ལས་བརྒྱ་རྩ་གཅིག་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨེ་ཀོཏ་ཏ་ར་ཀཾ་ཀརྨ་ཤ་ཏཾ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๕๙ · หน้า 212b

འདུན་གྱི་ནང་དུ་ལྟུང་བ་དྲན་པ་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་སོ། །དེ་ཉིད་ཀྱི་སྐབས་ནས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་དགེ་འདུན་གྱི་ནང་དུ་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན། དེས་ལྟུང་བ་དེ་དགེ་སློང་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ་

ནི་འདི་ལྟར་བྱ་སྟེ། དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་

བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་ལ་ཡིད་གཉིས་སུ་གྱུར་ན་བདག་གིས་དེང་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བགྱིའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་

བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་ལན་ཅིག་བརྗོད་པར་བྱའོ། །དེ་ནི་དགེ་སློང་དགེ་འདུན་གྱི་ནང་དུ་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་པ་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་སོ། །

དེ་ཉིད་ཀྱི་སྐབས་ནས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་ལས་བྱེད་པ་དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་ན་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དེས་འདུག་བཞིན་དུ་སེམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་དགེ་འདུན་གྱི་

གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་དྲན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བས་དེང་ལྟུང་

བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་ལན་ཅིག་བརྗོད་པར་བྱའོ། །དེ་ནི་ལས་བྱེད་པའི་དགེ་འདུན་གྱི་ནང་དུ་ལྟུང་བ་དྲན་པ་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་སོ། །དེ་ཉིད་ཀྱི་སྐབས་ནས་གསོ་སྦྱོང་བཅོ་ལྔ་པ་དེ་

เล่ม ๑๕๙ · หน้า 213a

ཉིད་དགེ་སློང་ལས་བྱེད་པས་དགེ་འདུན་གྱི་ནང་དུ་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་ན་དེས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དེས་འདུག་བཞིན་སེམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་དགེ་

འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་ལ་ཡིད་གཉིས་སུ་གྱུར་ན་བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་

བྱ་བས་དེང་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་ཕྱིར་བྱའོ་ཞེས་ལན་ཅིག་བརྗོད་པར་བྱའོ། །

དེ་ནི་ལས་བྱེད་པ་དགེ་འདུན་གྱི་ནང་དུ་ལྷུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་པ་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་སོ། །དེ་ཉིད་ཀྱི་སྐབས་ནས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་མཐུན་པ་དང་བཅས་པར་གྱུར་ན་དགེ་སློང་དེ་རྣམས་ཀྱིས་གང་གི་མདུན་དུ་དེ་

རྣམས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱ་བའི་དགེ་སློང་འགའ་ཞིག་གནས་གཞན་དུ་སོང་ལ་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱེད་པ་དེ་ལྟ་བུ་སྤྲོ་བར་བྱའོ། །གལ་ཏེ་འགྲུབ་ན་དེ་ལྟ་ན་ལེགས་ཅི་སྟེ་མི་འགྲུབ་ན་དགེ་སློང་དེ་རྣམས་ཀྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་

གྱིས་བརླབ་པར་བྱའོ། །ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གལ་ཏེ་གསོ་སྦྱོང་གི་དུས་སུ་དགེ་འདུན་ཐམས་ཅད་ཀྱི་ལྟུང་བ་མཐུན་པ་དང་བཅས་པར་ཤེས་པར་གྱུར་ན་དགེ་སློང་གཅིག་མཚམས་གཞན་གྱི་དགེ་སློང་གི་དྲུང་དུ་བཏང་སྟེ། དེས་དེར་ལྟུང་བ་དྲན་པ་ཕྱིར་བཅོས་ཕྱིར་འོངས་ནས་

དེའི་མདུན་ཏུ་ཐམས་ཅད་ཀྱིས་ལྟུང་བ་ཤེས་པ་ཕྱིར་བཅོས་ཏེ་གསོ་སྦྱོང་བྱའོ། །གལ་ཏེ་ཆོ་ག་དེ་མ་གྲུབ་ན་དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་

เล่ม ๑๕๙ · หน้า 213b

དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་

དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱི་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་

བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དེ་ནི་གསོ་སྦྱོང་གི་དུས་སུ་དགེ་འདུན་ཐམས་ཅད་ཀྱིས་ལྟུང་བ་མཐུན་པར་ཤེས་པ་བྱིན་གྱིས་བརླབ་པའི་ཆོ་ག་དང་ལས་སོ། །དེ་ཉིད་ཀྱི་སྐབས་ནས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་

གྱུར་ན་དགེ་སློང་དེ་རྣམས་ཀྱིས་གང་གི་མདུན་དུ་དེ་རྣམས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱ་བའི་དགེ་སློང་འགའ་ཞིག་གནས་གཞན་དུ་སོང་ལ། དགེ་སློང་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་ལྟུང་བ་ལ་ཡིད་གཉིས་བསལ་ནས་ཆོས་བཞིན་དུ་ཕྱིར་བྱེད་པ་དེ་ལྟ་བུ་

སྤྲོ་བར་བྱའོ། །གལ་ཏེ་འགྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ན་དགེ་སློང་དེ་རྣམས་ཀྱིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གལ་ཏེ་གསོ་སྦྱོང་གི་དུས་སུ་དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་

གྱུར་ན་དགེ་སློང་ཞིག་མཚམས་གཞན་གྱི་དགེ་སློང་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་རྣམས་ཀྱི་དྲུང་དུ་བཏང་སྟེ། དེས་དེར་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་བསལ་ཏེ་ཕྱིར་འོངས་ནས་དེའི་མདུན་དུ་ཐམས་ཅད་ཀྱིས་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་པ་བསལ་ཏེ་གསོ་སྦྱོང་

བྱའོ། གལ་ཏེ་ཆོ་ག་དེ་མ་གྲུབ་ན་དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གིས་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་

เล่ม ๑๕๙ · หน้า 214a

ཅག་དགེ་འདུན་ཐམས་ཅད་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་

པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ།

སླད་ཀྱི་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དེ་ནི་གསོ་སྦྱོང་གི་དུས་སུ་དགེ་འདུན་ཐམས་ཅད་ལྟུང་བ་ལ་ཡིད་གཉིས་དང་བཅས་པར་གྱུར་པ་བྱིན་གྱིས་

བརླབ་པའི་ཆོ་ག་དང་སྔགས་སོ། །དེ་ཉིད་ཀྱི་སྐབས་ནས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བའི་ཕྱིར་རྩོད་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་

སློང་གཉུག་མར་གནས་པ་གཅིག་པུ་མ་གཏོགས་པ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན་དགེ་སློང་དེ། དགེ་སློང་གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོས་འདྲིན་དང་། འགྲོགས་བཤེས་གང་ཡིན་པ་དེའི་དྲུང་དུ་སོང་སྟེ། ཅི་ནས་ཀྱང་དགེ་སློང་དགེ་སློང་གཞན་

དག་ཀྱང་ལྟུང་བ་འཆགས་པར་འགྱུར་བ་དེ་ལྟར་གླེང་བ་དང་དྲན་པར་བྱའོ། །གལ་ཏེ་འགྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ཅིང་དགེ་འདུན་ཐམས་ཅད་ལྟུང་བའི་ཕྱིར་རྩོད་པར་གྱུར་ན། དགེ་སློང་གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་

ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བའི་སླད་དུ་རྩོད་པར་གྱུར་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་

เล่ม ๑๕๙ · หน้า 214b

གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བའི་སླད་དུ་རྩོད་པ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱི་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་རྩོད་པ་ཞི་བར་བགྱིས་ལ། ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་

གསོལ་བའོ། །དེ་ནི་གསོ་སྦྱོང་གི་དུས་སུ་དགེ་འདུན་ལྟུང་བའི་ཕྱིར་རྩོད་པ་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་སོ། །དེ་ཉིད་ཀྱི་སྐབས་ནས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལྟུང་བ་ལ་ངེས་པ་ཉིད་མ་ཡིན་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་

བརླབས་ཏེ་གསོ་སྦྱོང་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་གློ་བུར་དུ་འོངས་པ་གཅིག་པུ་མ་གཏོགས་པ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན་དགེ་སློང་དེ། དགེ་སློང་གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོས་འདྲིན་དང་།

འགྲོགས་བཤེས་གང་ཡིན་པ་དེའི་དྲུང་དུ་སོང་སྟེ། ཅི་ནས་ཀྱང་དགེ་སློང་གཞན་དག་ཀྱང་ལྟུང་བ་འཆགས་པར་འགྱུར་བ་དེ་ལྟར་གླེང་བ་དང་དྲན་པར་བྱའོ། །གལ་ཏེ་འགྲུབ་ན་དེ་ལྟ་ན་ལེགས་ཅི་སྟེ་མི་འགྲུབ་ཅིང་དགེ་འདུན་ཐམས་ཅད་ལྟུང་བ་ལ་ངེས་པ་ཉིད་མ་ཡིན་པར་གྱུར་ན་དགེ་སློང་

གཅིག་གིས་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་

ངེས་པ་ཉིད་མ་ལགས་པར་གྱུར་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་ངེས་པ་ཉིད་མ་ལགས་པ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱི་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་

དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་ངེས་པ་ཉིད་མ་ལགས་པ་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དེ་ནི་གསོ་སྦྱོང་གི་དུས་སུ་དགེ་འདུན་ལྟུང་བ་ལ་ངེས་པ་ཉིད་མ་ཡིན་པར་གྱུར་པ་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་སོ། །མཐུན་པའི་གསོ་སྦྱོང་གི།

เล่ม ๑๕๙ · หน้า 215a

ཆོ་གའི་སྐབས་དེ་ཉིད་ནས་གནས་གང་ན་དགེ་སློང་བཞི་བས་ཉུང་བ་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་ཇི་ལྟར་བསྒྲུབ་པར་བྱ་བའི་ཆོ་ག་གསུངས་པ་ནི་འདི་ལྟར་བྱ་སྟེ། དེས་གཙུག་ལག་ཁང་ཆག་ཆག་གདབ་པར་བྱ། ཕྱག་དར་བྱ། བ་ལང་གི་ལྕི་བ་སར་པས་བྱུག་

པར་བྱ། སེང་གེའི་ཁྲི་བཤམ་པར་བྱ། སྟན་བཤམ་པར་བྱ། མར་མེ་གཟུགས་པར་བྱ། ཆོས་མཉན་པ་སྦྱིན་པར་བྱའོ། །དེའི་འོག་ཏུ་ཕྱོགས་ཆེས་མཐོན་པོར་འདུག་སྟེ་ཕྱོགས་བཞིར་བལྟ་བར་བྱའོ། །དེར་དགེ་སློང་ཡོངས་སུ་དག་པ་ལྟ་བ་མཐུན་པ་ལ་ལ་དག་འོང་ན་འདི་སྐད་ཅེས་ཀྱེ་ཚེ་

དང་ལྡན་པ་དག་མྱུར་བ་མྱུར་བར་ཤོག་ཤིག །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ་ཞེས་བརྗོད་པར་བྱ་ཞིང་། དེ་དག་དང་ལྷན་ཅིག་འདུག་སྟེ་གསོ་སྦྱོང་བྱའོ། །གལ་ཏེ་འགྲུབ་ན་དེ་ལྟ་ན་ལེགས། ཅི་སྟེ་མི་འགྲུབ་ན་དགེ་སློང་དེས་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱ་སྟེ། དེས་

རང་གི་སྟན་ལ་འདུག་སྟེ་འདི་ལྟར་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་

གོ་ཞེས་ཀྱང་བདག་སྨྲ། བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་གཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བྱ་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་

ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། གང་ན་དགེ་སློང་གཉིས་འཁོད་པ་དེར་ནི་རིམ་པ་དེ་བཞིན་དུ་བྱ་ཞིང་དུས་ཀྱི་བར་དུ་བསྡད་དེ། མ་གྲུབ་ན་མདུན་དུ་ཙོག་པུར་འདུག་སྟེ་

གཅིག་ལ་གཅིག་འདི་སྐད་ཅེས་བརྗོད་པར་བྱའོ། །བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་

เล่ม ๑๕๙ · หน้า 215b

ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆི། བདག་ཡོངས་སུ་དག་པར་བཙུན་པའམ་ཚེ་དང་ལྡན་པས་གཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་

ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བགྱི་ཞིང་། སོ་སོར་ཐར་པའི་མདོ་འདོན་པ་གདོན་པར་བྱའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། གང་ན་དགེ་སློང་གསུམ་འཁོད་པ་དེར་ནི་རིམ་པ་དེ་བཞིན་དུ་བྱ་ཞིང་དུས་ཀྱི་བར་དུ་བསྡད་

དེ། མ་གྲུབ་ན་རྒན་རིམས་བཞིན་གྲལ་དུ་འཁོད་དེ་རིམ་གྱིས་བྱིན་གྱིས་བརླབ་པའི་སྔགས་སྔ་མ་ཉིད་བརྗོད་པར་བྱའོ། །གང་ན་དགེ་སློང་བཞི་འཁོད་པ་དེར་ནི་དེ་རྣམས་ཀྱིས་གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་ཞིང་དེར་ནད་པའི་ཡོངས་སུ་དག་པ་ནི་བླང་བར་མི་བྱའོ། །གང་དུ་དགེ་སློང་ལྔའམ་

ལྷག་པ་འཁོད་པ་དེར་ནི་དེ་རྣམས་ཀྱིས་གསོལ་བ་བྱས་ཏེ། གསོ་སྦྱོང་བྱ་ཞིང་དེར་ནི་ནད་པའི་ཡོངས་སུ་དག་པ་ཡང་བླང་བར་བྱའོ། །གསོ་སྦྱོང་གི་གཞིའི་སྐབས་ཀྱི་ཆོ་ག་དང་ལས་རྣམས་རྫོགས་སོ།། །།དབྱར་དང་དེ་དང་ཉེ་བའི་གཞི་དགག་དབྱེའི་གཞིའི་སྡོམ་ལ། གནས་

མལ་དང་ནི་ཚུལ་ཤིང་དང་། །སྔ་མ་ཕྱི་མ་ཞག་བདུན་དང་། །བཞི་བཅུ་དགག་དབྱེ་གསོལ་བ་དང་། །བདག་དང་གོ་བར་བྱ་བའོ། །མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་

ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་པ་ལ་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབས་པར་བསྐོས་ཏེ། དགེ་སློང་གནས་མལ་སྟོབས་པ་མིང་འདི་

ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་སོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གནས་མལ་སྟོབས་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་

เล่ม ๑๕๙ · หน้า 216a

བགྱི་བ་གནས་མལ་སྟོབས་པར་བསྐོ་ན་ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབས་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་

གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབས་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོ་ཚེ་བཅོ་ལྔ་ལགས་ན། གལ་ཏེ་དགེ་འདུན་གྱི་

དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ཚུལ་ཤིང་བཞེས་ཏེ་སང་ནང་པར་གནས་པར་ཁས་བླང་ངོ་། །འདི་ནི་གསོལ་བའོ། །དབྱར་ཕྱི་མ་ལ་ནི་དབྱར་ཉེ་བར་བསྒྲུབ་པ་དབྱར་ཟླ་ཐ་ཆུངས་ཚེས་བཅོ་ལྔ་ལགས་ན་ཞེས་སྔགས་ཀྱི་བྱེ་བྲག་ཏུ་

བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར་འདི་ལྟ་སྟེ། གནས་རལ་བ་དང་། འདྲུམས་པ་བཅོས་པའི་སླད་དུ་སྦྱིན་བདག་མིང་འདི་ཞེས་བགྱི་བ་དང་། ཞལ་ཏ་པ་མིང་འདི་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་

གྲོང་ཆེ་གེ་མོ་ཞེས་བགྱི་བ་དང་། བྲོ་གཡོག་ཆེ་གེ་མོ་ཞེས་བགྱི་བས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །དབྱར་ཕྱི་མ་ལ་ནི་དབྱར་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་ཞེས་སྔགས་

ཀྱིས་བྱེ་བྲག་ཏུ་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས་བདག་མིང་འདི་ཞེས་བགྱི་བ། བགྱི་བ་ཞིག་གི་སླད་དུ་དགུང་བདུན་མཚམས་ཀྱི་སླད་

རོལ་ཏུ་མཆི་བ་དང་། དེང་ཚུན་ཆད་ཀྱི་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན་མཆིས་ཤིང་བདག་དབྱར་གྱི་གནས་ནི་འདི་ལགས་སོ། །དབྱར་གྱི་གཞིའོ།། །།ཚེ་དང་ལྡན་པ་ཁྱོད་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་ཕྱི་རོལ་དུ་

เล่ม ๑๕๙ · หน้า 216b

འགྲོ་བར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལག་

པ་ལས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་སྤྲོ་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་མིང་

འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་བཅས་པའི་གནས་འདི་དབྱར་སྔ་མ་ཟླ་བ་གསུམ་དུ་གནས་པར་ཁས་བླངས་ཏེ། འདི་

དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་འདུན་ལས་ཞག་བཞི་བཅུའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་

བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་སླར་མཆི་བར་དགེ་སློང་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་བཞི་བཅུའི་

གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་

གནས་འདི་ལགས་པ་ལས། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་དེ་ཚུན་ཆད་ཀྱིས་ལས་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ཏེ། དེའི་སླད་དུ་འདི་དབྱར་འདི་ན་མཆིས་ཤིང་དེའི་དབྱར་གྱི་གནས་འདི་

เล่ม ๑๕๙ · หน้า 217a

ལགས་པ་ལས། དགེ་འདུན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་སློང་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་གསོལ་ན། དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་

བ་སྩལ་བར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་

བས་དེ་དེ་བཞིན་དུ་འཛིན་ཏོ། །དབྱར་དང་ཉེ་བའི་གཞིའོ།། །།ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བྱ་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་

སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ལན་གསུམ་དུ་

བཟླས། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་དགག་དབྱེ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་

འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་དག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ལན་གསུམ་དུ་བཟླས།

དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་

เล่ม ๑๕๙ · หน้า 217b

བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་

འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་

འདུན་པ་འབུལ་ལོ། །འདུན་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ལན་གསུམ་དུ་བཟླས། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་

འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །འདུན་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་

བགྱིད་དོ། །ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ།

གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །འདུན་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་

གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དགེ་འདུན་ཆོས་བཞིན་དུ་

เล่ม ๑๕๙ · หน้า 218a

མཛད་པ་ལ་འདུན་པ་འབུལ་ལོ། །བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ལན་གསུམ་དུ་

བཟླས། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་

སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །

བརྗོད་པ་ཡང་རིག་པར་བགྱིད་དོ། །ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་

བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་

ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཚེ་དང་ལྡན་པ་ཁྱོད་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་

དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བ་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་སྟེ། དགེ་

เล่ม ๑๕๙ · หน้า 218b

སློང་དགག་དབྱེ་བགྱིད་པ་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་འགྱུར་རོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་

སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་ན། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་བར། ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་

མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བར་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །

དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལ་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་

ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་དགག་དབྱེ་མཛད་ལ། སླད་ཀྱི་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་

དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་ལ་དོགས་པ་དང་ཡིད་གཉིས་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་

เล่ม ๑๕๙ · หน้า 219a

བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན་

གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་དགག་དབྱེ་མཛད་ལ། སླད་ཀྱི་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་

བསལ་ལ། ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བའི་སླད་དུ་རྩོད་པར་གྱུར་པ་ན། གལ་ཏེ་དགེ་འདུན་གྱི་དུས་

ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བའི་སླད་དུ་རྩོད་པ་བྱིན་གྱིས་བརླབས་ཏེ་དགག་དབྱེ་མཛད་ལ་སླད་ཀྱི་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་རྩོད་པ་ཞི་བར་བགྱིས་ལ་

ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་ལ་ངེས་པ་ཉིད་མ་ལགས་པར་གྱུར་ན། གལ་ཏེ་དགེ་འདུན་གྱི་དུས་ལ་

བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་ལ་ངེས་པ་ཉིད་མ་ལགས་པ་དེ་བྱིན་གྱིས་བརླབས་ཏེ་དགག་དབྱེ་མཛད་ལ། སླད་ཀྱི་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་ངེས་པ་ཉིད་མ་

ལགས་པ་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་

เล่ม ๑๕๙ · หน้า 219b

བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱིས། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་

བདག་ལ་རྗེས་སུ་གཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་དུ་སླར་བགྱིའོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ། །

དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདི་ན་དབྱར་གནས་པའི་དགེ་འདུན་གྱིས་དགག་དབྱེ་མཛད་ལགས་སོ། །ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་གི་དགེ་འདུན་

ལ་དགག་དབྱེ་བགྱིར་རུང་ངོ་། །དེའི་འོག་ཏུ་དགེ་ཚུལ་རྣམས་ལ་དགག་དབྱེ་བྱའོ། །དེའི་འོག་ཏུ་དགེ་སློང་རྣམས་ལའོ། །དགེ་སློང་བཞི་མན་ཆད་ཀྱིས་ནི་བྱིན་གྱིས་བརླབ་པར་བྱའོ། །དེང་དགེ་འདུན་གྱིས་དགག་དབྱེ་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་དགག་

དབྱེ་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བས་དགག་དབྱེ་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་དེའི་ཚེ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱའོ། །ལན་གསུམ་དུ་བཟླས།

དགག་དབྱེའི་གཞིའོ།། །།བམ་པོ་བརྒྱད་པ། སྲ་བརྐྱང་གི་གཞིའི་སྡོམ་ལ། སྲ་བརྐྱང་གདིང་བར་བྱེད་པ་དང་། །འདིང་དང་གོ་བྱེད་འབྱིན་པའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདི་ན་དབྱར་གནས་པའི་དགེ་འདུན་གྱིས་གོས་ཀྱི་རྙེད་པའི་ཆོས་

གོས་བགྱིས་པ་འདི་དགེ་འདུན་གྱིས་སྲ་བརྐྱང་དུ་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བ་དང་། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱ་བའི་

เล่ม ๑๕๙ · หน้า 220a

ཆོས་ཡོངས་སུ་སྤྱད་པའི་སླད་དུ་ཆོས་གོས་སྲ་བརྐྱང་དུ་བགྱིས་ཏེ། གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན་གསར་པ་རྣམས་དང་ལྟ་ཅི་སྨོས། འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།

འདི་ལྟར་གནས་འདིར་དབྱར་གནས་པའི་དགེ་འདུན་གྱིས་གོས་ཀྱི་རྙེད་པའི་ཆོས་གོས་བགྱིས་པ་འདི་དགེ་འདུན་གྱིས་སྲ་བརྐྱང་དུ་བཞེས་པས། དེའི་སླད་དུ་འདི་ལྟ་སྟེ་གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བ་དང་། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་

བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ་དགེ་འདུན་གྱིས་ཆོས་གོས་འདི་སྲ་བརྐྱང་དུ་བགྱིས་ཏེ། གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན་གསར་པ་རྣམས་དང་ལྟ་ཅི་སྨོས་ཏེ། ཆོས་གོས་འདི་སྲ་བརྐྱང་དུ་བགྱི་བར་ཚེ་དང་ལྡན་པ་གང་དག་བཟོད་པ་

དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་ཆོས་གོས་འདི་སྲ་བརྐྱང་དུ་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་དབྱར་གནས་

པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་

མཛོད་ཅིག་དང་། དགེ་འདུན་གྱི་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་བསྐོ་སྟེ། དགེ་སློང་སྲ་བརྐྱང་འདིང་བ་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་འགྱུར་རོ། །འདི་ནི་གསོལ་བའོ། །དགེ་

འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་སྤྲོ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་བསྐོ་སྟེ། དགེ་སློང་སྲ་

เล่ม ๑๕๙ · หน้า 220b

བརྐྱང་འདིང་བ་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་འགྱུར་ན། དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་བསྐོ་བར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་

དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བར་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་

གསོལ། ཆོས་གོས་འདི་ནི་དགེ་འདུན་གྱི་སྲ་བརྐྱང་དུ་བློ་མཐུན་པར་བགྱིས་པ་ལགས། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ནི་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་བསྐོས་ལགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་

མཛོད་ཅིག་དང་། འདི་ལྟ་སྟེ་གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བ་དང་། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ་དགེ་འདུན་གྱི་ཆོས་གོས་འདི་སྲ་བརྐྱང་འདིང་བ་དགེ་སློང་མིང་འདི་ཞེས་བགྱི་བ་ལ་གཏོད་ཅིང་སྲ་

བརྐྱང་འདིང་བ་དགེ་སློང་མིང་འདི་ཞེས་བགྱི་བ་ཆོས་གོས་འདིས་དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བར་འགྱུར་ཏེ། གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན་གསར་པ་རྣམས་དང་ལྟ་ཅི་སྨོས། འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་

རྣམས་གསན་དུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱིས་སྲ་བརྐྱང་དུ་བློ་མཐུན་པར་བགྱིས་པ་ལགས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནི་སྲ་བརྐྱང་འདིང་བར་བསྐོས་ལགས་ཏེ། འདི་ལྟ་སྟེ་གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བ་དང་། སྦྱིན་

པ་པོ་རྣམས་ཀྱི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་དཔྱད་པའི་སླད་དུ་བདག་སྲ་བརྐྱང་འདིང་བ་དགེ་སློང་མིང་འདི་ཞེས་བགྱི་བས་ཆོས་གོས་འདི་དགེ་འདུན་གྱི་སྲ་བརྐྱང་གདིང་བར་བགྱིའོ། །གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན་གསར་པ་རྣམས་དང་ལྟ་ཅི་

เล่ม ๑๕๙ · หน้า 221a

སྨོས། ལན་གསུམ་དུ་བཟླས། གནས་བརྟན་ནམ་བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱིས་སྲ་བརྐྱང་དུ་བློ་མཐུན་པར་བགྱིས་པ་ལགས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནི་སྲ་བརྐྱང་འདིང་བར་བསྐོས་པ་ལགས་ཏེ།

དེའི་སླད་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བ་དང་། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ་བདག་སྲ་བརྐྱང་འདིང་བ་དགེ་སློང་མིང་འདི་ཞེས་བགྱི་བས་ཆོས་གོས་འདི་དགེ་འདུན་གྱི་སྲ་བརྐྱང་བཏིང་ལགས་ཏེ།

གནས་གང་དུ་སྲ་བརྐྱང་བཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་མི་འབྲལ་ན་གསར་པ་རྣམས་དང་ལྟ་ཅི་སྨོས། ལན་གསུམ་བཟླས། ལེགས་པར་བཏིང་ངོ་། །ཤིན་ཏུ་བཏིང་ངོ་། །འདི་ལ་རྙེད་པ་དང་ཕན་ཡོན་གང་ཡོད་པ་དེ་བདག་གི་ཡིན་ནོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།

འདི་ལྟར་གནས་འདིར་དགེ་སློང་གི་དགེ་འདུན་གྱིས་སྲ་བརྐྱང་བཏིང་བ་ལས་དེའི་རྗེས་སུ་འཇུག་པའི་དུས་རྫོགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་སྲ་བརྐྱང་འབྱིན་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་

འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་གི་དགེ་འདུན་གྱིས་སྲ་བརྐྱང་བཏིང་བ་ལས་དེའི་རྗེས་སུ་འཇུག་པའི་དུས་རྫོགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་སྲ་བརྐྱང་འབྱིན་ན། སྲ་བརྐྱང་འབྱིན་པར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །

གང་དག་མི་བརྗོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་གི་དགེ་འདུན་གྱིས་སྲ་བརྐྱང་བཏིང་བ་ལས་ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལྷགས་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལ་བརྟེན་ཏེ་དགེ་

เล่ม ๑๕๙ · หน้า 221b

འདུན་སྲ་བརྐྱང་འབྱིན་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་གི་དགེ་འདུན་གྱིས་སྲ་བརྐྱང་བཏིང་བ་ལས་ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལྷགས་ཏེ། དེའི་སླད་དུ་ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་

རྣམས་ལ་བརྟེན་ནས་དགེ་འདུན་གྱིས་སྲ་བརྐྱང་འབྱིན་པ་མཛད་ན། ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལ་བརྟེན་ཏེ་སྲ་བརྐྱང་འབྱིན་པར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ།

དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་ཆོམ་རྐུན་གྱིས་བཅོམ་པའི་དགེ་སློང་རྣམས་ལ་བརྟན་ནས་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །སྲ་བརྐྱང་གི་གཞིའོ།། །།གོས་ཀྱི་

གཞི་དང་ཉེ་བའི་གོས་ཀྱི་གཞིའི་སྡོམ་ལ། ཤི་དང་ནོར་འདྲ་སྣོད་འགྱེད་དང་། །བཅུ་གསུམ་དང་ནི་རུང་བྱ་བ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་ཉེ་དགའ་གུམ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་

ཅིག་དང་། དགེ་འདུན་གྱིས་དགེ་སློང་ཉེ་དགའ་གུམ་པའི་རྫས་བགོ་བར་བགྱི་བ་གུམ་པའི་ཡོ་བྱད་ཆོས་གོས་དང་ཆོས་གོས་མ་ལགས་པ་གདའ་བ་དང་མི་གདའ་བ་བྱིན་གྱིས་བརླབ་བོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་

སློང་གྲེ་སྐྱེས་གུམ་པར་གྱུར་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ཀུན་དགའ་བོ་ནོར་དང་འདྲ་བས་དགེ་སློང་གྲེ་སྐྱེས་གུམ་པའི་རྫས་བགོ་བར་བགྱི་བ་གུམ་པའི་ཡོ་བྱད་ཆོས་གོས་དང་ཆོས་གོས་མ་ལགས་པ་

གདའ་བ་དང་མི་གདའ་བ་བྱིན་གྱིས་བརླབ་བོ། །འདི་ནི་གསོལ་བའོ། །གོས་ཀྱི་གཞིའོ།། །།མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་སྣོད་སྤྱད་འགྱེད་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འགྱེད་པར་སྤྲོ་ན། གལ་

เล่ม ๑๕๙ · หน้า 222a

ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འགྱེད་པར་བསྐོ་སྟེ། དགེ་སློང་སྣོད་སྤྱད་འགྱེད་པ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འགྱེད་པར་འགྱུར་

རོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འགྱེད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་དགེ་འདུན་གྱི་སྣོད་སྤྱད་འགྱེད་པར་བསྐོ་སྟེ། དགེ་སློང་སྣོད་སྤྱད་འགྱེད་པ་མིང་འདི་

ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འགྱེད་པར་འགྱུར་ན་ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འགྱེད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས།

དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་སྣོད་སྤྱད་འགྱེད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པའི་ཆོས་

གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ། །དེ་བཞིན་དུ་བླ་གོས་དང་། མཐང་གོས་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་དང་རྔུལ་གཟན་དང་། རྔུལ་གཟན་གྱི་གཟན་དང་། གདོང་ཕྱིས་དང་། རྣག་གཟན་དང་། གཡན་པ་

དགབ་པ་དང་། སྐྲ་བཟེད་དང་། གདིང་བ་དང་། དབྱར་གྱི་གོས་རས་ཆེན་ལ་ཡང་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། གོས་འདི་བདག་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ལ་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་པོ། །ལན་གསུམ་དུ་བཟླས། ཐབས་

ཡིན་ནོ། །ལེགས་སོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་ལྷག་པ་རུང་བར་མ་བགྱིས་པ་རུང་བར་བགྱི་བར་འོས་པ་འདི་མཁན་པོ་ལ་རུང་བར་བགྱིའོ། །མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ། །ལན་

เล่ม ๑๕๙ · หน้า 222b

གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ། །གོས་ཀྱི་གཞི་དང་། ཉེ་བའི་གོས་ཀྱི་གཞིའོ།། །།སྨན་གྱི་གཞི་དང་ལས་ཀྱི་གཞིའི་སྡོམ་ལ། སྨན་དང་རུང་བའི་ཁང་པ་དང་། །འདུན་པའི་གསོ་སྦྱོང་བྱ་བའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་

བའི་སྨན་ཐུན་ཚོད་དུ་རུང་བ་འདི་དག་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིར་བགྱི་བར་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་པོ། །ལན་གསུམ་བཟླས། ཐབས་ཡིན་ནོ། །ལེགས་སོ། །ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་དག་ལ་ཡང་དེ་བཞིན་ནོ། །དགེ་སློང་ལག་གི་བླས་

རྡོ་བཏེག་པ་ན་དེའི་དང་པོར་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ། །དགེ་སློང་རབ་ཏུ་མང་པོ་དག་གིས་སེམས་བསྡུ་བས་ཚེ་དང་ལྡན་པ་དག་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བར་སེམས་སྡུས་ཤིག་ཅེས་

སེམས་བསྡུ་བར་བྱའོ། །དགེ་སློང་ཇི་སྙེད་དེར་ཕྱིན་པ་ཐམས་ཅད་ཀྱིས་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ། །ཞེས་ཚིག་མཐུན་པར་ཅིག་ཅར་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་

མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་

ཉེ་འཁོར་འདོམ་གང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་བཅས་པ་འདི་དགེ་འདུན་གྱི་རུང་བའི་

ཁང་པར་བཞེད་དེ། དེའི་སླད་དུ་དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱིད་ན་ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ་བགྱིས་པ་འམ་ལགས་

เล่ม ๑๕๙ · หน้า 223a

པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་གནས་ཐམས་ཅད་

གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །སྨན་གྱི་གཞིའོ།། །།འཕགས་པ་དགོངས་སུ་གསོལ། །རྒྱལ་པོའི་ཀུན་དགའ་ར་

བའི་དགེ་སློང་མའི་དགེ་འདུན་མཐུན་པ་རྒྱལ་བྱེད་ཀྱི་ཚལ་གྱི་དགེ་སློང་གི་དགེ་འདུན་མཐུན་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ། །གནོད་པ་ཉུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བའམ། ཁ་ན་མ་ཐོ་བ་མ་མཆིས་སམ། བདེ་བ་ལ་

རེག་པར་གནས་སམ་ཞེས་བསྙུན་གསོལ་ལོ། །ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་གསོལ་ལོ། །འདུན་པ་དང་གསོ་སྦྱོང་བགྱི་བར་གསོལ་བ་འདེབས་སོ། །གསོལ་བ་ཡང་མཁྱེན་པར་གསོལ་ལོ། །ལས་ཀྱི་གཞིའོ།། །།ཕྱིར་བཅོས་པའི་གཞིའི་སྡོམ་ལ། གླེང་

དང་ནན་ཏུར་བཟོད་པ་དང་། །མཐོལ་དང་སྤོ་བ་རྣམས་དང་ནི། །མགུ་དང་དབྱུང་བར་བྱ་བའོ། །ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་རེ་ལྡེ་རི་ལ་སོང་སྟེ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་དགེ་སྦྱོང་གི་ཆོས་མ་ཡིན་པ་རྣམ་པ་མང་པོས་གླེང་བར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་འདི་རེ་ལྡེ་རི་ལ་སོང་སྟེ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་དགེ་སྦྱོང་གི་ཆོས་མ་ལགས་པ་མང་པོས་གླེང་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་

དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་གླེང་བར་བསྐོའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་འདི་རེ་ལྡེ་རི་ལ་མཆིས་ནས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་དགེ་སྦྱོང་གི་ཆོས་མ་

เล่ม ๑๕๙ · หน้า 223b

ལགས་པ་རྣམ་པ་མང་པོས་གླེང་བར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་གླེང་བར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་གླེང་བར་བསྐོ་

བ་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་གླེང་བ་པོ་མིང་འདི་ཞེས་བགྱི་བ་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་གླེང་བར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་

བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དམར་སེར་ཅན་འདི་དག་ནི་འཐབ་ཀྲོལ་བགྱིད་པ། མཚང་འབྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་ལགས་ཏེ། དེ་དག་དགེ་སློང་རྣམས་ལ་རྒྱུན་དུ་རྩོད་པའི་གཞི་

བསྐྱེད་པས་དེས་ན་ལུང་མནོད་པ་དང་། ཀླག་པ་དང་། ཁ་ཏོན་བགྱིད་པ་དང་། རྣལ་འབྱོར་དང་། ཡིད་ལ་བགྱི་བ་དང་། ནང་དུ་སེམས་ཞི་གནས་སུ་བགྱི་བ་ཤོར་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་དམར་

སེར་ཅན་འཐབ་ཀྲོལ་བགྱིད་པ་མ་བཏང་བ་རྣམས་ལ་བསྡིགས་པའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དམར་སེར་ཅན་འདི་ནི་འཐབ་ཀྲོལ་བགྱིད་པ། མཚང་འབྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་

པ། རྩོད་པའི་གཞི་བགྱིད་པ་ལགས་ཏེ། དེ་དག་དགེ་སློང་རྣམས་ལ་རྒྱུན་ཏུ་རྩོད་པའི་གཞི་སྐྱེད་པས། དེས་ན་དགེ་འདུན་ལུང་མནོད་པ་དང་། ཀླག་པ་དང་། ཁ་ཏོན་བགྱི་བ་དང་། རྣལ་འབྱོར་དང་། ཡིད་ལ་བགྱི་བ་དང་། ནང་དུ་སེམས་ཞི་གནས་སུ་བགྱི་བ་ཤོར་ན། དེའི་སླད་དུ་དགེ་འདུན་གྱིས་

དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ་མ་བཏང་བ་རྣམས་ལ་བསྡིགས་པའི་ཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་མ་བཏང་བ་རྣམས་ལ་བསྡིགས་པའི་ཕྲིན་ལས་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་

เล่ม ๑๕๙ · หน้า 224a

དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ་མ་བཏང་བ་རྣམས་ལ་བསྡིགས་པའི་ཕྲིན་ལས་མཛད་ལགས་ཏེ། འདི་

ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ། མཚང་འབྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་ལགས་པས། དགེ་འདུན་གྱིས་བདག་ལ་

བསྡིགས་པའི་ཕྲིན་ལས་མཛད་ལགས་ཏེ། བདག་དགེ་སློང་དམར་སེར་ཅན་བསྡིགས་པའི་ཕྲིན་ལས་མཛད་ལགས་པས་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་

པ་གསོལ་ཞིང་འཐབ་ཀྲོལ་བགྱིད་པ་དེ་ཡང་སྤོང་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་དམར་སེར་ཅན་བསྡིགས་པའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། དགེ་སློང་དམར་སེར་ཅན་འདི་འཐབ་ཀྲོལ་བགྱིད་པ། མཚང་འབྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་ལགས་པས་འཐབ་ཀྲོལ་བགྱིད་པ་མ་བཏང་བ་འདི་ལ་དགེ་འདུན་གྱིས་བསྡིགས་པའི་ཕྲིན་ལས་མཛད་ལགས་ཏེ།

འདི་བསྡིགས་པའི་ཕྲིན་ལས་མཛད་ལགས་པས་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་ཞིང་འཐབ་ཀྲོལ་བགྱིད་པ་དེ་ཡང་སྤོང་ངོ་ཞེས་མཆི་ན། གལ་ཏེ་དགེ་

འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་དམར་སེར་ཅན་བསྡིགས་པའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དམར་སེར་ཅན་མིང་འདི་

เล่ม ๑๕๙ · หน้า 224b

ཞེས་བགྱི་བ་འདི་འཐབ་ཀྲོལ་བགྱིད་པ། མཚང་འབྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་ལགས་པས་འཐབ་ཀྲོལ་བགྱིད་པ་མ་བཏང་བ་འདི་ལ་དགེ་འདུན་གྱིས་བསྡིགས་པའི་ཕྲིན་ལས་མཛད་ལགས་ཏེ། འདི་བསྡིགས་པའི་ཕྲིན་ལས་མཛད་

ལགས་པས་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་འཐབ་ཀྲོལ་བགྱིད་པ་དེ་ཡང་སྤོང་སྟེ། དེའི་སླད་དུ་དགེ་སློང་དམར་སེར་ཅན་མིང་འདི་ཞེས་བགྱི་བ་

དགེ་འདུན་གྱིས་བསྡིགས་པའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་དམར་སེར་ཅན་བསྡིགས་པའི་ཕྲིན་ལས་མཛད་ལགས་པ་མིང་འདི་ཞེས་བགྱི་བ་ལ་བཟོད་པ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་

ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་དམར་སེར་ཅན་བསྡིགས་པའི་ཕྲིན་ལས་མཛད་ལགས་པ་མིང་འདི་ཞེས་བགྱི་བ་ལ་བཟོད་པ་མཛད་ལགས་ཏེ། འདི་

ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགེ་ལྡན་ལྟུང་བ་རྒྱུན་ཏུ་བགྱིད་པ་འདི་དགེ་འདུན་ལྷག་མའི་ལྟུང་བ་རྒྱུན་དུ་བགྱིད་དེ། འདི་ལ་དགེ་འདུན་གྱིས་སྤོ་བ་དང་། གཞི་ནས་སྤོ་བ་དང་། མགུ་བར་བགྱི་བ་དང་།

གཞི་ནས་མགུ་བར་བགྱི་བ་སྩོལ་བ་དང་འབྱིན་པ་མཛད་པས། ལུང་མནོད་པ་དང་། ཀླག་པ་དང་། ཁ་ཏོན་བགྱི་བ་དང་། རྣལ་འབྱོར་དང་། ཡིད་ལ་བགྱི་བ་དང་། ནང་དུ་སེམས་ཞི་གནས་སུ་བགྱི་བ་ཤོར་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་

བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་དགེ་ལྡན་ལྟུང་བ་རྒྱུན་དུ་བགྱིད་པ་ལ་སྨད་པའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགེ་ལྡན་ལྟུང་བ་རྒྱུན་ཏུ་བགྱིད་པ་འདི་དགེ་འདུན་ལྷག་མའི་ལྟུང་བ་རྒྱུན་དུ་བགྱིད་དེ།

เล่ม ๑๕๙ · หน้า 225a

འདི་ལ་དགེ་འདུན་གྱིས་སྤོ་བ་དང་གཞི་ནས་སྤོ་བ་དང་། མགུ་བར་བགྱི་བ་དང་གཞི་ནས་མགུ་བར་བགྱི་བ་སྩོལ་བ་དང་འབྱིན་པ་མཛད་པས་ལུང་མནོད་པ་དང་། ཀླག་པ་དང་། ཁ་ཏོན་བགྱི་བ་དང་། རྣལ་འབྱོར་དང་། ཡིད་ལ་བགྱི་བ་དང་། ནང་དུ་སེམས་ཞི་གནས་སུ་

བགྱི་བ་ཤོར་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་དགེ་ལྡན་ལྟུང་བ་རྒྱུན་དུ་བགྱིད་པ་ལ་སྨད་པའི་ཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་དགེ་ལྡན་ལྟུང་བ་རྒྱུན་དུ་བགྱིད་པ་ལ་སྨད་པའི་ཕྲིན་ལས་མཛད་དེ། བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་

དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་དགེ་ལྡན་ལྟུང་བ་རྒྱུན་དུ་བགྱིད་པ་ལ་སྨད་པའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་

བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་དགེ་ལྡན་ལྟུང་བ་རྒྱུན་དུ་འབྱིན་པ་ལ་དགེ་འདུན་ལྷག་མའི་ལྟུང་བ་རྒྱུན་དུ་འབྱིན་པས་བདག་ལ་དགེ་འདུན་གྱིས་སྨད་པའི་ཕྲིན་ལས་མཛད་ལགས་ཏེ། བདག་དགེ་སློང་དགེ་ལྡན་ལྟུང་བ་རྒྱུན་ཏུ་

བགྱིད་པ་ལ་སྨད་པའི་ཕྲིན་ལས་མཛད་ལགས་པས་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་ཞིང་ལྟུང་བ་རྒྱུན་ཏུ་བགྱིད་པ་དེ་ཡང་སྤོང་ན།

ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་དགེ་ལྡན་སྨད་པའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་དུ་བཟླས་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགེ་ལྡན་འདི་ལྟུང་བ་རྒྱུན་ཏུ་

བགྱིད་དེ། འདི་དགེ་འདུན་ལྷག་མའི་ལྟུང་བ་རྒྱུན་དུ་བགྱིས་པས་འདི་ལ་དགེ་འདུན་གྱིས་སྤོ་བ་དང་། གཞི་ནས་སྤོ་བ་དང་། མགུ་བར་བགྱི་བ་དང་། གཞི་ནས་མགུ་བར་བགྱི་བ་སྩོལ་བ་དང་འབྱིན་པ་མཛད་པས་ལུང་མནོད་པ་དང་། ཀླག་པ་དང་། ཁ་ཏོན་བགྱི་བ་དང་། རྣལ་

เล่ม ๑๕๙ · หน้า 225b

འབྱོར་དང་། ཡིད་ལ་བགྱི་བ་དང་། ནང་དུ་སེམས་ཞི་གནས་སུ་བགྱི་བ་ཤོར་ཏེ། ལྟུང་བ་རྒྱུན་དུ་བགྱིད་པ་མ་བཏང་བ་འདི་ལ་དགེ་འདུན་གྱིས་སྨད་པའི་ཕྲིན་ལས་མཛད་ལགས་ཏེ། འདི་ལ་སྨད་པའི་ཕྲིན་ལས་མཛད་ལགས་པས་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་

སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་ཞིང་ལྟུང་བ་རྒྱུན་དུ་བགྱིད་པ་དེའང་སྤོང་ངོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་

དགེ་སློང་དགེ་ལྡན་སྨད་པའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགེ་ལྡན་ལྟུང་བ་རྒྱུན་དུ་བགྱིད་པ་འདི་དགེ་འདུན་ལྷག་མའི་ལྟུང་བ་རྒྱུན་དུ་བགྱིད་དེ། ལྟུང་བ་རྒྱུན་དུ་བགྱིད་པ་མ་བཏང་བ་འདི་ལ་

དགེ་འདུན་གྱིས་སྨད་པའི་ཕྲིན་ལས་མཛད་ལགས་ཏེ། དགེ་སློང་དགེ་ལྡན་འདི་སྨད་པའི་ཕྲིན་ལས་མཛད་ལགས་པས་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་

པ་གསོལ་ཞིང་ལྟུང་བ་རྒྱུན་དུ་བགྱིད་པ་དེ་ཡང་སྤོང་ངོ་ཞེས་མཆི་ན། དེའི་སླད་དུ་དགེ་སློང་དགེ་ལྡན་སྨད་པའི་ཕྲིན་ལས་མཛད་ལགས་པ་ལ་དགེ་འདུན་གྱིས་བཟོད་པ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་དགེ་ལྡན་སྨད་པའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་པར་བཟོད་པ་དེ་

དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་དགེ་ལྡན་སྨད་པའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་

ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་འདི་གཉིས་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ལགས་ཏེ། འདི་གཉིས་ཁྱིམ་སུན་འབྱིན་པར་ཡང་སྣང་ཞིང་

เล่ม ๑๕๙ · หน้า 226a

ཐོས་ལ་འཚལ། འདི་གཉིས་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་སྣང་ཞིང་ཐོས་ལ་འཚལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ཁྱིམ་སུན་འབྱིན་པ་མ་

བཏང་བ་ལ་བསྐྲད་པའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་འདི་གཉིས་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ལགས་ཏེ། འདི་གཉིས་ཁྱིམ་སུན་འབྱིན་པར་ཡང་སྣང་ཞིང་ཐོས་ལ་

འཚལ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་སྣང་ཞིང་ཐོས་ལ་འཚལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ཁྱིམ་སུན་འབྱིན་པ་མ་བཏང་བ་ལ་བསྐྲད་པའི་ཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ལ་བསྐྲད་པའི་ཕྲིན་ལས་

མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ཁྱིམ་སུན་འབྱིན་པ་

མ་བཏང་བ་ལ་བསྐྲད་པའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་ཅག་དགེ་སློང་འགྲོ་མགྱོགས་དང་ནབ་སོ་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ལགས་པས་བདག་ཅག་ལ་དགེ་

འདུན་གྱིས་བསྐྲད་པའི་ཕྲིན་ལས་མཛད་ལགས་ཏེ། བདག་ཅག་དགེ་སློང་འགྲོ་མགྱོགས་དང་ནབ་སོ་བསྐྲད་པའི་ཕྲིན་ལས་མཛད་ལགས་པས་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་། དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ།

མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དེ་ཡང་སྤོང་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ཅག་དགེ་སློང་འགྲོ་མགྱོགས་དང་ནབ་སོ་བསྐྲད་པའི་ཕྲིན་ལས་མཛད་ལགས་པ་

เล่ม ๑๕๙ · หน้า 226b

ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་འདི་གཉིས་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ལགས་ཏེ། འདི་གཉིས་ཁྱིམ་སུན་འབྱིན་པར་སྣང་ཞིང་ཐོས་ལ་འཚལ། འདི་

གཉིས་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་སྣང་ཞིང་ཐོས་ལ་འཚལ་ཏེ། ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་མ་བཏང་བ་འདི་གཉིས་ལ་དགེ་འདུན་གྱིས་བསྐྲད་པའི་ཕྲིན་ལས་མཛད་ལགས་ཏེ། འདི་གཉིས་བསྐྲད་པའི་ཕྲིན་ལས་མཛད་ལགས་པས་སྐྲ་འགྲེང་བར་གྱུར།

སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དེ་ཡང་སྤོང་ངོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་

དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་འགྲོ་མགྱོགས་དང་ནབ་སོ་བསྐྲད་པའི་ཕྲིན་ལས་མཛད་ལགས་པ་ལ་དགེ་འདུན་གྱིས་བཟོད་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་འདི་གཉིས་ཁྱིམ་སུན་

འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པས། འདི་གཉིས་ལ་དགེ་འདུན་གྱིས་བསྐྲད་པའི་ཕྲིན་ལས་མཛད་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད།

མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དེ་ཡང་སྤོང་ངོ་ཞེས་མཆིས་པ་ལ་བཟོད་པ་མཛད་ན་ཚེ་དང་ལྡན་པ་གང་དག་དགེ་སློང་འགྲོ་མགྱོགས་དང་ནབ་སོ་བསྐྲད་པའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་

པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིང་། །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འགྲོ་མགྱོགས་དང་ནབ་སོ་བསྐྲད་པའི་ཕྲིན་ལས་མཛད་

เล่ม ๑๕๙ · หน้า 227a

ལགས་པ་ལ་བཟོད་པ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དམ་པ་འདི་ཁྱིམ་པ་ལ་བརྙས་ཐབས་བགྱིད་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་

གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་དམ་པ་ཁྱིམ་པ་ལ་བརྙས་ཐབས་བགྱིད་པ་ལ་སླར་འགྱེད་པའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དམ་པ་འདི་ཁྱིམ་པ་ལ་བརྙས་ཐབས་བགྱིད་དེ། དེའི་སླད་དུ་

དགེ་འདུན་གྱིས་དགེ་སློང་དམ་པ་ཁྱིམ་པ་ལ་བརྙས་ཐབས་བགྱིད་པ་ལ་སླར་འགྱེད་པའི་ཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་དམ་པ་ཁྱིམ་པ་ལ་བརྙས་ཐབས་བགྱིད་པ་ལ་སླར་འགྱེད་པའི་ཕྲིན་ལས་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་

པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་དམ་པ་ཁྱིམ་པ་ལ་བརྙས་ཐབས་བགྱིད་པ་ལ་སླར་འགྱེད་པའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་ཅང་མི་

གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་དམ་པ་ཁྱིམ་པ་ལ་བརྙས་ཐབས་བགྱིད་པས་བདག་ལ་དགེ་འདུན་གྱིས་སླར་འགྱེད་པའི་ཕྲིན་ལས་མཛད་ལགས་ཏེ། བདག་དགེ་སློང་དམ་པ་སླར་འགྱེད་པའི་ཕྲིན་ལས་མཛད་ལགས་པས་

སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་ཁྱིམ་པ་ལ་བརྙས་ཐབས་བགྱིད་པ་དེ་ཡང་སྤོང་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་

ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་དམ་པ་ལ་སླར་འགྱེད་པའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དམ་པ་འདི་ཁྱིམ་པ་ལ་བརྙས་ཐབས་བགྱིད་པ་དེ་ལ་དགེ་འདུན་གྱིས་སླར་

เล่ม ๑๕๙ · หน้า 227b

འགྱེད་པའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་འགྱེད་པའི་ཕྲིན་ལས་མཛད་ལགས་པས་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་ཞིང་ཁྱིམ་པ་ལ་བརྙས་

ཐབས་བགྱིད་པ་དེ་ཡང་སྤོང་ངོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་དམ་པ་སླར་འགྱེད་པའི་ཕྲིན་ལས་མཛད་ལགས་པ་ལ་དགེ་འདུན་གྱིས་བཟོད་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། དགེ་སློང་དམ་པ་འདི་ཁྱིམ་པ་ལ་བརྙས་ཐབས་བགྱིད་པས་དེ་ལ་དགེ་འདུན་གྱིས་སླར་འགྱེད་པའི་ཕྲིན་ལས་མཛད་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་དམ་པ་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད།

མཚུངས་པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་ཁྱིམ་པ་ལ་བརྙས་ཐབས་བགྱིད་པ། དེའང་སྤོང་ངོ་ཞེས་མཆི་བ་ལ་བཟོད་པ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་དམ་པ་སླར་འགྱེད་པའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་པར་བཟོད་པ་དེ་

དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་དམ་པ་སླར་འགྱེད་པའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་

པ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལ་ལྟུང་བ་བྱུང་སྟེ། དེ་ལ་དགེ་སློང་རྣམས་ཀྱིས་གླེངས་ཤིང་དྲན་པར་བགྱིས་ཀྱང་ལྟུང་བ་མ་མཐོང་ངོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་

ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་མ་མཐོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལ་ལྟུང་བ་བྱུང་སྟེ། དེ་ལ་དགེ་སློང་

เล่ม ๑๕๙ · หน้า 228a

རྣམས་ཀྱིས་གླེངས་ཤིང་དྲན་པར་བགྱིས་ཀྱང་ལྟུང་བ་མ་མཐོང་ངོ་ཞེས་མཆིས་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་མ་མཐོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འདུན་པ་ལ་གནས་ནས་དབྱུང་བའི་ཕྲིན་ལས་

མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་མ་མཐོང་བ་ལ་གནས་ནས་

དབྱུང་བའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འདུན་པ་ལ་ལྟུང་བ་བྱུང་བས་དགེ་འདུན་གྱིས་བདག་འདུན་པ་ལྟུང་བ་མ་མཐོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་

ཏེ། བདག་དགེ་སློང་འདུན་པ་ལྟུང་བ་མ་མཐོང་བས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་ཞིང་

ལྟུང་བ་དེ་ཡང་མཐོང་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འདུན་པ་ལ་ལྟུང་བ་མ་མཐོང་བས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། དགེ་སློང་འདུན་པ་འདི་ལ་ལྟུང་བ་བྱུང་སྟེ། ལྟུང་བ་མ་མཐོང་བ་འདི་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་ཏེ། དགེ་སློང་འདུན་པ་ལྟུང་བ་མ་མཐོང་བས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་

གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་ལྟུང་བ་དེ་ཡང་མཐོང་ངོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་

เล่ม ๑๕๙ · หน้า 228b

གྱིས་དགེ་སློང་འདུན་པ་ལྟུང་བ་མ་མཐོང་བས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལ་ལྟུང་བ་བྱུང་སྟེ། ལྟུང་བ་མ་མཐོང་བ་འདི་ལ་དགེ་འདུན་གྱིས་གནས་ནས་

དབྱུང་བའི་ཕྲིན་ལས་མཛད་ལགས་ཏེ། དགེ་སློང་འདུན་པ་ལྟུང་བ་མ་མཐོང་བ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་

མཆིས་ཏེ་བཟོད་པ་གསོལ་ཞིང་ལྟུང་བ་དེ་ཡང་མཐོང་ངོ་ཞེས་མཆི་བས་དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་མ་མཐོང་བས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འདུན་པ་ལྟུང་བ་མ་མཐོང་བས་གནས་ནས་

དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་

གྱིས་དགེ་སློང་འདུན་པ་ལྟུང་བ་མ་མཐོང་བས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལ་ལྟུང་བ་བྱུང་ཡང་དེ་ཆོས་བཞིན་

དུ་སླར་མི་འཆོས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་སླར་མི་འཆོས་པ་དེ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། དགེ་སློང་འདུན་པ་འདི་ལྟུང་བ་བྱུང་ཡང་དེ་ཆོས་བཞིན་དུ་སླར་མི་འཆོས་པས། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་ཆོས་བཞིན་དུ་སླར་མི་འཆོས་པ་འདི་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འདུན་པ་ལྟུང་བ་

เล่ม ๑๕๙ · หน้า 229a

སླར་མི་འཆོས་པ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ན་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་

ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འདུན་པ་ལྟུང་བ་སླར་མི་འཆོས་པ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འདུན་པ་ལྟུང་བ་བྱུང་ལ་ལྟུང་བ་དེ་ཆོས་

བཞིན་དུ་སླར་མི་འཆོས་པས། བདག་ལྟུང་བ་སླར་མི་འཆོས་པ་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་ཏེ། བདག་དགེ་སློང་འདུན་པ་སླར་མི་འཆོས་པ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་

འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་ལྟུང་བ་དེ་ཡང་ཆོས་བཞིན་དུ་སླར་འཆོས་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འདུན་པ་

སླར་མི་འཆོས་པས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལ་ལྟུང་བ་བྱུང་སྟེ། ལྟུང་བ་དེ་ཆོས་བཞིན་དུ་སླར་མི་འཆོས་པས་འདི་ལ་དགེ་

འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་ཏེ། དགེ་སློང་འདུན་པ་སླར་མི་འཆོས་པས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་

པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་ཞིང་ལྟུང་བ་དེ་ཡང་ཆོས་བཞིན་དུ་སླར་འཆོས་སོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འདུན་པ་སླར་མི་འཆོས་པས་

เล่ม ๑๕๙ · หน้า 229b

གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འདུན་པ་འདི་ལ་ལྟུང་བ་བྱུང་སྟེ། ལྟུང་བ་དེ་ཆོས་བཞིན་དུ་སླར་མི་འཆོས་པས་འདི་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་

ལས་མཛད་ལགས་ཏེ། དགེ་སློང་འདུན་པ་སླར་མི་འཆོས་པས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན། མཚམས་ཀྱི་ནང་དུ་མཆིས་ཏེ་

བཟོད་པ་གསོལ་ཞིང་སླར་འཆོས་སོ་ཞེས་མཆིས་པས། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འདུན་པ་སླར་མི་འཆོས་པས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འདུན་པ་སླར་མི་འཆོས་པས་གནས་ནས་དབྱུང་

བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་

དགེ་སློང་འདུན་པ་སླར་མི་འཆོས་པས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་

འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བརྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས་འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་

ཏེ་བསྒོ་ན། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། འདི་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་

เล่ม ๑๕๙ · หน้า 230a

ཀྱིས་བསྒོ་ན། འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་

བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་བགྱིས་ཏེ། ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་།

རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བགྱི་ཞིང་མཆོག་ཏུ་སྨད་པར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་

ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བརྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་

མཆི་ནས་འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། འདི་

ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པ་དེའི་

སླད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་བའི་ལས་བགྱི་སྟེ། ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་

เล่ม ๑๕๙ · หน้า 230b

སྲིད་དུ་གཏམ་འདྲེ་བར་མི་བགྱི་ཕེབས་པར་སྨྲ་བར་མི་བགྱི་ཞིང་དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བགྱི་ཞིང་མཆོག་ཏུ་སྨད་པར་བགྱིད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་ནི་གནས་ནས་དབྱུང་བའི་ལས་བགྱི་ཞིང་ཇི་སྲིད་དུ་དགེ་སློང་འཆི་

ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་དཔེར་ན་གདོལ་བུ་བཞིན་དུ་སྨད་པར་བགྱི་ཞིང་མཆོག་ཏུ་སྨད་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་

མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་

བའི་ཕྲིན་ལས་མཛད་ཅིང་ཇི་སྲིད་དུ་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་ཐམས་ཅད་ཀྱི་ཐམས་ཅད་དང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གཏོང་བ་དེ་སྲིད་དུ་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི་ཞིང་། དཔེར་ན་གདོལ་བུ་བཞིན་དུ་སྨད་པར་

བགྱིས་ཤིང་མཆོག་ཏུ་སྨད་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་

ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བརྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆིས་པས་དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་བའི་ཕྲིན་

ལས་མཛད་ཅིང་སྨད་ལགས་ཏེ། བདག་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་པས་སྐྲ་འགྲེང་པར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་

เล่ม ๑๕๙ · หน้า 231a

པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཡང་གཏོང་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་བཏང་ལགས་

པ་ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་

བརྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས། དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་འདི་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་ཏེ། དགེ་

སློང་འཆི་ལྟས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་པ་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་སྡིག་པ་ཅན་གྱི་ལྟ་བའི་རྣམ་

པ་དེ་ཡང་གཏོང་ངོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་པ་ལ་བཟོད་པ་མཛད་དོ། །

འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བརྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ།

དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མཆི་ནས་དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་འདི་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་ཏེ། དགེ་སློང་འཆི་ལྟས་གནས་ནས་དབྱུང་བའི་ཕྲིན་ལས་

เล่ม ๑๕๙ · หน้า 231b

མཛད་ཅིང་སྨད་ལགས་པས་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་ཡང་གཏོང་ངོ་ཞེས་མཆི་བས་དེའི་སླད་དུ་དགེ་

འདུན་གྱིས་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་པ་ལ་བཟོད་པ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ལ་གནས་ནས་དབྱུང་བའི་ཕྲིན་ལས་

མཛད་ཅིང་སྨད་ལགས་པ་ལ་བཟོད་པ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་

དགེ་སློང་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ཅིང་སྨད་ལགས་པ་ལ་བཟོད་པ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་

བགྱི་བ་ལ་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །འཆགས་སོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས་

མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ལན་གསུམ་དུ་བཟླས། ལྟུང་བ་མཐོང་ངམ། མཐོང་ངོ་། །ཕྱིན་ཆད་སྡོམ་མམ། སྡོམ་མོ། །ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་

བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པས་བདག་དགེ་སློང་འཆར་ཀ་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལ་ཟླ་བ་ཕྱེད་སྤོ་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་

เล่ม ๑๕๙ · หน้า 232a

ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་

དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་ལ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ན། གལ་ཏེ་དགེ་འདུན་

གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་ཏེ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལ་ཟླ་བ་ཕྱེད་སྤོ་བ་གསོལ་ཏེ།

དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་

ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་

གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་

เล่ม ๑๕๙ · หน้า 232b

ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་སྟེ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་

བརྩེ་བའི་སླད་དུ་བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་

བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་།

དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་

ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་

བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་

ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་

เล่ม ๑๕๙ · หน้า 233a

ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས། བདག་དགེ་སློང་འཆར་ཀ་དགེ་

འདུན་གྱི་གན་དུ་མཆིས་ཏེ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ནས། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་

བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་ཏེ། བདག་སྤོ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས། བདག་དགེ་སློང་འཆར་ཀ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་

ལས་གཞི་ནས་སྤོ་བ་ཡང་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་སྤོ་བ་སྩལ་དུ་གསོལ། ལན་གསུམ་བཟླས།

དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་

པ་དེའི་སླད་དུ་དགེ་འདུན་ལ་ཟླ་བ་ཕྱེད་སྤོ་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་ཏེ་འདི་སྤོ་བ་བགྱིད་བཞིན་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་

བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས། དེའི་སླད་དུ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་

เล่ม ๑๕๙ · หน้า 233b

བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་སྤོ་བ་ཡང་སྩལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་

དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པས། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་

འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩོལ་ཏེ། འདི་སྤོ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་

བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ནས། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་

བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་སྤོ་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ནས་བཅབས་པ་དེའི་སླད་དུ་གཞི་ནས་སྤོ་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་

དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་

སླད་དུ་གཞི་ནས་སྤོ་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བས་བདག་དགེ་སློང་འཆར་ཀ་དགེ་འདུན་གྱི་གན་དུ་མཆིས་ཏེ།

เล่ม ๑๕๙ · หน้า 234a

ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་

བགྱི་བ་སྩལ་ཏེ། བདག་མགུ་བར་བགྱི་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བས་བདག་དགེ་སློང་འཆར་ཀ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་

ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་

བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། འདི་མགུ་བར་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་དགེ་སློང་

འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་

གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་

เล่ม ๑๕๙ · หน้า 234b

མའི་ལྟུང་བ་བྱུང་བ་ལ་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་

ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། འདི་མགུ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་

བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ནས། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་

ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་

གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །

དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པས། བདག་དགེ་སློང་འཆར་ཀ་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་

ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ནས། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་ཏེ། བདག་སྤོ་བ་བགྱིད་བཞིན་པ་ལས་

เล่ม ๑๕๙ · หน้า 235a

ཡང་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་བདག་དགེ་སློང་འཆར་ཀ་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ནས་བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་སྤོ་

བ་གསོལ་ནས་དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ནས་བཅབས་པ་དེའི་སླད་དུ་གཞི་ནས་སྤོ་བ་སྩལ་ཏེ། བདག་གཞི་ནས་སྤོ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བལྡབས་

ཏེ་བྱུང་ནས་བཅབས་ཏེ་བདག་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་ནས་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་སྤོ་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་

དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་ནས་བཅབས་པ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་སྤོ་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་

གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ནས། དགེ་

འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་ཏེ། འདི་སྤོ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས། དགེ་སློང་འཆར་

ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་སྤོ་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་

เล่ม ๑๕๙ · หน้า 235b

པ་དེའི་སླད་དུ་གཞི་ནས་སྤོ་བ་སྩལ་ཏེ། གཞི་ནས་སྤོ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་ལ་བཅབས་པས། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་བལྡབས་

ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་སྤོ་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བཟླས་

ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་སྤོ་བ་གསོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་

གྱི་གན་དུ་མཆིས་ཏེ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་

སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་ཏེ། འདི་སྤོ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་

འདུན་ལས་གཞི་ནས་སྤོ་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ་བཅབས་པ་དེའི་སླད་དུ་གཞི་ནས་སྤོ་བ་སྩལ་ཏེ། འདི་གཞི་ནས་སྤོ་བ་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་

ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་ལ་བཅབས་པས་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ། སྤོ་བ་

เล่ม ๑๕๙ · หน้า 236a

གསོལ་ན་དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་ལ་བཅབས་པས། དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་སྤོ་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་དགེ་འདུན་

ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་སྤོ་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་

གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་ལ་བཅབས་པ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་སྤོ་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་

བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བས་བདག་དགེ་སློང་འཆར་ཀ་དགེ་འདུན་གྱི་གན་དུ་མཆིས་ཏེ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་

དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། བདག་མགུ་བར་བགྱིད་བཞིན་པ་ལས་ཡང་དགེ་འདུན་ལྷག་མའི་ལྟུང་

བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བས་བདག་དགེ་སློང་འཆར་ཀ་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་

ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྩལ་ཏེ་བདག་གཞི་ནས་མགུ་བར་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་ནས། བདག་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་

เล่ม ๑๕๙ · หน้า 236b

འདྲ་བ་ཡང་བལྡབས་ཏེ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་

ཏེ་བྱུང་བ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ། མགུ་བར་བགྱི་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་

མཆིས་ཏེ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ན། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ།

འདི་མགུ་བར་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་

ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྩལ་ཏེ། འདི་གཞི་ནས་མགུ་བར་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་ལ།

དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་

མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་བ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་བ་གསོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་

เล่ม ๑๕๙ · หน้า 237a

ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་

དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། འདི་མགུ་བར་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་

ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་དགེ་འདུན་ལས་གཞི་ནས་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་སྔ་མ་དང་འདྲ་བ་ཡང་བྱུང་བ་དེའི་སླད་དུ་གཞི་ནས་མགུ་བར་བགྱི་བ་སྩལ་ཏེ།

འདི་གཞི་ནས་མགུ་བར་བགྱིད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་ལ་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཡང་

གཞི་ནས་བསླང་སྟེ་མགུ་བར་བགྱི་བ་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་བ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ལ་དགེ་

འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་བ་དེའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་

དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་དགེ་འདུན་ལྷག་མའི་ལྟུང་བ་ལྟུང་བ་བར་མ་དང་འདྲ་བ་ཡང་བལྡབས་ཏེ་བྱུང་བའི་སླད་དུ་ཡང་གཞི་ནས་བསླང་སྟེ་མགུ་བར་བགྱི་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་

เล่ม ๑๕๙ · หน้า 237b

འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། བདག་དགེ་སློང་འཆར་ཀ་དགེ་འདུན་གྱི་གན་དུ་མཆིས་ཏེ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་

ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་བདག་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། བདག་དགེ་སློང་འཆར་ཀས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་

སླད་དུ་ཞག་དྲུག་མགུ་བར་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་ལགས་

པ་ལ་དབྱུང་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་

ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་

འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་ལགས་ཏེ་དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་

ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་པ་དབྱུང་བར་བགྱིའོ། །འདི་ནི་གསོལ་བའོ། །འཆར་ཀ་ཁྱོད་ཉོན་ཅིག །ཁྱོད་ཀྱིས་ལེགས་པར་མ་བྱས་སོ། །ལེགས་པ་ཤིན་ཏུ་མ་བྱས་སོ། །བྱ་བ་མ་ཡིན་པ་གཞན་བྱས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་

เล่ม ๑๕๙ · หน้า 238a

ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཆོས་ནི་འདི་ལྟར་འདོད་ཆགས་དང་བྲལ་བར་བགྱི་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཞིང་། ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་བ་དང་། གཏི་མུག་འདོད་ཆགས་དང་བྲལ་བར་

བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་བཞིན་དུ་ཁྱོད་ཀྱིས་མི་མཛེས་པ་འདི་ལྟ་བུ་འདི་བྱས་པ་མི་རིགས་སོ། །མི་གཏི་མུག་ཅན་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པར་བྱེད་པ་དུག་དྲག་པོ་དུག་རྣོ་བ་ལ་ལག་པ་གཉི་གས་བཟུང་བ་ནི་བླའི་ཀུན་ཏུ་

ཆགས་པའི་སེམས་ཀྱིས་རང་གི་ཡན་ལག་གི་རྣམ་པ་ལ་གཟུང་བ་ནི་དེ་ལྟ་མ་ཡིན་ནོ། །མི་གཏི་མུག་ཅན་ཁྱོད་ལག་པ་གང་དག་གིས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ལས་དད་པས་སྦྱིན་པ་བླང་བར་བྱ་བའི་ལག་པ་དེ་དག་ཉིད་ཀྱིས་མི་མཛེས་པ་འདི་ལྟ་བུ་འདི་བྱ་བ་མི་རིགས་སོ། །མི་

གཏི་མུག་ཅན་ཁྱོད་ཀྱིས་དེ་ལྟར་བདག་ལ་བསྙེན་བཀུར་བྱ་བ་ཉམས་སུ་བླངས་པར་གྱུར་ཏོ། །འཆར་ཀ་གཉིས་པོ་འདི་དག་ནི་ཆོས་ཀྱི་སྒྲོན་མ་དང་། ཆོས་ཀྱི་སྣང་བ་དང་། ཆོས་ཀྱི་འོད་དང་། ཆོས་ཀྱི་གསལ་བ་དང་། ཆོས་ཀྱི་སྣང་བ་གསལ་བ་དང་། ཆོས་ཀྱི་མར་མེ་དང་། ཆོས་ཀྱི་རབ་

གསལ་མེད་པར་བྱེད་པ་སྟེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང་ཡིན་པ་དང་། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །གཉིས་ནི་སྡིག་པའི་རྩ་བ་མི་རྐོ། རྒྱུན་ལས་བཟློག་པ་ལ་མི་འབད། འབབ་ཆུ་དང་འཁྲི་ཤིང་མི་སྐེམས། བདུད་མི་འདུལ། བདུད་ཀྱི་

རྒྱལ་མཚན་མི་སྙོལ། ཆོས་ཀྱི་རྒྱལ་མཚན་མི་སྒྲེང་། སྡིག་པའི་རྒྱུན་མི་གཅོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པར་བསྐོར་བའི་རྗེས་སུ་མི་བསྐོར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང་ཡིན་པ་དང་།

ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །གཉིས་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་གཉིས་ཀྱི་ཟག་པ་འཕེལ་བར་འགྱུར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང་ཡིན་པ་དང་། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །འཆར་

เล่ม ๑๕๙ · หน้า 238b

ཀ་ཁྱོད་ཀྱིས་ལྟུང་བ་འདི་མ་བཤགས་ཤིང་སོ་སོར་མ་བཤགས་ན་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་

ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་བསྔོས་པའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་

བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཀྱི་འོས་མ་ཡིན་ནོ། །བསམ་

གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་

མིན་སྐྱེ་མཆེད་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་དང་། འཆི་འཕོ་དང་།

སྐྱེ་བ་དང་། ཟག་པ་ཟད་པའི་འོས་མ་ཡིན་ནོ། །འཆར་ཀ་ཁྱོད་ལྟུང་བ་འདི་མ་བཤགས་ཤིང་སོ་སོར་མ་བཤགས་ན། འགྲོ་བ་གཉིས་ལས་གང་ཡང་རུང་བ་ཞིག་ཁྱོད་ཀྱིས་འགྲོ་བ་ཡིན་པར་ཤེས་པར་བྱ་སྟེ། སེམས་ཅན་དམྱལ་བའམ་དུད་འགྲོའོ། །བཅོམ་ལྡན་འདས་ཀྱིས་

ཀྱང་ལས་ཀྱི་མཐའ་འཆབ་པའི་འགྲོ་བ་ནི་གཉིས་ཏེ་སེམས་ཅན་དམྱལ་བའམ་དུད་འགྲོའོ། །གང་དག་ངས་བཤད་པ་ལ་ཡིད་མི་ཆེས་པ་དེ་དག་ནི་བཅབས་པར་སེམས་སོ་ཞེས་གསུངས་སོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་

เล่ม ๑๕๙ · หน้า 239a

འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་འཆར་ཀ་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་འདི་ལ་ཆེ་གེ་མོ་ལས་བྱུང་

བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་ཏེ། དགེ་སློང་འཆར་ཀ་འདིས་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་ལགས་ཏེ་དགེ་འདུན་ལས་དབྱུང་བ་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་

དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་པ་དབྱུང་བ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་པ་དབྱུང་

བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་

ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་དབྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །འཆར་ཀ་ཁྱོད་ཉོན་ཅིག །འཆར་ཀ་ཁྱོད་ཀྱིས་ལེགས་པར་བྱས་སོ། །ལེགས་པ་ཤིན་ཏུ་ཡང་བྱས་སོ། །གཉིས་ནི་མཁས་པ། གཉིས་ནི་གསལ་

བ། གཉིས་ནི་དགེ་བ། གཉིས་ནི་སྐྱེས་བུ་དམ་པ་སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ་དང་། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན་པའོ། །གཉིས་ནི་སྡིག་པའི་རྩ་བ་རྐོ་བ། རྒྱུན་ལས་བཟློག་པ་ལ་འབད་པ། འབབ་ཆུ་དང་འཁྲི་ཤིང་སྐེམས་པ།

བདུད་འདུལ་བ། བདུད་ཀྱི་རྒྱལ་མཚན་སྙོལ་བ། ཆོས་ཀྱི་རྒྱལ་མཚན་བསྒྲེང་བ། སྡིག་པའི་རྒྱུན་གཅོད་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པར་བསྐོར་བའི་རྗེས་སུ་བསྐོར་བ་སྟེ། གཉིས་གང་ཞེ་ན།

เล่ม ๑๕๙ · หน้า 239b

ལྟུང་བ་མི་འབྱིན་པ་གང་ཡིན་པ་དང་། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན་པའོ། །གཉིས་ནི་རྣམ་པར་བྱང་བར་འགྱུར་ཞིང་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། གཉིས་ཀྱི་ཟག་པ་འཕེལ་བར་མི་འགྱུར་ཏེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ་དང་།

ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན་པའོ། །འཆར་ཀ་ཁྱོད་ལྟུང་བ་འདི་བཤགས་ཤིང་སོ་སོར་བཤགས་པས་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་

དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་བསྔོས་

པའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་།

སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཀྱི་འོས་སུ་གྱུར་པ་ཡིན། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་

མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་།

སེམས་ཀྱི་རྣམ་གྲངས་དང་། སྔོན་གྱི་གནས་དང་། འཆི་འཕོ་དང་། སྐྱེ་བ་དང་། ཟག་པ་ཟད་པའི་འོས་སུ་བྱུང་བ་ཡིན་པའོ། །འཆར་ཀ་ལྟུང་བ་འདི་བཤགས་ཤིང་སོ་སོར་བཤགས་པས་འགྲོ་བ་གཉིས་པོ་ལས་གང་ཡང་རུང་བ་ཞིག་ཁྱོད་ཀྱིས་འགྲོ་བ་ཡིན་པར་ཤེས་པར་བྱ་སྟེ། ལྷའམ་མིའོ། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด