ལས་བརྒྱ་རྩ་གཅིག་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨེ་ཀོཏ་ཏ་ར་ཀཾ་ཀརྨ་ཤ་ཏཾ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๕๙ · หน้า 240a
བཅོམ་ལྡན་འདས་ཀྱིས་ཀྱང་ལས་ཀྱི་མཐའ་མི་འཆབ་པའི་འགྲོ་བ་ནི་གཉིས་ཏེ། ལྷའམ་མིའོ། །གང་དག་ངས་བཤད་པ་ལ་ཡིད་ཆེས་པ་དེ་དག་གིས་འཆབ་པར་མི་སེམས་སོ་ཞེས་གསུངས་སོ། །ཡང་གསུངས་པ། བཅབས་པས་ཆར་པ་བཞིན་དུ་འབབ། །བཤགས་པ་
ཆར་བཞིན་འབབ་མི་འགྱུར། །དེ་ལྟ་བས་ན་བཤགས་པར་བྱ། །དེ་ལྟར་ཆར་བཞིན་དེ་མི་འབབ། །ཅེའོ། །ཚེ་དང་ལྡན་པ་འཆར་ཀ་ཁྱོད་བྱུང་ཟིན་གྱིས་བག་ཡོད་པར་སྒྲུབས་ཤིག །ཕྱིར་བཅོས་པའི་གཞིའོ།། །།བམ་པོ་དགུ་པ་སྟེ་ཐ་མ། ཕྱིར་བཅོས་པའི་གཞི་དང་ཉེ་བའི་གཞིའི་
སྡོམ་ལ། འདྲེ་དང་ཕྱག་བྱ་མ་ཡིན་དང་། །བསླབ་པ་སྦྱིན་པ་ཐ་མའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་གྲེ་སྐྱེས་འདི་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་།
དགེ་འདུན་གྱིས་དགེ་སློང་གྲེ་སྐྱེས་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གྲེ་སྐྱེས་འདི་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་ཏེ། དེའི་སླད་
དུ་དགེ་འདུན་གྱིས་དགེ་སློང་གྲེ་སྐྱེས་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པ་ལ། དེ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ན་ཚེ་དང་ལྡན་པ་གང་དག་དགེ་སློང་གྲེ་སྐྱེས་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་པར་བཟོད་པ་
དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་གྲེ་སྐྱེས་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་
པ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། འཕགས་པ་དགེ་སློང་གྲེ་སྐྱེས་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པས་དགེ་སློང་གི་དགེ་འདུན་གྱིས་
เล่ม ๑๕๙ · หน้า 240b
གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་ཏེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་འཕགས་པ་དགེ་སློང་གྲེ་སྐྱེས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་སྩོལ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་
བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་འཕགས་པ་དགེ་སློང་གྲེ་སྐྱེས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་སྩལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་འཕགས་
མ་རྣམས་གསན་དུ་གསོལ། འཕགས་པ་དགེ་སློང་གྲེ་སྐྱེས་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པས་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་ཏེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་འཕགས་པ་དགེ་སློང་གྲེ་སྐྱེས་དགེ་འདུན་གྱིས་
གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་གསོལ་ན། འཕགས་མ་གང་དག་འཕགས་པ་དགེ་སློང་གྲེ་སྐྱེས་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་
སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས། དགེ་འདུན་འཕགས་མ་རྣམས་ཀྱིས་འཕགས་པ་གྲེ་སྐྱེས་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་
མཛད་ལགས་པ་ལ་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ལི་ཙྪ་བཱི་ཆེན་པོས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་ཡང་དག་པ་མ་ལགས་པས་སྐུར་ན་གལ་ཏེ་དགེ་འདུན་གྱི་
དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་འདི་ལི་ཙྪ་བཱི་ཆེན་པོ་ལ་ལྷུང་བཟེད་ཁས་དབུབ་པ་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་ལི་ཙྪ་བཱི་ཆེན་པོ་མི་དགེ་བའི་གྲོགས་པོས་བསླུས་པས་འཕགས་
เล่ม ๑๕๙ · หน้า 241a
པ་གྱད་བུ་ནོར་ལ་ཡང་དག་པ་མ་ལགས་པས་སྐུར་བས་དགེ་འདུན་གྱིས་བདག་ལ་ལྷུང་བཟེད་ཁས་དབུབ་པ་མཛད་དེ། བདག་ལྷུང་བཟེད་ཁས་ཕུབ་པ་དགེ་འདུན་ལས་ལྷུང་བཟེད་སླར་བཟློག་པར་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་
བརྩེ་བའི་སླད་དུ་ལྷུང་བཟེད་སླར་བཟློག་ཏུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ལིཙྪ་བཱི་ཆེན་པོ་མི་དགེ་བའི་གྲོགས་པོས་བསླུས་པ་འདི། ཚེ་དང་ལྡན་པ་གྱད་བུ་ནོར་ལ་ཡང་དག་པ་མ་ལགས་པས་སྐུར་ཏེ། དགེ་འདུན་གྱིས་དེ་ལ་ལྷུང་བཟེད་
ཁས་དབུབ་པ་མཛད་ལགས་པ་ལས། ལིཙྪ་བཱི་ཆེན་པོས་ལྷུང་བཟེད་ཁས་ཕུབ་པ་དེའི་དགེ་འདུན་ལས་ལྷུང་བཟེད་སླར་བཟློག་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ལིཙྪ་བཱི་ཆེན་པོ་ལས་ལྷུང་བཟེད་སླར་བཟློག་
པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་དགའ་བྱེད་ཀྱིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབས་པར་མ་བགྱིས་ཏེ། བདག་དགེ་སློང་དགའ་བྱེད་
དགེ་འདུན་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།
དགེ་སློང་དགའ་བྱེད་འདིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པའི་འཁྲིག་པའི་ཆོས་བསྟེན་ཀྱང་བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབས་པར་མ་བགྱིས་ཏེ། དགེ་སློང་དགའ་བྱེད་འདི་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་
ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དགའ་བྱེད་འདིས་བསླབ་པ་མ་ཕུལ་བར་མི་ཚངས་
เล่ม ๑๕๙ · หน้า 241b
པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་བཅབ་པའི་སེམས་གཅིག་ཙམ་གྱིས་ཀྱང་བཅབས་པར་མ་བགྱིས་པས་དགེ་སློང་དགའ་བྱེད་འདི་དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩོལ་ན།
ཚེ་དང་ལྡན་པ་གང་དག་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་
གནང་ནས་དགེ་འདུན་གྱིས་དགེ་སློང་དགའ་བྱེད་ལ་ཇི་སྲིད་འཚོའི་བར་དུ་བསླབས་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཕྱིར་བཅོས་པའི་གཞི་དང་ཉེ་བའི་གཞིའོ།། །།ས་གཞན་ན་གནས་པའི་སྤྱོད་པ་དང་ཡོངས་སུ་སྤྱོད་པའི་གཞིའི་སྡོམ་ལ། ངོ་
བོ་ཉིད་བརྗོད་གཏོད་དང་ལེན། །གསོ་སྦྱོང་དང་ནི་དགག་དབྱེའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འཆར་ཀ་འདི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་མཆིད་ཀྱིས་མི་འཚལ། འགྲེང་བ་ཡང་མཆིད་ཀྱིས་མི་འཚལ།
འདུག་པ་ཡང་མཆིད་ཀྱིས་མི་འཚལ། ཉལ་བ་ཡང་མཆིད་ཀྱིས་མི་འཚལ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་
ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འཆར་ཀ་འདི་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་མཆིད་ཀྱིས་མི་འཚལ། འགྲེང་བ་ཡང་མཆིད་ཀྱིས་མི་འཚལ། འདུག་
པ་ཡང་མཆིད་ཀྱིས་མི་འཚལ། ཉལ་བ་ཡང་མཆིད་ཀྱིས་མི་འཚལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་ཚེ་དང་ལྡན་པ་འཆར་ཀ་
เล่ม ๑๕๙ · หน้า 242a
ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་
བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་འགྲོ་བ་ཡང་མཆིད་ཀྱིས་མི་འཚལ། འགྲེང་བ་ཡང་མཆིད་ཀྱིས་མི་འཚལ། འདུག་པ་ཡང་མཆིད་ཀྱིས་མི་འཚལ། ཉལ་བ་ཡང་མཆིད་
ཀྱིས་མི་འཚལ་བ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ། སྐྲ་འགྲེང་བར་གྱུར་སྐྲ་འཕྱར་བར་གྱུར་པའི་
དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་གཞི་གང་ལས་སྨ་དབབ་པའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་
བའི་སླད་དུ་བདག་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བའི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་
ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་། གཞི་གང་ལས་སྨ་དབབ་པའི་ཕྲིན་ལས་མཛད་པའི་གཞི་དེ་སླར་ལྡོག་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་
མཛོད་ཅིག་དང་། དགེ་འདུན་གྱིས་ཚེ་དང་ལྡན་པ་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་
เล่ม ๑๕๙ · หน้า 242b
དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་། གཞི་གང་ལས་སྨ་དབབ་པའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་སྟེ། དེའི་སླད་དུ་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་
བ་ལ་བཟོད་པ་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་
བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་འཆར་ཀ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་བ་ལ་བཟོད་པ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་
ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་བྱེད་བཅབས་པས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ཏེ།
དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་བས་ཞག་འདི་སྙེད་ཅིག་ནི་བགྱིས་ལགས། བགྱི་བ་ནི་ཞག་འདི་སྙེད་ཅིག་མཆིས་ཏེ། དགེ་འདུན་བཙུན་པ་རྣམས་
ཀྱིས་བདག་སྤོ་བ་བགྱིད་པར་གཟུང་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་
དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་བས་ཞག་འདི་
เล่ม ๑๕๙ · หน้า 243a
སྙེད་ཅིག་ནི་བགྱིས་ལགས། བགྱི་བ་ནི་ཞག་འདི་སྙེད་ཅིག་མཆིས་ལགས་ཏེ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་མགུ་བར་བགྱི་བ་སྤྱོད་པར་གཟུང་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་
སློང་མིང་འདི་ཞེས་བགྱི་བ་སྤོ་བ་བགྱིད་པས་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འབྲུ་བར་བགྱིད་པ། འཐབ་མོ་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ་དག་མཆིས་ཞེས་ཐོས་ཏེ། དེ་དག་གིས་བདག་ལ་གཞི་འདིས་གླེང་བར་འགྱུར། དྲན་པར་བགྱིད་པར་འགྱུར་
བས་བདག་གིས་ཚེ་དང་ལྡན་པ་དག་གི་མདུན་དུ་སྤོ་བ་སླར་གཏང་བར་བགྱིའོ། །ཕྱིར་རྒོལ་བ་མི་མཛའ་བ་དེ་དག་སླར་མཆི་ནས་ཡང་སྤོ་བ་བླང་བར་བགྱིའོ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རང་བཞིན་དུ་གནས་པར་གཟུང་དུ་གསོལ། ལན་གསུམ་དུ་བཟླས། ཚེ་དང་ལྡན་པ་
དགོངས་སུ་གསོལ། བདག་དགེ་སློང་སྤོ་བ་བགྱིད་པའི་དགྲ་བོ་དགེ་སློང་མཆིས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་སྤོ་བ་སྤྱོད་པ་བག་ཡངས་སུ་བགྱིད་ཅིང་སླར་ཡང་ལེན་པར་བགྱིད་དོ། །ཡང་བླངས་ཏེ་སྤྱོད་པར་བགྱིད་ན་ཚེ་དང་ལྡན་པ་བདག་ངོ་ཚ་བ་མ་མཆིས་པར་མི་གཟུང་
དུ་གསོལ། ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མགུ་བར་བགྱིད་པས། དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འབྲུ་བར་བགྱིད་པ། འཐབ་མོ་བགྱིད་པ། འགྱེད་པར་
བགྱིད་པ། རྩོད་པར་བགྱིད་པ་དག་མཆིས་ཞེས་ཐོས་ཏེ། དེ་དག་གིས་བདག་ལ་གཞི་འདིས་གླེང་བར་འགྱུར། དྲན་པར་བགྱིད་པར་འགྱུར་བས་བདག་གིས་ཚེ་དང་ལྡན་པ་དག་གི་མདུན་དུ་མགུ་བར་བགྱི་བ་སླར་གཏད་པར་བགྱིའོ། །ཕྱིར་རྒོལ་བ་མི་མཛའ་བ་དེ་དག་སླར་
མཆིས་ན་ཡང་མགུ་བར་བགྱི་བ་བླང་བར་བགྱིའོ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རང་བཞིན་དུ་གནས་པར་གཟུང་དུ་གསོལ། ལན་གསུམ་དུ་བཟླས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མགུ་བར་བགྱི་བའི་དགྲ་བོ་དགེ་སློང་མཆིས་ཏེ། བདག་དགེ་
เล่ม ๑๕๙ · หน้า 243b
སློང་མིང་འདི་ཞེས་བགྱི་བ་མགུ་བའི་སྤྱོད་པ་བག་ཡངས་སུ་བགྱིད་ཅིང་སླར་ཡང་ལེན་པར་བགྱིད་དོ། །ཡང་བླངས་ཏེ་སྤྱོད་པར་བགྱིད་ན་ཚེ་དང་ལྡན་པས་བདག་ངོ་ཚ་བ་མ་མཆིས་པར་མི་གཟུང་དུ་གསོལ། ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ། །དགེ་འདུན་བཙུན་པ་
རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་སྤོ་བ་བགྱིད་པས་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འབྲུ་བར་བགྱིད་པ། འཐབ་མོ་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ་དག་མཆི་ཞེས་ཐོས་ཏེ། དེ་དག་གིས་བདག་ལ་གཞི་འདིས་གླེང་བར་འགྱུར།
དྲན་པར་བགྱིད་པར་འགྱུར་བས་བདག་གིས་དེ་སྐད་ཐོས་ན་དགེ་སློང་རྣམས་ཀྱི་མདུན་དུ་སྤོ་བ་སླར་གཏང་བ་ཕྱིར་རྒོལ་བ་མི་མཛའ་བ་དེ་དག་སླར་མཆིས་ལགས་པས་བདག་སྤོ་བ་ཡང་སླར་ལེན་ཏོ། །སྤོ་བ་ཞག་མ་འཁོར་བ་རྣམས་བགྱིའོ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་སྤོ་
བ་བགྱིད་པར་གཟུང་དུ་གསོལ། ལན་གསུམ་དུ་བཟླས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་སྤོ་བ་བགྱིད་པའི་དགྲ་བོ་དགེ་སློང་མཆིས་ཏེ། བདག་མིང་འདི་ཞེས་བགྱི་བས་སྤོ་བའི་སྤྱོད་པ་བག་ཡངས་སུ་བགྱིས་པ་དགྲ་བོ་དགེ་སློང་དེ་དག་སླར་མཆིས་
ལགས་པས་བདག་སྤོ་བ་ཡང་སླར་ལེན་ཏོ། །སྤོ་བ་ཞག་མ་འཁོར་བ་རྣམས་བགྱིའོ། །ཚེ་དང་ལྡན་པས་བདག་སྤོ་བ་བགྱིད་པར་གཟུང་དུ་གསོལ། ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་
བགྱི་བ་མགུ་བར་བགྱིད་པས་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འབྲུ་བར་བགྱིད་པ། འཐབ་མོ་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ་དག་མཆི་ཞེས་ཐོས་ཏེ། དེ་དག་གིས་བདག་ལ་གཞི་འདིས་གླེང་བར་འགྱུར། དྲན་པར་བགྱིད་པར་འགྱུར་བས། བདག་
གིས་དེ་སྐད་ཐོས་ནས་དགེ་སློང་རྣམས་ཀྱི་མདུན་དུ་མགུ་བར་བགྱི་བ་སླར་བཏང་བ་ཕྱིར་རྒོལ་བ་མི་མཛའ་བ་དེ་དག་སླར་མཆིས་ལགས་པས་བདག་མགུ་བར་བགྱི་བ་ཡང་སླར་ལེན་ཏོ། །མགུ་བར་བགྱི་བ་ཞག་མ་འཁོར་བ་རྣམས་བགྱིའོ། །དགེ་འདུན་བཙུན་པ་རྣམས་ཀྱིས་བདག་མགུ་
เล่ม ๑๕๙ · หน้า 244a
བར་བགྱིད་པར་གཟུང་དུ་གསོལ། ལན་གསུམ་དུ་བཟླས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མགུ་བ་བགྱི་བའི་དགྲ་བོ་དགེ་སློང་མཆིས་ཏེ། བདག་མིང་འདི་ཞེས་བགྱི་བས་མགུ་བའི་སྤྱོད་པ་བག་ཡངས་སུ་བགྱིས་པ་དགྲ་བོ་
དགེ་སློང་དེ་དག་སླར་མཆིས་ལགས་པས་བདག་མགུ་བར་བགྱི་བ་ཡང་སླར་ལེན་ཏོ། །མགུ་བར་བགྱི་བ་ཞག་མ་འཁོར་བ་རྣམས་བགྱིའོ། །ཚེ་དང་ལྡན་པས་བདག་མགུ་བར་བགྱིད་པར་གཟུང་དུ་གསོལ། ལན་གསུམ་དུ་བཟླས། ཐབས་ཡིན་ནོ། །ལེགས་སོ། །ས་གཞན་
ན་གནས་པའི་སྤྱོད་པའི་གཞིའོ།། །།དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ནི་གླེངས་ཤིང་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱི་བ་ཉིད་དུ་རྣམ་པར་གཞག་ཅིང་མི་
གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་པར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་
རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་གླེངས་ཤིང་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱི་བ་ཉིད་དུ་རྣམ་པར་གཞག་ཅིང་མི་གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་དེ། དེའི་སླད་དུ་དགེ་
འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་པར་བགྱི་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་
སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་གཞག་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།
เล่ม ๑๕๙ · หน้า 244b
དགེ་སློང་མིང་འདི་ཞེས་བགྱི་བ་འདི་གླེངས་ཤིང་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་སློང་རྣམས་ཀྱིས་སྨྲ་བར་མི་བགྱི་བ་ཉིད་དུ་རྣམ་པར་གཞག་ཅིང་མི་གདམས་པར་བགྱིས་ཀྱང་སྐབས་མི་འབྱེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་
བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་གཞག་པར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་གླེངས་ཤིང་དྲན་པར་བགྱིས་ཀྱང་སྐབས་འབྱེད་དུ་མི་བཏུབ་སྟེ། འདི་དགེ་
སློང་རྣམས་ཀྱིས་སྨྲ་བར་མི་འགྱུར་བ་ཉིད་དུ་རྣམ་པར་གཞག་ཅིང་མི་གནས་པར་བགྱིས་ཀྱང་སྐབས་མི་འབྱེད་དོ། །དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་གཞག་པར་བགྱི་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་གཞག་པར་
བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་གཞག་ལགས་
ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཡོངས་སུ་སྦྱང་བའི་གཞིའོ།། །།ལས་བྱེ་བ་དང་། དགེ་འདུན་བྱེ་བའི་གཞིའི་སྡོམ་ལ། བཟོད་པ་གསོལ་དང་མཐུན་པ་དང་། །གསོ་སྦྱོང་གསོལ་བ་ལེན་འཇུག་པའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།
བདག་ཀཽ་ཤཱམྦཱི་པའི་དགེ་སློང་ནང་པར་སྔ་ཞིག་ཏུ་མདོ་སྡེ་དང་འདུལ་བ་དང་མ་མོའི་ལུང་ལ་རྣམ་པར་རྟོག་རྟོག་ན་འདི་སྙམ་དུ་བགྱིད་དེ། གང་ལས་བདག་ཅག་ལས་འཐབ་པ་དང་། མཚང་འབྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བའི་གཞི་ནི་འདི་ལྟ་སྟེ། ལྟུང་བ་བྱུང་ངམ་མ་བྱུང་བ་དང་།
གནས་ནས་ཕྱུང་ངམ་མ་ཕྱུང་བ་ལགས་ན། བདག་ཅག་ལ་ལྟུང་བ་བྱུང་གི་ལྟུང་བ་མ་བྱུང་བ་མ་ལགས། གནས་ནས་ཕྱུང་བ་ལགས་ཀྱི་གནས་ནས་མ་ཕྱུང་བ་མ་ལགས་ཏེ། གང་གནས་ནས་ཕྱུང་བ་ནི་ཆོས་དང་མཐུན་པའི་ཕྲིན་ལས་མ་འཁྲུགས་པར་གཞག་པར་མི་འོས་པ་བགྱིས་སོ་སྙམ་
เล่ม ๑๕๙ · หน้า 245a
བགྱིས་ནས། བདག་གྲོང་ཁྱེར་ཡངས་པ་ཅན་གྱི་དགེ་སློང་དང་སྡུམས་བགྱི་ཞིང་མཐུན་པར་བགྱིའོ་སྙམ་སྟེ། བདག་ཀཽ་ཤཱམྦཱི་པའི་དགེ་སློང་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད་ན། འབྱུང་བར་བསྐྱོད་པ་མཚུངས་པར་ཉེ་བར་
སྟོན་ལ་མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་གཞི་གང་ལས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་པར་བགྱིད་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་གནས་ནས་དབྱུང་བའི་ཕྲིན་ལས་མཛད་
ལགས་པ་ལ་བཟོད་པ་མཛད་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཀཽ་ཤཱམྦཱི་པའི་དགེ་སློང་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་
བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་གཞི་གང་ལས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་པའི་གཞི་དེ་ལས་སླར་ལྡོག་པར་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་
དང་། དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་གནས་ནས་དབྱུང་བའི་ཕྲིན་ལས་མཛད་པའི་གཞི་དེ་དག་ལས་སླར་ལྡོག་པར་བགྱིད། དེའི་སླད་དུ་དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་ན། ཚེ་དང་ལྡན་པ་གང་
དག་ཀཽ་ཤཱམྦཱི་པའི་དགེ་སློང་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཀཽ་ཤཱམྦཱི་པའི་དགེ་སློང་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་འདི་སྐྲ་འགྲེང་བར་གྱུར། སྐྲ་འཕྱར་
བར་གྱུར་ཅིང་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན་ལ། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ཞིང་གཞི་གང་ལས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །
เล่ม ๑๕๙ · หน้า 245b
གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པ་ལ་བཟོད་པ་མཛད་ལགས་ཏེ།
འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་ཀཽ་ཤཱམྦཱི་པའི་དགེ་སློང་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་བདག་དགེ་འདུན་གྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་ནས་དགེ་འདུན་གྱིས་བདག་ལ་བཟོད་
པ་མཛད་ལགས་ཏེ། བདག་ཀཽ་ཤཱམྦཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་མཐུན་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ཀཽ་ཤཱམྦཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་
བཅས་པ་ལ་མཐུན་པ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཀཽ་ཤཱམྦཱི་པའི་དགེ་སློང་འདི་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་བཟོད་པ་གསོལ་ནས། དགེ་འདུན་
གྱིས་འདི་ལ་བཟོད་པ་མཛད་ལགས་ཏེ། ཀཽ་ཤཱམྦཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་འདི་མཐུན་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་བཟོད་
པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་འདི་ལ་མཐུན་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཀཽ་ཤཱམྦཱི་པའི་དགེ་སློང་འདི་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་
བཟོད་པ་གསོལ་ནས། དགེ་འདུན་གྱིས་འདི་ལ་བཟོད་པ་མཛད་ལགས་ཏེ། ཀཽ་ཤཱམྦཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་འདི་མཐུན་པ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་
เล่ม ๑๕๙ · หน้า 246a
པ་འདི་ལ་མཐུན་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་ཀཽ་ཤཱམྦཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་འདི་ལ་མཐུན་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་
དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་ལ་མཐུན་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་
འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་ཀཽ་ཤཱམྦཱི་པའི་དགེ་སློང་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་བདག་དགེ་འདུན་གྱི་གན་དུ་མཆིས་ཏེ་བཟོད་པ་གསོལ་ནས། དགེ་འདུན་གྱིས་བདག་ལ་བཟོད་པའི་ཕྲིན་ལས་མཛད་ལགས་ཏེ། བདག་བཟོད་
པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་དགེ་འདུན་གྱི་གན་དུ་མཆིས་ནས་མཐུན་པ་གསོལ་ཏེ། དགེ་འདུན་གྱིས་བདག་འཁོར་དང་བཅས་པ་ལ་མཐུན་པ་སྩལ་ལགས་པས། བདག་ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་བ་ལ་མཐུན་པའི་གསོ་སྦྱོང་
གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་ལ་མཐུན་པ་སྩལ་བ་ལ་མཐུན་པའི་གསོ་སྦྱོང་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།
ཀཽ་ཤཱམྦཱི་པའི་དགེ་སློང་འདི་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས། འདི་དགེ་འདུན་གྱི་གན་དུ་མཆིས་ཏེ་བཟོད་པ་གསོལ་ནས། དགེ་འདུན་གྱིས་འདི་ལ་བཟོད་པའི་ཕྲིན་ལས་མཛད་ལགས་ཏེ། བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་
པ་འདི། དགེ་འདུན་གྱི་གན་དུ་མཆིས་ནས་མཐུན་པ་གསོལ་ཏེ། དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་འདི་ལ་མཐུན་པ་སྩལ་ལགས་པས། ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་བ་འདི་མཐུན་པའི་གསོ་སྦྱོང་གསོལ་ན། གལ་ཏེ་དགེ་འདུན་
เล่ม ๑๕๙ · หน้า 246b
གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་བ་ལ་མཐུན་པའི་གསོ་སྦྱོང་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཀཽ་ཤཱམྦཱི་པའི་དགེ་སློང་
འདི་ལ་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་ལགས་པས་འདི་དགེ་འདུན་གྱི་གན་དུ་མཆིས་ཏེ། བཟོད་པ་གསོལ་ནས། དགེ་འདུན་གྱིས་འདི་ལ་བཟོད་པའི་ཕྲིན་ལས་མཛད་ལགས་ཏེ། བཟོད་པའི་ཕྲིན་ལས་མཛད་ལགས་པ་འཁོར་དང་བཅས་པ་འདི་དགེ་འདུན་གྱི་གན་
དུ་མཆིས་ནས་མཐུན་པ་གསོལ་ཏེ། དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་འདི་ལ་མཐུན་པ་སྩལ་ལགས་པས། ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་བ་འདི་མཐུན་པའི་གསོ་སྦྱོང་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་
འཁོར་དང་བཅས་པ་མཐུན་པ་སྩལ་བ་ལ་མཐུན་པའི་གསོ་སྦྱོང་གསོལ་ན། ཚེ་དང་ལྡན་པ་གང་དག་ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་མཐུན་པ་སྩལ་བ་ལ་མཐུན་པའི་གསོ་སྦྱོང་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་
ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་ཀཽ་ཤཱམྦཱི་པའི་དགེ་སློང་འཁོར་དང་བཅས་པ་ལ་མཐུན་པ་སྩལ་བ་ལ་མཐུན་པའི་གསོ་སྦྱོང་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་
འཛིན་ཏོ། །ལས་བྱེ་བའི་གཞིའོ།། །།ཚེ་དང་ལྡན་པ་གང་དག་དགེ་སྦྱོང་གཽ་ཏ་མ་ནི་ཤ་ཟ་སྟེ། བདག་ཅག་གིས་ཤ་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་སྲོག་ཆགས་གསོད་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་འོ་མ་འཐུངས་ཏེ། བདག་ཅག་གིས་བཏུང་བར་མི་
བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བེའུ་ལ་གནོད་པའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་ལན་ཚྭ་ཟ་སྟེ། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁུ་བ་ལས་གྱུར་པའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་གོས་དྲས་པ་གྱོན་ཏེ། བདག་ཅག་གིས་བསྒོ་བར་མི་བྱའོ། །
เล่ม ๑๕๙ · หน้า 247a
དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་དགོན་པ་ན་གནས་པར་བྱེད་དེ། བདག་ཅག་ནི་གྲོང་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་ཡོངས་སུ་མ་སྤྱད་
པར་འགྱུར་བའི་ཕྱིར་རོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་ལས་གང་བརྟུལ་ཞུགས་ཀྱི་གནས་ལྔ་པོ་འདི་དག་གིས་དག་པ་དང་གྲོལ་བ་དང་། ངེས་པར་འབྱུང་བར་འདོད་པ་དང་། བཟོད་པ་དང་། ལེགས་པར་འཛིན་པ་དེས་དགེ་སྦྱོང་གཽ་ཏ་མ་ལས་རིང་དུ་གྱིས་ཤིག །སོ་སོར་གྱིས་ཤིག །
ཐ་དད་དུ་གྱིས་ཤིག །རྒྱང་སྲིངས་ཤིག །ཐག་སྲིངས་ཤིག །ལོགས་ཤིག་ཏུ་འདུག་ཅིག །ཚེ་དང་ལྡན་པ་དག་དགེ་སྦྱོང་གཽ་ཏ་མ་ནི་ཤ་ཟ་སྟེ། བདག་ཅག་གིས་ཤ་ཟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་སྲོག་ཆགས་གསོད་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་
ནི་འོ་མ་འཐུངས་ཏེ། བདག་ཅག་གིས་བཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བེའུ་ལ་གནོད་པའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་ལན་ཚྭ་ཟ་སྟེ། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁུ་བ་ལས་གྱུར་པའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་གོས་དྲས་པ་གྱོན་
ཏེ། བདག་ཅག་གིས་བགོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་དགོན་པ་ན་གནས་པར་བྱེད་དེ། བདག་ཅག་ནི་གྲོང་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་
ཡོངས་སུ་མ་སྤྱད་པར་འགྱུར་བའི་ཕྱིར་རོ། །ཚེ་དང་ལྡན་པ་གང་དག་ཁྱེད་ཅག་ལས་གང་བརྟུལ་ཞུགས་ཀྱི་གནས་ལྔ་པོ་འདི་དག་གིས་དག་པ་དང་། གྲོལ་བ་དང་། ངེས་པར་འབྱུང་བར་འདོད་པ་དང་། བཟོད་པ་དང་། ལེགས་པར་འཛིན་པ་དེས་ཚུལ་ཤིང་ལོང་ཤིག །འཁོར་ལོ་བྱེ་བའི་
གཞིའོ།། །།རྩོད་པའི་གཞིའི་སྡོམ་ལ། གཟུ་དང་གསལ་དང་སྦེད་པ་དང་། །དགེ་འདུན་བསྙེན་གསུམ་གནས་བརྟན་དང་། །འདྲིམ་དང་དྲན་དང་མ་སྨྱོས་དང་། །ཁྱེད་དང་དེ་དག་བདག་འདུན་བཤགས། །མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་རྩོད་པ་བྱུང་བ་བྱུང་བ་རྣམས་མངོན་
เล่ม ๑๕๙ · หน้า 247b
སུམ་གྱིས་འདུལ་བས་རྣམ་པར་ཞི་བར་བྱེད་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཟུ་བོ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་བྱུང་བ་རྣམས་མངོན་སུམ་གྱིས་འདུལ་བས་རྣམ་པར་ཞི་བར་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་
བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གཟུ་བོ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་བར་བགྱི་སྟེ། གཟུ་བོ་མིང་འདི་ཞེས་བགྱི་བ་འདིས་དགེ་འདུན་ལ་རྩོད་པ་བྱུང་བ་བྱུང་བ་རྣམས་མངོན་གསུམ་གྱིས་འདུལ་བས་རྩོད་པ་རྣམ་པར་ཞི་བར་
བགྱིད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཟུ་བོ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་བྱུང་བ་རྣམས་རྣམ་པར་ཞི་བར་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་ན།
ཚེ་དང་ལྡན་པ་གང་དག་གཟུ་བོ་མིང་འདི་ཞེས་བགྱི་བ་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གཟུ་བོ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་
བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བྱེད་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་
རྩོད་པ་བྱུང་བ་རྣམ་པར་ཞི་བར་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་གསལ་བར་བསྐོས་ཏེ། གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་
བྱེད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་ན། ཚེ་དང་
เล่ม ๑๕๙ · หน้า 248a
ལྡན་པ་གང་དག་གསལ་བ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་གསལ་བ་མིང་འདི་ཞེས་བགྱི་བ་འདི་
རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བྱེད་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གསལ་བའི་ཡང་གསལ་བ་མིང་
འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་གསལ་བའི་ཡང་གསལ་བར་བསྐོ་བར་བགྱི་སྟེ། གསལ་བའི་ཡང་
གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བགྱིད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གསལ་བའི་ཡང་གསལ་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་རྩོད་པ་བྱུང་བ་རྣམ་པར་ཞི་བར་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་
དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་གསལ་བའི་ཡང་གསལ་བ་མིང་འདི་ཞེས་བགྱི་བ་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །
དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་གསལ་བའི་ཡང་གསལ་བ་མིང་འདི་ཞེས་བགྱི་བ་འདི་རྩོད་པ་རྣམ་པར་ཞི་བར་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོའམ། སྤྲོའོ། །
དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བྱ་བ་འདི་དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་རྩོད་པ་སྦེད་པར་བསྐོ་བར་བགྱི་སྟེ། རྩོད་
เล่ม ๑๕๙ · หน้า 248b
པ་སྦེད་པ་མིང་འདི་ཞེས་བྱ་བ་འདི་དགེ་འདུན་གྱི་རྩོད་པ་སྦེད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་རྩོད་པ་སྦེད་པར་བསྐོ་ན། ཚེ་དང་
ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་འདི་རྩོད་པ་སྦེད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་རྩོད་པ་སྦེད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་
གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྩོད་པ་འདི་གནས་ཆེ་གེ་མོ་ཞེས་བགྱི་བར་གང་ཟག་ཆེ་གེ་མོ་ཞེས་བགྱི་བ་དང་། མང་གེ་མོ་ཞེས་བགྱི་བ་ལས་གཞི་འདིའི་སླད་དུ་བྱུང་ནས་ཡུན་འདི་སྲིད་ཅིག་ལགས་ཏེ། རྩོད་པ་འདི་གཟུ་བོ་རྣམས་ལ་ཕུལ་
ན་གཟུ་བོ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དེ་དག་གིས་དགེ་འདུན་ལ་ཕུལ་ནས་དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་
ཐོག་སྟེ། དེ་དག་གིས་དགེ་སློང་གསལ་བའི་ཡང་གསལ་བ་དག་བསྐོས་ན་དགེ་སློང་གསལ་བའི་ཡང་གསལ་བ་དེ་དག་གིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དེ་དག་གིས་གསལ་བ་རྣམས་ལ་ཕུལ་བ་ལས། གསལ་བ་རྣམས་ཀྱིས་དགེ་འདུན་ལ་ཕུལ་ནས་དགེ་འདུན་གྱིས་
བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ཏེ། བདག་རྩོད་པ་སྦེད་པ་དགེ་སློང་མིང་འདི་ཞེས་བགྱི་བས་རྩོད་པ་འདི། གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་དབུལ་ལོ། །དགེ་འདུན་བཙུན་པ་རྣམས་ཀྱིས་རྩོད་པ་འདི་ཟླ་བ་གསུམ་གྱི་མཐའི་
ཚུན་ཆད་ཀྱིས་རྣམ་པར་ཞི་བར་མཛད་དུ་གསོལ། ཚེ་དང་ལྡན་པ་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དག་གསན་དུ་གསོལ། རྩོད་པ་འདི་གནས་ཆེ་གེ་མོ་ཞེས་བགྱི་བར། གང་ཟག་ག་གེ་མོ་དང་། མང་གེ་མོ་ཞེས་བགྱི་བ་ལས་གཞི་འདིའི་སླད་དུ་རྩོད་པ་བྱུང་ནས་ཡུན་
เล่ม ๑๕๙ · หน้า 249a
འདི་སྲིད་གཅིག་ལགས་ཏེ། རྩོད་པ་འདི་གཟུ་བོ་རྣམས་ལ་ཕུལ་ན། གཟུ་བོ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དེ་དག་གིས་དགེ་འདུན་ལ་ཕུལ་ན་དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོས་ན།
དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དགེ་འདུན་གྱིས་དགེ་སློང་གསལ་བའི་ཡང་གསལ་བ་དག་བསྐོས་ན་དགེ་སློང་གསལ་བའི་ཡང་གསལ་བ་དེ་དག་གིས་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དེ་དག་གིས་གསལ་བ་རྣམས་ལ་ཕུལ་བ་ལས་གསལ་བ་རྣམས་
ཀྱིས་དགེ་འདུན་ལ་ཕུལ་ནས་དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ཏེ། བདག་རྩོད་པ་སྦེད་པ་དགེ་སློང་མིང་འདི་ཞེས་བགྱི་བས་རྩོད་པ་འདི། གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་ཟླ་བ་གསུམ་གྱི་མཐའ་ཚུན་ཆད་དུ་ཕུལ་ན།
གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དེས་ཀྱང་བདག་རྩོད་པ་སྦེད་པ་དགེ་སློང་མིང་འདི་ཞེས་བགྱི་བ་ལ་སྩལ་ནས། བདག་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་
དང་། མ་མོ་འཛིན་པ་རྣམས་ལ་དབུལ་ལོ། །མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ཀྱིས་རྩོད་པ་འདི་ཟླ་བ་དྲུག་གི་མཐའ་ཚུན་ཆད་ཀྱིས་རྣམ་པར་ཞི་བར་མཛད་དུ་གསོལ། གནས་བརྟན་གསན་དུ་གསོལ། རྩོད་པ་འདི་གནས་ཆེ་གེ་མོ་ཞེས་བགྱི་བར། གང་ཟག་ག་
གེ་མོ་ཞེས་བགྱི་བ་དང་། མང་གེ་མོ་ཞེས་བགྱི་བ་ལས་གཞི་འདིའི་སླད་དུ་བྱུང་ནས་ཡུན་འདི་སྲིད་ཅིག་ལགས་ཏེ། རྩོད་པ་འདི་གཟུ་བོ་རྣམས་ལ་ཕུལ་ན་གཟུ་བོ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དེ་དག་གིས་དགེ་འདུན་ལ་ཕུལ་ནས་དགེ་འདུན་གྱིས་ཀྱང་རྣམ་པར་ཞི་བར་
བགྱིད་རྔོ་མ་ཐོག་སྟེ། དགེ་འདུན་གྱིས་དགེ་སློང་གསལ་བ་དག་བསྐོས་ན། དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དེ་དག་གིས་དགེ་སློང་གསལ་བའི་ཡང་གསལ་བ་བསྐོས་ན། དགེ་སློང་གསལ་བའི་ཡང་གསལ་བ་དེ་དག་གིས་ཀྱང་རྣམ་པར་ཞི་བར་
เล่ม ๑๕๙ · หน้า 249b
བགྱིད་རྔོ་མ་ཐོག་སྟེ། དེ་དག་གིས་གསལ་བ་རྣམས་ལ་ཕུལ་བ་ལས། གསལ་བ་རྣམས་ཀྱིས་དགེ་འདུན་ལ་ཕུལ་ནས། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ཏེ། བདག་རྩོད་པ་སྦེད་པ་དགེ་སློང་མིང་འདི་ཞེས་བགྱི་བས་རྩོད་པ་འདི། གནས་བརྟན་
དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་ཟླ་བ་གསུམ་གྱི་མཐའ་ཚུན་ཆད་དུ་ཕུལ་ན། དེས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོག་སྟེ། དེས་བདག་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བ་ལ་སྩལ་ནས། བདག་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི། མདོ་སྡེ་འཛིན་པ་
དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་ཟླ་བ་དྲུག་གི་མཐའ་ཚུན་ཆད་དུ་ཕུལ་ན་དེ་དག་གིས་ཀྱང་རྣམ་པར་ཞི་བར་བགྱིད་རྔོ་མ་ཐོག་ནས། དེ་དག་གིས་བདག་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བ་ལ་སྩལ་ཏེ། བདག་རྩོད་པ་སྦེད་པ་དགེ་སློང་མིང་འདི་ཞེས་བགྱི་བས་རྩོད་པ་འདི་
གནས་བརྟན་ལ་འབུལ་ལོ། །གནས་བརྟན་གྱིས་རྩོད་པ་འདི་ཐུག་པ་མ་མཆིས་པ་ཚུན་ཆད་ཀྱིས་རྣམ་པར་ཞི་བར་མཛད་དུ་གསོལ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་ཚུལ་ཤིང་འབྲིམ་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་
བ་འདི་དགེ་འདུན་ལ་ཚུལ་ཤིང་འབྲིམ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཚུལ་ཤིང་འབྲིམ་པར་བསྐོ་བར་བགྱི་སྟེ། དགེ་སློང་ཚུལ་ཤིང་འབྲིམ་པ་མིང་འདི་ཞེས་བགྱི་བ་
ཚུལ་ཤིང་འབྲིམ་མོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་ཚུལ་ཤིང་འབྲིམ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཚུལ་ཤིང་འབྲིམ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་
དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཚུལ་ཤིང་འབྲིམ་པར་བསྐོ་བར་མཛད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཚུལ་ཤིང་འབྲིམ་པར་བསྐོས་ལགས་ཏེ།
เล่ม ๑๕๙ · หน้า 250a
འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་གྱད་བུ་ནོར་ལ་དགེ་སློང་མ་མཛའ་མོས་ཡང་དག་པ་མ་ལགས་པ་གསོབ་གསོག་བརྫུན་གྱིས་སྐུར་ཏེ། བདག་ལ་དགེ་སློང་དག་གིས་གཞི་འདིས་
གླེང་བས་བདག་དགེ་སློང་གྱད་བུ་ནོར་དགེ་འདུན་ལས་དྲན་པས་འདུལ་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་གྱད་བུ་ནོར་ལ་དྲན་པས་འདུལ་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་
གསན་དུ་གསོལ། དགེ་སློང་གྱད་བུ་ནོར་འདི་ལ་དགེ་སློང་མ་མཛའ་མོས་ཡང་དག་པ་མ་ལགས་པ་གསོབ་གསོག་བརྫུན་གྱིས་སྐུར་ཏེ། འདི་ལ་དགེ་འདུན་གྱིས་གཞི་དེས་གླེང་བས་དགེ་སློང་གྱད་བུ་ནོར་འདི་དགེ་འདུན་ལས་དྲན་པས་འདུལ་བ་གསོལ་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་
བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་གྱད་བུ་ནོར་འདི་ལ་དྲན་པས་འདུལ་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་གྱད་བུ་ནོར་འདི་ལ་དགེ་སློང་མ་མཛའ་མོས་ཡང་དག་པ་མ་ལགས་པ་གསོབ་
གསོག་བརྫུན་གྱིས་སྐུར་ཏེ། འདི་ལ་དགེ་སློང་དག་གིས་གཞི་དེས་གླེང་བས་དགེ་སློང་གྱད་བུ་ནོར་འདི་ལ་དགེ་འདུན་ལས་དྲན་པས་འདུལ་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱི་དགེ་སློང་གྱད་བུ་ནོར་འདི་ལ་དྲན་པས་འདུལ་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་གྱད་བུ་ནོར་འདི་
ལ་དྲན་པས་འདུལ་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་གྱད་བུ་ནོར་
ལ་དྲན་པས་འདུལ་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་བྱེ་མ་སྐྱེས་སྨྱོས་པ་སེམས་འཁྲུགས་པ་སྡུག་བསྔལ་གྱི་ཚོར་བས་གཟིར་བས་དགེ་སྦྱོང་གི་ཚུལ་མ་ལགས་པ། རྗེས་སུ་མཐུན་
เล่ม ๑๕๙ · หน้า 250b
པ་མ་ལགས་པ། རུང་བ་མ་ལགས་པ། ཚུལ་དང་མཐུན་པ་མ་ལགས་པ་མང་དུ་སྤྱོད་ཅིང་སྨྲས་ཏེ་སྩལ་ནས་མིག་འགྱུར། ཁ་ཆུ་ཟགས། བཞིན་བསྒྱུར། ས་ལ་འགྲེས་ལྡོགས། གཉིད་ཀྱིས་མ་ལོག་ཀྱང་གཉིད་ཀྱིས་ལོག་པ་ལྟར་བཅོས། མ་སྨྱོས་ཀྱང་སྨྱོས་པ་ལྟར་བཅོས། སྨྲ་བར་མ་བསམས་
ཀྱང་སྨྲས་ཏེ། བདག་གིས་དྲན་པ་རྙེད་ན་བདག་ལ་དགེ་སློང་རྣམས་ཀྱིས་གཞི་དེས་གླེང་བས་བདག་དགེ་སློང་བྱེ་མ་སྐྱེས་དགེ་འདུན་ལ་མ་སྨྱོས་པས་འདུལ་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་སློང་བྱེ་མ་སྐྱེས་ལ་མ་སྨྱོས་པས་འདུལ་བ་
སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་བྱེ་མ་སྐྱེས་སྨྱོས་པ་སེམས་འཁྲུགས་པ་སྡུག་བསྔལ་གྱི་ཚོར་བས་གཟིར་བ་འདིས་དགེ་སྦྱོང་གི་ཚུལ་མ་ལགས་པ། རྗེས་སུ་མཐུན་པ་མ་ལགས་པ། རུང་བ་མ་ལགས་པ། ཚུལ་དང་
མཐུན་པ་མ་ལགས་པ་མང་དུ་སྤྱད་ཅིང་སྨྲས་ཏེ་སྩལ་ནས་མིག་འགྱུར། ཁ་ཆུ་ཟགས། བཞིན་བསྒྱུར། ས་ལ་འགྲེས་ལྡོགས། གཉིད་ཀྱིས་མ་ལོག་ཀྱང་གཉིད་ཀྱིས་ལོག་པ་ལྟར་བཅོས། མ་སྨྱོས་ཀྱང་སྨྱོས་པ་ལྟར་བཅོས། སྨྲ་བར་མ་བསམས་ཀྱང་སྨྲས་ཏེ། འདིས་དྲན་པ་རྙེད་ན་འདི་ལ་དགེ་
སློང་རྣམས་ཀྱིས་གཞི་དེས་གླེང་བས་དགེ་སློང་བྱེ་མ་སྐྱེས་འདི་དགེ་འདུན་ལས་མ་སྨྱོས་པར་འདུལ་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་ལ་མ་སྨྱོས་པས་འདུལ་བ་སྩོལ་ཏོ། །འདི་ནི་གསོལ་
བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་བྱེ་མ་སྐྱེས་སྨྱོས་པ་སེམས་འཁྲུགས་པ། སྡུག་བསྔལ་གྱི་ཚོར་བས་གཟིར་བ་འདིས་དགེ་སྦྱོང་གི་ཚུལ་མ་ལགས་པ། རྗེས་སུ་མཐུན་པ་མ་ལགས་པ། རུང་བ་མ་ལགས་པ། ཚུལ་དང་མཐུན་པ་མ་ལགས་པ། མང་དུ་སྤྱད་ཅིང་
སྨྲས་ཏེ་སྩལ་ནས་མིག་འགྱུར། ཁ་ཆུ་ཟགས། བཞིན་བསྒྱུར། ས་ལ་འགྲེས་ལྡོགས། གཉིད་ཀྱིས་མ་ལོག་ཀྱང་གཉིད་ཀྱིས་ལོག་པ་ལྟར་བཅོས། མ་སྨྱོས་ཀྱང་སྨྱོས་པ་ལྟར་བཅོས། སྨྲ་བར་མ་བསམས་ཀྱང་སྨྲས་ཏེ། འདིས་དྲན་པ་རྙེད་ན་འདི་ལ་དགེ་སློང་རྣམས་ཀྱིས་གཞི་དེས་གླེང་བས་དགེ་
เล่ม ๑๕๙ · หน้า 251a
སློང་བྱེ་མ་སྐྱེས་འདི་དགེ་འདུན་ལས་མ་སྨྱོས་པས་འདུལ་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་ལ་མ་སྨྱོས་པས་འདུལ་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་བྱེ་མ་སྐྱེས་ལ་མ་སྨྱོས་པས། འདུལ་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །
གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་ལ་མ་སྨྱོས་པས་འདུལ་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་
ཏོ། །ཚེ་དང་ལྡན་པ་གང་དག་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར། མཚང་འབྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་ཏེ། ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ནི་བདག་ཅག་གིས་མ་རྙེད་དེ། རྙེད་པ་
མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པར་རྙེད་པ་ནི་མ་ཡིན་ནོ། །ཁ་ན་མ་ཐོ་བ་སྦོམ་པོ་དང་ཁྱིམ་ན་གནས་པ་ལ་སྟོན་པ་མ་གཏོགས་པར་གཞི་འདི་ལས་ཁྱོད་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང་། བདག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་གང་དག་གི་མདུན་དུ་མཐོལ་བ་དང་།
འཆགས་པ་དང་། མི་འཆབ་པར་བདག་སྤྲོའོ། །ཚེ་དང་ལྡན་པ་དག་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར། མཚང་འབྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་ཏེ། ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་
ནི་བདག་ཅག་གིས་མ་རྙེད་དེ། རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་མ་རྙེད་དེ། ཁ་ན་མ་ཐོ་བ་སྦོམ་པོ་དང་། ཁྱིམ་ན་གནས་པ་ལ་སྟོན་པ་མ་གཏོགས་པར་གཞི་འདི་ལས་ཁྱེད་ཅག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང་། བདག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་
མདུན་དུ་བདག་མཐོལ་ལོ། །བཤགས་སོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ལན་གསུམ་དུ་བཟླས། ལྟུང་བ་མཐོང་ངམ། མཐོང་ངོ་། །ཕྱིན་ཅད་སྡོམ་མམ། སྡོམ་མོ། །ལན་གསུམ་དུ་བཟླས།
เล่ม ๑๕๙ · หน้า 251b
རྩོད་པའི་གཞིའོ།། །།གནས་མལ་གྱི་གཞི་དང་ཉེ་བའི་གཞིའི་སྡོམ་ལ། གནས་ཁང་ཟས་ལ་བསྐོ་བ་གཉིས། །ཐུག་པ་བག་ཆོས་འབྲིམ་པ་གཉིས། །ཕྲན་ཚེགས་འབྲིམ་པར་བྱེད་པ་གཉིས། །སྣོད་སྤྱད་འབྲུབ་དང་གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྤེད་དང་འགྱེད། །མངག་གཞུག་པ་དང་
མཛེས་ཆོས་ཏེ། །གང་ཟག་བཅུ་དང་གཉིས་པོ་དག །སྟོན་པས་ཡང་དག་བཤད་པ་ཡིན། །ལག་གི་བླ་དང་ལག་དཔོན་དང་། །འཁར་བ་དང་ནི་དྲ་བའོ། །མིང་འདི་ཞེས་བགྱི་བ་ཁྱོད་དགེ་སློང་ལྷགས་པ་ལྷགས་པ་རྣམས་ལ་གནས་ཁང་བསྐོ་བར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་
གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་ལྷགས་པ་ལྷགས་པ་རྣམས་ལ་གནས་ཁང་བསྐོ་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་ཁང་བསྐོ་བར་སྤྲོ་བར་བགྱི་སྟེ།
དགེ་སློང་མིང་ཞེས་བགྱི་བ་འདི་དགེ་སློང་ལྷགས་པ་ལྷགས་པ་རྣམས་ལ་གནས་ཁང་བསྐོའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་ལྷགས་པ་ལྷགས་པ་རྣམས་ལ་གནས་ཁང་བསྐོ་བར་སྤྲོ་སྟེ། དགེ་སློང་མིང་འདི་
ཞེས་བགྱི་བ་འདི་གནས་ཁང་བསྐོ་བར་སྤྲོ་ན་ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་གནས་ཁང་བསྐོ་བར་བསྐོ་བ་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་
ཞེས་བགྱི་བ་འདི་གནས་ཁང་བསྐོ་བར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་རྣམས་ལ་ཟས་ལ་བསྐོ་བར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་
ལ་བསྐོ་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་བསྐོའོ། །འདི་ནི་གསོལ་བའོ། །དགེ་འདུན་
เล่ม ๑๕๙ · หน้า 252a
བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་བསྐོ་བར་སྤྲོ་སྟེ་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་བསྐོ་བར་བསྐོས་ན་ཚེ་དང་ལྡན་པ་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་
ཟས་ལ་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་སློང་རྣམས་ལ་ཟས་ལ་བསྐོ་བར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་
འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱེད་དགེ་སློང་རྣམས་ལ་ཐུག་པ་འབྲིམ་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཐུག་པ་འབྲིམ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་
བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་རྣམས་ལ་ཐུག་པ་འབྲིམ་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཐུག་པ་འབྲིམ་མོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་
མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཐུག་པ་འབྲིམ་པར་སྤྲོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཐུག་པ་འབྲིམ་པར་བསྐོ་ན་ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཐུག་པ་འབྲིམ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་
གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཐུག་པ་འབྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་
དགེ་སློང་རྣམས་ལ་བག་ཆོས་འབྲིམ་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་བག་ཆོས་འབྲིམ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་
เล่ม ๑๕๙ · หน้า 252b
འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་བག་ཆོས་འབྲིམ་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་བག་ཆོས་འབྲིམ་མོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་
རྣམས་ལ་བག་ཆོས་འབྲིམ་པར་སྤྲོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་བག་ཆོས་འབྲིམ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་བག་ཆོས་འབྲིམ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་
བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་བག་ཆོས་འབྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་རྣམས་ལ་ཕྲན་ཚེགས་
འབྲིམ་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཕྲན་ཚེགས་འབྲིམ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་
འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཕྲན་ཚེགས་འབྲིམ་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཕྲན་ཚེགས་འབྲིམ་མོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་
ཕྲན་ཚེགས་འབྲིམ་པར་སྤྲོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཕྲན་ཚེགས་འབྲིམ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཕྲན་ཚེགས་འབྲིམ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་
དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཕྲན་ཚེགས་འབྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་སྣོད་སྤྱད་འདྲུབ་པར་
เล่ม ๑๕๙ · หน้า 253a
སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འདྲུབ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་
བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འདྲུབ་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་དུ་འདྲུབ་བོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འདྲུབ་པར་སྤྲོ་སྟེ། དགེ་སློང་མིང་
འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འདྲུབ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འདྲུབ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་
ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འདྲུབ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་
གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གྱི་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་
པ་སྦེད་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་སྤྲོ་སྟེ། དགེ་སློང་མིང་འདི་
ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་
เล่ม ๑๕๙ · หน้า 253b
བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་སྦེད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་འགེད་པར་སྤྲོའམ། སྤྲོའོ། །དགེ་འདུན་
བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་འགེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་
ཀྱི་རྙེད་པ་འགེད་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་འགེད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་འགེད་པར་སྤྲོ་སྟེ། དགེ་
སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་འགེད་པར་སྤྲོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་འགེད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །
དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་དགེ་འདུན་གྱི་གོས་ཀྱི་རྙེད་པ་འགེད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་པར་སྤྲོའམ།
སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་
དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་
เล่ม ๑๕๙ · หน้า 254a
ཆེན་སྦེད་པར་སྤྲོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་
ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་འགེད་པར་སྤྲོའམ། སྤྲོའོ། །དགེ་འདུན་
བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་འགེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་འགེད་
པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་འགེད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་འགེད་པར་སྤྲོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་
དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་འགེད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་འགེད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་
འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་འགེད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བགྱི་བ་ཁྱོད་དགེ་འདུན་གྱི་མངག་གཞུག་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་
མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་མངག་གཞུག་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་མངག་གཞུག་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་
เล่ม ๑๕๙ · หน้า 254b
འདུན་གྱི་མངག་གཞུག་པར་བགྱིད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་མངག་གཞུག་པར་སྤྲོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་མངག་གཞུག་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་
བགྱི་བ་འདི་མངག་གཞུག་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་མངག་གཞུག་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་
བཞིན་དུ་འཛིན་ཏོ། །མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་མཛེས་འཆོས་སུ་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་མཛེས་འཆོས་སུ་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་
ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་མཛེས་འཆོས་སུ་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་མཛེས་འཆོས་བགྱིད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་
གྱི་མཛེས་འཆོས་སུ་སྤྲོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་མཛེས་འཆོས་སུ་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་མཛེས་འཆོས་སུ་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་
བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་མཛེས་འཆོས་སུ་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །སྡེར་སྤྱད་འབྲིམ་པ་དང་། གནས་མལ་འབོགས་པ་དང་། གནས་མལ་བྱི་བོ་འབོགས་པ་དང་། ཤིང་ཏོག་འབྲིམ་པ་དང་།
ཆུའི་ཞལ་ཏ་བ་དང་། བང་རིམ་གྱི་ཞལ་ཏ་བ་དང་། སྒྱེའུ་ཅུང་སྲུང་བ་དང་། སྲ་བརྐྱང་སྦེད་པ་དག་ནི་ལས་སྔ་མ་དག་གི་ཁོངས་སུ་འདུས་སོ། །མིང་འདི་ཞེས་བྱ་བ་ཁྱོད་ལག་གི་བླར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ལག་གི་བླར་སྤྲོ་ན། གལ་
เล่ม ๑๕๙ · หน้า 255a
ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ལག་གི་བླར་བསྐོ་བར་བགྱིད་དེ། དགེ་སློང་མིང་འདི་ཞེས་བགྱི་བ་ལག་གི་བླར་བགྱིད་དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་
གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ལག་གི་བླར་སྤྲོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ལག་གི་བླར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ལག་གི་བླར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །
དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ལག་གི་བླར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ལག་པོད་ནི་ལག་གི་བླའི་ཁོངས་སུ་འདུས་སོ། །གནས་མལ་གྱི་གཞིའོ།། །།དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།
བདག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་དེ། དགེ་འདུན་ལས་འཁར་བ་གནང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་རྒས་འཁོགས་ཤིང་
ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་པ་ལ་འཁར་བ་གནང་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་བ་སྦྱོར་མི་བཟོད་པ་འདི་དགེ་འདུན་ལས་འཁར་བ་གནང་བ་གསོལ་
ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་པ་ལ་འཁར་བ་གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་
དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་དེ། དགེ་འདུན་ལ་འཁར་བ་གནང་བ་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་ལ་འཁར་བའི་གནང་བ་
เล่ม ๑๕๙ · หน้า 255b
གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་ལ་འཁར་བ་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་
གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་པ་ལ་འཁར་པ་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བྱ་བ་རྒས་འཁོགས་
ཤིང་ཉམ་ཆུང་བ་བྲོ་འཚལ་ཞིང་སྦྱོར་མི་བཟོད་དེ། དགེ་འདུན་བཙུན་པ་རྣམས་ལས་དྲ་བ་གནང་བ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་པ་ལ་དྲ་བ་གནང་
བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་པ་འདི་དགེ་འདུན་ལས་དྲ་བ་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་
མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་པ་ལ་དྲ་བ་གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་
སྦྱོར་མི་བཟོད་དེ། དགེ་འདུན་ལས་དྲ་བ་གནང་བ་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་པ་ལ་དྲ་བ་གནང་བ་གསོལ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་
ཞིང་སྦྱོར་མི་བཟོད་པ་ལ་དྲ་བ་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་པ་ལ་དྲ་བ་གནང་བ་སྩལ་
เล่ม ๑๕๙ · หน้า 256a
ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །འཁར་བ་དང་དྲ་བ་གཉིས་ཀའི་གནང་བ་སྦྱིན་པ་ནི་ལས་སྔ་མ་གཉིས་ཀའི་ཁོངས་སུ་འདུས་སོ། །གནས་མལ་གྱི་གཞི་དང་ཉེ་བའི་གཞིའོ།། །།ལས་ཀྱི་གྲངས་བརྒྱ་རྩ་གཅིག་ཏུ་ངེས་པར་གང་ལས་ཤེས་ཤེ་ན། གཏམ་གྱི་གཞི་
ལས་ལས་ཀྱི་གྲངས་བརྗོད་པ་ལ། བཙུན་པ་ལས་དག་ཏུ་མཆིས། ཉེ་བ་འཁོར་བརྒྱ་རྩ་གཅིག་གོ། །བཙུན་པ་ལས་དུ་དག་གིས་ལས་ཐམས་ཅད་བསྡུས། ཉེ་བ་འཁོར་གསུམ་གྱིས་ཏེ། གསུམ་གང་ཞེ་ན། གསོལ་བའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་ཀྱིས་སོ། །བཙུན་པ་ལས་
བརྒྱ་རྩ་གཅིག་པོ་གང་དག་ལགས་པ་དེ་དག་ནི་གསོལ་བའི་ལས་དག་ནི་དུ། གསོལ་བ་དང་གཉིས་ཀྱི་ལས་དག་ནི་དུ། གསོལ་བ་དང་བཞིའི་ལས་དག་ནི་དུ་མཆིས་བཀའ་སྩལ་པ་ཉེ་བ་འཁོར། གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་
ལས་ནི་སུམ་ཅུའོ་ཞེས་གསུངས་སོ། །དེ་ལས་གསོལ་བའི་ལས་ཉི་ཤུ་རྩ་བཞི་གང་ཞེ་ན། གལ་ཏེ་གསང་སྟེ་སྟོན་པའི་སློབ་དཔོན་གྱིས་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། ལས་བྱེད་པའི་སློབ་དཔོན་གྱིས་བར་ཆད་ཀྱི་ཆོས་རྣམས་དགེ་འདུན་གྱི་ནང་དུ་དྲི་
བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། སོ་སོར་ཐར་པའི་མདོ་གདོན་པའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། གསོ་སྦྱོང་དེ་ལ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། གསོ་སྦྱོང་གི་ཚེ་ལྟུང་བ་དེ་ལ་དགེ་འདུན་ཐམས་ཅད་
ཡིད་གཉིས་དང་བཅས་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། གསོ་སྦྱོང་གི་ཚེ་དགེ་འདུན་ལྟུང་བའི་ཕྱིར་རྩོད་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། གསོ་སྦྱོང་གི་ཚེ་ལྟུང་བ་དེ་ནི་གང་ཡིན་པ་དེ་ལས་ཇི་ལྟར་ནི་ལྡང་བར་འགྱུར་ཞེས་བྱ་བ་ལ་སོགས་པས་ཉེས་པ་ཉིད་མ་
ཡིན་པར་གྱུར་ན་དེའི་ཚེ་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། དགག་དབྱེ་བྱ་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། དགག་དབྱེ་དེ་ལ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། དགག་དབྱེའི་ཚེ་ལྟུང་བ་དེ་ལ་དགེ་འདུན་ཐམས་ཅད་ཡིད་
เล่ม ๑๕๙ · หน้า 256b
གཉིས་དང་བཅས་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། དགག་དབྱེའི་ཚེ་དགེ་འདུན་ལྟུང་བའི་ཕྱིར་རྩོད་པར་གྱུར་ན་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། དགག་དབྱེའི་ཚེ་ལྟུང་བ་དེ་ནི་གང་ཡིན་དེ་ལས་ཇི་ལྟར་ནི་ལྡང་བར་འགྱུར་ཞེས་བྱ་བ་ལ་སོགས་པས་ངེས་པ་ཉིད་མ་ཡིན་
པར་གྱུར་ན་དེའི་ཚེ་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། དབྱར་གནས་པར་ཁས་བླང་བའི་ཚེ་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། ཤི་བའི་རྫས་དང་། ཤི་བའི་ནོར་དང་འདྲ་བའི་གང་ཟག་བྱིན་གྱིས་བརླབ་པ་ལ་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། དབྱར་གནས་པའི་དགེ་འདུན་གྱིས་
ཆོས་གོས་སྲ་བརྐྱང་དེ་གདིང་བའི་དགེ་སློང་ལ་གཏད་པ་དང་། གྱད་བུ་ནོར་ལྟ་བུ་ཆོས་གོས་གསུམ་ངན་པ་ལ་དགེ་འདུན་གྱིས་རས་ཡུག་ཆེན་སྦྱིན་པ་ལ་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། དགེ་སློང་དང་དགེ་སློང་མ་གང་དག་ཇི་ལྟར་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་
ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བྱེད་པ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་དུ་གཞུག་པ་ལ་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། ངོར་འཕྱ་བའི་གྲངས་སུ་གཞུག་པ་ལ་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། གཞོགས་འཕྱས་བྱེད་པའི་གྲངས་སུ་གཞུག་པ་ལ་གསོལ་བ་འབའ་ཞིག་གི་ལས་
བྱ་བ་དང་། བསྒོ་བ་རྣ་ལ་གཟོན་པའི་གྲངས་སུ་གཞུག་པ་ལ་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། ཅང་མི་སྨྲ་བས་རྣ་ལ་གཟོན་པའི་གྲངས་སུ་གཞུག་པ་ལ་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། སྦྱིན་བདག་ལོངས་སྤྱོད་འགྲིབས་པའི་ཁྱིམ་དུ་ཟན་མི་བཟའ་བའི་སྡོམ་པ་སྦྱིན་པ་ལ་གསོལ་བ་འབའ་
ཞིག་གི་ལས་བྱ་བ་དང་། ཁྱིམ་གྱི་སྡོམ་པ་བྱིན་པ་དེ་ཉིད་གཞིག་པ་ལ་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། ཁྱིམ་བདག་དགེ་སློང་ལ་ཡང་དག་པ་མ་ཡིན་པས་སྐུར་པ་འདེབས་པའི་ཁྱིམ་དུ་ལྷུང་བཟེད་ཁས་དབུབ་པ་ལ་གསོལ་བ་འབའ་ཞིག་གི་ལས་བྱ་བ་དང་། ལྷུང་བཟེད་ཁས་ཕུབ་པ་དེ་ཉིད་བཟོད་པ་
གསོལ་བའི་ཁྱིམ་དུ་དེ་ཉིད་བཟློག་པར་བྱ་བ་ལ་གསོལ་བ་འབའ་ཞིག་གི་ལས་བྱ་བའོ། །གསོལ་བ་དང་གཉིས་ཀྱི་ལས་བཞི་བཅུ་རྩ་བདུན་གང་ཞེ་ན། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དཀྱིལ་འཁོར་པ་དང་། མཚམས་ཆེན་པོ་གཅད་པ་དང་། མཚམས་
เล่ม ๑๕๙ · หน้า 257a
བུ་ཆུང་བཅད་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། མཚམས་ཆེན་པོ་བཅད་པའི་ནང་དུ་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་སྨྱོས་ཤིང་སེམས་འཁྲུག་པ་ལས་ཀྱི་གནས་སུ་རད་རོད་བྱེད་པ་མི་
མཐུན་པར་མི་འགྱུར་བའི་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པའི་དགེ་སློང་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གནས་པར་ཁས་ལེན་པ་རྣམས་ལ་གནས་མལ་སྟོབས་པའི་དགེ་སློང་བསྐོ་བ་ལ་གསོལ་བ་དང་
གཉིས་ཀྱི་ལས་བྱ་བ་དང་། རུང་བའི་ཁང་པ་ལ་བློ་མཐུན་པར་བྱ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་ལ་བློ་མཐུན་པར་བྱ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གནས་པའི་དགེ་འདུན་གྱི་སྲ་བརྐྱང་འདིང་བའི་དགེ་སློང་བསྐོ་བ་ལ་གསོལ་
བ་དང་གཉིས་ཀྱི་ལས་བྱ་བ་དང་། སྤོང་བའི་ཞལ་ཏ་བྱེད་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། ལག་གི་བླ་དང་ལག་པོད་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། གནས་ཁང་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། ཟས་ལ་བསྐོ་བར་བསྐོ་བ་ལ་གསོལ་
བ་དང་གཉིས་ཀྱི་ལས་བྱ་བ་དང་། ཐུག་པ་འབྲིམ་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། བག་ཆོས་འབྲིམ་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། ཕྲན་ཚེགས་འབྲིམ་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། སྣོད་སྤྱད་འབྲིམ་པ་བསྐོ་བ་ལ་གསོལ་བ་
དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གྱི་གོས་ཀྱི་རྙེད་པ་སྦེད་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གྱི་གོས་ཀྱི་རྙེད་པ་འགྱེད་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གྱི་གོས་རས་ཆེན་སྦེད་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་།
དབྱར་གྱི་གོས་རས་ཆེན་འགྱེད་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། མངག་གཞུག་པར་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། མཛེས་འཆོས་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་འདུན་ལ་རྩོད་པ་བྱུང་བ་མངོན་སུམ་གྱིས་འདུལ་བའི་གཟུ་
เล่ม ๑๕๙ · หน้า 257b
བོ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་འདུན་ལ་རྩོད་པ་བྱུང་བ་གཟུ་བོས་ཞི་བར་མ་ནུས་ན་དགེ་འདུན་ནམ་གཟུ་བོ་རྣམས་ཀྱིས་རྩོད་པ་དེ་ཞི་བར་བྱེད་པའི་གང་ཟག་གསལ་བ་དང་གསལ་བའི་ཡང་གསལ་བ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་འདུན་ལ་རྩོད་
པ་བྱུང་བ་གང་ཟག་གསལ་བ་དང་གསལ་བའི་ཡང་གསལ་བས་ཞི་བར་མ་ནུས་ཏེ་དགེ་འདུན་ལ་ཕུལ་བ་ན་དགེ་འདུན་གྱིས་རྩོད་པ་སྦེད་པའི་གང་ཟག་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་འདུན་རྩོད་པ་བྱུང་བའི་ཚེ་ཚུལ་ཤིང་འབྲིམ་པའི་གང་ཟག་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་
ལས་བྱ་བ་དང་། དགེ་སློང་ཁང་པའི་གཞི་རུང་བ་བསྟན་པར་གསོལ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་གཙུག་ལག་ཁང་གི་གཞི་རུང་བ་བསྟན་པ་གསོལ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་ཁྱིམ་སུན་འབྱིན་པ་ལ་དགེ་སྦྱོང་གི་ཆོས་མ་ཡིན་པ་རྣམ་པ་མང་པོས་གླེང་
བའི་གང་ཟག་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། རྒན་པོ་དང་ནད་པ་ལ་ཆོས་གོས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་ལག་གི་བླ་ལ་ལོ་དྲུག་ཚུན་ཆད་དུ་སྟན་གྱི་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་
དང་། ལྷུང་བཟེད་འབྲེལ་པ་མེད་པར་འབྲིམ་པའི་གང་ཟག་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་དང་དགེ་སློང་མ་སྐྱེ་བོ་ཕལ་པོ་ཆེ་མ་དད་པར་རིག་པར་འགྱུར་བ་དེ་ལྟར་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་གང་ཟག་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་མའི་
སྟོན་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། སོ་སོར་བཤགས་པའི་ཉེས་པ་སྤང་བའི་ཕྱིར་གང་ཟག་ནགས་ཉུལ་བ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་དགེ་འདུན་གྱི་གནས་ནས་ཕྱུང་བ་ལ་དགེ་སློང་མས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་སྦྱིན་པ་ལ་གསོལ་བ་དང་
གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་མ་འཁོར་སྐྱོང་ནུས་པ་ལ་འཁོར་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་མ་འཁོར་སྐྱོང་ནུས་པ་དང་ལོ་བཅུ་གཉིས་ལོན་པ་ལ་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་།
เล่ม ๑๕๙ · หน้า 258a
དགེ་སློང་རྒན་པོ་དང་ནད་པ་ལ་འཁར་བ་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་རྒན་པོ་དང་ན་བ་ལ་དྲ་བ་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། གཙུག་ལག་ཁང་མཚམས་ཐ་དད་པ་གཉིས་ཀྱི་རྙེད་པ་གཅིག་ཏུ་བྱ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་
དང་། དགེ་སློང་མའི་བསླབ་པའི་སྡོམ་པ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་ལ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་མ་བུ་དང་ལྷན་ཅིག་ཁྱིམ་གཅིག་ན་ཉལ་བའི་གནང་བ་སྦྱིན་པ་ལ་གསོལ་བ་དང་
གཉིས་ཀྱི་ལས་བྱ་བ་དང་། དགེ་སློང་མ་མུ་གེའི་སྡུག་བསྔལ་བྱུང་བའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པའི་གནང་བ་སྦྱིན་པ་ལ་གསོལ་བ་དང་གཉིས་ཀྱི་ལས་བྱ་བ་དང་། དབྱར་གནས་པར་ཁས་བླངས་པ་དགེ་འདུན་གྱི་ཚད་ལ་ཞག་བཞི་བཅུ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བའི་གནང་བ་སྦྱིན་པ་ལ་
གསོལ་བ་དང་གཉིས་ཀྱི་ལས་བྱ་བའོ། །གསོལ་བ་དང་བཞིའི་ལས་སུམ་ཅུ་གང་ཞེ་ན། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། མུ་སྟེགས་ཅན་རབ་ཏུ་འབྱུང་བར་འདོད་པ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱི་གནས་པ་སྦྱིན་པ་ལ་གསོལ་བ་དང་
བཞིའི་ལས་བྱ་བ་དང་། དཀྱིལ་འཁོར་པ་དང་། མཚམས་ཆེན་པོ་དང་། མཚམས་བུ་ཆུང་དགྲོལ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། གནས་ནས་ཕྱུང་བ་བཟོད་པའི་ལས་བྱས་པ་མཐུན་པ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། མཐུན་པ་བྱིན་པ་ལ་མཐུན་པའི་གསོ་སྦྱོང་སྦྱིན་པ་ལ་
གསོལ་བ་དང་བཞིའི་ལས་བྱ་བ་དང་། ནན་ཏུར་གྱི་ལས་བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། ཕྱིར་འགྱེད་པ་དང་། མ་མཐོང་བས་གནས་ནས་དབྱུང་བ་དང་། ཕྱིར་མི་འཆོས་པས་གནས་ནས་དབྱུང་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བ་དང་། གསོ་སྦྱོང་
གཞག་པ་དང་། དགག་དབྱེ་གཞག་པར་བྱ་བ་དག་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དེ་དག་ལ་བཟོད་པ་བྱ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། བྱ་བ་དག་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། སྤོ་བ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། གཞི་ནས་སྤོ་བ་སྦྱིན་པ་ལ་གསོལ་
เล่ม ๑๕๙ · หน้า 258b
བ་དང་བཞིའི་ལས་བྱ་བ་དང་། གཞི་ནས་མགུ་བར་བྱ་བ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་སྤོ་བ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་གསོལ་
བ་དང་བཞིའི་ལས་བྱ་བ་དང་། སྲ་བརྐྱང་དབྱུང་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དྲན་པས་འདུལ་བ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། མ་སྨྱོས་པས་འདུལ་བ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་
འདུན་གྱི་དབྱེན་བྱེད་པ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དེའི་རྗེས་སུ་ཕྱོགས་པ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། ཁྱིམ་སུན་འབྱིན་པ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། བཀའ་བློ་མི་བདེ་བ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་
བཞིའི་ལས་བྱ་བ་དང་། དགེ་སློང་དང་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་མ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་སློང་མ་དཀོན་མཆོག་གཏོང་བ་
བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་སློང་མ་འཐབ་ཀྲོལ་བྱེད་པ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་སློང་མ་སྡེ་ཞིང་གནས་པ་བཟློག་པའི་ཕྱིར་བསྒོ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་སློང་མ་སྡེ་ཞིང་གནས་སུ་འཛུད་པ་བཟློག་པའི་ཕྱིར་བསྒོ་
བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་བསྙིལ་བ་ལ་གསོལ་བ་དང་བཞིའི་ལས་བྱ་བ་དང་། ཕམ་པར་འགྱུར་བའི་ལྟུང་བ་བྱུང་བ་ལ་བསླབ་པ་སྦྱིན་པ་ལ་གསོལ་བ་དང་བཞིའི་ལས་བྱ་བའོ། །ལས་རྣམས་ཀྱི་བསྡུ་བའི་ཚིགས་སུ་བཅད་པ་ནི་འདི་དག་ཡིན་ཏེ། གསང་དང་
ནང་དུ་དྲི་ཕྱིར་དང་། །གསོ་སྦྱོང་དེ་ལ་ལྟུང་བཅས་དང་། །དེ་ལ་དགེ་འདུན་ཡིད་གཉིས་དང་། །རྩོད་དང་ངེས་ཉིད་མ་ཡིན་དང་། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང་། །ཆོས་གོས་སྲ་བརྐྱང་གཏད་པ་དང་། །ཆོས་གོས་སྦྱིན་པར་
เล่ม ๑๕๙ · หน้า 259a
བྱ་བ་དང་། །གནས་ངན་ལེན་ནི་བརྗོད་པ་དང་། །གྲངས་སུ་གཞུག་པ་བཞི་དག་དང་། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང་། །ལྷུང་བཟེད་ཁས་དབུབ་བྱ་བ་དང་། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གནས་དང་མཚམས་ནི་གསུམ་པོ་དང་། །མི་འབྲལ་སྨྱོས་དང་དགག་དབྱེ་དང་། །
གནས་མལ་སྟོབས་པར་བྱེད་པ་དང་། །རུང་བའི་ས་གཞི་བསྒོ་བ་དང་། །སྲ་བརྐྱང་དང་ནི་དེ་འདིང་དང་། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་བསྐོ་ལ་སོགས་པ་དང་། །གཟུ་དང་གསལ་དང་སྦེད་པ་དང་། །ཚུལ་ཤིང་འབྲིམ་པར་བྱེད་པ་དང་། །ཁང་པ་ཁང་ཆེན་བསྟན་པ་དང་། །གླེང་དང་འབྲལ་བར་མི་འགྱུར་དང་། །
སྟན་དང་ལྷུང་བཟེད་འབྲིམ་པ་དང་། །མ་དད་གོ་བར་བྱ་བ་དང་། །སྟོན་པ་དང་ནི་ནགས་ཉུལ་དང་། །ཕྱག་མི་བྱ་དང་མང་ཕྱིར་དང་། །འཁར་བ་དྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །བསླབ་པ་སྦྱིན་དང་ཉེ་གནས་དང་། །བུ་དང་ཉེ་དུའི་ཕྱིར་འགྲོ་བ། །གསོལ་བ་གཉིས་ཀྱི་ལས་ཡིན་ནོ། །བསྙེན་
པར་རྫོགས་པར་བྱ་བ་དང་། །མུ་སྟེགས་གནས་དང་མཚམས་དགྲོལ་དང་། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དག །བརྒྱ་དང་དྲན་དང་མ་སྨྱོས་དང་། །དེ་ཉིད་ཚོལ་དུ་གཞུག་པ་དང་། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་དག །གསོལ་དང་བཞི་ཡི་ལས་
ཡིན་ནོ། །ལས་བརྒྱ་རྩ་གཅིག་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་བྲམ་ཟེའི་བཙུན་པ་སློབ་དཔོན་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་
རབ་ཀྱི་དབང་པོ་རྒྱས་པ་བདེ་བར་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་བསྒྲུབས་པ། སྡེ་པ་ཐམས་ཅད་ཀྱི་འདུལ་བའི་སྡེ་སྣོད་མཐའ་དག་གི་གཙོ་བོར་གྱུར་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་པ་རྫོགས་སོ།། །།དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་
བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤློ་ཀ་ནི་སུམ་སྟོང་བདུན་བརྒྱ་ཡོད། བམ་པོ་ནི་དགུར་བྱས་སོ།། །།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด