དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) སརྦ་ཏ་ཐཱ་ག་ཏ་ཏཏྟྭ་སྃ་གྲ་ཧ་མ་ཧཱ་ཡཱ་ན་ཨ་བྷི་ས་མ་ཡ་ནཱ་མ་ཏནྟྲ་ཏཏྟྭ་ཨཱ་ལོ་ཀ་ཀཱ་རི་ནཱ་མ་བྱཱ་ཁྱཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๕๗ · หน้า 273b
པོའོ། །དེའི་དམ་ཚིག་ནི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་སོ། །དེ་ཉིད་ཀུན་རྫོབ་གྱི་བདེན་པའི་ངོ་བོས་ཕྱིན་ཅི་མ་ལོག་པས་ན། དེ་ཁོ་ན་ཉིད་དོ། །སེམས་ཅན་གྱི་ཁམས་ལ་རྒྱས་འདེབས་པ་དེས་ན། དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱའོ། །དེར་ངེས་པའི་
ཡེ་ཤེས་དེ་བསླབ་པར་བྱའོ། །རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་ནི། །སངས་རྒྱས་རྗེས་སུ་དྲན་བྱས་ན། །ཞེས་བྱ་བ་ནི། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི་ཞེས་བྱ་བ་ནས། ཨོཾ་ཡ་ཐཱ་སརྦྦ་ཏ་ཐཱ་ག་ཏསྟ་ཐ་ཨ་ཧཾ་ཞེས་བྱ་བའི་བར་དུ་བྱས་ནས། རྡོ་རྗེ་དབྱིངས་ཀྱི་སྦྱོར་བ་གང་ཡིན་པ་དེས། སངས་རྒྱས་
རྒྱས་རྗེས་སུ་དྲན་པ་བསྒོམས་པས་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །རྣལ་འབྱོར་པ་གང་གིས་སེམས་ཅན་ལ་ཕན་པའི་ཕྱིར་བསྒོམ་པ་བྱས་པ་དེ་ཉིད་ཀྱིས་དེས་ནི་སངས་རྒྱས་ཐོབ་པར་འགྱུར་རོ། །དབང་ཕྱུག་དང་ནི་ཨུ་མ་ཡང་། །ཞེས་བྱ་བ་ལ་སོགས་པས་ནི། བཅོམ་ལྡན་
འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བསྟན་ཏོ། །ས་ལ་བྲིས་ཏེ་དེ་ལྟར་མནན། །ཞེས་བྱ་བ་ནི་རས་སམ། སྤང་ལེབ་བམ། རྩིག་པ་ལ་བྲིས་པའམ། ཤིང་ངམ་རྫས་ལས་བླུགས་པའི་གཟུགས་བརྙན་བྱས་པ་ས་ལ་བཞག་སྟེ། ཇི་ལྟ་བའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་
མཛད་ཀྱི་ཧཱུཾ་ཞེས་བྱ་བ་དང་། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ། ཁྲོ་བོ་འདོད་པའི་རྒྱལ་པོས་བཀུག་པ་དང་། བསད་པ་དང་། ཚེ་སྦྱིན་པའི་ཕྱག་རྒྱས་གསོ་བ་དང་། ཁྲོ་བོའི་ཞབས་ཀྱིས་འདྲེན་པས་ཨོཾ་བཛྲ་ཨཾ་ཀུ་ཤ་ཧོཿཞེས་བྱ་བས་དགུག་པ་དང་། ཨོཾ་
བཛྲ་ཨ་བྷི་ཤེ་ཧཱུཾ་ན་བ་ཏྲཾ་ཏྲཏ་ཅེས་བྱ་བས་གཟིར་བ་དང་། ཨོཾ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཾ་ཞེས་བྱ་བས་བབས་པའི་སྡུག་བསྔལ་བ་དང་། ཨོཾ་བཛྲ་ས་མ་ཡ་གྲྀ་ཧྞ་བནྡྷ་ས་མ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཁྲོ་བོ་ཏི་རཱིནྟི་རིས་བཅིངས་ཏེ། དམ་ཚིག་ལ་འཇུག་པ་དང་། རྡོ་རྗེ་འདི་
ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །རྡོ་རྗེ་འདི་ལས་འདས་ན་ནི། །རིགས་རྣམས་མྱུར་དུ་ཐལ་བར་རློག །ཨོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ནི། དམ་ཚིག་གི་ཕྱག་རྒྱ་གཉིས་པ་བསྟན་ནས། ལྷ་ལ་སོགས་པ་དགུག་པ་དང་། རྡོ་རྗེ་ཧེ་རུ་ཀའི་ཕྱག་རྒྱས་རང་
เล่ม ๕๗ · หน้า 274a
གི་ཆུང་མ་དང་བཅས་པའི་ལས་ལ་སྦྱར་ལ། དེ་བཞིན་དུ་སྔགས་ཀྱང་བརྗོད་པར་བྱའོ། །ཇི་ལྟར་བྲིས་པའི་གོ་རིམས་བཞིན། །ཞེས་བྱ་བ་ནི། དེ་བཞིན་དུ་ཞེས་བྱ་བའི་སྒྲའི་དོན་ཏོ། །ཨུཏྤལ་ཆེར་སྔོ་འཚེར་བའི་མདོག །རྡོ་རྗེ་ཧཱུཾ་ཞེས་བྱ་བར་འདུས། །མཆེ་བ་ཅུང་
ཟད་ཕྱུང་བའི་ཞལ། །ཁྲོ་དང་བཅས་པས་འཛུམ་པ་སྟེ། །གཡོན་བརྐྱང་ཚུལ་དུ་གནས་པ་ཡི། །འབར་བའི་ཕྲེང་བས་འཁྲིགས་པའི་འོད། །གཡོན་པའི་ཞབས་ཀྱི་མཐིལ་གྱིས་ནི། །དབང་ཕྱུག་ཆེན་པོ་མནན་པར་བྱས། །གཡས་པའི་ཞབས་ཀྱིས་ཨུ་མ་ཡི། །ནུ་མའི་སྟེང་དུ་གནས་
པར་ནི། །བྲི་བའི་ཆོ་གར་བསྟན་པའི་མཚན་ཉིད་དེས་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམས་ཏེ། སེམས་ཅན་རྒྱས་བཏབ་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ་སྟེ། དེའི་རང་བཞིན་དུ་བདག་ཉིད་རྫོགས་པར་བྱའོ། །དེའི་དངོས་གྲུབ་གང་ཞིག་ཏུ་འགྱུར་ཞེ་ན། དེ་ནི་འཇིག་རྟེན་
གསུམ་ལས་རྒྱལ། །ཞེས་བྱ་བ་སྨོས་པས་འབྲས་བུ་བསྟན་ཏོ། །ཇི་ལྟར་རི་མོ་བྲིས་པ་བཞིན། །འབར་བས་བསྐོར་བའི་དབུས་བཞུགས་པ། །ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དུ་བྲི་བའི་ཆོ་ག་བསྟན་པ་བཞིན་དུ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །
དེ་ལ་སྐུ་རྡོ་རྗེ་ནི་ཇི་སྐད་བཤད་པའི་མཚན་ཉིད་དོ། །གསུང་རྡོ་རྗེ་ནི་ཁྲོ་བོའི་ངག་དང་རང་གི་སྔགས་ཟློས་པའོ། །ཐུགས་རྡོ་རྗེ་ནི་རང་གི་སྙིང་གའི་ཟླ་བར་འབར་བའི་རྡོ་རྗེར་མོས་པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྡམས་ནས་སེམས་དཔའི་ཕྱག་རྒྱ་སྟེ། ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་
དཔའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །དེ་ལྟར་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བྲི་བའི་ཆོ་ག་བསྟན་ཟིན་ཏོ། །སངས་རྒྱས་རྗེས་སུ་དྲན་བསྒྲུབས་པས། །མྱུར་དུ་སངས་རྒྱས་ཉིད་ཐོབ་བོ། །ཞེས་བྱ་བ་ནི་རྣམ་པར་སྣང་
མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས་གང་གི་ཚེ། རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བསྒོམས་ནས་འགྲུབ་པ་དེའི་ཚེ་འགྲུབ་པར་འགྱུར་ཏེ། དེ་ལྟ་བུ་ནི་སངས་རྒྱས་རྗེས་སུ་དྲན་པས་འགྲུབ་པའོ། །མྱུར་དུ་ཞེས་བྱ་བ་ནི་ལུས་དེ་ཉིད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
เล่ม ๕๗ · หน้า 274b
རྫོགས་པར་སངས་རྒྱས་པ་དེས་འགྲུབ་བོ། །འཇིག་རྟེན་གསུམ་ལས་རྒྱལ་བཅིངས་ནས། །ཞེས་བྱ་བ་ནི་དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་དེ་བསྒོམས་ཏེ། སྔགས་དང་ཕྱག་རྒྱས་དངོས་གྲུབ་བསྒྲུབས་ན། ཁམས་གསུམ་རྣམ་པར་རྒྱལ་བ་བསྒོམ་པ་
འགྲུབ་པར་འགྱུར་རོ། །དེ་ཡང་། རྡོ་རྗེ་ཚེ་དང་ཀུན་དུ་འགྲོ། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ཚེ་ནི་རྡོ་རྗེ་ཚེ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དོ། །ཕྲིན་ལས་འབའ་ཞིག་གིས་མཚུངས་པ་ནི་མ་ཡིན་ཏེ། སྐུ་ཚེ་ཡང་དེ་དང་འདྲ་བའོ། །ཀུན་དུ་འགྲོ་ཞེས་བྱ་བ་ནི་རྫུ་འཕྲུལ་ཡང་དེ་དང་འདྲ་ཞེས་བྱ་
བའི་དོན་ཏོ། །རྡོ་རྗེ་དབང་གི་རྒྱལ་པོར་འགྱུར། །ཞེས་བྱ་བ་ནི་རིན་ཆེན་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་གྲུབ་པས་རྒྱལ་པོ་ཉིད་གྲུབ་པར་འགྱུར་རོ། །ཆོས་བཟང་ལྡན་པས་འཇིག་རྟེན་དབང་། །ཞེས་བྱ་བ་ནི་ཆོས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་གྲུབ་པས་འཇིག་རྟེན་དབང་ཕྱུག་ཏུ་འགྱུར་རོ། །ལས་ཀྱི་
རྡོ་རྗེ་ཁྲོ་བོ་ཆེ། །རྡོ་རྗེ་ལས་ནི་བྱེད་པར་འགྱུར། །ཞེས་བྱ་བ་ནི་ལས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དང་ཁྲོ་བོ་ཆེན་པོ་རྡོ་རྗེ་ལས་ཀྱི་སྦྱོར་བས་གྲུབ་པར་གྱུར་ནས་རྡོ་རྗེ་ལྟར་མི་ཕྱེད་པའི་ལས་དེ་བྱེད་པར་འགྱུར་རོ། །སེམས་དཔའ་ཁྲོ་བོ་རབ་ཏུ་བསྟན། །ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའི་ཕྱག་
རྒྱ་ཆེན་པོ་དང་། ཁྲོ་བོ་སེམས་དཔའི་སྔགས་ཀྱིས་གྲུབ་པར་གྱུར་ནས། དེ་རབ་ཏུ་བརྟན་པའི་འབྲས་བུ་ཆེན་པོར་འགྱུར་རོ། །ཁྲོ་བོ་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་ཆེན་པོ་དང་། ཁྲོ་བོ་ལྕགས་ཀྱུས་ཡང་དག་དགུག །ཅེས་བྱའོ། །ཁྲོ་བོ་རྡོ་རྗེ་ཆགས་པའི་ཕྱག་རྒྱ་ཆེན་པོ་དང་། རྡོ་རྗེ་ཆགས་པས་
ཆགས་པར་བྱེད་པའོ། །ཁྲོ་བོ་རྡོ་རྗེ་ལེགས་པའི་ཕྱག་རྒྱ་ཆེན་པོ་དང་། ལེགས་པར་དགའ་བ་སྟེར་བར་བྱེད་པའོ། །ཁྲོ་བོ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཆེན་པོ་དང་། ཁྲོ་གཉེར་དེས་རང་དང་གཞན་གྱི་རྒྱུད་དུ་གཏོགས་པའི་འདོད་ཆགས་ལ་སོགས་པ་བཅོམ་ནས་ཁམས་གསུམ་དུ་གཏོགས་པའི་
རྫས་རྣམས་འབར་བའི་ལྟ་བས་བཀུག་ཅིང་བཞག་པ་ནི་མ་རུངས་པར་བྱེད་པའོ། །ཁྲོ་བོ་རྡོ་རྗེ་ཉི་མ་ནི་ཕྱག་རྒྱ་ཆེན་པོ་ཁྲོ་བོའི་གཟི་བརྗིད་ཉི་མ་དང་མཚུངས་པར་སྟེར་བར་བྱེད་དོ། །ཁྲོ་བོ་རྡོ་རྗེ་དབལ་གྱི་ཕྱག་རྒྱ་ཆེན་པོ་དང་དཔལ་གྱི་ཁྲོ་བོས་ཁམས་གསུམ་པར་གཏོགས་པའི་སྟོབས་དང་མི་
เล่ม ๕๗ · หน้า 275a
འཇིགས་པ་ལ་སོགས་པའི་དོན་རྣམས་བཀུག་པར་འགྱུར་རོ། །ཁྲོ་བོ་རྡོ་རྗེ་བཞད་པའི་ཕྱག་རྒྱ་ཆེན་པོ་དང་། ཧ་ཧ་དགོད་པས་གདུག་པ་དང་རང་གི་རྒྱུད་དུ་གཏོགས་པའི་ཉོན་མོངས་པ་རྣམས་ཀྱིས་བདུད་བྱེད་དོ། །ཁྲོ་བོ་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ཆེན་པོ་དང་། ཁྲོ་བོ་ཆོས་ཀྱི་
རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཀྱི་ཆོས་ཆེན་པོ་རྣམས་བསྡུས་ནས་བསྒྲུབས་ཏེ། བཅིང་བའི་སྦྱོར་བ་བསྒོམ་པར་བྱའོ། །ཁྲོ་བོ་རྡོ་རྗེ་རྣོན་པོའི་ཕྱག་རྒྱ་ཆེན་པོ་དང་། རྡོ་རྗེ་རལ་གྲིས་འདོད་ཆགས་ལ་སོགས་པ་དང་། ཕྱི་རོལ་གྱི་དགྲ་རྣམས་གཅོད་པར་བྱེད་དོ། །
ཁྲོ་བོ་རྡོ་རྗེ་རྒྱུའི་ཕྱག་རྒྱ་ཆེན་པོ་དང་། རྒྱུའི་ཁྲོ་བོས་རང་དང་གཞན་དཀྱིལ་འཁོར་དུ་འཇུག་ཅིང་སྡུག་བསྔལ་འཕྲོག་པར་བྱེད་པའོ། །ཁྲོ་བོ་རྡོ་རྗེ་བསྲུང་བའི་ཕྱག་རྒྱ་ཆེན་པོ་དང་། ཁྲོ་བོ་སྨྲ་བས་སྤྲོས་པ་དང་བཅས་པའི་ཆོས་སུ་གཏོགས་པའི་རྣམ་པར་རྟོག་པ་འཕྲོག་པར་བྱེད་དོ། །ཁྲོ་བོ་རྡོ་རྗེ་ལས་ཀྱི་
ཕྱག་རྒྱ་ཆེན་པོ་དང་། ལས་ཀྱི་ཁྲོ་བོའི་སྔགས་ཀྱིས་ལས་བཟང་པོ་རབ་ཏུ་བྱེད་དོ། །ཁྲོ་བོ་རྡོ་རྗེ་བསྲུང་བའི་ཕྱག་རྒྱ་ཆེན་པོ་དང་། ཁྲོ་བོ་བསྲུང་བའི་སྔགས་དེས་སྲུང་བར་བྱེད་དོ། །ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཆེན་པོ་དང་། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིས་འདོད་ཆགས་ལ་སོགས་པ་དང་། ཕྱི་
རོལ་དགྲ་རྣམས་ཟ་བར་བྱེད་དོ། །ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོ་དང་། ཁྲོ་བོ་ཁུ་ཚུར་གྱིས་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་དོ། །རྡོ་རྗེ་སེམས་མ་ལ་སོགས་པའི་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའ་དང་། ཁྲོ་གཉེར་དང་། ཆོས་དང་། ཁྲོ་བོ་ལས་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་འབྲས་བུ་གང་ཡིན་པ་དེ་
ཉིད་ཀྱི་ཡང་ཡིན་ནོ། །རྡོ་རྗེ་སྒེག་མོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དུ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་འབྲས་བུ་ཉིད་ཡིན་ནོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་བསྟན་ནས། ད་ནི་དམ་ཚིག་གི་ཕྱག་རྒྱའི་མཚན་ཉིད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་ནི་རྡོ་རྗེ་
ཧཱུཾ་མཛད་ལ་སོགས་པའི་དམ་ཚིག་འཛིན་པའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །དེ་དག་བཅིང་བ་ནི་བཅིང་བའི་མཚན་ཉིད་བཤད་པའོ། །རྡོ་རྗེ་གཉིས་ལས་བྱུང་བ་ནི། །དམ་ཚིག་མཆོག་ཏུ་གྲགས་པ་ཡིན། །ཞེས་བྱ་བ་ནི། རྡོ་རྗེ་གཉིས་ནི་རྡོ་རྗེ་ཁུ་ཚུར་གཉིས་ཏེ། དེ་ལས་བྱུང་བ་ནི་
เล่ม ๕๗ · หน้า 275b
སྐྱེས་པའོ། །དམ་ཚིག་མཆོག་ནི་དམ་ཚིག་གི་ཕྱག་རྒྱའོ། །གྲགས་པ་ནི་བཤད་པའོ། །དེ་དག་གི་དམ་ཚིག་མཆོག་བཅིང་བ་བཤད་པའོ། །ཁྱད་པར་ཅི་ལྟ་བུ་ཞིག་ཅེ་ན། ཁྲོ་བོའི་བཅིང་བ་ཞེས་བྱ་བ་སྨོས་ཏེ། ཁྲོས་ནས་བཅིང་བ་ནི་ཁྲོ་བོའི་བཅིང་བ་སྟེ། ཁྲོ་བོས་བཅིངས་པས་ན་ཁྲོ་བོའི་
བཅིང་བའོ། །བླ་ན་མེད་ཅེས་བྱ་བ་ནི་ཀུན་ནས་མཆོག་ཏུ་གྱུར་པའོ། །ལག་ངར་རྡོ་རྗེར་བྱས་ནས་སུ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གའི་གཡས་ཕྱོགས་སུ་ཁ་ཐུར་དུ་བསྟན་ལ་བཟུང་ནས། གཡས་པའི་རྡོ་རྗེ་ཁུ་ཚུར་གཡོན་པའི་མཁྲིག་མའི་སྟེང་དུ་བཞག་
ནས་ཁ་ཐུར་དུ་བསྟན་ཏེ་སྙིང་གར་གཡོན་ཕྱོགས་སུ་གཞག་པ་འདི་ནི་ལག་ངར་རྡོ་རྗེར་བྱས་པའོ། །ལག་ངར་རྡོ་རྗེར་བྱས་པ་དེ་ཉིད་ཀྱིས། །མཐེའུ་ཆུང་ལྕགས་ཀྱུར་བཅིང་བར་བྱ། །ཞེས་བྱ་བ་ནི་མཐེའུ་ཆུང་གཉིས་ལྕགས་ཀྱུར་བྱས་ལ། ཕན་ཚུན་ལུ་གུ་རྒྱུད་དུ་སྦྲེལ་བར་བྱས་པ་ནི་མཐེའུ་ཆུང་ལྕགས་
ཀྱུར་བཅིང་བར་བྱས་པ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱར་འགྱུར་རོ། །ཅི་དེ་ཙམ་གྱིས་སམ་ཞེ་ན་མ་ཡིན་ཏེ། མཛུབ་མོ་གཉིས་ཀྱིས་བསྡིགས་པ་ན། །ཞེས་བྱ་བ་སྨོས་ཏེ། མཛུབ་མོ་གཉིས་བསྒྲེངས་ནས་གང་གི་ཚེ་བསྡིགས་པ་ཡིན་པ་དེའི་ཚེ་འཇིག་རྟེན་གསུམ་ལས་རྣམ་པར་
རྒྱལ་བ་ཞེས་བྱ་བར་བལྟ་བར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་ཁ་ཐུར་དུ་བསྟན་པའི་མཁྲིག་མ་གཡས་པའི་རྡོ་རྗེ་ཁུ་ཚུར་ཁ་ཐུར་དུ་བསྟན་པའི་མཁྲིག་མ་བཞག་སྟེ། མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ་ནས་མཛུབ་མོ་བསྒྲེངས་ཏེ་སྡིགས་མཛུབ་ཏུ་བྱས་
ནས་འཛིན་པ་ནི། རྣམ་པར་སྣང་མཛད་དང་། རྡོ་རྗེ་ཧཱུཾ་མཛད་དང་། རིན་པོ་ཆེ་དང་། ཆོས་དང་། ལས་ཀྱི་ཧཱུཾ་མཛད་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་འདི་ཉིད་ཀྱང་ཡིན་ལ་ཕྱིས་ཀྱང་བཤད་པར་བྱའོ། །དེ་བཞིན་མཛུབ་མོ་ངོས་སྦྱར་ཏེ། ཞེས་བྱ་བ་ནི། ཁམས་
གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་དེ་ཉིད་མཛུབ་མོ་གཉིས་ཕན་ཚུན་ལྟོ་སྦྱར་ནས་རྡོ་རྗེ་སེམས་མའི་གནས་སུ་རྡོ་རྗེ་སེམས་མའི་ཕྱག་རྒྱར་འགྱུར་རོ། །ནོར་བུ་འདྲ་བར་རབ་ཏུ་དགུག །ཅེས་བྱ་བ་ནི་དེ་ཉིད་ཀྱིས་ཞེས་དབང་དུ་བྱེད་པ་དང་སྦྱར་རོ། །མཛུབ་མོ་གཉིས་པོ་དེ་ཉིད་ཀྱི་ནོར་བུ་འདྲ་བར་བྱས་ནས་རྡོ་རྗེ་རིན་ཆེན་མའི་
เล่ม ๕๗ · หน้า 276a
གནས་སུ་རྡོ་རྗེ་རིན་ཆེན་མར་འགྱུར་རོ། །གུང་མོ་མཉམ་བསྒྲེང་པདྨར་བྱ། །ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱའི་མཛུབ་མོ་དང་གུང་མོ་བསྒྲེངས་ནས། རྒྱབ་ཀྱི་ཆ་ཕན་ཚུན་དུ་སེན་མོ་སྦྱར་ཏེ་པདྨའི་འདབ་མ་འདྲ་བར་བྱས་ནས། རྡོ་རྗེ་ཆོས་མའི་གནས་
སུ་རྡོ་རྗེ་ཆོས་མར་འགྱུར་རོ། །གུང་མོ་མཛུབ་མོ་གཉི་གར་བསྡིགས། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ། ཇི་སྐད་བཤད་པའི་གཡོན་པའི་མཛུབ་མོ་དང་གུང་མོ་བསྒྲེངས་ཏེ་ཕན་ཚུན་སྦྱར་ནས་གཡས་པའི་མཛུབ་མོ་དང་། གུང་མོ་ཡང་སྦྱར་བར་བྱ་བ་ནི་རྡོ་རྗེ་
ལས་མའི་གནས་སུ་རྡོ་རྗེ་ལས་མའི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ། །མཛུབ་མོ་གཉི་ག་རྡོ་རྗེར་བྱ། །ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་མཛུབ་མོ་གཉིས་ཁ་སྦྱར་ནས་ཁབ་ལྟར་བྱས་པ་ནི། ཁྲོ་བོ་རྡོ་རྗེ་སེམས་དཔའིའོ། །གཡས་པ་ལྕགས་ཀྱུར་དགུག་པར་བྱ། །ཞེས་
བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་ཀྱི་གཡས་པའི་མཛུབ་མོ་བསྐུམས་ནས་ལྕགས་ཀྱུ་ལྟར་བྱས་པ་ནི་ཁྲོ་བོ་རྡོ་རྗེ་རྒྱལ་པོའིའོ། །དེ་ཉིད་ཧཱུཾ་ཞེས་བྱ་བར་འདུད། །ཅེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་ལས་གཡས་པའི་མཛུབ་མོའི་ལྕགས་ཀྱུས་གཡོན་པའི་ལྕགས་ཀྱུ་འདྲེན་པ་ནི་ཁྲོ་བོ་
རྡོ་རྗེ་ཆགས་པའིའོ། །ལེགས་པ་བཞིན་པ་དེ་བཞིན་ཏེ། །ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་ཀྱིས་མཛུབ་མོ་དང་། མཐེ་བོས་སེ་གོལ་བརྡེབས་པ་ནི་ཁྲོ་བོ་རྡོ་རྗེ་ལེགས་པའིའོ། །མཛུབ་གཉིས་དཔྲལ་བར་ཉེ་བར་བཞག །ཅེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་
ཕྱག་རྒྱ་མཛུབ་མོའི་རྩེ་མོ་གཉིས་མཛོད་སྤུར་གཞག་པ་ནི་ཁྲོ་བོ་ཁྲོ་གཉེར་གྱིའོ། །སྙིང་གར་མཛུབ་མོ་ཉི་མ་བསྐོར། །ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་སྙིང་གའི་ཕྱོགས་སུ་བཞག་ནས་ཉི་མའི་དཀྱིལ་འཁོར་ལྟར་བསྐོར་བ་ནི་ཁྲོ་བོ་རྡོ་རྗེ་ཉི་མའིའོ། །ལག་ངར་བརྐྱང་སྟེ་སྤྱི་
བོར་གཞག །ཅེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་ལས་ལག་ངར་གཉིས་བརྐྱང་སྟེ་སྤྱི་བོར་གཞག་པ་ནི་ཁྲོ་བོ་རྡོ་རྗེ་དབལ་གྱིའོ། །མཛུབ་མོ་ཁ་ནས་དགོད་ལྟར་བྱ། །ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་ལས་མཛུབ་མོའི་རྩེ་མོ་གཉིས་ཁར་གཞག་
เล่ม ๕๗ · หน้า 276b
པའི་ཚུལ་དུ་བྱེད་པ་ནི་ཁྲོ་བོ་རྡོ་རྗེ་བཞད་པའིའོ། །མཛུབ་མོའི་སེན་མོ་སྦྱར་བར་བྱ། །ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་ཀྱི་སེན་མོ་སྦྱར་བ་ནི་ཁྲོ་བོ་རྡོ་རྗེ་ཆོས་ཀྱིའོ། །གཡས་པས་རལ་གྲི་བཅངས་པའོ། །ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་
རྒྱལ་བའི་ཕྱག་རྒྱ་ཉིད་ལས་གཡས་པའི་མཛུབ་མོ་རྡོ་རྗེ་ཁུ་ཚུར་གྱི་སྦྱོར་བ་ལས་རལ་གྲི་འཛིན་པའི་ཚུལ་དུ་བྱེད་པ་ནི་ཁྲོ་བོ་རྡོ་རྗེ་རྣོན་པོའིའོ། །གུང་མཛུབ་མཉམ་བསྒྲེང་འཁོར་ལོ་ཡི། །ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་ལས། གུང་མོ་དང་མཛུབ་མོར་བཅས་པ་བསྒྲེངས་ནས།
རྡོ་རྗེ་ཐལ་མོའི་ཚུལ་གྱིས་དེའི་དབུས་མ་བཅིངས་པ་ནི་ཁྲོ་བོ་རྡོ་རྗེ་རྒྱུའིའོ། །ཁ་ཡི་ནང་ནས་དབྱུང་བར་བྱ། །ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས། ཚིག་འབྱིན་པའི་ཚུལ་གྱིས་ཁའི་ཕྱོགས་སུ་གྱེན་དུ་འདྲེན་པ་ནི་ཁྲོ་བོ་རྡོ་རྗེ་སྨྲ་བའིའོ། །མཛུབ་མོ་གུང་མོ་རྡོ་རྗེར་བྱ། །
ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས། གཡས་པའི་གུང་མོ་དང་མཛུབ་མོ་གཉིས་སྦྱར་ནས་བསྒྲེང་སྟེ། གཡོན་པའི་མཛུབ་མོ་དང་གུང་མོ་གཉིས་ཁབ་ལྟར་བྱས་པ་ནི་ཁྲོ་བོ་རྡོ་རྗེ་ལས་ཀྱིའོ། །མཛུབ་མོ་གཉིས་ནི་མགུལ་པར་བསྐོར། །ཞེས་བྱ་བ་ནི་ཁམས་
གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་ཀྱི་མགྲིན་པ་རྐམ་པའི་ཚུལ་དུ་འཛིན་པ་ནི་ཁྲོ་བོ་རྡོ་རྗེ་སྲུང་བའིའོ། །མཛུབ་མོ་གཉིས་ནི་མཆེ་བ་ཆེ། །ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་ལས། མཛུབ་མོ་གཉིས་བརྐྱང་ནས་མཆེ་བའི་ཚུལ་དུ་ཁར་
འཛིན་པ་ནི་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིའོ། །མཛུབ་མོ་བཀུག་པ་རྡོ་རྗེ་བཅིངས། །ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས། གཡས་པའི་མཛུབ་མོ་རང་གི་མཐེ་བོའི་རྒྱབ་སྦྱར་ལ། གཡོན་པའི་མཛུབ་མོའི་ཡང་དེ་བཞིན་དུ་བྱས་པ་ནི། ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་
ཕྱག་རྒྱའོ། །རྡོ་རྗེ་སྒེག་མོ་ལ་སོགས་པ། །སེམས་མའི་ཕྱག་རྒྱ་དེ་ཉིད་ཧཱུཾ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་སྒེག་མོ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བསྟན་པ་གང་ཡིན་པ་དེ་ཉིད་ཀྱིས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཡང་། མཛུབ་མོ་
เล่ม ๕๗ · หน้า 277a
གཉིས་ཀྱི་སྡིགས་མཛུབ་བཅིང་བའི་སྦྱོར་བས་དམ་ཚིག་ཕྱག་རྒྱར་འགྱུར་ཏེ། རྡོ་རྗེ་བསྡམས་པ་དེ་ཉིད་བཅིངས་ལ། དེ་ནས། སྙིང་གར་མཐེ་བོ་བསྙམས་ལ་གཞག །རབ་ཏུ་བརྐྱང་བ་ཕྲེང་བའོ། །ཐལ་མོ་སྦྱར་ཏེ་ཁ་ནས་དབྱུང་། །གར་ལས་ཐལ་སྦྱར་སྤྱི་བོར་གཞག །
རྡོ་རྗེ་བཅིང་བ་ཐུར་དུ་བླུགས། །རང་གི་ཐལ་སྦྱར་གྱེན་དུ་གཏོར། །རྡོ་རྗེ་བསྙམས་ཏེ་རབ་ཏུ་བསྡམ། །རབ་ཏུ་བརྐྱང་ནས་བྱུང་བའོ། །མཛུབ་མོ་གཅིག་ཏུ་བཀུག་པ་དང་། །མཐེ་བོང་གཉིས་ནི་མདུད་པ་དང་། །མཐེ་བོང་མཛུབ་མོ་གདུ་བུར་བཅིང་། །རྡོ་རྗེ་བཅིང་བ་མཛུབ་མོར་བསྡམ། །ཞེས་བྱ་
བའོ་ཞེས་ཆོས་ཀྱི་ཕྱག་རྒྱ་སྟེ། ཧཱུཾ་ཞེས་བྱ་བར་ལྷན་ཅིག་གོ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཉིད་དུ་སྒེག་མོ་ལ་སོགས་པའི་ཆོས་ཀྱི་ཕྱག་རྒྱ་གསུངས་པ་གང་ཡིན་པ་དེ་ཉིད་འདིར་ཡང་ཡི་གེ་ཧཱུཾ་དང་བཅས་པས་སྒེག་མོ་ལ་སོགས་པའི་ཕྱག་རྒྱར་འགྱུར་ཏེ། དེས་ན་དེ་ཡང་མ་
ཧཱ་རཱ་ཏི་ཧཱུཾ། རཱུ་པ་ཤོ་པེ་ཧཱུཾ། ཤྲོ་ཏ་སཽ་ཁྱ་ཧཱུཾ། སརྦྦ་པཱུ་ཛ་ཧཱུཾ། པྲ་ཧ་ལ་ད་ནི་ཧཱུཾ། ཕ་ལ་ག་མི་ཧཱུཾ། སུ་ཏེ་ཛྭ་གྲི་ཧཱུཾ། སུ་གནྡྷི་གི་ཧཱུཾ། ཨ་ཡ་ཧི་ཛཿཧཱུཾ། ཨ་ཧི་ཧཱུཾ་ཧཱུཾ་ཧཱུཾ། ཧེ་སྥོ་ཊ་བཾ་ཧཱུཾ། གྷཎྜ་ཨཿཨཱཿཧཱུཾ་ཞེས་བྱ་བ་དང་། རྡོ་རྗེ་སེམས་མ་ལ་སོགས་པའི་ཡང་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་བྱ་བར་
བལྟ་བར་བྱའོ། །རྡོ་རྗེ་རྣམས་ཀྱི་དམ་ཚིག་སྟེ། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་དེའི་ལས་ཀྱི་ཕྱག་རྒྱར་འགྱུར་ཏེ། རྡོ་རྗེ་རིགས་ནི་ཆེན་པོ་ཡི། །ལས་ཀྱི་ཕྱག་རྒྱ་མདོར་བསྡུས་ནས། །ཞེས་བྱ་བ་ནི་མདོར་བསྡུས་པའི་སྡོམ་པའོ། །ཁྲོ་བོའི་ཁུ་ཚུར་གཉིས་སུ་
བཤད། །ཅེས་བྱ་བ་ནི་བཅོམ་ལྡན་འདས་ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་དེ་གཉིས་སུ་བྱས་པའི་རྡོ་རྗེ་ཁུ་ཚུར་གཉིས་སུ་འགྱུར་ཏེ། དེ་ནས་རྡོ་རྗེ་འགྱིང་བ་ལ་སོགས་པའི་ཚུལ་གྱིས་སྦྱོར་བར་བྱའོ། །དེའི་དོན་ནི་འདི་ཡིན་ཏེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྡོ་རྗེ་བསྙེམས་པའི་
ཚུལ་དུ་བྱས་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་དེའི་ལས་ཀྱི་ཕྱག་རྒྱར་གསུངས་སོ། །སོགས་པ་སྨོས་པ་ནི་རྡོ་རྗེ་ལྕགས་ཀྱུ་འཛིན་པས་གནས་པ་ལ་སོགས་པ་གར་ཡིན་པ་དེ་ནི་རྡོ་རྗེ་འགྱིང་བ་ལ་སོགས་པའི་ཚུལ་གྱིས་སོ། །ཚུལ་ནི་རྡོ་རྗེ་བསྙེམས་པ་ལ་སོགས་པའི་ཚུལ་གྱིས་
เล่ม ๕๗ · หน้า 277b
རྡོ་རྗེ་བསྙེམས་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱའི་སྦྱོར་བས་སོ། །བཤད་ཅེས་བྱ་བ་ནི་བསྟན་པས་སོ། །ཇི་ལྟར་བཤད་ཅེ་ན། གང་དང་གང་གི་ཕྱག་རྒྱ་རྣམས། །ལས་ཀྱི་ཕྱོགས་ནི་གང་དུ་བ། །དེ་དང་དེར་ནི་བསྒྱུར་ནས་ཀྱང་། །ཕྱག་རྒྱ་དེར་ནི་སྦྱར་བར་བྱ། །ཞེས་གསུངས་སོ། །
རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་དང་གང་གི་ལས་ཀྱི་ཕྱག་རྒྱ་གང་དང་གང་དག་བཤད་པའི་གནས་དེ་དང་དེ་རྣམས་སུ་ལས་ཀྱི་ཕྱག་རྒྱ་ཕྱོགས་དེ་དང་དེ་རྣམས་སུ་བྱའོ། །ཇི་ལྟར་འགྱུར་ཞེ་ན། ལས་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་ལས་རྣམས་བསྐྱེད་
པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དང་དེར་ནི་བསྒྱུར་ནས་ཀྱང་། །ཞེས་བྱ་བ་ནི་དེ་དང་དེ་ཉིད་དུ་གར་གྱི་སྦྱོར་བ་དེ་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། ལས་ཀྱི་ཕྱག་རྒྱ་ཐམས་ཅད་ནི། །རྡོ་རྗེ་ཁུ་ཚུར་གཉིས་ལས་འབྱུང་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བཅིང་བའི་མཚན་
ཉིད་གསུངས་པ་ལས། ཁྱད་པར་ནི་འདི་ཡོད་དེ། ལངས་ནས་གར་བྱ་བ་ལས་འབྱུང་བའོ། །དེ་ལ་རྡོ་རྗེ་དབྱིངས་སུ་གསུངས་པའི་ཕྱག་རྒྱ་ནི་འདི་ཡིན་ཏེ། གཡོན་པའི་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེ། །སངས་རྒྱས་བྱང་
ཆུབ་སྦྱིན་བྱེད་པའི། །བསྒྱིངས་བཅས་གསོར་བ་གཉིས་ཀ་ཡིས། །ལྕགས་ཀྱུ་འཛིན་ལྟར་གནས་པ་དང་། །མདའ་འཕང་པ་ཡི་ཚུལ་དང་ནི། །ལེགས་སོ་ཞེས་པ་སྙིང་གར་གཞག །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །སྙིང་གར་ཉི་མ་བརྟན་པར་བྱ། །གཡོན་པ་ལ་ནི་གྲུ་མོ་གཟུགས། །
དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ། །གཡས་པ་ཡིས་ནི་གཡོན་པ་དབྱེ། །སྙིང་གར་གཡོན་པ་རལ་གྲི་མདུད། །མགལ་མེའི་འཁོར་ལོ་བསྐོར་བ་དང་། །རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང་། །རྡོ་རྗེ་གར་བསྐོར་བཀྲོལ་བ་ཡི། །ཐལ་མོ་དགྲམ་པ་སྤྱི་བོར་གཞག །གོ་ཆ་མཐེའུ་ཆུང་
མཆེ་བ་དང་། །ཁུ་ཚུར་གཉིས་ནི་མནན་པའོ། །རྡོ་རྗེ་འགྱིང་བའི་ཚུལ་གྱིས་ནི། །བསམ་པ་གཡོས་པས་འདུད་པར་བྱ། །རྡོ་རྗེ་བཅིང་དང་ཁ་ནས་དབྱུང་། །རྡོ་རྗེ་གར་ནི་བསྐོར་བ་ཡིན། །རྡོ་རྗེ་ཁུ་ཚུར་ཚུལ་གྱིས་ནི། །བདུག་པ་ལ་སོགས་དེ་བཞིན་སྦྱིན། །སངས་རྒྱས་ཀུན་ལ་
เล่ม ๕๗ · หน้า 278a
མཆོད་པ་ཡི། །ཕྱག་རྒྱའི་མཆོད་པ་བྱེད་པ་པོ། །མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། །མཐེ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པ་མཛུབ་གཉིས་གདབ། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །ཞེས་བྱ་བ་ལས། འདིར་ཁྱད་པར་ནི་འདི་ཡིན་པར་བལྟ་བར་བྱ་སྟེ།
རྡོ་རྗེ་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་སེམས་མ་རྣམས་ནི་རྡོ་རྗེ་བསྙེམས་མ་ལས་ལག་པ་གཉིས་ཀ་འདེགས་པའི་ཚུལ་དུ་བྱེད་པའོ། །རིན་ཆེན་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་ཁྲོ་གཉེར་དང་། རྡོ་རྗེ་རིན་ཆེན་མ་རྣམས་ནི་རྡོ་རྗེ་གཉིས་དབང་བསྐུར་བའི་ཚུལ་དུ་བྱེད་པའོ། །ཆོས་ཀྱི་ཧཱུཾ་
མཛད་དང་། ཁྲོ་བོ་རྡོ་རྗེ་ཆོས་དང་། རྡོ་རྗེ་ཆོས་མ་རྣམས་ནི་གཡས་པས་གཡོན་པ་འབྱེད་པའི་ཚུལ་དུ་བྱེད་པའོ། །ལས་ཀྱི་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་ལས་དང་། རྡོ་རྗེ་ལས་མ་རྣམས་ནི་རྡོ་རྗེ་གར་བསྐོར་བ་བཀྲོལ་བའི་ཐལ་མོ་སྦྱར་བ་སྤྱི་གཙུག་ཏུ་གཞག་པ་ནི་ལས་ཀྱི་ཕྱག་རྒྱར་འགྱུར་རོ། །དེ་ལ་གཞན་
དག་ནི་མི་བསྐྱོད་པ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཉིད་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྣམས་ཀྱིར་ཡང་འགྱུར་ཏེ། གང་གི་ཕྱིར་དེ་མི་བསྐྱོད་པ་ལ་སོགས་པའི་གནས་ན་གནས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། གང་གི་ཕྱིར་དེ་མི་བསྐྱོད་པ་ལ་སོགས་པའི་གནས་ལ་གནས་སུ་ཟིན་ཀྱང་། འཁོར་
ལོས་སྒྱུར་བ་ཡིན་པའི་ཕྱིར། མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ནི་མ་ཡིན་ནོ། །དེ་ཉིད་རྡོ་རྗེ་འཁོར་ལོས་སྒྱུར་བའི་ལས་ཀྱི་ཕྱག་རྒྱ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་ལས་ཀྱི་ཕྱག་རྒྱར་རྣམ་པར་མི་གཞག་པའོ། །ཇི་ལྟར་འགྲོ་བ་འདུལ་བ་དང་། དོན་ཐམས་ཅད་གྲུབ་པར་ནི་མི་
བསྐྱོད་པའི་གནས་ན་གནས་པ་ཡང་། འཁོར་ལོས་སྒྱུར་བའི་རང་བཞིན་ཡིན་པས་འཁོར་ལོས་སྒྱུར་བའི་ཕྱག་རྒྱ་ཡིན་པ་བཞིན་ནོ། །དཔལ་མཆོག་དང་པོ་ལ་སོགས་པའི་རྒྱུད་རྣམས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཁོ་ན་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཕྱག་རྒྱ་
གསུངས་པས། ཡིད་གཉིས་མི་བྱའོ། །དེ་ལྟར་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་དངོས་གྲུབ་སྒྲུབ་པའི་ཕྱག་རྒྱ་རྣམས་བསྟན་ནས། ད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། ཁྲོ་བོ་རྡོ་རྗེ་འབེབས་པའི་བར་དུ་ཁྲོ་བོ་ཐམས་ཅད་ཀྱི་བཟླས་པ་བྱེད་པ་ན་
เล่ม ๕๗ · หน้า 278b
ཡང་། དཔལ་རྡོ་རྗེ་ཧཱུཾ་མཛད་དུ་བྱས་ལ་ལས་རྣམས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་དེ་ནས་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་སྤྱིའི་ཕྱག་རྒྱ་བཅིང་བ་བཤད་དོ་ཞེས་བྱ་བ་སྨོས་ཏེ་སྤྱི་ནི་ཁྲོ་བོའི་ལྷ་ཐམས་ཅད་ཀྱི་ཐུན་མོང་ངོ་། །འཇིག་
རྟེན་གསུམ་རྒྱལ་ཕྱག་རྒྱ་ནི། །ཇི་སྐད་དུ་བཤད་པའི་མཚན་ཉིད་དོ། །རྡོ་རྗེ་མཛུབ་མོའི་དམ་ཚིག་གོ། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་བཞི་པོ་དེའི་རྡོ་རྗེ་མཛུབ་མོའི་དམ་ཚིག་གོ། །དེ་ཉིད་འཆད་པ་འདི། རྡོ་རྗེ་ཧཱུཾ་ཞེས་སྔགས་ཀྱིས་ཏེ། །ཞེས་བྱའོ། །དེ་ཡང་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཛད་
ཀྱི་སྔགས་དང་། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་གང་ཡིན་པ་དེས་འདི་དང་གང་ཡང་རུང་བའི་སྔགས་བཟླས་པའི་སྦྱོར་བས་སྒྲུབ་པ་པོ་མངོན་པར་འདོད་པའི་ལས་ཐམས་ཅད་སྒྲུབ་པར་བྱེད་དོ། །མཐེའུ་ཆུང་མཛུབ་མོ་ལྕགས་ཀྱུར་བཅས། །ཞེས་བྱ་བ་ནི། གཡོན་པའི་རྡོ་རྗེ་ཁུ་ཚུར་མདུན་དུ་
ཁ་ཐུར་དུ་བསྟན་ལ། དེའི་སྟེང་དུ་གཡས་པ་གན་རྐྱལ་དུ་བཞག་སྟེ་མཐེའུ་ཆུང་གཉིས་ལྕགས་སྒྲོག་ཏུ་བྱས་ལ། སྡིགས་མཛུབ་གཉིས་པ་བཅིང་བ་ནི་ཁྲོ་བོ་འདོད་པའི་རྒྱལ་པོའི་ཕྱག་རྒྱར་འགྱུར་ཏེ། ཧཱུཾ་ཊཀྐི་ཛཿཞེས་བྱ་བ་འདི་དང་། ལྷ་ཆེན་པོ་ལ་སོགས་པའི་འཇིག་རྟེན་པའི་འཁོར་ཐམས་ཅད་དགུག་
པར་བྱའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསྐྱེད་པར་བྱའོ་ཞེས་བལྟ་བར་བྱའོ། །རིག་པ་དམ་པ་ཐམས་ཅད་ཀྱི། །འཇིག་རྟེན་གསུམ་ལས་རྒྱལ་ཞེས་བཤད། །ཅེས་བྱ་བ་ནི་རིག་པ་དམ་པ་ཐམས་ཅད་ནི། རྣམ་པར་སྣང་མཛད་དང་།
རྡོ་རྗེ་ཧཱུཾ་མཛད་དང་། རིན་ཆེན་ཧཱུཾ་མཛད་དང་། ཆོས་ཀྱི་ཧཱུཾ་མཛད་དང་། ལས་ཀྱི་ཧཱུཾ་མཛད་དོ། །དེ་དག་ལས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱའི་མཆོག་ཏུ་བཤད་ཅེས་བྱ་བའི་དོན་ཏོ། །གཞན་དག་ནི་རིག་པ་དམ་པའི་ཕྱག་རྒྱ་ཐམས་ཅད་བསྐྱེད་པའི་རྒྱུ་ནི་ཁམས་གསུམ་རྣམ་པར་རྒྱལ་བར་
བཤད་དོ་ཞེས་སེམས་ན་དེ་ཡང་མི་རིགས་ཏེ། གཞན་དག་ནི། དེ་བཞིན་མཛུབ་མོ་ངེས་སྦྱར་ལ། །ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་འདི་ཉིད་ཀྱིས་གཙོ་བོར་བཤད་དོ་ཞེས་ཟེར་རོ། །ཐམས་ཅད་ཀྱང་ནི་གནོན་པ་སྟེ། །ཞེས་བྱ་བ་ནི་ལྷ་ཆེན་པོ་ལ་སོགས་པའོ། །འདི་སྐད་སྟོན་པ་ཡིན་ཏེ།
เล่ม ๕๗ · หน้า 279a
འདོད་པའི་རྒྱལ་པོས་ཁམས་གསུམ་པ་བཀུག་ནས་ཁམས་གསུམ་རྣམ་པར་རྒྱལ་བ་བཅིངས་ཏེ། ཧཱུཾ་ཞེས་བྱ་བས་མནན་པར་བྱའོ། །དེ་བཞིན་ལས་རྣམས་ཐམས་ཅད་བྱེད། །ཅེས་བྱ་བ་ནི་ཇི་ལྟར་ཁམས་གསུམ་རྣམ་པར་རྒྱལ་བས་མནན་པ་དེ་བཞིན་དུ་ལས་ཐམས་ཅད་ཀྱང་
བྱ་སྟེ། དེ་སྐད་དུ་ཡང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེའི་རྒྱུད་ལས། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། ལས་བརྒྱ་རྩ་བརྒྱད་བསྒྲུབ་པར་བྱའོ། །འདི་ལྟ་སྟེ། གནོན་པས་འདུལ་བ་རྣམས་ལ་གནོན་པ་དང་བསླང་བས་འདུལ་བ་རྣམས་ལ་སློང་བ་དང་། བཏང་
བས་འདུལ་བ་རྣམས་ལ་བཏང་བ་དང་། བཀུག་པས་འདུལ་བ་རྣམས་ལ་འགུགས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་མཛུབ་མོ་གཉིས་ལེགས་པར། །རབ་མཉམ་བཞག་ལ་བསྙམས་ནས་ནི། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་བསླངས་ཏེ་བརྐྱང་ནས་རྩེ་
མོ་སྦྱར་ལ་འོག་ཏུ་བསྟན་ལ་འདེགས་པ་ནི་རྡོ་རྗེ་སློང་བའི་ཕྱག་རྒྱའོ། །རྡོ་རྗེ་མཛུབ་གཉིས་ལེགས་པར་ཡང་། །རྡོ་རྗེ་བཅིང་བས་བཅིངས་ནས་ནི། །ཞེས་བྱ་བ་ནི་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ལྕགས་སྒྲོག་ཏུ་སྦྲེལ་ལ་བསྒྱུར་ཏེ། སྤྱི་གཙུག་ཏུ་གཞག་པ་ནི་རྒྱལ་མཚན་གྱི་ཕྱག་རྒྱའོ། །
རྡོ་རྗེ་བཅིང་བ་དམ་བྱས་ཏེ། །མཐེ་བོ་བསྙམས་ལ་ནང་དུ་གཞུག །ཅེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ། མཐེ་བོ་བསྙམས་ལ་ནང་དུ་གཞུག་པ་ནི་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱི་ཚུལ་གྱིས་མཛུབ་མོ་གཉིས་ཀྱིས་རང་གི་མཐེ་བོའི་རྒྱབ་ཏུ་མནན་ནས། ཕྱག་གཡོན་པས་དྲངས་ཏེ། གཡས་
ཀྱི་ཕྱོགས་སུ་བསྒྲུབ་པར་བྱ་བ་འགུགས་པར་སེམས་པ་འདི་ནི་ཁྲོ་བོའི་ཞབས་འོག་ཏུ་འགུགས་པའི་ཕྱག་རྒྱའོ། །འཇིག་རྟེན་གསུམ་རྒྱལ་བཅིངས་ནས་ནི། །གང་གི་གཟུགས་ལ་རྐང་གཡོན་པས། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དེ་བཅིངས་ཏེ།
ལྷ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱ་བའི་གཟུགས་བརྙན་མནན་ནས། ཨོཾ་བཛྲ་ཨ་ཀྲ་མ་ཧོ་ཞེས་བྱ་བ་དེས་ཅི་འདོད་པའི་ཁྲོ་བོའི་བཟླས་པ་བྱས་ལ། ཟླ་བ་ཕྱེད་སྦྱོར་བ་བྱས་ནས་བསྒྲུབ་པ་བྱས་ན་འགྲུབ་པར་འགྱུར་རོ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཤིང་ལྗོན་
เล่ม ๕๗ · หน้า 279b
པ་གཉིས་སུ་བསམས་ཏེ། བསྒྲུབ་པར་བྱ་བ་ལ་བསྣུན་པར་བསམས་ན། རྡོ་རྗེ་ཁུ་ཚུར་དེ་གཉིས་གཅིག་ལ་གཅིག་བསྡམས་ནས། ཨོཾ་བཛྲ་ཨཱ་བེ་ཤ་ཧ་པ་ཏྲཾ་ཏ་ཊ་ཞེས་བརྗོད་པ་དེས་ལྷ་ཆེན་པོ་ལ་སོགས་པ་སེམས་ཅན་ཐམས་ཅད་དབབ་པར་བྱའོ། །དེ་ནས་དེ་རང་གི་ངང་གིས་བདག་ཉིད་ལ་དབབ་
པར་འགྱུར་རོ། །རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། མཛུབ་མོ་གཉིས་གོ་ཆ་འཆིང་བའི་ཚུལ་དུ་ཕྱག་བྱའོ། །ཨོཾ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཾ། ཞེས་བརྗོད་པ་དེས་ལྷ་ཆེན་པོ་ལ་སོགས་པའི་སེམས་ཅན་རྣམས་སྡུག་བསྔལ་བསལ་བར་བྱ་སྟེ། རང་ངམ་
གཞན་ལ་འདིས་བསྲུང་བ་ནི་འབྲས་བུ་ཡིན་ནོ། །རྡོ་རྗེ་མཐིལ་དུ་བཅིངས་ནས་སུ། །ཞེས་བྱ་བ་ནི་རྡོ་རྗེ་ལག་མཐིལ་དུ་བཅིངས་ནས། མཐེ་བོ་གཉིས་ཀྱིས་ཁྲོས་ནས་དགབ་པར་བྱ་བ་དེ་ཉིད་ཀྱིས་རྡོ་རྗེའི་རིགས་ཆེན་པོ་རྣམས་འགྲུབ་པར་འགྱུར་རོ། །འདི་ཉིད་བཅིངས་པས་འཇིག་རྟེན་གསུམ་གྱི་
འཁོར་ལོ་མ་ལུས་པའི་དམ་ཚིག་འཛིན་པའི་ལས་ཀྱི་དུས་སུའམ། ཨོཾ་བཛྲ་ས་མ་ཡ་གྲྀཧྞ་བནྡྷ་ས་མ་ཡཾ་ཞེས་བྱ་བའི་སྔགས་ཀྱིས་དཀྱིལ་འཁོར་རྒྱལ་པོ་མཆོག་བསྒོམ་པའི་དུས་སུ་འདི་གཞུག་པ་དང་། སློབ་དཔོན་གྱིས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སློབ་དཔོན་དང་སློབ་མ་
རྣམས་གཞུག་པར་བྱའོ། །སེམས་དཔའ་རྡོ་རྗེ་དམ་བྱས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་སེམས་མ་རྡོ་རྗེ་མ་བཅིངས་ཏེ། བསྟན་པར་བྱས་ནས་མཐེའུ་ཆུང་གཉིས་ཁབ་ལྟར་བསྒྲེངས་ནས། མཐེ་བོ་གཉིས་བསྒྲེངས་ཏེ། མཛུབ་མོ་གཉིས་ཀྱི་སྟེང་དུ་
མནན་པ་ནི། དཀྱིལ་འཁོར་རྒྱལ་པོ་མཆོག་བསྒོམ་པའི་དུས་སམ། ལས་ཀྱི་དུས་སུ་ཁམས་གསུམ་པ་ཐམས་ཅད་དམ་ཚིག་འཛིན་པའི་ཕྱག་རྒྱ་གཉིས་པ་ཡིན་ནོ། །དེའི་སྔགས་ནི་འདི་ཡིན་ཏེ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །དམ་ཚིག་འདི་ལས་འདས་ན་
ནི། །རིགས་རྣམས་མྱུར་དུ་ཐལ་བར་རློག །ཨོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ། རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཛུབ་མོ་གཉིས་ལྕགས་སྒྲོག་ཏུ་སྦྲེལ་ཏེ། གཡས་ཕྱོགས་སུ་སྟོབས་ཀྱིས་གཅུས་ནས། སླར་ཡང་གཡོན་གྱི་ཕྱོགས་སུ་གཅུ་
เล่ม ๕๗ · หน้า 280a
བ་ནི་ལས་ཀྱི་དུས་སམ། དཀྱིལ་འཁོར་རྒྱལ་མཆོག་གི་དུས་སུ་ལྷ་འགུགས་པའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་བ་ལིནྟ་ཨོད་བ་ལིན་བཛྲ་ཨཱ་ཀཪྵ་ཡ་ཛཿརྡོ་རྗེ་བཅིང་བ་དམ་བྱས་ཏེ། དེ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ་བཅིང་བ་དམ་པོར་བྱས་ཏེ། མཛུབ་མོ་གཉིས་བསྒྲེང་བ་
སྟེ། བཀུག་ནས་མཐེ་བོ་གཉིས་དབུས་སུ་བཞག་ལ། བཙིར་བ་ནི་བར་སྣང་གི་ལྷ་རྣམས་ཀྱི་ཕྱག་རྒྱའོ། །འདི་ནི་ལས་ཀྱི་དུས་སམ། དཀྱིལ་འཁོར་རྒྱལ་པོ་མཆོག་བསྒོམ་པའི་དུས་སུ་བར་སྣང་བ་རྣམས་ལ་བཀའ་བསྒོ་བ་ལ་སྦྱར་བར་བྱ་སྟེ། འདིའི་སྔགས་ནི་ཧཱུཾ་བཛྲ་ཨ་གྲ་པི་ཏ་ཡ་ཧཱུཾ་ཞེས་བྱ་བའོ། །
རྡོ་རྗེ་ཕྱག་རྒྱ་གཉིས་ཀ་ལས། །མཐེའུ་ཆུང་གཉིས་ཀ་བཅིངས་ནས་ཀྱང་། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་གྱེན་དུ་ཁ་བསྟན་ལ་མཛུབ་མོ་དང་མཐེའུ་ཆུང་གཉིས་སོ་སོར་ལྕགས་སྒྲོག་ལྟར་སྦྲེལ་ནས་བསྒྱུར་ཞིང་བཟློག་སྟེ། སྤྱི་བོར་གཞག་པ་ནི་ནམ་མཁའ་ལ་སྤྱོད་པའི་ཕྱག་རྒྱའོ། །འདི་ཡང་དཀྱིལ་
འཁོར་རྒྱལ་མཆོག་བསྒོམ་པའི་དུས་དང་། ལས་ཀྱི་དུས་དེར་རང་གི་བཀའ་བསྒོ་བ་ལ་སྦྱར་བར་བྱའོ། །འདིའི་སྔགས་ནི། ཨོཾ་བཛྲ་མཱ་ལ་ཨ་གྲ་བཾ་ཞེས་བྱའོ། །རྡོ་རྗེ་བཅིང་བ་བསྡམས་ནས་སུ། །རྡོ་རྗེ་བསྲུང་བ་བཙིར་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་སུ་གསུངས་པའི་རྡོ་རྗེ་སྲུང་བའི་དམ་
ཚིག་གི་ཕྱག་རྒྱ་སྙིང་གར་རྡོ་རྗེ་བསྡམས་ཏེ་བཙིར་བ་ནི། ས་ལ་སྤྱོད་པ་རྣམས་ཀྱི་ཕྱག་རྒྱའོ། །འདི་ཡང་ལས་ཀྱི་དུས་དང་། དཀྱིལ་འཁོར་རྒྱལ་མཆོག་གི་དུས་སུ་རང་གི་བཀའ་བསྒོ་བ་ལ་སྦྱར་བར་བྱའོ། །འདིའི་སྔགས་ནི། ཨོཾ་བཛྲ་བནྡྷ་ཧཾ་ཞེས་བྱ་བའོ། །རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ། །ཞེས་
བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཡོན་པའི་མཛུབ་མོ་གཡས་པའི་མཐེའུ་ཆུང་གིས་མདུད་ནས་གཅུ་ཞིང་སླར་ཡང་གཅུ་བ་བྱས་ནས། དྲག་ཏུ་གཏོགས་པ་ནི་ས་འོག་ན་གནས་པའི་ཕྱག་རྒྱའོ། །འདི་ཡང་དཀྱིལ་འཁོར་རྒྱལ་པོ་མཆོག་གི་དུས་སམ། ལས་ཀྱི་དུས་སུ་བཀའ་བསྒོ་
བ་བྱས་ན་འདི་ལས་མི་འདའ་བར་བྱེད་པར་འགྱུར་རོ། །འདིའི་སྙིང་པོ་ནི། ཨོཾ་བཛྲ་པཱ་ཏཱ་ལ་བྷཉྫ་བྷཉྫ་ཧཱུཾ་ཕཊ། རྡོ་རྗེ་བཅིང་བ་སྦྲེལ་བ་ནི། །མཛུབ་མོ་གཉི་ག་དམ་པོ་སྟེ། །ཞེས་བྱ་བ་ནི། ལག་པ་གཉིས་ཐུར་དུ་བསྟན་ལ་མཛུབ་མོ་གཉིས་ལྕགས་སྒྲོག་ཏུ་སྦྲེལ་ལ། གུང་མོ་དང་མཐེ་བོ་ཁབ་
เล่ม ๕๗ · หน้า 280b
ལྟར་བྱ་སྟེ། མཐེ་བོ་རྩེ་མོ་གཉིས་དཔྲལ་བའི་ཕྱགས་སུ་བཞག་ལ་བསྐོར་བ་ནི། ཧེ་རུ་ཀ་རྡོ་རྗེའི་ཕྱག་རྒྱའོ། །མ་མོ་ཐམས་ཅད་པའི་ཕྱག་རྒྱ་ཐམས་ཅད་དཀྱིལ་འཁོར་རྒྱལ་པོ་མཆོག་གམ། ལས་ཀྱི་དུས་སུ་རང་གི་ལས་ལ་གཞག་པར་བྱའོ། །འདིའི་སྙིང་པོ་ནི། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་
སརྦྦ་དུཥྚ་ས་མུ་པྲ་བྷཉྫ་ག་ཧཱུཾ་ཕཊ་ཅེས་བྱ་བའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །མཉམ་པར་བཞག་སྟེ་སྙིང་གར་གཞག །ཁྲོ་བོའི་ཁུ་ཚུར་གྱིས་བཙིར་བ། །ཕྱི་རོལ་དཀྱིལ་འཁོར་འཇིགས་པའོ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་རྒྱབ་གཉིས་སྦྱར་ནས་མཛུབ་མོ་གཉིས་
བརྐྱང་སྟེ། སེན་མོ་སྦྱར་ནས་བཅིངས་ཏེ། རྩེ་མོ་བཙིར་བས་འབྱུང་པོ་དང་། ཡི་དགས་དང་། སྲིན་པོ་ལ་སོགས་པ་རྣམས་འཇིགས་པའི་ཕྱག་རྒྱའོ། །འདིས་འབྱུང་པོ་ལ་སོགས་པའི་དཀྱིལ་འཁོར་བཀུག་ནས། སྔགས་དང་ཕྱག་རྒྱ་རྣམས་ཐལ་བར་བྱེད་དོ། །འདིའི་སྔགས་ནི།
ཨོཾ་དུཥྚ་བཛྲ་ཀྲོ་དྷ་ཧ་ན་ད་ཧ་པ་ཙ་བི་དྷྭནྶ་ཡ་བི་ཀ་ར་དུཥྚ་ས་མ་ཡ་མུ་དྲ་མཎྜ་ལཾ། བྷཉྫ་བྷཉྫ། མརྡ་མརྡ། ཁཱ་ད་ཁཱ་ད། པ་ར་མནྟྲཾ། བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་བྱ་བའོ། །སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས་སྦྱར་ལ། མཛུབ་མོ་གཉིས་སོ་སོར་བསྒྲེངས་ནས་སྦྱར་ཏེ། ཕན་ཚུན་གཉི་ག་བཙིར་བ་ནི། །
གདུག་པ་འཇོམས་པའི་ཕྱག་རྒྱ་སྟེ། །འདི་ནི་ལས་ཀྱི་དུས་སམ། དཀྱིལ་འཁོར་རྒྱལ་པོ་མཆོག་གི་དུས་སུ་སྔོན་དུ་སྦྱར་བར་བྱའོ། །གཡོན་པའི་རྡོ་རྗེ་མཛུབ་མོ་ལ། གཡས་པའི་མཛུབ་མོ་བཀུག་ནས་གཟུང་། །རབ་ཏུ་ཁྲོས་པས་དྲག་བཏོགས་ན། །རི་རབ་ཀྱང་ནི་ལྟུང་བར་བྱེད། །ཅེས་
བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པའི་གཡོན་པའི་མཛུབ་མོ་གཡས་པའི་མཛུབ་མོའི་ལྕགས་ཀྱུས་བཟུང་ནས། ཡང་དང་ཡང་དུ་དྲག་ཏུ་བཏོགས་པས་འབྱུང་པོ་དང་། ཡི་དགས་དང་། སྲིན་པོ་ལ་སོགས་པའི་གདུག་པ་ཐམས་ཅད་འཇོམས་པའི་ཕྱག་རྒྱའོ། །དེའི་སྔགས་ནི་འདི་
ཡིན་ཏེ། ཨོཾ་མ་ཧཱ་བཛྲ་ཀྲཱུ་ར་ཀྲོ་དྷ་པཱ་ཏ་ཡ་སརྦྦ་དུཥྚ་མཎྜ་ལཾ་བི་ནཱ་ཤ་ཡ་སརྦ་དུཥྚ་ས་མ་ཡཾ་བི་ཀ་ར་བི་དྷྭནྶ་ཡ་སྥོ་ཊ་ཡཾ་བྷཉྫ་སརྦ་དུཤྚ་ས་མ་ཡ་མུ་དྲ་བནྡྷ་གྲྀ་ཧྞ་ཧ་ན་ད་ཧ་པ་ཙ་དུཥྚ་ས་མ་ཡ་སཏྭ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་བའོ། །གཡོན་པའི་རྡོ་རྗེ་མཛུབ་མོ་ལ། །གཡས་པའི་མཛུབ་མོ་ལྕགས་ཀྱུས་
เล่ม ๕๗ · หน้า 281a
དབྱུང་། །རབ་ཏུ་ཁྲོས་ཤིང་བཀུག་པ་ཡིས། །གདོན་རྣམས་ཀུན་ལ་དབང་དུ་བྱེད། །ཅེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བསྒྲེང་བ་ལ། གཡས་པའི་ཁུ་ཚུར་གྱིས་མཛུབ་མོའི་ལྕགས་ཀྱུར་དྲངས་པ། མཁའ་འགྲོ་མ་རྣམས་འགུགས་པའི་ཕྱག་རྒྱའོ། །འདིའི་
སྙིང་པོ་ནི། ཨོཾ་བཛྲ་ཨཱ་ཀཪྵ་ཤཱི་གྷྲཾ་སརྦྦ་དུཥྚ་གྷ་ན་ཧ་ན་བཛྲ་དྷ་ར་ས་ཏྱེ་ན་ཧཱུཾ་ཛཿ། ལས་ཀྱི་དུས་སམ། དཀྱིལ་འཁོར་རྒྱལ་པོ་མཆོག་གི་དུས་སུ་དགུག་པར་བྱའོ། །རྡོ་རྗེ་བཅིང་བ་བྱས་ནས་སུ། །ལག་ངར་སྙིང་གར་ཤིན་ཏུ་བསྡམ། །རྡོ་རྗེ་མཛུབ་ཉིད་མཆན་ཁུང་དུ། །བྲུད་པ་ཡིས་ནི་སྙིང་
འབྱིན་ཏོ། །ཞེས་བྱ་བ་ནི་རང་གི་སྙིང་གའི་ཕྱོགས་སུ་ལག་ངར་གཉིས་རྡོ་རྗེ་བཅིང་བ་དམ་པོར་བྱས་ལ། རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ལ་མཆན་ཁུང་གཉིས་བྲུད་པ་ནི་སྙིང་འབྱིན་པའི་ཕྱག་རྒྱ་སྟེ། འདིའི་སྙིང་པོ་ནི། ཨོཾ་བཛྲ་པྲ་ཏི་གྲྀཧྞ་ཧྲྀ་ད་ཡ་ཨཱ་ཀཪྵ་ཡ་ཨདྱཱ་ཡཾ་ས་ཏི་
ས་ས་དྷ་ར་དྷི་ན་མྲྀ་ཡ་ཏི། ཏ་སྶྱ་ཧྲྀ་ད་ཡཾ་ནིཥྚ་ས་ཏུ་ས་མ་ཡ་ཧཱུཾ་ཛཿཞེས་སྔར་བཤད་པ་བཞིན་དུ་མཁའ་འགྲོ་མ་དང་། རྣལ་འབྱོར་མ་ཐམས་ཅད་འགུགས་པའི་ཕྱག་རྒྱ་སྟེ། དཀྱིལ་འཁོར་རྒྱལ་མཆོག་གི་དུས་སམ། དུར་ཁྲོད་དུ་ལས་བྱེད་པའི་དུས་སམ། མཁའ་འགྲོ་མ་དང་། རྣལ་
འབྱོར་མ་ཐམས་ཅད་ཀྱིས་བཟུང་བས་ན། བཀུག་ནས་ཕྱིས་སྙིང་འབྱིན་པའི་ཕྱག་རྒྱས་སེམས་ཅན་ཐམས་ཅད་ཀྱི་སྙིང་འབྱིན་པར་བྱེད་པ་དེ་བྱིན་ལ། དེ་ནས་དེས་སྒྲུབ་པ་པོས་བཀའ་སྩལ་པ་བཞིན་བྱེད་པར་འགྱུར་རོ། །མཛུབ་མོ་གཉིས་ཀྱི་རྩེ་མོ་ཡིས། །མཐེ་བོ་གཉིས་ཀའི་དྲུང་དུ་ནི། །
ཡིད་ཀྱིས་ཁྲོས་ནས་བཙིར་བར་བྱ། །རིམས་ལ་སོགས་པ་འགུགས་པའོ། །ཞེས་བྱ་བ་ནི་ལག་མཐིལ་གཉིས་སུ་མཐེ་བོང་གཉིས་བཞག་ནས་མཛུབ་མོའི་རྩེ་མོ་གཉིས་མཐེ་བོ་གཉིས་ཀྱི་དྲུང་དུ་འཁོར་བ་དང་བཅས་པས་བཙིར་བ་ནི་རིམས་ལ་སོགས་པ་འགུགས་པའི་ཕྱག་རྒྱ་སྟེ། འདི་དཀྱིལ་
འཁོར་རྒྱལ་པོ་མཆོག་གི་དུས་སམ། ལས་ཀྱི་དུས་སུ་འཕགས་པའི་སྤྱི་བོའི་གཙུག་ཏོར་གྱིས་རིམས་ལ་སོགས་པའི་ནད་རྣམས་འགུགས་པར་བྱེད་དོ། །འདིའི་སྙིང་པོ་ནི། ཨོཾ་བཛྲ་ས་མ་ཡ་ཨ་ན་ཡ། སརྦ་དུཥྚ་ཛྭ་རཱ་དྷི་ནཱ་ཤ་ཡ་ཧཱུཾ་ཕཊ་ཅེས་བྱ་བའོ། །རྡོ་རྗེ་ཐལ་མོ་དམ་བྱས་ཏེ། །མཛུབ་མོ་
เล่ม ๕๗ · หน้า 281b
གཉིས་ནི་བཀུག་ནས་སུ། །ཞེས་བྱ་བ་ནི། རྡོ་རྗེ་ཐལ་མོའི་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བཀུག་ནས། མཐེ་བོ་གཉིས་མཉམ་པར་སྦྱར་ནས་མནན་པ་ནི་སྡིག་པ་འཕྲོག་པའི་ཕྱག་རྒྱའོ། །དེ་ནི་རིམས་ལ་སོགས་པའི་ནད་རྣམས་ཟད་པར་བྱ་བའི་དོན་དུ་སྦྱར་བར་བྱའོ། །དེའི་སྙིང་པོ་ནི་འདི་ཡིན་
ཏེ། ཨོཾ་བཛྲ་ཀརྨྨ་བི་ཤོ་དྷཱ་ཡ་སརྦྦ་ཨ་བ་ར་ཎ་ནེ་བུདྡྷ་སཏྟྱ་ན་ས་མ་ཡ་ཧཱུཾ་ཞེས་བྱ་བའོ། །རྡོ་རྗེའི་ཕྱག་རྒྱ་གཉིས་ནང་དུ། །ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ལྕགས་སྒྲོག་ལྟར་བཅིངས་ནས་གྱེན་དུ་འཕང་བ་ནི་ལྟུང་བ་སློང་བའི་ཕྱག་རྒྱའོ། །འདིའི་སྙིང་པོ་ནི། ཨོཾ་སརྦྦ་
ཨ་པ་ཡ་ཨཱ་ཀཪྵ་ནི་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། རྡོ་རྗེ་བཅིང་བ་དམ་བྱས་ཏེ། །གུང་མོ་གཉི་ག་ངོས་སྦྱར་ནས། །མཐའ་མ་བཞི་ནི་ངོས་སྤྲད་ནས། །སྡིག་པ་འཇོམས་པར་གྲགས་པ་ཡིན། །ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་བརྟན་པར་བྱས་ལ། མཐེ་བོ་དང་མཐེ་ཆུང་བཞི་གཅིག་ལ་གཅིག་ངོས་
སྦྱར་ནས། གུང་མོ་གཉིས་བསྒྲེང་བའི་རྩེ་མོ་སྦྱར་ནས། ཕན་ཚུན་དྲལ་བ་ནི་སྡིག་པ་དྲལ་བའི་ཕྱག་རྒྱའོ། །འདིའི་སྙིང་པོ་ནི། ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦྦ་ཨ་པ་ཡ་བནྡྷ་ན་ནེ་ཏྲ་ཀུ་ཤཱ་སརྦྦ་ཨ་པ་ཡེ་ག་ཏེ་བྷྱཿ། སརྦྦ་ས་ཏཱ་ནཱཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ་ཅེས་བྱའོ། །དེའི་དོན་ནི་འདི་སྐད་སྟོན་
པ་ཡིན་ཏེ། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོ་གས་ལྷའི་རྣལ་འབྱོར་བྱས་ལ། རང་གི་ཁྲོ་བོའི་སྔགས་ཀྱིས་ཡི་གེ་བཟླས་པ་འབུམ་བྱས་ལ། དེ་ནས་བཙན་ཐབས་ཀྱི་སྒྲུབ་པ་བྱེད་པར་འདོད་ན། རྡོ་རྗེ་གཙུག་ཏོར་ལ་སོགས་པས་བདག་ཉིད་བསྲུང་བ་བྱས་ལ།
རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་ཀྱི་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བྱས་ཏེ། གནོད་སྦྱིན་མོ་ལ་སོགས་པའི་གཟུགས་བརྙན་མདུན་དུ་བཞག་ལ། དེའི་སྔགས་སམ། མིང་གཟུགས་བརྙན་གྱི་སྙིང་གར་བཅུག་ནས། ཁྲོ་བོ་འདོད་པའི་རྒྱལ་པོས་བསྒྲུབ་བྱ་དེ་འགུགས་ཏེ། འཇིག་རྟེན་
གསུམ་ལས་རྣམ་པར་རྒྱལ་བ་བཅིངས་ནས། ཡི་གེ་ཧཱུཾ་གིས་ལྟུང་བར་བྱའོ། །དེ་ནས་ཁྲོ་བོ་ཞབས་འོག་ཏུ་འགུགས་པས་བཀུག་ནས་གཟུགས་བརྙན་དེ་དང་ཉེ་བར་བཞག་ནས། ཁྲོ་བོ་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ། བསྒྲུབ་པར་བྱ་
เล่ม ๕๗ · หน้า 282a
བའི་གཟུགས་བརྙན་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པའི་ཕྱག་རྒྱ་བཅིང་ངོ་། །ཨོཾ་བཛྲ་ཨ་ཀྲ་མ་ཧོཿཞེས་བྱ་བས་གནོན་པ་དང་། ཨོཾ་བཛྲ་ཨཱ་བེ་ཤ་ཧ་ན་པ་ཏ་ཏྲཊ་ཅེས་བྱ་བས་དབབ་ཅིང་གཟིར་བར་བྱའོ། །བུདྡྷ་མཻ་ཏྲི་ཞེས་བྱ་བས་བབས་པའི་སྡུག་བསྔལ་བསལ་
ལ། ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་བཛྲ་ས་མ་ཡ་གྲྀཧྞ་བནྡྷ་ས་མ་ཡ་མ་ནུ་སྨ་ར་སརྦྦ་ཏ་ཐཱ་ག་ཏ་ས་མ་ཡ་སྟྭཾ། དྲྀ་ཌྷོ་མེ་བྷ་བ་སྠི་ཏོ་མེ་བྷ་བ་ཨཛྱོ་མེ་བྷ་བ་ཨ་པྲ་ཏི་ཧ་ཏྱོ་མེ་བྷ་བ། སརྦྦ་ཀརྨྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧཱུཾ་ཞེས་བརྗོད་ནས། དམ་ཚིག་ལ་གཞག་པ་དང་། རྡོ་རྗེ་འདི་ནི་རྡོ་རྗེ་
ཆེ། །ཞེས་བྱ་བ་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱ་བསྟན་པས། རྡོ་རྗེ་ཧེ་རུ་ཀའི་ཕྱག་རྒྱས་རང་གི་ལས་ལ་སྦྱར་བས་གནོད་སྦྱིན་མོ་ཐམས་ཅད་བུད་མེད་ཀྱི་གཟུགས་ཀྱི་ཆུང་མ་དང་། བུ་མོ་ལ་སོགས་པ་བྱེད་པར་འགྱུར་རོ། །དྲག་པོ་ལ་སོགས་པ་སྐྱེས་པའི་གཟུགས་ཅན་ནས། བྲན་གྱི་མཐར་
ཐུག་པའི་བར་དུ་ལྷ་ཐམས་ཅད་བཀུག་ནས། སྙིང་པོ་དང་ཕྱག་རྒྱས་རང་གི་ལས་ལ་སྦྱར་ལ། ཀྱེ་ཅི་ཞིག་བགྱི་ཞེས་ཟེར་རོ། །དེ་ནས་རང་གི་ཁྲོ་བོའི་ལྷའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་བཅིངས་ལ། བསྒྲུབ་པར་བྱ་བའི་མིང་དང་། སྔགས་སྤེལ་ནས། རང་
གི་ཁྲོ་བོའི་སྔགས་ཀྱི་བཟླས་པ་ཟླ་བ་ཕྱེད་བྱས་པས་གཟུགས་བརྙན་དེ་ནས་སྒྲ་འབྱུང་བར་འགྱུར་རོ། །དེ་ནས་སྒྲུབ་པ་པོས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། ཧཱུཾ་ཞེས་བྱ་བར་རབ་ཏུ་སྦྱར་བར་བྱའོ། །དེ་ནས་བསྒྲུབ་པར་བྱ་བའི་གཟུགས་བརྙན་གྱི་མདུན་དུ་གནས་ཏེ། གནང་བ་ནོད་
ཅིང་ཀྱེ་ཅི་ཞིག་བགྱི་ཞེས་ཟེར་རོ། །དེ་ནས། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་དམ་ཚིག་གི་ཕྱག་རྒྱ་བསྟན་ཏོ། །དེ་ནས་ལྷ་ལ་སོགས་པ་བཀུག་ལ། སྙིང་པོ་དང་ཕྱག་རྒྱ་རྣམས་ལ་ངེས་པར་སྦྱར་ནས། འདི་གྱིས་ཤིག་ཅེས། རང་གིས་བཀའ་བསྒོའོ། །དེ་ནས་རྐང་
པས་གནོན་པའི་སྔགས་དང་ཕྱག་རྒྱས་རྐང་པའི་འོག་ནས་བཏོན་ཏེ། རྡོ་རྗེ་སློང་བས་བསླངས་ནས། རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་ནས། བསྒྲུབ་པར་བྱ་བ་ཅི་བདེ་བར་གཞག་གོ། །འབྱུང་པོ་དང་། ཡི་དགས་དང་། སྲིན་པོ་ལ་སོགས་པའི་གདོན་རྣམས་ལས་བྱེད་པར་འདོད་ན། སྔར་
เล่ม ๕๗ · หน้า 282b
བཤད་པ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་སྔགས་ལན་འབུམ་བརྗོད་པ་དང་། ཁྲོ་བོ་གཞན་གྱི་སྦྱོར་བས་རེ་རེ་ཞིང་བསྙེན་པ་ཁྲི་བྱས་ལ། ཁྲོ་བོ་རྡོ་རྗེ་ལྕགས་ཀྱུས་གདོན་རྣམས་བཀུག་ལ། ཁྲོ་བོ་སྟོབས་པོ་ཆེས་དེ་དག་དཀྱིལ་འཁོར་གྱི་སྔགས་དང་ཕྱག་རྒྱ་བཟའ་བ་དང་། སླར་ཡང་དབུ་དང་
ཕྱག་སྟོང་ཕྲག་མངའ་བའི་ཁྲོ་བོ་སྟོབས་པོ་ཆེས་མ་རུངས་པ་བཟའ་བར་བྱའོ། །མཁའ་འགྲོ་མ་དང་རྣལ་འབྱོར་མའི་གདོན་རྣམས་བཀུག་ནས་མཉེས་པར་བྱས་ཏེ། སྔགས་གཉི་ག་རེ་རེ་ཞིང་འབུམ་བཟླས་པར་བྱའོ། །དེ་ནས་ཁྲོ་བོ་གཞན་གྱི་རྣལ་འབྱོར་པས་དེའི་མཚན་མོར་དུར་ཁྲོད་
དམ། ལྷ་ཁང་སྟོང་པར་དེ་བཀུག་ཅིང་། སྙིང་པོ་དྲངས་ནས་ཕྱག་རྒྱས་མཉེས་པར་བྱས་པས། དེ་དག་གིས་མངོན་པར་འདོད་པའི་དངོས་གྲུབ་ཀྱི་བར་དུ་བྱེད་དོ། །བརྒྱ་ལ་གནོད་པར་བྱེད་ན་རྡོ་རྗེ་ཧེ་རུ་ཀའི་ཕྱག་རྒྱས་དེ་གཞོམ་པར་བྱའོ། །རིམས་ལ་སོགས་པ་འཇོམས་པར་བྱེད་ཀྱང་།
རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་སྔགས་གཉིས་སོ་སོར་བཟླས་པ་འབུམ་བྱ་བའམ། ཡང་ན་ཁྲོ་བོ་གཞན་གྱི་སྦྱོར་བས་ཀྱང་ངོ་། །དེ་ནས་ཁྲོ་བོ་སྤྱི་གཙུག་བསྡམས་ལ། རིམས་ལ་སོགས་པའི་ནད་རྣམས་བཀུག་སྟེ། དེ་ནས་བསྒྲུབ་པར་བྱ་བའི་སྤྱི་བོ་ནས་བརྩམས་ནས། ལུས་ཀུན་བཀང་
ན་དེ་དང་བྲལ་བར་འགྱུར་རོ། །རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རྟོག་པའི་སྤྱིའི་ཆོ་ག་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་བཟུང་ནས་ནི། །དཀྱིལ་འཁོར་ཆེན་པོར་སྲད་བུ་བྲེ། །ཞེས་བྱ་བ་ལ་སོགས་པ་ནི་ཐོག་མར་སློབ་དཔོན་གྱི་གཡོན་པའི་རྡོ་རྗེ་ཁུ་ཚུར་
གྱིས་རིགས་ཐམས་ཅད་པའི་དཀྱིལ་འཁོར་གྱི་སྲད་བུ་ཚོན་སྣ་ལྔའི་སྐུད་པ་བླངས་ཏེ། ཚངས་པའི་ཐིག་གདབ་པར་བྱའོ། །ཕྱི་ནས་ཇི་ལྟར་འདོད་པ་བཞིན་དུ་བྱའོ། །རྡོ་རྗེའི་ཕྱག་རྒྱ་གཉི་ག་ཡི། །མཛུབ་མོ་རྩེ་མོ་རབ་སྦྱར་བ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀ་གྱེན་དུ་བསྟན་ལ། མཛུབ་
མོ་གཉིས་བསྒྲེང་སྟེ། ཕན་ཚུན་དུ་ལོགས་ཀྱི་རྩེ་མོ་སྦྱར་ནས། དེ་བཞིན་གཤེགས་པ་ཐམས་ཅད་འབར་བའི་ལྟ་བས་བཀུག་སྟེ། ཚོན་རྩི་ལ་གཞུག་པར་བྱ་བ་ནི། ཚོན་ཐམས་ཅད་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །འདིའི་སྔགས་ནི། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱའོ། །དེ་ལ་ཚོན་
เล่ม ๕๗ · หน้า 283a
དཀར་པོ་ལ་ནི་རྣམ་པར་སྣང་མཛད་དཀར་པོའི་གཟུགས་ཀྱིས་སོ། །སྔོན་པོ་ལ་ནི་མི་བསྐྱོད་པ་སྔོན་པོའི་གཟུགས་ཀྱིས་སོ། །སེར་པོ་ལ་ནི་རིན་ཆེན་འབྱུང་ལྡན་སེར་པོའི་གཟུགས་ཀྱིས་སོ། །དམར་པོ་ལ་ནི་འོད་དཔག་ཏུ་མེད་པ་དམར་པོའི་གཟུགས་ཀྱིས་སོ། །ལྗང་གུ་ལ་
ནི་དོན་ཡོད་གྲུབ་པ་ལྗང་གུའི་གཟུགས་ཀྱིས་གཞུག་པར་བྱའོ། །མཛུབ་མོའི་རྩེ་མོ་ཡང་དག་པར། །སྦྱར་ལ་བཀན་ཏེ་བསྡམས་ནས་སུ། །ཞེས་བྱ་བ་ནི་ཚོན་རྩི་བྱིན་གྱིས་རློབ་པའི་ཕྱག་རྒྱ་ཉིད་སྔོན་དུ་བསྟན་པར་བྱས་ལ། སྒོ་འབྱེད་པའི་དུས་སུ་མཛུབ་མོ་གཉིས་སོ་སོར་བྱས་པ་ནི། སྒོ་འབྱེད་
པའི་ཕྱག་རྒྱ་སྟེ། རབ་ཏུ་ཁྲོ་ནས་སྒོ་དབྱེ་བའི་སྦྱོར་བ་འདིར་བྱའོ། །དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་ཨུཏྒྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བ་ལའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་
རྒྱ་རྣམས་སྒྲུབ་པར་བྱེད་པའི་མཚན་མ་ཐོབ་ནས་ཕྱག་རྒྱ་ཆེན་པོའོ། །དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱག་རྒྱ་རང་ཉིད་ཀྱིས་བཅིངས་ལ། གཡོན་བརྐྱང་བའི་ཚུལ་གྱིས་གནས་ཏེ། ཤིན་ཏུ་ཁྲོས་པའི་ཁྲོ་བོའི་སྐད་འབྱིན་ཅིང་ཁྲོ་བོའི་ལྟ་བས་བལྟས་ནས། བསྒྲུབ་པར་བྱའོ་ཞེས་བྱ་བ་
ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཡང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་དག་གི་རྡོ་རྗེ་དམ་ཚིག་གི་རྡོ་རྗེའི་རིགས་ཆེན་པོ་དེ་ཉིད་གསལ་བར་བྱེད་
པའི་སྒྲའི་ཚོགས་དེ་ཉིད་ནི་རྟོག་པའི་རྒྱལ་པོའོ། །དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་ཇི་སྐད་བཤད་པ་རྫོགས་སོ་ཞེས་བྱ་བ་ནི་མ་ལུས་པའོ། །ཆོ་ག་ལྷག་
མ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་ཉིད་དུ་བལྟ་བར་བྱའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་འགྲེལ་པ་རྫོགས་སོ།། །།དེ་ལྟར་ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུའི་རྡོ་རྗེའི་རིགས་ཆེན་པོའི་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པའི་
เล่ม ๕๗ · หน้า 283b
ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་བཤད་ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པ་དེས་འདུལ་བའི་འགྲོ་བ་རྣམས་རྗེས་སུ་གཟུང་བའི་ཕྱིར། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་
བ་ནི་དེ་མ་ཐག་པའོ། །དང་པོ་སྦྱོར་བའི་རྗེས་ཐོགས་ལ། །ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོ་སྦྱོར་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཡིན་པར་བལྟ་བར་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཡང་ཞེས་བྱ་བ་ནི་འཇིག་
རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལ་ལྟོས་པས་ན་ཡང་ངོ་། །རྡོ་རྗེ་གཟུངས་ཀྱི་ཞེས་བྱ་བ་ནི་རྡོ་རྗེ་རྣམ་པར་སྣང་མཛད་ལ་སོགས་པ་ནས། ཁྲོ་བོ་རྡོ་རྗེ་འབེབས་པ་དང་། བྱམས་པའི་མཐར་ཐུག་པ་དེ་དག་ནི་གཟུངས་སོ། །དེ་དག་ནི་དྲན་པ་དང་། ཤེས་རབ་དང་། ཡང་དག་པར་ལྡན་
པ་གཉིས་སུ་མེད་པའི་སེམས་དེ་ནི་རྡོ་རྗེ་གཟུངས་ཀྱི་དམ་ཚིག་གོ། །རྡོ་རྗེ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱ་ལྷ་མོ་ལ་སོགས་པའི་གཟུགས་དེ་ལས་བྱུང་བའོ། །གང་གི་ཕྱིར་ཕྱག་ན་རྡོ་རྗེའི་ཐུགས་སུ་གྱུར་པའི་རྡོ་རྗེ་དེ་ཉིད་རྡོ་རྗེ་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱ་ལས་བྱུང་བའི་རྡོ་རྗེ་དེས་བྱིན་གྱིས་བརླབས་པའི་ཏིང་ངེ་
འཛིན་གང་ཡིན་པ་དེའི་དོན་གྱི་རྗེས་སུ་སོང་བའི་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱ་ཕྱག་ན་རྡོ་རྗེའི་ཐུགས་ཀར་གནས་པའི་སེམས་དཔའི་རྡོ་རྗེའི་མཐུ་ལས་བྱུང་བའི་གཟུངས་ཀྱི་ལྷ་མོ་སྤྲུལ་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་
མཛད་ཅེས་བྱ་བའི་ཐ་ཚིག་གོ། །ཕྱག་ན་རྡོ་རྗེའི་ཐུགས་ཀ་ནས། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཐུགས་ཀ་ལས་བྱུང་བའོ། །རྡོ་རྗེ་སེམས་དཔའ་དེ་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའི་ཐུགས་སུ་གྱུར་པ་རྡོ་རྗེ་འཆང་ཆེན་པོ་སེམས་དཔའི་རྡོ་རྗེའི་གཟུགས་ཅན་ནི་
ཕྱག་ན་རྡོ་རྗེ་ལ། རྡོ་རྗེ་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་གཟུགས་དང་འདྲ་བ་ཐམས་ཅད་ཀྱི་བདག་ཉིད་གང་ཡིན་པ་དེ་ནི་ཕྱག་ན་རྡོ་རྗེ་དང་། རང་གི་ལུས་ཐམས་ཅད་དང་འདྲ་བའོ། །ཐམས་ཅད་དང་འདྲ་བའི་བདག་ཉིད་དུ་གྱུར་པས་ཕྱག་ན་རྡོ་རྗེའི་ལུས་འབའ་ཞིག་དང་འདྲ་བ་མ་
เล่ม ๕๗ · หน้า 284a
ཡིན་ཏེ། འོད་ཀྱི་དཀྱིལ་འཁོར་དང་འདྲ་བར་ཡང་སྟོན་ཏོ། །ཀུན་ནས་འབར་བས་བསྐོར་བ་ཞེས་བྱ་བ་ནི་ཀུན་ནས་འབར་བས་ན་ཀུན་ནས་འབར་བ་སྟེ། དེས་བསྐོར་བ་ནི་ནང་དུ་ཆུད་པ་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་རྣམས་ཞེས་བྱ་
བ་སྨོས་ཏེ། རྡོ་རྗེ་ཁྲོ་བོ་ནི་རྡོ་རྗེ་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་སེམས་དཔའ་ནས་བརྩམས་ནས་བསྐལ་པ་བཟང་པོའི་མཐར་ཐུག་པའོ། །དེ་དག་གི་དམ་ཚིག་གི་ཕྱག་རྒྱ་ནི། རྡོ་རྗེ་ལ་སོགས་པའི་ཕྱག་རྒྱའོ། །དེ་རྣམས་ཀྱི་ཉེ་བར་མཚོན་པའི་ལྷ་མོ་ནི་ཁྲོ་བོ་རྡོ་རྗེ་དམ་ཚིག་གིས་མཚོན་པའི་ལྷ་མོའོ། །གྱུར་
ནས་ནི་དེར་ཡང་དག་པར་གྱུར་ནས་སོ། །བྱུང་སྟེ་ནི་ཇི་སྐད་བཤད་པའི་ཕྱག་ན་རྡོ་རྗེའི་ཐུགས་ལས་ངེས་པར་བྱུང་བའོ། །ཅི་ཞིག་བྱེད་ཅེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ཞེས་བྱ་བ་སྨོས་ཏེ། རིག་པའི་ལྷ་མོས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ལའོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་དོན་བསྒྲུབས་ནས་ཞེས་བྱ་བ་ནི། ཁམས་གསུམ་རྣམ་པར་རྒྱལ་བ་ལས་གསུངས་པའི་གཟུངས་ཁོང་དུ་ཆུད་པར་བྱས་པའོ། །སེམས་ཅན་གཞན་དག་མ་དད་པ་སྤངས་ནས། དེས་འདུལ་བའི་ལུས་དང་། ངག་དང་། ཡིད་ཀྱི་ཕྱག་རྒྱ་དེའི་གཟུགས་བརྙན་དུ་བསྐྱེད་ཅིང་
བསྒྲུབས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་གཟུགས་སུ་གྱུར་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བཙུན་མོའི་གསང་བ་སྦ་བའི་ཕྱིར་རོ། །བུད་མེད་གཟུགས་ཀྱིས་འདུལ་བ་རྣམས་གདུལ་བར་བྱ་བའི་ཕྱིར།
རྡོ་རྗེ་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་སེམས་དཔའི་གཟུགས་སུ་གྱུར་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་འབྲེལ་བའི་གསང་བའི་བཙུན་མོ་ནི་གསང་བའི་བཙུན་མོ་སྟེ། དེ་ལྟ་བུར་གྱུར་པའི་གསང་བའི་བཙུན་མོ་དེ་སྦ་བའི་ཕྱིར། སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཟུངས་ཀྱི་ལྷ་མོ་རྡོ་རྗེ་ལ་
སོགས་པའི་ཕྱག་རྒྱའི་གཟུགས་སུ་གྱུར་ནས། རྡོ་རྗེ་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སུ་སྦས་ཏེ། ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་ལྷ་མོའི་གཟུགས་ཡིན་པ་དེ་ཉིད་ཀྱི་ཕྱིར། གསང་བའི་བཙུན་མོ་ཞེས་བརྗོད་པའི་ཕྱིར་རམ། དྲན་པ་དང་
เล่ม ๕๗ · หน้า 284b
ཤེས་རབ་དང་། ཡང་དག་པར་ལྡན་པའི་སེམས་ནི་གསང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །གསང་བའི་ཡེ་ཤེས་ཀྱི་གཟུགས་ཀྱི་ལྷ་མོར་སྤྲུལ་ལ། བླ་ན་མེད་པ་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། འདིར་ནི་ཅི་ཞིག་ངོ་མཚར་ཆེ་ཞེ་ན།
གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་དང་འབྲེལ་པའི་བདེ་བ་ནི། དེ་བཞིན་གཤེགས་པའི་བདེ་བ་གང་ཡིན་པ་དེའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གདུལ་བྱ་རྣམས་ལ་གཟུགས་ཀྱི་ཡེ་ཤེས་བསྐྱེད་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལ་སྨད་པའི་གཟུགས་ཡོད་པ་མ་ཡིན་ཡང་། བཙུན་མོ་
ཉིད་དུ་གྱུར་པ་ཡིན། །ཞེས་བྱ་བ་ནི་འདི་ལྟ་བུར་མཛད་པ་ནི་ངོ་མཚར་ཆེའོ། །ཧྲཱིཿཞེས་བྱ་བ་ནི། འཇིག་རྟེན་གསུམ་ལས་འདུལ་བར་བྱེད་པའི་གཟུངས་ཐམས་ཅད་ཀྱི་སྙིང་པོའོ། །འདི་སྐད་སྟོན་པ་ཡིན་ཏེ། ཡི་གེ་ཧྲཱིཿབརྗོད་པས་ལྷ་མོ་ཐམས་ཅད་དུ་གྱུར་ནས་ཕྱོགས་བཅུར་སོང་སྟེ། སེམས་ཅན་
གྱི་ཁམས་ཐམས་ཅད་གཟུངས་ཀྱི་རྟོག་པ་བསྐྱེད་ནས། རྡོ་རྗེའི་རིགས་ཀྱི་ལྷ་མོ་བསྒྲུབ་པའི་ཕྱིར་རོ། །དེ་ནས་ཡི་གེ་ཧྲཱིཿབརྗོད་པས་ལྷ་མོའི་གཟུགས་སུ་གྲུབ་ཅིང་རྫོགས་པར་བྱ་སྟེ། གཟུགས་དེའི་ནང་དུ་ཆུད་པའི་ཕྱག་རྒྱའི་གཟུགས་བརྙན་དུ་གྱུར་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་
འཁོར་ཆེན་པོའི་ཚུལ་གྱིས་བཞུགས་ཏེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཧྲཱིཿས་འཇིག་རྟེན་གསུམ་འདུལ་བར་བྱེད་པའི་སྙིང་པོ་ཡིན་ཞེས་གསུངས་པའི་ཕྱིར། དོན་གཞན་དུ་བལྟ་བར་མི་བྱའོ། །གཞུང་དེ་ཙམ་གྱིས་ནི་འཇིག་རྟེན་གསུམ་ལས་
རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཚུལ་བསྡུ་བ་སྔོན་དུ་འགྲོ་བ་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །
གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། དམ་ཚིག་ཐོབ་པ་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་
เล่ม ๕๗ · หน้า 285a
ཡིན་ནོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་རྗེས་ཐོགས་ཉིད་ལ་སྟེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་བའོ། །ཡང་ཞེས་
བྱ་བ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལ་ལྟོས་པས་ན་ཡང་ཞེས་བྱ་བ་སྨོས་སོ། །རང་གི་རིགས་ནི་རྡོ་རྗེའི་རིགས་སོ། །དམ་ཚིག་གི་ཕྱག་རྒྱ་ནི་གཟུངས་ཀྱི་མཚན་མའི་ཕྱག་རྒྱ་སྟེ། དེའི་དཀྱིལ་འཁོར་དེ་གསུངས་པ་ནི་བཤད་པའོ། །དེ་ནས་ཞེས་བྱ་
བ་ནི་གནས་སྐབས་དེ་ནས་སོ། །གང་གི་ཕྱིར་གཟུངས་ཀྱི་དཀྱིལ་འཁོར་དུ་འཇུག་པ་མེད་པར་གཟུངས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་རྣམས་འགྲུབ་པ་མ་ཡིན་པས་ན། རྒྱུ་དེའི་ཕྱིར་རབ་ཏུ་རྣམ་པར་ཕྱེ་སྟེ་བཤད་པར་བྱ་བ་ནས་རབ་ཏུ་བཤད་པར་བྱའོ། །རྡོ་རྗེའི་དཀྱིལ་འཁོར་ནི་མཚན་
མའི་ཕྱག་རྒྱའི་དཀྱིལ་འཁོར་རོ། །ཐུགས་ཀྱི་གསང་བའི་རང་བཞིན་ཡིན་པའི་ཕྱིར་དམ་པའོ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་ནི་སྤྲུལ་པའི་གཟུངས་ཀྱི་དཀྱིལ་འཁོར་དང་འདྲ་བའོ། །ཁྲོ་བོའི་གསང་བ་ཞེས་བཤད་དོ། །ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་གསང་བ་གང་གི་
ཕྱིར་ལྷ་མོ་དེ་དག་གི་གཟུགས་སྦས་ནས། ཕྱག་རྒྱའི་གཟུགས་ཀྱིས་ཞུགས་པའི་བཤད་པ་ནི་བསྟན་པའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོ་གའི་ཚུལ་གྱིས་
སོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་དེ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་རིག་པ་ཐམས་ཅད་རེ་རེ་ཞིང་བཟླས་བརྗོད་ཁྲི་བྱས་ལ། དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སམ། གཞན་དུ་འཇིག་རྟེན་གསུམ་
ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཏིང་ངེ་འཛིན་གསུམ་ཞག་བདུན་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ས་སྦྱང་བ་དང་། གཟུང་བ་དང་། བྱིན་གྱིས་བརླབ་པ་བྱས་ནས། ལྷག་པར་གནས་པའི་ཆོ་ག་རྗེས་སུ་སྤྱད་ལ། ཉི་མ་འཆར་ཀར་འཇིག་རྟེན་གསུམ་
เล่ม ๕๗ · หน้า 285b
ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་ཐིག་གི་ཆོ་གས་ཐིག་གདབ་པའམ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་པ་སྔོན་དུ་འགྲོ་བས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་
རིག་པའི་བརྟུལ་ཞུགས་ཟླ་བ་དྲུག་གམ་ལོ་གཅིག་གི་བར་དུ་སྤྱད་ལ། ཕྱི་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོ་གས་དཀྱིལ་འཁོར་ཐིག་གདབ་པར་བྱའོ། །དཀྱིལ་འཁོར་ལྔ་ཡི་གནས་རྣམས་སུ། །གསང་བའི་ཕྱག་རྒྱ་གཞག་པར་བྱ། །ཞེས་
བྱ་བ་ནི་རྣམ་པར་སྣང་མཛད་དང་། རྡོ་རྗེ་ཧཱུཾ་མཛད་དང་། རིན་ཆེན་ཧཱུཾ་མཛད་དང་། ཆོས་ཀྱི་ཧཱུཾ་མཛད་དང་། ལས་ཀྱི་ཧཱུཾ་མཛད་རྣམས་ཀྱི་ཁྲོ་བོའི་དཀྱིལ་འཁོར་དེ་རྣམས་ཀྱི་དཀྱིལ་འཁོར་ལྔའི་གནས་སུ་གསང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱས་གསང་བའི་ཕྱག་རྒྱ་གཞག་པར་བྱའོ་ཞེས་བྱ་བ་དེ་ཉིད་ཀྱི་དོན་
བསྟན་པའི་ཕྱིར། རྡོ་རྗེ་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་སྐུ་གཟུགས་གཞག་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་མཚན་མའི་ཕྱག་རྒྱ་གཟུངས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེའི་དཀྱིལ་འཁོར་ཏེ། རྡོ་རྗེའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །དེའི་དབུས་སུ་ནི་རྡོ་རྗེའི་
དཀྱིལ་འཁོར་གྱི་དབུས་ཏེ། རྡོ་རྗེའི་དཀྱིལ་འཁོར་གྱི་དབུས་དེ་ལ་ཇི་སྐད་བཤད་པའི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ལུགས་མ་འམ། བརྐོས་པའི་སངས་རྒྱས་ཀྱི་གཟུགས་གཞག་པར་བྱས་ལ། སྔར་བཤད་པའི་རིག་པས་ནམ་མཁའ་ན་བཞུགས་པའི་ཡེ་ཤེས་སེམས་དཔའ་
བཀུག་ལ་རྣམ་པར་སྣང་མཛད་ཀྱི་གཟུགས་བརྙན་དང་གཅིག་ཏུ་གྱུར་པར་བྱའོ། །དེ་བཞིན་དུ་ཐམས་ཅད་ཀྱང་རང་གི་རིག་པས་བཀུག་ལ་གཟུགས་བརྙན་དང་གཅིག་ཏུ་གྱུར་པར་བྱའོ། །སངས་རྒྱས་ཁྲོ་བོའི་དམ་ཚིག་ཀྱང་། །ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱོགས་ཐམས་ཅད་
དུ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་སྟེ། ཁྲོ་བོ་རྣམས་བསྡུས་པའི་ཕྱག་རྒྱ་བཅིང་བར་བྱའོ། །ཁྲོ་བོའི་དམ་ཚིག་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བྲི་བར་བྱ་སྟེ། དེ་ལ་དབུས་སུ་མདུང་རྩེ་ཆུར་བྲིས་ལ་རྡོ་རྗེ་རབ་ཏུ་གཞག་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་
เล่ม ๕๗ · หน้า 286a
ཧཱུཾ་མཛད་ཀྱི་གནས་སུ་མདུང་རྩེ་གསུམ་པའི་རྩེ་མོ་གཡས་སུ་བལྟས་པ་བྲི་བར་བྱས་ལ། དེའི་སྟེང་དུ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྡོ་རྗེ་འབར་བ་མགོ་བོ་ཤར་དུ་བལྟས་པ་བྲི་བར་བྱའོ། །འོད་འབར་དབུས་སུ་བྲི་བར་བྱ། །ཞེས་པ་ནི། བཅོམ་ལྡན་འདས་ཀྱི་རྡོ་རྗེ་འབར་བ་དེ་དང་།
ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་རྣམས་ནི། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འབར་བས་ཀུན་ནས་བསྐོར་བ་བྲི་བར་བྱའོ། །འདི་ལྟ་སྟེ། ཁྲོ་བོ་རྡོ་རྗེ་སེམས་དཔའི་གནས་སུ་རྡོ་རྗེ་རྩེ་ལྔ་པ་འབར་བ་དང་། ཁྲོ་བོ་རྡོ་རྗེ་རྒྱལ་པོའི་གནས་སུ་རྡོ་རྗེ་ལྕགས་ཀྱུ་དང་། ཁྲོ་བོ་རྡོ་རྗེ་ཆགས་པའི་གནས་
སུ་རྡོ་རྗེ་མདའ་དང་། ཁྲོ་བོ་རྡོ་རྗེ་ལེགས་པའི་གནས་སུ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་དང་། རིན་ཆེན་ཧཱུཾ་མཛད་ཀྱི་གནས་སུ་འཁོར་ལོ་རྩིབས་བརྒྱད་པ། ལྟེ་བར་ཡིད་བཞིན་གྱི་ནོར་བུ་རྩེ་མོ་རྡོ་རྗེ་རྩེ་ལྔ་པས་མཚན་པ་དང་། ཁྲོ་བོ་ཁྲོ་གཉེར་གྱི་གནས་སུ་དཔྲལ་བ་ཁྲོ་གཉེར་ཅན་བྲིས་ལ། ཁྲོ་གཉེར་གྱི་དབུས་སུ་རྡོ་
རྗེ་རིན་པོ་ཆེ་བྲིའོ། །ཁྲོ་བོ་རྡོ་རྗེ་ཉི་མའི་གནས་སུ་ཉི་མའི་དཀྱིལ་འཁོར་བྲིས་པ་དེའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ་བྲི་བར་བྱའོ། །ཁྲོ་བོ་རྡོ་རྗེ་དབལ་གྱི་གནས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་ཕྱག་རྒྱ་བྲིའོ། །ཁྲོ་བོ་རྡོ་རྗེ་བཞད་པའི་གནས་སུ་སོའི་ཕྲེང་བ་གཉིས་མཐའ་
རྡོ་རྗེ་དང་ལྡན་པར་བྲིའོ། །རྡོ་རྗེ་སྡེའི་གནས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་སྟེང་དུ་འདབ་མ་བཅུ་དྲུག་པའི་རྡོ་རྗེ་པདྨ་བྲི་བར་བྱའོ། །ཁྲོ་བོ་རྡོ་རྗེ་ཆོས་ཀྱི་གནས་སུ་འདབ་མ་བཅུ་དྲུག་པའི་རྡོ་རྗེ་པདྨ་འབར་བའི་དབུས་སུ་བྲི་བར་བྱའོ། །ཁྲོ་བོ་རྡོ་རྗེ་རྣོན་པོའི་གནས་སུ་རལ་གྲི། །ཁྲོ་བོ་རྡོ་རྗེ་རྒྱུའི་
གནས་སུ་རྡོ་རྗེ་རྩེ་གཅིག་པ་ལྟ་བུའི་འཁོར་ལོ་རྩིབས་བརྒྱད་པའོ། །ཁྲོ་བོ་རྡོ་རྗེ་གསུང་བའི་གནས་སུ་རྡོ་རྗེ་ལྕེའོ། །ལས་ཀྱི་ཧཱུཾ་མཛད་ཀྱི་གནས་སུ་རྡོ་རྗེ་རྩེ་གསུམ་པ་མགོ་ཤར་དུ་བལྟས་པ་བྲིས་ལ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེའི་མཐར་སྣ་ཚོགས་རྡོ་རྗེ་ཚད་ཕྲ་མོས་བསྐོར་བ། རྡོ་རྗེ་ལས་ཀྱི་གནས་
སུ་སྣ་ཚོགས་རྡོ་རྗེ། སྲུང་བའི་གནས་སུ་རྡོ་རྗེ་གོ་ཆ། གནོད་སྦྱིན་གྱི་གནས་སུ་རྡོ་རྗེ་མཆེ་བ་གཉིས། རྡོ་རྗེ་ཁུ་ཚུར་གྱི་གནས་སུ་རྡོ་རྗེ་དབྱིངས་ལས་གསུངས་པའི་དམ་ཚིག་གི་ཁུ་ཚུར་གྱིས་གཟུང་བའི་རྡོ་རྗེ་རྩེ་ལྔ་པ་བྲི་བར་བྱའོ། །སྒེག་མོ་ལ་སོགས་པ་ཡང་རྡོ་རྗེ་དབྱིངས་སུ་བཤད་པའི་མཚན་མ་
เล่ม ๕๗ · หน้า 286b
ཕྱག་རྒྱ་ཉིད་འབར་བའི་དབུས་སུ་བྲི་བར་བྱའོ། །གཞན་ཡང་ཁྱད་པར་ནི་འདི་ཡིན་ཏེ། སྒེག་མོའི་ཕྱག་རྒྱ་ལ་ཁར་དཀྲོལ་བཞིས་བསྐོར་བའོ། །ཕྲེང་བ་མའི་ཕྱག་རྒྱ་ལ་རྔ་ཟླུམ་བཞིས་བསྐོར་བའོ། །གླུ་མའི་ཕྱག་རྒྱ་ལ་གླིང་བུ་བཞིས་བསྐོར་བའོ། །གར་མའི་ཕྱག་རྒྱ་ལ་རྔ་རྐེད་ཉག་བཞི་དང་།
བདུག་པའི་ཕྱག་རྒྱ་ལ་ཟངས་དུང་བཞི་དང་། མེ་ཏོག་མའི་ཕྱག་རྒྱ་ལ་རྔ་བོ་ཆེ་བཞི་དང་། མར་མེའི་ཕྱག་རྒྱ་ལ་རྔ་དྲ་བ་ཅན་བཞིས་བསྐོར་བ་བྲི་བར་བྱའོ། །དྲི་ཆབ་མའི་ཕྱག་རྒྱ་ལ་རྔ་འདའ་ཀ་བཞིས་བསྐོར་བ་བྲི་བར་བྱའོ། །རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུའི་
ཕྱག་རྒྱ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་གནས་སུ་བྲིའོ། །བྱམས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་ཁྱམས་ཀྱི་ཤར་ཕྱོགས་ཀྱི་གནས་སུ་རྡོ་རྗེ་རྩེ་ལྔ་པ་འབར་བ་ཉིས་བརྒྱ་བཞི་བཅུ་རྩ་དགུ་དང་། ལྷོ་ཕྱོགས་སུ་རྡོ་རྗེ་རིན་ཆེན་ཉིས་བརྒྱ་བཞི་བཅུ་རྩ་དགུ་དང་། ནུབ་ཕྱོགས་སུ་རྡོ་རྗེ་པདྨ་
ཉིས་བརྒྱ་བཞི་བཅུ་རྩ་དགུ་དང་། བྱང་ཕྱོགས་སུ་སྣ་ཚོགས་རྡོ་རྗེ་ཉིས་བརྒྱ་བཞི་བཅུ་རྩ་དགུ་བྲི་བར་བྱའོ། །ཕྱིའི་རྡོ་རྗེའི་རིགས་རྣམས་དགོད་པ་ནི་རེ་ཞིག་འདིར་བཤད་པར་མི་བྱ་སྟེ། དེ་དག་གི་རང་གི་དཀྱིལ་འཁོར་བཞི་ཕྱིས་འཆད་པར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་ཀྱི་གདན་དང་། ཁྱམས་རིམ་པ་
གསུམ་གྱི་སྟེང་དུ་པདྨ་དང་ཟླ་བ་ཤེས་པར་བྱའོ། །དེ་ནས་འདིར་རྣམ་པར་སྣང་མཛད་ལ་སོགས་པ་ནས་བསྐལ་པ་བཟང་པོ་ལ་མཐར་ཐུག་པའི་བར་གྱིས་དགོད་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་སརྦྦ་བཛྲི་ནི་བཛྲ་མཱ་ཏེ་ཨཱ་ན་ཡ་སརྦྦ་བཛྲ་སཏྱེ་ན་ཧཱུཾ་ཛཿ། འདི་ནི་རྣམ་པར་སྣང་མཛད་ཀྱི་རིག་པའོ། །ཧཱུཾ་སཏྱ་བཛྲ་
ཛཱ་ལ་མཱ་ལ་ཧཱུཾ་ཕཊ། ཨོཾ་རཏྣ་བཛྲ་ཛཱ་ལ་མཱ་ལ་ཧཱུཾ་ཏྲཱཾ། ཨོཾ་དྷརྨྨ་བཛྲ་ཛཱ་ལ་མཱ་ལ་ཧཱུཾ་ཧྲཱིཿ། ཨོཾ་ཀརྨྨ་བཛྲ་ཛཱ་ལ་མཱ་ལ་ཧཱུཾ་ཨཿཞེས་བྱ་བ་ནི། སེམས་མ་རྡོ་རྗེ་མ་ལ་སོགས་པའི་འོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་རིག་པ་ནི་ཛྷིའོ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡེ་ཛྷི། ཨོཾ་བཛྲ་རོ་ཥ་ཨཾ་ཀུ་ཤ་ཨཱ་ན་ཡ་སརྦྦ་ན་ཛྷི། ཨོཾ་བཛྲ་རོ་ཥེ་ཀརྨྨཱ་བཛྲི་ནི་བ་ཤཾ་
མེ་ཨཱ་ན་ཡ་ཧ་ཛྷི། ཨོཾ་བཛྲ་དུཥྚི་ཀྲོ་དྷེ་ཏོ་ཥ་ཡ་སརྦྦཉྫ། ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་ལེགས་པའི་བར་གྱི་རིག་པ་འདིའོ། །རྡོ་རྗེ་འཛིན་ཞེས་བྱ་བའི་དཀྱིལ་འཁོར་རོ་ཞེས་བྱ་བ་ནི། ཡི་གེ་ཛྷིས་ཉེ་བར་མཚོན་པའི་དཀྱིལ་འཁོར་ནི་རྡོ་རྗེ་ཛྷིའི་དཀྱིལ་འཁོར་ཏེ། བཅོམ་ལྡན་འདས་
เล่ม ๕๗ · หน้า 287a
རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དེའི་རིག་པའོ། །རིན་ཆེན་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ནི་ཛྷིའོ། །ཨོཾ་བཛྲ་བྷྲྀ་ཀུ་ཊི་ཀྲོ་དྷེ་ཧ་ར་སརྦྦ་ཨརྠཾ་ཛ། ཨོཾ་བཛྲ་ཛྭཱ་ལ་མཱ་ལ་པྲ་བེ་ཤ་མ་ཧཱ་ཀྲོ་དྷཱ། ཨགྣེ་ཛྭཱ་ལ་ཡ་སརྦྦ་པྲ་བེ་ཤ་ཡ་ཧ་ན་ར་བི་རོ་ཤ་ཤེ་ཛི། ཨོཾ་བཛྲ་དྷཱ་ཛཱ་གྲ་ཀེ་ཡཱུ་ར་མ་ཧཱ་ཀྲོ་དྷེ་ཧི་མེ་སརྦ་ན་ཛི། ཨོཾ་བཛྲ་
ཨཊྚ་ཧ་སི་ནི་ཧ་ས་ཧ་ཨཊྚཱཊྚ་ཧ་སེ་ན་མ་ར་ཡ་ཛྷི་ཞེས་བྱ་བ་ནི་ཡི་གེ་ཛྷིས་མཚོན་པའི་དཀྱིལ་འཁོར་ནི་རྡོ་རྗེ་ཛྷི་ཞེས་བྱ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་སྡེའི་གནས་སུ་ཡི་གེ་དྷིའོ། །ཨོཾ་བཛྲ་ཤུདྡྷ་ཀྲོ་དྷེ་ཧ་ན་མཱ་ར་ཡ་སརྦ་དུཥྚཱནྟི། ཨོཾ་བཛྲ་ཏཱིཀྵ་ཀྲོ་དྷེ་ཙྪིནྡ་བཛྲ་ཀོ་ཤན་སརྦནྡི། ཨོཾ་ཧེ་ཏུ་མ་ཧཱ་ཀྲོ་དྷེ་པྲ་བེ་ཤ་
ཙཀྲཾ་པྲ་བེ་ཤ་ཡ་ན་སརྦནྡི། ཨོཾ་བཛྲ་ཛི་ཧྭཱཾ་མ་ཧཱ་ཀྲོ་དྷ་ཝ་ར་ཝ་ཙ་ན་པྲ་མུཉྩ་དི། རྡོ་རྗེ་དྷི་ཞེས་ཉེ་བར་མཚོན་པའི་དཀྱིལ་འཁོར་ནི། རྡོ་རྗེ་དྷི་ཞེས་བྱ་བའི་དཀྱིལ་འཁོར་རོ། །ལས་ཀྱི་ཧཱུཾ་མཛད་ཀྱི་གནས་སུ་ཧིའོ། །ཨོཾ་བཛྲ་སརྦྦ་མུ་ཁེ་ཀརྨྨ་བཛྲ་ཎི་མ་ཧཱ་ཀྲོ་དྷེ་ཀུ་རུ་སརྦ་ཧྣི། ཨོཾ་བཛྲ་ཀ་བ་ཙ་ཀྲོ་དྷེ་ཀྵ་
མ་ཧྣི། ཨོཾ་བཛྲ་ཙཎྜ་ཀྲོ་དྷེ་མ་ཧཱ་ཡཀྵི་ནི་བཛྲ་དཾཥྚ་ཀ་རཱ་ལ་བིཥྚ་ཎཾ་བི་ཤ་པ་ཡ་ཧྣི་ཨོཾ། ཨོཾ་བཛྲ་ཀྲོ་དྷ་མུཥྚི་བནྡྷ་ཧྣི་རྡོ་རྗེ་ཧྣིའི་ཉེ་བར་མཚོན་པའི་དཀྱིལ་འཁོར་ནི། རྡོ་རྗེ་ཧི་ཞེས་བྱ་བའི་དཀྱིལ་འཁོར་རོ། །རྡོ་རྗེ་གར་གྱིས་ཉེ་བར་མཚོན་པའི་གསང་བའི་མཆོད་པ་ནི་རྡོ་རྗེ་གསང་བའི་མཆོད་པ་སྟེ། སྒེག་མོ་
ལ་སོགས་པ་གསང་བའི་མཆོད་པ་དེ་དག་གི་རིག་པའི་སྙིང་པོ་ནི་ཁར་ཀྲོལ་མ་ལ་སོགས་པའི་སྙིང་པོ་སྟེ། དེ་ལ་བཛྲ་ཧཱུཾ་ཁྞེམ་སྒེག་མོའི་ཁར་ཀྲོལ་བརྡུང་བ་རྣམས་ཀྱི་སྙིང་པོའོ། །བཛྲ་ཧཱུཾ་གྷུཾ་ཞེས་བྱ་བ་ནི་ཕྲེང་བ་མའི་རྔ་ཟླུམ་བརྡུང་བ་རྣམས་ཀྱི་སྙིང་པོའོ། །བཛྲ་ཧེ་ཞེས་བྱ་བ་ནི་གླུ་མའི་གླིང་བུ་འབུད་
པ་རྣམས་ཀྱི་སྙིང་པོའོ། །བཛྲ་ཧཱུཾ་ཏཾ་ཞེས་བྱ་བ་ནི་གར་མའི་རྔ་རྐེད་ཉག་བརྡུང་བ་རྣམས་ཀྱི་སྙིང་པོའོ། །འབད་པ་ཆེན་པོ་བྱས་པའི་སིལ་སྙན་གྱི་སྒྲ་བྱེད་པ་ནི་སྙན་གྱི་མཆོད་པ་སྟེ། སིལ་སྙན་གྱི་མཆོད་པའི་སྙིང་པོ་ནི་སིལ་སྙན་གྱི་མཆོད་པའི་སྙིང་པོའོ། །བཛྲ་ཏཱ་ཏེ་ཞེས་བྱ་བ་ནི་རྡོ་རྗེ་བདུག་པ་
མའི་ཟངས་དུང་འབུད་པའི་སྙིང་པོའོ། །བཛྲ་ཊཱཾ་ཏ་ཞེས་བྱ་བ་ནི་རྡོ་རྗེ་མེ་ཏོག་མའི་རྔ་བོ་ཆེ་བརྡུང་བའི་སྙིང་པོའོ། །བཛྲ་དྷཱ་ཏུ་ཞེས་བྱ་བ་ནི་རྡོ་རྗེ་མར་མེ་མའི་རྔ་དྲ་བ་ཅན་བརྡུང་བའི་སྙིང་པོའོ། །བཛྲ་ཌཽ་དྷ་ཞེས་བྱ་བ་ནི་རྡོ་རྗེ་དྲི་ཆབ་མའི་རྔ་འདའ་ཀ་བརྡུང་བའི་སྙིང་པོའོ། །སྒོ་བ་རྣམས་ཀྱི་མཆོད་པའི་དོན་གྱི་
เล่ม ๕๗ · หน้า 287b
སྙིང་པོ་ནི་སྒོ་བའི་མཆོད་པའི་སྙིང་པོའོ། །དེ་ལ་བཛྲ་ཛཿཛཿཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུའི་སྙིང་པོའོ། །བཛྲ་ཧཱུཾ་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེ་ཞགས་པའི་སྙིང་པོའོ། །བཛྲ་བཾ་བཾ་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་སྒྲོག་མའིའོ། །བཛྲ་ཨཿཨཿཞེས་བྱ་བ་ནི་རྡོ་རྗེ་འབེབས་པའིའོ། །ཨོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུདྡྷེ་དྷརྨྨ་
ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་བཱ་རེ་སྭཱ་ཧཱ་ཞེས་བྱ་བ་ནི། བསྐལ་པ་བཟང་པོའི་རིག་པའོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ། །དེ་ལ་ཞེས་བྱ་བའི་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཤད་པའོ། །ཁྲོ་བོ་རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་
རྒྱས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་སྦྱོར་བས་འདིར་འཇུག་པར་བྱའོ། །དེ་ཉིད་ཀྱི་ཆོ་ག་རྒྱས་པ་གང་ཡིན་པ་དེ་ནི་འདིར་འཇུག་པའི་ཆོ་ག་རྒྱས་པའོ། །ཐོག་མ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་སུ་འཇུག་པ་ནས་བརྩམས་ཏེ།
དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་རྒྱས་པར་བྱའོ་ཞེས་བྱ་བ་ནི་དོན་བསྟན་པ་ཡིན་ནོ། །དེ་ནས་དེ་ལ་ཞེས་བྱ་བ་ལ་སོགས་པ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཆོ་གས་འཇུག་པར་བྱའོ། །རེ་ཞིག་རང་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་
བའི་དཀྱིལ་འཁོར་ཆེན་པོ་བཤད་པའི་ཆོ་གས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་རྣལ་འབྱོར་ཆེན་པོ་བྱས་ལ། འཇུག་པ་ཐམས་ཅད་དང་། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་བཅད་ལ་དེ་ནས་ཡང་དག་པར་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱིན་ནས། གཟུངས་ཀྱི་ལྷ་མོའི་
གཟུངས་ཀྱིས་གཟུངས་རྣམས་བསྡུ་བ་བྱ་སྟེ། དགུག་པའི་ཆོ་ག་རྒྱས་པ་ཐམས་ཅད་རྗེས་སུ་སྤྱད་ནས་སློབ་མ་གཞུག་པར་བྱའོ། །དེ་ནས་བཅུག་ལ་སོར་བཞི་པའི་ཚད་ཀྱི་འབར་བའི་རྡོ་རྗེ་རྩེ་ལྔ་པ་བྱིན་ལ། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཇི་ལྟ་བའི་ཆོ་
ག་རྗེས་སུ་སྤྱད་ནས། བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་གསང་བའི་རྡོ་རྗེ་བླངས་ཏེ་གར་གྱིས་མཆོད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་བྱ་ཞེ་ན། དམ་ཚིག་གི་ཕྱག་རྒྱ་དང་། ལན་གྱི་ཕྱག་རྒྱ་དང་། ཉེ་བའི་ཕྱག་རྒྱ་དང་། ཡེ་ཤེས་དང་ཕྱག་རྒྱ་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། དེ་ལ་རྡོ་རྗེ་ཧཱུཾ་
เล่ม ๕๗ · หน้า 288a
མཛད་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་། ཁྲོ་བོ་རྡོ་རྗེ་ལེགས་པའི་ཕྱག་རྒྱ་རྣམས་ནི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ཁྲོ་གཉེར་དང་། རྡོ་རྗེ་ཉི་མ་དང་། རྡོ་རྗེ་དབལ་དང་། རྡོ་རྗེ་བཤད་པའི་ཕྱག་རྒྱ་རྣམས་ནི་ལན་གྱི་ཕྱག་རྒྱའོ། །ཁྲོ་བོ་རྡོ་རྗེ་ཆོས་དང་། རྣོན་པོ་དང་། རྒྱུ་དང་། ཁྲོ་བོ་རྡོ་རྗེ་
གསུང་གི་ཕྱག་རྒྱ་རྣམས་ནི། ཉེ་བའི་ཕྱག་རྒྱར་བརྗོད་དོ། །རྡོ་རྗེ་ལས་དང་། སྲུང་བ་དང་། གནོད་སྦྱིན་དང་། ཁྲོ་བོ་ཁུ་ཚུར་རྣམས་ནི་ཡེ་ཤེས་ཀྱི་ཕྱག་རྒྱར་བརྗོད་དོ། །ཕྱག་རྒྱ་དེ་རྣམས་ཀྱིས་རྡོ་རྗེ་འཆང་བ་ལ་མཆོད་པའི་དོན་ནི་བྱང་ཆུབ་ཀྱི་སེམས་དང་། སྦྱིན་པ་དང་། ཤེས་རབ་དང་། བརྩོན་འགྲུས་
བསྒོམ་པའི་མཚན་ཉིད་ཀྱིས་སྒྲུབ་པའི་མཆོད་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་རྡོ་རྗེ་འཆང་བ་མཆོད་པའི་དོན་དུ་གར་གྱི་མཆོད་པས་བསྐོར་བར་བྱའོ་ཞེས་བྱ་བ་དེ་ཉིད་ཀྱི་དོན་བསྟན་པའི་ཕྱིར། དེ་ལ་དང་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དང་པོ་ཉིད་ནི་ཐོག་མར་རོ། །རྡོ་རྗེ་
དབྱིངས་ཀྱི་བསྡུས་པ་ཡི། །སྙིང་པོས་རྡོ་རྗེ་གླུ་ལེན་ཅིང་། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ནི་རྣམ་པར་སྣང་མཛད་དེ། བྱང་ཆུབ་ཀྱི་སེམས་ལ་སོགས་པ་བསྡུས་པའི་གླུ་ལ་དེ་སྐད་ཅེས་བྱའོ། །ཨོཾ་རྡོ་རྗེ་སེམས་དཔའ་བསྡུས་པས་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་
རབ་བྱེད་པར་འགྱུར། །ཞེས་བྱ་བ་འདིས་ནི་རྡོ་རྗེ་དབྱིངས་སུ་བསྡུས་པའི་རྡོ་རྗེ་གླུའོ། །འདིས་དེ་ཁོ་ན་ཉིད་བསྐུལ་བའི་གླུས། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པས་མཆོད་པ་བྱས་ནས། རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་སེམས་མའི་ཕྱག་རྒྱ་དྲག་ཏུ་གཏོགས་པར་བྱའོ་ཞེས་བྱ་བ་ནི་ལག་པ་གཡས་
པའི་ཁུ་ཚུར་བྱས་ནས་གུང་མོ་སོར་མོའི་རྒྱབ་ཏུ་མཐེ་བོང་གི་ལྟོ་སྦྱར་ལ། དེ་ལས་དབུ་མ་བརྐྱང་བ་འདི་ནི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱའོ། །གུང་མོ་སོར་མོ་འདི་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་བརྐྱང་བས་དྲག་ཏུ་གཏོགས་པར་བྱ་ཞིང་བཛྲ་ཨཱ་བེ་ཤ་ཡ་ཨཿཞེས་བྱ་བ་ལན་བརྒྱའི་བར་དུ་བྱའོ། །
དེ་ནས་ཇི་སྙེད་བཞུགས་པ་རྣམས་ཕྱག་རྒྱ་རྣམས་ཀྱིས་ཡང་དག་པར་འབེབས་སོ་ཞེས་བྱ་བ་ནི་གང་དང་གང་འཇུག་པ་ནི། ཇི་སྙེད་པ་བཞུགས་པ་རྣམས་དེ་དང་དེ་ལ་ཕྱག་རྒྱ་རྣམས་ཀྱིས་འབེབས་པར་འགྱུར་རོ། །རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས། རྡོ་རྗེ་ཁུ་ཚུར་གྱི་བར་གྱི་ཕྱག་རྒྱ་བཅུ་དྲུག་པོ་རྣམས་ཀྱིས་
เล่ม ๕๗ · หน้า 288b
ནང་ནས་འབེབས་པའོ། །དེ་བས་ན་དེ་དག་གི་ནང་ནས། རྡོ་རྗེ་གར་གྱི་ཚུལ་གྱིས་ནི། །རྡོ་རྗེ་ཁྲོ་བོ་མཛུབ་མོ་གཉིས། །རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱ་ནི། །སྙིང་གར་ཤིན་ཏུ་བཅིང་བར་བྱ། །ཞེས་སོ། །འདི་སྐད་དུ་སྟོན་པ་ཡིན་ཏེ། དེ་ལྟར་སློབ་དཔོན་གྱིས་དབབ་པ་བྱས་ནས། སློབ་མ་རྣམས་ཀྱི་ནང་ནས།
འགའ་ཞིག་རྡོ་རྗེ་ཁྲོ་བོའི་སོར་མོ་གཉིས་བཅིངས་ཏེ། དེ་ནས་ཁྲོ་བོའི་སོར་མོ་གཉིས་དང་གར་བྱས་ནས། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་རང་གི་སྙིང་གའི་ཕྱོགས་སུ་བཅིངས་ཏེ། སིདྡྷི་བཛྲ་ཞེས་བརྗོད་པར་བྱའོ། །དེ་ཉིད་དམ་གཞན་གྱིས་དེ་བཞིན་དུ་གར་བྱས་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་
དཀྱིལ་འཁོར་ཆེན་པོར་བཤད་པའི་ཁྲོ་བོ་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་བཅིངས་ལ། ཨཱ་ན་ཡ་བཛྲ་ཞེས་བྱའོ། །དེ་བཞིན་དུ་གར་བྱས་པས་ཁྲོ་བོ་རྡོ་རྗེ་ཆགས་པའི་ཕྱག་རྒྱ་བཅིངས་ལ། རཱ་ག་བཛྲ་ཞེས་བྱའོ། །དེ་བཞིན་དུ་གར་བྱས་པས་ཁྲོ་བོ་རྡོ་རྗེ་ལེགས་པའི་ཕྱག་རྒྱ་བཅིངས་ནས། སཱ་དྷུ་བཛྲ་ཞེས་བྱའོ། །དེ་ནས་རང་གི་
གནས་སུ་ཕྱག་རྒྱ་བཀྲོལ་ནས་བཛྲ་མུཿཞེས་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་སྙིང་གའི་ཕྱོགས་སུ་བཏེག་སྟེ། དབང་བསྐུར་བར་བྱ་ཞིང་། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིང་བ་ལ་གཉིས་སུ་བྱས་ལ་མཛུབ་མོའི་རྩེ་མོ་གཉིས་གོ་ཆ་འཆིང་བ་ལྟར་བྱས་ནས།
དར་དཔྱངས་བཅིང་བ་ཇི་ལྟ་བ་བཞིན་དུ་བྱས་ལ་སརྦྦ་མུ་དྲ་མཻ་ཏྲི་ཊི་ཀུ་རུ་བ་ར་ཀ་བ་ཙེ་ན་བཾ་ཞེས་བྱ་བ་འདི་བྱའོ། །དེ་ནས་བཛྲ་ཏུ་ཥྱ་ཧོ་ཞེས་བྱ་བ་འདི་དང་། མཉམ་པའི་ཐལ་མོས་མཉེས་པར་བྱའོ། །དེ་ཡང་། ཕྱག་རྒྱ་ཆོ་ག་བཞིན་བཀྲོལ་ཏེ། །ཐལ་མོ་གདབ་ཅིང་བཅིང་བར་བྱ། །ཞེས་སྨོས་ཏེ། དེ་ལྟར་
བྱས་ནས་ཅི་ཞིག་བྱ་ཞེ་ན། མཆོད་པའི་ཆོ་ག་འདི་ཡིས་ནི། །ཕྱག་ན་རྡོ་རྗེ་མཉེས་པར་བྱ། །ཞེས་བྱ་བ་སྨོས་སོ། །སྒྲུབ་པའི་མཆོད་པའི་མཚན་ཉིད་ཀྱིས་སོ། །དེའི་འོག་ཏུ་ལན་གྱི་གར་གྱི་མཆོད་པ་བྱ་སྟེ་ཞེས་བྱ་བ་ནི། དེ་ལྟར་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཞི་སློབ་མ་ལ་
བབས་ནས་གར་བྱེད་ཅིང་མཆོད་པ་བྱེད་པ་ན། སློབ་དཔོན་གྱིས་དེ་མ་ཐག་ཏུ་ལན་གྱི་གར་གྱི་མཆོད་པ་བྱ་སྟེ། ཁྲོ་བོ་ཁྲོ་གཉེར་ལ་སོགས་པའི་ཕྱག་རྒྱས་གར་གྱི་མཆོད་པ་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་གི་ཕྱག་རྒྱ་བཞིས་མཚོན་པའི་བྱང་ཆུབ་ཀྱི་སེམས་སྒྲུབ་པའི་མཆོད་པ་དང་།
เล่ม ๕๗ · หน้า 289a
ཕྱག་རྒྱའི་ལན་གྱི་མཆོད་པ་ནི། གང་གིས་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་དངོས་སུ་བསྐྱེད་པ་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཆོད་པ་བྱེད་པ་དེའི་རང་བཞིན་གྱི་ལན་གྱི་ཕྱག་རྒྱ་རྣམ་པ་བཞི་ཞེས་བྱའོ། །དེ་བཞིན་གར་གྱི་གཡོན་པ་ནི། །ཞེས་བྱ་བ་ནི། རྡོ་རྗེ་ཁྲོ་བོའི་སོར་
མོ་གཉིས་གར་བྱས་ནས། གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱི་མཛུབ་མོ་བཟུང་ནས་བསྒྱུར་ཞིང་། མཛུབ་མོའི་ངོས་དཔྲལ་བའི་ཕྱོགས་སུ་བཞག་ནས། ཨ་ཧི་བཛྲ་ཞེས་བརྗོད་དོ། །དེ་བཞིན་གར་བྱེད་ཉི་མ་ཡང་། །བཀུག་ནས་ཡང་དག་དགུག་པར་བྱ། །ཞེས་
བྱ་བ་ནི། ཁྲོ་བོའི་ཁུ་ཚུར་དེ་ཉིད་གཉིས་སུ་བྱས་ནས་གར་བྱས་ཏེ། དེ་བཞིན་དུ་གཡས་པའི་ཁུ་ཚུར་གྱིས་གཡོན་པའི་མཛུབ་མོ་དྲངས་ནས། སྙིང་གའི་ཕྱོགས་སུ་ཉི་མའི་དཀྱིལ་འཁོར་གྱི་ཚུལ་དུ་བྱས་ལ་ཛྭ་ལ་ཡ་བཛྲ་ཞེས་བྱའོ། །རྡོ་རྗེ་རྒྱལ་མཚན་བསླངས་ནས་ནི། །རྡོ་རྗེ་ཧ་ཧ་ཞེས་དགོད་ཅིང་། །
ཞེས་བྱ་བ་ནི། བཤད་མ་ཐག་པའི་ཆོ་ག་དེ་ཉིད་ཀྱིས་གཡོན་པ་གཡས་པའི་ཁུ་ཚུར་གྱིས་བཟུང་ནས། ལག་ངར་གཉིས་བརྐྱང་ནས་སྤྱི་གཙུག་ཏུ་བཞག་སྟེ། དེ་ཧི་བཛྲ་ཞེས་བྱ་བའོ། །དེ་བཞིན་དུ་གར་བྱས་ནས་གཡོན་པའི་སོར་མོ་གཡས་པའི་ཁུ་ཚུར་གྱི་མཛུབ་མོ་བཟུང་ནས་དགོད་པའི་ཚུལ་དུ་ཁར་
བཞག་ནས། ཧ་ས་ཧ་ས་བཛྲ་ཞེས་བརྗོད་པར་བྱའོ། །ཕྱག་རྒྱ་དགྲོལ་བ་ལ་སོགས་པ་རྣམས་ནི་སྔ་མ་བཞིན་ནོ། །མཆོད་པའི་ཆོ་ག་འདི་ཡིས་ནི། །རྒྱལ་པོ་ལ་སོགས་མི་ཀུན་ཀྱང་། །མཉེས་པར་བྱེད་ཅེས་བྱ་བར་སྦྱར་རོ། །ཇི་ལྟར་མཉེས་ཤེ་ན། དབང་དང་རབ་ཀྱི་གཟི་བརྗིད་དང་། སྦྱིན་དང་
དགོད་པས་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ནི་དབང་བསྐུར་བ་ཐོབ་པ་དེའི་ཕྱིར་དབང་ཉིད་དོ། །རབ་ཀྱི་གཟི་བརྗིད་ནི་ཁྲོ་བོ་རྡོ་རྗེ་གཟི་བརྗིད་དུ་གྱུར་པ་དེའི་ཕྱིར་རབ་ཀྱི་གཟི་བརྗིད་དོ། །སྦྱིན་པ་ནི་ཁྲོ་བོ་རྡོ་རྗེ་དབལ་དུ་གྱུར་པ་དེའི་ཕྱིར་སྦྱིན་པའོ། །དགོད་པ་ནི་རྡོ་རྗེ་བཞད་པ་ཁོང་དུ་ཆུད་པའི་ཕྱིར་བཞད་པས་
མཉེས་པར་བྱེད་པའོ། །དེ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལན་གྱི་ཕྱག་རྒྱ་རྣམ་པ་བཞི་པོ་བྱས་ནས་གང་གི་མཆོད་པའི་ཕྱག་རྒྱ་རྣམ་པ་བཞི་པོ་འདིས་མཆོད་པ་ནི། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་ནས། ཉོན་མོངས་པའི་བག་ཆགས་
เล่ม ๕๗ · หน้า 289b
དང་བཅས་པ་སྤོང་བའི་མཚན་ཉིད་དང་། ཆོས་ཐམས་ཅད་ཀྱི་མངོན་པར་ཞེན་པ་འདོར་བ་ལམ་གྱི་ངོ་བོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལན་གྱི་ཕྱག་རྒྱ་བསྐྱེད་ནས། ཡང་དེ་ལ་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྐྱེད་པའི་ཕྱིར། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་རྣམ་པ་བཞི་བརྗོད་པ་ནི། དེ་བཞིན་གར་ཡང་བཀྲོལ་ནས་ནི། །ཞེས་བྱ་བ་སྨོས་ཏེ། ཁྲོ་བོ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོའི་སོར་མོ་གཉིས་པདྨ་དང་འདྲ་བར་བྱས་ལ། སྙིང་གའི་ཕྱོགས་སུ་བཞག་ལ། དད་པ་ཁྱད་པར་དུ་གྱུར་པའི་བསམ་པ་གཡོས་པ་གུས་པའི་སེམས་བསྐྱེད་ནས་བཏུད་
ཅིང་རབ་ཏུ་བཏུད་ནས། ཀ་མ་ཡ་བཛྲ་ཞེས་བརྗོད་དེ། དེ་བཞིན་གར་བྱེད་རྡོ་རྗེ་ཡི། །རལ་གྲིས་བགེགས་ནི་གཅད་པར་བྱ། །ཁྲོ་བོ་ཁུ་ཚུར་དེ་ཉིད་དང་། གར་བྱ་ཞིང་མཛུབ་མོ་གཉིས་པདྨ་དང་འདྲ་བར་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཕྱག་རྒྱ་དེས་གཅོད་ཅིང་། ཙྪིནྡ་བཛྲ་ཞེས་
བརྗོད་དོ། །མགལ་མེའི་འཁོར་ལོ་བསྐོར་བ་ཡིས། །འཁོར་ལོའི་དཀྱིལ་འཁོར་ཚུལ་དུ་བསྐོར། །ཞེས་བྱ་བ་ནི། དེ་ཉིད་ཀྱི་གར་བྱས་པ་ལས་བྱུང་བའི་པདྨའི་འདབ་མ་འདྲ་བའི་ཕྱག་རྒྱ་བཅིངས་ཏེ། སླར་ཡང་མགལ་མེའི་འཁོར་ལོ་ལྟར་བསྐོར་ཞིང་། བཱ་མ་ཡི་བཛྲ་ཞེས་བྱའོ། །རྡོ་རྗེ་ཚིག་ཏུ་
གླུ་ལེན་ལྟར། །ཕྱག་ན་རྡོ་རྗེ་མཆོད་པར་བྱ། །ཞེས་བྱ་བ་ནི། དེ་ཉིད་གར་བྱས་པ་ལས་བྱུང་བའི་པདྨའི་འདབ་མ་འདྲ་བའི་ཕྱག་རྒྱ་བཅིངས་ཏེ། ཁ་ལས་གྱེན་དུ་དེའི་ཕྱག་རྒྱ་བསྐུལ་ཞིང་། བྷུ་དྷི་བཛྲ་ཞེས་བརྗོད་པར་བྱའོ། །མཆོད་པའི་ཆོ་ག་འདི་ཡིས་ནི། །ཐམས་ཅད་རྟག་པ་ཉིད་དུ་འགྱུར། །ཞེས་
བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྣལ་འབྱོར་ནས་བརྩམས་ནས་བྱེ་བྲག་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་རྣམ་པ་བཞིའི་མཐུས་རྟག་ཏུ་མི་འཇིག་པའི་རྣལ་འབྱོར་དུ་འགྱུར་ཏེ། འདིར་ཡང་ཕྱག་རྒྱ་དགྲོལ་བ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་དུ་ཉེ་བའི་ཕྱག་
རྒྱ་གར་གྱི་མཆོད་པ་བཤད་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་གར་གྱི་མཆོད་པ་བྱ་བ་ནི། རྡོ་རྗེ་ཁྲོ་བོའི་མཛུབ་ཡང་དག །བཀན་ནས་རྩེ་མོ་སྦྱར་ནས་ཀྱང་། །ཞེས་བྱ་བ་ནི། རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་གྱི་ཉེ་བའི་ཕྱག་རྒྱ་བཅིངས་པས་རང་གི་ངང་གིས་སྤྲུལ་པ་ལ་སོགས་པ་བྱ་བ་ནན་ཏན་གྲུབ་པའི་
เล่ม ๕๗ · หน้า 290a
ཡེ་ཤེས་ཀྱི་ཕྱག་རྒྱ་བསྐྱེད་པ་དེའི་ཕྱིར་ཡེ་ཤེས་ཀྱི་ཕྱག་རྒྱ་བརྗོད་དོ། །རྡོ་རྗེ་ལས་ལ་སོགས་པ་རྣམ་པ་བཞིའི་ཕྱག་རྒྱ་ནི། རྡོ་རྗེ་ཁྲོ་བོའི་མཛུབ་མོ་དག །བཀན་ཏེ་རྩེ་མོ་སྦྱར་བ་ལས། །བསྒྱུར་ནས་གཙུག་ཏོར་གྱི་ཕྱོགས་སུ་མཛུབ་མོ་དག་གཞག་པར་བྱ་སྟེ། གཡོན་པའི་ཕྱོགས་
ནས་གར་བསྐོར་བ་བྱས་ནས་ཡང་གཡས་པའི་ཕྱོགས་ནས་གར་གྱིས་བསྐོར་བ་སྙིང་གའི་ཕྱོགས་སུ་བཞག་ལ། ནྲི་ཏྱཻ་བཛྲ་ཞེས་བརྗོད་དོ། །དེ་བཞིན་དུ་ཁྲོ་བོའི་ཁུ་ཚུར་གཉིས་གར་བྱས་ལ་གོ་ཆའི་ཚུལ་དུ་བྱས་ཏེ། རཀྵ་བཛྲ་ཞེས་བྱ་བའོ། །དེ་བཞིན་དུ་གར་བྱས་ལ་ཁྲོ་བོའི་ཁུ་ཚུར་ཁར་བཞག་ནས་
ཁུ་ཚུར་མཐེའུ་ཆུང་གཉིས་མཆེ་བ་ལྟར་བྱས་ལ། ཁ་ད་བཛྲ་ཞེས་བྱའོ། །དེ་བཞིན་དུ་གར་བྱས་ལ་ཁྲོ་བོའི་ཁུ་ཚུར་གཉིས་ཁ་སྦྱར་ལ་ཕན་ཚུན་བཙིར་བར་བྱས་ལ། བནྡྷ་བཛྲ་ཞེས་བརྗོད་པར་བྱས་ནས་སྔ་མ་བཞིན་དུ་རེ་རེ་ཞིང་ཡང་ཕྱག་རྒྱ་དགྲོལ་བར་བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་སུ་བྱ་བའི་ཆོ་ག་དང་།
སློབ་མ་འཇུག་པ་ལ་སོགས་པ་བྱ་བ་རྒྱས་པར་བཤད་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་རྣམས་བསྟན་པ་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཁྲོ་
བོའི་གསང་བའི་ནི་ཁྲོ་བོའི་གསང་བ་སྟེ། གཟུངས་ཀྱི་དཀྱིལ་འཁོར་དེའི་ཕྱག་རྒྱར་གྱུར་པའི་ཡེ་ཤེས་དེ་བསླབ་པར་བྱའོ། །རྡོ་རྗེ་གཟུང་བའི་ལག་གཉིས་ཀྱིས། །ཁྲོས་པའི་ཡིད་ཀྱིས་དྲག་གཏོགས་བྱ། །ཞེས་བྱ་བ་ནི། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་
པའི་རང་གི་ལྷའི་ཁྲོ་བོའི་རྣལ་འབྱོར་བྱས་ལ། ཧཱུཾ་བཛྲ་སྥོ་ཊ་ཞེས་བྱ་བ་འབུམ་བཟླས་སོ། །དེ་ནས་ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་པ་བྱ་སྟེ། ཡང་ལས་ཀྱི་དུས་སུ་ཁྲོ་བོའི་རྣལ་འབྱོར་བྱས་ལ། སྙིང་པོ་འདི་དང་ལག་པ་གཉིས་སུ་རྡོ་རྗེ་འབར་བ་བསམ་པར་བྱའོ། །ལག་པ་གཡས་པར་གནས་
པའི་རྡོ་རྗེའི་དབུས་སུ་བསྒྲུབ་པར་བྱ་བའི་མིང་བྲིས་ཏེ། ཛཿཧཱུཾ་བཾ་ཧོཿཞེས་བྱ་བས་བསྒྲུབ་པར་བྱ་བའི་མིང་གི་གནས་སུ་བསྒྲུབ་པར་བྱ་བ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ། ལག་པ་གཡོན་པའི་རྡོ་རྗེས་དངོས་སུ་བསྣུན་ཅིང་བཟུང་ནས། ཧཱུཾ་བཛྲ་སྥོ་ཊ་ཆེ་གེ་མོ་མཱ་ར་ཡ་ཐ་ཞེས་
เล่ม ๕๗ · หน้า 290b
བྱ་བའོ། །མ་མཆུ་སོ་ཡིས་བཟུང་ནས་ནི། །གང་གི་མིང་སྨོས་གཟིར་བ་ནི། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་བྱས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་མདུན་དུ་བཞག་སྟེ། བསྒྲུབ་བྱའི་མགོ་ནས་བཟུང་བའི་བསམ་པས་མ་མཆུ་སོ་ཡིས་བཟུང་ནས་བཙིར་ན་བཀའ་བཞིན་བྱེད་པར་འགྱུར་རོ། །ཁྲོ་བོ་ཁྲོ་ཆེན་ལྟ་བ་
ཡིས། །མིག་ཀྱང་འཛུམ་པར་བྱེད་པ་ནི། །སྙིང་པོ་བཟླས་ནས་མིག་ཏུ་རྡོ་རྗེ་བསྐྱེད་ནས་སྔ་མ་བཞིན་དུ་བསྒྲུབ་པར་བྱའོ། །ཡང་ལས་ཀྱི་དུས་སུ་ཡིད་ཀྱིས་དེ་བཞིན་བྱས་པའམ། དངོས་ཀྱི་གཟུགས་ལ་ཧཱུཾ་བཛྲ་ནེ་ཏྲ་ཆེ་གེ་ཙཀྵུ་སྥོ་ཊ་ཡ་ཐ་ཞེས་བྱ་བ་སྔར་བཤད་པ་བཞིན་བཟླས་པར་བྱའོ། །རྡོ་རྗེ་ཁྲོ་བོ་མཉམ་
གཞག་ལ། །ཞེས་བྱ་བ་ནི། དེ་ལྟར་སྔ་མ་བཞིན་དུ་ཐམས་ཅད་བྱས་ལ། དེ་ནས་ལས་ཀྱི་དུས་སུ་རྡོ་རྗེ་ཁྲོ་བོའི་རྣལ་འབྱོར་བྱས་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། ལག་ངར་གཉིས་བསྒྲུབ་པར་བྱ་བའི་གཟུགས་སུ་བསམས་ནས། བདག་ཉིད་ཀྱི་སྙིང་གའི་ཕྱོགས་སུ་འཁྱུད་པ་ལྟར་བྱས་ཏེ། ཧཱུཾ་མ་ན་
ས་བཛྲ་ཆེ་གེ་མོ་ཙིཏྟ་སྥོཊ་ཡ་ཐ་ཞེས་འདི་སྐད་སྨོས་པ་བཞིན་དུ་བཟླས་པར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་བཤད་པའི་དངོས་གྲུབ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ལྷའི་རྣལ་འབྱོར་བྱས་ལ། གཟུངས་ཀྱི་
དཀྱིལ་འཁོར་ལ་སོགས་པ་རྣམས་ཀྱི་རང་གི་ཕྱག་རྒྱ་བཞིས་ལུས་ལ་རྒྱས་གདབ་པར་བྱའོ་ཞེས་བྱ་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ཉིད་ལའོ། །རྡོ་རྗེ་ཆེན་པོའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་གསང་བའི་ཕྱག་རྒྱ་ནི་གསང་
བའི་ཕྱག་རྒྱ་སྟེ་གཟུངས་ཀྱི་ཕྱག་རྒྱའོ། །དེ་ལ་བསླབ་པར་བྱའོ། །མཐེའུ་ཆུང་ལྕགས་ཀྱུར་བཅིངས་ནས་ནི། །རྡོ་རྗེ་ཁྲོ་བོ་གཞག་པར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་རྡོ་རྗེ་ལག་ངར་གཉིས་བསྙམས་ཏེ། མཐེའུ་ཆུང་ལྕགས་ཀྱུར་སྦྲེལ་ལ། འདིར་ཁམས་གསུམ་རྣམ་པར་
རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱའི་ཚུལ་དུ་བྱེད་པའི་ཕྱག་རྒྱ་ཆེན་པོའོ། །གཡོན་པའི་རྩེ་གསུམ་རྒྱབ་ཏུ་ནི། །འཇིག་རྟེན་གསུམ་ལས་རྒྱལ་ཞེས་བཤད། །ཅེས་བྱ་བ་ནི་ཇི་སྐད་བཤད་པའི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ལས་གཡོན་
เล่ม ๕๗ · หน้า 291a
པའི་གུང་མོ་དང་མཛུབ་མོ་དང་སྲིན་ལག་གསུམ་མདུང་རྩེ་གསུམ་པ་ལྟར་བྱས་ལ་དེའི་རྒྱབ་ཀྱི་ཕྱོགས་སུ་གཡས་པའི་མཛུབ་མོ་བརྐྱང་བས་གཞག་པ་ནི། གཡོན་པའི་རྩེ་གསུམ་པའི་རྒྱབ་ཏུ་ཁམས་གསུམ་རྣམ་པར་རྒྱལ་བའི་ཞེས་བཤད་དེ། འདི་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་གནས་
སུའོ། །གཡོན་པའི་མཛུབ་མོ་ཐད་ཀར་བརྐྱང་། །ཞེས་བྱ་བ་ནི། ཇི་སྐད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། གཡོན་པའི་མཛུབ་མོ་ཐད་ཀར་བརྐྱང་བ་ནི་རིན་ཆེན་ཧཱུཾ་མཛད་ཀྱིའོ། །དེ་བཞིན་བཀན་པའི་པདྨོ་ནི། །ཞེས་བྱ་བ་ནི། དེ་སྐད་དུ། འཇིག་རྟེན་པའི་འཁོར་ལོ་
ལས་རིག་པ་མཆོག་གི་པདྨའི་ཕྱག་རྒྱ་མེ་ཏོག་བཞི་པ་ཞེས་འཆད་པར་འགྱུར་རོ། །དེ་བཞིན་དུ་བཀན་པའི་པདྨོའོ། །འདི་སྐད་སྟོན་པ་ཡིན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དམ་ཚིག་རྡོ་རྗེ་ཁུ་ཚུར་གྱིས་མཐེ་བོ་གཉིས་ཕན་ཚུན་ལྕགས་སྒྲོག་ཏུ་བཅིང་
བར་བྱ་སྟེ། མཛུབ་མོ་གཉིས་ཀྱང་ཕན་ཚུན་ལྕགས་སྒྲོག་ཏུ་བཅིང་བ་བྱས་ནས། གུང་མོ་དང་སྲིན་ལག་བཞི་རྒྱབ་སྦྱར་ལ། བསྐོར་ནས་གཞག་པ་འདི་ནི་དེ་བཞིན་བཀན་པའི་པདྨ་ཞེས་བྱ་བ་ནི་ཆོས་ཀྱི་ཧཱུཾ་མཛད་ཀྱི་གནས་སུའོ། །དེ་བཞིན་དུ་ནི་བསྒྱུར་ནས་ནི། །གཡོན་པའི་རྡོ་རྗེ་གཞག་པར་བྱ། །ཞེས་
བྱ་བ་ནི། ཇི་སྐད་གསུངས་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས། གཡོན་པའི་མཛུབ་མོ་ཐད་ཀར་བརྐྱང་ལ། གཡས་པའི་མཛུབ་མོས་མནན་པ་ནི་ལས་ཀྱི་ཧཱུཾ་མཛད་ཀྱི་གནས་སུའོ། །དེ་ལྟར་བདག་པོ་ལྔའི་གནས་སུ་ཕྱག་རྒྱ་ཆེན་
པོ་འཆིང་བ་བསྟན་ནས། ད་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་བརྩམས་ནས་ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་བར་དུ་གཟུངས་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། རྡོ་རྗེ་མཐིལ་དུ་བཅིང་བ་བྱས་ཏེ་ཞེས་སྨོས་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཐེ་བོ་གཉིས་བཏེག་ནས་ཁྲོས་པས་
དགབ་པ་འདི་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའི་གནས་སུའོ། །མཛུབ་མོ་ལྕགས་ཀྱུར་བཀུག་པ་ཉིད། །ཅེས་བྱ་བ་ནི། རྡོ་རྗེ་རྒྱལ་པོའི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིང་བའི་མཛུབ་མོ་གཉིས་ལྕགས་ཀྱུར་བྱའོ། །མཛུབ་མོའི་ངོས་ནི་སྦྱར་བ་ནི། །ཞེས་བྱ་བ་ནི། རྡོ་རྗེ་ཆགས་པའི་གནས་སུ་རྡོ་རྗེ་
เล่ม ๕๗ · หน้า 291b
བསྡམས་པ་ནང་དུ་བཅིང་བའི་རྡོ་རྗེ་མཛུབ་མོ་གཉིས་ཕན་ཚུན་ལྟོ་སྦྱར་ནས་ཁབ་ལྟར་བྱའོ། །དེ་བཞིན་མཛུབ་མོ་ལེགས་སྦྱིན་པ། །ཞེས་བྱ་བ་ནི། རྡོ་རྗེ་ལེགས་པའི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིང་བའི་མཛུབ་མོ་དང་མཐེ་བོ་གཉིས་སེ་གོལ་བརྡབ་པར་བྱའོ། །མཛུབ་མོ་སྤྲད་དེ་
དཔྲལ་བར་གཞག །ཅེས་བྱ་བ་ནི། རྡོ་རྗེ་ཁྲོ་གཉེར་གྱི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ནས། མཛུབ་མོ་གཉིས་ཀྱི་རྩེ་མོ་བསྒྲེངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་བསྐོར་ཞིང་། ཕྱག་རྒྱ་དཔྲལ་བའི་ཕྱོགས་སུ་གཞག་གོ། །སྙིང་གར་ཉི་མ་རབ་ཏུ་བསྟན། །ཞེས་བྱ་བ་ནི་རྡོ་རྗེ་
ཉི་མའི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སྙིང་གའི་ཕྱོགས་སུ་ཉི་མ་ལྟར་གཞག་པར་བྱའོ། །མཛུབ་མོ་བསྙམས་པ་སྤྱི་བོར་གཞག །ཅེས་བྱ་བ་ནི། རྡོ་རྗེ་རྒྱལ་མཚན་གྱི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་གཉིས་ཁབ་ལྟར་བྱས་ལ་སྤྱི་བོར་གཞག་གོ། །བསྒྱུར་
ནས་དགོད་པ་གཞག་པར་བྱ། །ཞེས་བྱ་བ་ནི། བཞད་པའི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་བཞད་པ་ལྟར་ཡོངས་སུ་བསྐོར་ཞིང་གཞག་པར་བྱའོ། །མཛུབ་བསྙམས་པདྨ་ཁ་འབུས་བཞིན། །ཞེས་བྱ་བ་ནི། རྡོ་རྗེ་ཆོས་ཀྱི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་
མཛུབ་མོ་གཉིས་པདྨའི་འདབ་མ་ལྟར་བྱེད་པའོ། །གཉི་ག་རལ་གྲི་ཆད་པར་འཛིན། །ཞེས་བྱ་བ་ནི་རྣོན་པོའི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ཏེ། མཐེ་བོང་གཉིས་ནང་དུ་བཅུག་ལ་མཐེ་བོ་གཉིས་ཀྱི་རྒྱབ་ཏུ་མཛུབ་མོ་གཉིས་གཞག་པར་བྱའོ། །མཛུབ་གཉིས་འཁོར་ལོར་བཅིངས་
པའོ། །ཞེས་བྱ་བ་ནི་རྡོ་རྗེ་འཁོར་ལོའི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཛུབ་མོ་གཉིས་ཁབ་ལྟར་བྱས་ནས་མཛུབ་མོ་གཉི་ག་ཉིད་རྡོ་རྗེ་ལྟར་བྱའོ། །མཛུབ་མོ་བསྙམས་ཏེ་ཁ་ནས་དབྱུང་། །ཞེས་བྱ་བ་ནི། རྡོ་རྗེ་སྲུང་བའི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཞག་ལ་མཛུབ་མོ་
གཉིས་རྩེ་མོར་བྱས་ཏེ། ཕྱག་རྒྱ་ཁའི་ཕྱོགས་སུ་གྱེན་དུ་ཚིག་འབྱིན་པ་ལྟར་གཞག་གོ། །མཛུབ་མོ་ཤིན་ཏུ་བརྐྱང་བ་དང་། །ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་གཉིས་སོ་སོར་ཁབ་ལྟར་བྱའོ། །མཛུབ་མོ་མགུལ་དུ་བཅིང་བར་བྱ། །ཞེས་བྱ་བ་ནི།
เล่ม ๕๗ · หน้า 292a
རྡོ་རྗེ་སྲུང་བའི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་གཉིས་སྐམ་པ་ལྟ་བུའི་ཕྱག་རྒྱས་མགུལ་པ་བཅིང་བར་བྱའོ། །དེ་གཉིས་ཁ་འགྲམ་མཆེ་བར་གཞག །ཅེས་བྱ་བ་ནི། གནོད་སྦྱིན་གྱི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་ཕྱག་རྒྱ་ཉིད་ལས་མཛུབ་
མོ་གཉིས་བརྐྱང་ལ་ཁ་འགྲམ་དུ་མཆེ་བའི་ཚུལ་དུ་གཞག་པར་བྱའོ། །ཁུ་ཚུར་དམ་དུ་བཅིངས་པ་ནི། །ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་གནས་སུ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། ཕྱག་རྒྱ་ཉིད་དམ་དུ་བཅིངས་པ་ནི་ཕྱག་རྒྱ་ཆེན་པོར་འགྱུར་རོ། །རྡོ་རྗེ་སེམས་མ་ལ་སོགས་པ་བཞི་དང་། སྒེག་
མོ་ལ་སོགས་པ་ནས་ཁྲོ་བོ་རྡོ་རྗེ་འབེབས་པའི་གནས་སུ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་འདི་ཉིད་འདིར་ཕྱག་རྒྱ་ཆེན་པོར་ཤེས་པར་བྱའོ། །གསང་བའི་ཁུ་ཚུར་ལས་བྱུང་བ། །ཞེས་བྱ་བ་ནི། ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་གནས་སུ་ཁུ་ཚུར་
དམ་དུ་བཅིང་བ་ནི། འདིར་གསང་བའི་ཁུ་ཚུར་གྱི་ཕྱག་རྒྱར་བཤད་དོ། །སྙིང་གར་གཞག་ཅེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་གནས་སུ་གསང་བའི་ཁུ་ཚུར་བཅིངས་ནས། སྙིང་གའི་ཕྱོགས་སུ་གཞག་པ་ནི་འདིར་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །རྩིབ་ལོགས་གཅུ་ཞེས་བྱ་བ་ནི། །རྒྱལ་
པོའི་གནས་སུ་གསང་བའི་ཁུ་ཚུར་རྩིབ་ལོགས་གཡས་སུ་གཞག་གོ། །མདའ་དྲང་བ་ནི་གཡོན་པ་ནས། །ཞེས་བྱ་བ་ནི་ཆགས་པའི་གནས་སུ་གསང་བའི་ཁུ་ཚུར་གཡོན་པའི་རྩིབ་ལོགས་ནས་མདའ་འདྲེན་པའི་ཚུལ་དུ་བྱེད་པ་འདི་ནི་གཡོན་ནས་མདའ་འདྲེན་པའོ། །སྙིང་ག་ནས་ནི་དབྱུང་བར་བྱ། །
ཞེས་བྱ་བ་ནི་ལེགས་པའི་གནས་སུ་གསང་བའི་ཁུ་ཚུར་གྱི་ཕྱག་རྒྱ་སྙིང་གའི་ཕྱོགས་སུ་ལེགས་སོ་སྦྱིན་པའི་བསམ་པས་ཁའི་ཕྱོགས་སུ་གྱེན་དུ་ཡང་འདེགས་པའོ། །ཁྲོ་གཉེར་དུ་ནི་བསྒྱུར་ནས་དེ། །ཞེས་བྱ་བ་ནི་རིན་ཆེན་གྱི་གནས་སུ་གསང་བའི་ཁུ་ཚུར་གྱི་ཕྱག་རྒྱ་ཡོངས་སུ་བསྒྱུར་ནས་མཛོད་སྤུའི་
གནས་སུ་གཞག་པར་བྱའོ། །ཉི་མའི་དཀྱིལ་འཁོར་སྟོན་པ་དང་། །ཞེས་བྱ་བ་ནི་ཉི་མའི་གནས་སུ་གསང་བའི་ཁུ་ཚུར་གྱི་ཕྱག་རྒྱ་སྙིང་གའི་ཕྱོགས་སུ་ཉི་མའི་དཀྱིལ་འཁོར་གྱི་ཚུལ་དུ་འཇོག་པའོ། །སྤྱི་བོར་ལག་པ་བརྐྱང་བ་དང་། །ཞེས་བྱ་བ་ནི་དཔལ་གྱི་གནས་སུ་གསང་བའི་ཁུ་ཚུར་གྱི་ཕྱག་རྒྱ་ལག་
เล่ม ๕๗ · หน้า 292b
ངར་གཉིས་བརྐྱང་ནས་སྤྱི་བོར་གཞག་པའོ། །བསྐོར་ནས་དགོད་པར་གཞག་པར་བྱ། །ཞེས་བྱ་བ་ནི་བཞད་པའི་གནས་སུ་གསང་བའི་ཁུ་ཚུར་བཞད་པའི་ཚུལ་གྱིས་ཡོངས་སུ་བསྐོར་ནས་ཁར་གཞག་པའོ། །ཁ་ཡི་དབུས་སུ་རབ་གཞག་པ། །ཞེས་བྱ་བ་ནི་རྡོ་རྗེ་ཆོས་ཀྱི་གནས་སུ་གསང་བའི་ཁུ་ཚུར་
ཁའི་དབུས་སུ་གཞག་པར་བྱའོ། །མཛུབ་མོ་རལ་གྲི་འདེགས་པ་འདྲ། །ཞེས་བྱ་བ་ནི་རྣོན་པོའི་གནས་སུ་གསང་བའི་ཁུ་ཚུར་བཅིངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་གཅོད་པའི་ཚུལ་གྱིས་གཞག་པར་བྱའོ། །འཁོར་ལོ་བསྐོར་བ་སྟོན་པ་དང་། །ཞེས་བྱ་བ་ནི་རྒྱུའི་གནས་སུ་གསང་བའི་ཁུ་ཚུར་གྱི་
ཕྱག་རྒྱ་ཉིད་འཁོར་ལོ་བསྐོར་བའི་ཚུལ་གྱིས་བསྟན་པའོ། །ཁ་ནས་རབ་ཏུ་འབྱིན་པ་ནི། །ཞེས་བྱ་བ་ནི་གསང་བའི་གནས་སུ་གསང་བའི་ཁུ་ཚུར་གྱི་ཕྱག་རྒྱ་ནི་ཁ་ནས་གྱེན་དུ་ཚིག་འབྱིན་པའི་ཚུལ་དུ་བྱའོ། །སྤྱི་བོར་ལུས་མཆོག་དཀྱིལ་འཁོར་བསྐོར། །ཞེས་བྱ་བ་ནི་ལས་ཀྱི་གནས་སུ་གསང་བའི་
ཁུ་ཚུར་གྱི་ཕྱག་རྒྱ་ཉིད་འཁོར་ལོ་བསྐོར་བ་ལྟར་གར་བྱེད་པའི་ཚུལ་གྱིས་ལུས་ཐམས་ཅད་ལ་བསྐོར་ལ་སྤྱི་བོར་གཞག་པར་བྱའོ། །དཔུང་པ་སྙིང་ག་རྩིབ་ལོགས་རྣམས། །རྡོ་རྗེ་སྲུང་བ་དེ་བཞིན་བྱ། །ཞེས་བྱ་བ་ནི་སྲུང་བའི་གནས་སུ་གསང་བའི་ཁུ་ཚུར་གྱི་ཕྱག་རྒྱ་གོ་ཆ་འཆིང་བའི་ཚུལ་གྱིས་ཕྲག་པ་
གཉིས་དང་སྙིང་ག་དང་རྩིབ་ལོགས་སུ་སྦྱར་བར་བྱའོ། །མཆེ་བའི་གནས་སུ་གཞག་པ་དང་། །ཞེས་བྱ་བ་ནི་གནོད་སྦྱིན་གྱི་གནས་སུ་གསང་བའི་ཁུ་ཚུར་གྱི་ཕྱག་རྒྱ་ཉིད་ཁའི་འགྲམ་དུ་མཆེ་བའི་ཚུལ་དུ་གཞག་པར་བྱའོ། །ཁུ་ཚུར་དམ་དུ་བསྡམས་པའོ། །ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་
གནས་སུ་གསང་བའི་ཁུ་ཚུར་བཅིངས་ལ་དམ་དུ་བསྡམས་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཕྱི་རོལ་དཀྱིལ་འཁོར་ཕྱག་རྒྱ་ནི། །ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པར་བཅིང་བར་བྱའོ། །མཚན་མ་གོ་རིམས་བཞིན་དུ་བཅིང་། །ཞེས་བྱ་བ་ནི། འཇིག་རྟེན་གསུམ་
ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཇི་ལྟར་རྡོ་རྗེ་ཧཱུཾ་ཞེས་བྱ་བས་ཕྱག་རྒྱར་འགྱུར་བ་དེ་ལྟར་འདིར་ཡང་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་བཤད་པ་ནི། དམ་ཚིག་རྡོ་རྗེ་བཅིངས་པ་ལས། །ཞེས་བྱ་བ་ལ་རྡོ་རྗེ་བཅིངས་པ་ནི་རྡོ་རྗེ་ནང་དུ་བཅིང་བའོ། །དེ་བཞིན་རྡོ་རྗེ་ཁུ་ཚུར་གཞན། །ཞེས་བྱ་བ་ལ་
เล่ม ๕๗ · หน้า 293a
འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཀྱི་རྡོ་རྗེ་ཁུ་ཚུར་གཉིས་སུ་བྱས་པ་ནི་སྒེག་མོ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་མཐར་ཐུག་པའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པ་ནས། ལས་ཀྱི་ཧཱུཾ་
མཛད་ཀྱི་བར་གྱི་དམ་ཚིག་གི་ཕྱག་རྒྱའི་སྦྱོར་བས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་ཆེན་པོ་བཤད་པར་ཤེས་པར་བྱའོ། །དེ་ནས་སྒེག་མོ་ལ་སོགས་པའི་ཕྱག་རྒྱའི་དོན་གསལ་པོར་བརྗོད་པར་བྱ་སྟེ། རྡོ་རྗེ་
བསྡམས་པ་ནང་བཅིངས་ལ། །མཛུབ་མོ་གཉིས་ནི་གྱེན་དུ་བསྒྲེང་། །རྡོ་རྗེ་མཛུབ་མོ་སོ་སོར་བྱས། །སྙིང་གར་མཐེ་བོ་བསྙམས་ལ་གཞག །རབ་ཏུ་བརྐྱང་བ་ཕྲེང་བ་མའོ། །ཐལ་མོ་སྦྱར་བ་ཁ་ནས་དབྱུང་། །གར་ལས་ཐལ་མོ་སྤྱི་བོར་གཞག །རྡོ་རྗེ་བཅིང་བ་ཐུར་དུ་བླུགས། །རང་
གི་ཐལ་སྦྱར་གྱེན་དུ་གཏོར། །མཐེ་བོ་བསྙམས་ཏེ་རབ་ཏུ་བསྡམས། །རབ་ཏུ་བརྐྱང་ནས་བྱུག་པའོ། །མཛུབ་མོ་གཅིག་པུ་བཀུག་པ་དང་། །མཐེ་བོ་གཉིས་ནི་མདུད་པ་དོར། །མཐེ་བོ་མཛུབ་མོ་མདུད་པར་བཅིངས། །རྡོ་རྗེ་བཅིངས་པ་མཛུབ་མོ་བསྡམས། །ཞེས་བྱའོ། །ཕཊ་ཅེས་བྱ་བ་
ནི་གཟུངས་ཀྱི་ཁྲོ་བོ་རྡོ་རྗེ་སེམས་དཔའི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་བསམ་པར་བྱའོ། །དེ་བཞིན་མཐའ་མར་ཕཊ་ཅེས་བྱ་བ་ནི། གཟུངས་ཀྱི་ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་ལྗགས་ལ་བསམ་པར་བྱའོ། །རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་མ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱི་ནི་ཧཱུཾ་ངོ་། །གཟུངས་ཀྱི་རིན་
ཆེན་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་རིན་ཆེན་མའི་ཏྲཱཾ་ངོ་། །གཟུངས་ཀྱི་ཆོས་ཀྱི་ཧཱུཾ་མཛད་དང་། རྡོ་རྗེ་ཆོས་མའི་ཧྲཱིཿའོ། །ལས་ཀྱི་ཧཱུཾ་མཛད་དང་། རྡོ་རྗེ་ལས་མའི་ནི་ཡི་གེ་ཨཿའོ། །མ་ཧཱ་རཱ་ཏི་ཧཱུཾ། རཱུ་པ་ཤྭ་པེ་ཧཱུཾ། ཤྲོ་ཏ་སཽ་ཁྱ་ཧཱུཾ། སརྦ་པཱུ་ཛ་ཧཱུཾ། པྲ་ཧ་ལ་ད་ནི་ཧཱུཾ། ཕ་ལ་ག་མི་ཧཱུཾ། སུ་ཏེ་ཛ་གྲི་ཧཱུཾ། སུ་གནྡྷི་
གི་ཧཱུཾ། ཨ་ཡ་ཧི་ཛཿཧཱུཾ། ཨ་ཧི་ཧཱུཾ་ཧཱུཾ་ཧཱུཾ། ཧེ་སྥོཊ་བཾ་ཧཱུཾ། གྷཎྜ་ཨཿཨཱཿཧཱུཾ། ཞེས་བྱ་བ་གཟུངས་ཀྱི་སྒེག་མོ་ནས་བརྩམས་ནས། གཟུངས་ཀྱི་རྡོ་རྗེ་འབེབས་པའི་བར་གྱི་ལྗགས་ལ་བསམ་པར་བྱའོ། །མདོར་ན་ལས་ཀྱི་ཕྱག་རྒྱ་ནི། །རྡོ་རྗེ་ཁུ་ཚུར་གཉིས་བྱས་ཏེ། །ཞེས་བྱ་བ་ནི་གཟུངས་ཀྱི་རྡོ་རྗེ་ཁུ་
เล่ม ๕๗ · หน้า 293b
ཚུར་གྱི་ཕྱག་རྒྱ་ཆེན་པོ་གཉིས་སུ་བྱས་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །གཞན་ཡང་གཟུངས་ཀྱི་ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས་གསང་བའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །འདི་སྐད་
སྟོན་པ་ཡིན་ཏེ། ཇི་སྐད་བཤད་པའི་རྡོ་རྗེ་ཁུ་ཚུར་གཉིས་སུ་བྱས་ཏེ། རེ་རེ་ཞིང་གར་བྱས་ནས། ཡང་རེ་རེ་ཞིང་རྡོ་རྗེ་ཁུ་ཚུར་བཅིང་བ་གཉིས་སུ་བྱས་ནས་གཡོན་པའི་རྡོ་རྗེ་མཛུབ་མོ་བསྒྲེང་བ་གཡས་པས་གཟུང་བ་ནི་རྣམ་པར་སྣང་མཛད་ཀྱིའོ། །བསྒྱིངས་པ་དང་བཅས་པས་གསོར་བ་ནི། རྡོ་རྗེ་ཧཱུཾ་མཛད་
དང་། ཁྲོ་བོ་རྡོ་རྗེ་སེམས་དཔའ་དང་། གཟུངས་ཀྱི་ཁྲོ་བོ་སེམས་མ་རྡོ་རྗེ་མ་རྣམས་ཀྱིའོ། །མཛུབ་མོ་ལྕགས་ཀྱུ་ལྟར་གནས་པ་ནི། རྒྱལ་པོའི་གནས་ཀྱིའོ། །མདའ་འཕེན་པའི་ཚུལ་དུ་བྱེད་པ་ནི་ཆགས་པའི་གནས་ཀྱིའོ། །ལེགས་པར་བྱེད་པའི་ཚུལ་གྱིས་སྙིང་གར་གནས་པ་ནི་ལེགས་པའི་
གནས་ཀྱིའོ། །རྡོ་རྗེ་གཉིས་དབང་བསྐུར་བའི་ཚུལ་དུ་བྱེད་པ་ནི། རིན་ཆེན་ཧཱུཾ་མཛད་དང་། ཁྲོ་བོ་ཁྲོ་གཉེར་དང་། གཟུངས་ཀྱི་རྡོ་རྗེ་རིན་ཆེན་མའིའོ། །སྙིང་གར་ཉི་མ་བསྟན་པ་ནི་ཉི་མའི་གནས་ཀྱིའོ། །གཡོན་པའི་ལག་ངར་བསྒྲེང་བ་ནི་དཔལ་གྱི་གནས་ཀྱིའོ། །དེ་བཞིན་དུ་ཁའི་ཕྱོགས་སུ་
བསྐོར་བ་ནི་བཞད་པའི་གནས་ཀྱིའོ། །གཡས་པས་གཡོན་པར་འབྱེད་པ་ཆོས་ཀྱི་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་ཆོས་དང་། གཟུངས་ཀྱི་རྡོ་རྗེ་ཆོས་མའི་འོ། །སྙིང་གར་རལ་གྲི་འཛིན་པ་ནི་རྣོན་པོའི་གནས་ཀྱིའོ། །མགལ་མེའི་འཁོར་ལོ་བསྐོར་བ་ལྟར་བྱེད་པ་ནི་རྒྱུའི་གནས་ཀྱིའོ། །རྡོ་རྗེ་གཉིས་
གྱེན་དུ་ཚིག་འབྱིན་པ་ནི་གསང་བའི་གནས་ཀྱིའོ། །རྡོ་རྗེ་གར་བསྐོར་བ་བཀྲོལ་ནས་འགྲམ་པ་དང་སྤྱི་བོར་འཇོག་པ་ནི་ལས་ཀྱི་ཧཱུཾ་མཛད་དང་། རྡོ་རྗེ་ལས་དང་། གཟུངས་ཀྱི་ལས་ཀྱི་རྡོ་རྗེ་མའིའོ། །ཁྲབ་འཛིན་པ་ལྟ་བུ་ནི་སྲུང་བའི་གནས་ཀྱིའོ། །མཐེའུ་ཆུང་གཉིས་མཆེ་བ་ལྟ་བུར་བྱེད་པ་ནི།
རྡོ་རྗེ་གནོད་སྦྱིན་གྱི་གནས་ཀྱིའོ། །ཁུ་ཚུར་གཉིས་འཚིར་བ་ནི་གཟུངས་ཀྱི་ཁྲོ་བོའི་ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱའོ། །དེ་ལྟར་ཕྱག་རྒྱ་ཆེན་པོའི་ཁུ་ཚུར་གཉིས་སུ་བྱས་པའི་ལས་ཀྱི་ཕྱག་རྒྱ་བསྟན་ནས། དེ་བཞིན་དུ་དམ་ཚིག་རྡོ་རྗེ་ཁུ་ཚུར་གྱི་ཁྲོ་བོ་གཟུངས་ཀྱི་ཁུ་ཚུར་གཉིས་སུ་བྱས་ནས། རྣམ་པར་
เล่ม ๕๗ · หน้า 294a
སྣང་མཛད་ལ་སོགས་པའི་ཕྱག་རྒྱ་བཅིང་བར་ཡང་ཤེས་པར་བྱའོ་ཞེས་བལྟ་བར་བྱའོ། །སྒེག་མོ་ལ་སོགས་པ་རྣམས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། གར་ལས་བྱུང་བའི་ལས་ཀྱི་
ཕྱག་རྒྱ་བཅིང་བར་བྱའོ། །རྡོ་རྗེ་བསྙེམས་པའི་ཚུལ་གྱིས་ནི། །བསམ་པ་གཡོས་པས་འདུད་པ་དང་། །ཕྲེང་བ་བཅིང་དང་ཁ་ནས་དབྱུང་། །རྡོ་རྗེ་གར་ནི་རབ་བསྐོར་བ། །ཐུར་དུ་བླུགས་དང་གྱེན་དུ་གཏོར། །མཐེ་བོ་བསྙམས་ཏེ་རབ་ཏུ་བསྡམས། །རབ་ཏུ་བརྐྱང་ནས་བྱུག་པ་ཡིས། །མཆོད་པའི་
སྦྱོར་བ་བྱེད་པའོ། །དེ་བཞིན་དུ། མཛུབ་མོ་ལྕགས་ཀྱུར་བཅིང་བ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་ལ་མཛུབ་གཉིས་གདུབ། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །ཞེས་བྱ་བ་ནི་སྒེག་མོ་ནས་བརྩམས་ནས། གཟུངས་ཀྱི་ཁྲོ་བོ་རྡོ་རྗེ་འབེབས་མའི་ལས་ཀྱི་ཕྱག་རྒྱའོ། །
ཡང་སྒེག་མོ་ལ་སོགས་པ་ནས་རྡོ་རྗེ་འབེབས་མའི་བར་གྱི་གཟུངས་ཀྱི་ཁྲོ་བོ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ནས། གསང་ཞིང་གསང་བའི་ལས་ཀྱི་ཕྱག་རྒྱ་སྔ་མ་བཞིན་དུ་བཅིང་བ་བལྟ་བར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པ་
རྫོགས་སོ།། །།དེ་ལྟར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པའི་གཟུངས་ཀྱི་དཀྱིལ་འཁོར་བཤད་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པས་འདུལ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར།
འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་ནི། དེ་ནས་ཞེས་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་
བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་དང་པོ་སྦྱོར་བ་ནས་བརྩམས་ནས། རྡོ་རྗེ་དང་། རིན་པོ་ཆེ་དང་། ཆོས་དང་། ལས་ཀྱི་ཧཱུཾ་མཛད་སྤྲུལ་པའི་མཐར་ཐུག་པ་ཡིན་པར་བལྟ་བར་བྱའོ། །ཡང་ཞེས་བྱ་བ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལ་ལྟོས་
เล่ม ๕๗ · หน้า 294b
པས་ན། ཡང་ཞེས་བྱ་བ་སྨོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི། རྣམ་པར་སྣང་མཛད་ལ་སོགས་པའོ། །རྡོ་རྗེ་རིགས་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་
གྱི་ཡེ་ཤེས་ལས་སྐྱེས་པའི་ཕྱིར་དང་། ཏིང་ངེ་འཛིན་གྱི་ཡེ་ཤེས་ལས་སྐྱེས་པའི་རྒྱུ་ཡིན་པའི་ཕྱིར་ཏིང་ངེ་འཛིན་གྱི་ཡེ་ཤེས་ཞེས་བཤད་དོ། །དེ་ལྟར་དེའི་གཟུགས་བརྙན་བསྐྱེད་ནས་སེམས་ཅན་གྱི་ཁམས་ལ་རྒྱས་འདེབས་པས་ན་ཕྱག་རྒྱའོ། །དེས་བྱིན་གྱིས་བརླབས་པ་ནི་སྤྲུལ་པ་སྟོན་པར་བྱེད་
པའི་ཏིང་ངེ་འཛིན་གང་ཡིན་པའི་ཕྱིར་མིང་དེ་སྐད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁམས་གསུམ་རྣམ་པར་རྒྱལ་བའི་རང་གི་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པར་བྱེད་པ་དེ་སྟོན་པར་མཛད་པའི་རྣམ་པར་ཐུགས་རྩེ་གཅིག་མཛད་དོ་ཞེས་བྱ་བའི་དོན་ཏོ། །
དེ་བཞིན་དུ་རྡོ་རྗེ་དང་། རིན་ཆེན་དང་། ཆོས་དང་། ལས་ཀྱི་ཧཱུཾ་མཛད་རྣམས་རང་གི་དཀྱིལ་འཁོར་སྤྲུལ་པར་བྱེད་པ་སྟོན་པར་མཛད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་དོ། །མཛད་ནས་སྔགས་རྣམས་གསུངས་པ་དེས་དཀྱིལ་འཁོར་ལྔ་པོ་བསྐྱེད་པ་བསྟན་པའི་རྣམ་པར་སྣང་མཛད་དོ། །
དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ། །ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རྡོ་རྗེ་ཧཱུཾ་མཛད་ཀྱི་རང་གི་རིགས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་བསྐྱེད་པའི་སྔགས་དང་ཏིང་ངེ་འཛིན་དང་བཅས་པས་རྡོ་རྗེ་དབྱིངས་ཀྱི་
དཀྱིལ་འཁོར་ཆེན་པོའི་དབྱིབས་ཀྱི་ཚུལ་གྱིས་རྫོགས་པར་མཛད་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱོགས་དང་མཚམས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རྣམས་ལ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་
པོས་བཞུགས་སོ། །འདི་གསུངས་སོ་ཞེས་བྱ་བ་ནི། བཤད་མ་ཐག་པའི་རྒྱས་པར་བཤད་པ་གསུངས་སོ། །རྡོ་རྗེ་ཁྲོ་བོ་ཁུ་ཚུར་གྱི་མཐར་ཐུག་པའི་སྙིང་པོ་གསུངས་ནས། ལྷག་མ་རྣམས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པ་ཉིད་ཀྱི་སྙིང་པོ་ཡིན་
เล่ม ๕๗ · หน้า 295a
པར་བལྟ་བར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དཀྱིལ་འཁོར་སྤྲུལ་ནས་རང་རང་གི་སྙིང་པོ་རྣམ་པར་སྣང་མཛད་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་རང་གི་གནས་སུ་དགོད་པར་བྱའོ། །དེ་ནས་ཞེས་བྱ་བ་ནས་རང་གི་གནས་སུ་ལྷ་ཐམས་ཅད་
དགོད་པའི་མཐར་ཐུག་པ་བསྟན་པ་ནི། ཆོས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །དེ་ནས་བསྡུ་བ་དང་། བྱིན་གྱིས་བརླབས་པ་ནས་བརྩམས་ནས། ཆོས་ཀྱི་དཀྱིལ་འཁོར་གྱི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་
པ་ཡིན་པར་ཤེས་པར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་
ལ་སོགས་པ་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་དང་། སློབ་མ་འཇུག་པའི་ཆོ་ག་རྒྱས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ། །ཡང་ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལ་ལྟོས་པའོ། །རྡོ་རྗེ་རིགས་ཀྱི་ཕྲ་མོའི་ཡེ་ཤེས་ནི་རྡོ་རྗེ་ཕྲ་མོ་སྟེ། དེའི་དམ་ཚིག་གི་དཀྱིལ་
འཁོར་དུ་གྱུར་པ་ནི། ཆོས་ཀྱི་དཀྱིལ་འཁོར་དུ་གྱུར་པའོ། །གང་གི་ཕྱིར་དཀྱིལ་འཁོར་འདིར་འཇུག་པའི་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་རྡོ་རྗེ་ཕྲ་མོ་བསྒོམས་ནས་བྱ་བ་ཡིན་པ་དེའི་ཕྱིར། དེ་ཉེ་བར་སྟོན་པའི་དམ་ཚིག་ལས་བྱུང་བའི་དཀྱིལ་འཁོར་ནི། འདི་གསུངས་པའོ། །དེ་ནས་
ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། རིག་པའི་བརྟུལ་ཞུགས་ཀྱི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་རྒྱུ་དེའི་ཕྱིར་རོ། །གང་གི་ཕྱིར་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དུ་འཇུག་པས་ན་རྡོ་རྗེ་ཕྲ་མོ་བསྒོམས་ལ་བྱའི། གཞན་གྱིས་མ་ཡིན་ནོ་ཞེས་
བྱ་བའི་རྒྱུ་དེའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོ་གས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ཇི་སྐད་གསུངས་པ་དང་། རྣལ་འབྱོར་ཆེན་པོ་བྱས་ལ། ཕྱི་ནས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བཅོམ་ལྡན་འདས་
เล่ม ๕๗ · หน้า 295b
རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོར་བསྒོམས་ནས། ཆོས་ཀྱི་དཀྱིལ་འཁོར་གྱི་སྔགས་རྣམས་རེ་རེ་ཞིང་ཡང་བཟླས་བརྗོད་འབུམ་བྱས་པས་ལྷ་རེངས་པའི་རིག་པའི་བརྟུལ་ཞུགས་སུ་འགྱུར་རོ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ་བའམ། འོག་ནས་འཆད་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ཆོ་གས་སྣའི་རྩེ་
མོ་དཀྱིལ་འཁོར་མཚན་མ་ཐོབ་ཀྱི་བར་དུ་བསྒོམ་པར་བྱ་བའམ། ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བས་རིག་པའི་བརྟུལ་ཞུགས་ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བྱས་ལ། དེ་ནས་དེའི་རྗེས་ལ་དཀྱིལ་འཁོར་བྲི་བར་བྱའོ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་ནི་སྤྲུལ་པའི་ཆོས་
ཀྱི་དཀྱིལ་འཁོར་དང་འདྲ་བའོ། །དེའི་མིང་གང་ཡིན་ཞེ་ན། ཁྲོ་བོའི་ཡེ་ཤེས་ཞེས་ཀྱང་བཤད། །ཅེས་སྨོས་སོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་ཆོས་ཀྱི་དཀྱིལ་འཁོར་
འདིར་ཐམས་ཅད་ཀྱང་ཐིག་གདབ་པར་བྱའོ། །དེ་ཡི་དབུས་སུ་སངས་རྒྱས་བྲི། །ཡེ་ཤེས་རྡོ་རྗེའི་དབུས་ཆུད་པའོ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་སེང་གེའི་གདན་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་འབར་བ་ཆུར་བསྙལ་ཏེ་བྲིས་ལ། དེའི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཏིང་ངེ་འཛིན་ལ་
སྙོམས་པར་ཞུགས་པ་སྙིང་གའི་ཕྱི་རོལ་གྱི་ཕྱོགས་སུ་རྡོ་རྗེ་ཕྲ་མོ་བསྣམས་པ་བྲི་བར་བྱའོ། །སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །ཕྱག་རྒྱ་དེ་ཉིད་ཀུན་བྲིས་ཤིག །ཅེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པ་བཞིན་དུ་རྡོ་རྗེ་དང་། རིན་པོ་ཆེ་དང་། ཆོས་དང་།
ལས་ཀྱི་རྡོ་རྗེའི་ཕྱག་རྒྱ་རྣམས་བྲི་བར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་སོགས། །གོ་རིམས་བཞིན་དུ་དགོད་པར་བྱ། །ཞེས་བྱ་བ་ནི་སྐྱིལ་མོ་ཀྲུང་གིས་བཞུགས་ནས་རང་གི་སྙིང་གར་རྡོ་རྗེ་བསྡམས་པའི་ཕྱག་གཉིས་ཀྱིས་ཕྱག་མཚན་བསྣམས་པ་བྲི་བར་བྱའོ། །རྡོ་རྗེ་ཧཱུཾ་མཛད་དང་། རིན་ཆེན་
དང་། ཆོས་དང་། ལས་ཀྱི་ཧཱུཾ་མཛད་དེ་རྣམས་ཀྱི་ཕྱོགས་ཐམས་ཅད་དུ་ཁྲོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྲི་བར་བྱའོ། །ཇི་ལྟར་བྲི་ཞེ་ན་ཆོ་ག་བཞིན་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་ལ་བཞུགས་པ། ཕྱག་
เล่ม ๕๗ · หน้า 296a
གཉིས་ཀྱི་རྡོ་རྗེ་བསྡམས་པས་རང་གི་ཕྱག་རྒྱ་སྙིང་གར་བསྣམས་པ། ཡེ་ཤེས་རྡོ་རྗེའི་དབུས་སུ་ཆུད་པ་ལ་ཇི་ལྟར་ཡེ་ཤེས་རྡོ་རྗེ་དབུས་སུ་ཆུད་པ་དེ་བཞིན་དུ་འདིར་ཡང་བྱ་བས་ན་ཆོ་ག་བཞིན་ཞེས་པ་སྨོས་སོ། །དེ་ནས་འདིར་རྡོ་རྗེ་རིགས་ཀྱི་ཡེ་ཤེས་ཕྲ་མོའི་དཀྱིལ་འཁོར་ཞེས་བྱ་བ་ནི་
ཆོས་ཀྱི་དཀྱིལ་འཁོར་རོ། །ཆོ་གའི་རིམ་པ་རྒྱས་པར་བཤད་དོ། །ཞེས་བྱ་བ་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་དང་། སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བཤད་པའོ། །དེ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཚུལ་གྱིས་ཇི་སྐད་བཤད་པའི་རྡོ་
རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་བྱས་ལ་སྒོ་དབྱེ་བ་དང་། བུམ་པ་གཞུག་པ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་ནས་སློབ་དཔོན་གྱིས་ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བའི་སྡོམ་པ་གཟུང་བ་བྱས་ནས་ཞུགས་ཏེ། དེ་ལ་ཇི་ལྟ་བའི་ཕྲ་མོ་རྡོ་རྗེའི་དབང་བསྐུར་བ་ལ་སོགས་པ་ནས་དངོས་
གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྗེས་སུ་སྤྱད་ནས། ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། རང་ཉིད་ཀྱི་མིང་ནས་བརྗོད་ནས། རྡོ་རྗེས་དཀྱིལ་འཁོར་གྱི་ལས་བསྒྲུབ་པར་བྱའོ། །དེ་ནས་བསྡུ་བ་བྱས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་སློབ་མ་གཞུག་པར་བྱའོ། །
དེ་ནས་གཞུག་པ་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་ཞིག་བརྗོད་ཅེ་ན། དེ་རིང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་ཉིད་དུ་ཕྱག་ན་རྡོ་རྗེས་དབང་བསྐུར་གྱིས་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་ནི་ཧཱུཾ་མཛད་དོ། །དེའི་རང་བཞིན་དུ་གྱུར་པའི་རྡོ་རྗེ་ཁྲོ་
བོ་ནི་དེའི་རྡོ་རྗེ་ཁྲོ་བོ་སྟེ། དེས་ཁྱོད་ལ་དབང་བསྐུར་གྱིས་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་ཅིང་གསང་བའི་དབང་བསྐུར་བ་དེ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལེགས་པར་ནན་ཏན་དུ་གྱིས་ཤིག་ཅེས་བྱ་བ་ནི། གང་གི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱི་ཁྲོ་བོའི་
རྡོ་རྗེས་དབང་བསྐུར་བ་དེའི་ཕྱིར། ལེགས་པར་བཟུང་ལ་ནན་ཏན་དུ་བསྒྲུབ་པར་གྱིས་ཤིག །སེམས་ཅན་ཐམས་ཅད་ཀྱང་ཇི་སྐད་དུ་གསུངས་པའི་འབྲས་བུ་ཐོབ་པའི་ཕྱིར་གྱི་བར་དུ་ཞེས་སྦྱར་རོ། །མ་ལུས་ཤིང་ལུས་པ་མེད་པ་ནི། སེམས་ཅན་གྱི་ཁམས་ཟད་པར་རོ། །ཡོངས་སུ་ཞེས་བྱ་བ་ནི་
เล่ม ๕๗ · หน้า 296b
ཀུན་ནས་སོ། །བསྐྱབ་པ་ནི། ངན་སོང་ལ་སོགས་པའི་སྡུག་བསྔལ་རྣམས་བསལ་བའི་དོན་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕན་པ་ཞེས་བྱ་བ་ནི་མ་འོངས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་སུ་སྐྱེ་བའོ། །བདེ་བ་ནི་ཚེ་
འདི་ལས་རབ་ཏུ་དགའ་བ་ཐོབ་པའི་བདེ་བ་དང་ཡིད་བདེ་བའོ། །དམ་པ་འགྲུབ་པ་ནི་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་བ་ལ་སོགས་པ་དེ་ཉིད་འཐོབ་པ་སྟེ་རྙེད་པ་དེའི་འབྲས་བུའི་ཕྱིར་རོ། །རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ནི་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་གྱིས་ཧཱུཾ་མཛད་ཀྱི་སྦྱོར་བས་སེམས་ཅན་ཐམས་ཅད་ཀྱང་ཇི་སྲིད་
འཚོའི་བར་དུ་ཡོངས་སུ་སྦྱོར་བའི་རྒྱུ་མཚན་གྱི་ཕྱིར་རོ། །བདུད་བྱེད་པ་ནི་བཤད་ཟིན་ཏོ། །བར་དུ་ཞེས་བྱ་བའི་སྒྲས་ནི་འཇིག་རྟེན་གྱི་ཕན་པ་དང་བདེ་བ་ཡང་གཟུང་ངོ་། །ཆོ་ག་ལྷག་མ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་ཟིན་པར་ཤེས་པར་བྱའོ། །
རྡོ་རྗེ་ཇི་ལྟ་བ་བཞིན་དུ་ལག་པ་གཉིས་སུ་སྦྱིན་ནོ་ཞེས་བྱ་བ་ནི་ནས་འབྲས་ཙམ་གྱི་རྡོ་རྗེ་ཕྲ་མོའོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པའི་ལས་ཀྱི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པར་གྱུར་པ་ལ་སློབ་དཔོན་གྱིས་ཆོས་ཀྱི་དཀྱིལ་འཁོར་
དུ་གསུངས་པའི་དངོས་གྲུབ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁྲོ་བོ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའོ། །ཡེ་ཤེས་ཕྲ་མོ་ནི་རྡོ་རྗེ་ཕྲ་མོ་བརྟན་པར་གྱུར་པ་སྔོན་དུ་སོང་བའི་ཡེ་ཤེས་སོ། །དེ་ཡི་རྡོ་རྗེ་ཕྲ་མོ་བརྟན་བྱས་ལ། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་
གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་གསུངས་པའི་རང་གི་ལྷའི་རྣལ་འབྱོར་གྱི་ཕྱི་ནས་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རང་གི་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཆོ་ག་ཟླ་བ་གསུམ་རྡོ་རྗེ་ཕྲ་མོ་བསྒོམས་ལ་མཐར་
མཚན་ཐོག་ཐག་བྱས་ན་རྡོ་རྗེ་ཕྲ་མོ་བརྟན་པར་བྱས་པ་ཡིན་ནོ། །དེ་བརྟན་པར་བྱས་ནས་ནི། རྡོ་རྗེ་རང་གི་རྣལ་འབྱོར་གྱིས། །ཞེས་བྱའོ། །རང་འདོད་པའི་ཁྲོ་བོའི་རྣལ་འབྱོར་པས་ཡི་གེ་ཧཱུཾ་གིས་ཧཱུཾ་ཞེས་བྱ་བ་བཟླས་པ་ལ་སྦྱར་བར་བྱའོ། །གང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །དེའི་སྲོག་ནི་
เล่ม ๕๗ · หน้า 297a
འཇིག་པར་འགྱུར། །ཞེས་བྱ་བ་ནི་དེ་བརྒྱལ་བར་བྱ་ཞེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། སྣའི་བུ་གནས་ཡི་གེ་ཧཱུཾ་ཞེས་བྱ་བའི་སྦྱོར་བས་བསྒྲུབ་པར་བྱ་བའི་སྟེང་དུ་འབར་བའི་རྡོ་རྗེ་ལྟུང་བ་དེས་འདི་སེམས་མེད་པར་འགྱུར་རོ། །རྡོ་རྗེ་ཕྲ་མོ་བརྟན་བྱས་ཏེ། །ཞེས་བྱ་
བ་ནི་སྔ་མ་བཞིན་ནོ། །ཆོ་ག་བཞིན་དུ་མཆེད་པ་ནི། སྣའི་རྩེ་མོར་རྡོ་རྗེ་ཕྲ་མོ་བརྟན་པར་བྱས་ལ། རྡོ་རྗེ་དེ་ལས་རྡོ་རྗེ་ཕྲ་མོའི་རླུང་གི་དཀྱིལ་འཁོར་སྤྲུལ་པ་དེས་ཐམས་ཅད་བཀུག་ནས་དེས་བསྒྲུབ་པར་བྱ་བ་རྩའི་སྦུར་མ་བཞིན་དུ་ཁྱེར་བར་བསམས་ལ། ཇི་ལྟར་མངོན་པར་འདོད་པའི་གནས་སུ་བསྒྱུར་བར་བྱའོ། །རྡོ་རྗེ་
ཕྲ་མོའི་ཚུལ་སྦྱར་ལ། །ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་ཕྲ་མོ་བསྒོམ་པ་བྱས་ལ་ཕྱིར་སྤྲོ་བར་བྱའོ། །ཁྲོ་བོར་ལྡན་པ་ཞེས་བྱ་བ་ནི་རང་གི་ཁྲོ་བོ་དང་ལྡན་པའི་རྡོ་རྗེ་ཕྲ་མོ་སྣའི་རྩེ་མོར་གནས་པར་བྱའོ། །ཇི་སྲིད་མཆེད་ཅེས་བྱ་བ་ནི་རྒྱས་པར་ཏེ། ཁ་བ་དང་ཆར་གྱི་རྒྱུན་བཞིན་དུ་སྤྲོ་བའི་ཚུལ་གྱིས་སོ། །འདི་སྐད་
དུ་སྟོན་པ་ཡིན་ཏེ། ཁྲོ་བོའི་ང་རྒྱལ་དང་ལྡན་པས་བསྒྲུབ་པར་བྱ་བའི་ཡུལ་དུ་ཁྱབ་པར་བྱས་ལ། དེ་ནས་བསྒྲུབ་པར་བྱ་བ་བརྒྱལ་བ་དང་ལྟུང་བར་བསམ་པར་བྱའོ། །དེ་བཞིན་དེ་ནི་བསྡུ་བ་ཡང་། །ཞེས་བྱ་བ་ནི། དེ་ལྟ་བུའི་སྦྱོར་བ་རྣམ་པ་གསུམ་ལས་གང་ཡང་རུང་བའི་སྦྱོར་བས་གདུག་པ་གཞོམ་
པར་བྱས་ནས། གང་གི་ཚེ་སྡིག་པ་གཞོམ་པར་ནུས་པ་དེའི་ཚེ་སྦྱོར་བས་འདིར་བསྒོམས་པའི་སྟོབས་ཀྱིས་དེ་ལ་ཞི་བའི་ལས་བྱའོ། །དེ་ལྟར་སྦྱོར་བ་དེས་རྡོ་རྗེ་ཕྲ་མོའི་རྣལ་འབྱོར་འདི་རབ་ཏུ་སྦྱར་བ་དེ་བཞིན་དུ་རང་གི་སྣའི་རྩེ་མོར་བསྡུས་ལ། དེ་ནས་རང་གི་སྙིང་གར་གཞག་ཅིང་བརྟན་པར་བྱའོ། །སེམས་
ཅན་གང་གིས་དགྲ་ལ་ནི། །ལྷན་ཅིག་གྱུར་པས་ཆེར་བརྟན་པ། །ཞེས་བྱ་བ་ནི། གང་གི་སེམས་ཅན་རྣམས་དགྲ་བོ་དང་བཅས་པའི་རྣལ་འབྱོར་གྱིས་བསྒོམས་པས་ཆེར་བརྟན་པར་འགྱུར་རོ། །བྱམས་པ་མཆེད་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་དཔེར་ན་བྱམས་པ་རིམ་གྱིས་སྤྲོ་བར་བཤད་པ་དེ་བཞིན་
དུ་སེང་གེ་དང་། སྟག་དང་། བྱ་རོག་དང་། བྱ་རྒོད་དང་། སྲིན་པོ་རྣམས་ཀྱི་རིགས་ཀྱིས་བསྒྲུབ་པར་བྱ་བ་ཟོས་པར་བསམ་པར་བྱའོ། །དགྲ་བོ་སྤྲོ་བས་གཞིག་པར་བྱ། །ཞེས་བྱ་བ་ནི་དེ་ལྟར་དགྲ་བོ་སྤྲོ་བའི་རིམ་པ་སྦྱོར་བ་དེ་བཞིན་དུ་གདུག་པ་རྣམས་གཟེར་ནད་དང་ལྡན་པ་བསམ་པར་བྱའོ། །འདི་སྐད་སྟོན་
เล่ม ๕๗ · หน้า 297b
པ་ཡིན་ཏེ། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པའི་སྡིག་པ་ཅན་དུ་གྱུར་པའི་སེམས་ཅན་མཐོང་ན་སྙིང་རྗེ་བསྐྱེད་དེ། དེ་དག་གཟིར་བར་བྱ་བའི་སྦྱོར་བས་དེ་གསད་པར་བྱའོ། །ཆོས་སམ་ཡང་ན་ཆོས་མིན་པ། །ཞེས་བྱ་བས་ཆོས་ནི་དགེ་བ་བཅུའོ། །ཆོས་མ་ཡིན་པ་ནི་མི་དགེ་བ་བཅུའོ། །ཆོས་ཐམས་
ཅད་རང་བཞིན་གྱིས་ནི་འོད་གསལ་བ་ཞེས་བྱ་བ་ནི་མངོན་དུ་བྱས་ཤིང་དགའ་བ་སྟེ། དེར་སྣང་བ་ཙམ་དུ་བསྒྲུབ་པར་བྱ་བ་བསམས་ནས། སྣང་བ་ཙམ་དེ་ཧཱུཾ་ཞེས་བྱ་བ་བསྒོམས་པའི་རྡོ་རྗེས་གཞིག་པར་བྱའོ། །གདུལ་དཀའ་བའི་སེམས་ཅན་གང་ཞེས་བྱ་བ་ནི་ཡིད་ཀྱི་མངོན་པར་འདུ་བྱེད་པའི་བཏང་སྙོམས་ཀྱིས་
གཟིར་བར་བྱ་བ་བསྟན་ཏོ། །སྦྱོར་བ་བཞི་པོ་དེ་ཡང་རྡོ་རྗེ་ཕྲ་མོ་བརྟན་པར་བྱས་ལ། རབ་ཏུ་སྦྱར་བར་བྱའོ། །རྡོ་རྗེ་དབྱིབས་ནི་བྲིས་ནས་ཀྱང་། །ཞེས་བྱ་བ་ནི། ནམ་མཁའི་ཕྱོགས་སུ་བསྒོམ་པར་བྱ་བ་ཉིད་ནི་གོ་སླའོ། །དེ་བཞིན་ཕྲ་མོའི་ཆོ་ག་ཡིས། །སྙིང་པོ་རྡོ་རྗེ་བསྒོམས་ནས་ཀྱང་། །ཞེས་བྱ་བ་ནི་
རྡོ་རྗེ་ཕྲ་མོ་བསྒོམས་ལ་འདི་བྱའོ་ཞེས་བྱ་བའི་དོན་ཏོ། །སྙིང་གར་རྡོ་རྗེ་སེམས་དཔའ་ནམ་མཁའ་ལ་སོགས་པའི་ཕྱོགས་སུ་བསྒོམ་པར་བྱ་སྟེ། ལྷག་མ་ནི་གོ་སླའོ། །དེ་ལྟར་ཕྱག་ན་རྡོ་རྗེ་བསྒོམས་པས་ཀྱང་ལྟུང་བར་འགྱུར་རོ། །སངས་རྒྱས་སུ་བསྒོམས་པས་ཀྱང་ལྟུང་བར་འགྱུར་རོ། །རྡོ་རྗེ་ཕྲ་
མོ་རབ་སྦྱར་བ། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པར་བྱས་ལ་ཕྱིས་ཟླ་བའི་དཀྱིལ་འཁོར་དུ་བདག་ཉིད་བསྒོམས་ནས་བསྒྲུབ་པར་བྱ་བའི་སྟེང་དུ་ལྟུང་བར་བྱའོ། །བདག་ཉིད་ཟླ་བའི་རྡོ་རྗེར་བསམས་ནས། གང་གི་སྟེང་དུ་ལྟུང་བ་དེར་ལྟུང་བར་འགྱུར་རོ། །བདག་ཉིད་ཕྱག་ན་རྡོ་རྗེར་བསྒོམས་ནས་གང་གི་
སྟེང་དུ་ལྟུང་བ་དེར་ལྟུང་བར་འགྱུར་རོ། །བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྒོམས་ནས། གང་གི་སྟེང་དུ་ལྟུང་བ་དེར་ལྟུང་བར་འགྱུར་རོ། །དེ་ནས་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ། །རྡོ་རྗེ་ཁྲོ་བོ་སྙོམས་ཞུགས་པས། །ཞེས་བྱ་བ་ནི། རང་གི་ཁྲོ་
བོ་སྙོམས་པར་ཞུགས་ཏེ་གནས་པའོ། །ཡིད་ཀྱིས་བསྒྲུབ་པར་བྱ་བའི་ལུས་ལ་བདག་ཉིད་ཞུགས་ལ། རང་གི་ལུས་ཀྱིས་ཡོངས་སུ་བསྐོར་བར་བསེ་བར་བྱའོ། །བསྒྲུབ་པར་བྱ་བ་གང་གི་མིང་ནས་བཟུང་བས་རྡོ་རྗེ་ཧཱུཾ་ཞེས་བརྗོད་ཅིང་རང་གི་ལུས་ཀྱིས་འཁྱུད་པས་གང་གི་མིང་སྨོས་པ་དེ་འཆི་བར་འགྱུར་རོ། །རྡོ་རྗེ་
เล่ม ๕๗ · หน้า 298a
ཕྲ་མོ་སྙོམས་འཇུག་ལ། །ཞེས་བྱ་བ་ནི། ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་པས་རྡོ་རྗེ་ཕྲ་མོ་སྣའི་རྩེ་མོར་བརྟན་པར་བྱའོ། །སྣ་ནས་ཕྲ་བ་ཐང་ཅིག་མིན། །ཞེས་བྱ་བ་ནི་ཕྲ་བ་རྡོ་རྗེ་ཕྲ་མོའོ། །སྣ་ནས་ནི་དེའི་སྣའི་རྩེ་མོར་རོ། །ཐང་ཅིག་མིན་ཞེས་བྱ་བ་ནི་ཡང་ཡང་ངོ་། །དབུགས་
བཏང་ཧཱུཾ་ཞེས་བྱ་བའི་ཚུལ་གྱིས་ནི་དབུགས་བཏང་བ་དང་། ཡི་གེ་ཧཱུཾ་གི་ཚུལ་དུ་ནི་དབུགས་བཏང་བའི་ཡི་གེ་ཧཱུཾ་གི་ཚུལ་གྱིས་འཇིག་རྟེན་གསུམ་ཡང་ལྟུང་བར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཕྲ་མོ་སྣའི་རྩེ་མོར་བསྟན་པར་བྱས་ལ། ཧཱུཾ་ཞེས་བྱ་བའི་ཚུལ་གྱིས་གང་གི་སྟེང་དུ་ལྟུང་བ་དེ་ལྟུང་བར་
བྱེད་དོ། །རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་བྱས་ལའོ། །ཁྲོས་ནས་རྡོ་རྗེ་ལྟ་བ་ཡིས། །ཞེས་བྱ་བ་ནི་ཁྲོ་བོའི་ཆ་བྱད་དུ་གྱུར་པའི་རྡོ་རྗེ་ལྟ་བས་སེམས་ཅན་གང་བལྟས་པ་དེ་ལྡོངས་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། ཁྲོ་བོའི་རྣལ་འབྱོར་གྱི་གནས་ནས། ཁྲོ་བོའི་
ལྟ་བའི་ཚུལ་གྱིས་རང་གི་མིག་གཉིས་སུ་བསྒོམས་ལ། དེས་བསྒྲུབ་པར་བྱ་བ་གང་ལ་བལྟས་པ་དེ་དེས་ཁྲོ་བོའི་ཁ་ལྟ་བའི་ཚུལ་གྱིས། བསྒྲུབ་པར་བྱ་བའི་མིག་བཅོམ་ཞིང་བསྒྲུབ་པར་བྱ་བ་ཐལ་བར་བྱས་པར་བསམ་པར་བྱའོ། །བུ་ག་ནས་ནི་ཞུགས་ནས་ནི། །ཞེས་བྱ་བ་ནི་རང་གི་ཁྲོ་
བོའི་རྣལ་འབྱོར་བྱས་ལ་བསྒྲུབ་པར་བྱ་བའི་ལུས་ཇི་སྐད་བཤད་པའི་ཕྱོགས་ནས་ཡིད་ཀྱིས་འཇུག་པར་བྱའོ། །དེ་ནས་དེའི་སྙིང་གི་པདྨ་དྲངས་ཏེ་རང་གི་སྙིང་ལ་བསྲེས་པས་དེས་དེ་དབང་དུ་འགྱུར་རོ། །ཡང་ན་འཆི་བར་འགྱུར་རོ། །ཐམས་ཅད་ཀྱང་འདིར་རྡོ་རྗེ་ཕྲ་མོ་བསྒོམ་པར་བྱས་ནས། རང་ཁྲོ་བོའི་རྣལ་འབྱོར་གྱིས་ལས་བྱའོ། །
འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཉིད་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས། ཕྱིས་ཆོས་ཀྱི་དཀྱིལ་འཁོར་
ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ། བསྒྲུབ་པར་བྱ་བ་དང་། མདུན་དུ་ཡང་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི། ཕྱག་རྒྱ་རྣམ་པ་བཞིས་བསྒྲུབ་པར་བྱ་བའི་ལྷ་ལ་རྒྱས་བཏབ་ལ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་ཕྱག་རྒྱའི་ཡེ་
เล่ม ๕๗ · หน้า 298b
ཤེས་ལ་བསླབ་པའོ་ཞེས་གསུངས་སོ། །རྡོ་རྗེ་རིགས་ཀྱི་ཆོས་ཀྱི་ཡེ་ཤེས་ནི་ཆོས་ཀྱི་དཀྱིལ་འཁོར་རོ། །ཕྱག་རྒྱ་ནི་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་ལས་རྣམས་སོ། །རྡོ་རྗེ་ཡེ་ཤེས་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་སུ་
གསུངས་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་སྦྱོར་བས་སོ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །ཅེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བསྒོམ་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། སེང་གེའི་གདན་ལ་སོགས་པ་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ཆུར་གནས་པར་བྱའོ། །
དེའི་སྟེང་དུ་ཕྱག་གཉིས་ཀྱིས་རྡོ་རྗེ་བསྡམས་པ་བཅིང་ནས་ཏིང་ངེ་འཛིན་གྱིས་བཞུགས་པ་སྙིང་གར་རང་གི་ཕྱག་རྒྱ་འབར་བའི་ཕྲེང་བ་འཁྲིགས་པའི་འོད་མངའ་བ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་དུ་བསྒོམ་པར་བྱའོ། །རྣམ་པར་སྣང་མཛད་ནི་རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་
གསུངས་པའི་ཚུལ་གྱིས་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེའི་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་རྣམས་ཀྱི་ཡེ་ཤེས་ལ་བསླབ་པར་བྱའོ། །ཏིང་འཛིན་དམ་
ཚིག་ཡེ་ཤེས་ལས། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དེར་རྡོ་རྗེ་བསྡམས་པ་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་ཇི་སྐད་བཤད་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །ཧཱུཾ་ཞེས་བྱ་བ་གཉིས་དང་ལྡན། །ཞེས་བྱ་བ་ནི་དེ་ཉིད་ཀྱི་རྡོ་རྗེ་སྡིགས་མཛུབ་གཉིས་བསྒྲེངས་ནས་སོ་སོར་ཁབ་ལྟར་བྱས་ཏེ། རྡོ་རྗེ་ཧཱུཾ་མཛད་
ལ་སོགས་པ་གང་ཡིན་པའི་བཟླས་བརྗོད་བྱས་ལ་སྡིགས་མཛུབ་བྱའོ། །ཅི་རིགས་གནས་སུ་བཞག་ནས་ནི། །ཞེས་བྱ་བ་ནི། སྐྱིལ་མོ་ཀྲུང་འདུག་གན་རྐྱལ་དུ། །གཡས་གཅུས་དེ་བཞིན་སླར་གཅུས་པ། །སྙིང་གར་གནས་པ་བཞི་པ་སྟེ། །རྡོ་རྗེ་སེམས་སོགས་དཀྱིལ་འཁོར་རོ། །དཔྲལ་བར་གཞག་
དང་ལྟག་པ་དང་། །ཕྲག་པ་དང་ནི་དགོད་པར་སྦྱར། །ཁར་གཞག་སྙིང་གར་རལ་གྲི་དང་། །སྙིང་གར་གཞག་དང་ཁ་ནས་དབྱུང་། །སྤྱི་བོ་ཐོང་ག་ཁར་གཞག་ལ། །མཛུབ་མོ་གཉིས་བཀུག་མདུན་དེ་བཞིན། །ཞེས་བྱ་བ་དེ་དག་ནི་ཁྲོ་བོ་རྡོ་རྗེ་སེམས་དཔའ་ནས་བརྩམས་ནས། ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด