན་གྱུར་ཅིག ༥༥ །(*ཡོན་ཏན་གྱི་རང་བཞིན་བརྗོད་པ།) སྲིད་པ་གསུམ་པོ་ཆོས་ཀྱི་བཾཀྲ་ཤིཾས་སྙིང་པོ་ཅན། །མངོན་པར་སྒྲུབ་ལ་མཁྱེན་དང་བརྩེ་བ་ནུས་པའི་བདག །གང་དེས་དོན་
གཉིས་ལྷུཾན་གྱིས་གྲུཾབ་པའི་གོ་འཕང་ནས། །བཞེད་པའི་སྙིང་པོ་གང་ལ་བཅིང་དེ་རྫོགས་གྱུར་ཅིག ༥༦ །དཔཾལ་(*ཡོན་ཏན་གྱི་རང་བཞིན་བརྗོད་པ།) ལྡཾན་གཉིས་སུ་མེད་པར་གསུང་བ་སྲས་དང་བཅས། །མ་ལུས་དཀྱིལ་འཁོར་གཅིག་ཏུ་རྫོགས་པའི་སྒྱུ་འཕྲུལ་གྱིས། །ལུང་རྟོགས་ཆོཾས་
ཚུལ་སྐྱོངཾ་བ་ཡོངས་ཀྱི་གཙུག་ཏོར་ཆེ། །ཕྲིན་ལས་ས་ཆེན་གསུམ་དུ་ཁྱབ་པར་བརྟན་གྱུར་ཅིག ༥༧ །སྐྱེ་བ་(*བསམ་པ་རྒྱ་ཆེ་བ།) དུ་མར་དམ་པའི་སྤྱོད་པར་གོམས་པའི་བློ། །བདེ་གཤེགས་བསྟཾན་པཾ་རྣམ་པར་རྒྱས་པའི་དཔུང་གཉེན་དུ། །ཚེཾ་རབས་རིཾང་མོའི་དུས་ནས་
འབྲེལ་པ་རྒྱལ་བའི་སྲས། །དུས་འདིར་མི་བདག་ཚུལ་གྱིས་བྱ་བ་ལེགས་བྱས་པ། ༥༨ །(*ཡན་ལག་གཉིས་པའི་གཟུགས་ཅན།) གང་དེ་དགེ་བའི་ལས་ལ་འདུན་ལྡན་བཙུན་མོར་བཅས། །ཚོགས་གཉིས་རྒྱ་མཚོ་རྣམ་པར་བརྒལ་བའི་ཕ་མཐའ་ནས། །སྤངས་
เล่ม ๒๑๓ · หน้า 493b
དང་རྟོགས་པའི་ཡོན་ཏན་རིན་ཆེན་མི་ཟད་གཏེར། །རིང་པོར་མི་ཐོགས་ཐོབ་པའི་སྐལ་བ་སྦོམ་གྱུར་ཅིག ༥༩ །༩*འབྱུང་མིན་གྱི་དཔེ།) ལུས་ཅན་སྤྱི་ཡིས་ལེགས་བྱས་ཕུང་པོ་གང་དག་བསགས། །ཐམས་ཅད་ཁྱབ་འཇུག་ལྟེ་བ་ལས་སྐྱེས་མེས་པོ་དེས། །འདི་ན་གཅིག་ཏུ་སྤུངས་པ་ལྟ་བུའི་
ས་གཞི་སྐྱོང༌། །གནམ་གྱི་མཐོངས་ནས་བསྐོས་པའི་སྡོམ་བརྩོན་བླ་མ་ཆེ། ༦༠ །ཀུཾན་(*རིག་བྱེད་གྱི་ལོ་རྒྱུས་ལས་དྲངས་པའི་མཐའ་དག་གཟུགས་ཅན།) དགཾའ་བསྐྱེད་པའི་སྙིང་སྟོབས་བིཥྞུའི་འཇུག་པ་ཡིས། །ཕྲིནཾ་ལསཾ་རྒྱཾ་མཚོཾའི་འཇིང་ནས་ལངས་པའི་ཕྲག་པ་རུ། །གཞལ་དུ་མེད་པའི་ལེགས་བྱས་ས་གཞི་ཆེན་པོ་འདི།
གྱེན་དུ་ཁྱེར་ལ་བསྙེངས་པ་ཕྲལ་བའི་སྡོམ་བརྩོན་ཆེ། ༦༡ །གང་(*ལྡན་པའི་གཟུགས་ཅན།) དེའི་སྐྱེ་བའི་སྙུག་གུ་གང་དག་བསྒྱུར་བ་ཡིས། །རབ་དང་ཡིད་ལ་དམ་བཅའི་ཡི་གེ་རྣམ་བཀོད་པ། །ཀུན་གྱི་སྙིང་པོ་བླ་ན་མེད་པ་ཁམས་གསུམ་པའི། །དོན་བྱེད་
ཆོས་ཀྱི་རྒྱལ་པོའི་གོ་འཕང་དེ་ཉིད་དོ། ༦༢ །དེ་(*ཏིང་ངེ་འཛིན་གྱི་རབ་རྟོག) ནི་མངོན་པར་འགྲུབ་བྱེད་དཔག་ཏུ་མེད་རང་བཞིན། །དེ་མཐའ་མཁའ་འདིས་ཕྱོགས་བཅུར་བཙལ་ཡང་མ་རྙེད་པར། །ད་དུང་དངོས་པོ་ཀུན་ལ་ཁྱབ་པར་ཉུལ་འདྲ་ཡི། །ཟབ་དང་ཡངས་པའི་
ཚོགས་གཉིས་ཤིན་ཏུ་འཕེལ་གྱུར་ཅིག ༦༣ །(*མཐའ་དག་གཟུགས་ཅན།) ཡང་འབྱུང་སྲིད་པར་ཚུལ་ཁྲིམས་དག་པའི་ཤིང་རྟར་བརྟན། །རྒྱལ་བའི་གསུང་རབ་ཀུན་གྱི་སྣང་བ་ལེགས་བཟུང་ནས། །ཕྱོགས་བཅུའི་སེམས་ཅན་ཁམས་སུ་ལེགས་པར་བཤད་པའི་འོད། །རྒྱ་
ཆེར་གཏོང་བ་སྨྲ་བའི་ཉི་མ་ཐོབ་གྱུར་ཅིག ༦༤ །སྐྱེ་(*རབ་ཏུ་སྤེལ་པ།) བ་འདིར་ཡང་ཞབས་སེན་འཆར་ཀའི་དམར་མདངས་ཅན། །བརླིང་བར་བཀོད་པས་ཤིན་ཏུ་མཛེས་བྱས་གསེར་གྱི་ཁྲི། །ཆེར་རློམ་མི་བདག་ཕལ་གྱི་སྤྱི་བོའི་ང་རྒྱལ་གཞུ། །དགེ་བའི་
རྒྱུད་མངས་དག་གིས་དགུག་ལྡན་དེ་ཉིད་དུ། ༦༥ །(*རིམ་པ་ཅན་གྱི་རྒྱན།) བསྐལ་པར་འཚོ་བ་སྲོག་གི་རྒྱན་དང་བསོད་ནམས་སྟོབས། །ཕྲིན་ལས་ཆབ་འབངས་བདོ་བ་གངྒཱའི་ཆབ་རྒྱུན་དང༌། །གསེར་དང་ལྡན་མ་རྡོ་རྗེའི་ཤུགས་དང་ཉི་མའི་འོད། །རིན་ཆེན་
เล่ม ๒๑๓ · หน้า 494a
འབྱུང་གནས་དཔལ་གྱི་རིམ་པར་སྤྱོད་གྱུར་ཅིག ༦༦ །ས་(*བྱ་བ་ཐ་དད་པའི་སྦྱར་བ།) འཛིན་བྱེ་བའི་བླ་ན་ཐོགས་པ་མེད་རྒྱུ་ཞིང༌། །གཟི་བརྗིད་འབར་བས་བླང་དོར་འབྱེད་པའི་སྡོམ་བརྩོན་གྱི། །བཀའ་ཁྲིམས་འདའ་དཀའ་ཉིད་དང་ཉི་མའི་འོད་ཀྱིས་ཀྱང༌། །འགྲོ་ཁམས་
སྙོམས་པ་བདེ་ལ་འགོད་འདི་རྒྱལ་གྱུར་ཅིག ༦༧ །(*ཡན་ལག་གཉིས་པའི་གཟུགས་ཅན།) སྐྱབས་གསུམ་འདུས་པ་བླ་མའི་མཆོག་ཏུ་གྱུར་རྣམས་ལས། །ཟབ་དང་རྒྱ་ཆེ་ཐོས་པའི་ཆོས་དོན་དཔྱོད་པ་དང༌། །བསྒོམས་པའི་ཤེས་རབ་རྣམ་སད་མིག་གིས་ལེགས་མཐོང་བའི། །ལུང་
རྟོགས་ཡོན་ཏན་གཏེར་ལ་དགས་དགུར་སྤྱོད་གྱུར་ཅིག ༦༨ །དེ་(*ཏིང་ངེ་འཛིན་གྱི་རབ་རྟོག) སོགས་བཀྲ་ཤིས་ཐམས་ཅད་རྟག་ཏུ་འཕེལ་བ་ལ། །མཐུན་པ་མིན་པའི་ཕྱོགས་སུ་གཏོགས་པ་གང་དག་ཡོད། །བསྐལ་པ་འདི་ཡི་ཕ་རོལ་ལེགས་མཐོང་རེ་བ་ཡིས། །སྟོང་པའི་
སྔས་ལ་རྨི་ལམ་སྒུགས་སྙམ་བྱེད་གྱུར་ཅིག ༦༩ །སྐྱེས(*་མཐའ་དག་གཟུགས་ཅན།) སྦྱངས་བློཾ་གྲོཾས་དཀྱིལ་འཁོར་ཀུན་ནས་གང་གྱུར་པའི། །བྱམས་ལྡན་རྒྱལ་བའི་མྱུ་གུའི་ཟླ་བ་གསར་པ་གང༌། །གནས་ལྔའི་གཞུང་ལུགས་ལེགས་པར་འདོམས་པའི་ཟེར་ཕྲེང་གིས། །
རྒྱལ་བསྟན་རྒྱཾ་མཚོཾ་རྟག་ཏུ་རྒྱས་པར་བྱེད་གྱུར་ཅིག ༧༠ །(*ངག་དོན་གྱི་དཔེ་ལས་བཞིན་སྒྲ་དུ་མ་ཅན།) གསེར་མངལ་ཅན་བཞིན་བསོདཾ་ནམཾས་མཐུ་ཆེན་མི་ཡི་བདག །རིག་བྱེད་འབྱིན་པའི་གདོང་བཞིན་ལེགས་བཤད་འབྱུང་བའི་གནས། །འཆི་བ་མེད་པའི་ཚོགས་ཀྱིས་བཞིན་དུ་ཁེངས་
ལྡན་གྱི། །སྤྱི་བོས་བཏུད་པའི་མགོཾན་པོཾ་ཉིད་དུ་རྒྱལ་གྱུར་ཅིག ༧༡ །(*མཐའ་དག་གཟུགས་ཅན།) ས་སྐྱོང་རྣམས་ཀྱི་བསོད་ནམས་ཁང་པ་རབ་ཡངས་པར། །ཆོས་ཀྱི་བློན་ཆེན་མགྲོན་དུ་གཉེར་བྱས་ཐམས་ཅད་ཀྱང༌། །དགོངས་པའི་གོམ་པ་དགེ་བའི་ལམ་
བཀོད་བཀའ་ཁྲིམས་ཀྱི། །ཁ་ལོ་སྒྱུར་ལ་ནམ་ཡང་གཡོ་བར་མ་གྱུར་ཅིག ༧༢ །(*ཕྲེང་བའི་གསལ་བྱེད།) མི་བདག་མཐུ་ཡིས་ས་སྟེངས་ཐམས་ཅད་བདེ་བར་སྐྱོང༌། །བདེ་བས་ཆབ་འབངས་ཕྱོགས་དང་ཕྱོགས་བྲལ་ཀུན་དུ་རྒྱས། །མངའ་རིས་རྒྱས་པས་
เล่ม ๒๑๓ · หน้า 494b
སྡེ་བཞིའི་དཔལ་འབྱོར་རྟག་ཏུ་འཛིན། །དེས་ནི་དགེ་ལེགས་གྲགས་པ་བརྟན་པར་བྱེད་གྱུར་ཅིག ༧༣ །(*རབ་སྤེལ།) རྣམ་དཀར་ལས་བཟང་འཆི་བ་མེད་པའི་གྲོང་ཁྱེར་བཞིན། །མངོན་པར་འདེགས་ལ་བློ་གྲོས་རི་ཡི་རྒྱལ་པོའི་སྟོབས། །མི་དམན་ལྷག་པའི་བསམ་པས་ཤིན་ཏུ་བརླིང་
བྱས་པ། །ཆོས་ཀྱི་མདུན་ན་འདོན་ཆེན་བཞུགས་པ་གང་ཡིན་དང༌། ༧༤ །(*བྱ་བའི་རང་བཞིན་བརྗོད་པ།) དེ་བཞིན་བདེན་པའི་ཡི་གེ་སྙིང་ལ་རྣམ་བཀོད་ནས། །ངལ་བ་ཐམས་ཅད་དམ་པའི་ཆོས་སྤྱིར་གསོད་པ་ཡི། །རྟུན་པའི་ཁུར་གཉེར་བརྡ་དག་བྱེད་དང་འདྲི་བརྐོས་སོགས། །
ཚུལ་འདིར་དྭང་བའི་འབད་པ་ཐང་རེར་བགྱིས་པ་བཅས།༧༥ །(*མཐའ་དག་གཟུགས་ཅན།) ཐམས་ཅད་ཀྱང་ནི་ཚེ་རབས་ཀུན་དུ་སྐྱེ་བའི་ཤིང༌། །དལ་བ་འབྱོར་བའི་ཡལ་ག་མ་ཚང་མེད་རྫོགས་ནས། །ཐོས་དང་བསམ་དང་བསྒོམ་པའི་ལོ་འདབ་རྒྱས་པའི་ཁྲོད། །ཡོན་ཏན་
འབྲས་བུ་གཡུར་དུ་ཟ་བས་མཛེས་གྱུར་ཅིག ༧༦ །(*ཡན་ལག་གཉིས་པའི་གཟུགས་ཅན།) བདག་ཀྱང་བྱང་ཆུབ་སྙིང་པོ་སྲིད་དུ་ཚུལ་ཁྲིམས་གསུམ། །རྣམ་དག་བསླབ་ལྡན་དེས་ནི་ཕྱི་ནང་རིག་པ་ཡི། །གཞུང་ལུགས་རིན་ཆེན་སྒྲོན་མ་མཐའ་དག་ལེགས་བཟུང་ནས། །སེམས་ཅན་ཁམས་
སུ་ལེགས་བཤད་སྣང་ཆེན་འགྱེད་པར་ཤོག ༧༧ །(*འདི་ནས་བརྩམས་ཏེ་ཐམས་ཅད་ཐུན་མོང་དུ་ཤིས་པ་བརྗོད་ཅིང་བསྔོ་བ་ལས་མཚུངས་པ་གསལ་བྱེད་ཀྱི་སྒྲས་ཟིན་པའི་དཔེ།) མདོར་ན་ངེས་པར་བཀར་བྱས་འགྲོ་བ་རྣམས་ཀྱིས་མཚོན། །མར་གྱུར་སེམས་ཅན་ནམ་མཁའི་མཐའ་ལ་འཕྱ་བ་རྣམས། །ཡོན་ཏན་ཀུན་གྱི་གཞི་མ་རྨད་བྱུང་དད་གསུམ་གྱིས། །ནོར་ལྡན་བརྟན་
མའི་གྲགས་པ་དམའ་ཡང་འབེབས་གྱུར་ཅིག ༧༨ །སུ་(*མཐའ་དག་གཟུགས་ཅན།) ཞིག་གང་ལ་ངེས་པར་སྐྱབས་སུ་མཆིས་ཙམ་ནས། །ཡེ་ཤེས་གཟིགས་པའི་མེ་ཏོག་ཚོགས་ནི་ཅི་ཡང་བཀྲ། །བརྩེ་དང་ནུས་པའི་ཡལ་
འདབ་ནམ་ཡང་མ་བསྐུམས་པའི། །སྐྱབས་མཆོག་དཔག་བསམ་གསུམ་གྱི་གྲིབ་མར་བསྟི་གྱུར་ཅིག ༧༩ །(*གཞི་གཅིག་གིས་ཆོས་དུ་མ་འགལ་བ།) བྱམས་པའི་སེམས་བརླིང་སྙིང་རྗེའི་མཆི་མ་འཁྲུངས་པ་སླ། །སྐྱོན་རྣམས་རབ་སྤོང་ལེགས་པའི་ཡོན་ཏན་སྡུད་ལ་
เล่ม ๒๑๓ · หน้า 495a
དགའ། །གཞན་དོན་ལ་འཇུག་རང་དོན་རེ་བ་ཆད་གྱུར་པའི། །ཐེག་པ་དེ་ལས་བློ་གྲོས་གཡོ་བར་མ་གྱུར་ཅིག ༨༠ །སློང་(*བྱ་བའི་རང་བཞིན་བརྗོད་པ།) བ་དབུགས་སུ་འབྱིན་པའི་གཏམ་གྱིས་སྔུན་བསུ་བས། །འདོད་སྟེར་དཔུང་པའི་མཆེལ་པ་རབ་ཏུ་བརྐྱངས་པ་ལས། །རེ་བའི་སྙིམ་པ་ཀུན་ནས་
གདངས་པ་དེ་དང་དེས། །བདེ་བར་འགེངས་པའི་གཏོང་ཕོད་མཐའ་རུ་ཕྱིན་གྱུར་ཅིག ༨༡ །རྙོག་(*སེམས་མེད་ཀྱི་རབ་རྟོག) པ་ཀུན་གྱིས་བསླད་པ་མེད་པའི་བསིལ་བ་གསུམ། །འཁོར་བའི་གདུང་བ་རབ་ཏུ་འཕྲོག་ལ་མངོན་ཕྱོགས་ཚེ། །དཔལ་གྱི་དུམ་བུ་རང་གི་རིན་ཐང་ཉམས་དོགས་
ཀྱིས། །མ་ལ་ཡ་ཡི་ནགས་འདབས་བྲོས་སྙམ་བྱེད་གྱུར་ཅིག ༨༢ །(*ནང་ཤེས་པར་བྱེད་པའི་རྒྱུ།) གཤེ་དང་བརྡེག་དང་མཚང་འདྲུའི་སྐྱེ་བོ་བརྒྱ་སྟོང་གིས། །ཉེ་བར་གཙེ་ལ་བཟོད་པའི་ངང་ཚུལ་མི་བསྐྱུད་པར། །ཡིད་འོང་འཛུམ་པའི་འོད་རླབས་དཀར་པོ་རབ་གཡོ་བས། །རིངས་པར་བསུ་ཞིང་
ཕན་པར་སྨྲ་ལ་སྤྲོ་གྱུར་ཅིག ༨༣ །(*ཐེ་ཚོམ་ཕུལ་བྱུང༌།)དགེ་དང་གོ་ཆ་སེམས་ཅན་དོན་སྦྱོར་རྟུན་པ་ཡིས། །བསྐལ་པ་མང་པོའི་ཚོགས་གཉིས་ཕ་རོལ་འགོངས་པ་ལ། །ཉིན་མཚན་འཁོར་ལོའི་གོ་སྐབས་ཡོད་དམ་མ་ཡིན་ཞེས། །འཕྱང་མོ་ཉུག་ལ་འགྲོ་བའི་བློ་གྲོས་མཆོངས་
གྱུར་ཅིག ༨༤ །མཚན་(*སྔ་ན་མེད་པའི་གཟུགས་ཅན།) རྟོག་སྒྲིབ་པའི་དུརྦཱ་རོཿདང་མི་ལྡན་ཞིང༌། །འོག་འགྱུ་ཀུན་རྟོག་རྒྱུན་གྱི་བགྲོད་པ་ཡང་མེད་པར། །དགའ་བ་གྱ་ནོམ་ཡོན་ཏན་མི་ཟད་རིན་ཆེན་གྱི། །འབྱུང་གནས་ཟབ་གསལ་གཉིས་སུ་མེད་དེ་འཕེལ་གྱུར་ཅིག ༨༥ །(*ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ།) བདེན་པ་ཟུང་གི་ཆོས་
དོན་རྣམ་པར་དཔྱོད་པའི་བློ། །རྩུབ་མོའི་དབལ་དང་མཁྲེགས་པའི་བེམས་ཆོས་མི་ལྡན་ཡང༌། །སྒྲིབ་གཉིས་གཅོད་ལ་རྣོ་བ་རབ་ཀྱི་རྩེར་ཕྱིན་པས། །སྲིད་པ་གསུམ་པོ་སྐད་ཅིག་ཧྲུལ་པོར་བྱེད་གྱུར་ཅིག ༨༦ །(*བྱ་བའི་རང་བཞིན་བརྗོད་པ།) ནམ་མཁའི་མཐའ་དང་
མཉམ་པར་འབྱམས་པའི་སེམས་ཅན་ལ། །དམིགས་པ་མེད་པའི་ཚད་མེད་སྒྱུ་མའི་རྩེ་འཇོ་བཞིའི། །སྣ་ཚོགས་ཐབས་ལ་མཁས་པའི་སྤྱོད་པ་ཅི་དང་ཅིས། །ནམ་ཡང་མི་གཏོང་ཕྲིན་ལས་མཐའ་རུ་ཕྱིན་གྱུར་ཅིག ༨༧ །(*དགག་པའི་དཔེ།) མངོན་པར་ཤེས་སོགས་ཡོན་
เล่ม ๒๑๓ · หน้า 495b
ཏན་དུ་མས་དབེན་པའི་ཕྱིར། །བཻ་ཌཱུརྱ་མཆོག་ཏོག་གི་བློ་གྲོས་གྲགས་པས་ཀྱང༌། །མཚུངས་པར་དཀའ་བ་སྨོན་པའི་ལམ་གྱི་མཐུ་བོ་ཆེས། །ཇི་ལྟར་འདོད་པ་ལྷུན་གྱིས་གྲུབ་པ་ཉིད་གྱུར་ཅིག ༨༨ །(*རྐང་པ་བཞི་པའི་དབུས་ན་ཡོད་པ་ཆོད་པའི་ཟུང་ལྡན།) བསམ་སོགས་སྟོབས་ཀྱི་རྒྱ་མཚོའི་རླབས་ནི་ཆེར་གཡོ་བས། ། སངས་རྒྱས་
ཞིང་ཁམས་རྒྱ་མཚོ་ཡོངས་སུ་དག་པ་དང༌། །སེམས་ཅན་ཁམས་ཀྱི་རྒྱ་མཚོ་ཡོངས་སུ་སྨིན་བྱས་ཏེ། །ཐུབ་དབང་ཡོན་ཏན་རྒྱ་མཚོ་ཐམས་ཅད་མཐོང་གྱུར་ཅིག ༨༩ །སྟོབས་མཚུངས་པའི་རབ་སྤེལ།) སོ་སོ་ཡང་དག་རིག་པའི་ཆོས་མིག་གྲུངས་པོ་མས། །ཇི་སྙེད་ཏིང་ངེ་འཛིན་གྱི་
ལྟད་མོ་མཚར་མཐོང་ནས། །ཕྱོགས་བཅུ་རྣམས་སུ་མུ་མེད་འོད་གཏོང་དོན་ཡང་བྱེད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དབང་བསྐུར་ཐོབ་གྱུར་ཅིག ༩༠ །(*བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ།) མི་སྡུག་ཉམས་ཀྱི་འགྱུར་བ་གཅིག་ཅིག་བསྟན་པ་མེད། །སྨིན་མ་ཡོན་པོས་ལྟ་བ་ཙམ་ཡང་མ་བྱས་པར། །
ཞི་འཛུམ་བརྟན་པའི་རང་བཞིན་ཡིད་འོང་མཐོང་ཙམ་གྱིས། །ཆུ་སྲིན་རྒྱལ་མཚན་སྡེ་དང་བཅས་ལས་རྒྱལ་གྱུར་ཅིག ༩༡ །(*ཁྱད་པར་འཕགས་པའི་ཕུལ་བྱུང༌།) ཨེ་མ་སྟོང་གསུམ་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི། །དགའ་བའི་རང་བཞིན་གཞན་ནི་ཅིག་ཅར་སྤུངས་པས་ཀྱང༌། །མི་མཆོག་གང་གི་
མཚན་ཙམ་ཐོས་པའི་བརྒྱ་སྟོང་ཆ། །མཚོན་དུ་མེད་དེ་ཉིད་དུ་ནི་ཐོབ་གྱུར་ཅིག ༩༢ །(*རིག་བྱེད་གཞུང་གི་ལོ་རྒྱུས་དང་སྦྱར་བའི་མཐའ་དག་གཟུགས་ཅན།) སྐུ་གསུམ་རིན་ཆེན་གཞལ་དུ་མེད་པའི་ཁང་པ་རུ། །མི་ཟད་རྒྱན་གྱི་འཁོར་ལོ་ཡོངས་སུ་གྲུབ་པའི་གཟུགས། །ཅི་ཡང་འཕོས་པ་དེ་ཡི་རང་བཞིན་དཔྱོད་བཟོད་པ། །ཀུན་
མཁྱེན་ཡེ་ཤེས་ཨཉྫ་ན་ཡི་བུ་ཙམ་མོ། ༩༣ །(*རྐང་པ་བཞི་གང་ཡོད་པ་ཆོད་པའི་ཟུང་ལྡན།) བསམ་གྱིས་མི་ཁྱབ་ཡོན་ཏན་ཕུང་པོ་ཐོབ་ནས་ནི། །བསམ་གྱིས་མི་ཁྱབ་ཞིང་དུ་བཀོད་པ་གྲངས་མེད་ཀྱིས། །བསམ་གྱིས་མི་ཁྱབ་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་ནས། །བསམ་གྱི་མི་
ཁྱབ་འགྲོ་བ་འཚང་རྒྱར་དགོད་གྱུར་ཅིག ༩༤ །(*ངག་དོན་གྱི་དཔེ་ལས་བཞིན་སྒྲ་གཅིག་པ་ཅན།) དེ་ནས་ཀྱང་ནི་འཁོར་བ་སྲིད་དུ་རྣམ་པར་འཕྲུལ། །སྣ་ཚོགས་ཟློས་པའི་ཕྲིན་ལས་རྒྱུན་མི་ཆད་སྟོན་པ། །ཆེ་བ་ཆུ་ཡི་གཏེར་ནས་ཆུང་ངུ་ཟིལ་པའི་གུར། །དེ་སྙེད་ཟླ་བའི་གཟུགས་ཀྱིས་
เล่ม ๒๑๓ · หน้า 496a
མཚོན་བཞིན་རྩེན་གྱུར་ཅིག ༩༥ །(*ཆོས་ཅན་འགོག་པ།) དེ་སྐད་སྨོན་ལམ་བཏབ་པ་དེ་ཡི་བསོད་ནམས་སྟོབས། །ཤིན་ཏུ་ཆེའམ་མིན་ཞེས་ཚད་དུ་བརྗོད་པར་དཀའ། །ཞིང་དང་བསམ་པ་དངོས་པོ་དག་པ་དགེ་ཆེན་དུ། །གླེང་བ་ཙམ་ལས་ཕ་རོལ་མཐོང་བ་འགའ་ཡང་མེད། ༩༦ །རྣམ་(*བྱུང་བ་འགོག་པ།) གཟིགས་
སངས་རྒྱས་མདུན་དུ་སྲན་རྡོག་བདུན་གྱིས་གཏོར། །སྨོན་ལམ་བཏབ་པས་ང་ལས་ནུ་གྱུར་གཏམ་དེ་རྫུན། །ཡང་ན་ཞིང་དང་བསམ་པ་དག་པའི་སྟོབས་དག་ནི། །ཚད་མེད་ངེས་པས་འདིར་ཡང་ཡིད་ཆེས་འཁྲུངས་གྱུར་ཅིག ༩༧ །(*གཏན་ཚིགས་ཀྱི་ལྡོག་པ་ཅན།) བརྗོད་པ་གང་ལ་སྙིང་པོ་མཆོག་
ཏུ་རབ་ལྕི་ཞིང༌། །གཅད་དང་གཞིག་མེད་དེ་ལྟ་ན་ཡང་དྲང་སྲོང་ཕལ། །ངག་གི་ནུས་པས་སྡང་ཞེན་ཕྱོགས་སུ་རྒྱུག་པའི་ཕྱིར། །དེ་ལས་ཁྱད་པར་འཕགས་པའི་དོན་འདི་འགྲུབ་གྱུར་ཅིག ༩༨ །(*ཡན་ལག་གཅིག་པའི་གཟུགས་ཅན།) ཚུལ་འདི་སྔོན་བྱུང་དམ་པ་རྣམས་ཀྱི་སྤྱོད་རྗེས་སུ། །འཇུག་
འདོད་གོམ་པ་བཀོད་པའི་སྨོན་པ་གང་དག་བཏབ། །རྣམ་པ་ཐམས་ཅད་གང་དུ་འཕེལ་བའི་མཐུན་འགྱུར་གླུ། །སྨོན་ལམ་མཐའ་རུ་སོན་པ་ཀུན་གྱིས་ལོངས་ཤིག་ཀྱེ། ༩༩ །(*སྲིད་པ་མིན་པའི་དཔེ།) ནམ་མཁའ་སྟོང་པའི་རང་བཞིན་ཞིག་པའི་དུམ་བུ་དང༌། །ཉི་མའི་འོད་ཀྱིས་ཕྱེ་བའི་
ཀུནྡའི་དགའ་ཚལ་བཞིན། །དཀོན་མཆོག་གསུམ་གྱི་བདེན་པས་འགྲོ་བ་བསླུས་པའི་འཕྲིན། །སྲིད་པ་མིན་མཐུས་སྨོན་ལམ་ཐམས་ཅད་གྲུབ་གྱུར་ཅིག ༡༠༠ །(*ཆོས་དཔེ་གཟུགས་ཅན་རབ་རྟོག་རྣམས་སྟོབས་མཚུངས་པའི་རབ་ཏུ་སྤེལ་བ།) གང་ཞིག་མཐོང་ན་མི་མཐུན་དབེན་པ་སྐུ་ཡི་བཀྲ་ཤིས་ཆུ་ཞིང་གབ་པ་རྒྱལ་མཚན་ལྟ་བུར་མ་བསྙལ་དྲང་པོ་
ཉིད་དུ་བརྟན། །འཕྲོ་འདུ་འོད་ཀྱི་རྒྱལ་པོས་རབ་དཀྲིགས་དབུ་ཡི་གཙུག་ཏོར་མཐོན་པོར་འཁྲུངས་པའི་ཏོག་གིས་ལེགས་མཚན་ཡན་ལག་མཆོག་གི་གདུགས་དེ་མཛེས། །འདམ་ལས་སྐྱེས་པ་དམར་པོའི་ལང་ཚོའི་མཚར་སྡུག་
ཐམས་ཅད་ཕྱག་ཞབས་མཐིལ་དུ་བརྐུས་པའི་མཚང་ནི་འཁོར་ལོའི་རྒྱ་ཡིས་བཏབ་བམ་སྙམ། །གཞོམ་གཞིག་བྲལ་བ་ཐུབ་པ་ཆེན་པོའི་བཀྲ་ཤིས་གསུམ་གྱིས་སྐྱེ་དགུ་ཐམས་ཅད་རྣམ་པ་ཀུན་དུ་བཀྲ་ཤིས་དཔལ་གྱིས་ཕྱུག་པར་ཤོག ༡༠༡ །(*བསྡུས་པ་དང་མ་བསྡུས་པ་བསྲེས་པའི་གཟུགས་ཅན།) དབྱངས་ཀྱི་
เล่ม ๒๑๓ · หน้า 496b
དཀྱིལ་འཁོར་མ་རྫོགས་མེད་པ་གསུང་གི་བཀྲ་ཤིས་ཉོན་མོངས་རིམས་ནད་འཕྲོག་ལ་མངོན་ཕྱོགས་སྐྱེ་བ་ལྔ་པའི་དབྱངས་སུ་ལྡིར། །དགེ་བ་སུམ་ལྡན་ཆོས་ཀྱི་ཕུང་པོ་འཛད་པ་མེད་པའི་སྦྲང་རྩིས་རབ་མྱོས་གླུ་ཡིས་འབབ་སྟེགས་རོ་འཛིན་པདྨའི་འདབ་མ་ཡངས། །ལེགས་པར་གསུངས་
པ་ཟབ་དང་རྒྱ་ཆེའི་གཏོང་པ་ཐམས་ཅད་རྟག་ཏུ་འཇོ་བ་སྐྱེས་བུ་ཆེན་པོའི་མགུར་གྱི་བུམ་བཟང་ཟླུམ་ཞིང་རྒྱས། །འགག་མེད་རྟག་པར་ཆོས་སྒྲ་འབྱིན་པའི་བཀྲ་ཤིས་གསུམ་གྱིས་སྐྱེ་དགུ་ཐམས་ཅད་རྣམ་པ་ཀུན་དུ་བཀྲ་ཤིས་དཔལ་གྱིས་ཕྱུག་པར་ཤོག ༡༠༢ །(*མཆོག་གི་ངེས་བསྟན་གཟུགས་ཅན་དཔེ་རྒྱན་གསུམ་གྱི་སྟོང་པ་མཚུངས་པའི་རབ་ཏུ་སྤེལ་བ།) ཆོས་དོན་ཇི་ལྟ་ཇི་སྙེད་གཟིགས་པ་
ཐུགས་ཀྱི་བཀྲ་ཤིས་ཉེ་བར་མཚོན་བྱེད་དཔལ་གྱི་བེའུ་འཁྱིལ་བྲང་གི་ངོས་ཡངས་འོད་དུ་འབར། །དུས་གསུམ་དངོས་པོ་ཕྲ་རགས་ཡུལ་གྱི་རྒྱ་མཚོ་ཀུན་དུ་ཐོགས་པ་མེད་འབྱོ་སྤྱན་གྱི་ཉ་མོ་བ་མཆོག་རྫི་འདབ་བསྐྱོད་ལ་མཁས། །ཉིན་མོར་
བྱེད་པས་མཁའ་ལ་བཞིན་དུ་ཡེ་ཤེས་གཟིགས་པ་འཇིག་རྟེན་ཀུན་དུ་རྣམ་པར་མི་རྟོག་བགྲོད་པ་དུས་ལས་ཡོལ་བ་མེད། །སྒྲིབ་པ་མི་མངའ་གསལ་ལེར་གཟིགས་པའི་བཀྲ་ཤིས་གསུམ་གྱིས་སྐྱེ་དགུ་ཐམས་ཅད་རྣམ་པ་ཀུན་དུ་བཀྲ་ཤིས་དཔལ་གྱིས་ཕྱུག་པར་ཤོག ༡༠༣ །ཅེས་པ་དཔལ་
ལྡན་རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ་རབ་ཏུ་དགྱེས་པར་བསྐྱེད་པའི་གཞུང་ལུགས་ཀྱི་ཏམྦུ་རའི་རྒྱུད་ལས་ཉེ་བར་འཕོས་པའི་འཁྱོག་ཚིག་གི་ལམ་ནས་ཉེ་བར་དྲངས་པའི་བསྔོ་བ་སྨོན་ལམ་གྱི་ཚིགས་སུ་བཅད་པ་བརྒྱ་ཕྲག་གཅིག་ལ་གསུམ་གྱིས་ཉེ་བར་ལྷག་པ་དག་གིས་དགེ་བའི་རྩ་བ་ཐམས་
ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྙིང་པོའི་གསོས་དམ་པར་ཡོངས་སུ་བསྔོས་ཟིན་ཏོ། །སླར་ཡང་སྨྲས་པ། དུས་(*ཡོན་ཏན་གྱི་རང་བཞིན་བརྗོད་པ།) གསུམ་ཕྱོགས་བཅུའི་རྣམ་པར་འདྲེན། །ཀུན་ཀྱང་དང་པོར་ཐུགས་མཆོག་བསྐྱེད། །དེ་ཉིད་ནས་བརྩམས་ལམ་ཐམས་ཅད། །
བར་ཆོད་མེད་དེ་སྨོན་ལམ་མཐུ། །(*ཡན་ལག་གཅིག་པའི་གཟུགས་ཅན།) དེ་བཞིན་སྨོན་ལམ་རྒྱ་མཚོའི་མཐར། །སོན་པ་ཐམས་ཅད་འཁོར་བ་སྲིད། །སེམས་ཅན་དོན་ཆེན་རྟག་འབྱུང་བའི། །ཡོན་ཏན་རྣམས་ཀྱང་དེ་མཐུས་སོ། །(*མཐའ་དག་གཟུགས་ཅན།) དེང་ཡང་བྱང་
เล่ม ๒๑๓ · หน้า 497a
ཆུབ་སྙིང་པོའི་མངལ། །འཛིན་འདོད་རྨ་བྱའི་རྒྱལ་མོ་འགའ། །དགེ་བའི་སྤྲིན་ལ་མིག་གཏོད་ཅིང༌། །སྨོན་ལམ་མགྲིན་པ་བསྒྱུར་བ་ཡོད། །(*མཚུངས་པ་གསལ་བྱེད་ཀྱི་སྒྲས་ཟིན་པའི་དཔེ།) མ་བྱོན་དུས་ཀྱི་བློ་ལྡན་ཡང༌། །མཐོང་བའི་ཆོས་དང་ཕྱི་མའི་བདེ། །གེགས་མེད་འགྲུབ་བྱེད་སྨོན་
པའི་ལམ། །གྲོགས་མཆོག་བཞིན་དུ་ཅིས་མི་བསྟེན། །དེ་(*ལྡན་པའི་གཟུགས་ཅན།) བསམས་འདིར་ཡང་དགེ་བ་ཡི། །མྱུ་གུ་བླ་མེད་བྱང་ཆུབ་ཀྱི། །སྙེ་མ་འཁྲུངས་གྱུར་དེ་སྲིད་དུ། །མི་ཟད་བསྔོ་བ་སྨོན་ལམ་བགྱིས། །ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་
བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་
པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ལས། བརྩམས་པ་དོན་ཡོད་ཆེད་དུ་དགེ་བ་བྱང་ཆུབ་ཏུ་བསྔོ་བའི་སརྒ་སྟེ་བརྒྱད་པའོ།། །།(*མཐའ་དག་གཟུགས་ཅན།) དཔལ་དང་ལྡན་པའི་སྡོམ་བརྩོན་ཆེ་བའི་ལྷ། །སྡེ་བཞིའི་དཔལ་གྱི་གདོང་པས་རབ་མཛེས་པ། །དགེ་བའི་
ལས་བཟང་ཚད་དུ་མེད་པ་བཞིས། །མངོན་པར་བསྐྲུན་པའི་ས་བདག་ཚངས་པ་ཆེ། ༡ །(*མཚུངས་པ་གསལ་བྱེད་ཀྱི་སྒྲས་ཟིན་པའི་དཔེ།) གང་དེས་བླ་མ་དཀོན་མཆོག་གསུམ་བཅས་པ། །སྐྱབས་སུ་བསྟེན་དོན་དགྱེས་པའི་ལས་བསྒྲུབས་པས། །བླ་མའི་བཀའ་ལས་མི་འདའ་རཱ་མ་ཎ། །བརྟན་
པའི་གཏམ་རྒྱུད་མཚར་ལ་ཕྲག་དོག་གོ། ༢ །མཆོག་(*མཛེས་པའི་ཡོན་ཏན་བསྔགས་པ་ལ་སྦྱར་བ།) ཏུ་ཁ་བའི་རྡུལ་བརྩེགས་རི་བོའི་ལྗོངས། །དབྱངས་ལྡན་མགྲིན་པ་ལ་ཆགས་འཁྱོག་པོའི་ཚིག །སྨྲ་བ་མཁས་དགུ་ཚོགས་པའི་བསྔགས་པས་ཀྱང༌། །བརྗོད་པ་རྟག་ཏུ་འཕེལ་
པའི་ངོ་མཚར་གཞི། ༣ །(*ཡི་གེ་རིང་པོར་བསྐོར་བའི་རྗེས་ཁྲི།) ཆེ་མཆོག་བསྟན་པ་འདི་ལ་ད་སྔན་ཆད། །ཆེར་རློམ་འགའ་ཡིས་བརྩམས་པ་ལྟ་ཞོག་གི །འཐིབས་བུའི་གཉིད་ཀྱི་རྨི་ལམ་ལྟད་མོར་ཡང༌། །ཉམས་སུ་མྱོང་བ་མེད་པའི་ལེགས་བྱས་ཆེ། ༤ །
เล่ม ๒๑๓ · หน้า 497b
(*མཐའ་དག་གཟུགས་ཅན།) གང་འདི་ཇི་ལྟར་བསྐྲུན་ལས་བརྩམས་པའི་གཏམ། །ལེགས་པར་བཤད་པའི་ཟླ་བ་གསར་པ་གང༌། །མཉན་འདོད་རྣམས་ཀྱི་ངོ་མཚར་ཆུ་ཡི་གཏེར། །འཕེལ་བྱེད་བསྟན་པའི་མཁའ་ལ་འགྲོས་མཛེས་པ། ༥ །(*དོན་གསལ།) སྟོན་པ་བསྟན་པ་སྐྱོང་བ་ཆོས་དག་དང༌། །པར་དུ་
འགྲུབ་བྱེད་བདག་རྐྱེན་སྒྲུབ་པའི་ཚུལ། །མཚན་གྱི་ཕྲེང་བ་ཡོངས་བསྔོ་དང་བཅས་པ། །བཀྲ་ཤིས་གྲངས་སུ་རྫོགས་པའི་སརྒ་ཅན། ༦ །(*བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད།) མངོན་པར་བརྩམས་སོ་སྤྲོས་པའི་རྩེ་མོ་མིན། །ཧ་ཅང་བསྡུས་པའི་མཐར་ཡང་ལྷུང་བ་མེད། །ཐུན་
མོང་སྐྱེ་བོའི་བློ་དང་རྗེས་འཚམ་པར། །དགོས་པའི་སྙེ་མ་མ་ཚང་མེད་པར་རོ། ༧ །གཞན་(*ཡན་ལག་གཉིས་པའི་གཟུགས་ཅན།) དུ་དེ་དེའི་ཁྱད་པར་ཕྱོགས་རེ་ཡང༌། །རྫོགས་པར་འདྲི་ལ་རིན་ཆེན་འབྱུང་གནས་བཞིས། །ལེགས་སྦྱར་ཚོས་དང་སྟོང་གསུམ་རྐང་པས་འཐུང༌། །
འདྲི་བྱེད་ཉིད་དུ་སོང་ཡང་རྫོགས་མཐའ་མེད། ༨ །སྔོན་(*རྣམ་པའི་དོན།) བྱུང་འཕགས་པའི་བློ་གྲོས་ལྡན་པ་དག །འདི་དག་དོན་ལ་དཔྱོད་ཚེ་བ་སྤུ་ཡི། །འཁྲི་ཤིང་དུས་མ་ཡིན་པར་གཡོ་བའི་ཕྱག །ཡན་ལག་མཆོག་ཏུ་སྦྱར་བ་ཅིས་མ་བྱུང༌། ༩ །(*འོས་པའི་ཆ་རྒྱན།) དམ་པ་རྣམས་དྲི་ཡིད་ལ་བྱས་
པ་འགའ། །ཆེད་དུ་མ་གཉེར་སྤྱན་ལས་དག་བྱེད་མ། །འཁྲུངས་དེ་ཆོས་ཀྱི་ཕུང་པོ་ཡོད་བཞིན་དུ། །སྤངས་པའི་འགྲོ་ལ་སྙིང་རྗེ་སྐྱེས་པར་ངེས། ༡༠ །ཚུལ་(*འབྲུ་མང་པོའི་ཚིག་སྡུད།) འདི་བརྟགས་ན་རྙོག་ལྡན་རྫིང་གི་བློར། །སྐྱེ་བའི་ལྗོན་ཤིང་དབང་ཆེའི་སྙིགས་མས་བསྲུབས། །
དེ་ནང་ཟླ་བའི་གཟུགས་ཀྱི་ཤེས་བྱ་དག །འཆར་འདོད་མཁའ་ཡི་རེ་བ་ངེས་མོད་ཀྱི། ༡༡ །(*ཆོས་དུ་མ་བཀོད་པའི་ཏིང་ངེ་འཛིན་གྱི་ཡོན་ཏན།) བུང་བའི་རྒྱང་གླུ་མཉན་འདོད་ཉི་མ་ཡིས། །འོད་ཟེར་བརྐྱངས་ནས་ཆུ་སྐྱེས་ཁ་ཕྱེ་ཞིང༌། །སྦྲང་རྩིའི་མྱོས་བྱེད་སྟོབ་པ་འཐུང་ཆེ་བས། །མྱོས་པའི་ཅ་ཅོ་ཅི་དང་ཅི་མ་
བསྒྲགས། ༡༢ །(*དགོངས་པ་ཅན་གྱི་རྒྱན།) གྲགས་པའི་སྤྲིང་ཡིག་ཕྱོགས་བྲལ་ཐོས་པ་འཛིན། །འགོད་པའི་བློ་དང་དམན་པའི་བསྟི་གནས་ཀྱི། །སྐྱོ་བ་མིན་ཡང་བཟློག་དཀའ་གསེར་གྱི་ལུང༌། །འབབ་སྟེགས་བྱས་པ་གང་ཚེ་ངས་འདི་བརྩམས། ༡༣ །འོན་
เล่ม ๒๑๓ · หน้า 498a
ཏེ་(*ངེས་པ་ཅན་གྱི་སྦྱར་བ། ཅུང་ཟད་སྤྲོས་པ་མཁས་པའི་ཚུལ། །ཡིན་གྱི་ཉི་མ་འཕུལ་བའི་ཐབས་མ་ཡིན། །དགོས་པ་ཆོས་དང་དམ་པའི་དྲིན་གཟོ་བར། །ཡིན་གྱི་གཡར་དགའ་རྫུན་གྱི་འཁོར་ལོ་མིན། ༡༤ །(*ཕན་ཚུན་མེད་པའི་བྱེད་རྒྱུ།) སྡེ་བཞིའི་དཔལ་ནི་གཅེས་པའི་བུས་པ་མིན། །བཅད་ལྷུག་སྤེལ་མ་དགའ་
མའི་ལུས་མ་ཡིན། །སྒྲ་དོན་གབ་ཚིག་ལུས་ཕྲའི་དོ་ཤལ་མིན། །དེ་ཕྱིར་ལེགས་བཤད་རྩོམ་པ་བདག་སྤྲོའོ། ༡༥ །ལུང་(*དགའ་བའི་འགྱུར་བ་སྒེག་པའི་ཉམས།) དང་རིགས་པ་གཉིས་སུ་འབྲེལ་ཆེ་བས། །ཡུན་རིང་སྦྱང་བར་འོས་པ་བྱ་བའི་ཁུར། །ཐོས་པ་ཉུང་ངུ་ངས་ནི་བདེ་བླག་ཏུ། །
བརྩམས་པ་འདི་ཡང་འདྲེན་མཆོག་བླ་མའི་དྲིན། ༡༦ །(*ཏིང་ངེ་འཛིན་གྱི་རབ་རྟོག) མཛུབ་རྩེས་ཤེལ་གྱི་ཏམྦུ་རབ་བསྣུན་པའི། །རབ་སྙན་ཚིག་གི་འབྱུང་གནས་དམ་མ་དེ། །འདི་ན་ངེས་པར་མཆིས་ཞེས་ཡི་གེའི་ཚོགས། །ཁོང་ནས་ལན་བརྒྱར་འཛུམ་པ་ཡིན་ནམ་སྙམ། ༡༧ །(*མང་བའི་དཔེ།)ཚུལ་
འདིར་རྣམ་པར་སྤྲོས་ལས་བྱུང་བ་ཡི། །ལེགས་པར་བགྱིས་པ་ཟླ་བའི་འཁྲི་ཤིང་དང༌། །མུ་ཏིག་ཀུ་མུ་དཱ་ཡི་མདངས་འདྲ་དེ། །དཔལ་ལྡན་བླ་མ་མཉེས་པའི་མཆོད་པ་འབུལ། ༡༨ །(*གཟུགས་ཅན་གྱི་རྒྱན་ལས་ལྡན་པའི་གཟུགས་ཅན།) སེམས་ཅན་མོས་པའི་ཕྲ་རབ་རྡུལ་གྱི་ཕྲེང་བ་རབ་བརྩེགས་སྲིད་པའི་ས་གཞིའི་
བླ་མ་རུ། །དཔལ་གྱི་འབྱུང་གནས་སྟོབས་བཅུ་མངའ་བ་གང་གི་ཐུགས་རྗེ་གཞལ་དུ་མེད་པར་འཁྲིགས་པའི་སྤྲིན། །འབད་རྩོལ་མཚན་མ་ཉེ་བར་ཞི་ལས་ཆོས་ཀྱི་ཆར་རྒྱུན་ཇི་སྙེད་བབ་པ་དགེ་ལེགས་ཀྱི། །རིན་ཆེན་བྱེ་བའི་འབྱུང་གནས་ཉིད་
དུ་ལེགས་པར་འཁྱིལ་འདི་འཇིག་རྟེན་ཁམས་སུ་གནས་གྱུར་ཅིག ༡༩ །དེ་ལྟར་ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་པའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་
མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ཞེས་བྱ་བ་འདི་ནི་བོད་ཆེན་པོར་གྲགས་པའི་འཛིན་མའི་དཀྱིལ་འཁོར་རྣམ་པར་ཡངས་པ། མཚུངས་
เล่ม ๒๑๓ · หน้า 498b
པ་མེད་པའི་སྟོབས་དང་དགེ་བ་བཅུ་དང་རྗེས་སུ་མཐུན་པའི་བཀའ་ཁྲིམས་ཀྱི་འཁོར་ལོས་སྒྱུར་བ་ལ་བསྙེངས་པ་དང་བག་ཚ་བ་མི་མངའ་བའི་སྡེ་དགེ་ས་སྐྱོང་བླ་མ་ཆེན་པོ་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་སྡེ་ཞེས་བྱ་བའི་བཀའ་ལུང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ། ཕྱོགས་ཀྱི་ནོར་འཛིན་
སྐྱོང་བ་མང་པོའི་གཙུག་ན་ངལ་བསོར་སྤྱོད་པ་སྙམ་བགྱིད་པ་དེ་ཉིད་མགོ་བོར་བཅིངས་ཏེ་བསྐུལ་བར་བརྟེན། ཛམྦུ་རྐང་འཐུང་གི་རྒྱལ་མཚན་དམ་པས་མངོན་པར་སྤུད་པའི་གླིང་གི་རྒྱལ་པོ་འདིའི་ཁོངས་སུ། སྟོན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་
འདས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་བྱ་བ་རྨད་དུ་བྱུང་བ། འཆད་པ་དང་རྩོད་པ་དང་རྩོམ་པའི་ཕྲིན་ལས་གཞལ་དུ་མ་མཆིས་པའི་སྣང་བ་ཆེན་པོས། ཕྱོགས་ནས་ཕྱོགས་དང༌། ཁོར་ཡུག་ནས་ཁོར་ཡུག་ཏུ་དར་བར་བྱེད་པ་ལ་མཚུངས་ཟླ་འགའ་ཡང་ཡོད་པ་མ་ཡིན་པའི་ཐུགས་རྗེ་
ཆེན་པོ་དང་ལྡན་པ་ནི་དཔལ་ས་སྐྱ་པ་ཆེན་པོ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ཏེ། གང་དེའི་ལུང་དང་མངོན་པར་རྟོགས་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་བདག་གིར་མཛད་པ་ལ་འཇིགས་པ་མེད་པའི་མཁྱེན་རབ་ཀྱི་དཔལ་ནི་རྒྱལ་བ་ཉིད་ལས་དམིགས་སུ་མ་མཆིས་པའི་བསྟན་པ་འཛིན་པའི་
སྐྱེས་བུ་ཆེན་པོ། རྒྱ་མཚོ་བློ་འཛིན་ནམ་རྗེ་བཙུན་དམ་པ་ཀུན་དགའ་བཟང་པོ་ཞེས་ས་གསུམ་གྱི་ཁོངས་སུ་སྤོབས་པ་རབ་ཏུ་དགེ་བའི་གྲགས་པ་དང་རྣམ་པར་དཀར་བའི་ཕྲིན་ལས་ཅིག་ཅར་དུ་འདྲེས་ནས་དར་ཞིང་རྒྱས་པར་གྱུར་པ་གང་ཡིན་པ་སྟེ། དེའི་ཞབས་སྟེགས་མི་འཇིགས་བཞི་དང་
ལྡན་པའི་རྟགས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་རྣམ་པར་བསྒྱིངས་པ་གང་ལ་ཞབས་ཀྱི་པདྨ་རྣམ་པར་བཀོད་དེ། དེ་དག་གིས་ལེགས་པར་བཞག་པའི་བཀའ་སྲོལ་གྱི་བདུད་རྩིའི་རྒྱུན་ཆེན་པོ། སྲིད་པའི་ཟུག་རྔུ་མཐའ་དག་འཕྲོག་པར་བྱེད་པའི་རང་བཞིན་ཅན་གྱི་གསང་མཛོད་མ་
ལུས་པ་ཡོངས་སུ་བཟུང་ནས། མཐའ་མེད་པའི་འགྲོ་བ་རྒྱ་མཚོའི་རྒྱུད་ལ་ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་འཚོ་བ་བརྟན་པར་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་ཚད་མར་གྱུར་པ་བདག་ཅག་གི་སྐལ་བས་ཐོབ་པ་རྣམས་ནི་འདི་ལྟ་སྟེ། འཇམ་པའི་དབྱངས་བསོད་ནམས་བཟང་
เล่ม ๒๑๓ · หน้า 499a
པོ་པ་དང༌། རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་པ་དང༌། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་ཚུལ་ཁྲིམས་ལྷུན་གྱིས་གྲུབ་པ་དང༌། རྡོ་རྗེ་འཛིན་དབང་ནམ་མཁའ་བསམ་འགྲུབ་པ་དང༌། ཐམས་ཅད་མཁྱེན་པ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་བ་དང༌། མཁས་བཙུན་
ཆེན་པོ་མཁན་ཆེན་སངས་རྒྱས་དཔལ་བཟང་པོ་དང༌། གཞན་ཡང་མདོ་སྔགས་བསྟན་པའི་སྣང་བྱེད་ཆེན་པོ་ཀུན་དགའ་ལྷུན་གྲུབ་པ་དང༌། གནས་ལྔ་རིག་པར་སྨྲ་བའི་དབང་ཕྱུག་འཆི་བ་མེད་པ་ཐུབ་བསྟན་རབ་ཏུ་གསལ་བ་ཞེས་བྱ་བ་ལ་སོགས་པ་སའི་སྟེང་ན་ཡོངས་
སུ་གྲགས་པའི་བསྟན་འཛིན་གྱི་སྐྱེས་བུ་མང་པོ་དག་གི་ཞབས་རྡུལ་རྙོག་པ་མེད་པ་གཙུག་ཏུ་གུས་པར་བསྟེན་ཅིང་ལེགས་པར་གསུངས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལྟ་བུ་ལས། རྩྭ་མཆོག་གི་རྩེ་མོར་ཆགས་པའི་ཟིལ་པ་ཙམ་རེ་འཐུངས་པས་སྐལ་བ་མི་དམན་པར་གྱུར་པའི་སློབ་
མའི་ཐ་ཆུངས། བསྟན་པའི་རྗེས་སུ་ཞུགས་པའི་མིང་ནི་བནྡེ་ཚུལ་ཁྲིམས་རིན་ཆེན་ཞེས་འབོད་ཅིང༌། འབྱུང་དུ་རུང་བའི་ཡོན་ཏན་ལ་སྨོན་ལམ་དུ་བྱེད་པའི་ཐ་སྙད་ནི་ངག་གི་དབང་པོ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། དབྱངས་ཅན་སྙེམས་པའི་ལང་ཚོའི་
སྡེ་ཞེས་བཏགས་པའི་སྙོམ་ལས་པ་དེས། དངོས་གཞི་ཆོས་ཚན་རྣམས་ཀྱི་བཞུགས་བྱང་དང་གོ་རིམས་ཀྱི་ཕྲེང་བ་རྣམས་ནི་ཀུན་མཁྱེན་བུ་སྟོན་རིན་པོ་ཆེའི་དཀར་ཆག་ཉིད་གཙོ་བོར་བཟུང་ནས། དཀྱུས་དང་བསྟུན་པའི་དབྲི་བསྣན་ལ་སོགས་པའང་གང་རིགས་བགྱིས་
ཤིང༌། རྒྱུད་འགྲེལ་གྱི་བཞུགས་ཚུལ་ལ་སོགས་པ་ཅུང་ཟད་རེ་ནི་ངོར་ཆེན་རྡོ་རྗེ་འཆང་ལ་སོགས་པའི་དཀར་ཆག་དང་ཡང་ལེགས་པར་བསྟུན་ནོ། །ས་དཔྱད་གཞན་བདུན་པོ་རྣམས་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་
དཔལ་བཟང་པོ་པའི་བཀའི་བཀོད་པ་དང༌། ཐོ་གསལ་ཅི་རིགས་པར་ཕེབས་པ་རྣམས་ཡིད་ལ་ངེས་པར་བྱས་ཏེ། བཀའ་དང་བསྟན་བཅོས་རྣམས་ལས་བྱུང་བའི་ལུང་དོན་གཙོ་བོར་བཟུང༌། བློ་དང་ལྡན་པ་དགའ་བར་བྱེད་པའི་ལུས་དང༌། སྲོག་དང༌། རྒྱན་གྱི་ཚོགས་རྣམས་
เล่ม ๒๑๓ · หน้า 499b
ནི་སྙན་དངགས་པའི་ལུགས་ཀྱི་རྗེས་སུ་འབྲངས་ཏེ་ཅུང་ཟད་སྤྲོས་པའི་ཚུལ་གྱིས་གསར་བསྐྲུན་གྱི་ཁུལ་དུ། རབ་བྱུང་བཅུ་གཉིས་པའི་ནང་གསེས་གྱི་གནམ་ལོའི་རྒྱལ་པོ། གཙུག་ལག་སྤོར་ཐང་གི་དགོངས་པས་དབང་ཐང་དང་བསྟུན་པའི་ཐ་སྙད་དུ་ཆུ་མོ་ཕག་ཅེས་འབོད་པ། བསྐལ་པ་བཟང་
པོའི་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ་པོས་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཆོ་འཕྲུལ་བསྟན་པའི་ཟླ་དུས་ལ་བབ་པའི་དཀར་ཕྱོགས་ཀྱི་གང་བ་གསུམ་པ། རེས་གཟའ་བརྡ་སྤྲོད་རིག་པ་སྨྲ་བའི་བློ་ལྡན་ལྷའི་བླ་མ་ཞེས་བྱ་བ། རྒྱུ་སྐར་རྒྱལ་གྱི་ལྷ་མོས་དོན་ཐམས་ཅད་འགྲུབ་པའི་དགའ་སྟོན་གསར་པ་
ལ་གཡར་འདྲེན་བགྱིད་པའི་ཉིན་མོ་ནས་འདྲི་བའི་འགོ་བརྩམས་སོ། །དེ་ནས་བཟུང་སྟེ་ཐུན་མཚམས་ཀུན་དུ་འབད་པས་འདྲི་བའི་ཟོལ་དུ་བགྱིས་ཀྱང༌། རང་ཉིད་འབྱུང་ཚོགས་ཀྱི་ལུས་ལ་ཕྱི་དང་ནང་གི་ཀེག་རྩིས་རྩུབ་མོའི་སྟེང་དུ་སོན་པར་བཅས། བར་སྐབས་རྣམས་སུ་ལུས་ཀྱི་ཚོར་བ་བདེ་སྡུག་
སྤེལ་མར་བྱུང་བས་ཅུང་ཟད་འགྱང་བར་གྱུར་ཀྱང༌། ནམ་ཞིག་ཡོངས་སུ་གྲུབ་པར་བགྱིས་པའི་དུས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུབ་པའི་དབང་པོ་རྣམ་བྱུང་ས་འབྲུག་གི་ལོ་ལ་འཇིག་རྟེན་གསུམ་པོ་བཀྲ་ཤིས་པའི་ལྟས་ཀྱིས་
རྒྱས་པར་བཀང་སྟེ་སྐུ་བལྟམས་པ་ནས་བརྩམས་ཏེ་བགྲང་གཞི་སུམ་སྟོང་དང་དགུ་བརྒྱ་དགུ་བཅུ་རྩ་ལྔ་བརྒལ་ལོ། །དཔལ་ས་སྐྱ་པ་ཀུན་དགའ་སྙིང་པོ་པ་དེ་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁ་སརྤ་ཎི་བར་སྲིད་ཀྱི་རྣམ་པས་ལྷུམས་སུ་ཞུགས་ཤིང་ཆུ་ཕོ་སྤྲེའུའི་ལོ་ལ་སྐུ་བལྟམས་པ་ནས་ལོ་དྲུག་བརྒྱ་དང་ལྔར་
ཕྱིན་ཏོ། །མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེའི་དབང་ཕྱུག་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་པ་ཉིད་རྔ་ཆེན་ཞེས་བྱ་བའི་ལོ་ལ་བལྟམས་ནས་བགྲང་གཞི་སུམ་བརྒྱ་དང་དྲུག་ཅུ་རྩ་གཅིག་གོ །ཤིང་སྦྲུལ་གྱི་ལོ་ལ་སྐྱེ་བ་ནས་སྐྱེ་བར་རྗེ་བཙུན་འཇམ་པའི་རྡོ་རྗེས་བྱིན་གྱིས་བརླབས་པས། སྐྱེ་བ་འདི་ཉིད་དུ་
གཞུང་ལུགས་འབུམ་ཕྲག་མང་པོའི་ཕ་རོལ་ཏུ་སོན་ཅིང་སྨྲ་བའི་དབང་ཕྱུག་ཆེན་པོ་གྲུབ་པ་མཁན་ཆེན་ཚུལ་ཁྲིམས་ལྷུན་གྲུབ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པ་དེ་ཉིད། རྗེ་བཙུན་ཨེ་ཝཾ་པ་ཆེན་པོའི་ཞབས་སྟེགས་དམ་པའི་ཆོས་ཀྱིས་མཐོ་བར་བྱས་པ་གང་ལ་རྩིབས་སྟོང་འཁོར་ལོའི་
เล่ม ๒๑๓ · หน้า 500a
གཟུགས་ཀྱིས་ཉེ་བར་སྤུད་པའི་ཞབས་ཟུང་རྣམ་པར་བཀོད་དེ་འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱི་སྣང་བ་དཀར་པོས་ཕྱོགས་ཀྱི་དཀྱིལ་འཁོར་རྫོགས་པར་དཀྲིགས་པ་ནས་བརྩམས་ཏེ་བགྲང་
གཞི་བཅུ་དགུ་སྔོན་དུ་བརྒལ་ལོ། །དོན་གྲུབ་ཅེས་བྱ་བའི་ལོ་ལ་སྡོམ་བརྩོན་སྐྱེ་དགུའི་བདག་པོ་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་སྡེ་ཞེས་ཡོངས་སུ་གྲགས་པ་འདི་ཉིད། བསོད་ནམས་དང་སྟོབས་ཀྱི་དབང་
ཕྱུག་ཏུ་གྱུར་པ་དཔལ་སྡེ་དགེ་གོང་མའི་བསྟན་སྲིད་ཟུང་གི་འབྱོར་པས་མངོན་པར་མཐོ་བའི་གདན་སའི་ཁྲི་དམ་པ་ལ། ཞབས་མཐིལ་བནྡྷུ་ཛཱི་བ་ཀའི་ཁ་དོག་ཅན་དག་མི་འགྱུར་རྡོ་རྗེའི་ཁམས་ཀྱི་རང་བཞིན་དུ་རྟག་
པར་བཀོད་ནས། རྒྱལ་བའི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་ཉི་མ་དང་པོ་ཤར་བ་ནས་བརྩམས་ཏེ་བགྲང་གཞི་ལྔ་ཕྲག་གཅིག་སྔོན་དུ་བརྒལ་བའི་གསར་ཚེས་ཀྱི་གནམ་ལོ། ལེགས་པར་སྦྱར་
བའི་སྐད་དུ་རཀྟཱ་ཀྵི་ཞེས་པ། བོད་སྐད་དུ་བསྒྱུར་ན་མིག་དམར་དུ་འགྱུར་བ། མ་ཧཱ་ཙི་ནའི་མི་བདག་གི་མདུན་ས་ཆེན་པོར་གྱ་ཙིར་བརྗོད་པ། དབང་ཐང་དང་བསྟུན་པའི་མིང་དུ་ཤིང་བྱིར་གྲགས་པའི་འབྱུང་
เล่ม ๒๑๓ · หน้า 500b
བ་སུམ་ལྡན། སེ་ཞིག་གི་ལོ། དུས་འཁོར་བའི་སྟོན་རྭ་བ་རགས་པ་གྲོ་བཞིན་གྱིས་ཉ་བ། ཡར་ངོ་སྔོན་དུ་འགྲོ་བ་སེང་གེའི་ཁྱིམ། ཧོར་ལུགས་ཀྱི་བདུན་པ་ཁྱིའི་ཟླ་བ། དམར་པོའི་ཕྱོགས་ཀྱི་བཟང་པོ་གསུམ་པ། དུས་
འཁོར་བའི་ལུགས་ཀྱི་དབྱངས་ཨཱུ། གསལ་བྱེད་བྷཱུ། འདོད་ཡོན་གཟུགས་སོ། །དབྱངས་འཆར་བའི་ལུགས་ཀྱི་དབྱངས་ཨཱི། གསལ་བྱེད་ཌྷ། འདོད་ཡོན་རོའོ། །གཉིས་ཀ་མཐུན་པའི་འབྱུང་བ་ཆུ། དར་གུད་གཞོན་
པ། རྟེན་འབྲེལ་སྐྱེ་བ། ཉི་མ་འབྲུག སྤར་ཁ་དྭ། སྨེ་བ་དྲུག་དཀར་རོ། །ལྷའི་བླ་མ་རྒྱལ་སར་ཕེབས་པའི་དགའ་སྟོན་གྱི་ཐོག་མར་འཆི་བ་མེད་པའི་དྲང་སྲོང་ཆེན་པོ་ཨ་གསྟྱའི་བདེན་ཚིག་གིས་གྲུབ་པའི་ནུས་པ་ངོམ་པའི་སླད་དུ།
རྒྱ་མཚོ་དང༌། ཆུ་ཀླུང་དང༌། ཆུ་ཕྲན་དང༌། འབབ་ཆུ་དང༌། ལུ་མ་མཐའ་དག་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱུན་དུ་བསྒྱུར་བའི་མཆོད་ཡོན་དུ་སྟོབ་པ་དང་ཆབ་ཅིག །སྐྱེ་འགྲོ་ཐམས་ཅད་ཀྱི་བྲོ་ནད་གཞོམ་པ་ལ་
རིངས་པར་ཆས་པའི་དུས་ཚེས་དགེ་བའི་ཉིན་མོ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བུ་རམ་ཤིང་པའི་ལུགས་བཟང་གི་ཉིན་མོར་བྱེད་པའི་དཀྱིལ་འཁོར་ཡོངས་སུ་འཆར་བའི་ལྗོངས་དང་ཡུལ་དང་ཡུལ་གྲུ་ཆེན་པོ་རྣམས་ཀྱི་ནང་
เล่ม ๒๑๓ · หน้า 501a
ནས་འཛམ་གླིང་བྱང་ཕྱོགས་ཀྱི་འཛིན་མའི་ཆའོ། །དེ་ལས་ཀྱང་བོད་ཆེན་པོར་གྲགས་པའི་སའི་ཐིག་ལེ། མཁས་པ་དང་གྲུབ་པའི་གོ་ས་མཐོན་པོ་ལ་གང་དག་བཞུགས་པའི་
བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ཞབས་ཀྱི་འཁོར་ལོས་ལེགས་པར་བཅགས་ཤིང༌། སྡེ་སྣོད་གསུམ་གྱི་བཤད་པ་དང་སྒྲུབ་པའི་འཁོར་ལོས་དུས་ཚིགས་འདའ་བར་བྱེད་པའི་གདན་ས་ཆེན་
པོ་དཔལ་ལྷུན་གྲུབ་སྟེང་གེ་གནྡྷོ་ལ་བསམ་འགྲུབ་མཐོང་གྲོལ་ཞེས་བྱ་བ་སྟེ། དེ་དང་ཟུང་འབྲེལ་དུ་ཡོད་པའི་རྒྱལ་ཁབ་ཆེན་པོ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་ཡོངས་
སུ་གྲགས་པ་དེ་ཉིད་ཡོད་དེ། དེའི་ནང་གསེས་སུ་གྱུར་པའི་བསྟི་གནས་དམ་པ་ཕྱོགས་ཀྱི་བདག་པོ་མིག་སྟོང་དང་ལྡན་པས་ལེགས་པར་བསྲུངས་པའི་ཕྱོགས་ག་ལ་བ་ཞིག་སྟེ། དེའི་བ་གམ་གཉིས་པ་ཉིད་
དུ་ལེགས་པར་གྲུབ་པར་བགྱིས་པའི་དགེ་ལེགས་ཀྱི་སྣང་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆེས་ཤིན་ཏུ་གསལ་བར་གྱུར་ཅིག །སརྦ་མངྒ་ལཾ་བྷ་ཝནྟུ།། །།
เล่ม ๒๑๓ · หน้า 501b
༄༅། །ཛམྦཱུདྲུམེནལིངྒསྱ སདྡྭཱིཔེདྷརྨསརྦཛྙ པྲསཱདབྷཱསྐྲིཏཱཎཱཾཀིཾ བིཥྞུསྠཱནེནཏུལྱཱནྟ།།
འཛམ་(*ཁྱད་འཕགས་ཕུལ་དུ་བྱུང་བ།) བུ་རྐང་འཐུང་གིས་མཚན་པའི། །གླིང་གི་དམ་པར་ཀུན་མཁྱེན་ཆོས། །སྣང་བྱས་རྣམས་ཀྱི་བཀའ་དྲིན་མཐའ། །ཁྱབ་འཇུག་གནས་ཀྱིས་གཞལ་དུ་ཅི། །
เล่ม ๒๑๓ · หน้า 502a
ཆོས་(*ཡན་ལག་གསུམ་པའི་གཟུགས་ཅན།) འདུལ་ཁྲིམས་ཀྱི་རྩ་བ་བརྟན། །གཞན་ཕན་སྤྱོད་པའི་ཡལ་འདབ་རྫོགས། །རིམ་གཉིས་ཟུང་འཇུག་འབྲས་བུས་དུད། །དངོས་གྲུབ་ལེགས་བརྙེས་གང་དག་བྱོན། །(*མ་བསྡུས་པའི་གཟུགས་ཅན།) བཟོ་
དང་གསོ་བའི་གོམ་སྟབས་བདེ། །སྒྲ་ཚད་རིག་པའི་མཆེ་བ་རྣོ། །མདོ་རྒྱུད་གདམས་པའི་ཁུར་ཆེན་འདེགས། །རིག་སྨྲའི་ཁྱུ་མཆོག་ཇི་སྙེད་དང༌། །རྣམ་(*ཡོན་ཏན་རང་བཞིན་བརྗོད་པ།) པ་ཐམས་ཅད་
མཁྱེན་པའི་བཀའ། །འཇིག་རྟེན་སྣང་བྱེད་བླ་ན་མེད། །ཡང་དག་མཁས་པའི་ཕྲིན་ལས་གསུམ། །དབང་འབྱོར་གང་དག་བྱོན་པ་རྣམས། །མཁྱེན་(*གཞི་གཅིག་གི་ཆོས་དུ་མ་འགལ་བ།) པས་འབྱོར་ཡང་རྨོངས་པས་དབུལ། །
བརྩེ་བས་འཁྱུད་ཀྱང་ཆགས་པས་བཏང༌། །ནུས་ལྡན་གྱུར་ཀྱང་གཞན་དག་ལ། །འཚེ་མེད་གྲུབ་དབང་བརྒྱད་ཅུ་བཞི། །དེ་དག་(*ཡོན་ཏན་གྱི་རང་བཞིན་བརྗོད་པ།) ཀུན་དང་ཕྱོགས་བཅུ་ཡི། །འགྲོ་ལ་གཟིགས་པ་སྒྲིབ་མེད་
སྤྱན། །དཀྱུས་རིང་སྤྲོས་པའི་རྫོགས་སངས་རྒྱས། །སྲས་དང་སློབ་མར་བཅས་མང་བལྟ། །(*རབ་རྟོག) སོ་སོའི་མདུན་ན་སྤྲུལ་པའི་ལུས། །གྲངས་མེད་བཏུད་ཀྱང་ཡོན་ཏན་ཆ། །བགྲང་བར་
เล่ม ๒๑๓ · หน้า 502b
མ་ནུས་ཡན་ལག་ལྔ། །དུབ་པས་ས་ལ་ངལ་བསོ་བཞིན། །རང་(*བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན།) སེམས་སྒྱུ་མ་བྱེད་པོ་གང༌། །སྐད་ཅིག་རྣམ་པའི་སྟང་སྟབས་ཀྱིས། །རྣམ་རྟོག་བག་ཆགས་བརྟན་མིན་པའི། །སྣང་སྟོང་མཆོད་པའི་མིག་འཕྲུལ་ངོམ། །མཆོད་(*རྫས་རང་བཞིན་བརྗོད་པ།) ཡོན་ཞབས་བསིལ་མེ་ཏོག་སྤོས། །
མར་མེ་དྲི་ཆབ་ཞལ་ཟས་དང༌། །སྒྲ་སྙན་མ་རྣམས་རང་རྟགས་རྫས། །བསྣམས་ཤིང་སྒྱུ་མའི་རྩེ་འཇོས་མཆོད། །བདག་ལུས་ལོངས་སྤྱོད་དུས་གསུམ་དང༌། །འབྲེལ་བའི་གེ་རྩ་ཇི་སྙེད་དག །ས་གཞི་རི་གླིང་ཉི་ཟླ་དང༌། །ལྷ་
མིའི་དཔལ་འབྱོར་ཚང་བར་སྤྲུལ། །ཤེས་རབ་(*་ཡན་ལག་གཉིས་པའི་གཟུགས་ཅན།) འཁོར་ལོའི་འཁྲུལ་འཁོར་གྱིས། །འཁོར་གསུམ་མངོན་པར་ཞེན་པའི་གཟེབས། །ཡོངས་སུ་(*སྦྱོར་པ་རྒྱ་ཆེ་བ།) དྲལ་ཏེ་མཆོད་འོས་ཀུན། །དགྱེས་པར་སྐྱེད་པའི་ཡོན་དུ་འབུལ། །དལ་(*བསྡུས་པའི་གཟུགས་ཅན། འབྱོར་རྟེན་མཆོག་བསམ་འཕེལ་
ནོར། །གཏི་མུག་ལག་པ་དབང་མོ་ཆེས། །སྡིག་ལྟུང་འདམ་དུ་བསྐྱུར་བྱས་པ། །སྟོབས་བཞི་ཚད་ལྡན་ཆབ་ཀྱིས་འཁྲུད། །འཕགས་(*ལྡན་པའི་གཟུགས་ཅན།) དང་སོ་སོ་སྐྱེ་ཚོགས་ཀྱིས། །ལེགས་བྱས་ཟླ་འོད་སྤྲོས་པའི་རྗེས། །སེམས་ཀྱི་ཀཱ་
ཤི་མཛེས་དགའ་མོ། །ཡི་རང་གྲོགས་དང་འཁྱུད་པ་ཐོབ། །ཕྱོགས་(*ཡན་ལག་གཅིག་པའི་གཟུགས།) བཅུར་བཞུགས་པའི་ཆོས་སྟོན་ཆེ། །ཀུན་ཀྱང་འགྲོ་ལ་སྨན་སླད་དུ། །ཐོག་མཐའ་བར་དགེའི་ཆོས་ཀྱི་སྒྲ། །འབྱིན་པར་ངག་གི་གླིང་བུས་བསྐུལ། །རྟག་པར་(*བྱ་བའི་རང་བཞིན་བརྗོད་པ།) འཛིན་རྣམས་གདུལ་
བའི་ཕྱིར། །ཆོས་དབྱིངས་བས་མཐའ་ཚོལ་བཞེད་པའི། །སངས་རྒྱས་འགྲོ་བ་མགོན་མེད་ངོར། །མྱ་ངན་མི་འདའ་བཞུགས་པར་གསོལ། །དེ་ལྟར་(*མང་བའི་དཔེ།) བགྱིས་པའི་དགེ་བས་བདག །ཡིད་བཞིན་ནོར་བུ་དཔག་བསམ་
ཤིང༌། །གཏེར་བཞིན་གདུལ་བྱའི་བསམ་པ་ཀུན། །རྫོགས་བྱེད་བྱང་ཆུབ་ཆེན་པོར་བསྔོ། །(*ཤིས་པ་བརྗོད་པ་ལ་ཆ་ཤས་ཅན་གྱི་གཟུགས།) གལ་ཏེ་སྔོན་བསགས་ལས་ཤུགས་ཀྱིས། །དབང་བྱས་རེ་ཞིག་བྱང་ཆུབ་མཆོག །སྟེར་མིན་དེ་སྲིད་དལ་འབྱོར་གྱི། །འདོད་
เล่ม ๒๑๓ · หน้า 503a
དགུའི་ལྗོན་པ་མཆོག་གྱུར་ཅིག །སེམས་(*ལྡན་པའི་གཟུགས་ཅན།) ཀྱི་གླང་པོ་འདོད་ལྷ་ཡི། །གཡོ་སྒྱུའི་འཕྲུལ་ལ་མ་ཆགས་པར། །ཆོས་འདུལ་པདྨའི་སྐྱེད་ཚལ་དུ། །བག་ཡོད་རྭ་བར་ཆུད་གྱུར་ཅིག །ཐམས་ཅད་མཁྱེན་(*རབ་རྟོག པའི་རྒྱུ་ཡི་གཙོ།) །སྙིང་རྗེ་ཤིན་
ཏུ་མཉེན་ལྡན་གྱིས། །འགྲོ་ལ་ལན་བརྒྱར་དཀྲིས་པ་བཞིན། །བྱང་ཆུབ་སེམས་མཆོག་འབྱང་བར་ཤོག །སྔགས་སྤྱོད་(*བསྡུས་དང་མ་བསྡུས་པ་སྲེས་པའི་གཟུགས།) གསེར་གྱི་འཁོར་ལོ་ཡིས། །ཅིར་སྣང་ལྷན་སྐྱེས་ཡེ་ཤེས་ཀྱི། །འཁོར་དུ་བསྡུས་ནས་རྣམ་བཞིའི་སྐུ། །ཟུང་འཇུག་
རྒྱལ་ས་ཟིན་པར་ཤོག །དེ་བརྙེས་(*ཆ་ཤས་ཅན་གྱི་གཟུགས།) ནས་ནི་སྐུ་གསུང་ཐུགས། །སྒྱུ་འཕྲུལ་བཀོད་པ་དཔག་ཡས་ཀྱིས། །ཕྱོགས་བཅུའི་གདུལ་བྱ་མ་ལུས་པའི། །ཆོས་རྔ་ཆེན་པོར་བདག་གྱུར་ཅིག །དེ་སྐད་སྨོན་(*རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ།) བདག་གསུང་རྡོ་རྗེ། །མངོན་དུ་གྱུར་མིན་བདེན་
ཚིག་མཚོན། །གྲུབ་པ་མིན་ཡང་ལྷག་བསམ་མཐུས། །གང་སྨྲས་དོན་མེད་མ་གྱུར་ཅིག །ཉི་(*ངག་དོན་གྱི་དཔེ།) བཞིན་སྟོན་པས་འཇིག་རྟེན་བརྒྱན། །དེ་ཡི་འོད་བཞིན་ཆོས་རབ་གསལ། །འདབ་བརྒྱ་པས་བཞིན་དཔལ་འཐུངས་པའི། །བཀྲ་
ཤིས་ཀུན་གྱིས་དགེ་གྱུར་ཅིག །ཅེས་བླ་མ་རྡོ་རྗེ་གདན་པ་ཆེན་པོས་མཛད་པའི་གྲུབ་བརྙེས་བརྒྱད་ཅུ་རྩ་བཞིའི་བསྟོད་པའི་ཁ་འགེངས་སམ། འདི་ཁོ་ནས་ལོགས་སུ་བསྟོད་ཀྱང་རུང་བ་ལ། ཡན་ལག་བདུན་པ་གསོལ་བ་འདེབས་པ་དང་བཅས་པའི་ཚིགས་སུ་བཅད་པ་
ཚོགས་ཟུང་རྒྱ་མཚོ་འཕེལ་བའི་ཟླ་འོད་ཅེས་བྱ་བ་འདིའང༌། །རྗེ་བཙུན་ནམ་མཁའ་དཔལ་བཟང་བའི་བཀས་བསྐུལ་ལྟར་རྣམ་གྲངས་དགེ་བའི་རྟེན་འབྲེལ་དུ་བཙུན་པ་ཚུལ་ཁྲིམས་རིན་ཆེན་ཞེས་བོད་པས་ལྷུན་གྲུབ་སྟེང་གི་ཆོས་གྲྭར་བྲིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག།
སླར་ཡང་དཔལ་ལྡན་སྡེ་དགེ་ཁྲི་ཆེན་པ། །འཇིག་རྟེན་ཀུན་དུ་དགའ་སྟེར་དམ་པ་དེའི། །ཕྲིན་ལས་རྒྱ་མཚོའི་གོས་ཅན་མཛེས་ཕྱིར་དུ། །ངོ་མཚར་ཡི་གེར་འཁྲུངས་པའི་པར་དུ་བསྒྲུབས། །སརྦ་མངྒ་ལ་བྷ་ཝ་ཏུ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด