འདུལ་བ་མདོའི་རྣམ་པར་བཤད་པ
ชื่อสันสกฤต (อักษรทิเบต ตามตัวบท) བི་ནཱ་ཡ་སཱུ་ཏྲ་བྱཱ་ཁྱཱ་ན
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๖๔ · หน้า 164a
རྫོགས་པར་བྱས་པ་དང་། ཤམ་ཐབས་སྟ་ཟུར་གྱི་ཐད་ཀར་བགོས་པ་ལ་སོགས་པའི་ཉེས་པ་བྱས་པ་ལས་དགེ་སློང་ཕར་གྱུར་ན་ཉེས་པ་འདི་དག་གི་ཞིང་མ་ཡིན་བའི་ཕྱིར། སྔོན་གྱི་ཉེས་པ་དེ་དག་འཇིག་ཅིང་མེད་པ་དང་དགེ་སློང་ཕ་ཀུན་སྤྱོད་པ་སྡོག་པའི་ལྷག་མ་བྱུང་
ནས་དགེ་སློང་མར་གྱུར་ན་དེའི་ཞིང་མ་ཡིན་བའི་ཕྱིར་ཉེས་པ་དེ་འཇིག་ཅིང་ཡལ་བར་གྱུར་བ་ལྟ་བུའོ། །བཅབས་པའི་ཉེས་པའང་དེས་མི་སློན་པ་མ་ཡིན་ཞེས་པ་ནི་བཅབས་པའི་ཉེས་པའང་ཞིང་མ་ཡིན་ན་འཇིག་པར་མི་འགྱུར་བ་མ་ཡིན་ཏེ། དགེ་སློང་མས་ལྷག་མ་བཅབས་པ་ལས། དགེ་
སློང་མར་གྱུར་ན་བཅབས་པའི་ཉེས་པ་དེ་ཞིང་མ་ཡིན་བར་ཟད་པའི་ཕྱིར་འཇིག་པ་ལྟ་བུ་དང་། དགེ་སློང་མས་ཅུང་ཟད་བླངས་པའི་ལྷག་མ་བྱུང་ནས་བཅབས་པ་ཡང་དགེ་སློང་ཕར་གྱུར་ན་དེའི་ཞིང་མ་ཡིན་བའི་ཕྱིར་བཅབས་པའི་ཉེས་པ་འཇིག་པར་འགྱུར་བ་ལྟ་བུའོ། །མགུ་བ་སྤྱོད་པ་ནི་
དོན་མེད་དོ་ཞེས་པ་ནི་མཚན་ཐ་དད་པའི་མགུ་བ་སྤྱོད་སྤྱོད་པ་ལས་མཚན་གྱུར་ན་མཚན་ཐ་དད་ཅིང་མགུ་བའི་ཞག་གྲངས་མི་འདྲ་བའི་ཕྱིར་སྔོན་སྤྱོད་སྤྱོད་པའི་མགུ་བ་དེ་སྤང་བ་དབུལ་ཞིང་གདོད་གཞི་ནས་བསླང་དགོས་པར་སྟོན་པའོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། འདིའི་ཆོ་ག་གྱུར་པའི་ཕྱིར་རོ་ཞེས་
པ་ཡིན་ཏེ་མཚན་ཐ་དད་པའི་ཚུལ་དང་། ཆོ་ག་གཞན་དུ་གྱུར་ཅིང་རྗེས་པས་ན་དགེ་སློང་ཕ་ལས་གྱུར་ན་ནི་ཞག་བཅོ་ལྔའི་བར་དུ་དགེ་འདུན་སྡེ་གཉིས་ལ་མགུ་བ་བྱེ། དགེ་སློང་མ་ལས་གྱུར་ན་ནི་ཞག་དྲུག་གི་བར་དུ་དགེ་སློང་ཕའི་དགེ་འདུན་མགུ་བར་བྱ་དགོས་པའི་ཕྱིར་རོ། །དེའི་ཚེ་ཉིད་
བས་བྱེད་ཅེས་པ་ནི་གསོད་པ་ལ་སོགས་པ་ཉེས་པ་བྱེད་པའི་ཚེ་དངོས་ཉིད་གང་ཡིན་བ་ལས་ཉེས་པའི་དམིགས་སུ་འགྱུར་བར་སྟོན་པ་སྟེ། དགྲ་བཅོམ་པ་ཡིན་བའི་ཚེ་གསད་པར་བཤགས་ལ་དགྲ་བཅོམ་པའི་ཚེ་བསད་ན། ནམ་བསད་པའི་ཚེ་དགྲ་བཅོམ་པ་ཉིད་ཡིན་པས། ཕས་ཕམ་
བ་དང་། མཚམས་མེད་པ་གཉི་གར་འགྱུར་བ་དང་། དགྲ་མ་བཅོམ་པའི་ཚེ་མཚོན་གྱིས་བསྣུན་བའི་འོག་ཏུ་དགྲ་བཅོམ་བར་གྱུར་ཏེ་ཤི་ན་ནམ་བསྣུན་བའི་ཚེ་དགྲ་བཅོམ་བ་མ་ཡིན་བས་ཕས་ཕམ་བར་ཟད་ཀྱི་མཚམས་མེད་པར་མི་འགྱུར་བ་དང་། སྐྱེས་པ་ལ་རེག་པར་བརྩམས་པ་
เล่ม ๑๖๔ · หน้า 164b
དང་། དེ་བུད་མེད་དུ་གྱུར་པ་ལ་རེག་པའི་ལྷག་མར་འགྱུར་བ་དང་། དེ་བཞིན་དུ་བུད་མེད་ལ་རེག་པར་བརྩལ་བ་ལས་སྐྱེས་པར་གྱུར་པ་ལ་རེག་ན་རེག་པའི་སྦོམ་པོར་འགྱུར་བ་དང་། བུད་མེད་ལ་རེག་པར་བརྩལ་བ་ལས་བདག་ཉིད་མཚན་གྱུར་ཏེ་རེག་ན་རེག་པ་ཕས་ཕམ་པའི་སྦོམ་པོར་འགྱུར་བ་དང་།
དགེ་སློང་མས་རེག་པར་བརྩལ་བ་ལས་བདག་ཉིད་སྐྱེས་པར་གྱུར་ཏེ། རེག་ན་རེག་པ་དགེ་འདུན་ལྷག་མའི་སྦོམ་པོར་འགྱུར་བ་དང་། དགེ་སློང་མས་རེག་པར་བརྩལ་བ་ལས་དེ་ཉིད་མཚན་གྱུར་པ་རེག་པ་ཕས་ཕམ་པའི་སྦོམ་པོར་འགྱུར་བ་དང་། དགེ་སློང་ལ་རྡེག་པར་བྱས་པ་ལས་བུད་མེད་དུ་གྱུར་པ་
ལས་བསྣུན་ན་ཉེས་བྱས་སུ་འགྱུར་བ་ལྟ་བུ་ལ་སོགས་པར་སྟོན་པའོ། །གཞན་ལས་སྐྱེས་པ་ཉིད་ཀྱི་རྒྱུད་མ་ཡིན་པ་མ་ཡིན་ཞེས་པ་ནི་ཕ་མ་ལམ་རྒྱུད་ལྔ་པ་གང་ཡིན་དུ་ཟིན་ཀྱང་དངོས་ཉིད་དེའི་རྒྱུད་དང་མི་སྦྱར་དུ་མི་རུང་བར་སྟོན་ཏེ། ཕ་མ་བྱོལ་སོང་ལས་བཙས་པའི་མི་བསད་དམ། དེའི་ནོར་བརྐུས་ན་མིའི་
རྒྱུད་མ་ཡིན་བ་མ་ཡིན་ཏེ། ཕས་ཕམ་པར་འགྱུར་བ་དང་། ཕ་མ་མི་ལས་སྐྱེས་པའི་བྱོལ་སོང་ངམ་མི་མ་ཡིན་པ་ཞིག་ན་ཡང་དེ་བསད་ཅིང་དེའི་ནོར་བརྐུས་པ་སྦོམ་པོ་དང་། ལྟུང་བར་འགྱུར་བ་ལྟ་བུ་ལ་སོགས་པ་ལམ་རྒྱུད་ལྔ་ཀུན་འདི་བཞིན་དུ་བསྣོལ་བར་བྱའོ། །འགྲོ་བ་གཞན་གྱི་ཚུལ་དུ་རྫུས་ཀྱང་
བསད་ནའོ་ཞེས་པ་ནི་མི་ལས་འགྲོ་བ་གཞན་གྱི་གཟུགས་སུ་སྤྲུལ་ཀྱང་བསད་ན་ཕམ་པར་འགྱུར་བ། མི་ལས་བྱོལ་སོང་གི་གཟུགས་སུ་སྤྲུལ་པ་འམ་མི་མ་ཡིན་དུ་སྤྲུལ་པ་བསད་ན་ཕམ་པར་འགྱུར་བའོ། །དེ་བཞིན་དུ་བྱོལ་སོང་དང་མི་མ་ཡིན་བ་ལས་མིར་སྤྲུལ་པ་བསད་ན་སྦྱོར་བའི་ཚེ་འདུ་ཤེས་
ཀྱི་དབང་གིས་སྦོམ་པོར་འགྱུར་བ་དང་། བསད་པའི་ཚེ་སྦོམ་པོ་དང་ལྟུང་བར་འགྱུར་བ་ལྟ་བུ་སྟེ། མི་ངོ་ནོར་བ་ནི་རྒྱུད་གཞན་ཡིན་བས་ནོར་བ་བཙན་གྱི་འདི་ནི་རྒྱུད་གཅིག་ལས་གཟུགས་སྤྲུལ་པ་ཙམ་དུ་ཟད་པས་ན་མིའི་འདུ་ཤེས་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ་རྩ་བའི་ཉེས་པར་འགྱུར་རོ། །
དཔེར་ན་དགེ་སློང་སུ་ཏ་ཡ་ནའི་གཏམ་རྒྱུད་དང་འདྲའོ། །གནས་གཞན་དུ་འགྲུབ་ཀྱང་གཞན་མ་ཡིན་ཞེས་པ་ནི་མི་ཐ་མལ་པའི་ཚེ་བསད་པར་བཤམས་པ་ལས་རྒྱུན་ཏུ་ཞུགས་པ་ལ་སོགས་པ་དགྲ་བཅོམ་པའི་གནས་གཞན་དུ་གྲུབ་པ་བསད་ན་གཞན་དུ་གྱུར་ཅིང་རྗེས་པའི་ཕྱིར་མི་ཕམ་དུ་རེ་བ་སེལ་བར་
เล่ม ๑๖๔ · หน้า 165a
སྟོན་པ་སྟེ། དེ་ལྟར་གནས་གྱུར་དུ་ཟིན་གྱིས་ཀྱང་རྒྱུད་གཅིག་པའི་ཕྱིར་ཕས་ཕམ་པར་འགྱུར་བའོ། །ཁྲིན་དེ་ལ་མ་གཏོགས་པར་གྱུར་པ་ནི་ཆད་དོ་ཞེས་པ་ནི་ཉེས་པའི་ཁྲིན་དེ་ལ་མ་གཏོགས་པར་གཞན་དུ་གྱུར་ཅིང་འཕོས་ན་ཉེས་ཁྲིན་གྱི་དམིགས་དེ་ཡལ་ཞིང་ཆད་པར་སྟོན་པ་སྟེ།
དངོས་སུ་ནི་དགེ་སློང་གཅིག་གིས་ལོ་དྲུག་མ་ལོན་བར་གདིང་བ་བརྩམས་པ་ལས་བབས་ཏེ་སླར་ཞུགས་པའམ་དགེ་སློང་མས་འདི་ལྟར་བརྩམས་པའི་འོག་ཏུ་དགེ་སློང་ཕར་མཚན་གྱུར་ན་སྔོན་གྱི་ཉེས་པ་དེ་ལ་མ་གཏོགས་པར་གྱུར་པའི་ཕྱིར་སྔོན་གྱི་ཉེས་པ་དེ་ནི་ཆད་དེ་མེད་ཀྱི་གདོད་རྩོམ་པའི་ཚུལ་དང་སྦྱོར་
བ་སྟོན་པའོ། །བཏང་བ་ཡང་ངོ་ཞེས་པ་ནི་གོང་མ་ལྟ་བུར་གདིང་བའམ་ཁང་པ་བརྩམས་པ་ལས་མི་བྱ་བར་ཆད་དེ་བཏང་བ་ལས་ཡང་དེའི་འཕྲོ་ནས་བཟུང་སྟེ་རྩོམ་ན་སྔོན་གྱི་ཉེས་པ་དང་མི་སྦྱར་གྱི་ཕྱིས་ནམ་རྩོམ་པ་དེ་ཉིད་ཀྱི་སྦྱོར་བ་ལས་འགྲེར་བར་སྟོན་པའོ། །དངོས་པོ་གཅིག་ལས་བཅས་པ་དུ་མ་པ་
ནི་དེ་ཉིད་དུ་ཉེས་པའོ་ཞེས་པ་ནི་དངོས་པོ་གཅིག་ལས་བཅས་པ་དུ་མ་འདོམ་ན་བཅས་པའི་གྲངས་དུ་ཡོད་པ་བཞིན་ཉེས་པར་འགྱུར་བར་སྟོན་པ་སྟེ་བསྙེན་པར་མ་རྫོགས་པ་ཡང་ཡིན་ལ་བཀར་བ་ཡང་ཡིན་བ་དང་། ནུབ་གསུམ་དུ་ཉལ་ན་བསྙེན་བར་མ་རྫོགས་པ་དང་། བཀར་བ་བཅར་བ་གཉི་གའི་ལྟུང་བར་འགྱུར་
བ་དང་། བསྙེན་པར་མ་རྫོགས་པ་དང་ནུབ་གཉིས་ཉལ་ལ་གསུམ་པའི་ནུབ་མོ་བུད་མེད་དང་ཁྱིམ་གཅིག་ཏུ་ཉལ་ན་བསྙེན་པར་མ་རྫོགས་པ་དང་། ནུབ་གསུམ་དུ་ཉལ་བ་དང་། བུད་མེད་དང་ནུབ་གཅིག་རངས་པར་ཉལ་བ་གཉི་གའི་ལྟུང་བར་འགྱུར་བ་དང་། སྐྱོན་ནས་འབོད་པ་ལྟ་བུ་དངོས་ཉིད་དེ་ལྟ་བུ་མ་ཡིན་
ན་ཤེས་བཞིན་དང་སྐྱོན་ནས་འབོད་པ་གཉི་གའི་ལྟུང་བར་འགྱུར་བ་ལྟ་བུ་ལ་སོགས་པའོ། །དེའི་བག་ནི་དེར་གཏོགས་པའོ་ཞེས་པ་ནི་ཉེས་པ་རྣམས་སོ་སོའི་རིགས་རིགས་སུ་བསྡུ་ཞིང་བག་བག་ལ་གློན་བར་སྟོན་པ་སྟེ་མི་ཚངས་པར་སྤྱོད་པའི་ཉེས་པ་ལྕི་བ་གཅིག་གིས་འཁོར་དུ་འབྱིན་པ་དང་། རེག་པ་དང་།
སྨྱེ་ཚིག་དང་ཀུན་སྤྱོད་དུ་སྔོགས་པ་དང་། སྨྱན་དང་གཉེན་མ་ཡིན་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་བཅུག་པ་དང་དེ་ལས་གོས་ལེན་པ་དང་། དེ་ལ་རྨེལ་དུ་བཅུག་པ་དང་། རིག་པའི་སྐྱེས་པ་མེད་པར་ཚིག་ལྔ་འམ་དྲུག་ལས་ལྷག་པར་འཆད་པ་དང་། མ་བསྐོས་པ་ལ་སོགས་པར་
เล่ม ๑๖๔ · หน้า 165b
སྟོན་པ་བཅུ་དང་སྨྱན་གནས་ན་འགྲེང་ཞིང་འདུག་པ་དང་གཅེར་བུ་མ་ལ་བྱིན་པ་དང་། ཁྱིམ་གཅིག་ཏུ་ཉལ་བ་དང་། སྐྱེས་པ་མེད་པར་ལྷན་ཅིག་ལམ་དུ་འགྲོགས་པ་དང་། དུས་མ་ཡིན་པར་གྲོང་དུ་འཇུག་པ་དང་། གཉེན་མ་ཡིན་བའི་དགེ་སློང་ལས་གྲོང་བར་དུ་ཟས་ལེན་ཅིང་ཟ་བ་དང་། དགེ་སློང་
མས་ཤོམ་དུ་བཅུག་པ་དང་། ཤིན་ཏུ་བསྡམས་ཏེ་གྲོང་དུ་འགྲོ་ཞེས་པ་ནས། སྟན་ལ་མ་གཉར་བར་འདུག་ཅེས་པ་ལ་སོགས་པ་འདི་དག་བསྡུ་བར་སྟོན་པའོ། །མ་བྱིན་བར་ལེན་པའི་བག་ཏུ་གཏོགས་པ་ནི་མ་བསྟབས་པའི་སྟན་ལ་འདུག་པ་དང་། བྱིན་ནས་ཐུག་ཐུབ་ཏུ་སྤྱོད་པ་དང་། བསྔོ་བ་དང་།
འབྱིན་པ་དང་། སྦེད་པ་དང་། རྐུན་པོ་དང་འགྲོགས་པ་རྣམས་སོ། །མི་གསོད་པའི་བག་ཏུ་གཏོགས་པ་ནི་རྩོད་པའི་དངོས་པོ་མི་གཏོང་བ་དང་། ས་བོན་དང་སྐྱེ་བ་འཇོམས་པ་དང་། འཚེ་བ་དང་། ལུས་ཀྱིས་ཉལ་ཞིང་གནོན་པ་དང་། ཁྲི་རྐང་པ་འབྱུང་བླ་བ་ལ་འདུག་པ་དང་། སྲོག་ཆགས་
དང་བཅས་པའི་ཆུ་སྤྱོད་པ་དང་། གཡུལ་མྱོང་བར་བྱེད་པ་དང་། འཇོག་པ་དང་། གཟས་པ་དང་། ཟན་གཅོད་པ་དང་། བྱོལ་སོང་གསོད་པ་དང་། ཐེ་ཚོམ་སྐུར་བ་དང་། ག་ག་ཚིལ་བྱེད་པ་དང་། བསྡིགས་པ་དང་། རྐོ་བ་རྣམས་སོ། །མི་ལས་བླ་མའི་ཆོས་སྨྲ་བའི་བག་ཏུ་གཏོགས་པ་ནི་སྐུར་
པ་དང་འདོད་པ་ལ་སོགས་པ་འགྲོའོ་ཞེས་ཟེར་ཞིང་གཤེས་པའི་ཁ་བསྡུས་ཤིང་བདག་གིར་བསྔོས་ཞེས་ཟེར་བ་དང་། དཔྱས་དང་གཞོགས་དཔྱས་བྱེད་པ་དང་། དགེ་འདུན་གྱི་དབྱེན་དང་བརྫུན་ཕལ་དང་བདེན་ཡང་བླ་མའི་ཆོས་སྨྲ་བ་རྣམས་སོ། །དགེ་འདུན་གྱི་དབྱེན་གྱི་བག་ཏུ་གཏོགས་པ་ནི་ཕྲ་མ་དང་དགེ་
འདུན་གྱི་ལས་སྐྱོ་སྔོགས་བྱེད་པ་དང་། དད་པ་ཕུལ་བ་སླར་ལེན་པ་དང་། ལས་བྱེད་པའི་ཚེ་པྱོལ་བ་དང་། གནས་ངན་ལེན་བརྗོད་པ་དང་། བསླབ་པ་ཁྱད་དུ་གསོད་པ་དང་། འདུས་ཤིང་ཟ་བ་དང་། སྤངས་པ་སྡུད་པ་རྣམས་སོ། །ངག་དཀའ་བའི་བག་ནི་སློབ་པ་སྟོན་པ་ལ་བརྙས་པ་
དང་མ་གུས་པའོ། །གཞག་པ་ལྟུང་བའི་བག་ནི་ནང་དུ་བཙོས་པ་དང་ནང་དུ་ལུས་པ་དང་། དགེ་སློང་གི་བཙོས་པ་སྤྱོད་པའོ། །མཐའ་མ་ཡིན་བའི་ཕྱུང་ངོ་ཅོག་ནི་དགེ་འདུན་གྱི་ལྷག་མའོ་ཞེས་པ་ནི་མི་ཚངས་པར་སྤྱོད་པའི་ཕས་ཕམ་པར་ཕྱུང་བ་མ་ཡིན་བའི་ཁུ་བ་ཕྱུང་ངོ་ཅོག་དགེ་འདུན་གྱི་ལྷག་མར་སྟོན་པ་
เล่ม ๑๖๔ · หน้า 166a
སྟེ། སྤྱད་མི་བཟོད་པ་དང་མགོའི་དུམ་བུར་སྤྱོད་ཅིང་འབྱིན་པ་ལྟ་བུ་ལ་སོགས་པའོ། །དུ་མས་བྱས་པའི་འབྲས་བུ་ནི་ཉེས་པར་མི་སྡོམ་ཞེས་པ་ནི་བྱ་བ་དུ་མས་བཙལ་ཅིང་སོ་སོར་སྤྱོད་པ་ལྟ་བུ་གཅིག་ཏུ་བསྡོམས་ཏེ་ཉེས་པ་རངས་པར་མི་བརྩི་བར་སྟོན་པ་སྟེ་རིན་ཐང་མ་ཚང་བ་ཉུང་ཟད་ཉུང་ཟད་ནས་
བརྐུས་ན་ཕམ་བར་མི་འགྱུར་བ་དང་ཚད་ལས་ཆུང་བའི་ཁང་པ་དུ་མ་བརྩིགས་པ་རྣམས་གཅིག་ཏུ་བསྡོམས་ཏེ་ཚད་ལས་ལྷག་པའི་ཉེས་པར་བརྩི་བ་མ་ཡིན་པ་དང་། ཞག་བཅུའི་ཁོངས་སུ་གོས་ལྷག་པ་གུད་དུ་སྤངས་ཤིང་བཏང་བ་དུ་མ་ཞིག་ཡོད་དུ་ཟིན་ཀྱང་གཅིག་ཏུ་མི་བསྡོམ་པ་དང་། བལ་རྒྱང་གྲགས་
གཅིག་གི་བཞི་ཆ་འམ་ལྔ་ཆ་ཙམ་དུ་ཁྱེར་བ་དུ་མ་བསྡོམས་ཏེ་རྒྱང་གྲགས་ལས་འདས་པའི་ལྟུང་བར་མི་བསྡོམ་པ་དང་། ཞག་གྲངས་ཐོ་ཚེར་གནས་པ་རྣམས་བསྡོམས་ཏེ་ཞག་དྲུག་གི་འབྲལ་བར་མི་བརྩི་བ་དང་། རྐང་ལག་ལན་དུ་མར་བཀྲུས་པ་བསྡོམས་ཏེ། ལྟེ་བ་ཡན་ཆད་ཀྱི་ཁྲུས་བྱས་པར་མི་བརྩི་བ་
ལྟ་བུའོ། །ཕྱེད་ཟིན་པ་ལས་བྱས་པ་ནི་ཕྱེད་དོ་ཞེས་པ་ནི་སྔ་མའི་ཁ་བསླང་བ་འམ་འཕྲོ་ནས་བཟུང་བ་ཉེས་པ་རངས་པ་མ་ཡིན་བར་སྟོན་པ་སྟེ་བདག་གིས་སྔར་ཁ་ཅིག་བཀྲུས་པའི་འོག་ཏུ་དགེ་སློང་མ་འཁྲུར་བཅུག་པ་དང་། འཚེད་ཅིང་འཆག་པ་དང་རྨེལ་བ་དང་། དེ་བཞིན་དུ་བལ་དང་སྲིན་བལ་དང་བལ་
ནག་པོ་ཉི་ཚེའི་སྟན་བརྩམས་ཟིན་པའི་འཕྲོ་ནས་སློང་བ་ལྟ་བུ་ལ་སོགས་པ་འབྲི་བ་སྟེ་ཉེས་བྱས་སུ་སྟོན་པའོ། །འབྲི་བའི་ཁ་ན་མ་ཐོ་བ་ནི་འབྲི་བའི་ཤས་སོ་ཞེས་པ་ནི་ཕས་ཕམ་པ་ལ་སོགས་པ་རྩ་བའི་ཁ་ན་མ་ཐོ་བ་ལས་ཆུང་བ་སྦོམ་པོ་ལ་སོགས་པས་སྐུར་ན་འབྲི་བའི་ཉེས་པ་སྟེ་ཉེས་བྱས་ལྟ་བུར་
འགྱུར་བའོ། །ཐེ་ཚོམ་ཟ་བཞིན་དུ་འཇུག་པའོ་ཆོག་ནི་ཆེད་དུ་བསམས་པའོ་ཞེས་པ་ནི་མ་ཡིན་པ་ཡིན་ནམ་མ་ཡིན། དགྲ་བཅོམ་པ་ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་ཡོད་བཞིན་དུ་གང་ཡིན་ཡང་བླ་ཞེས་མདའ་འཕངས་པ་ལྟ་བུ་ལ་སོགས་པས་བསད་ན་ཤི་བའི་དངོས་གང་ཡིན་པ་བཞིན་དུ་ཉེས་པར་
འགྱུར་བར་སྟོན་པའོ། །སྦྱོར་བ་ནི་འདུ་ཤེས་ཀྱི་ཡན་ལག་གོ་ཞེས་པ་ནི་དོན་དེ་ཉིད་མ་ཡིན་ལ་འདུ་ཤེས་སྦྱོར་ན་འདུ་ཤེས་དེ་སྦྱོར་བའི་ཡན་ལག་དུ་སྟོན་པ་སྟེ། དངོས་སུ་ནི་བྱོལ་སོང་ལ་མིའི་འདུ་ཤེས་ཀྱིས་གསོད་ན་སྦྱོར་བའི་ཚེ་སྦོམ་པོར་འགྱུར་བ་དང་། མི་མ་ཡིན་པ་ལ་མིར་འདུ་ཤེས་
เล่ม ๑๖๔ · หน้า 166b
ན་ཡང་སྦོམ་པོར་འགྱུར་བ་ལྟ་བུ་ལ་སོགས་པ་སྟེ་མ་བྱིན་པར་ལེན་པ་ལ་ཡང་འདི་བཞིན་དུ་སྦྱར་རོ། །ཆེད་དུ་བྱ་བ་ནི་དེ་ཉིད་ནའོ་ཞེས་པ་ནི་ཆེད་དུའང་བསམས་ལ་དངོས་པོའང་དེ་ཉིད་ཡིན་ན་ཉེས་པ་རངས་པར་སྟོན་པ་སྟེ་མི་གཉིས་ལ་འཁོད་པ་གཅིག་གསོད་པར་འཕང་འཕང་བ་ལས་གཅིག་ལ་ཕོག་པ་དང་།
དགྲ་བཅོམ་པ་དང་། ཕ་མ་གསོད་པར་བཤམས་བཤམས་པ་ལས་དགྲ་བཅོམ་པ་དང་། ཕ་མ་མ་ཡིན་པ་གསོད་པ་དང་། མི་གསད་པར་བྱ་བྱ་བ་ལས་མི་མ་ཡིན་གསོད་པ་དང་། བྱོལ་སོང་གསད་པར་བྱ་བྱ་བ་ལས་མི་གསོད་པ་ལྟ་བུ་བསམས་པ་དང་དངོས་སུ་འགལ་བ་མ་ཡིན་ན་གདོད་ཉེས་པར་སྟོན་
པའོ། དེ་འགྲེལ་བ་ནི་མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་ནི་མ་ཡིན་ཞེས་པ་ཡིན་ཏེ་བུད་མེད་དེ་ནོར་ཏེ་མི་ཚངས་སྤྱད་པ་དང་ཁུ་བ་དབྱུང་བའི་གནས་ནོར་ཏེ་ཕྱུང་བ་ལྟ་བུ་ནི་དགའ་བའི་ཉམས་མྱོང་བར་འདྲ་བའི་ཕྱིར་མདོ་གོང་མ་ལྟ་བུ་དང་སྦྱར་དུ་མི་རུང་བར་སྟོན་པའོ། །མི་བདེ་བ་ཐོས་པ་ཡང་ངོ་ཞེས་པ་ནི་
བརྫུན་སྨྲས་ན་ཉན་པ་ནོར་ཀྱང་མི་བརྩན་བར་སྟོན་པ་སྟེ་ལྷ་སྦྱིན་ལ་བརྫུན་བྱའོ་བར་བསམས་ཏེ་སྨྲས་པ་ལས་མི་སྦྱིན་ལ་སྨྲས་ཏེ་ནོར་བ་ལྟ་བུ་གང་ལ་སྨྲས་སུ་ཟིན་ཀྱང་འདུ་ཤེས་བཅབས་པའི་བརྫུན་དུ་འདྲ་བས་ན་བརྫུན་སྨྲ་བའི་ཡུལ་ནོར་བ་ཡང་མདོ་གོང་མ་དང་སྦྱར་དུ་མི་རུང་བར་སྟོན་པའོ། །ཡན་ལག་
ཐམས་ཅད་གཟུང་དུ་ཡོད་པར་འོས་པ་ནི་བསྟེན་པར་བཟོད་པའོ་ཞེས་པ་ནི་མི་ཚངས་པར་སྤྱོད་པ་དང་རེག་པ་ལྟ་བུ་ཡན་ལག་ཐམས་ཅད་ཀྱི་སྐུད་དུ་ཡོད་ཅིང་ལུས་ཀྱི་རྐྱེན་དུ་བབ་ན་བསྟེན་བཟོད་པའི་ཕྱིར་ཉེས་པ་རངས་པར་འགྱུར་བའོ། །ཕྱི་མ་ནི་གཞན་ན་འབྲི་ཞེས་པ་ནི་འདི་ནས་རྒྱས་པར་སྨྲ་བ་རྫོགས་
པའི་བར་དུ་སྨོས་པ་རྣམས་དཀྱུས་ནས་འབྱུང་བ་བཞིན་དུ་མ་ཡིན་ན་ཉེས་པ་འབྲི་བར་སྟོན་པའོ། །དེ་ལས་ཡང་དུ་མས་བསྐལ་ནའོ་ཞེས་པ་ནི་འདི་འང་གོང་མ་བཞིན་དུ་རྩིས་མགོ་ལྟ་བུར་སྟོན་པ་སྟེ་འོག་ནས་འབྱུང་བ་རྣམས་ལས་ཡན་ལག་རེ་རེས་མ་ཚང་ན་ན་རེ་འབྲི་བར་འགྱུར། ཡན་ལག་ཕལ་
ཆེར་མ་ཚང་ན་འབྲི་བ་ལས་ཀྱང་འབྲི་བར་སྟོན་པའོ། །མི་ལས་བབ་པོ་སོང་ན་ཡང་ངོ་ཞེས་པ་ནི་བསླབ་པའི་གཞི་མིའི་བུད་མེད་ལས་བཅའ་སྟེ་གསུངས་པ་རྣམས་བྱོལ་སོང་ལ་བྱས་ཤིང་སྤྱད་ན་ཡང་ན་རེས་འབྲི་བར་སྟོན་པ་སྟེ་མ་ཡིན་གྱི་བུད་མེད་ལ་རེག་ན་ལྷག་མའི་སྦོམ་པོར་འགྱུར་བ་དང་།
เล่ม ๑๖๔ · หน้า 167a
བྱོལ་སོང་མོ་ལ་རེག་ན་ཉེས་བྱས་སུ་འགྱུར་བ་བཞིན་དུ་སྨྱེ་ཚིག་དང་ཀུན་སྤྱོད་སྨྲ་བ་ལ་སོགས་པ་ཡང་དེ་ལྟར་རིག་པར་བྱའོ། །དེ་ལ་མི་ཚངས་པར་སྤྱོད་པ་ནི་མ་གཏོགས་སོ། །འཕྲུལ་གྱི་ཆོས་ཅན་མ་ཡིན་ལ་རེག་པ་ན་མ་གཏོགས་པ་ནི་ཡན་ལག་གོ་ཞེས་པ་ནི་རེག་པའི་ཚེ་མ་
གཏོགས་པ་སྨྱེ་ཚིག་དང་ཀུན་སྤྱོད་ལ་སོགས་པར་འཕྲུལ་དང་ལྡན་པ་མ་ཡིན་ལ་བྱས་ན་གདོད་ཡན་ལག་ཏུ་འགྱུར་བར་སྟོན་པའོ། །མ་ཉམས་པ་ལ་རེག་ནའོ་ཞེས་པ་རྨ་ལ་སོགས་པའི་ནད་ཀྱིས་ཉམས་པ་ལ་རེག་ན་དགེ་སློང་ཕ་ནི་ལྷག་མའི་སྦོམ་པོའོ། །དགེ་སློང་མའི་ནི་ཕལ་པའི་སྦོམ་པོར་
འགྱུར་བ་དང་། རེག་པར་བྱ་བ་དང་རེག་པ་གཉི་ག་ཉམས་ན་ཉེས་བྱས་སུ་འབྲི་བ་ལྟ་བུར་སྟོན་པའོ། །ག་ག་ཚིལ་ཡང་ངོ་ཞེས་པ་ནི་ག་ག་ཚིལ་བྱེད་པ་ཡང་གོང་མ་དང་འདྲ་བར་ཡ་རེ་ཉམས་པ་གཉི་ག་ཉམས་ན་འབྲི་བ་དང་འབྲི་བའི་ཡང་འབྲི་བ་སྟོན་པའོ། །སེན་མོ་རྣོ་ཤ་མེད་པའི་རུས་པས་
སྤུ་རྣམས་ནི་གཞན་བཞིན་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ལྟ་བུར་རེག་གམ་ག་ག་ཚིལ་བྱེད་ན་གོང་དུ་མ་ཉམས་པ་ཞེས་སྨོས་པ་ལས་གཞན་པ་སྟེ་ཉམས་པ་དང་འདྲ་བར་སྟོན་པའོ། །མིའི་རྒྱུད་ནི་གཙིགས་པར་བྱ་བའོ་ཞེས་པའི་མིའི་རྒྱུད་ལས་བསླབ་པར་བཙས་པ་རྣམས་མི་ཡིན་ན་
གདོད་ཚིགས་སུ་རུང་ཞིང་ཉེས་པ་རངས་པར་འགྱུར་གྱི་མ་ཡིན་པ་ལ་རེག་པ་དང་། སྨྱེ་ཚིག་སྨྲ་བ་དང་། གཡོག་ཏུ་བསྔགས་པ་དང་། གོས་སློང་བ་དང་། སྔར་འཕྲིགས་ནས་སློང་བ་དང་། མཚན་མ་བཏབ་པའི་ཁེ་སྤོགས་པ་དང་། ཉོ་ཚོང་དང་། སྐུད་པ་སློང་བ་དང་།
འདིས་རེག་པའི་སྐྱེས་པ་བྱས་ཏེ་ཆོས་སྟོན་པ་དང་། མཉམ་དུ་ཀློག་པ་དང་། གནས་ངན་ལེན་དང་། མི་ལས་བླ་མའི་ཆོས་སྨྲ་བ་དང་། སྐྱབས་ཡོད་པ་ན་འདུག་པ་དང་། བསོད་སྙོམས་ལན་གཉིས་དང་ཐུན་མོང་གི་གནས་དང་ལྷུང་བཟེད་གཉིས་སམ་གསུམ་ལས་ལྷག་པར་བླངས་པ་དང་།
བསོད་པ་ལས་སློང་བ་དང་། སྨྱེན་གནས་གཉིས་དང་། ཁྱིམ་གཅིག་ཏུ་ཉལ་བ་དང་། ལམ་དུ་འགྲོ་བ་དང་། སྒོ་གཏན་ལས་འདས་པ་རྣམས་བྱས་ཀྱང་ཉེས་པ་རངས་པར་མི་འགྱུར་བའོ། །རང་བཞིན་ཉམས་པ་མ་ཡིན་ཞེས་པ་ནི་སེམས་འཁྲུགས་པ་དང་། སྨྱོས་པ་དང་ནད་ཀྱིས་
เล่ม ๑๖๔ · หน้า 167b
གཟིར་ན་མི་ཡིན་དུ་ཟིན་ཀྱང་ཤེས་པ་མི་གསལ་བའི་ཕྱིར་གཙིགས་པར་མི་རུང་ཞིང་ཉེས་པ་རངས་པར་མི་འགྱུར་བར་སྟོན་པ་སྟེ། སྨྱན་གྱིས་མནོས་པ་དང་། བསྙད་པ་དང་། སླར་སློས་པ་རྣམས་དང་རྩ་བ་མེད་པ་དང་ཆས་སྐུར་བ་དང་། མཚན་མ་བཏབ་པའི་ཁེ་སྤོགས་པ་དང་། ཉོ་
ཚོང་དང་སྐྱོན་ནས་འབོད་པ་དང་། རྩོད་པ་ཞི་བའི་སྐྱོ་སྔོགས་བྱེད་པ་དང་། འདིས་རིག་པའི་སྐྱེས་པ་བྱས་ཏེ་ཆོས་སྟོན་པ་དང་། ལྷན་ཅིག་ཏུ་ཀློག་པ་དང་། མི་ལས་བླ་མའི་ཆོས་སྨྲ་བ་དང་རྙེད་པ་བདག་གིར་བསྔོས་སོ་ཞེས་བསྒྱུར་བ་དང་། བསླབ་པ་ཁྱད་དུ་གསོད་པ་དང་། དཔྱས་དང་
གཞོགས་དཔྱས་བྱེད་པ་དང་། ཚིག་ཁྱད་དུ་གསོད་པ་དང་། འབྱིན་པ་དང་དགེ་སློང་མ་ལ་སྟོན་པ་དང་། ཟས་ཅུང་ཟད་ཀྱི་ཕྱིར་རོ་ཞེས་སྐུར་པ་དང་། ཆོས་གོས་བྱིན་ཞིང་བྱེད་པ་དང་། དགེ་སློང་མ་དང་ལམ་དང་གྲུར་འགྲོ་བ་དང་། དབེན་པ་ན་འདུག་པ་དང་། བོས་པ་ཟ་བ་དང་། ཐུན་
མོང་གི་གནས་སུ་ཟ་བ་གཉིས་ཟ་བ་དང་། སྨྱན་གནས་གཉིས་དང་གཡུལ་ལྟ་བ་དང་བསྡིགས་པ་དང་། ཡོ་བྱད་སྦེད་པ་དང་། བྱིན་ནས་ཐུག་ཐུབ་ཏུ་བྱེད་པ་དང་། སྐུར་བ་དང་། རྐུན་པོ་འགྲོགས་པ་རྣམས་ཀྱང་ཉེས་པ་རངས་པར་མི་འགྱུར་བའོ། །མ་ནིང་དང་མཚན་གཉིས་ཀྱང་དེ་
བཞིན་ཞེས་པ་ནི་མ་ནིང་དང་མཚན་གཉིས་ཀྱང་གོང་དུ་སྨོས་པའི་རང་བཞིན་ཉམས་པ་དང་འདྲ་བར་སྟོན་པ་སྟེ། གཞན་གྱི་ཉམས་སུ་དེའི་ལུས་ཀྱི་རོ་དང་འདྲ། དེའི་སེམས་ནི་བསླབ་པ་དང་འདྲ་བར་སྣང་བའི་ཕྱིར་ཏེ། མ་ནིང་དང་མཚན་གཉིས་ཀྱི་ཁྱིམ་དུ་གོས་བསླངས་སམ།
དེས་བཏགས་སམ། དེའི་སྨྱན་གནས་ན་འདུག་ཅིང་འགྲེང་ངམ། དེ་ལ་རྡེག་ཅིང་གཟས་པས་ཁྱིམ་དུ་ལྷན་ཅིག་ཉལ་ལམ། ལྷན་ཅིག་ཏུ་འགྲོགས་པ་ལ་སོགས་པ་ཉེས་པ་རངས་པར་མི་འགྱུར་བའོ། །རེག་པ་ནི་གཙིགས་པ་བཞིན་ཞེས་པ་ནི་གཙིགས་པ་མ་ཡིན་ལ། སྨྱེ་
ཚིག་ལ་སོགས་པ་སྨྲས་ཤིང་བྱས་པ་ནི་ཉེས་པ་རངས་པར་མི་འགྱུར་གྱི་རེག་པ་ནི་གཙིགས་པ་མ་ཡིན་ཏེ། སྨྱོས་པ་ལ་སོགས་པ་ལ་རེག་ན་བདེ་བ་རེག་དུ་བཏུབ་པས་ཉེས་པ་རངས་པར་དོགས་པ་བསྩལ་བའི་ཕྱིར་སྟོན་པ་སྟེ། གཙིགས་པ་མ་ཡིན་པ་ལ་རེག་པ་ཡང་འབྲི་བར་སྟོན་པའོ། །
เล่ม ๑๖๔ · หน้า 168a
ཕྱིའི་རབ་ཏུ་བྱུང་བ་དང་། མ་སྐྱེས་ཤིང་ཉམས་པ་ནི་ཁྱིམ་པའི་ཕྱེད་དོ་ཞེས་པ་ནི་བདག་ཅག་མ་ཡིན་པའི་རབ་ཏུ་བྱུང་བ་དང་བདག་ཅག་གི་རབ་ཏུ་བྱུང་བ་ལ་ཡང་མ་སྐྱེས་ཤིང་ཉམས་པ་ནི་ཁྱིམ་པའི་ཕྱེད་ཡིན་བར་སྟོན་པ་སྟེ། འདི་དག་ལས་གོས་བླངས་སམ། འདི་དག་
སྦྱིན་བདག་དང་ཕོ་ཉ་དང་ཞལ་ཏ་ཡིན་ནམ། དེ་དག་གིས་ཐུན་མོང་དུ་གཙིགས་པའི་གནས་སུ་ཟ་མ་གཉིས་ཟོས་སམ་དེ་དག་དང་ཁེ་སྤོགས་དང་ཉོ་ཚོང་བྱས་སམ་ལྷུང་བཟེད་གཉིས་གསུམ་ལས་ལྷག་པར་བླངས་སམ་སྨྱེན་གནས་ན་འདུག་ཅིང་འགྲེང་ངམ་དེ་དག་གི་ཁྱིམ་དུ་ཟན་བཅད་
པ་ལ་སོགས་པ་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །བསྙེན་པར་རྫོགས་པ་མ་ཉམས་པ་ནི་དགེ་སློང་དང་དགེ་སློང་མའི་འོ་ཞེས་པ་ནི་དགེ་སློང་དང་དགེ་སློང་མ་ལ་བརྟེན་ཏེ་བསླབ་པ་བཅས་པ་ནི་དགེ་ཚུལ་དང་དགེ་སློང་མ་ཡིན་ཏེ། བསྙེན་པར་ཡང་རྫོགས་ལ། དགེ་སློང་གི་
ངོ་བོ་ལས་ཀྱང་མ་གྱུར་ཏེ་བསླབ་པ་མ་ཉམས་ན་གདོད་བསླབ་པའི་རྟེན་དུ་རུང་བར་སྟོན་པ་སྟེ། བསྙེན་པར་མ་རྫོགས་པ་དང་། ཉམས་པ་གོས་འཁྲུར་བཅུག་གམ། དེ་ལས་གོས་བླངས་སམ། བྱིན་ནས་ཕྲོགས་སམ། སྐྱོན་ནས་བོས་སམ། ཕྲ་མ་དང་སྐྱོ་སྔོགས་དང་། གནས་ངན་
ལེན་དང་། མི་ལས་བླ་མའི་ཆོས་སྨྲ་བ་དང་། དེ་དག་གི་རྙེད་པ་ལོག་པར་བསྔོས་སོ་ཞེས་སྐུར་བ་དང་། དེ་དག་བསླབ་པ་ཁྱད་དུ་གསོད་པ་དང་དཔྱས་དང་གཞོགས་དཔྱས་བྱེད་པ་དང་། ཚིག་ཁྱད་དུ་གསོད་པ་དང་། དེ་དག་གི་གཙུག་ལག་ཁང་ན་མལ་ཆ་གདིང་བ་མི་བརྟུལ་བ་དང་། དགེ་
འདུན་གྱི་གཙུག་ལག་ཁང་དུ་དེ་དག་གི་གཙུག་ལག་ཁང་ནས་དགེ་སློང་འབྱིན་པ་དང་། རྐང་པ་འབྱུང་བ་དང་ཟླ་བའི་ཁྲི་ལ་འདུག་པ་དང་། ཉམས་པའི་དགེ་སློང་མ་ལ་ཆོས་སྟོན་པ་ཟས་ཅུང་ཟད་ཀྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་དང་། ཆོས་གོས་བྱིན་ཞིང་བྱེད་པ་དང་། ལམ་
དང་གྲུར་འགྲོགས་པ་དང་། དབེན་པ་ན་འདུག་པ་དང་སྦྱོར་དུ་བཅུག་པ་དང་། རྡེག་པ་དང་གཟས་པ་དང་། གནས་ངན་ལེན་འཆབ་པ་དང་། ཟས་གཅོད་པ་དང་། དད་པ་སླར་ལེན་པ་དང་། ཐེ་ཚོམ་སྐུར་བ་དང་། ག་ག་ཚིལ་བྱེད་པ་དང་། བསྡིགས་པ་དང་། ཡོ་བྱད་
เล่ม ๑๖๔ · หน้า 168b
སྦེད་པ་དང་། བྱིན་ནས་ཐུག་ཐུབ་ཏུ་བྱེད་པ་དང་། སྐུར་པ་དང་། བསླབ་པ་བསྟན་ན་མི་ཉན་པ་དང་། རྩོད་པ་ཞི་བར་བྱེད་པ་ལ་ཉན་རྣ་བྱེད་པ་དང་། གྲོང་བར་དུ་བསོད་སྙོམས་ལེན་པ་དང་ངོས་མགྲོན་བྱེད་པ་མ་བཟློག་པར་ཟོས་པ་རྣམས་བྱས་ཀྱང་ཉེས་པ་རངས་པར་མི་འགྱུར་བའོ། །
མཚན་དང་ཁས་བླངས་པ་ནི་ཉིད་ཀྱི་ཕྱོགས་སུ་འགྲུབ་པའོ་ཞེས་པ་ནི་མཚན་གཅིག་པ་དང་ཁས་བླངས་པའི་ཕྱོགས་སུ་གྱུར་པ་རྣམས་རང་རང་གི་འཁོར་ཏམ་ཕྱོགས་ལས་བསླབ་པའི་རྟེན་དུ་འགྱུར་གྱི། དེ་མ་ཡིན་པ་ལས་མི་འགྱུར་བར་སྟོན་པ་སྟེ་སྐྱོན་ནས་སྨྲ་བ་དང་། ཕྲ་མ་བྱེད་པ་དང་
སྐྱོ་སྔོགས་བྱེད་པ་དང་། ལྷན་ཅིག་ཏུ་ཀློག་པ་དང་། གནས་ངན་ལེན་བརྗོད་པ་དང་། ལོག་པར་བསྔོས་སོ་ཞེས་སྐུར་བ་དང་། འབྱིན་པ་དང་བསླབ་པ་ཁྱད་དུ་གསོད་པ་དང་། མལ་ཆ་མི་བརྟུལ་བར་འགྲོ་བ་དང་། རྐང་པ་འབྱུང་བླ་བའི་ཁྲི་ལ་འདུག་པ་དང་། ཆོས་གོས་
བྱིན་ཞིང་བྱས་པ་དང་། རྡེག་ཅིང་གཟས་པ་ལ་སོགས་པའོ། །དེར་གཏོགས་པ་ལས་ཁྱིམ་པ་ནི་འབྲི་བའི་མཚན་མ་ཅན་ནོ་ཞེས་པ་ནི་དགེ་སློང་དང་དགེ་སློང་མ་ལ་བརྟེན་ཏེ་བསླབ་པ་བཅས་པ་རྣམས་ཁྱིམ་པ་ལ་བྱས་ཤིང་བསྒྲུབས་ན་ཡང་ཉེས་པའི་ཤས་ཡོད་པར་སྟོན་པ་སྟེ།
ཁྱིམ་པ་ལ་རྩ་བ་མེད་པ་དང་། ཆས་སྐུར་བ་དང་། སྐྱོན་ནས་འབོད་ཅིང་ཕྲ་མ་ཟེར་བ་དང་། འཕྱ་བ་དང་། ཁྱིམ་པའི་མལ་ཆ་མ་བརྟུལ་བར་སོང་བ་དང་། ཁྱིམ་པ་འབྱིན་པ་དང་། དེ་ལ་རྡེག་ཅིང་བསྡིགས་པ་དང་། ཟན་གཅོད་ཅིང་ཐེ་ཚོམ་སྐུར་བ་དང་། ག་ག་ཚིལ་བྱེད་པ་ལ་
སོགས་པ་ཉེས་བྱས་སུ་འགྱུར་བའོ། །མི་མ་ཡིན་གྱི་ཁྱིམ་པ་ལ་འདི་དག་བྱས་པ་ནི་འབྲི་བའི་ཡང་འབྲི་བར་འགྱུར་རོ། །རབ་ཏུ་བྱུང་བའི་རྫས་ནི་རུང་བ་དང་ཚད་ལ་བབ་པ་ལ་སོགས་པ་ནའོ་ཞེས་པ་ནི་རབ་ཏུ་བྱུང་བའི་རྫས་ལ་བརྟེན་ཏེ་བསླབ་པ་བཅས་པ་རྣམས་ནི་རབ་ཏུ་བྱུང་བའི་རྫས་
རུང་ཞིང་ཚད་ལ་བབ་པ་ཞིག་ན་གདོད་བསླབ་པ་བཅས་པ་གཞན་དུ་འགྱུར་གྱི་དེ་མ་ཡིན་ན། དེ་ལྟར་མི་འགྱུར་བར་སྟོན་པ་སྟེ། རྔ་བལ་ལ་སོགས་པ་ལས་བྱས་པའི་གོས་བྱིན་གྱིས་བརླབས་པ་ལས་བྲལ་བ་དང་དེ་ལྟ་བུ་ཞག་བཅུ་ལས་ལྷག་པར་བཅངས་པ་དང་། གཉེན་མ་ཡིན་
เล่ม ๑๖๔ · หน้า 169a
བའི་དགེ་སློང་མ་འཁྲུར་བཅུག་པ་དང་། འདི་ལྟ་བུ་དེ་ལས་བླངས་པ་དང་། སྲིན་བལ་དང་གསོ་མ་ལ་སོགས་པར་བསྲེགས་པ་དང་། སོ་མ་བཏང་བ་དང་མ་བཙོས་པའི་ལྷུང་བཟེད་ཞག་བཅུ་ལས་འདས་པར་བཅངས་པ་དང་འཐག་ཏུ་བཅུག་པ་དང་། ཁ་ཆོས་
བྱེད་པ་དང་། བྱིན་ནས་ཕྲོགས་པ་དང་། གསེར་དངུལ་གྱི་ཁབ་རལ་དང་། ཁྲི་ལ་སོགས་པ་འདི་དག་བྱས་སུ་ཟིན་ཀྱང་ཉེས་པ་རངས་པར་མི་འགྱུར་བའོ། །བདག་གི་དོན་ཏམ་ཆེད་དང་ལྡན་ནའོ་ཞེས་པ་ནི་བདག་ཉིད་ཀྱི་དོན་ཆེད་མ་ཡིན་ན་ཕ་རོལ་གཞན་གྱི་ཕྱིར་སྨྱེ་ཚིག་དང་། གཡོག་ཏུ་
བསྔགས་པ་དང་འཁྲུ་ཞིང་རྨེལ་བཅུག་པ་གོས་སློང་ཞིང་ལྷུང་བཟེད་ཚོལ་བ་དང་། སྲིན་བལ་གྱི་སྟན་བྱེད་པ་ལ་སོགས་པ་ཉེས་པ་རངས་པར་མི་འགྱུར་བའོ། །བརྗོད་པ་ན་དོན་གོ་ནའོ་ཞེས་པ་ནི་ཚིག་ཏུ་བརྗོད་པ་ལས་བཅས་པའི་བསླབ་པ་རྣམས་ནི་ཕ་རོལ་གྱིས་དོན་གོ་ན་གདོད་
ཉེས་པར་འགྱུར་བར་སྟོན་པ་སྟེ། གཉིད་ལོག་པ་དང་སྙོམས་པར་ཞུགས་པ་དང་། གླེན་པ་དང་། འོན་པ་དང་། སྐད་མི་ཤེས་པ་རྣམས་ལ་སྨྱེན་ཚིག་དང་བསྔོགས་པ་དང་། མཚན་མ་བཏབ་པ་ཁེ་སྤོགས་བྱེད་པ་འཐག་ཏུ་འཇུག་པ་དང་། སྐྱོན་ནས་འབོད་པ་དང་ཕྲ་མ་ཟེར་བ་དང་། སྐྱོ་
སྔོགས་བྱེད་པ་དང་། ཆོས་འཆད་པ་དང་། ཀློག་པ་དང་། ལོག་པར་བསྔོས་སོ་ཞེས་སྐུར་བ་དང་། བསླབ་པ་ཁྱད་དུ་གསོད་པ་དང་། དཔྱས་དང་གཞོགས་དཔྱས་བྱེད་པ་དང་། ཚིག་ཁྱད་དུ་གསོད་པ་དང་། དགེ་སློང་མ་ལ་སྟོན་པ་དང་། ཟས་ཅུང་ཟད་ཀྱི་ཕྱིར་རོ་ཞེས་སྐུར་བ་དང་། ཐེ་ཚོམ་
སྐུར་པ་དང་། བསླབ་པ་སྟོན་པ་ལ་ཁ་ཚས་ཟེར་བ་ལ་སོགས་པ་བྱས་ཀྱང་ཉེས་པ་རངས་པར་མི་འགྱུར་བའོ། །གསོད་པ་དང་ཉིད་ཀྱི་ཕྱིར་འཕྲོགས་པ་མ་གཏོགས་པ་ནི་སྨྲ་ནུས་ནའོ་ཞེས་པ་ནི་རྣམ་པ་འདི་གཉིས་ནི་སྨྲ་མི་ཤེས་པའི་གླེན་ལྐུགས་པ་ལ་སོགས་པ་བྱེད་དུ་བཅུག་ན་ཡང་ཉེས་པར་
འགྱུར་གྱི། སྨྲ་བ་ལས་བཅས་པའི་བསླབ་པ་གཞན་ནི་སྨྲ་ཤེས་པ་ལ་བྱས་ན་གདོད་ཉེས་པར་འགྱུར་བ་སྟེ། ལྐུགས་པ་ལ་རྩ་བ་མེད་པ་ཆས་སྐུར་ཏམ་མཚན་མ་ཅན་གྱི་ཁེ་སྤོགས་དང་། ཉོ་ཚོང་བྱེད་དམ་འཐག་ཏུ་བཅུག་གམ་སྐྱོན་སྨྲ་ཞིང་ཕྲ་མ་ཟེར་རམ། སྐྱོ་སྔོགས་དང་སྟོན་ཅིང་ཀློག་
เล่ม ๑๖๔ · หน้า 169b
པ་དང་། མི་ལས་བླ་མའི་ཆོས་སྨྲ་བ་དང་། ལོག་པར་བསྔོས་སོ་ཞེས་སྐུར་པ་དང་། བསླབ་པ་ཁྱད་དུ་གསོད་པ་དང་། དཔྱས་དང་གཞོགས་དཔྱས་བྱེད་པ་དང་། དགེ་སློང་མ་ལ་སྟོན་པ་ལ་སོགས་པའོ། །ནོད་པ་ནི་དེ་ལ་མ་ཡིན་ཞེས་པ་ནི་འདི་བྱ་བ་འདི་མི་བྱའོ་ཞེས་དམ་འཆའ་བའམ། བསླབ་
པ་ནོད་པ་ནི་སྨྲ་ནུས་ན་གདོད་དགེ་བ་དང་མི་དགེ་བ་སྐྱེའི། སྨྲ་མ་ནུས་ན་མི་སྐྱེའོ་ཞེས་བྱ་བ་མེད་པར་སྟོན་པའོ། །སྣོད་ཡིན་ནའོ་ཞེས་པ་ནི་བརྗོད་པར་བྱ་བའི་བསླབ་པ་རྣམས་སྨྲས་པའི་དོན་གོ་ཞིང་སྨྲ་བའི་སྣོད་ཡིན་ན། གདོད་སྨྲ་བའི་ཡན་ལག་ཏུ་འགྱུར་བར་སྟོན་པའོ། །དེ་ནི་གོང་དུའང་བསྟན་
ན་བསླས་ཅི་དགོས་ཤེ་ན། དོན་དུ་ནི་གོང་མ་དང་ཐ་དད་མེད་མོད་ཀྱི། སྨྲས་པ་རྣམས་དོན་མེད་པ་མ་ཡིན་ཞིང་སྨྲ་བའི་རྐྱེན་དུ་བབ་པ་ཞིག་ན། གདོད་ཉེས་པ་རངས་པར་སྟོན་པའོ། །བཤམས་ཤིང་མཐོལ་བའི་བྱེ་བྲག་གསལ་པོར་དབྱེ་བར་དགོས་པའི་ཕྱིར་ཡང་འདི་སྐད་དུ་སྨོས་པ་ཡིན་ནོ། །
ཚིག་ནའོ་ཞེས་པ་ནི་སྨྲ་བར་བྱ་བའི་བསླབ་པ་རྣམས་ཡི་གེའམ། ལག་བརྡས་མ་ཡིན་གྱི་ངག་གམ་ཚིག་ཏུ་ཕྱུང་ན་གདོད་ཡན་ལག་ཏུ་འགྱུར་བར་སྟོན་པ་སྟེ། ཡི་གེའམ་ལག་བརྡས་སྨྱེ་ཚིག་དང་བསྔགས་པ་དང་། རྩ་བ་མེད་པ་དང་། ཆས་སྐུར་བ་དང་། འཁྲུ་བ་དང་། ལེན་པ་དང་།
གོས་སློང་བ་དང་། འཐག་ཏུ་འཇུག་པ་དང་། འཕྲོག་པ་དང་། བརྫུན་དང་། སྐྱོན་ནས་འབོད་པ་དང་། ཕྲ་མ་ཟེར་བ་ལ་སོགས་པའོ། །བདག་གིས་ནའོ་ཞེས་པ་ནི་བདག་གིས་སྨྲས་པའི་ཚིག་ཡིན་ན་གདོད་ཡན་ལག་ཏུ་འགྱུར་བ་སྟེ། སྨྱེ་ཚིག་དང་བསྔགས་པ་ལ་སོགས་པ་
གོང་དུ་སྨོས་པ་རྣམས་སྨྲས་ན་གདོད་ཉེས་པར་འགྱུར་བའོ། །བདག་དང་ལྡན་པར་ནའོ་ཞེས་པ་ནི་གཞན་མ་གུད་ཅིག་འདི་སྐད་དུ་ཟེར་རོ་ཞེས་ཁུངས་གུད་དུ་ཕྱུང་བའམ། བདག་ཉིད་མ་སྨོས་ན་ཉེས་པ་རངས་པར་མི་འགྱུར་གྱི་བདག་ཉིད་སྨོས་ན་གདོད་ཉེས་པར་འགྱུར་བ་སྟེ་ཁུངས་
གཞན་དུ་ཕྱུང་ཞིང་སྨྱེ་ཚིག་དང་བསྔགས་པ་དང་། གོས་འཁྲུ་བ་དང་། བླངས་པ་དང་། གོས་སློང་བ་དང་། ལྷུང་བཟེད་འཚོལ་བ་དང་། འཐག་ཏུ་བཅུག་པ་དང་། འཕྲོག་པ་དང་། སྐྱོན་ནས་འབོད་པ་དང་། སྐྱོ་སྔོགས་དང་། འཆད་པ་དང་གནས་ངན་ལེན་བརྗོད་
เล่ม ๑๖๔ · หน้า 170a
པ་དང་། མི་ལས་བླ་མའི་ཆོས་སྨྲ་བ་དང་། བསླབ་པ་ཁྱད་དུ་གསོད་པ་དང་། ལོག་པར་བསྔོས་སོ་ཞེས་སྐུར་བ་དང་། ཤིང་གཅོད་པ་དང་། དཔྱས་དང་གཞོགས་དཔྱས་བྱེད་པ་ལ་སོགས་པའོ། །ཉིད་ཀྱིས་ཞལ་ཏ་བྱས་ནའོ་ཞེས་པ་ནི་གསོད་པ་དང་ཉིད་ཀྱི་ཕྱིར་
འཕྲོགས་པ་མ་གཏོགས་པར་གཞན་ཐམས་ཅད་ཉིད་ཀྱིས་ཞལ་ཏར་བྱས་ཏེ་བསྒྲུབས་ན་གདོད་ཉེས་པར་འགྱུར་བ་སྟེ། ཤིང་གཅོད་པ་དང་། ཕ་གུ་རིམ་གསུམ་ལས་ལྷག་པར་བརྩིགས་པ་དང་། རིན་པོ་ཆེ་ལེན་ཅིང་ལེན་དུ་འཇུག་པ་དང་། ཤིང་བལ་གྱིས་སྐུད་པ་ལ་སོགས་པའོ། །
ཕལ་ཆེར་རྣམ་པར་འབྱེད་པར་གཏོགས་པའི་རྒྱས་པར་སྨྲས་པ་རྫོགས་སོ།། །།རྣམ་པར་འབྱེད་པ་ལ་སོགས་པར་གཏོགས་པ་རྣམས་དེ་ལྟར་རྒྱས་པར་བསྟན་ཟིན་ནས། ད་ནི་དངོས་པོར་གཏོགས་པ་རྣམས་སྟོན་ཏོ། །དེ་ལ་དང་པོ་ཉིད་ནི་གསོ་སྦྱིན་གྱི་དངོས་པོ་ཇེ་སྟོན་ཏེ། དེ་ལ་ཡང་
ཞི་བ་དང་། འདུ་བའི་གསོ་སྦྱིན་རྣམ་པ་གཉིས་ཡོད་དེ། གཙོ་བོ་ཡིན་བ་དང་། བླ་མའི་ཕྱིར་ཞི་བའི་གསོ་སྦྱིན་དང་པོར་ཇེ་སྟོན་པ་ནི། སྤྱོད་ཡུལ་ལ་ཞུགས་པ་ནི་རྣལ་འབྱོར་མི་སྒོམ་ཞེས་པ་ལ་སོགས་པ་ཡིན་ཏེ། བསོད་སྙོམས་ལ་སོགས་པའི་སྤྱོད་ཡུལ་ལ་ཞུགས་པ་གླང་པོ་ལ་སོགས་དང་
ཐུག་ཕྲད་དུ་འགྱུར་ཞིང་། ལས་སུ་བྱ་བ་རྣམས་ལ་གཅོད་པའི་ཕྱིར་རྣལ་འབྱོར་མ་སྒོམ་ཤིག་པའོ། །འདྲུལ་བར་མ་ཡིན་ཞེས་པ་ནི་སྒོ་ཁང་དང་། ལམ་ཀ་ལ་སོགས་པ་འདྲུལ་ཟག་ཏུ་འགྱུར་བའི་གནས་སུའང་མ་སྒོམ་ཤིག་པའོ། །གཡེང་བ་དང་མི་བསྒྲུངས་པ་དང་འཕྱ་བ་རྣམས་
སྤང་བའི་ཚིགས་སོ་ཞེས་པ་ནི་གནས་འདི་ངག་ལྟ་བུའང་སྤོངས་ལ། རྣལ་འབྱོར་སྒོམས་ཤིག་པ་སྟེ། དེ་ལ་གཡེང་བ་ནི་ཅ་ཅོ་དང་འདུ་འཛི་མང་པོའི་གནས་སོ། །མི་བསྒྲུངས་པ་ནི་གཅན་གཟན་ལ་སོགས་པ་མི་བསྒྲུངས་པ་རྒྱུ་བའི་སའོ། །འཕྱ་བ་ཞེས་པ་ནི་གྲོང་ཁྱེར་དང་ཉེ་ཞེས་
དཔྱས་སུ་འགྱུར་བའི་སའོ། །གནས་དེ་དག་བཀོལ་ནས་གར་སྒོམ་ཞེ་ན། སྤོང་བའི་ཁང་པ་བརྩིགས་ཞེས་པ་ལ་སོགས་པ་ཡིན་ཏེ་དེ་ལྟ་བས་ན་སྤོང་བའི་ཁང་པ་ཆེད་དུ་གྱིས་ཤིག་པའོ། །ཁང་པའི་དབྱིབས་ཇི་ལྟ་བུ་བྱ་ཞེ་ན། གནས་ཁང་གཉིས་ཀྱི་བར་དུ་བར་ཁང་ངོ་ཞེས་པ་
เล่ม ๑๖๔ · หน้า 170b
ཡིན་ཏེ་ཁང་བུ་ཕར་ལྟ་ཚུར་ལྟ་བའི་བར་དུ་བར་ཁང་གྱིས་ཤིག་པའོ། །ལྔའམ་དྲུག་ཀྱང་ངོ་ཞེས་པ་ནི་བར་ཁང་དུ་ལྟ་བའི་གནས་ཁང་ངོས་གཅིག་ཀྱང་ལྔ་ལྔའམ་དྲུག་དྲུག་ཙམ་དུ་གྱིས་ཤིག་པ་སྟེ། གོང་མ་ཉུང་ན་འདི་ལྟར་གྱིས་ཤིག་པའོ། །སྒོ་དང་སྒོ་འཕར་དང་སྒྲ་མི་འབྱུང་བ་དང་
དྲང་བའི་ཐབས་རྣམས་ཀྱང་ངོ་ཞེས་པ་ནི་ཁང་པ་ལ་མིང་གིས་སྨོས་པ་བསྔོས་པ་འདི་དག་ལྟར་གྱིས་ཤིག་པའོ། །སུམ་ཆ་གཅིག་བཀོལ་བར་སྐུར་ཁུང་ཡང་ངོ་ཞེས་པ་ནི་རྩིག་པའི་སུམ་གཉིས་མར་བོར་སུམ་ཆ་གཅིག་ཡར་ལུས་པའི་སྐབས་སུ་སྐར་ཁུང་ཐོད་ཅིག་པའོ། །ཕྱི་
རུབ་ལ་ནང་ཡངས་ན་དགེའོ་ཞེས་པ་ནི་སྐར་ཁུང་གི་དབྱིབས་འདི་ལྟར་གྱིས་ཤིག་པའོ། །ཤར་བུ་དང་སྒོ་འཕར་དང་རྐེད་གཏན་དང་གཟེར་གཏན་དང་ཟུང་དང་ར་རྐང་གི་དབྱུག་པ་ཡང་ངོ་ཞེས་པ་ནི་ནང་དུ་ཕུག་རོན་ལ་སོགས་པ་མི་དགྱེ་བའི་ཕྱིར་ཤར་བུ་དང་། སྒོ་འཕར་དང་། གཏན་
པ་དང་གཅད་ཅིང་དབྱེ་བའི་ར་རྐང་དག་ཀྱང་ཤོམས་ཤིག་པའོ། །ཁང་པར་མི་ཤོང་ན་སྟེང་དུ་ཡང་ཏོག་ཀྱང་ངོ་ཞེས་པ་ནི་དགེ་སློང་མང་སྟེ་མི་ཤོང་ན་ཡང་ཐོག་ཀྱང་འདི་བཞིན་དུ་བརྩིགས་ཤིག་པའོ། །འཛེག་པའི་ཕྱིར་སྐས་ཀྱང་བྱ་ཞེས་པ་དང་། མི་ལྟུང་བའི་ཕྱིར་མུ་སྐོར་ཡང་བྱ་ཞེས་པ་
དང་། དེ་དག་མི་འཁྲུལ་བར་ལྕགས་གཟེར་གྱིས་གདབ་ཅེས་པ་ནི་ཡང་ཐོག་བརྩིགས་ན་ཐེམ་སྐས་དང་མུ་སྐོར་དག་ཀྱང་གྱིས་ཤིག་པའོ། །སྤོང་བའི་ཕྱི་རོལ་དུ་རྐང་པ་འམ་གནས་ཁང་དང་ར་ཞེས་པ་ནི་སྤོང་བའི་ཁང་པ་གོང་དུ་བསྟན་པའི་ཕྱིར་རྒྱབ་དུ་ཁང་པའམ་ཁང་ཕྲན་དང་ར་བར་གྱིས་ཤིག་
པའོ། །སྒོ་བྱང་སྟད་དུ་མི་བྱ་ཞེས་པ་ནི་བར་ཁང་དུ་ལྟ་བའི་གནས་ཁང་རྣམས་སྒོ་བྱང་སྟད་དུ་བབ་པར་མ་བྱེད་ཅིག་པའོ། །སྒོ་གང་བྱ་ཞེས་པ་ནི་སྤོང་བའི་ཁང་པ་དེའི་སྒོ་གང་ཡང་གྱིས་ཤིག་པའོ། །ཕུག་ཀྱང་ཞེས་པ་ནི་སྤོང་བའི་གནས་ཁང་ན་ཕུག་ཀྱང་གྱིས་ཤིག་པའོ། །དེར་འདུག་པའི་འཇིམ་
སྟེགས་ཀྱང་ངོ་ཞེས་པ་ནི་གནས་ཁང་ངམ་ཕུག་གི་ནང་དུ་དགེ་སློང་འཁོད་པའི་ས་འཇིམ་སྟེགས་གྱིས་ཤིག་པའོ། །ཁྲིའུ་ཡང་ངོ་ཞེས་པ་ནི་ཡང་ན་འཁོད་པའི་ས་ཁྲིའུར་གྱིས་ཤིག་པའོ། །དེའི་ངོས་བཞི་ཁྲུ་རེ་ཁོར་ཡུག་ནའོ་ཞེས་པ་ནི་ཁྲིའུ་ཆེ་ཆུང་གི་ཚད་དུ་སྟོན་པ་ཡིན་ཏེ་ངོས་འཇིག་ཅིང་ཡང་ཁྲུ་རེར་
เล่ม ๑๖๔ · หน้า 171a
གྱིས་ཤིག་པའོ། །བརྟག་པ་ནི་ལྔ་སྟེ་གྲེས་མ་གསོ་མ་བལ་བ་ཛ་ལྷས་མ་བསྭ། ཚལ་རྣམས་སོ་ཞེས་པ་ནི་ཁྲིའུ་བརྟག་པ་མིང་གིས་སྨོས་པ་འདི་རྣམས་གང་ཡང་རུང་བས་གྱིས་ཤིག་པའོ། །དེར་རློད་ཅན་གདིང་ཞེས་པ་ནི་ཁྲིའུ་དེའི་སྟེང་དུ་སྟན་རློད་ཅན་ཐིང་ཤིག་པའོ། །མཐོའི་འཁོར་
ལྷག་ནའོ་ཞེས་པ་ནི་ཁྲིའུའི་སྟེང་དུ་གདིང་བའི་སྟན་རློད་ཅན་དེ་མཐའ་ཁོར་ཡུག་དུ་ཁྲིའུ་ལས་མཐོ་གང་གིས་ལྷག་པར་བྱས་ན་བཟང་བར་སྟོན་པའོ། །ཨར་ཀ་དང་ཀཱ་ཤ་དང་ལྕང་མ་དང་ཤུ་དག་དང་། ཤལ་མ་ལའི་རྣམས་ཀྱི་བལ་གྱིས་དགང་ཞེས་པ་ནི་སྟན་རློད་ཅན་དུ་བྱ་བའི་ནང་ཚངས་མིང་གིས་སྨོས་
པ་འདི་དག་གང་ཡང་རུང་བས་གྱིས་ཤིག་པའོ། །བལ་ལམ་ཤ་ནའམ་ཤིང་བལ་ལམ་རས་རོས་སམ་ལོ་མ་རྣམས་ཀྱང་ངོ་ཞེས་པ་ནི་ཡང་ན་སྟན་གྱི་རློད་འདི་དག་གིས་བྱས་ཀྱང་རུང་བར་སྟོན་པའོ། །བཀོད་པ་བཞིན་དུ་གནས་པར་སྐབས་སྐབས་སུ་བྱ་རྗེས་བྱ་ཞེས་པ་ནི་རློད་དམ་ནང་ཚངས་དེ་དག་ངོས་
གཅིག་ཏུ་སྙིག་ཅིང་མི་འདྲུག་པར་བྱ་རྗེས་ལྟ་བུའི་སྐུད་ནན་གྱིས་ནོན་ཅིག་པའོ། །གཉིད་འོང་ན་བུམ་བུ་གདགས་ཞེས་པ་ནི་སྒོམ་པ་གཉིད་འོང་ན་ཤིང་ལ་སོགས་པ་ལ་བུམ་བུ་ལྟ་བུར་བྱས་པ་ཐོགས་ཤིག་པའོ། །གར་གདགས་ཤེ་ན། སྐུད་པས་རྣ་བ་ལ་དཔྱངས་ཞེས་པ་ཡིན་ཏེ་སྐུད་པས་ཐོགས་ལ་རྣ་བ་ལ་
དཔྱངས་ཤིག་པའོ། །ཤིག་གིས་མི་དྲག་པར་གཟུགས་ཞེས་པ་ནི་ཡུར་བ་ལ་ཡང་ན་ཐབས་འདི་ལྟར་གྱིས་ཤིག་པའོ། །མི་སྣད་པའི་ཕྱིར་ཁ་ད་ཆད་དུ་བྱ་ཞིང་ར་དས་དཀྲི་ཞེས་པ་ནི་མ་སྣད་པར་བྱ་བའི་ཕྱིར་ཤིང་དེའི་ཐོག་མའང་འདི་ལྟར་གྱིས་ཤིག་པའོ། །ཕོ་ལོང་འཕངས་ཞེས་པ་ནི་ཡུར་བ་ལ་ཡང་
ན་ཐབས་འདི་ལྟར་གྱིས་ཤིག་པའོ། །སླར་དྲང་བའི་ཕྱིར་སྐུད་པས་གདགས་ཞེས་པ་ནི་ཕོ་ལོང་དེ་ལ་སྲད་བུ་རིང་པོས་ཐོགས་ཤིག་པའོ། །མདུན་དུ་མེ་མར་གཞག་ཅེས་པ་ནི་ཡུར་བ་ལ་ཡང་ཐབས་འདི་ལྟར་གྱིས་ཤིག་པའོ། །རྐང་པ་དབབ་ཅེས་པ་དང་། ཡ་གཅིག་ཀྱང་ངོ་ཞེས་པ་ནི་ཡུར་ཏེ་མི་རུང་
ན་རྐང་པ་ཡ་གཅིག་དབབ་པའམ་གཉི་ག་དབབ་པར་གྱིས་ཤིག་པའོ། །བཅག་ཅེས་པ་ནི་ཡང་ན་ཆོགས་ཤིག་པའོ། །མི་འཁྱིམ་པའི་ཕྱིར་བྲིང་ལ་སྦུ་བུ་གདགས་པའམ་སྐུད་པས་གདགས་ཤིང་འཇུག་ཅེས་པ་ནི་འཆག་པའི་ཚེ་ཕན་ཚུན་དུ་འཁྱར་ཏེ་ལམ་མི་ཐུབ་ན་ཐབས་འདི་ལྟར་གྱིས་ཤིག་
เล่ม ๑๖๔ · หน้า 171b
པའོ། ལྷམ་བགོ་ཤིང་མི་བཅག་ཅེས་པ་ནི་རྐོ་ལོང་དུ་མི་འགྱུར་བའི་ཕྱིར་རོ། །རྐང་པ་ལ་རྡུལ་མི་འགོ་བར་བྱ་བའི་ཕྱིར་དྲེའུ་རྔོག་གདིང་ཞེས་པ་ནི་ཕན་ཚུན་འཆག་པའི་གཅལ་འདི་ལྟར་གྱིས་ཤིག་པའོ། །སྤོང་བའི་རྐང་པ་ཞག་གསུམ་ཞིང་བསྐུ་ཞེས་པ་ནི་སྤོང་བ་ལས་ཆེ་བའི་ཕྱིར་རོ། །དེས་
ཀྱང་མ་རློན་ན་ཉལ་ཞེས་པ་ནི་ཡུར་བ་ལ་ཐབས་གོང་མ་ལྟར་བྱ་སྟེ་འང་མ་སློན་ན་ཉོལ་ཅིག་པའོ། །སྒོ་གཅད་ནས་སོ་ཞེས་པ་ནི་ཉལ་བའི་སྒོ་ཆོད་ཅིག་པའོ། །ལོགས་ཀྱིས་ཕབ་སྟེ་ཡང་ངོ་ཞེས་པ་ནི་ལོགས་ཀྱིས་ཕབ་སྟེ་འང་ཉོལ་ཅིག་པའོ། །སྤོང་བའི་ཞལ་ཏ་བ་བསྒོ་ཞེས་པ་ནི་སྤོང་བ་རྣམས་
ཀྱི་རིམ་གྲོ་བྱེད་པའང་སྐོས་ཤིག་པའོ། །དེའི་ཚུལ་ནི་ལངས་ནས་གདབ་ཅིང་ཕྱག་པ་དང་། ལྕི་གསར་གྱིས་བསྐུ་བ་རྣམས་བྱ་ཞེས་པ་དང་སྟན་གདིང་ཞེས་པ་དང་སྣམ་ཕྱིས་ཕྱག་ཅེས་པ་དང་། གདབ་པ་ལ་སོགས་པའོ་ཞེས་པ་དང་། ཕྱི་བའི་བོང་སྐོམ་དང་ཆུ་གཞག་ཅེས་པ་ནི་སྤོང་བའི་ཞལ་
ཏ་པར་བསྐོས་པ་དེས་མིང་སྨོས་པ་འདི་དག་ལྟ་བུ་ལ་སོགས་པའི་ལས་གྱིས་ཤིག་བསྡུ་བའི་ཕྱིར་གཎྜཱི་བརྡུང་ཞེས་པ་ནི་དགེ་འདུན་བསྡུ་བའི་གཎྜཱི་རྡུངས་ཤིག་པའོ། །འདིའི་གནས་ནི་ཁང་ཐོག་གོ་ཞེས་པ་ནི་གཎྜཱི་དེ་བརྡུང་བའི་ས་ཁང་ཐོག་ཏུ་གྱིས་ཤིག་པའོ། །དེ་ལ་གཎྜཱི་བརྡུང་བའི་ཐབས་ནི། དགེ་
འདུན་བསྡུ་བའི་ཕྱིར་ན་རྒྱུད་གསུམ་དང་ཏོག་ཏུ་སྤེལ་ཞེས་པ་ལ་སོགས་པ་ཡིན་ཏེ། དགེ་འདུན་བསྡུ་བའི་གཎྜཱི་འདི་རྒྱུད་གསུམ་གྱི་འོག་ཏུ་ཏོག་གསུམ་རྡུངས་ཤིག་པའོ། །ལས་ཀྱི་ཕྱིར་ན་རྒྱུད་གཅིག་གོ་ཞེས་པ་ནི་ལས་སུ་བསྒོ་བའི་ཕྱིར་བསྡུ་ན་རྒྱུད་གཅིག་གི་འོག་ཏུ་ཏོག་གསུམ་གྱིས་ཤིག་པའོ། །
བསླབ་པའི་རྒྱུད་གསུམ་དང་ཏོག་གཉིས་སོ་ཞེས་ཁ་ཅིག་གོ་ཞེས་པ་ནི་ལས་སུ་བསྐོས་པའི་གཎྜཱི་ནི་རྒྱུད་གསུམ་གྱི་འོག་ཏུ་ཏོག་གཉིས་ཀྱིས་མཇུག་གཅད་དོ་བར་སློབ་དཔོན་ཁ་ཅིག་འཆད་པར་སྟོན་པའོ། །ཤི་བ་བསྐུར་བའི་ཕྱིར་ན་རྡུམ་པོར་རོ་ཞེས་པ་ནི་རྒྱུད་ཀྱི་སུམ་གཉིས་ཟིན་པ་དང་། དེར་མཇུག་
གཅད་དེ་ཕྱིས་མི་སྡུད་པའོ། །བསླབ་པ་གཅིག་དང་ཏོག་གོ་ཞེས་པ་ནི་དེ་ལ་སློབ་དཔོན་ཁ་ཅིག་ནི་རྒྱུད་གཅིག་དང་ཏོག་གཅིག་བྱའོ་ཞེས་ཀྱང་འཆད་པར་སྟོན་པའོ། །སྤོང་བ་པའི་ཕྱིར་ཁར་གསིལ་ལོ་ཞེས་པ་ནི་སྤོང་བ་རྣམས་བསྡུ་བའི་ཕྱིར་ནི་ཁར་གསིལ་གསིལ་ཀྱང་བླ་བར་སྟོན་པའོ། །གཎྜཱི་ཆུང་ངུ་ཞེས་
เล่ม ๑๖๔ · หน้า 172a
ཀྱང་ཁ་ཅིག་གོ་ཞེས་པ་ནི་སློབ་དཔོན་ཁ་ཅིག་ནི་སྤོང་བ་རྣམས་བསྡུ་བ་གཎྜཱི་ཆུང་ངུས་བསྡུའོ་ཞེས་ཀྱང་འཆད་པར་སྟོན་པའོ། །བརྟད་ན་འདོད་བྱར་དུའོ་ཞེས་པ་ནི་ཡེ་འདྲོག་ཅིག་བྱུང་ན་གཎྜཱི་འདོད་བྱར་དུ་རྡུངས་ཤིག་པའོ། །ཟས་ལ་བསྡུ་བའི་ནི་གཎྜཱི་དང་གཎྜཱི་ཆུང་ངུ་གཉི་ག་བརྡུང་ཞེས་པ་ནི་དྲོ་ཁ་
གཎྜཱི་ཆེ་ཆུང་གཉི་ག་རྡུངས་ཤིག་པའོ། །ཆུང་ཟད་བསྡད་ནས་སོ་ཞེས་པ་ནི་གཎྜཱི་ཆུང་ངུ་སྔར་བརྡུངས་ནས་དུས་ཐག་གི་ཙམ་གྱིས་བཅད་པའི་འོག་ཏུ་གདོད་གཎྜཱི་ཆེན་པོ་རྡུངས་ཤིག་པའོ། །འདུ་བ་ཆེན་པོའི་ཚེ་གཎྜཱི་འདུ་བ་མི་འགྲུབ་ན་དུང་བསྡོམས་ལ་བུས་ཞེས་པ་ནི་མཆོད་སྟོན་ནམ་ཡོ་ལང་ཆེན་པོ་གཡོས་
པའི་ཚེ་དགེ་འདུན་ཕལ་ཆེར་བསྡུ་དགོས་ལ་གཎྜཱི་ཙམ་གྱིས་མ་ཐོས་ཤིང་མ་འདུས་ན་དུང་གཉིས་བསྡོམས་ལ་བུས་ཤིག་པའོ། །རྔ་བརྡུང་ཞེས་པ་ནི་ཡང་ན་རྔ་རྡུངས་ཤིག་པའོ། །གཎྜཱི་རྣ་ལ་མི་གཟན་ཞེས་པ་ནི་གཎྜཱི་ཐོས་ནས་བླ་ཁྱད་མ་བྱེད་ཅིག་པའོ། །མི་མྱུར་བ་མ་ཡིན་ཞེས་པ་ནི་གཎྜཱི་ཐོས་ནས་ཡུན་རིང་མོ་
ཞིག་གིས་བཅད་དེ། གདོད་འདུ་བར་བྱ་བ་མ་ཡིན་གྱི་ཐོས་མ་ཐག་ཏུ་དེའི་མོད་ལ་འདུས་ཤིག་པའོ། །དགོས་པའི་དུས་ཀྱི་འཐེབ་ཡོད་པར་ཇི་བདེར་བྱ་ཞེས་པ་ནི་འདུས་པ་ལས་འགྱེས་པའི་ཐབས་བསོད་སྙོམས་ལ་འདོང་ཞིང་ལྷུང་བཟེད་བཀྲུ་བ་ལ་སོགས་པའི་འཐེབ་ཡོད་པར་བྱས་ལ་ཇི་བདེར་
ཞེས་ཞལ་ཏ་པས་སྙོད་ཅིག་པའོ། །རྒྱུད་གསུམ་བྱས་ཏེའོ་ཞེས་པ་ནི་རྒྱུད་གསུམ་བཀླགས་ནས་གདོད་གྱིས་ཤིག་པའོ། །འདི་ལྷག་པར་རན་པར་བྱ་ཞེས་པ་ནི་རྒྱུད་གསུམ་ཡང་ཇི་རན་དུ་ལྷོགས་ཤིག་པའོ། །སྦྱིན་པ་བཤད་པར་བྱ་ཞེས་པ་ནི་གདུགས་ཚོད་ལས་འགྱེས་པའི་ཚེ་སྦྱིན་པའི་ཚིགས་བཅད་
ཀྱང་ལྷོགས་ཤིག་པའོ། །འདིའང་རན་པར་རོ་ཞེས་པ་ནི་སྦྱིན་པའི་ཚིགས་བཅད་ཀྱང་མི་མང་མི་ཉུང་བར་རན་པར་ལྷོགས་ཤིག་པའོ། །ཞལ་ཏ་པ་ཕྱིས་འགྲོ་ཞེས་པ་དང་། འོང་བའི་ཚེ་ཐོག་མར་རོ་ཞེས་པ་ནི་སྤོང་བའི་ཁང་པ་ནས་འགྱེས་ཤིང་འདུ་བའམ་ཁྱིམ་པའི་མཆོད་སྟོན་ལ་འདོང་ཞིང་
འདུ་བའི་ཚེ་ཞལ་ཏ་པ་སྔ་ཕྱིར་འགྲོ་བའི་ཐབས་འདི་ལྟར་གྱིས་ཤིག་པའོ། །གལ་ཏེ་དེ་ལྟ་བུའི་རྐྱེན་ཅིག་ན་ལྡེ་མིག་གི་སྐུངས་བསྟན་ཏེ་ཞེས་པ་ནི་མཆོད་སྟོན་ལས་སླར་འདོང་བའི་ཚེ་ཞལ་ཏ་པ་གུད་དུ་དོན་གཉེར་ཅིང་བྲེལ་ན་སྤོང་བ་རྣམས་ལ་ལྡེ་མིག་སྐུངས་སྟོན་ཅིག་པའོ། །གསོ་སྦྱིན་གྱི་དངོས་པོ་ཞི་
เล่ม ๑๖๔ · หน้า 172b
གནས་ཀྱི་གསོ་སྦྱིན་དུ་གཏོགས་པའོ།། །།ཞི་གནས་ཀྱི་གསོ་སྦྱིན་དེ་ལྟར་བསྟན་ཟིན་ནས། འདུ་བའི་གསོ་སྦྱིན་གྱི་གནས་དང་པོ་ཇེ་སྟོན་པ་ནི། གསོ་སྦྱིན་གྱི་གནས་བཤམ་ཞེས་པ་ཡིན་ཏེ། གསོ་སྦྱིན་གྱི་གནས་གྱིས་ཤིག་པའོ། །གནས་ཇི་ལྟ་བུ་ཞེ་ན། ཡོང་གིས་སྐྱེས་པའམ་བྱས་པའམ་
ཟིན་པའི་གནས་སོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་དག་གང་ཡང་གནས་སུ་རུང་བར་སྟོན་པའོ། །དེ་ལ་ཡོང་གིས་སྐྱོས་པ་ཞེས་པ་ནི་དང་འདུ་བའི་སྐལ་བ་འབྱུང་བ་ནས་སྨན་གཞོང་ངམ་སྡིང་བུ་ལ་སོགས་པ་ཡོང་གིས་གྲུབ་ཟིན་པའོ། །བྱས་ཞེས་པ་ནི་མིས་ཆེད་དུ་བྱས་པའོ། །ཟིན་ཅེས་
པ་ནི་གང་ལས་སུ་བྱར་རུང་བའི་གནས་སོ། །ཕྱི་རོལ་འདོམ་གང་གི་ཉེ་སྤྱོད་དང་བཅས་པར་རོ་ཞེས་པ་ནི་གནས་གོང་དུ་སྨོས་པ་རྣམས་ནི་འགང་ཐག་པ་མ་ཡིན་གྱི། ཕྱི་རོལ་འདོམ་གང་ཙམ་ལ་སོགས་པའི་ཉེ་སྤྱོད་ཀྱང་ཡོད་པར་གྱིས་ཤིག་པའོ། །དགེ་འདུན་མ་དད་བཞིན་དུའང་དེ་ལྟ་བུའི་
གནས་བྱ་འམ་ཞེ་ན། དགེ་འདུན་འདུ་ནའོ་ཞེས་པ་ཡིན་ཏེ་དགེ་འདུན་ཐམས་ཅད་དད་དམ་འདུན་ན་གདོད་གྱིས་ཤིག་པའོ། །དེ་ནི་གསོ་སྦྱིན་གྱི་ཚེའི་གནས་ཡིན་གྱི་ཚུལ་ནས་འབྱུང་བ་ལ་སོགས་པའི་གནས་མ་ཡིན་པར་དོགས་པ་བསལ་བའི་ཕྱིར། གནས་དེ་ནི་ལས་གཞན་གྱི་ཡང་ངོ་ཞེས་པ་ཡིན་
ཏེ་གནས་དེར་གསོ་སྦྱིན་ཉི་ཚེར་བྱ་བ་མ་ཟད་ཀྱི་ལས་གཞན་གྱི་ཡང་གནས་སུ་རུང་བར་སྟོན་པའོ། །མཚམས་བཅད་ཞེས་པ་དང་། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་བར་དུའོ་ཞེས་པ་དང་། བྲག་རྩིག་པ་ཀ་བ་ཤིང་ར་བ་གད་པ། ལམ་པོ་ཆེ་ཁྲོན་པ་ལ་སོགས་པ་ཕྱོགས་སོ་སོར་
མཚན་མ་ཚུགས་པ་ལ་རྒྱུས་ཤེས་པའི་དགེ་སློང་གིས་བསྟན་པའི་མཚན་མ་དགེ་འདུན་གྱི་མདུན་དུ་བརྗོད་ཅིང་ལས་བྱ་ཞེས་པ་དང་། སྡོམ་པ་བཅས་ན་འདིར་གོས་མི་བྲལ་ཞེས་པ་དང་། འདི་བྱ་ཞེས་པ་ནི་མཚམས་ཆེན་པོ་བཅད་ལ་མི་འབྲལ་བའི་སྡོམ་པ་བཅས་ན་ཆོས་གོས་ལ་སོགས་པའི་
འབྲལ་བ་ཉེས་པ་མེད་པར་བྱ་བའི་ཕྱིར་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་དུ་ཤིང་ལ་སོགས་པ་རྟིང་ཟུག་ཏུ་འདུག་པ་ལ་མཚོན་གཟུགས་ཤིང་མཚམས་བཅད་པ་དང་། མི་འབྲལ་བའི་སྡོམ་པ་ཆེད་དུ་ཆོས་ཤིག་པར་སྟོན་པའོ། །ཐམས་ཅད་ཀྱི་ཆེད་དུ་འགེན་ཕག་བྱ་ཞེས་པ་ནི་གསོ་སྦྱིན་
เล่ม ๑๖๔ · หน้า 173a
དང་ཚུལ་ནས་འབྱུང་བ་ལ་སོགས་པ་ལས་ཐམས་ཅད་བྱ་བའི་ས་འགེན་ཕག་གིས་གནས་གཅིག་གུད་དུ་གྱིས་ཤིག་པའོ། །སྔ་མ་མ་བཀྲོལ་བར་བཅད་པ་གཞན་མི་སྐྱེ་ཞེས་པ་ནི་མཚམས་ཆེན་པོ་ལ་སོགས་པ་སྔ་མ་མ་བཀྲལ་བར་མཚམས་ཕྱི་མ་བཅད་ཀྱང་མཚམས་སུ་
མི་རུང་བར་སྟོན་པའོ། །མཚམས་དགྲོལ་ཞེས་པ་ནི་དེ་ལྟ་བས་ན་མཚམས་སྔ་མ་ཁྲོལ་ཅིག་པའོ། །ཚིག་གཅིག་གིས་མཚམས་གཉིས་དགྲོལ་ཞིང་བཅད་དུ་རུང་ཞེས་པ་ནི་མཚམས་གཉིས་ཅིག་ཅར་དུ་བཅད་ཅིང་དགྲོལ་ན་མཚམས་ཀྱི་བར་ཐག་པའམ་རེ་ལྡེས་སྦྲེངས་ལ་ཕན་ཚུན་གྱི་ཐ་མར་
སོ་སོའི་དགེ་འདུན་འཁོད་ཅིང་ལས་བྱེད་པ་དབུས་སུ་འདུག་སྟེ་བཅད་ཅིང་དགྲོལ་བའི་སྙད་ཅིག་ཅར་དུ་བྱས་ན་གཅོད་དགྲོལ་གྱི་ལས་ཅིག་ཅར་དུ་འགྲུབ་པར་སྟོན་པའོ། །མཚམས་མ་བཅད་པའི་གནས་སུ་ལས་བྱས་ན་རྩིག་པ་མཚམས་སོ་ཞེས་པ་ན་འགེན་ཕག་གི་གནས་སུ་བྱས་པ་མེད་དེ་ལས་
གང་ན་བྱེད་པའི་རྩིག་པས་བཟང་ཞིང་དབྱེ་བར་སྟོན་པའོ། །ཡང་ན་ཝའི་ཆུ་འདྲེས་སོ་ཞེས་པ་ནི་ཁང་པ་ལ་ཝ་ཡོད་པ་ཞིག་ན་ཕྱི་རོལ་ཝའི་ཆུ་འདྲེས་ཚུན་ཆད་མཚམས་ཡིན་པར་སྟོན་པའོ། །གྲོང་ནི་ཉེ་སྤྱོད་ཀྱི་མཐས་སོ་ཞེས་པ་དང་དགོན་པར་ན་ཕྱོགས་རེ་རྒྱང་གྲགས་རེའོ་ཞེས་པ་ནི་གྲོང་ན་
ལས་བྱེད་པའི་མཚམས་ན་ཉེ་སྤྱོད་ཀྱིས་བཟུང་། དགོན་པར་ལས་བྱེད་པའི་མཚམས་ནི་རྒྱང་གྲགས་ཁོར་ཡུག་གིས་བཟུང་བར་སྟོན་པའོ། །གསོ་སྦྱིན་གྱི་དངོས་པོའི་གནས་སུ་གཏོགས་པའོ།། །།ད་ནི་འདུ་བའི་གསོ་སྦྱིན་དུ་གཏོགས་པ་སྟོན་ཏེ། དད་པས་ཕུལ་བ་ལས་སུ་བྱའོ་ཅོག་
ཀྱང་འགྲུབ་པའི་ཕྱིར་དང་པོ་ཉིད་དུ་དད་པ་འབུལ་བ་ལ་སོགས་པའི་ཆོ་ག་ཇེ་སྟོན་པ་ནི། དད་པ་ཕུལ་ན་དེས་འདུ་བ་འགྲུབ་ཅེས་པ་ལ་སོགས་པ་ཡིན་ཏེ། གང་ཟག་གི་དད་པས་ཕུལ་བ་དང་དགེ་འདུན་དུ་འདུས་ཤིང་ལྷན་ཅིག་པར་འགྲུབ་པར་སྟོན་པའོ། །ཐམས་ཅད་དེ་ལྟའམ་ཞེ་ན།
མཚམས་གཅོད་པ་མ་ཡིན་ཞེས་པ་ཡིན་ཏེ་མཚམས་གཅོད་པའི་ཚེ་ནི་དགེ་སློང་ཐམས་ཅད་ངོས་མ་ཚོགས་ན། དད་པ་ཕུལ་བ་ལས་སུ་མི་རུང་བར་སྟོན་པའོ། །བསླབ་པ་བྱིན་པ་ལས་དེ་བླང་དུ་རུང་ཞེས་པ་ནི་བསླབ་པ་བྱིན་པ་ལས་ཀྱང་དད་པ་བླད་དགོས་པར་སྟོན་པའོ། །དེ་དག་ཇི་ལྟར་
เล่ม ๑๖๔ · หน้า 173b
བསམས་ཏེ་བླང་ཞེ་ན། དེ་ལས་དགེ་སློང་ཕར་འདུ་ཤེས་བཞག་ནས་སོ་ཞེས་པ་ཡིན་ཏེ་དེ་ལ་དགེ་སློང་རངས་པ་ཡིན་བར་འདུ་ཤེས་བཞག་ནས་དད་པ་ལོང་ཤིག་པའོ། །སྦྱིན་པ་ནི་མ་ཡིན་ཞེས་པ་ནི་བསླབ་པ་བྱིན་པ་དེ་ལ་དད་པ་བསྐུར་དུ་མི་རུང་བར་སྟོན་པའོ། །སྨྱོན་པར་སྡོམ་པ་བཅས་ན་མི་ཁོམ་
པར་མི་འགྱུར་ཞེས་པ་ནི་དགེ་སློང་འགའ་ཞིག་སྨོས་ན། སྨྱོན་པ་ཡིན་པར་དགེ་འདུན་གྱི་སྡོམ་པ་བཅས་ན་ནི་མཚམས་ཀྱི་ནང་ན་འདུག་དུ་ཟིན་གྱིས་ཀྱང་དགེ་འདུན་ལས་ལ་གཅོད་པར་མི་འགྱུར་བར་སྟོན་པའོ། །ཡོངས་སུ་དག་པ་ཕུལ་ན་མི་གཅིག་པ་མ་ཡིན་ཞེས་པ་ནི་ཡོངས་སུ་དག་
པ་ཕུལ་བས་ཀྱང་དགེ་འདུན་དང་གཅིག་བར་འགྲུབ་པར་སྟོན་པའོ། །གང་ལ་གཅིག་པར་འགྲུབ་ཅེ་ན། གསོ་སྦྱིན་ནོ་ཞེས་པ་དང་། འབྱུང་ན་ཡང་ངོ་ཞེས་པ་ཡིན་ཏེ་གསོ་སྦྱིན་དང་ཚུལ་ནས་འབྱུང་བའི་ཚེ་ཡོངས་སུ་དག་པ་ཕུལ་བས་གཅིག་པར་སྟོན་པའོ། །དེ་ཕུལ་ནའོ་ཞེས་པ་
ཡིན་ཏེ་བདག་ལ་བར་ཆད་ཀྱི་ཆོས་ནི་མ་མཆིས་ཏེ་ཡོངས་སུ་དག་གོ་ཞེས་དག་པ་ཕུལ་ན་གདོད་གོང་མ་ལྟར་རུང་བའོ། །དེ་གཉིས་བྱ་ཞེས་པ་ནི་དད་པ་དང་ཡོངས་སུ་དག་པ་ཕུལ་ན་གསོ་སྦྱིན་དང་ཚུལ་ནས་འབྱུང་བའི་ལས་གྱིས་ཤིག་པའོ། །རྣམ་པ་དེ་གཉིས་དགེ་འདུན་གྱིས་བླང་དུ་རུང་ངམ་
མི་རུང་ཞེ་ན། ཆོ་ག་འདི་ལྡོམ་བར་བྱ་ཞེས་པ་ཡིན་ཏེ་དད་པ་དང་ཡོངས་སུ་དད་པ་ཕུལ་ན་དགེ་འདུན་གྱིས་དེ་ལོང་ཤིག་པའོ། །སྡེ་སྡེའི་དད་པ་ལ་སོགས་པ་བསྲུལ་ཏེ་ལས་བྱ་བ་མི་རིགས་མ་ཡིན་ཞེས་པ་ནི་དགེ་འདུན་མཚམས་གཅིག་གི་ནང་ན་སྡེ་སྡེར་བཅད་ཅིང་ལས་བྱེད་ན། དེ་དག་
གི་དད་པ་དང་། ཡོངས་སུ་དག་པ་ཕན་ཚུན་དུ་བསྲུལ་ཏེ་ལས་བྱས་ན་ཡང་མི་རུང་བ་མེད་པར་སྟོན་པའོ། །ཚིག་ཅིག་ཅར་དུ་བརྩམས་ལ་མཉམ་དུ་བརྗོད་ནའོ་ཞེས་པ་ནི་དད་པ་འབུལ་བ་དང་ཡོངས་སུ་དག་པ་ཅིག་ཅར་དུ་བརྗོད་པ་དང་ཁར་བ་དང་དྲ་བའི་སྡོམ་པ་གཅིག་ཏུ་དབོག་ཏུ་རུང་བར་སྟོན་པའོ། །
གཅིག་པར་དུ་མའི་བླངས་ན་རུང་ཞེས་པ་ནི་དགེ་སློང་གཅིག་ཅིག་གིས་གང་ཟག་དུ་མའི་དད་པ་བླང་དུ་རུང་བར་སྟོན་པའོ། །དུ་ཙམ་བླང་དུ་རུང་ཞེ་ན། འདིར་འཐོན་ནུས་པའི་དྲོད་ཀྱིས་གཟུང་ཞེས་པ་ནི་དགེ་སློང་དུའི་དད་པ་འབུལ་ནུས་པ་དེའི་དྲོད་ཀྱིས་གཟུང་གི་གྲངས་ཆད་པ་མེད་པའོ། །དེ་འབུལ་
เล่ม ๑๖๔ · หน้า 174a
མི་ནུས་ན་ཇི་ལྟར་བྱས་ཀྱང་འགྲུབ་ཅེས་པ་ནི་ནད་པ་ལྟ་བུས་དད་པ་འབུལ་བ་ནི་ཚིག་མ་རྫོགས་ཀྱང་བླ་བ་སྟེ་ཇི་ལྟར་ཕུལ་ཡང་རུང་བའོ། །ལུས་ཀྱིས་ཀྱང་ངོ་ཞེས་པ་ནི་ལག་བརྡ་འམ་མགོ་འཚོག་པ་ཙམ་གྱིས་ཀྱང་དད་པ་ཕུལ་བར་ཆུད་པའོ། །ཇི་ལྟར་ཡང་མ་ནུས་ན་དགེ་འདུན་དེར་
འདོང་བའམ་དེ་ཁྱོགས་ལ་བླང་ངོ་ཞེས་པ་ནི་དད་པ་དེ་ལག་བརྡ་འམ་མགོ་འཆོག་པ་ཙམ་ཡང་མི་ནུས་ན་དགེ་འདུན་ཉིད་དེར་དོང་ལ་གསོ་སྦྱིན་གྱི་གནས་སུ་ཁྱོགས་ལ་བླང་བ་ཅིག་གྱིས་ཤིག་པའོ། །འདི་དག་ཁྱེར་ལ་མི་རྒྱུག་ཅེས་པ་དང་། དྲག་ཤུལ་མི་བྱ་མི་མཆོང་ཞེས་པ་དང་། ཕྱི་རོལ་དུ་མི་
བརྒལ་ཞེས་པ་དང་། རྐང་བཞག་དུ་མ་ཡིན་ཞེས་པ་དང་། ནམ་མཁའ་ལ་མི་འདུག་ཅེས་པ་དང་། ཕྱི་རོལ་ཀྱང་མ་ཡིན་ཞེས་པ་དང་། སྐས་ཀྱི་ཐེམ་པ་བཀོལ་ཞིང་མི་བརྒལ་ཞེས་པ་དང་། ཐེམ་སྐས་ཀྱང་མ་ཡིན་ཞེས་པ་དང་། ཆུ་མགྲིན་པ་ནུབ་པར་མི་འབོག་ཅེས་པ་དང་། གཉིད་དང་
མཉམ་པར་འཇོག་པ་མི་བྱ་ཞེས་པ་རྣམས་ནི་དད་པ་བླངས་ནས་མིང་གིས་སྨོས་པ་འདི་དག་ལྟར་མ་བྱེད་ཅིག་པའོ། །གཡེང་བ་མི་སྨོད་པ་མ་ཡིན་ཞེས་པ་ནི་ཚུལ་ཁྲིམས་ལ་གཡེལ་བའམ་དད་པ་བླངས་ནས་གོང་དུ་སྨོས་པ་རྣམས་ལྟར་བྱེད་ན་དགེ་འདུན་གྱིས་སྨོད་ཅིག་པའོ། །དད་པ་བླངས་ནས་སུ་ལ་དབུལ་
ཞེ་ན། དགེ་སློང་ལ་བསྙད་ཅེས་པ་ནི་དད་པ་བླངས་ནས་དགེ་སློང་ལ་ཕུལ་ཅིག་པའོ། །དགེ་འདུན་ལའོ་ཞེས་ཁ་ཅིག་ཞེས་པ་ནི་དད་པ་བླངས་པ་དགེ་འདུན་ལ་དབུལ་དགོས་སོ་ཞེས་པར་སློབ་དཔོན་ཁ་ཅིག་འཆད་པར་སྟོན་པའོ། །དད་པ་དབུལ་བའི་ཚིག་ཏུ་ཇི་སྐད་དུ་བྱ་ཞེ་ན། བཙུན་པ་དག་དགོངས་
ཤིག་ཅེས་བརྩམས་ཞེས་པ་ཡིན་ཏེ་དད་པ་དབུལ་བའི་ཚིག་གི་མགོ་ན་ན་འདི་སྐད་དུ་གྱིས་ཤིག་པའོ། །དགེ་འདུན་གྱི་ནང་དུ་མ་ཕྱིན་པར་དུས་བྱས་སམ་ཁྱིམ་པ་ལ་སོགས་པར་ཁས་བླངས་པ་མ་ཡིན་ཞེས་པ་ནི་དད་པ་བླངས་ནས་དགེ་འདུན་གྱི་ནང་དུ་མ་ཕྱིན་པའི་བར་མ་དོར་ཤི་འམ་ཁྱིམ་པར་བབས་ན།
དད་པ་བླངས་པར་མི་ཆུད་པར་སྟོན་པའོ། །ཕྱི་ནས་བླངས་པའོ་ཞེས་པ་ནི་དགེ་འདུན་གྱི་ནང་དུ་ཕྱིན་ནས་ཤི་བ་ལ་སོགས་པ་གོང་མ་རྣམས་ལྟར་གྱུར་ན་ནི་དད་པ་བླངས་པར་ཆུད་པར་སྟོན་པའོ། །བཅོ་ལྔའི་ཚེ་གཞན་གྱིས་དགེ་སློང་བཟུང་ན་དགེ་སློང་འདི་ངེད་དང་ཚངས་པ་མཚུངས་པར་སྤྱོད་པ་ཡིན་
เล่ม ๑๖๔ · หน้า 174b
གྱིས་ཐོང་ཤིག་ཅེས་དེ་ལ་བྱས་ཞེས་པ་ནི་གསོ་སྦྱིན་གྱི་ཚེ་དགེ་སློང་ཕ་རོལ་གྱིས་ཟིན་ན་སྙད་འདི་སྐད་དུ་གྱིས་ལ་མ་བཏང་ཤིག་པའོ། །མ་བཏང་ན་འདི་ངེད་ཅག་དང་བྱ་བ་ཅུང་ཟད་ཡོད་ཀྱིས་ཞེས་སྔ་མ་དང་བཅས་པར་རོ་ཞེས་པ་ནི་དོན་ཆེད་འདི་ལྟ་བུ་ཞིག་ཡོད་ཀྱིས་ཞེས་ཇིར་དགོངས་པའི་དམིགས་སྟོན་
ལ་སཱུ་ཏྲ་གོང་དུ་སྨོས་པའི་ཚིག་དང་བཅས་ཏེ་སྨོས་ལ་མ་བཀྲི་ཤིག་པའོ། །འོན་ཀྱང་འགེན་ཕག་ཏུ་བྱ་ཞེས་པ་ནི་དེ་ལྟར་བྱས་ཏེའང་འཕྲིགས་ན་འགེན་ཕག་གི་གནས་སུ་དེང་ལ་གསོ་སྦྱིན་ལ་སོགས་པའི་ལས་གྱིས་ཤིག་པའོ། །ཟིན་ནས་ཀྱང་འདི་གཏོང་བའི་ཕྱིར་དྲིང་ཞེས་པ་ནི་གསོ་སྦྱིན་ལ་
སོགས་པའི་ལས་ཟིན་ནས། དགེ་སློང་གཞན་གྱིས་ཁྲིད་པ་དེའི་དན་རོགས་གྱིས་ཤིག་པའོ། །གཙོམ་ཚོར་ན་མི་དུ་མ་ངར་འགྱུར་ཞེས་པ་ནི་དགེ་འདུན་གསོ་སྦྱིན་བྱེད་པའི་ཚེ་ཕྱི་རོལ་ནས་གསེག་ཤང་ལ་སོགས་པའི་སྒྲ་གྲག་གམ་དགེ་སློང་འགའ་ཞིག་འོང་བའི་གཙོམ་ཚོར་ན། དགེ་འདུན་
གྱི་ལས་དེ་སྐལ་ཅིག་མི་འགྲུབ་པར་སྟོན་པའོ། །ཐ་དད་ཀྱང་བླ་བར་བསམས་ཏེ་ལས་བྱས་ན་སྦོམ་པོའོ་ཞེས་པ་ནི་དགེ་སློང་ཁ་ཅིག་མ་འོངས་ཤིང་དད་པ་མ་བླངས་པར་ཤེས་བཞིན་དུ་སོ་སོར་དགའ་བས་གུད་དུ་ལས་བྱས་ན་སྦོམ་པོར་འགྱུར་བའོ། །ཐེ་ཚོམ་མམ་ངེས་པར་དཔགས་ན་ཉེས་
པར་མི་འགྱུར་བ་མ་ཡིན་ཞེས་པ་ནི་བསླབ་པ་གང་ཡང་རུང་སྟེ་རུང་ངམ་མི་རུང་སྙམ་དུ་ཐེ་ཚོམ་ཡོད་བཞིན་པའམ། མི་རུང་བར་ཤེས་བཞིན་དུ་བྱས་ན་ཉེས་པར་མི་འགྱུར་བ་མ་ཡིན་པར་སྟོན་པའོ། །འོལ་བྱི་མ་ཡིན་པར་སྙིང་ནས་བཙལ་ན་དག་པར་བྱེད་ཅེས་པ་ནི་དགེ་སློང་གཞན་ནས་
བཙལ་ཏེ་མ་རྙེད་པའི་འོག་ཏུ་དགེ་སློང་འགའ་ཞིག་མཚམས་ཀྱི་ནང་ན་ལུས་པར་འགྱུར་ན་ཡང་། སྐལ་བའི་ཉེས་པ་མེད་པའོ། །བཙལ་ཞིང་བོད་པ་དང་སྣང་ཡེལ་ཅན་ནས་བལྟས་ནའོ་ཞེས་པ་ནི་ཐབས་འདི་དག་ལྟར་བཙལ་ན་(གདོང་‚གདོད་)སྙིང་ནས་བཙལ་བ་ཡིན་བར་སྟོན་པའོ། །གསོ་སྦྱིན་གྱི་
དངོས་པོ་འདུ་བར་གཏོགས་པའོ།། །།ད་ནི་འདུ་བའི་གསོ་སྦྱིན་ཉིད་ཇི་ལྟར་བྱ་བ་སྟོན་ཏེ། ཟླ་བ་ཕྱེད་ཕྱེད་ཅིང་བཅོ་ལྔའི་གསོ་སྦྱིན་སོ་སོར་ཐར་པ་གདོན་པར་བྱ་ཞེས་པ་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པ་འདོན་བའི་གསོ་སྦྱིན་གྱིས་ཤིག་པའོ། །འབྱུང་བ་ན་འདི་མ་གྲུབ་པ་མ་ཡིན་ཞེས་པ་ནི་ཚུལ་
เล่ม ๑๖๔ · หน้า 175a
ནས་འབྱུང་བའི་ཚེ་ཚུལ་ནས་འབྱུང་བ་ཉིད་ཀྱིས་གསོ་སྦྱིན་དུ་འགྱུར་བའི་ཕྱིར་གུད་དུ་གསོ་སྦྱིན་བྱ་མི་དགོས་པའོ། །གསོལ་པ་དང་གླན་ནན་དང་པོར་བརྩམས་ལ་གདོན་ཅེས་པ་ནི་དང་པོར་དགེ་འདུན་གོ་བར་བྱ་བ་དང་། བདག་ཅག་གསོ་སྦྱིན་བྱས། སུ་ལ་ཉེས་པ་ཡོད་པ་ནི་
མཐོལ་ཅིག །མེད་པ་ནི་མ་སྨྲ་བར་འདུག་ཤིག །མི་སྨྲ་ན་བདག་གིས་དེ་བཞིན་དུ་འཛིན་ཏོ་ཞེས་པ་ལ་སོགས་པའི་གླན་ནན་ཇེ་སྨོས་པའི་འོག་ཏུ་གདོད་སོ་སོར་ཐར་པ་ལྷོགས་ཤིག་པའོ། །གླེང་གཞི་གདོན་པ་ནི་ཚིག་ཏུ་བསྙད་པས་འགྲུབ་ཅེས་པ་ནི་གླེང་གཞི་ནི་སྔན་ཆད་གསན་གྲང་ཞེས་ཁུངས་དབྱུང་དུ་མི་
བས་ན་གླེང་གཞི་ཉིད་ལྷོགས་ཤིག་པའོ། །གསོལ་བ་ཡང་ངོ་ཞེས་པ་ནི་དགེ་འདུན་ལ་བསྒོ་བ་ཡང་གོང་མ་དང་འདྲ་བར་ཚིག་ཏུ་ཕྱུང་ཤིག་པའོ། །ལྷག་མ་རྣམས་ནི་གསན་གྲང་ཞེས་བསྒོ་བ་བྱས་ཀྱང་ངོ་ཞེས་པ་ནི་གླེང་གཞི་དང་ལ་སོགས་པ་མ་གཏོགས་པར་ཕས་ཕམ་པ་ལ་སོགས་པ་ནི་གཞན་ནི་
སྔན་ཆད་གསན་གྲང་ཞེས་ཁུངས་ཕྱུང་ཡང་བླ་བར་སྟོན་པའོ། །སྡེ་ནི་བརྟུལ་ན་རྫོགས་པར་རོ་ཞེས་པ་ནི་ལྟུང་བ་སྡེ་ལྔ་གང་ལ་བབ་པ་དེའི་ཚིག་ཁ་ཅིག་བསྙད་ཟིན་ཏེ་བརྟུལ་ན་ཐལ་བྱུང་མཇུག་ཏུ་ཕྱུང་ཤིག་པའོ། །གཞི་ཆ་ལ་ཐུག་ན་མཐའ་སྟགས་སོ་ཞེས་པ་ནི་སོ་སོར་ཐར་པའི་གཞི་གསུམ་ཐལ་ཕན་
ཆད་ནི་གསན་གྲང་ཞེས་བྱ་བར་མི་རུང་གི་ཐལ་བྱུང་མཇུག་ཏུ་ཕྱིན་པར་གྱིས་ཤིག་པའོ། །འདིར་ཟླ་བ་ཕྱེད་ཀྱི་ཚེ་ཚུལ་རྗེས་སུ་བརྟག་ཅེས་པ་ནི་ཟླ་བ་ཕྱེད་ཀྱི་ཚེ་བདག་གི་ཉེས་པ་ཞིག་ཏུ་སོམས་ཤིག་པའོ། །འདུར་ཆ་བ་ནས་སོ་ཞེས་པ་ནི་དགེ་འདུན་མ་འདུས་པའི་སྔ་རོལ་ནས་གོང་མ་ལྟར་གྱིས་ཤིག་པའོ། །
ཀུན་ཏུའང་རྗེས་ཆོད་ན་གཉེན་པོ་བྱས་ཏེ་འདུ་ཞེས་པ་ནི་ལས་གང་བྱེད་ཀྱང་རུང་སྟེ། བདག་གིས་ཉེས་པར་ཚོར་བ་རྣམས་བཤགས་ཤིང་བྱིན་གྱིས་བརླབ་པའི་གཉེན་པོ་བྱས་ན་གདོད་དགེ་འདུན་གྱི་ནང་དུ་འདུས་ཤིག་པའོ། །བཀད་ནས་དྲན་ནམ་ཐེ་ཚོམ་ན་གནན་པོ་ལ་བྱིན་གྱིས་བརླབ་ཅེས་པ་ནི་དགེ་འདུན་
གྱི་ནང་དུ་འདུས་ཏེ་བཀད་ནས་ཉེས་བྱུང་བར་གསལ་པོར་དྲན་ནས་ཐེ་ཚོམ་ཡོད་ན་ཐད་ན་འདུག་པའི་དགེ་སློང་ལ་བྱིན་གྱིས་རློབས་ཤིག་པའོ། །ལས་བྱེད་པ་ནི་སེམས་ཀྱིས་སོ་ཞེས་པ་ནི། སོ་སོར་ཐར་པ་འདོན་པས་དེ་ལྟར་དྲན་ན་ལན་ཅིག་སོམས་ལ་བྱིན་གྱིས་རློབས་ཤིག་པའོ། །བཅོ་ལྔའི་ཚེ་
เล่ม ๑๖๔ · หน้า 175b
བདག་འབའ་ཞིག་དེ་དང་མི་ལྡན་པར་ཤེས་ན་གཅུགས་པའི་ཡིད་བཞོ་ཞིང་དྲང་བར་བྱ་ཞེས་པ་ནི་དགེ་འདུན་སྤྱིས་སྨེལ་བདག་གཅིག་པུ་གཙང་ན་བདག་དང་གང་བཤེས་པའི་ཡིད་བཞོ་ཞིང་འཆགས་སུ་ཆུག་ཤིག་པའོ། །ཡིད་བཞོ་བའི་ཐབས་ཇི་ལྟར་བྱ་ན། ཚེ་དང་ལྡན་པ་གང་འདི་དང་འདི་ལྟ་བུ་དག་བྱེད་པ་
གོ་ཅིར་འགྱུར། ཉེས་པ་ཅན་མོད་ཅེ་ན། འོ་ན་ཚེ་དང་ལྡན་པས་འདི་དང་འདི་ལྟ་བུ་དག་བྱས་ཤིང་། ཚེ་དང་ལྡན་པ་ཉེས་པ་ཅན་དུ་མ་གྱུར་ཏམ། ཚེ་དང་ལྡན་པ་དེ་ནི་ཁོ་བོ་ཉི་ཚེར་མ་ཟད་ཀྱི། དགེ་འདུན་ཐམས་ཅད་ཀྱིས་ཀྱང་བྱས་སོ་ཞེ་ན། ཚེ་དང་ལྡན་པ་དགེ་འདུན་ཐམས་ཅད་ལྟ་ཇི་བྱེད་པ་བྱེད་དུ་ཟད་
ཀྱིས། ཉིད་ཀྱིས་ཉེས་པ་ཆོས་བཞིན་དུ་ཆོས་ཤིག་བཞོས་ཤིག་མ་རྣམས་བྲང་མིག་ལམ་དུ་བབ་པར་འཆགས་སུ་ཆུག་ཅེས་པ་ཡིན་ཏེ་ཐབས་དང་སྙད་འདི་དག་ལྟར་གྱིས་ལ་འཆགས་སུ་ཆུག་ཤིག་པའོ། །འདི་དག་མི་བཏུབ་པ་ལྟ་ན་མི་གླེང་ཞེས་པ་ནི་གོང་མ་ལྟར་བྱར་མི་བཏུབ་པ་ཙམ་གྱི་ཚོད་ན་
གཞི་ལ་ཞོག་ཤིག་པའོ། །དགེ་འདུན་རིལ་གྱིས་སྨྱེ་བ་གསོ་སྦྱིན་ཇི་ལྟར་ཞེ་ན། གལ་ཏེ་བཅོ་ལྔའི་ཚེ་ཐམས་ཅད་ཉེས་པ་ཅན་དུ་ཤེས་སམ། ཐེ་ཚོམ་ན་བདག་ཅག་བཅོས་པའི་ཕྱིར་གནས་གཞན་དུ་བཤགས་པ་ལེན་ཅིང་བསྒྲུབ་པ་བཏང་ཞེས་པ་ཡིན་ཏེ་ཐབས་དེ་བཞིན་དུ་དགེ་སློང་འགའ་གུད་དུ་
འཆགས་སུ་ཐོང་ལ་དེ་སླར་འཁོར་ན་དེ་ལ་ཀུན་གྱིས་ཤོག་ཤིག་པའོ། །མ་གྲུབ་ན་བྱིན་གྱིས་བརླབ་པའི་གསོལ་བ་ལ་གདུ་བར་བྱ་ཞེས་པ་ནི་གོང་མ་ལྟར་བྱར་ཡང་མ་གྲུབ་བྱིན་གྱིས་བརླབ་པ་ལ་ཡང་མ་གཡེལ་ཅིག་པའོ། །བཞི་ཚུན་ཆད་འང་གཙུག་ལག་ཁང་གི་བྱ་བ་ནི་སོ་ནའོ་ཞེས་པ་ནི་
བཞི་ཚུན་ཆད་དེ་གསུམ་ཙམ་འཁོད་ན་ཡང་གཙུག་ལག་ཁང་གི་བྱི་བདར་ལ་སོགས་པ་འོག་ནས་འབྱུང་བ་རྣམས་གྱིས་ཤིག་པའོ། །བྱི་བདར་ཇི་ལྟར་བྱ་ཞེ་ན་སྟན་གདིང་བ་མི་བཏང་ཞེས་པ་དང་། ཕྱག་དར་ཆག་ཆག་ལྕི་བ་གསར་གྱིས་བྱུག་པར་བྱ་བ་དང་སེང་གེའི་སྟན་དང་སྟན་གདིང་
བ་དང་། མེ་མར་དང་། ཆོས་བསྟན་པ་བྱས་ཏེ་སྣང་ཡེལ་ཆེ་བར་བྱུང་ལ་ཕྱོགས་བཞིར་བལྟ་ཞེས་པ་རྣམས་ཡིན་ནོ། །དགེ་སློང་འོང་བ་མཐོང་ན་ཀྱེ་ཚེ་དང་ལྡན་པ་དག་ངེད་དགེ་འདུན་གྱི་བཅོ་ལྔའི་གསོ་སྦྱིན་ནམ་ཚུལ་ནས་བྱུང་བ་ལ་བབ་ཀྱིས་མྱུར་དུ་རིངས་པར་ཤོག་ཤིག་ཅེས་བྱ་ཞེས་པ་ནི་དགེ་སློང་གུད་
เล่ม ๑๖๔ · หน้า 176a
ནས་འོང་བ་མཐོང་ན་སྙད་འདི་སྐད་དུ་གྱིས་ཤིག་པའོ། །བཞིར་མ་ཚང་ན་བྱིན་གྱིས་བརླབ་ཅེས་པ་ནི་བཞིར་མ་ཚང་ན་གསོ་སྦྱིན་བྱར་མེད་ཀྱི་བྱིན་གྱིས་རློབས་ཤིག་པའོ། །དུས་ཀྱི་བར་དུ་བསྡད་དེའོ་ཞེས་པ་ནི་སྐྱ་རེངས་སྔོན་པོ་ཤར་གྱི་བར་དུ་བསྡད་དེ་མེད་ན་གདོད་གོང་མ་ལྟར་གྱིས་ཤིག་པའོ། །
གཅིག་པོ་ན་འདུག་ནས་སོ་ཞེས་པ་ནི་དགེ་སློང་གཅིག་པོ་ཞིག་ན་འདུག་ལ་རྒྱུད་གསུམ་དང་བྱིན་པ་བཤད་པ་བྱས་ནས། དེང་དགེ་འདུན་གྱི་བཅུ་བཞིའམ་བཅོ་ལྔའི་གསོ་སྦྱིན་ཏེ། བདག་མིང་འདི་ཞེས་བྱ་བའི་ཡང་བཅུ་བཞིའམ་བཅོ་ལྔའི་གསོ་སྦྱིན་ཡིན་བ་ལས་མ་ལྡན་པས་ན། ནམ་དགེ་འདུན་ལྡན་པའི་ཚེ་གསོ་
སྦྱིན་བྱའོ། །བདག་ལ་བར་ཆད་ཀྱི་ཆོས་རྣམས་ཀྱང་མེད་དེ་གཙང་ངོ་བར་ལྷ་རྣམས་ཀྱིས་ཀྱང་ཟུང་ཤིག་ཅེས་པ་ལ་སོགས་པ་སྙད་ཀར་དབྱུང་ཞིང་བྱིན་གྱིས་བརླབ་པ་གྱིས་ཤིག་བའོ། །གཞན་ཡོད་ན་དེའི་མདུན་དུའོ་ཞེས་པ་ནི་ཟླ་ཡོད་ན་ཟླའི་མདུན་དུ་གོང་གོང་པོར་འདུག་ལ་བྱིན་གྱིས་རློབས་ཤིག་པའོ། །
གསུམ་ན་བཀད་དེའོ་ཞེས་པ་ནི་གསུམ་ཡོད་ན་བཀད་ལ་བྱིན་གྱིས་རློབས་ཤིག་པའོ། །འབྱུང་བ་ན་ཡང་དེ་བཞིན་དུ་བཞིས་སོ་ཞེས་པ་ནི་ཚུལ་ནས་འབྱུང་བའི་ཚེ་ཡང་བཞི་ལས་མེད་ན་བྱིན་གྱིས་རློབས་ཤིག་པའོ། །གནས་དེ་ནས་སོ་སོར་ཐར་པའི་མདོ་འདོན་པ་མེད་པར་ཤེས་ན་གསོ་སྦྱིན་ལ་མི་བསྡད་ཅེས་པ་ནི་སོ་
སོར་ཐར་པ་མི་འདོན་པའི་གནས་ན་གསོ་སྦྱིན་ལ་མ་སྡོད་ཅིག་པའོ། །གང་དུ་འདི་ལས་འདའ་བ་དེར་ཚུལ་དུ་མི་འཇུག་ཅེས་པ་ནི་གང་ན་གསོ་སྦྱིན་མི་བྱེད་པའི་གནས་དེར་ཚུལ་དུ་མ་འཇུག་ཤིག་པའོ། །ཕྱི་མ་ལས་སྔ་མའི་ཚུལ་དུ་ཞུགས་པ་མི་བསྲུང་ཞེས་པ་ནི་གསོ་སྦྱིན་མི་བྱེད་ན་ཚུལ་སྔ་མའང་དྲོལ་ཅིག་
པའོ། །དེ་ཡང་ཟླ་བ་གཉིས་ལས་ལྷག་པར་རོ་ཞེས་པ་ནི་ཚུལ་ཕྱི་མར་ཞུགས་ནའང་དེ་ལྟ་བུའི་ཚེ་ཟླ་བ་གཉིས་ཀ་ལས་གཞིར་མ་འདུག་ཤིག་པའོ། །གཞི་དེ་ནས་སོ་སོར་ཐར་པ་འདོན་པ་མེད་ན། གུད་ནས་གཉེར་བའི་ཐབས་ཇི་ལྟར་བྱ་ཞེ་ན་དངོས་པོ་ལས་རྙེད་པ་གཡོག་རྣམས་ཀུན་སྦྱིན་པས་འདོན་པ་
བཙལ་ཞེས་པ་ཡིན་ཏེ་འདི་རྣམས་ཁུད་པར་སྦྱིན་པས་སོ་སོར་ཐར་པ་འདོན་པར་ཚོལ་ཅིག་པའོ། །དེ་ལ་དངོས་པོ་ཞེས་པ་ནི་གནས་སོ། །ལས་ཞེས་པ་ནི་ལས་སུ་མི་བསྐོ་བའོ། །རྙེད་པ་ཞེས་པ་ནི་གོས་དང་བསོད་སྙོམས་ལ་སོགས་པ་ལྷག་པར་སྦྱིན་པའོ། །གཡོག་ཅེས་པ་ནི་དངོས་སུ་
เล่ม ๑๖๔ · หน้า 176b
ཟད། མདོ་འཛིན་པ་འོང་ན་གདུགས་དང་རྒྱལ་མཚན་དང་། བ་དན་ལ་སོགས་པས་བསུ་ཞེས་པ་ནི་མདོ་སྡེ་འཛིན་པ་ལ་སོགས་པ་འོང་ན་ཐབས་འདི་ལྟར་བསུ་ཤིག་པའོ། །འདུལ་བ་དང་མ་མོ་ཡང་ངོ་ཞེས་པ་ནི་འདུལ་བ་དང་མ་མོ་འཛིན་པ་འོང་ན་གོང་མ་ལྟར་བསུ་ཤིག་པའོ། །ཅི་ཙམ་དུ་བསུ་ཞེ་ན། དཔག་
ཚད་ཕྱེད་དང་གསུམ་དུའོ་ཞེས་པ་ཡིན་ཏེ་ས་ཚོད་དུ་བསུ་ཤིག་པའོ། །མ་ནུས་ན་རྒྱང་གྲགས་ལྔར་རོ་ཞེས་པ་དང་། གསུམ་མམ་དཔག་ཚད་ཕྱེད་དམ། རྒྱང་གྲགས་སམ་རྒྱང་གྲགས་ཕྱེད་དམ། དག་རར་ཡང་ངོ་ཞེས་པ་ཡིན་ཏེ་མ་ནུས་ན་འདི་ཙམ་དུའང་བསུ་ཤིག་པའོ། །ཁ་གསག་གིས་བསུ་ཞིང་ལྷུང་
བཟེད་དང་ཆོས་གོས་བླང་ཞེས་པ་ནི་དགེ་སློང་གུད་ནས་འོང་བ་ལ་མི་གསག་འདི་ལྟར་གྱིས་ཤིག་པའོ། །ཁྲུས་བྱ་ཞེས་པ་དང་། དགེ་འདུན་ཡང་ཐང་བསྐྱེད་ཅེས་པ་དང་། ཆོས་བསྙད་པ་ཡང་ངོ་ཞེས་པ་རྣམས་འདུལ་བ་འཛིན་པ་ལ་སོགས་པ་དགེ་སློང་གུད་ནས་འོང་བ་དེ་ལ་བསྟི་སྟང་དང་ཡོ་ལང་འདི་ལྟར་
གྱིས་ཤིག་པའོ། །དགེ་སློང་འགྲན་པ་ལ་འདི་སྟོན་པ་འཛིན་པ་ཞེས་བསྒོ་ཞེས་པ་འདུལ་བ་འཛིན་པ་དེ་ལ་ཁ་ཅིག་མ་གུས་ཤིང་འགྲན་བྱེད་པ་ཡོད་ན་སྙད་འདི་སྐད་དུ་བསྒོ་ཤིག་པའོ། །དེའི་ཉིན་པར་བདག་གི་གནས་ན་གསོ་སྦྱིན་དང་ཚུལ་ནས་འབྱུང་བ་བྱེད་ན་མ་བྱས་པར་གུད་དུ་མི་འགྲོ་ཞེས་པ་ནི་
ཚུལ་ནས་འབྱུང་བ་དང་། གསོ་སྦྱིན་བྱེད་པའི་ཉིན་བར་དེ་དག་མ་བྱས་པར་ལམ་དུ་མ་འཇུག་ཤིག་པའོ། །དེ་ལྟ་བུ་རྙེད་དམ་འཐབ་ཀྲོལ་ཅན་ལས་ཐར་རམ། ཚུལ་དམ་པ་ཅན་དང་ཕྲད་པའི་དོ་གལ་མ་ཡིན་ནའོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ལྟ་བུའི་རྐྱེན་ཡོད་ན་ནི་དེའི་ཉིན་པར་གུད་དུ་སོང་
བླ་བ་སྟེ་དེ་ལྟ་རྙེད་ཅེས་པ་ནི་གསོ་སྦྱིན་དང་ཚུལ་ནས་འབྱུང་བ་གུད་དུའང་རྙེད་པའོ། །འཐབ་ཀྲོལ་ཚན་ལས་མཐར་ཞེས་པ་ནི་འདི་ལྟ་བུ་ལས་བྱོལ་བའོ། །ཚུལ་དམ་པ་ཅན་དང་ཕྲད་ཅེས་པ་ནི་མཁས་ཤིང་དགེ་བའི་དགེ་སློང་དང་ཕྲད་ནའོ། །དགེ་སློང་ཚུལ་དམ་པ་ཅན་གྱི་ཐད་ནས་དགེ་སློང་
འཐབ་ཀྲོལ་ཅན་གྱི་ནང་དུ་མི་འགྲོ་ཞེས་པ་དང་། གྲོགས་མེད་དམ་བརྟད་པའི་རྐྱེན་མེད་དམ་ལུས་དང་སེམས་བག་ཡངས་པའི་སེམས་ཀྱིས་མ་ཡིན་བར་དགེ་སློང་ཡོད་པ་ནས་དགེ་སློང་མེད་པར་མི་འགྲོ་ཞེས་པ་ནི་རྐྱེན་འདི་དག་ལྟ་བུས་མ་ཐེབས་ན་དགེ་སློང་དང་གསོ་སྦྱིན་མེད་པའི་གནས་སུ་མ་འགྲོ་ཤིག་
เล่ม ๑๖๔ · หน้า 177a
པའོ། །གསོ་སྦྱིན་དང་ཚུལ་ནས་འབྱུང་བ་མ་ཟིན་པར་གནས་པ་འགྲོར་མི་གནང་ཞེས་པ་ནི་འདི་དག་མ་ཟིན་པར་དེའི་ཁར་བབ་པའི་ཉིན་པར་སློབ་མའམ་ཉེ་གནས་གུད་དུ་མ་དགྱེ་ཤིག་པའོ། །རྐྱེན་དེ་དང་འདྲ་བ་ཞིག་ན་དམ་པའི་ཚུལ་དང་སྟོན་པར་ལྡན་པའི་གནས་བསྟན་ཅིང་དེར་དགོངས་སུ་
གཞུག་ཅེས་པ་ནི་སློབ་མའམ་ཉེ་གནས་དེ་གུད་དུ་མི་འགྲོར་མི་རུང་ན། དགེ་ཚུལ་དམ་པ་དང་ལྡན་པ་དང་གནས་བཟང་པོ་གང་ན་ཡོད་པ་དེར་དྲོ་དགོངས་དང་གཞི་འདེབས་པར་ཐོང་ཤིག་པའོ། །དེའི་སྨྲས་པ་ལས་མི་འགལ་ཞེས་པ་ནི་མཁན་པོའམ་སློབ་དཔོན་གྱིས་གཏམས་པ་དེ་བཞིན་དུ་དེས་གྱིས་ཤིག་པའོ། །
ཕྱིས་འོངས་པ་ཕྱིར་འདི་གཉིས་སླར་བསླས་སུ་རུང་ཞེས་པ་ནི་གསོ་སྦྱིན་དང་ཚུལ་ནས་འབྱུང་བའི་དགེ་སློང་ཕྱིས་ལྷགས་པའི་ངོར་བསླས་ཀྱང་བླ་བའོ། །མི་བསླས་སུ་ཡང་མི་རུང་ངམ་ཞེ་ན། ཡང་དག་པར་བྱས་ན་གར་དགར་ཟད་དོ་ཞེས་པ་ཡིན་ཏེ་ལས་སྔ་མ་ལས་ལེགས་པར་བྱས་ན་ཇི་དགར་ཟད་པའོ། །ཚུངས་
པར་སྤྱོད་པ་ཡང་ངོ་ཞེས་པ་ནི་གཞི་བར་འདྲ་ལ་གོང་མ་ལྟར་སྔ་ཕྱི་ཁྱེར་རམ། འགྲོན་པར་འདྲ་ལ་གོང་མ་ལྟར་སྔ་ཕྱི་ཁྱེར་ཡང་སླར་བསླས་སུ་རུང་བར་སྟོན་པའོ། །ཅིག་ཤོས་པོས་མཐུན་པ་གསལ་ཞེས་པ་ནི་ཕྱིས་འོངས་པ་དག་གིས་སྔ་མ་རྣམས་འདུ་བར་གསོལ་ཅིག་པའོ། །མ་བཏུབ་ན་མཚམས་གཞན་དུ་
བྱ་ཞེས་པ་ནི་གོང་མ་ལྟར་གསོལ་ཏེ། འདུར་མ་བཏུབ་ན་གུད་དུ་དེང་ལ་གསོ་སྦྱིན་གྱིས་ཤིག་པའོ། །བྱེད་པའི་ཚེ་འོངས་ཏེ་ལྷག་མ་མྱོང་ན་ཡང་འགྲུབ་ཅེས་པ་ནི་གསོ་སྦྱིན་དང་ཚུལ་ནས་འབྱུང་བ་བྱེད་པའི་ཚེ་འོངས་ཏེ་ལས་ཀྱི་མཇུག་མྱོང་ཞིང་ཐོས་ན་ཡང་བདག་གིས་གསོ་སྦྱིན་དང་ཚུལ་ནས་འབྱུང་པ་འམ་
འགྲུབ་པར་སྟོན་པའོ། །གནས་དེ་ནས་སུ་ཡང་མ་གྱེས་ན་གདོན་མི་ཟ་བར་རོ་ཞེས་པ་ནི་སྔ་མ་གསོ་སྦྱིན་བྱེད་པ་སུ་ཡང་མ་གྱེས་པར་ཕྱི་མས་རྫིས་ན་གདོན་མི་ཟ་བར་བསླས་དགོས་པའོ། །ལྷགས་པ་ཕལ་ཆེ་ནའོ་ཞེས་པ་ནི་ཕྱིས་ལྷགས་པ་ཕལ་ཆེ་ན་ཡང་གདོན་མི་ཟ་བར་བསླས་དགོས་པའོ། །དུས་ཀྱི་
ཕྱིར་ནི་མང་བ་བརྩན་ནོ་ཞེས་པ་ནི་གསོ་སྦྱིན་གྱི་ཚེ་ཚེས་གྲངས་ལ་ཁས་དུམ་ན་གང་མང་བ་བརྩན་པར་གྱིས་ཤིག་པའོ། །མཉམ་ན་གཞི་བའོ་ཞེས་པ་ནི་གྲངས་མཉམ་ན་གཞི་བ་བརྩན་པར་གྱིས་ཤིག་པའོ། །འདིར་ཡང་ངོ་ཞེས་པ་ནི་མང་བ་བརྩན་བ་འམ་གཞི་བརྩན་པར་བྱ་བ་གྱི་ན་འམ་འོལ་བྱིར་མ་
เล่ม ๑๖๔ · หน้า 177b
ཡིན་གྱི་གདོན་མི་ཟ་བར་དེ་བཞིན་དུ་གྱིས་ཤིག་པའོ། །གསོ་སྦྱིན་གྱི་ཆོ་གར་གཏོགས་པའོ།། །།ད་ནི་རྣམ་པར་འབྱེད་པ་དང་ཕྲན་ཚེགས་ལ་སོགས་པ་ལས་ཀྱི་དངོས་པོར་གཏོགས་པ་རྣམས་བསྡུས་ཏེ་སྟོན་པ་ནི། ཏིང་ངེ་འཛིན་ལས་མི་བསླང་ཞེས་པ་ལ་སོགས་པ་ཡིན་ཏེ། དགེ་སློང་བསམ་གཏན་བྱེད་
པ་ལ་ཁོ་ན་ཉིད་ཀྱི་ཆེད་ཀྱང་རུང་གཞན་གྱི་ཆེད་ཀྱང་རུང་སྟེ་བྱེད་པའི་མོད་ལ་མ་སློང་ཤིག་པའོ། །ལུང་མེད་པར་མི་བསྒོམ་ཞེས་པ་ནི་ལམ་བསྟན་གླེང་བ་ལ་གསུངས་པ་བཞིན་དུ། ལུང་འབོགས་པ་མེད་པར་མ་བསྒོམ་ཤིག་པའོ། །བུམ་པ་དང་ཕོ་ལོང་བཤམས་པའི་རིགས་སོ་ཞེས་པ་ནི་གོང་དུ་
བཤད་པ་ལྟ་བུ་ཉིད་ཀྱི་གཉེན་པོ་བྱ་བའི་རིགས་པར་སྟོན་པའོ། །བརྩོན་འགྲུས་མི་ཀློད་ཅེས་པ་ནི་དགེ་བ་ཇི་བརྩམས་པའི་བརྩོན་འགྲུས་མི་ཀློད་པར་གྱིས་ཤིག་པའོ། །འདི་མདོ་ལས་འབྱུང་བ་བཞིན་དུའོ་ཞེས་པ་ནི་རྣལ་འབྱོར་པས་ཉིན་མཚན་ཐུན་དུ་བཀླག་ཅིང་བརྩོན་འགྲུས་ཀྱི་ཡན་ལག་རྒྱས་
པར་བཤད་པ་བཞིན་དུ་རིག་པར་གྱིས་ཤིག་པའོ། །སེམས་དང་ཡན་ལག་དང་གོས་བཙུམས་ལ་ཉལ་བར་བྱ་ཞེས་པ་ནི་ཉལ་བའི་ཚེ་ན་ཡང་བགྲད་ཅིང་མ་བཞག་པར་གོས་ཡན་ཆད་བསྡུས་ཤིང་སུམས་ལ་ཉོལ་ཅིག་པའོ། །ཉིན་པར་ནད་པ་མ་ཡིན་པར་མི་ཉལ་ཞེས་པ་དང་། རྐེད་པ་ན་བས་
པུས་འཁྱུད་བཅང་ཞེས་པ་ནི་རྒྱབ་དང་རྐེད་པ་ན་བས་པུས་འཁྱུད་ཆོང་ཤིག་པའོ། །ནད་པ་མ་ཡིན་པས་ཉལ་བར་མི་བྱ་བ་སྟེ་ཚ་བའི་དུས་དང་། གཉིད་ཀྱི་སྙོམ་པ་སེལ་བ་ནི་ཉེས་མེད། མདོ་ལས། ཕྱི་རོལ་ཡིད་ལ་མི་བྱེད་པ་དང་མ་ཡེངས་པ་དང་གསལ་ཞིང་དྲང་བ་དང་། དབང་པོ་སྡུད་དེ་
བཅག་ཅེས་པ་དང་། མི་ནུས་ན་ཐིག་དྲང་ཞེས་པ་དང་། ཁ་ཏོན་པའི་འཆག་ས་ནི་ཁྲུ་བཅུ་གཉིས་ཞེས་པ་དང་། སྤོང་བ་པའི་ནི་ཁྲུ་བཅོ་བརྒྱད་ཅེས་དང་། འདིའང་ཐིག་བཏབ་ལ་བྱ་ཞེས་པ་ནི་སྤོང་བ་ལ་སོགས་པས་འདི་ལྟར་གྱིས་ཤིག་པ་སྟེ་དེ་ལ་ཕྱི་རོལ་ཡིད་ལ་མི་བྱེད་ཅེས་པ་ནི་སེམས་
ཡུལ་ལ་མ་ཡེངས་པའོ། །མ་ཡེངས་པ་དངོས་སུ་ཟད། གསལ་ཞེས་པ་ནི་སེམས་དང་ཉམས་གསལ་བའོ། །དྲང་ཞེས་པ་ནི་མི་འགྱུར་བར་བཅག་པའོ། །དབང་པོ་ནང་དུ་སྡུད་ཅེས་པ་ནི་མིག་དང་རྣ་བ་ལ་སོགས་པ་གྱ་ཚོམ་དུ་མི་བཏང་བར་བསྡུས་པའོ། །དགེ་སློང་གིས་འདུག་ལ་ཆོས་བཤད་
เล่ม ๑๖๔ · หน้า 178a
ཅེས་པ་འགྲོན་པ་ཐུག་ཕྲད་ཀྱིས་གཏམ་ཟེར་བ་ལྟ་བུ་འགྲེང་ཞིང་མི་འཆད་པར་འདུག་ལ་ཤོད་ཅིག་པའོ། །དུ་མ་ན་ཡང་གཅིག་གིས་སོ་ཞེས་པ་ནི་འཆད་ནུས་པའི་འོས་དུ་མ་ཞིག་ཡོད་ན་ཡང་གཅིག་གིས་ཤོད་ཅིག་པའོ། །སུ་ཡང་རུང་ཞེས་པ་ནི་དུ་མ་འཁོད་པ་ལ་གང་གིས་བཤད་ཀྱང་
རུང་བར་སྟོན་པའོ། །དེའི་ངོར་བོས་པ་མ་ཡིན་ན་མ་གསོལ་བར་མ་ཡིན་ཞེས་པ་ནི་དགེ་སློང་འགའ་ཞིག་གི་ངོར་དགེ་འདུན་སྤྱན་དྲངས་པའི་ཚེ་དེས་མ་གསོལ་བར་བཤད་ཀྱང་བླའི་དེ་ལྟ་བུའི་མ་ཡིན་བར་ཕས་མ་གསོལ་ཏམ་མ་གླེངས་པར་ཆུས་བབ་བབ་དུ་མ་འཆད་ཅིག་པའོ། །འགེན་ཕག་ཏུ་མ་ཡིན་ཞེས་པ་ནི་
མི་ཕལ་འཁོད་པའི་ནང་ནས་སྡེ་སྡེར་བཅད་ཅིང་སོ་སོར་འཆད་པར་མ་བྱེད་ཅིག་པའོ། །ཕྱེད་ཤས་སུ་མ་ཡིན་ཞེས་པ་ནི་ཆོས་འཆད་པའི་འཁོར་གཅིག་ལ་བཤད་པ་ཁ་གཉིས་སུ་མ་བྱེད་ཅིག་པའོ། །གཉིས་ལྷན་ཅིག་དུ་མ་ཡིན་ཞེས་པ་ནི་མི་གཉིས་ཅིག་ཅར་ཁ་བསྟམས་ཏེ་མ་འཆད་ཅིག་པའོ། །རྒན་གྲལ་ནས་སོ་
ཞེས་པ་ནི་འཆད་པའི་གྲལ་རྒན་རབས་ཀྱི་གོ་ནས་ཤོད་ཅིག་པའོ། །ཕལ་ཆེ་ན་གཉིས་གསུམ་གོ་བཞག་ནས་སོ་ཞེས་པ་ནི་རྒན་རབས་མང་པོ་ཞིག་འཁོད་ན་གོང་དུ་གཉིས་གསུམ་ཙམ་བཞག་པའི་འོག་ཏུ་འདུག་ལ་ཤོད་ཅིག་པའོ། །ཐམས་ཅད་ཀྱིས་དེ་ལྟའམ་ཞེ་ན། གོ་དེ་ན་མེད་ནའོ་ཞེས་པ་ཡིན་ཏེ་གྲལ་རིམས་ཀྱིས་དེར་
མི་བབ་པ་ཞིག་ན་གདོད་དེ་ལྟར་གྱིས་ཤིག་པའོ། །སེང་གེའི་སྟན་ལ་ཡང་ངོ་ཞེས་པ་ནི་ཆོས་འཆད་པའི་སེང་གེའི་སྟན་ལ་འདུག་སྟེ་ཤོད་ཅིག་པའོ། །མཆིལ་སྣོད་གཞག་ཅེས་པ་དང་འདིར་གཞི་གདིང་ཞེས་པ་དང་། བྱེ་མ་ལས་མ་ཐལ་བའོ་ཞེས་པ་དང་། དུས་དུས་སུ་བཀྲུ་ཞེས་པ་དང་ཆོས་འཆད་པའི་
མཆིལ་སྣོད་འདི་ལྟ་བུ་གྱིས་ཤིག་པའོ། །མཚན་མོ་ཆོས་བསྒྲག་པར་བྱ་ཞེས་པ་དང་། ཚེས་བརྒྱད་དམ་བཅུ་བཞིའམ་བཅོ་ལྔའོ་ཞེས་པ་ནི་ཚེས་གྲངས་འདི་དག་ཡལ་ནངས་སུ་ཆོས་བསྒྲགས་པར་གྱིས་ཤིག་པའོ། །ནད་པས་འདི་མ་བྱས་བླ་ཞེས་པ་ནི་ནད་པས་ནི་ཆོས་བསྒྲགས་པ་མ་བྱས་ཀྱང་བླ་
བའོ། །འདི་བཤད་པའི་ཕྱིར་བསྐུལ་ན་ཁས་མི་བླང་བ་མ་ཡིན་ཞེས་པ་ནི་ཁང་སྐྱོང་བ་ལྟ་བུ་ལ་སོགས་པས་ཆོས་བཤད་པར་བསྐུལ་ན་རང་རེད་མ་བྱེད་པར་ཁས་ལོངས་ཤིག་པའོ། །མི་ནུས་པ་ལ་སོགས་པ་ཞིག་ན་བསྒོ་བ་ལས་བཤགས་ཞེས་པ་ནི་བདག་བྲེལ་ཏམ་མི་ནུས་པ་ལ་སོགས་པའི་རྐྱེན་
เล่ม ๑๖๔ · หน้า 178b
ཅིག་ཡོད་ན། ཁང་སྐྱོང་ལྟ་བུ་ལ་སོགས་པས་བསྒོ་བ་ལ་ཤད་ཀྱིས་འབྱོང་ཤིག་པའོ། །འཆད་པ་ནི་རེས་སུ་བཀླག་ཅིང་འཆད་དུ་གཞུག་ཅེས་པ་ནི་གཅིག་གིས་འཆད་མི་ནུས་ན་རེས་སུ་ལྷོགས་ལ་ཤོད་ཅིག་པའོ། །མཐར་ན་ཚིགས་བཅད་རེ་རེ་ཡང་ངོ་ཞེས་པ་ནི་ཚིགས་བཅད་རེ་རེ་ཙམ་གྱི་ཚོད་བཤད་
ནུས་ན་ཡང་རེས་སུ་ལྷོགས་ཤིག་པའོ། །འདིར་མེ་མར་བུད་ཅེས་པ་དང་། མཐོངས་སུ་ཆོས་མཉན་བའི་གྲལ་ཟླ་གམ་མམ་རྫིང་བུ་ལྟར་བྱས་ཞེས་པ་ནི་ཆོས་བཤད་པའི་སར་མེ་མར་བུད་པ་དང་། བཤད་པའི་གྲལ་ཐབས་འདི་ལྟར་གྱིས་ཤིག་པའོ། །བླ་གབ་མེད་པར་ཆོས་འཆད་ན་བླ་རེ་བྲེ་ཞེས་
པ་དང་། ཆར་འོང་ན་བརྟུལ་ཞེས་པ་དང་། དེ་ནས་ཆོས་ཉན་པ་མི་བཏང་ཞེས་པ་དང་། གནས་བརྟན་དང་པོར་སོང་ལ་ཅུང་ཟད་མི་སྨྲ་བར་བསྡད་ནས་དེས་ཆོས་བཤད་པ་འམ་དགེ་སློང་གཞན་ལ་ཆོས་སྨྲས་སོ་ཞེས་བསྐུལ་ཞེས་པ་ནི་བླ་གབ་མེད་པར་ཆོས་འཆད་པའི་ཚེ་ཆར་འོང་ན་གནས་སྤོང་བ་དང་།
གུད་དུ་བཤད་པའི་དྲོད་གནས་བརྟན་གྱིས་བཟུང་བ་ལ་ཚོགས་པ་ཐབས་འདི་ལྟར་གྱིས་ཤིག་པར་སྟོན་པའོ། །འཆད་པ་མཉན་ནས་གལ་ཏེ་ཆོས་བཞིན་ན་སྤྲོ་བར་བྱ་ཞེས་པ་དང་། མ་ཡིན་ན་བཟློག་ཅེས་པ་ནི་ཆོས་བཞིན་དུ་འཆད་ན་གཟེངས་བསྟོད་པ་དང་། ལོག་པར་འཆད་ན་སླར་ཟློག་ཤིག་པའོ། །འདིར་
ཁྱིམ་པ་དག་ལྷགས་ན་ཆོས་ཀྱི་གཏམ་བྱ་ཞེས་པ་ནི་གཙུག་ལག་ཁང་དུ་ཁྱིམ་བདག་འོངས་ཤིང་ལྷགས་ན་ཆོས་ཀྱི་གཏམ་གླེངས་ཤིག་པའོ། །མུ་སྟེགས་པ་སྤོགས་ཤིང་རྒོལ་ན་འཁྲུལ་ཅིང་སྨད་པ་མི་བསྟན་པར་ཚར་གཅོད་ཅེས་པ་ནི་མུ་སྟེགས་པ་རྒོལ་ཞིང་སྤོགས་ན་འཕྲལ་དུ་མ་ཁྲོ་བར་གཞུང་དང་རིགས་
པས་ཚར་ཆོད་རབ་ཏུ་གྱིས་ཤིག་པའོ། །སྟོན་པས་འཁོར་ཁྲིད་ལ་མི་འགྲོ་ཞེས་པ་ནི་བདག་གི་ཁྱིམ་དུ་ཆོས་མཉན་པའི་འཁོར་ཕྱི་བཞིན་དུ་མི་བཀྲི་ཤིག་པའོ། །འདི་དག་ལྷགས་ན་ཆོས་ཀྱི་དོན་ལ་གཟུད་ཅེས་པ་ནི་བདག་གིས་ནི་མ་ཁྲིད་ཀྱི་ཁོང་ཏ་རང་དགར་ལྷགས་ན་ཆོས་ཀྱི་ཆེད་ལ་(ཆུང་‚ཆུད་)ཅིག་
པའོ། །རྫེས་དང་ལྡན་ཞིང་བསྟི་སྟོང་དང་བཅས་ལ་དམའ་བའི་སེམས་ཀྱིས་འཇུག་ཅེས་པ་ནི་ཆོས་སྨྲ་བ་འཁོར་གྱི་ནང་དུ་འགྲོ་བའི་ཚེ་སེམས་དང་ཚུལ་འདི་ལྟར་གྱིས་ཤིག་པའོ། །གཟབས་ཏེ་བཤད་ཅེས་པ་དང་། ཆོས་ལ་གུས་ཤིང་བསྟན་པ་དང་མ་གཡེངས་པའི་ཡིད་ཀྱིས་སོ་ཞེས་པ་དང་། རིགས་
เล่ม ๑๖๔ · หน้า 179a
པ་དང་གྲོལ་བའི་ཚིག་གིས་སོ་ཞེས་པ་དང་། མ་འདྲེས་པར་རོ་ཞེས་པ་དང་རྒྱུན་ཆགས་པར་བྱམས་པ་དང་སྙིང་རྗེ་དང་ཟང་ཟིང་མེད་པའི་སེམས་ཀྱིས་སོ་ཞེས་པ་དང་། དགའ་མགུ་རངས་པར་བྱ་ཞེས་པ་ནི་ཆོས་སྨྲ་བས་བཤད་པའི་ཚུལ་ལུང་འདི་ལྟར་གྱིས་ཤིག་པ་སྟེ། དེ་ལ་རིགས་
ཞེས་པ་ནི་རིགས་པའམ་གཏན་ཚིགས་དང་ལྡན་པའོ། །གྲོལ་བ་ཞེས་བྱ་བ་ནི་ཐགས་ཐོགས་མེད་པར་གྲོལ་བའོ། །མ་འདྲེས་ཞེས་པ་ནི་གཏམ་བླ་བརྙན་དང་མ་འདྲེའོ། །རྒྱུན་ཆགས་ཞེས་པ་ནི་སྔ་ཕྱིར་འབྲེལ་བའོ། །ཟང་ཟིང་མེད་པའི་སེམས་ཞེས་པ་ནི་རྙེད་པ་དང་བསྟི་སྟང་གི་ཕྱིར་མ་ཡིན་པའོ།
དགའ་ཞེས་པ་ནི་གཟེངས་བསྟོད་ཅིང་ཡིད་གསོ་བའོ། །མགུ་ཞེས་པ་ནི་བསམ་པ་དང་མཐུན་པར་སྟོན་པས་མ་མོས་པ་བཟློག་པའོ། །རངས་ཞེས་པ་ནི་གཏན་ཚིགས་དང་ཚད་མར་ལྡན་པས་རངས་པར་བྱེད་པའོ། །དོན་གྱི་དབང་གིས་ན་མ་རྫོགས་ཀྱང་བསྡད་ཅེས་པ་ནི་དོན་ཆེད་གཞན་གྱི་རྐྱེན་ཅིག་བྱུང་
ན་རེ་ཞིག་ཆོས་ཀྱི་བར་ཆད་དེ་བསྡད་ཀྱང་བླ་བའོ། །དབྱངས་ཀྱིས་ཆོས་བཤད་ཅེས་པ་ནི་ཆོས་འདོན་ཅིང་བཤད་པ་དབྱངས་དང་ལྡན་པར་གྱིས་ཤིག་པའོ། །ལངས་ནས་དབྱེ་ཞེས་པ་ཁ་ཏོན་བྱས་ཟིན་པའི་འོག་ཏུ་དེ་དག་གི་དོན་འདི་དང་འདི་ལྟ་བུའི་ཞེས་མ་གོ་བའི་རྣམས་ཕྱེ་ཞིང་སྟོན་ཅིག་པའོ། །དོན་བཀོལ་
ཞིང་བསྙད་ཅེས་པ་ནི་ནང་ནས་དོན་དུ་ཇི་འབྱུང་བའི་རྣམས་བཀོལ་བ་བདག་གིས་ཚིག་དང་དོན་གར་རིགས་པར་ཕྱེ་ཞིང་སྟོན་ཅིག་པའོ། །དབྱེ་ཞིང་སྦྱར་ཞེས་པ་ནི་ཚིག་དང་དོན་ལས་ག་ལ་སྐྱོན་ཡོད་པ་འདྲ་བ་ཡང་སྨོས་ཤིང་སླར་དེ་དག་འདི་ལྟ་བུ་ཡིན་ནོ་ཞེས་སྦྱར་བ་ཡང་གྱིས་ཤིག་པའོ། །གནས་བརྟན་གྱིས་
ཞག་གྲངས་གཟུང་ཞེས་པ་ནི་གནས་བརྟན་གྱི་ལས་སུ་ཚེས་གྲངས་ཟུང་ཤིག་པའོ། །ཐབས་ཇི་ལྟར་གཟུང་ཞེ་ན། སྨྱུག་ཚལ་སྐུད་པས་བརྒྱུ་སྟེ་སྤོ་ཞིང་ངོ་ཞེས་པ་ཡིན་ཏེ་འདི་ལྟ་བུའི་བརྗེད་བྱང་གྱིས་ལ་ཚེས་གྲངས་ཟུང་ཤིག་པའོ། །གཙུག་ལག་ཁང་ཁང་སྐྱོང་གིས་དེ་ལ་ཆ་བླང་ཞིང་དགེ་འདུན་ལ་བསྙད་
ཞེས་པ་ནི་ཁང་སྐྱོང་གིས་ཚེས་གྲངས་ཀྱི་ཆ་ཁང་སྐྱོང་གི་གནས་བརྟན་ལས་ནོས་ལ་དགེ་འདུན་གྱི་སྙན་དུ་གསོལ་ཅིག་པའོ། །བྱེ་བྲག་ཕྱེ་ནས་སོ་ཞེས་པ་དང་། ཟླ་བ་ཕྱེད་ཀྱི་བྱེ་བྲག་གིས་སོ་ཞེས་པ་ནི་དགེ་འདུན་ལ་བསྙད་པ་ཡང་ཟླ་བ་ཕྱེད་ལྟ་བུ་དང་ཚེས་གྲངས་གང་ལ་བབ་པའི་ཚེས་གྲངས་སོ་སོར་ཕྱེ་
เล่ม ๑๖๔ · หน้า 179b
ལ་སྙོད་ཅིག་པའོ། །གཙུག་ལག་ཁང་གི་བདག་པོ་དང་ལྷའི་ཕྱིར་དགེ་སློང་དག་ཚིགས་བཅད་གདོན་དུ་གཞུག་ཅེས་པ་ནི་ལྷ་ཁང་སྲུང་མ་དང་ཡོན་བདག་གི་ཕྱིར་དགེ་འདུན་གྱི་ཚིགས་བཅད་བཀླག་པར་ཁང་སྐྱོང་གིས་སྐུལ་ཅིག་པའོ། །སྐབས་གང་དུ་ཞེ་ན། རྗེས་ལའོ་ཞེས་པ་ཡིན་ཏེ་ཚེས་གྲངས་བསྙད་
པའི་འོག་ཏུ་འདི་སྐད་གྱིས་ཤིག་པའོ། །སྙད་ཇི་སྐད་བྱ་ཞེ་ན། དེང་ཟླ་བ་ཡར་གྱི་ཚེས་གཅིག་པས་ན་གཙུག་ལག་ཁང་གི་བདག་པོ་དང་གཙུག་ལག་ཁང་གི་ལྷ་རྣམས་ཀྱི་ཕྱིར་ཚིགས་བཅད་རེ་རེ་གསུངས་ཤིག་ཅེས་སོ་ཞེས་པ་ཡིན་ནོ། །གཞན་ཡང་དེའི་ཟླ་ལ་བསྙད་པར་བྱ་བ་ནི་གཙུག་ལག་ཁང་
གི་བདག་པོ་སྤྱན་འདྲེན་པ་བསྙད་པ་ནི་ཡོན་བདག་མིང་འདི་ཞེས་བགྱི་བས་སང་དགེ་འདུན་སྤྱན་འདྲེན་གྱི་བཙུན་པ་དག་གིས་དེ་ལ་དགེ་བའི་ཐུགས་བརྩེ་བར་དགོངས་ཤིག་ཅེས་སོ་ཞེས་པ་ཡིན་ཏེ་ཡོན་བདག་ནར་མའམ། བླ་ཐབས་སུ་སྤྱན་འདྲེན་པ་ཞིག་ཡོད་ན་ནུབ་མོ་ནས་དགེ་འདུན་གྱི་སྙན་དུ་
འདི་སྐད་གསོལ་ཅིག་པའོ། །འབྲི་བའི་ཉིན་ཞག་གདོན་ཞེས་པ་ནི་ཟླ་བ་ཕྱེད་ལ་ཤོལ་ཡོད་བའི་གོད་ཀྱིས་ཐོན་ཅིག་པའོ། །ཇི་ལྟར་གདོན་ཞེ་ན། དུས་ཀྱིས་ཟླ་བ་ཕྱེད་ལུས་ཤིང་ངོ་ཞེས་པ་ཡིན་ཏེ། དུས་དྲུག་ལ་ཟླ་བ་གཉིས་གཉིས་ཡོད་པའི་ཟླ་བ་ཕྱེད་དང་གཉིས་འདས་ཤིང་ཤོལ་འོར་ཅིག་པའོ། །ཟླ་
བའི་གླགས་འདོར་བ་ཡང་རྒྱལ་པོའི་རྗེས་སུ་འཇུག་པ་དང་སྐར་མཁན་གྱི་ཚེས་གྲངས་ཀྱི་རྗེས་སུ་འཇུག་པར་རོ་ཞེས་པ་ནི་ཞག་གྲངས་ཀྱི་གླགས་དོར་བ་ཡང་མིང་གིས་སྨོས་པ་འདི་དག་དང་སྦྱོར་ཅིག་པའོ། །མ་བརྟགས་ཤིང་གསོ་སྦྱིན་མ་བསྡད་པར་སྟོང་བའོ་ཞེས་མཚམས་མི་གཅད་ཅེས་པ་ནི་
སྔ་ན་མཚམས་བཅད་དམ་མ་བཅད་པ་བརྟགས་པ་དང་། གསོ་སྦྱིན་ལ་ཐུག་པའི་བར་དུ་མ་བསྡད་པར་གུད་ལྷགས་མ་ཐག་ཏུ་གནས་སྟོང་པའོ་སྙམ་དུ་བསམས་ཏེ་མཚམས་མ་གཅོད་ཅིག་པའོ། །བཅད་པར་ཤེས་པ་ན་མ་སྐྱེས་པ་ཡན་ལག་མ་ཡིན་ཞེས་པ་ནི་སྔོན་མཚམས་བཅད་པར་ཤེས་
པ་ཉི་ཚེ་མཚམས་མི་འཆགས་པའི་ཡན་ལག་ཏུ་འགྱུར་བ་མ་ཡིན་གྱི་སྔོན་བཅད་པར་མ་ཤེས་ན་ཡང་མཚམས་མི་འཆགས་པའི་ཡན་ལག་ཏུ་འགྱུར་བར་སྟོན་པའོ། །ཆུན་གྱིས་འཐོན་ན་འགྲོལ་ལོ་ཞེས་པ་ནི་དང་པོ་མཚམས་གཅོད་གཅོད་པའི་དགེ་སློང་གཅིག་ཀྱང་མི་འདུག་པར་འཐོན་
เล่ม ๑๖๔ · หน้า 180a
ན་མཚམས་འཇིག་པར་འགྱུར་བའོ། །རུང་བའི་ཚང་མང་ཡང་ངོ་ཞེས་པ་ནི་རུང་བའི་ཚང་མང་དུ་བྱིན་གྱིས་བརླབས་པ་ཡང་གོང་མ་ལྟར་དགེ་འདུན་ཐམས་ཅད་གུད་དུ་འདོང་ན་རུང་བར་བྱིན་གྱིས་བརླབས་པ་འཇིག་པར་སྟོན་པའོ། །མཚམས་ལ་མཚམས་ཀྱི་གནས་སུ་མི་རུང་ཞེས་
པ་ནི་མཚམས་ཀྱི་མཚམས་རྣམས་ན་མི་འཆགས་པར་སྟོན་པའོ། །འགེན་ཕག་དང་དགེ་སློང་མའི་དབྱར་མོ་ཐང་དང་ལྟེང་ཆུ་ནི་རུང་ཞེས་པ་ནི་འདི་དག་ནི་མཚམས་ཀྱི་ནང་ན་འདུག་དུ་ཟིན་གྱིས་ཀྱང་བརྣན་བའི་ཉེས་པར་མི་འགྱུར་བའོ། །ཤིང་གཅིག་ལ་མཚམས་བཞི་ཙམ་གྱི་མཚོན་དུ་མ་གཟུགས་སུ་རུང་ཞེས་
པ་ནི་ཕྱོགས་བཞིའི་དགེ་འདུན་གྱིས་མཚམས་ཀྱི་མཚོན་གཅིག་ལ་གཟུགས་སུ་རུང་བར་སྟོན་པའོ། །འདིར་ཚིགས་རུང་བ་ལ་མཚོན་གཟུགས་ཞེས་པ་ནི་མཚམས་ཀྱི་མཚོན་ཀྱང་འོག་ནས་འབྱུང་བ་ལྟ་བུ་ཡིན་པའི་ཚིགས་སུ་རུང་བ་ལ་ཚུགས་ཤིག་པའོ། །སྤྲུལ་པ་དང་མིག་འཕྲུལ་བྱས་པ་ནི་དན་པོ་མ་ཡིན་ཞེས་
པ་ནི་འདི་དག་ལྟ་བུ་ལ་མཚན་གཟུགས་སུ་མི་རུང་བ་དང་། ཟླ་བ་ཉི་མ་སྐར་མའི་འོད་ཟེར་ཆུ་གཉེར་རླབས་རྣམས་ནི་གྱི་ནའོ་ཞེས་པ་ཡིན་ནོ། །ཆུ་ནི་མཚམས་གཞན་དང་འདྲའོ་ཞེས་པ་ནི་ཆུ་ནི་མཚམས་སུ་མི་རུང་བའོ། །བཙལ་གཅིག་ཏུ་མི་རུང་ཞེས་པ་ནི་ཆུས་བཙལ་ན་མཚམས་གཅིག་གི་ཁངས་སུ་བརྩིར་མི་
རུང་བའོ། །ཟམ་པ་བརྟན་པོར་ཡུལ་ལོ་ཞེས་པ་ནི་ཟམ་པ་བརྟན་པོ་ཡོད་ན་ནི་ཆུས་བཙལ་དུ་ཟིན་ཀྱང་མཚམས་ཐ་དད་དུ་མི་འགྱུར་བའོ། །འདི་ཞིག་པ་སླར་བཅོས་པར་བྱ་ཞེས་པ་ནི་དེ་ཡང་ཟམ་པ་སླར་བཅོས་པའི་དྲོད་དང་སྦྱོར་བའོ། །སྦྱོར་བ་བཏང་བར་མ་གྱུར་ནའོ་ཞེས་པ་ནི་ཟམ་པ་འཆོས་བཞིན་དུ་གདོད་
གོང་མ་ལྟར་རུང་བའོ། །དེའང་ཇི་སྲིད་ཀྱི་བར་དུ་རུང་ཞེ་ན། ཞག་བདུན་ལས་ལྷག་དུ་མི་རུང་ཞེས་པ་ཡིན་ནོ། །ནམ་མཁའ་ནི་ལོགས་ཤིག་གོ་ཞེས་པ་ནི་ནམ་མཁའ་མཚམས་སུ་མི་ཆུད་པའོ། །འདི་ཡོད་པར་ཡང་མ་གཏོགས་ན་འབྲེལ་པ་ལྟ་ཅི་སྨོས་ཞེས་པ་ཡིན་ཏེ་ནམ་མཁའ་དངོས་སུ་ཡོད་པ་ཡང་
བྱ་བ་ལས་མ་གཏོགས་ཤིང་ཡོད་པར་མི་བརྩི་ནས་འདྲ་ཞིང་ས་དང་ཞིང་ས་དང་འབྲེལ་པར་བརྩི་བ་ལྟ་ཅི་སྨོས་ཏེ་མི་རུང་བར་སྟོན་པའོ། །དཀྱིལ་ནས་དཔག་ཚད་ཕྱེད་དང་གསུམ་ལས་ལྷག་པར་མཚམས་བཅད་པ་མི་སྐྱེ་ཞེས་པ་ནི་དཔག་ཚད་ཕྱེད་དང་གསུམ་ལས་ལྷག་པར་མཚམས་བཅད་ཀྱང་མཚམས་
เล่ม ๑๖๔ · หน้า 180b
སུ་མི་རུང་བའོ། །སྐམས་དག་བླ་འོག་ཏུ་ཕུལ་འདི་ཙམ་མོ་ཞེས་པ་ནི་རི་ངོས་ལྟ་བུ་ལ་ཡང་བླ་འོག་གི་ཚད་འདི་ཙམ་གྱིས་གཟུང་བར་སྟོན་པའོ། །འགེན་ཕག་གི་མཚམས་ཀྱི་ཚད་ནི་དགེ་འདུན་ལས་བྱེད་པ་ཤོང་དྲོད་ཀྱིས་གཟུང་བར་ཟད་དོ། །མཚམས་མ་བཅད་པའི་སར་འབྲལ་བའི་སྡོམ་པ་མི་སྐྱེ་ཞེས་
པ་ནི་མཚམས་མ་བཅད་ན་མི་འབྲལ་བའི་སྡོམ་པར་མི་རུང་བའོ། །བཅད་པ་མ་ཉམས་ན་མི་ཡལ་ཞེས་པ་ནི་མཚམས་མ་ཞིག་གི་བར་དུ་ནི་སྡོམ་པའང་མི་འཇིག་པའོ། །དེ་ལས་དེ་མ་ཡིན་ཞེས་པ་ནི་སྡོམ་པ་ཡལ་ཞིང་ཕྱུང་དུ་ཟིན་གྱིས་ཀྱང་མཚམས་ཡལ་ཞིང་མེད་པར་མི་འགྱུར་བའོ། །གསོ་སྦྱིན་
གྱི་ཚེ་མཆོད་རྟེན་གྱི་ཁང་བུ་དང་ཁང་བཞག་དང་གསོ་སྦྱིན་གྱི་གནས་རྣམས་བྱུག་ཅེས་པ་ནི་གསོ་སྦྱིན་གྱི་ཚེ་དེ་དག་ཀུན་བྱུག་ཅིང་བྱི་བདར་བྱ་དགོས་པའོ། །དད་པ་ལ་སོགས་པ་དགེ་འདུན་ལ་ཕུལ་བར་ཆུད་དོ་ཞེས་པ་ནི་བདག་ཉིད་ཀྱི་ངོས་དགེ་འདུན་ལ་དད་པས་ཕུལ་ཡང་ཕུལ་བའི་ཁོངས་སུ་ཆུད་
པར་སྟོན་པའོ། །འོན་ཀྱང་སུ་རུང་བ་ཅིག་གིས་དགེ་འདུན་ལ་བསྙད་པར་བྱ་ཞེས་པ་ནི་གོང་མ་ལྟར་དད་པ་ངོས་ཕུལ་དུ་ཟིན་གྱིས་ཀྱང་དགེ་སློང་གཅིག་གིས་ཆོས་བཞིན་བྱ་བའི་ཕྱིར་སྒྲོགས་ཤིག་པའོ། །འདི་མཚམས་ཀྱི་ཕྱི་རོལ་ན་འདུག་པས་མི་དབུལ། དབུལ་དུའང་མི་གཞུག་ཅེས་པ་ནི་
མཚམས་ཀྱི་ཕྱི་རོལ་ན་འདུག་པའི་དད་པ་བླང་ཡང་མི་བླང་། འབུལ་ན་ཡང་མ་ལེན་ཅིག་པའོ། །མི་བརྒྱུད་ཅེས་པ་ནི་དད་པ་བརྒྱུད་མོར་མ་འབུལ་ཅིག་པའོ། །ནད་པ་དང་དབང་མེད་པ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཀྱིས་སྐྲག་པ་མ་ཡིན་པར་ཕུལ་ན་ཉེས་བྱས་ཞེས་པ་ནི་རྐྱེན་འདི་
དག་ལྟ་བུའི་དབང་གིས་མ་ཡིན་པར་དད་པ་ཕུལ་ན་ཕུལ་བར་མི་ཆུད་དེ་ཉེས་བྱས་སུ་འགྱུར་བའོ། །མ་གུས་ཤིང་མི་སྙོད་ན་ཡང་ངོ་ཞེས་པ་ནི་དད་པ་འབུལ་བ་ལ་མ་གུས་སམ་དད་པ་མ་ཕུལ་བར་བསུབས་ན་ཉེས་བྱས་སུ་འགྱུར་བའོ། །འདི་དག་གི་འཇིག་རྟེན་མཚམས་ཀྱི་ཕྱི་རོལ་དུ་ཁྱེར་བ་ནི་ཉེས་
མེད་ཅེས་པ་ནི་རྐྱེན་འདི་དག་ལྟ་བུས་བསྐལ་ཏེ་དད་པ་ཕྱི་རོལ་ཏུ་ཁྱེར་རམ་ཕྱི་རོལ་ནས་བཀྱོགས་ཏེ་ཁྱེར་བ་ནི་ཉེས་མེད་པའོ། །གསོ་སྦྱིན་གྱི་ཚེ་གཙུག་ལག་ཁང་སྐྱོང་གིས་ཚུལ་ཤིང་གིས་དགེ་སློང་བགྲང་ཞེས་པ་ནི་གསོ་སྦྱིན་གྱི་ཚེ་དགེ་འདུན་ཚང་ངམ་མ་ཚང་བ་ཚུལ་ཤིང་གིས་རྩིས་ཤིག་པའོ། །
เล่ม ๑๖๔ · หน้า 181a
ཚིག་ཕྱེད་ཀྱང་མི་འཁྲུལ་བར་རྒྱུན་དུ་ཆུད་རབ་ཀྱིས་གདོན་ཅེས་པ་ནི་ཚིག་ཕྱེད་ཀྱང་མི་འཁྲུལ་བར་བྱང་བས་སོ་སོར་ཐར་པ་ཐོན་ཅིག་པའོ། །དགེ་འདུན་གྱི་གནས་བརྟན་གྱིས་སོ་ཞེས་པ་དང་། མི་ནུས་ན་གཉིས་པས་སོ་ཞེས་པ་དང་། དེས་ཀྱང་ན་གསུམ་པས་སོ་ཞེས་པ་
དང་། འོན་ཀྱང་ན་རེས་ཀྱིས་སོ་ཞེས་པ་དང་། མ་ནུས་ན་གཞན་ལ་བཅོལ་ཞེས་པ་ནི་སོ་སོར་ཐར་པ་འདི་དག་གི་ཐབས་འདི་བཞིན་དུ་ལྷོགས་ཤིག་པའོ། །མི་བཏུབ་ན་དགེ་འདུན་གྱིས་སོ་ཞེས་པ་ནི་སོ་སོར་ཐར་པ་ཀློག་ཏུ་མི་བཏུབ་པ་འགའ་ཞིག་ཡོད་ན་དགེ་འདུན་གྱིས་སྐོས་ཤིག་པའོ། །རྟག་པར་ཡང་ངོ་
ཞེས་པ་ནི་དགེ་འདུན་གྱིས་འདོན་པའི་དགེ་སློང་འགའ་གཏན་དུ་ཡང་སྐོས་ཤིག་པའོ། །བརྗེད་ན་གཞན་གྱིས་སོ་ཞེས་པ་ནི་སོ་སོར་ཐར་པ་འདོན་པས་བརྗེད་དམ་མ་ལུས་ན་གཞན་གྱིས་བསྐུལ་ཞིང་སོམས་ཤིག་པའོ། །དུམ་བུར་འཆང་ན་རྫོགས་ཀྱི་བར་དུའོ་ཞེས་པ་ནི་ཀུན་ལ་དུམ་བུ་ཤ་དག་སྟེ་རངས་པ་མེད་ན་ཐམས་
ཅད་ཀྱི་དུམ་བུ་སོགས་ལ་མཇུག་དུ་ཕྱིན་པར་གྱིས་ཤིག་པའོ། །གནས་བཟང་པོ་ལ་ཆགས་པས་གྲོང་དང་མི་ཉེ་བའི་འཇིགས་པར་གསོ་སྦྱིན་བྱ་བའི་མི་རིགས་སོ་ཞེས་པ་ནི་འདི་ལྟ་བུའི་འཇིགས་སར་གནས་སུ་གདལ་དགའ་བའི་ཕྱིར་གསོ་སྦྱིན་མ་བྱེད་ཅིག་པའོ། །འགྲོན་པ་མང་པོ་མི་སྡོད་ན་འགྲོ་བཞིན་དུ་བྱ་ཞེས་པ་
ནི་འགྲོན་པ་མང་པོ་དང་འགྲོགས་ལ་སྡོད་དུ་མི་བཏུབ་ན་འགྲོ་བཞིན་དུ་གསོ་སྦྱིན་གྱིས་ཤིག་པའོ། །བཅོམ་མི་འདོད་ན་བསྙུང་ཞེས་པ་ནི་འཇིགས་པར་བཅོམ་ཐུབ་པར་བྱ་དགོས་ན་མདོ་ཙམ་ལྷོགས་ཤིག་པའོ། །འོན་ཀྱང་ན་བྱིན་གྱིས་བརླབ་ཅེས་པ་ནི་དེ་ལྟར་ཡང་མི་རུང་བ་ཙམ་གྱི་ཚོད་ན་སེམས་(གྱིས་‚ཀྱིས་)ཕྱིས་བྱའོ་བར་
བྱིན་གྱིས་རློབས་ཤིག་པའོ། །དད་པ་དང་གཙོ་བོ་མགུ་བར་བྱ་བའི་ཕྱིར་སྤྱད་པ་སྟོན་པ་ནི་ཉེས་མེད་ཅེས་པ་ནི་འདི་དག་གིས་མི་དགའ་བའམ་མགུ་བར་བྱ་བའི་ཕྱིར་དགེ་སློང་གི་ཚུལ་དང་སྤྱད་པ་སྟོན་པ་ནི་ཉེས་པར་མི་འགྱུར་བའོ། །མདུན་དུ་གསོ་སྦྱིན་བྱ་བ་ཡང་ངོ་ཞེས་པ་ནི་ཁྱིམ་པ་དེ་དག་གི་མདུན་དུ་དོན་ཆེད་
གོང་མ་ལྟ་བུའི་ཕྱིར་ན་གསོ་སྦྱིན་ཡང་གྱིས་ཤིག་པའོ། །བརྟད་ན་ཁྱིམ་པའི་མདུན་དུའང་བཤགས་ཞེས་པ་ནི་བརྟད་པ་ཞིག་བྱུང་ན་ཁྱིམ་པའི་མདུན་དུའང་ཉེས་པ་ཤོག་ཤིག་པའོ། །འདི་ལ་སྤྱད་པ་བསྙད་པ་ཡང་ངོ་ཞེས་པ་ནི་དེ་ལྟ་བུར་འབྲེལ་ཅིང་བརྟད་པ་ཞིག་ཏུ་གྱུར་ན་ཁྱིམ་པའི་མདུན་དུ་དགེ་སློང་གིས་བསྙད་
เล่ม ๑๖๔ · หน้า 181b
པའམ་ཚུལ་བསྙད་ཀྱང་ཉེས་མེད་དོ། །རྒྱལ་པོ་ལ་ཤད་ཀྱིས་དབྱུང་བ་ཡང་ངོ་ཞེས་པ་ནི་རྒྱལ་པོ་ལ་ཤད་ཀྱིས་དབྱུང་བའི་ཕྱིར་ཚུལ་སྨྲས་པ་ཉེས་མེད་པའོ། །ཚར་མ་ཕྱིན་ན་ཡང་མི་འགྲུབ་པ་ནི་མ་ཡིན་ཞེས་པ་ནི་སོ་སོར་ཐར་པ་འདོན་པའི་ཚེ་ལ་ལྟུང་བ་སྡེ་གཅིག་ལ་བརྟུལ་ནས་མཇུག་ཏུའང་མ་ཕྱིན་པར་སྔན་ཆད་གསན་
གྲང་ཞེས་སྐབས་སུ་བཅད་ན་ཡང་ཉེས་བྱས་ཡོད་དུ་ཟད་ཀྱི། གསོ་སྦྱིན་གྱི་འགྲུབ་པ་ལ་ནི་ཉེས་མེད་པར་སྟོན་པའོ། །འདོན་པ་དང་ཐང་དང་དུས་དང་ཁ་ཏོན་རྣམས་དེ་བཞིན་དུ་མ་བཟུང་ན་འདིར་ཆོས་མ་ཡིན་ཞེས་པ་ནི་མིང་གིས་སྨོས་པ་འདི་བཞི་གཞུང་ལས་འབྱུང་བ་བཞིན་དུ་མ་བྱས་ན་ཆོས་མ་ཡིན་པར་སྟོན་པའོ། །
དེ་ལ་འདོན་པ་ཆོས་མ་ཡིན་པ་ནི་གསོ་སྦྱིན་གྱི་ཚེ་སོ་སོར་ཐར་པ་མི་འདོན་པར་ཕྲན་ཚེགས་ལ་སོགས་པ་འདོན་པའོ། །ཐང་ནི་གླེང་གཞི་དང་ཕམ་པ་ལ་སོགས་པ་དངོས་སུ་འདོན་པ་དང་གསན་གྲང་ཞེས་ཁུངས་དབྱུང་བའི་ཐང་ཆད་པར་བྱས་པ་ལ་བཟློག་པ་སྟེ་གླེང་གཞི་འང་གསན་གྲང་ཞེས་ཟེར་བ་ལྟ་བུའོ། །དུས་
ནི་བཅུ་བཞིའམ་བཅོ་ལྔའི་དུས་མ་ཡིན་བར་གསོ་སྦྱིན་བྱེད་པའོ། །ཁ་ཏོན་པ་ནི་མཚན་མི་མཐུན་པ་དང་། ལྟ་བ་མི་མཐུན་པ་དང་། ཚུལ་ཁྲིམས་མ་དག་པ་དང་། བསྙེན་པར་མ་རྫོགས་པས་བཏོན་པའོ། །ཐོས་པའི་ལམ་ལས་འདས་ན་གྱེས་སོ་ཞེས་པ་ནི་གོང་དུ་མ་གྱེས་ན་གདོན་མི་ཟ་བར་བཟླས་ཏེ། གསོ་སྦྱིན་
བྱ་དགོས་པའི་གྱེས་པའི་ཚད་ཇི་ཙམ་སྟོན་པའོ། །རྣམ་པར་འབྱེད་པ་ལ་སོགས་པར་གཏོགས་པའོ། །གསོ་སྦྱིན་གྱི་དངོས་པོ་རྫོགས་སོ།། །།དབྱར་གྱི་དངོས་པོ་སྟོན་པ་ནི། དབྱར་ཚུལ་དུ་འཇུག་ཅེས་པ་ལ་སོགས་པ་ཡིན་ཏེ། དབྱར་བདག་གིས་འདིར་གཞི་གཟུང་བར་བྱའོ་ཞེས་ཁས་བླང་
བའམ་དམ་བཅས་པ་གྱིས་ཤིག་པའོ། །ཇི་སྲིད་ཀྱི་བར་དུ་ཞེ་ན། ཟླ་བ་གསུམ་ཞེས་པ་ཡིན་ཏེ། ཚེས་གྲངས་གང་ལ་ཞེ་ན། ཚེས་གཅིག་ལ་ཞེས་པ་ཡིན་ནོ། །གང་གི་ཚེས་གཅིག་ལ་ཞེ་ན། དབྱར་ཟླ་བ་འབྲིང་པོ་འདས་མ་ཐག་ཏུ་འོ་ཞེས་པ་ཡིན་ཏེ་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་བྱའོ། །དབྱར་
ཟླ་སྔ་མ་དེ་ལྟར་བསྟན་ནས་དབྱར་ཕྱི་མ་སྟོན་པ་ནི། དབྱར་ཟླ་ཐ་ཆུངས་ཀྱི་ཡང་ངོ་ཞེས་པ་ཡིན་ཏེ་དབྱར་ཟླ་ཐ་ཆུངས་ཚེས་བཅུ་དྲུག་ལ་ཡང་བྱ་བར་སྟོན་པའོ། །ཞག་བཅུའམ་ཟླ་བ་ཕྱེད་འབྱུང་དུ་འཆའ་བ་ནས་གཙུག་ལག་ཁང་གི་བྱི་བདར་བྱ་ཞེས་པ་ནི་ཞག་གྲངས་འདི་ཙམ་གྱི་སྔ་རོལ་ནས་ཚུལ་དུ་འཇུག་པའི་
เล่ม ๑๖๔ · หน้า 182a
ཕྱིར་གཙུག་ལག་ཁང་གི་ཞིག་རལ་བསབ་ཅིང་རི་མོ་འདྲི་བ་ལ་སོགས་པ་གྱིས་ཤིག་པའོ། །བདུན་ནམ་བརྒྱད་ཅེས་ཡང་ཁ་ཅིག་གོ་ཞེས་པ་ནི་གོང་མ་ལྟར་བྱ་བ་ཞག་བདུན་ནམ་བརྒྱད་ཙམ་ནས་བྱ་བ་ཡིན་ནོ་ཞེས་ཀྱང་ཁ་ཅིག་འཆད་པར་སྟོན་པའོ། །སྔ་དེ་ཉིན་པར་མལ་ཆ་བསྩར་ཞེས་པ་ནི་
ཚེས་བཅོ་ལྔའི་ཉིན་བར་མལ་སྟན་གྱི་རྣམས་སོར་ཅིག་པའོ། །མལ་སྟན་གང་གང་བསྩར་བར་བྱ་ཞེ་ན། རྐང་པའི་ཆོལ་ཟངས་ཡིན་ཀྱང་ངོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་དག་ཡན་ཆད་མལ་སྟན་ནོ་ཅོག་མ་ལུས་པར་སོར་ཅིག་པའོ། །དེ་འགོད་པ་བསྒོ་ཞེས་པ་ནི་དེ་ལྟར་མལ་སྟན་བསྩར་བའི་ཉིན་པར་མལ་
སྟན་འགོད་པའི་དགེ་སློང་གཅིག་ཀྱང་སྐོས་ཤིག་པའོ། །མི་ཁྱབ་ན་དུ་མའོ་ཞེས་པ་ནི་མལ་སྟན་འགོད་པ་གཅིག་གི་ལག་གིས་མ་ཁྱབ་ན་དུ་མའང་སྐོས་ཤིག་པའོ། །ཚུལ་དུ་འཇུག་པའི་ཐབས་ཇི་ལྟར་བྱ་ཞེ་ན། ཚུལ་ཤིང་བསུང་གིས་བྱུགས་པ་སློ་མར་གཞུག་ཅིང་གོས་དཀར་པོའི་སྟེང་དུ་བགོས་ནས་རྒན་རབས་
ཀྱི་གན་དུ་འདུག་ལ་གནས་འདི་ན་བྱ་བར་བྱས་པ་ནི་འདི་དང་འདི་ལྟ་བུ་དག་ཡོད་ཀྱིས་ཁྱེད་ཅག་སུ་གནས་འདིར་བྱ་བར་བྱས་པ་འདི་དང་འདི་དག་དང་དབྱར་གནས་པར་འདོད་པ་རྣམས་ཀྱིས་ཚུལ་ཤིང་ལོང་ཤིག་དབྱར་གྱི་ཁོངས་འདིར་དགེ་འདུན་གྱི་ནང་དུ་རྩོད་པ་སུས་ཀྱང་མ་དབྱུང་ཤིག །སུས་གང་ལ་དོགས་
པ་ཅི་ཡོད་པའང་ད་མོད་ལ་སྨྲོས་ཤིག །དབྱར་གྱི་ཁོངས་སུ་སུས་དགེ་འདུན་དཀྲུགས་པ་ཡང་ཕྱིས་དགེ་འདུན་རྣམས་རྗེས་གཅོད་ཅིང་དབྱུང་ངོ་ཞེས་དགེ་འདུན་རྣམས་ལ་འདི་སྐད་དུ་གོ་བར་བྱའོ་ཞེས་པ་ཡིན་ཏེ་མལ་ཆ་འགོད་པར་བསྐོས་པ་དེས་ཚུལ་ཤིང་གི་ཆོ་ག་དང་། དགེ་འདུན་ལ་བསྒོ་བ་འདི་སྐད་དུ་གྱིས་
ཤིག་པའོ། །གཞན་ཅིག་གིས་ལེན་པ་དང་འཇུག་པ་དགེ་འདུན་ལ་ཞུ་ཞེས་པ་ནི་དགེ་སློང་གཞན་ཅིག་གིས་ཚུལ་ཤིང་བླང་བ་དང་། ཚུལ་དུ་འཇུག་པའི་ཕྱིར་དགེ་འདུན་ལ་གསོལ་བ་གྱིས་ཤིག་པའོ། །ཚུལ་ཤིང་བྲིམ་ཞེས་པ་ནི་དེ་ལྟར་དགེ་འདུན་ལ་ཞུས་པའི་འོག་ཏུ་ཚུལ་ཤིང་བྲིམས་ཤིག་པའོ། །
སྟོན་པའི་དང་པོར་བླང་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་སྐལ་དུ་ཚུལ་ཤིང་འབྲིམ་པས་གཅིག་ལོང་ཤིག་པའོ། །གཞན་དག་གིས་སྟན་ཕྱེ་སྟེའོ་ཞེས་པ་ནི་དགེ་སློང་གཞན་དག་གིས་སྟན་ལ་སྤོགས་ཏེ་ཚུལ་ཤིང་ལོང་ཤིག་པའོ། །དགེ་ཚུལ་དག་ནི་མཁན་པོའམ་སློབ་དཔོན་གྱིས་སོ་ཞེས་པ་
เล่ม ๑๖๔ · หน้า 182b
ནི་དགེ་ཚུལ་གྱི་ཚུལ་ཤིང་སོ་སོའི་མཁན་པོའམ་སློབ་དཔོན་གྱིས་ལོང་ཤིག་པའོ། །གཞི་པ་རྣམས་ཀྱིའང་མཇུག་ཏུའོ་ཞེས་པ་ནི་གཙུག་ལག་ཁང་གི་སྲུང་མ་ཧ་རི་ཏིའམ་པན་ཙི་ཀ་ལ་སོགས་པའི་ཚུལ་ཤིང་ཡང་ཡང་མཇུག་དུ་ལོང་ཤིག་པའོ། །དལ་གྱིས་གཞག་ཅེས་པ་ནི་འཇོག་པའི་ཚེ་མ་འདོར་བར་དལ་
གྱིས་གྱིས་ཤིག་པའོ། །འགྲེང་སྟེ་གནས་འདིར་འདི་སྙེད་ཅིག་གིས་ཚུལ་ཤིང་བླངས་སོ་ཞེས་ཤེས་པར་བྱའོ་ཞེས་པ་ནི་གོང་མ་ལྟར་བྲིམས་ཟིན་པའི་འོག་ཏུ་གྲངས་སུ་བྱུང་བ་བསྡོམས་ལ་དགེ་འདུན་གྱི་སྙན་དུ་གསོལ་ཅིག་པའོ། །གནས་ཀྱི་དངོས་པོ་བགོ་ཞེས་པ་ནི་གོང་མ་ལྟར་བྱས་ཟིན་པའི་འོག་
ཏུ་གནས་ཁང་བགོས་ཤིག་པའོ། །བགོ་བའི་ཐབས་ཇི་ལྟར་བྱ་ཞེ་ན། ལྡེ་མིག་ཀྱོག་མོ་ཐོགས་ཏེ་མདུན་དུ་འདུག་ལ་གནས་བརྟན་གནས་ཁང་ཆེ་གེ་མོ་རྙེད་པ་དང་བཅས། གོས་དང་བཅས་ཀྱིས་བཞེས་ཤིག་ཅེས་ཡོན་ཏན་ཇི་བཞིན་དུ་བསྙད་དེ་འདམ་དུ་གཞུག་ཅེས་པ་ནི་མལ་སྟན་འགོད་པས་གནས་
བརྟན་གྱི་མདུན་དུ་ལྡེ་མིག་ཐོགས་ལ་གནས་ཁང་གི་ཡོན་ཏན་ཅི་ཡོད་པ་བཞིན་དུ་བསྔགས་ཤིང་རྒན་རིམས་ནས་འདམ་དུ་ཆུག་ཤིག་པའོ། །བླང་བ་ལ་སོགས་པ་ནི་ལྷུང་བཟེད་བཞིན་ཞེས་པ་ནི་འདམ་དུ་བཅུག་པ་དང་། གཉིས་གསུམ་གྱིས་ཆོད་ནས་མ་སློང་ཤིག་པའོ། །སློང་ནའང་
ཚིག་ལན་གཉིས་གསུམ་གྱི་བར་དུ་མི་སྦྱིན་པ་ལ་སོགས་པ་ལྷུང་བཟེད་འགོད་པ་བཞིན་དུ་གྱིས་ཤིག་པའོ། །འགོད་པར་ཤེས་བཞིན་དུ་མཆོད་རྟེན་དང་དགེ་འདུན་གྱི་ཆེད་མ་ཡིན་བར་སོང་ན་གྲལ་རིམས་སུའོ་ཞེས་པ་ནི་མལ་ཆ་འགོད་པར་ཡང་ཤེས་ལ་མཆོད་རྟེན་དང་དགེ་འདུན་གྱི་དོན་
ཆེད་ཀྱང་མ་ཡིན་པར་གུད་དུ་སོང་ན་ཁོ་ན་ཉིད་ཀྱི་གྲལ་གང་ཡིན་བ་དང་མི་སྦྱར་གྱི་སླར་འཁོར་ཏེ་བྲིམ་པའི་གྲལ་རིམས་གར་བབ་པའི་ཐད་དུ་བྱིན་ཅིག་པའོ། །ཤིང་དྲུང་དང་ནེའུ་གསིང་དང་སྤང་བ་ཡང་རྒན་རིམས་སུ་བདར་ཞེས་པ་ནི་འགྲོན་དུ་དོང་བའི་ཚེའང་ས་ནར་བདེ་བ་དང་། གྲིབ་ངད་ལ་སོགས་
པ་གང་འདམ་པར་བྱ་བ་དེ་རྒན་རབས་ལ་དོར་ཅིག་པའོ། །གནས་ཁང་གིས་མི་ཁྱེད་ན་གཉིས་ལ་སོགས་པ་མཐར་ན་གདིང་བ་ཙམ་གྱིས་ཁོ་ན་ཡང་ངོ་ཞེས་པ་ནི་གནས་ཁང་གིས་མི་ཁྱེད་ན་གཉིས་ཤིང་གཅིག་སྦྱིན་པ་ལ་སོགས་པ་མལ་རེ་ཙམ་ཤོང་བ་ཚུན་ཆད་ཀྱི་དྲོད་ཀྱིས་ཀྱང་ཟུང་ཤིག་པའོ། །ལྷུང་
เล่ม ๑๖๔ · หน้า 183a
བཟེད་དང་རིལ་བ་དང་གོ་འདུན་དང་སོ་ཤིང་གནས་ཙམ་ནི་གཞག་ཅེས་པ་ནི་གོང་མ་ལྟར་མལ་ཆ་དག་གིས་ཚལ་པར་དགང་བ་ཡང་མ་ཡིན་གྱི་མིང་གིས་སྨོས་པ་འདི་དག་ཙམ་གྱི་གོ་ཡང་ཞོག་ཤིག་པའོ། །སྒོ་ཁང་དང་ཁྱམས་དང་བཀོད་པ་ཚང་མང་དང་། བསྲོ་གང་རྣམས་མི་བགོ་
ཞེས་པ་ནི་མིང་གིས་སྨོས་པ་འདི་དག་སྤྱི་མཐུན་གྱི་གནས་ཡིན་པའི་ཕྱིར་རོ། །མལ་ཆ་མཚན་མོ་མ་ཡིན་ཞེས་པ་ནི་མཚན་མོ་མལ་ཆ་མ་འགོད་ཅིག་པའོ། །ནད་པ་ཡོད་པའི་གནས་ཁང་གཞན་དུ་མ་ཡིན་ཞེས་པ་དང་། དེས་མི་འཐོབ་པ་ཙམ་གྱི་ཚོད་ཀྱང་མི་སྦྱིན་པ་མ་ཡིན་ཞེས་པ་ནི་ནད་པ་འདུག་པའི་གནས་ཁང་
དེའི་རྐྱེན་དང་སྦྱར་ན་མི་འཐོབ་པ་ཙམ་གྱི་ཚོད་པ་ཡང་གཞན་དུ་མ་བགོ་བར་ཁོ་ན་ཉིད་སྦྱིན་ཞིང་གཞི་ལ་ཞོག་ཤིག་པའོ། །འདི་དང་རིམ་གྲོ་བ་ལས་སུ་མི་གཞུག་ཅེས་པ་ནི་ནད་པ་དང་ནད་གཡོག་ལ་མ་བསྐོ་ཤིག་པའོ། །མཛེ་ཅན་དགེ་འདུན་གྱི་མལ་སྟན་སྤྱོད་དུ་མི་གཞུག་ཅེས་པ་དང་། གནས་ཁང་གི་
མཐའ་ཁོབ་སྦྱིན་ཞེས་པ་དང་། དགེ་འདུན་གྱི་ཁྱམས་དང་མཐོངས་དང་། སྒོ་ཁང་དང་དག་ར་དང་། འཆག་ས་དང་། གྲིབ་ཤིང་དང་གཞན་ཡང་སྤྱོད་པའི་གནས་སུ་འདུག་པར་མི་བྱ་ཞེས་པ་དང་། བཤང་གཅིའི་གནས་སུའང་མི་འཇུག་ཅེས་པ་ནི་མཛེ་ཅན་དེ་དགེ་འདུན་གྱི་གཟིམས་ཆ་སྤྱོད་དུ་
མི་གཞུག་ཅིང་། གནས་མཐའ་ཁོབ་སྦྱིན་པ་དང་། མིང་གིས་སྨོས་པའི་གནས་འདི་དག་དུ་མ་འཇུག་ཤིག་པའོ། །འདིའི་རིམ་གྲོ་པ་བསྒོ་བར་ཐུགས་ཕག་མཛད་ཅེས་པ་ནི་དེའི་ནད་གཡོག་གཅིག་དགེ་འདུན་གྱིས་ཐུགས་ཕག་མཛོད་ཅིག་པའོ། །དགོན་པ་པའི་ལྷུང་བཟེད་དང་ཆོས་གོས་བཞག་
པའི་གནས་ཁང་གཏན་དུ་བསྐོ་ཞེས་པ་ནི་དགོན་པ་པ་གུད་ནས་འོང་བའི་གནས་ཁང་གཅིག་གཏན་དུ་སྐོས་ཤིག་པའོ། །དབྱར་ཚུལ་ཞུགས་པའི་ཚེ་གུད་ནས་འོང་བའི་སྟ་གོན་དུ་གནས་ཁང་དང་མལ་སྟན་གཞག་ཅེས་པ་ནི་གུད་ནས་འོང་བའི་སྟ་གོན་འདི་ལྟར་གྱིས་ཤིག་པའོ། །ལྷགས་པ་ཕལ་ཆེན་
བསླས་ཏེ་བགོ་ཞེས་པ་ནི་གནས་ཁང་ལ་སོགས་པ་བགོས་ཟིན་པའི་འོག་ཏུ་གཞི་ལ་བཀོད་པས་ཕལ་ཆེ་བ་དག་ཅིག་གུད་ནས་ལྷགས་ན་སྔར་བགོས་པ་མི་བརྩན་གྱི་གཞི་ནས་སླར་བགོས་ཤིག་པའོ། །ཚུལ་ཕྱི་མར་མ་ཡིན་ཞེས་པ་ནི་ཚུལ་ཕྱི་མར་ཞུགས་ན་ནི་གུད་ནས་ལྷགས་པ་ཕལ་ཆེར་ཟིན་ཀྱང་
เล่ม ๑๖๔ · หน้า 183b
གོང་མ་ལྟར་མ་སྤོ་ཤིག་པའོ། །གཅིག་གིས་ཀྱང་གཉིས་ལ་སོགས་པའི་གནས་ཁང་ཐོབ་པ་ལྟ་ནའོ་ཞེས་པ་ནི་གནས་ཁང་ཕལ་ཆེ་ལ་མི་ཉུང་ན་མི་གཅིག་ལ་གནས་ཁང་གཉིས་སྦྱིན་པ་ལ་སོགས་པ་དུ་མའང་བྱིན་ཅིག་པའོ། །ཉིན་ཞག་གཅིག་གི་ཕྱིར་མལ་ཆ་མི་མནོད་ཞེས་པ་ནི་ཞག་གཅིག་
ཙམ་དགོས་པའི་ཕྱིར་དགེ་འདུན་གྱི་གཟིམས་ཆ་མ་མནོད་ཅིག་པའོ། །གཙུག་ལག་ཁང་ནི་རྙེད་པ་ལ་འདོད་ཞེན་གྱིས་མ་ཡིན་ཞེས་པ་ནི་ཡོན་བདག་ལ་སྙིང་རྗེ་བའི་ཕྱིར་གནས་ཁང་བྱའི་རྙེད་པ་འདོད་པའི་ཕྱིར་གཙུག་ལག་ཁང་ངམ་གནས་ཁང་མནོད་པར་མ་བྱེད་ཅིག་པའོ། །ཐམས་ཅད་སྤྱད་པར་བྱ་ཞེས་པ་
ནི་གོང་དུ་སྨོས་པ་ལྟར་མི་ཉུང་ལ་གནས་ཁང་མང་སྟེ་དུ་མ་ཐོབ་པ་ཐམས་ཅད་སྤྱོད་ཅིག་པའོ། །ཐམས་ཅད་ཇི་ལྟར་སྤྱད་ཅེ་ན། ཁ་ཅིག་ཏུ་སྔ་དྲོའི་བཀླག་པ་དང་གདོན་པ་དང་འདུག་པ་དང་། འཆག་པ་གང་ཡང་རུང་བར་བྱ་ཞེས་པ་དང་། ཁ་ཅིག་དུ་གུང་གི་དང་ཕྱི་དྲོ་ཞེས་པ་དང་། ཁ་ཅིག་དུ་ལྷུང་བཟེད་
དང་ཆོས་གོས་གཞག་པའི་གནས་སུ་བྱ། ཁ་ཅིག་དུ་མཚན་མོ་སྤྱད་པར་བྱ་བའོ་ཞེས་པ་ཡིན་ཏེ་ཐབས་འདི་དག་ལྟར་གྱིས་ལ་ཐམས་ཅད་སྤྱོད་ཅིག་པའོ། །ཚུལ་དུ་ཞུགས་པས་གནས་ཀྱི་དངོས་པོ་ཞིག་པ་དང་རལ་བ་བཅོས་པར་བྱ་ཞེས་པ་དང་། དབྱར་ཞེས་པའི་དགེ་སློང་མས་དབྱར་མོ་ཐང་
བཅོས་ཞེས་པ་ནི་དགེ་སློང་ཕ་དགེ་སློང་མ་དབྱར་ཚུལ་དུ་ཞུགས་པས་སོ་སོའི་གཙུག་ལག་ཁང་ཞིག་རལ་དུ་གྱུར་པ་ཆོས་ཤིག་པའོ། །འཐབ་ཀྲོལ་ཅན་གནས་སུ་མི་གཞག་པའི་ཕྱིར་དགུན་དང་དཔྱིད་ཀྱང་མལ་སྟན་བགོ་བར་བྱ་བ་དང་། མཐའ་དག་བགོ་ཞེས་པ་དང་། འདི་ལྟ་སྟེ་
གཙུག་ལག་ཁང་གི་ཁང་བཞག་ཡན་ཆད་མ་ལུས་པར་རོ་ཞེས་པ་དང་། ཁྱམས་ཀྱང་དེ་བཞིན་དུའོ་ཞེས་པ་ནི་དགེ་སློང་འཐབ་ཀྲོལ་ཅན་གུད་ནས་འོངས་ན་དགུན་དང་དཔྱིད་ཀྱི་མལ་སྟན་བགོ་ཞིང་ཁྱམས་ཡན་ཆད་ཀྱང་བགོས་ཤིག་པའོ། །སོང་བའི་འོག་ཏུ་དེ་བཞིན་དུ་འོག་ཏུ་མི་བྱ་ཞེས་པ་ནི་འཐབ་
ཀྲོལ་ཅན་དེ་སོང་བའི་འོག་ཏུ་གོང་མ་རྣམས་ལྟར་མ་བྱེད་ཅིག་པའོ། །ཐ་མལ་པ་དགག་པར་མི་བྱ་ཞེས་པ་ནི་འཐབ་ཀྲོལ་ཅན་མ་ཡིན་པ་དགེ་སློང་ཐ་མལ་པ་ཞིག་གུད་ནས་འོངས་ན་གོང་མ་ལྟར་དགག་པ་མ་བྱེད་ཅིག་པའོ། །འགྱུར་བའི་ཕྱིར་མ་ཡིན་ཞེས་པ་ནི་སང་ཕྱིས་འདི་ལྟ་བུ་ཞིག་ཏུ་དགོས་སོ་
เล่ม ๑๖๔ · หน้า 184a
ཞེས་ཕྱིས་འགྱུར་བའི་ཕྱིར་གནས་ཁང་སྔ་ནས་མ་ནོད་ཅིག་པའོ། །དེ་ལྟར་སྙད་འདོགས་ཤིང་འདོན་པ་ཇི་ལྟ་བུ་ཞེ་ན། འདིར་ཆེ་གེ་མོ་ཞིག་དུས་དང་ཉིན་ཞག་དང་ཐུན་ཀྱིར་རོ་ཞེས་པ་དང་། འདིར་སློབ་དཔོན་ཆེ་གེ་མོ་ཞིག་འོང་བ་དང་། མཁན་པོ་ཆེ་གེ་མོ་ཞིག་འདིར་ལྷན་ཅིག་ཏུ་
སྤྱོད་པ་དང་། ཉེ་གནས་ཀྱིའོ། །འདིར་གཏམ་ཟླ་ལ་སོགས་པའིའོ་ཞེས་གཙུག་ལག་ཁང་མི་བགོ་ཞེས་པ་ཡིན་ཏེ་འདི་སྐད་དུ་སྙད་འདོགས་ཤིང་ཁ་རྔམ་དང་ཐོབ་ཤར་མ་འགོད་ཅིག་པའོ། །མི་མནོད་ཞེས་པ་ནི་འདི་དག་ལྟ་བུའི་ཕྱིར་འབོགས་ན་ཡང་མ་མནོད་ཅིག་པའོ། །ཚང་འཆར་མི་སྟེར་བའི་དབྱུག་
པ་བགོ་ཞེས་པ་དང་། སྒོ་ང་མེད་པ་གཞིག །ཅེས་པ་དང་། ཕྲ་མོ་རྣམས་ཀྱི་མི་སྤེལ་བར་ཐག་སྲེད་ཀྱིས་གཞུག་ཅེས་པ་ནི་གཙུག་ལག་ཁང་དུ་ཚང་འཆར་མི་སྟེར་བའི་ཚང་གཞིག་ཅིང་གྲོག་སྦུར་ལ་སོགས་པ་ཕྲ་མོ་རྣམས་ཀྱི་ཚང་འཆར་མི་གཞུག་པའི་ལས་གྱིས་ཤིག་པའོ། །མལ་སྟན་ལ་སོགས་པ་
སྦྱིན་ཞེས་པ་ནི་མལ་སྟན་ལ་སོགས་པ་གོས་ཡན་ཆད་ཀྱང་བགོས་ཤིག་པའོ། །ཡོད་ན་དུ་མའོ་ཞེས་པ་ནི་ཕལ་ཆེར་ཡོད་ན་དུ་མའང་བགོས་ཤིག་པའོ། །ཁྲིའུ་རགས་པ་ཡང་བགོ་ཞེས་པ་ནི་ཁྲིའུ་རགས་པ་ཡན་ཆད་ཀྱང་བགོས་ཤིག་པའོ། །གདིང་བ་ཡང་ངོ་ཞེས་པ་ནི་གདིང་བ་ཡན་ཆད་ཀྱང་བགོས་
ཤིག་པའོ། །དགེ་འདུན་གྱིས་མལ་སྟན་བརྟགས་པ་མི་གཙང་བ་མ་རུང་བར་བྱེད་པའི་དགེ་ཚུལ་ལ་སུས་ཀྱང་མི་སྦྱིན་ཞེས་པ་ནི་དགེ་ཚུལ་འོག་རྫིང་བྱེད་པ་ལ་མལ་སྟན་འགོད་པ་ཉི་ཚེར་མ་ཟད་ཀྱི་མཁན་པོ་དང་སློབ་དཔོན་ལ་སོགས་པ་སུས་ཀྱང་དགེ་འདུན་གྱི་མལ་སྟན་མ་བྱིན་ཅིག་པའོ། །དགེ་སློང་
མ་ལའང་མ་ཡིན་ཞེས་པ་དང་། གཙུག་ལག་ཁང་གི་མཐའ་ཁོབ་དུ་འདིའི་གནས་དབོག་ཅེས་པ་དང་། མལ་ཆ་ཡང་སྙིགས་མ་དང་ཐ་ཤལ་ལོང་ཞེས་པ་ནི་དགེ་སློང་མ་རྟག་ཏུ་ཟག་པ་ཞིག་ན་ཡང་དགེ་འདུན་མལ་ཆ་ཐ་མལ་པ་སྤྱོད་དུ་མི་གཞུག་པ་ལ་སོགས་པ་ཐབས་འདི་ལྟར་གྱིས་ཤིག་པའོ། །ཁྱེད་ཅག་
སུས་ཀྱང་གདིང་བ་མེད་པར་དགེ་འདུན་གྱི་མལ་སྟན་མ་སྤྱོད་ཅིག་ཁྲལ་ཁོག་གི་གདིང་བས་མ་ཡིན་དྲི་མ་ཅན་གྱི་གདིང་བས་མ་ཡིན་ནོ་ཞེས་བསྒོ་ཞེས་པ་དང་། ཟླ་བ་ཕྱེད་ཕྱེད་ཅིང་བྱུལ་ཞེས་པ་དང་། ཚུལ་ལས་འདས་པར་སྤྱོད་ན་གནས་ལ་སྦུད་དབྱུང་ཞིང་གནས་པའི་དབྲོག་པ་དང་དགེ་འདུན་ལ་
เล่ม ๑๖๔ · หน้า 184b
གཞན་གྱི་ཞེས་པ་ན་མལ་སྟན་འགོད་པ་དེས་གདིང་བ་མེད་པར་མི་སྤྱོད་ཅིག་པ་དང་། གདིང་བའི་གོ་སྐ་རགས་ཀྱིས་བྱེད་པ་ལྟ་བུ་ཁྲལ་ཁོག་གི་གདིང་བ་དང་དྲི་མ་ཅན་གྱི་གདིང་བ་མ་བྱེད་ཅིག་པར་དགེ་འདུན་ལ་ཐར་གང་སྐྱེལ་བ་དང་། ཟླ་བ་ཕྱེད་ཕྱེད་ཅིང་བྱུལ་བ་དང་། གནས་པ་ཆོ་ག་བཞིན་དུ་མི་
སྤྱོད་ན་གནས་ལ་སྦུད་དབྱུང་ཞིང་དབྲོག་པ་དང་། གནས་བརྟན་ཆོ་ག་བཞིན་དུ་མི་སྤྱོད་ན། དགེ་འདུན་ལ་དབུང་བྱུང་ཞིང་ཕྲོགས་ཤིག་པའོ། །སྦྱིན་བདག་ཆེ་གེ་མོ་ཞལ་ཏ་པ་ཆེ་གེ་མོ་སྤྱོད་ཡུལ་དང་གྲོང་ཆེ་གེ་མོར་སང་དགེ་འདུན་དབྱར་ཚུལ་དུ་འཇུག་གོ་ཞེས་བསྙད་ཅེས་པ་ནི་ཚུལ་དུ་འཇུག་པའི་
སྔ་དེ་ཉིན་ནས་མིང་གིས་སྨོས་པ་འདི་དག་དགེ་འདུན་ལ་སྙོད་ཅིག་པའོ། །འགྱོད་པ་མི་སྐྱེད་ཅིང་སེལ་བ་དང་གཞན་ཀྱང་སྡུག་བསྔལ་དང་ཡིད་ལ་ཆགས་པ་དང་བདེ་བ་དང་ཡི་སོས་པ་སྐྱེ་ཞིང་རྗེས་སུ་བསྲུང་བ་དང་ཚངས་པ་མཚུངས་པར་སྤྱོད་པ་ནད་ཀྱི་རིམ་གྲོ་བར་འགྱུར་བར་རེ་བ་དང་གནས་དང་སྤྱོད་
ཡུལ་དང་ཟས་དང་སྨན་རྣམས་ཀྱི་ཁུངས་བརྟག་ཅིང་ཚུལ་དུ་འཇུག་ཅེས་པ་མིང་གིས་སྨོས་པ་འདི་དག་ལྟ་བུའི་ཐག་སྔ་ནས་བཅད་ལ་དེ་ནས་གདོད་ཚུལ་དུ་ཞུགས་ཤིག་པའོ། །དེ་འགྱོད་པ་མི་སྐྱེད་ཅིང་སེལ་བ་ནི་འགྱོད་པ་མ་སྐྱེས་པ་ནི་མི་སྐྱེད། སྐྱེས་ན་ནི་སེལ་བར་ནུས་པའོ། །སྡུག་བསྔལ་དང་
ཡིད་ལ་ཆགས་ཞེས་པ་ནི་འགྱོད་པ་ལས་གཞན་པ་ལུས་ཀྱི་སྡུག་བསྔལ་དང་སེམས་ཀྱི་ཡིད་ལ་གཅགས་པ་མི་སྐྱེད་པ་དང་སྐྱེས་ན་ཡང་སེལ་བར་ནུས་པའོ། །བདེ་བ་དང་ཡི་སོས་པ་སྐྱེད་ཅིང་རྗེས་སུ་ཞེས་པ་ནི་ལུས་ཀྱི་བདེ་བ་དང་། སེམས་ཀྱི་ཡི་སོས་པ་མ་སྐྱེད་པ་ནི་བསྐྱེད་སྐྱེས་པ་ནི་གཏིང་ཚུགས་
ཤིང་རྗེས་སུ་བསྲུང་ནུས་པའོ། །ཚུལ་དུ་འཇུག་པའི་གནས་གང་དུ་ཞེ་ན། གྲོག་སྦུར་དགེ་སློང་གི་མདུན་དུའོ་ཞེས་པ་ཡིན་ཏེ་ལྐོག་གམ་དབེན་པར་དགེ་སློང་གི་མདུན་དུ་ཚུལ་འཇུག་པའི་ཆོ་གའམ་སྔགས་གྱིས་ཤིག་པའོ། །གཙུག་ལག་ཁང་དུ་མར་མ་ཡིན་ཞེས་པ་ནི་རྙེད་པ་འདོད་པའི་ཕྱིར་
གཙུག་ལག་ཁང་དུ་མར་ཚུལ་དུ་འཇུག་པ་མ་བྱེད་ཅིག་པའོ། །གང་ན་དགེ་སློང་དང་སྒོ་འཕར་གཉིས་ཀ་མེད་པ་མ་ཡིན་ཞེས་པ་ནི། འདི་གཉིས་ཀ་མེད་པའི་གནས་སུ་ཚུལ་དུ་མ་འཇུག་ཤིག་པའོ། །སྦྱིན་བདག་དང་ཞལ་ཏ་བྱེད་པ་དང་སྤྱོད་ཡུལ་གྱི་གྲོང་དང་རིམ་གྲོ་པ་རྣམས་ཡོད་ན་བརྗོད་
เล่ม ๑๖๔ · หน้า 185a
ཅེས་པ་ནི་འདི་དག་ཡོད་ན་གདོད་ཚུལ་དུ་འཇུག་པའི་སྔགས་ཀྱིས་ནང་དུ་རྗོད་ཅིག་པའོ། །བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་ཤར་བར་མི་བྱ་ཞེས་པ་ནི་ཆོ་ག་འོག་ནས་འབྱུང་བ་ལྟ་བུ་མ་བྱས་པར་མཚམས་ཀྱི་ཕྱི་རོལ་ཏུ་ཞག་ལོན་པར་མ་བྱེད་ཅིག་པའོ། །
བྱིན་གྱིས་བརླབས་པ་གང་ཞེ་ན། ཆོས་ཀྱི་ཆེད་ཅིག་ན་ཞག་བདུན་བྱིན་གྱིས་བརླབ་ཅེས་པ་ཡིན་ཏེ་ཆོས་ཀྱི་དོན་ཆེད་ཡོད་ན་ཞག་བདུན་གུད་དུ་འགྲོ་བར་བྱིན་གྱིས་རློབས་ཤིག་པའོ། །ཆོས་ཀྱི་ཆེད་གང་ཞེ་ན། དེ་འདི་ལྟ་སྟེ་ཀུན་དགའ་འབུལ་བ་དང་། གཙུག་ལག་ཁང་གི་གཞི་གཟུགས་པ་དང་།
མལ་སྟན་བསྒོ་བ་དང་། ཟས་གཏན་དུ་ཤོམ་པ་དང་། མཆོད་རྟེན་བརྩིགས་པ་དང་། སྲོག་ཤིང་དང་། རྒྱལ་མཚན་འཛུགས་པ་དང་། ལྡོང་རོས་དང་། ཙན་དན་དང་། གུར་གུམ་གྱི་ཆག་ཆག་འདེབས་པ་དག་གོ། །དགེ་སློང་གིས་ནི་ཀློག་པ། འགྱོད་པ་སེལ་བ། ལྟ་བ་ཟློག་པ། དཔུང་
སྒྲུབ་པ། ཚངས་པར་བྱ་བ། ཆད་པ་ལ་སོགས་པ་བཞི་དབྱུང་བ། ནད་པའི་གསོ་བ་རྣམས་སོ། །དགེ་སློང་མ་ནི་ལྕི་བའི་ཆོས་ཀྱི་མགུ་བ་ནོད་ནའོ། །དགེ་སློབ་མ་ནི་ཚངས་པར་སྤྱོད་པའི་གནས་ཀྱི་སྡོམ་པ་དང་། བསྙེན་པར་རྫོགས་པར་ནའོ། །འདིར་ནི་དགེ་ཚུལ་ཡང་ངོ་། །དགེ་ཚུལ་མ་ནི་བསླབ་
པའི་སྡོམ་པ་(ནོང་‚ནོད་)ནའོ། །ཁྱིམ་པ་དང་ཁྱིམ་མའི་ནི་མགོ་བཅིང་བ་དང་། ཟླ་མཚན་བསྩལ་བ་དང་། སྐྲ་བསྐྱེད་པ་དང་། སྤྱི་ཕུད་བཙུགས་པ་དང་། རྣ་ཆ་འདོགས་པ་རྣམས་སོ། །བསྙེན་པར་མ་རྫོགས་པའི་ནི་དགེ་འདུན་གྱི་ལྷག་མར་གཏོགས་པ་མ་ཡིན་པའི་སྔ་མ་རྣམས་སོ་ཞེས་པ་རྣམས་
ཡིན་ཏེ་དོན་ཆེད་འདི་དག་ལྟ་བུས་གུད་དུ་འགྲོ་ན་གདོད་ཞག་བདུན་དུ་བྱིན་གྱིས་རློབས་ཤིག་པའོ། །དེ་ལ་ཀུན་དགའ་ཞེས་པ་ནས་གུར་གུམ་གྱི་ཆག་ཆག་འདེབས་ཅེས་པའི་བར་དུ་སྨོས་པ་རྣམས་ནི་མཆོད་རྟེན་གྱི་ཆེད་དོ། །དགེ་སློང་གིས་ནི་ཞེས་པ་ནས་ནད་པ་ཡི་གསོ་ཞེས་པའི་བར་དུ་སྨོས་པ་ནི་
དགེ་སློང་གི་ཆེད་དེ་དེ་ལ་དཔུང་སྒྲུབ་ཅེས་པ་ནི་ཆད་པའི་ལས་དང་། རྩོད་པ་ཞི་བར་བྱ་བ་ལ་དགེ་སློང་ཆོས་བཞིན་དུ་སྤྱོད་པ་རྣམས་ཀྱི་དཔུང་བསགས་པའོ། །ཚངས་པར་བྱ་བ་ཞེས་པ་ནི་ཆད་པས་བཅད་ཅིང་བཀར་བ་ལ་སོགས་པའི་ཁྲིན་ཚངས་པར་བྱ་བའོ། །ཆད་པ་ལ་སོགས་པ་བཞི་ཞེས་པ་
เล่ม ๑๖๔ · หน้า 185b
ནི་ཆད་པ་དང་རྩ་བའི་ཆད་པ་དང་། མགུ་བ་དང་། རྩ་བའི་མགུ་བ་བཞིའོ། དབྱུང་བ་ཞེས་པ་ནི་དགེ་འདུན་གྱི་ལྷག་མ་བྱུང་བ་ལས་དབྱུང་བའོ། །ནད་པ་ཡི་གསོ་ཞེས་པ་ནི་ནད་པའི་གན་དུ་སོང་ཞིང་ནད་པ་མགུ་བར་བྱའོ། །དགེ་སློང་མ་ནི་ལྕི་བའི་ཆོས་ཀྱི་མགུ་བ་ནོད་ནའོ་ཞེས་པ་ནི་དགེ་སློང་མའི་ཆེད་
ཡིན་ནོ། །དགེ་སློབ་མ་ནི་ཞེས་པ་ནས་བསྙེན་པར་རྫོགས་པར་ནའོ་ཞེས་པ་ནི་དགེ་སློབ་མའི་ཆེད་དོ། །འདི་ནི་དགེ་ཚུལ་ཡང་ངོ་ཞེས་པ་ནི་གོང་དུ་སྨོས་པའི་བསྙེན་པར་རྫོགས་པ་དགེ་ཚུལ་གྱི་ཆེད་ཀྱང་ཡིན་པར་སྟོན་པའོ། །དགེ་ཚུལ་མ་ནི་བསླབ་པའི་སྡོམ་པ་ནོད་ནའོ་ཞེས་པ་ནི་དགེ་ཚུལ་མའི་ཆེད་དོ། །ཁྱིམ་པ་
དང་ཁྱིམ་པའི་ཞེས་པ་དང་། རྣ་ཆ་འདོགས་ཞེས་པའི་བར་དུ་སྨོས་པ་ནི་ཁྱིམ་པའི་ཆེད་ཡིན་ཏེ། དེ་ལ་མགོ་འཆིང་ཞེས་པ་ནི་བྱིས་པ་འབྲལ་བ་ལེགས་པར་བྱ་བའི་ཕྱིར་མགོ་འཆིང་བའོ། །ཟླ་མཚན་སེལ་ཞེས་པ་ནི་བུ་བཙས་པའི་འོག་ཏུ་ཆོ་གའང་བྱེད་པའོ། །སྐྲ་བསྐྱེད་ཅེས་པ་ནི་བྱིས་པ་སྐྲ་བསྐྱེད་པའོ། །སྤྱི་
ཕུད་འཛུགས་ཞེས་པ་ནི་སྤྱི་ཕུད་འཇོག་པའི་དུས་སོ། །རྣ་ཆ་འདོགས་ཞེས་པ་ནི་དངོས་ཏེ། ཁྱིམ་པ་ཆོ་ག་འདི་དག་བྱེད་པའི་ཚེ་དགེ་སློང་གཉར་ན་ཡང་ཞག་བདུན་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱའོ། །བསྙེན་པར་མ་རྫོགས་པའི་ནི་དགེ་འདུན་གྱི་ལྷག་མར་གཏོགས་པ་མ་ཡིན་པའི་སྔ་མ་རྣམས་སོ་ཞེས་པ་ནི་གོང་དུ་
སྨོས་པའི་ནང་ནས་ལྷག་མ་ཉི་ཚེ་མ་གཏོགས་པའི་གཞན་ཐམས་ཅད་དགེ་ཚུལ་གྱི་ཆེད་ཀྱང་ཡིན་པར་སྟོན་པའོ། །དེའི་ཞར་ལ་སྟོན་པ་ནི། ཁྱིམ་པའི་ཚངས་པ་ནི་ཁས་སྦུབ་པ་གཏོང་བའོ་ཞེས་པ་ཡིན་ཏེ་ཁྱིམ་པའི་ཉེས་ཁྲིན་ཚངས་པ་ནི་ལྷུང་བཟེད་ཁས་སྦུབ་པ་འགྲོ་བ་ཡིན་ཏེ། འདི་ལྟ་བུའི་ཚེ་ཡང་བྱིན་གྱིས་
བརླབ་ཅིང་གུད་དུ་འགྲོ་བར་བྱའོ། །ཟས་སྨན་རིམ་གྲོ་པ་རྣམས་མེད་ལ། དེ་མེད་པས་གནས་པར་མི་ནུས་ན་འདི་དྲལ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་དང་མི་ལྡན་ཏེ། དེར་གནས་པའི་གཏོལ་མེད་ན་ཚུལ་དྲོལ་ཅིག་པའོ། །དགེ་སྦྱོང་དང་འཚོ་བ་དང་ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་ནའོ་
ཞེས་པ་ནི་རྐྱེན་འདི་དག་ལྟ་བུས་ཐེབས་ན་ཡང་ཚུལ་དྲོལ་ཅིག་པའོ། །དགེ་འདུན་གྱི་དབྱེན་ལ་ཞུགས་པས་དགའ་བའི་སེམས་སྐྱེ་བ་དང་། སྡིག་པའི་ཚིག་ཚོར་ནའོ་ཞེས་པ་ནི་དབྱེན་ལ་ཞུགས་པ་སེམས་སྐྱེ་བ་ཙམ་གྱི་ཚོད་དམ་སྡིག་ངན་པ་དག་ཚོར་བ་ཙམ་གྱི་ཚོད་ན་ཚུལ་བཏང་སྟེ་སོང་ཡང་བླ་བའོ། །
เล่ม ๑๖๔ · หน้า 186a
དེ་ཞིར་རེ་ན་མི་འགྲོ་བ་མ་ཡིན་ཞེས་པ་ནི་གནས་གུད་ན་དགེ་འདུན་གྱི་དབྱེན་ལ་ཞུགས་པའམ། རྩོད་པར་འགྱུར་བ་བདག་གིས་ཞི་བར་ནུས་ཤིང་སློན་པ་ཙམ་གྱི་ཚོད་ན་བླ་གྱད་དང་ཐེག་མ་བྱེད་པར་དེར་སོང་ལ་ཞི་བ་དང་བསྡུམ་པར་གྱིས་ཤིག་པའོ། །སོང་ནས་འདས་ཀྱང་
བླ་ཞེས་པ་ནི་དེ་ལྟ་བུའི་ཆེད་དུ་ནི་ཞག་བདུན་བྱིན་གྱིས་བརླབས་པ་ལས་འདས་ཀྱང་བླ་བའོ། །དབྱར་གྱི་གནས་གཞི་གཟུང་བར་དམ་བཅས་ན་མི་བྱ་མ་ཡིན་ཞེས་པ་ནི་དབྱར་འདིར་གནས་པར་བྱའོ་ཞེས་དམ་བཅས་པ་ནས་གྱ་གྱུ་མ་བྱེད་པར་གཞི་ཟུང་ཤིག་པའོ། །གནས་གཉིས་ལ་གསོ་སྦྱིན་གཅིག་པ་
ནི་འདིར་མི་འགྱུར་ཞེས་པ་ནི་གསོ་སྦྱིན་གཅིག་ན་གནས་ཐ་དད་པ་ནི་དམ་བཅས་པ་ལས་གྱ་གྱུར་བྱས་པར་མི་འགྱུར་བའོ། །རྙེད་པ་གཅིག་པ་ནི་འགྱུར་རོ་ཞེས་པ་ནི་གནས་ཐ་དད་པ་རྙེད་པ་གཅིག་པ་ནི་དམ་བཅའ་བ་ལས་གྱ་གྱུར་བྱས་པར་འགྱུར་བའོ། །དབྱར་གྱི་དངོས་པོའོ།། །།གླེང་གཞི་
ལ་སོགས་པ་ལས་དབྱར་གྱི་དངོས་པོར་གཏོགས་པ་རྣམས་བསྡུས་ཏེ་སྟོན་པ་ནི་སྡེ་ལྔ་ཆར་གྱི་ཚུལ་དུ་འཇུག་པར་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ་དབྱར་ཚུལ་དུ་འཇུག་པ་དགེ་སློང་ཕ་དང་དགེ་སློང་མ་དང་དགེ་སློབ་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་སྡེ་ལྔ་ཆར་གྱིས་ཀྱང་གྱིས་ཤིག་
པའོ། །དགེ་ཚུལ་ཉི་ཚེ་ནི་མ་ཡིན་ཞེས་པ་དང་། ལོ་མ་ལོན་པ་རྣམས་ཀྱིས་ཀྱང་ངོ་ཞེས་པ་ནི་གཙུག་ལག་ཁང་གཅིག་ཏུ་དགེ་ཚུལ་ཤ་དག་གམ། བསྙེན་པར་རྫོགས་ནས་ལོ་རེར་མ་ལོན་པ་ཤ་དག་ཚུལ་དུ་འཇུག་པར་མ་བྱེད་ཅིག་པའོ། །འདི་དག་གིས་ཀྱང་ཚུལ་མི་སྐྱེ་བ་ནི་མ་ཡིན་ཞེས་པ་ནི་གོང་མ་ལྟ་བུ་
ཤ་དག་གིས་དབྱར་ཚུལ་དུ་འཇུག་པ་བྱས་ནའང་དབྱར་གནས་པའམ་ཚུལ་དུ་ཞུགས་པར་མི་འགྱུར་བ་མ་ཡིན་པར་སྟོན་ཏེ། ཅིའི་ཕྱིར་འདི་ལྟ་བུ་ཤ་དག་གིས་ཚུལ་དུ་འཇུག་པར་མི་བྱ་ཞེ་ན། གནས་མེད་པའི་ཕྱིར་བྱ་བ་དང་མི་བྱ་བ་ལ་སོགས་པའི་དམིགས་མི་ཕྱེད་པའི་ཕྱིར་རོ། །མལ་སྟན་མི་བསྒོ་བ་
མ་ཡིན་པ་ནི་དེ་དག་ལྟ་བུ་བརྒྱ་ལ་ཚུལ་དུ་ཞུགས་ན་ཡང་མལ་སྟན་ནི་བགོས་ཤིག་པའོ། །འགོད་པ་མེད་ཀྱང་ངོ་ཞེས་པ་ནི་མལ་སྟན་འགོད་པར་བསྐོས་པ་མེད་དུ་ཟིན་ཀྱང་སྤྱིས་བགོས་ཤིག་པའོ། །མ་བསྐོས་པས་མི་བགོ་ཞེས་པ་ནི་དགེ་སློང་ཡང་རུང་། དགེ་སློང་མ་ཡིན་ཡང་རུང་། མལ་སྟན་
เล่ม ๑๖๔ · หน้า 186b
འགོད་པར་མ་བསྐོས་པས་མ་འགོད་ཅིག་པའོ། །སྡེ་སྣོད་འཛིན་པ་དང་འཐབ་ཀྲོལ་བྱེད་པ་ཡོད་པ་དང་། མེད་པ་ནི་མི་བསྐྱེད་པ་ལ་སོགས་པ་ལ་བརྟེན་པ་མ་ཡིན་ཞེས་པ་ནི་སྡེ་སྣོད་མི་འཛིན་པ་དང་འཐབ་ཀྲོལ་ཅན་ཡོད་ན་ཚུལ་དུ་མི་འཇུག་པ་དང་། མེད་ན་འཇུག་པར་བྱ་བ་ནི་གོང་དུ་འགྱོད་པ་སེལ་ཅིང་སྡུག་
བསྔལ་བ་དང་། ཡིད་ལ་ཆགས་པ་ཞེས་སྨོས་པ་ལ་མ་བརྟེན་པར་མ་ཡིན་པར་སྟོན་པའོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། སྡེ་སྣོད་འཛིན་པ་མེད་ན་ཐེ་ཚོམ་སེལ་བ་ལ་སོགས་པ་ནུས་མི་སྲིད་པ་དང་། འཐབ་ཀྲོལ་ཅན་ཡོད་ན་སྡུག་བསྔལ་ཞིང་ཡིད་ལ་ཆགས་པ་གདོན་མི་ཟ་བར་འབྱུང་བའི་ཕྱིར་རོ། །ཚུལ་དུ་མ་
ཞུགས་ལ་གནས་མ་བཏང་བའང་གནས་པའོ་ཞེས་པ་ནི་ཚུལ་དུ་ནི་མ་ཞུགས་ལ་དབྱར་གཅིག་གི་བར་དུ་གུད་ན་སོང་བར་གཞི་ལ་འདུག་འདུག་ནའང་དབྱར་གནས་པ་ཡིན་པར་སྟོན་པའོ། །ནམ་མཁའ་ལ་ཚུལ་དུ་འཇུག་པ་མི་སྐྱེ་ཞེས་པ་ནི་ནམ་མཁའ་ལ་འདུག་ཅིང་འཛུལ་དུ་འཇུག་པའི་ལས་བྱས་ན་ལས་
སུ་མི་རུང་བའོ། སྐམ་ལ་བྱུང་བ་དང་ས་ལ་ལེགས་པར་བརྟོད་པ་དང་བར་ཆད་འབྱུང་བར་མ་ཤེས་པ་རྣམས་མ་རྟོགས་ན་གྲུར་མ་ཡིན་ཞེས་པ་ནི་གྲུ་སྐམ་ལ་ཕྱུང་བ་དང་། ཤིང་ལྟ་བུ་རྩ་བ་བརྟན་པོ་ལ་བརྟོད་པ་དང་གྲུ་གུད་དུ་ཁྲིད་པའི་རྐྱེན་འབྱུང་བ་མ་ཤེས་ཏེ་གྲུའི་ནང་དུ་ཚུལ་དུ་འདུག་པའི་ལས་བྱས་པ་ནི་རུང་
གི་དེ་མ་ཡིན་བར་གྲུའི་ནང་དུ་འཇུག་པའི་ལས་བྱས་ན་མི་རུང་བར་སྟོན་པའོ། །དེའི་ལྟ་བ་ལ་མངོན་པར་བརྟེན་ཏེ་ཆོས་མ་ཡིན་པའི་ཕྱོགས་སུ་སོང་ནས་སྐྱ་རེངས་ཀྱིས་ཆོད་ན་ཞིག་གོ་ཞེས་པ་ནི་ལྷ་སྦྱིན་ལྟ་བུའི་ཕྱོགས་སུ་ལྟས་ཤིང་དེར་སོང་ཏེ་སྐྱ་རེངས་ཀྱིས་ཆོད་ན་ཚུལ་འཇིག་པའོ། །ཐེ་ཚོམ་པ་ནི་མ་
ཡིན་ཞེས་པ་ནི་བདག་ཚུལ་དུ་ཞུགས་སམ་མ་ཞུགས་སྙམ་དུ་ཐེ་ཚོམ་པས་ནི་ཚུལ་མི་འཇིག་པར་སྟོན་པའོ། །མཇུག་གི་ཞག་དྲུག་ལ་བྱིན་གྱིས་བརླབས་པ་མི་འཆགས་ཞེས་པ་ནི་ཚུལ་དུ་ཞུགས་པའི་ཞག་གྲངས་ཀྱི་མཇུག་ཞག་དྲུག་ཙམ་ལས་མ་ལུས་ན་གུད་དུ་འགྲོ་བར་བྱིན་གྱིས་བརླབས་ཀྱང་བྱིན་གྱིས་
བརླབས་པའི་དོན་དུ་མི་རུང་བར་སྟོན་པའོ། །དོན་མེད་པར་ཤེས་ན་སླར་མ་ལོག་གམ་གཞི་བཟུང་ན་འཇིག་གོ་ཞེས་པ་ནི་དོན་ཆེད་ཀྱི་ཕྱིར་བྱིན་གྱིས་བརླབས་ཏེ་གུད་དུ་སོང་སོང་བ་ལས་དོན་དེ་མེད་ཅིང་མི་འགྲུབ་བར་ལམ་དུ་ཐོས་ནས་སླར་མ་ལོག་གམ། གཞིར་བྱིན་ནས་དོན་ཆེད་བཞིན་དུ་དེ་ན་འདུག་
เล่ม ๑๖๔ · หน้า 187a
ན་ཚུལ་འཇིག་པར་འགྱུར་བའོ། །འདིར་ཞག་བདུན་ནི་མཐའི་ཚིགས་སོ་ཞེས་པ་ནི་ཞག་བདུན་ཡང་ཐ་མའི་ཚིགས་དེ་ཙམ་གྱིས་བཟུང་དུ་ཟད་ཀྱི་ཞག་གཅིག་གཉིས་ཀྱིས་གྲུབ་པའི་དོན་ཆེད་ལ་འགྲོ་ན། དོན་ཆེད་ཞག་དུས་འགྲུབ་པ་བཞིན་དུ་བྱིན་གྱིས་རློབས་ཤིག་པའོ། །འདི་ནི་སྡོམ་
པ་མ་ཐོབ་པའི་མཐའོ་ཞེས་པ་ནི་སྡོམ་པ་མ་ཐོབ་ན་ཞག་བདུན་གྱི་ཚིགས་ཀྱིས་རུང་བར་སྟོན་པའོ། །གཞན་ནི་ཞག་བཞི་བཅུའོ་ཞེས་པ་ནི་སྡོམ་པ་ཐོབ་ན་ཞག་བཞི་བཅུའི་ཚིགས་ཀྱིས་ཟུང་ཤིག་པའོ། །འདི་ནི་ཞག་བཞི་བཅུར་འགྲོ་བའི་དགེ་འདུན་གྱིས་བྱིན་གྱིས་རློབ་པར་གནང་བ་ལ་བྱའི་དགེ་འདུན་གྱིས་
གནས་ནས་བྱིན་གྱིས་བརླབ་མི་དགོས་པ་ནི་མ་ཡིན་ནོ། །འདི་དབོག་ཅེས་པ་ནི་དེ་ལྟ་བུའི་སྡོམ་པ་དགེ་འདུན་གྱིས་བྱིན་ཅིག་པའོ། །ཕྱི་རོལ་དུ་དེ་ལས་འདས་པར་མི་གནས་ཞེས་པ་ནི་མཚམས་ཀྱི་ཕྱི་རོལ་དུ་ཞག་བཞི་བཅུ་ལས་ལྷག་པར་མ་འདུག་ཤིག་པའོ། །འདི་སྡེ་ལྔ་ཆར་གྱི་ཡང་ངོ་ཞེས་པ་ནི་གོང་མ་
ལྟར་སྡོམ་པ་གསོལ་བ་དེ་སྡེ་ལྔ་ཆར་གྱི་ཡིན་པའོ། །འདི་ནི་མཚམས་ཀྱི་ནང་དུ་འཆགས་ཞེས་པ་ནི་བྱིན་གྱིས་བརླབས་པ་དེ་མཚམས་ཀྱི་ནང་དུ་བྱ་དགོས་ཀྱི་ཕྱི་རོལ་གྱི་མ་ཡིན་པའོ། །དགེ་སློང་གི་མདུན་དུའོ་ཞེས་པ་ནི་བྱིན་གྱིས་བརླབས་པ་དེ་དགེ་སློང་པ་ཞིག་ན་ཡང་དགེ་སློང་ཕ་གཅིག་གི་མདུན་དུ་བྱིན་
གྱིས་བརླབ། དགེ་སློང་མ་ཞིག་ནའང་དགེ་སློང་མ་གཅིག་གི་མདུན་དུ་བྱིན་གྱིས་བརླབ་དགོས་པའོ། །མུ་སྟེགས་ཀྱི་ལྟ་བ་ལས་བྲལ་བ་དང་། གཉེན་གྱི་བྱ་བ་དང་། ཉིད་ཀྱི་ཐེ་ཚོམ་གཞུང་དང་ཆུད་པས་བསྩལ་བའི་ཕྱིར་འགྲོ་ཞིང་འདི་དག་བྱ་བ་ནི་མ་བསྡུས་པར་མ་དོགས་ཤིག་ཅེས་པ་ནི་གོང་དུ་ཆོས་ཀྱི་དོན་
ཆེད་ཀྱི་ཕྱིར་འགྲོ་ན་ཞེས་སྨོས་པ་དེའི་ནང་དུ་མིང་གིས་སྨོས་པ་འདི་དག་གི་ཕྱིར་འགྲོ་བ་ཡང་མ་བསྡུས་པ་མ་ཡིན་བར་སྟོན་པའོ། །ཚུལ་དུ་ཞུགས་པའི་མི་དགར་ཞེས་པ་ནི་ཚུལ་དུ་ཞུགས་པའི་ཚེ་བཀར་བའི་ལས་མི་བྱ་ཞིང་། བཀར་དུ་ཟིན་ཀྱང་དེ་དང་ལྷན་ཅིག་ཏུ་འདུག་ཤིག་པའོ། །གནས་ནི་དཔེའོ་ཞེས་པ་
ནི་གོང་དུ་གནས་པར་དམ་བཅས་ན་དེ་བཞིན་དུ་མི་རུང་ཞེས་སྨོས་པ་དེ་དཔེ་ཙམ་དུ་ཟད་ཀྱི་གཞན་ཡང་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་སྦྱིན་པར་དམ་བཅས་པ་ལྟ་བུ་གང་ལའང་དམ་བཅས་ཕྱིན་ཆད་གྱ་གྱུ་མ་བྱེད་ཅིག་པའོ། །གླེང་གཞི་ལ་སོགས་པར་གཏོགས་པའོ། །དབྱར་གྱི་དངོས་པོ་རྫོགས་སོ།། །།
เล่ม ๑๖๔ · หน้า 187b
ཚུལ་ནས་འབྱུང་བའི་དངོས་པོ་ད་སྟོན་པ་ནི། ཐུབ་པའི་དམ་མི་བཅའ་ཞེས་པ་ལ་སོགས་པ་ཡིན་ཏེ། སྨྲ་བར་ཐུབ་པའི་དམ་མ་འཆའ་ཤིག་པའོ། །འདིས་འདག་ཅིང་གྲོལ་དུ་རེ་ན་ཉེས་པ་སྦོམ་པོའོ་ཞེས་པ་ནི་གོང་མ་ལྟ་བུའི་ཐུབ་པར་དམ་བཅས་པ་དེས་སྡིག་པ་འབྱང་ཞིང་མྱ་ངན་ལས་འདས་པ་འཐོབ་
དུ་རེ་ན་ཉེས་པ་སྦོམ་པོ་ཡིན་པར་སྟོན་པའོ། །དབྱར་ལོན་པས་དགེ་འདུན་དག་མཐོང་བ་དང་། ཐོས་པ་དང་། དོགས་པས་དབྱུང་ཞེས་པ་ནི་དགེ་འདུན་ཚུལ་ནས་འབྱུང་བའི་ཚེ་དབྱར་གནས་པའི་དགེ་སློང་གིས་གནས་འདི་གསུམ་ཕྱུང་ཤིག་པའོ། །དབྱར་གྱི་མཇུག་དུའོ་ཞེས་པ་ནི་དབྱར་ཟླ་གསུམ་
ལོན་བའི་རྗེས་ལ་ཚུལ་ནས་འབྱུང་བའི་ལས་གྱིས་ཤིག་པའོ། །སྤྱོད་ཡུལ་དུ་བསྒྲགས་ཞེས་པ་ནི་དགེ་འདུན་ཚུལ་ནས་འབྱུང་བ་སྤྱོད་ཡུལ་དུ་སྒྲོགས་ཤིག་པའོ། །ནམ་བྱི་བདར་བྱེད་པ་ནས་སོ་ཞེས་པ་ནི་གོང་མ་ལྟར་བསྒྲགས་པ་དེ་གཙུག་ལག་ཁང་གི་བྱི་བདར་བྱེད་པའི་མགོ་བཙུགས་པ་ཙམ་ནས་
སྒྲོགས་ཤིག་པའོ། །བསྒྲགས་པའི་སྐད་ཇི་སྐད་དུ་བྱ་ཞེ་ན། ཞག་གྲངས་འདི་ཙམ་དགེ་འདུན་ཚུལ་ནས་འབྱུང་བར་ཁྱེད་ལ་སྦྲན་པ་ཡིན་ནོ་ཞེས་པ་ཡིན་ཏེ་ཇི་ཙམ་ན་ཚུལ་ནས་འབྱུང་བའི་ཞག་གྲངས་སྨོས་ལ་སྙད་འདི་སྐད་དུ་བསྒོ་ཤིག་པའོ། །གཙུག་ལག་ཁང་བརྒྱན་ཞེས་པ་དང་། ལྡིང་ཁང་བྱ་
ཞེས་པ་དང་། ཁང་བུ་བྲི་ཞེས་པ་དང་། མཆོད་རྟེན་བསབ་པ་དང་ཕྱི་བ་ཡང་ངོ་ཞེས་པ་དང་། སེང་གེའི་ཁྲི་བརྒྱན་ཞེས་པ་རྣམས་ནི་ཚུལ་ནས་འབྱུང་བའི་ཞལ་ཏ་དང་ཡོ་ལང་འདི་ལྟར་གྱིས་ཤིག་པའོ། །དེ་ལ་ཁང་བུ་བྲི་ཞེས་པ་ནི་མཆོད་རྟེན་གྱི་ནང་ན་ཁང་བུ་ཡོད་པའི་རི་མོ་གསོ་བ་ལ་སོགས་པ་གྱིས་ཤིག་
པའོ། །དོ་ནུབ་མཚན་ཐོག་ཐག་ཆོས་བསྒྲགས་པར་འགྱུར་གྱིས་ཁྱེད་ཀྱི་བཤམ་པ་དག་ཀྱང་དེ་ལས་གྱིས་ཤིག་ཅེས་སྤྱོད་ཡུལ་དུ་བསྒྲགས་པ་དང་། མདོ་སྡེ་དང་། འདུལ་བ་དང་མ་མོ་འཛིན་པ་ལ་བསྐུལ་ཏེ། ཚེས་བཅུ་བཞིའི་མཚན་ཐོག་ཐག་ཆོས་བསྒྲག་པར་བྱ་ཞེས་པ་ནི་ཚེས་བཅུ་བཞིའི་ཚེ་ཆོས་
སྒྲོགས་ཤིང་སྤྱོད་ཡུལ་དུ་སྦྲན་པའི་ཐབས་འདི་ལྟར་གྱིས་ཤིག་པའོ། །གཞན་དུ་དེ་དག་གིས་ལས་ལ་མ་བབ་ཚུན་ཆད་ཆོས་རྣམ་པར་ངེས་པའི་གཏམ་མཚན་ཐོག་ཐག་དུ་བྱ་ཞེས་པ་ནི་ཚེས་བཅོ་ལྔའི་ནུབ་མོ་ཡང་ཚུལ་ནས་འབྱུང་བའི་ལས་བྱ་བ་ལ་མ་ཐུག་གི་བར་དུ་ཆོས་ཀྱི་གཏམ་གྱིས་ཤིག་པའོ། །
เล่ม ๑๖๔ · หน้า 188a
སྐྱ་རེངས་ཀྱིས་མ་ཆོད་པའི་སྔ་རོལ་དུ་འབྱུང་བའི་ལས་བྱ་ཞེས་པ་ནི་ཚུལ་ནས་འབྱུང་བའི་ལས་སྐྱ་རེངས་ཀྱིས་མ་ཆོད་པར་གྱིས་ཤིག་པའོ། །འབྱིན་པར་བྱེད་པའི་དགེ་སློང་བསྒོ་ཞེས་པ་དང་། གཅིག་གིས་མི་ཁྱབ་ན་དུ་མའོ་ཞེས་པ་ནི་ཚུལ་ནས་འབྱིན་པའི་དགེ་སློང་ཐབས་
འདི་ལྟར་སྐོས་ཤིག་པའོ། །འདིར་ཚན་ཚན་དུ་བགོ་སྟེ་བྱ་བའི་རིགས་སོ་ཞེས་པ་ནི་ཚུལ་ནས་འབྱུང་བའི་དགེ་སློང་དུ་མ་བསྐོས་ན་དེ་དག་གིས་འབྱུང་བར་བྱ་བའི་དགེ་སློང་ཡང་ཚན་ཚན་དུ་བགོ་ཞིང་ལས་རབ་ཏུ་གྱིས་ཤིག་པར་སྟོན་པའོ། །དེས་རྩྭ་བྲིམ་ཞེས་པ་ནི་ཚུལ་ནས་འབྱུང་བའི་རྩྭ་བྲིམས་ཤིག་
པའོ། །དགེ་འདུན་ལ་འབྱུང་བར་བསྐུལ་བ་ནི་གཞན་གྱིས་སོ་ཞེས་པ་ནི་ཚུལ་ནས་འབྱུང་བའི་དྲོད་འཛིན་པ་འབྱིན་པར་བསྐོས་པ་དེའང་མ་ཡིན་བ་གཞན་གཅིག་གིས་གྱིས་ཤིག་པའོ། །འབྱིན་པར་བྱེད་པའི་མདུན་དུ་དགེ་སློང་རེ་རེ་ནས་འདུག་ཅེས་པ་ནི་འབྱིན་པའི་ཚེ་གཉིས་གསུམ་ལ་སོགས་པ་དུ་མ་ཅིག་ཆར་དུ་
འབྱུང་བ་མ་ཡིན་གྱི་དེ་རེ་རེའི་མདུན་དུ་གྱིས་ཤིག་པའོ། །དེ་ལ་ཚུལ་ནས་འབྱུང་བ་བསྙད་པ་ནི་ལན་གསུམ་མོ་ཞེས་པ་ནི་ཚུལ་ནས་འབྱུང་བའི་སྔར་ལན་གསུམ་དུ་སློས་ཤིག་པའོ། །དེ་ལ་ཡང་ནད་ཀྱིས་ཉེན་ཏམ་མལ་སྟན་མི་རུང་བའམ་དུས་ཀྱིས་མི་ཐུབ་བམ་གདོན་ཚེགས་སུ་འབྱུང་བ་ཙམ་གྱི་ཚོད་ན་ལན་གཉིས་སོ་
ཞེས་པ་དང་། འོན་ཀྱང་ན་ལན་གཅིག་གོ་ཞེས་པ་ནི་ལན་གསུམ་བསྙད་དེ་རྐྱེན་གོང་དུ་སྨོས་པ་ལྟར་གྱུར་ཏེ་མི་བདེ་ན་ལན་གཉིས་སམ་གཅིག་གིས་གྱིས་ཤིག་པའོ། །དེ་ཉིད་ནི་ཚར་རྫོགས་ནས་ཟླ་བའོ་ཞེས་པ་ནི་འབྱིན་འབྱིན་པའི་དགེ་སློང་ཉིད་རང་གི་ལས་ཟིན་ནས་འབྱིན་བའི་ཟླ་བ་གཅིག་ལས་འབྱུང་བར་གྱིས་
ཤིག་པའོ། །མེད་ན་གཞན་ལའོ་ཞེས་པ་ནི་ཟླ་མེད་ན་དགེ་སློང་གཞན་གཅིག་ལས་འབྱུང་བར་གྱིས་ཤིག་པའོ། །དེ་ལྟར་དགེ་འདུན་ཐམས་ཅད་ཚུལ་ནས་བྱུང་ནས་དགེ་འདུན་ལ་བསྙད་ཅེས་པ་ནི་ཐམས་ཅད་བྱུང་ཟིན་ནས་དགེ་འདུན་སྤྱི་ལ་བྱུང་ཟིན་པ་སྙོད་ཅིག་པའོ། །དགེ་བར་ཚུལ་ནས་བྱུང་ངོ་ལེགས་པར་ཚུལ་
ནས་བྱུང་ངོ་ཞེས་ཐམས་ཅད་ཀྱིས་བསྒྲུབ་ཅེས་པ་ནི་གོང་མ་སྐད་དུ་བསྙད་ནས་དགེ་འདུན་ཐམས་ཅད་ཀྱིས་འདི་སྐད་དུ་གྱིས་ཤིག་པའོ། །བདག་གིས་ནོར་ཁབ་ཡན་ཆད་ཅི་ཡང་རུང་བ་ཐོགས་ཏེ་དགེ་འདུན་ལ་ནོར་དབུལ་བར་ཚིག་གིས་བརྩམས་པ་ནི་བཙུན་པ་དག་དབྱར་ལོན་པའི་དགེ་སློང་གི་དགེ་འདུན་གྱིས་ནོར་གྱི་
เล่ม ๑๖๔ · หน้า 188b
དངོས་པོ་འདི་ལྟ་བུ་དག་བརྙེས་སོ་ཞེས་འབུལ་ཞེས་པ་ནི་ཁྱིམ་པ་ལ་སོགས་པ་གཞན་དགེ་འདུན་ལ་ཡོན་འབུལ་བར་མིག་དྲང་བའི་ཐབས་འདི་ལྟར་གྱིས་ཤིག་པའོ། །དེ་ནས་དགེ་ཚུལ་དབྱུང་ཞེས་པ་དང་། དེ་ནས་དགེ་སློང་མ་ཞེས་པ་ནི་དགེ་ཚུལ་དང་དགེ་སློང་མ་འབྱུང་བའི་གོ་རིམས་འདི་ལྟར་གྱིས་ཤིག་པའོ། །བྱིན་
གྱིས་བརླབས་ཏེ་སོང་ནས་འབྱུང་བའི་སྔ་རོལ་དུ་བསྡོངས་ཏེ་འབྱུང་ན་ཚུལ་ནས་འབྱུང་བའོ་ཞེས་པ་ནི་གནས་གང་དུ་ཚུལ་དུ་ཞུགས་པ་དེར་མི་འབྱུང་དུ་མི་རུང་བ་མེད་དེ། གུད་དུ་གཞན་དང་བསྡོངས་ཤིང་འབྱུང་ནའང་མི་རུང་བ་མེད་པའོ། །བུད་མེད་ནི་གྱུར་ཀྱང་མ་ཡིན་ཞེས་པ་ནི་བུད་མེད་ནི་སྐྱེས་པ་ལས་གྱུར་པ་ཞིག་
ཡིན་ན་ཡང་དེའི་ཐད་དུ་ཚུལ་ནས་འབྱུང་བའི་ལས་མ་བྱེད་ཅིག་པའོ། །གཞི་གཟུང་བའི་གཏོལ་མེད་པ་ལམ་ཡོགས་སུ་དགེ་སློང་དང་ཕྲད་དེ་བྱུང་ནའང་སྡེའི་གསོལ་བས་སོ་ཞེས་པ་ནི་འདུག་ཏུ་མ་བདེ་ནས་གུད་དུ་སོང་བ་ལའམ་ལམ་ཡོགས་སུ་དགེ་སློང་གཅིག་དང་ཕྲད་དེ་འབྱུང་ན་དགོངས་ཤིག །ཚེ་དང་
ལྡན་པ་བདག་མིང་འདི་ཞེས་བགྱི་བ་ལ་གནས་འདི་ལྟ་བུ་ཞིག་ན་དབྱར་གནས་གནས་ཏེ། དགེ་འདུན་ཐམས་ཅད་དང་ལྷན་ཅིག་ཏུ་འབྱུང་བའི་རིགས་པ་ལས་འདི་ལྟར་གནས་སུ་མ་བདེ་ནས་གུད་དུ་བྱོལ་བ། ད་ཚེ་དང་ལྡན་པའི་ཐད་དུ་སྡེའི་འབྱུང་བར་བགྱིའོ་ཞེས་བྱས་ཏེ། བྱུང་ན་མི་རུང་བ་མེད་པར་སྟོན་པའོ། །
ཆེད་ཀྱིས་འགྲོན་དབྱར་གྱི་ཁོངས་སུ་འབྱུང་ཞེས་པ་ནི་དོན་ཆེད་ཅིག་ཡོད་ན་ཟླ་བ་གསུམ་མ་ལོན་པར་འབྱུང་དུའང་རུང་བའོ། །དངོས་པོའམ་གང་ཟག་གམ་གཉི་ག་བཞག་ནས་ཀྱང་ངོ་ཞེས་པ་ནི་འདི་བཞག་ལ་གཞན་སྐབས་ཕྱེ་སྟེ་འབྱུང་ན་མི་རུང་བ་མེད་པར་སྟོན་པ་སྟེ། དེ་ལ་དངོས་པོ་ཞེས་པ་ནི་
ལྷག་མ་ལ་སོགས་པའོ། །གང་ཟག་ཅེས་པ་ནི་མིང་འདི་ཞེས་བྱ་བའི་གང་ཟག་མ་གཏོགས་པར་ཁྱེད་གཞན་གྱིས་གླེངས་ཤིག་ཅེས་ཟེར་བ་ལྟ་བུའོ། །གཉི་ག་ཞེས་པ་ནི་དེ་གཉི་ག་བཞག་སྟེ་འབྱུང་ནའོ། །འདི་བླང་ཞེས་པ་ནི་དེ་ལྟར་དངོས་པོ་བཞག་སྟེ་འབྱུང་བ་དེ་དགེ་འདུན་གྱིས་སྡོམ་པར་
གྱིས་ཤིག་པའོ། །མཐའ་མ་ཡིན་པ་ཁས་ལེན་ཅིང་བཞག་ནའོ་ཞེས་པ་ནི་ཕས་ཕམ་པ་བཞག་སྟེ་འབྱུང་དུ་ནི་མི་རུང་བར་སྟོན་པའོ། །དགེ་འདུན་གྱིས་དེ་སྡོམ་པར་བྱ་བའི་སྙད་ཇི་སྐད་དུ་བྱ་ཞེ་ན། ཚེ་དང་ལྡན་པ་བདག་ཅག་འདི་ལྟར་འདུས་ཤིང་འཁོད་པ་ནི་ཚེ་དང་ལྡན་པའི་དངོས་པོ་བཞག་ལ་གང་ཟག་
เล่ม ๑๖๔ · หน้า 189a
མ་ཡིན་པ་གང་གི་ཕྱིར་ཡང་མ་ཡིན་མོད་ཀྱི། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པའི་དོན་ནི་གསོ་སྦྱིན། ཆོས་རྣམ་པར་དག་པའི་དོན་ནི་ཚུལ་ནས་འབྱུང་བར་གསུངས་པ་ནི་ཇི་སྟེ་འདོད་ན་ཚུལ་ནས་འབྱུང་བར་གྱིས་ཤིག་ཅེས་འབྱུང་བ་འདི་བཞིན་དུ་བསྒོས་ཤིག་
པའོ། །གང་ཟག་བཞག་ལ་དངོས་པོ་མ་ཡིན་ཞེས་པ་དང་། དངོས་པོ་དང་གང་ཟག་བཞག་པ་ཡང་ངོ་ཞེས་པ་ནི་གོང་མ་སྐད་དུ་བསྒོ་བའི་སྙད་ཀྱི་གཞི་ཡིན་ཏེ། གང་ཟག་བཞག་ལ་དངོས་པོ་མ་བཞག་པ་དང་། དངོས་པོ་དང་གང་ཟག་གཉིས་ག་བཞག་པ་ལས་གོང་མ་སྐད་དུ་གླེང་གཞི་བསྒོ་བར་བྱའོ། །
དེ་ལ་ཚུལ་ཁྲིམས་རྣམ་པར་དག་ཅེས་པ་ནི་གསོ་སྦྱིན་གྱིས་ལྟུང་བ་ཐམས་ཅད་སྦྱོང་ཞིང་སེལ་བའོ། །ཆོས་རྣམ་པར་དག་ཅེས་པ་ནི་བསྐུལ་བ་དང་གླེངས་པས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་འགལ་བར་ཡང་དག་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཁས་བླངས་པ་བཞག་པ་དང་། བཞག་ནས་
བསྙོན་ཀྱང་ཁས་བླངས་པ་མི་འཇིག་ཅེས་པ་ནི་དེ་ལྟར་བཞག་སྟེ་ཕྱུང་བའི་འོག་ཏུ་གཏན་ནས་བསྙོན་ཏམ་ཤས་ཀྱིས་བསྙོན་ན་ཡང་དང་པོའི་ཁས་བླངས་ཤིང་ཚུལ་ནས་འབྱུང་བ་དེ་འཇིག་པར་ནི་མི་འགྱུར་བར་སྟོན་པའོ། །འདིར་སྔ་མའམ་འདི་ལ་འདི་ལྟ་བུའི་རྣམ་པ་ཅུང་ཟད་ཀྱང་མེད་དོ་ཞེས་ཟེར་ན་བརྫུན་ནོ་ཞེས་པ་
ནི་སྔ་མ་སྟེ་བཞག་པ་དང་། ཕྱི་མ་བཞག་པ་གཉིས་བསྙོན་ན་ཚུལ་ནས་འབྱུང་བ་ནི་མི་འཇིག་གི །ཤེས་བཞིན་གྱི་བརྫུན་དུ་འགྱུར་བར་ནི་སྟོན་པའོ། །ཚུལ་དུ་ཞུགས་པ་དག་གིས་གལ་ཏེ་འཐབ་ཀྲོལ་ཅན་གྱི་དགེ་སློང་འོང་བར་ཐོས་ནས་གསོ་སྦྱིན་གཉིས་སམ་གསུམ་ཐལ་ཏེ་ཚུལ་ནས་འབྱུང་བ་བྱ་ཞེས་པ་ནི་འཐབ་
ཀྲོལ་ཅན་འོང་བའི་གཞོག་ཚོར་ན། གསོ་སྦྱིན་གཉིས་སམ་གསུམ་ཐལ་བའི་འོག་ཏུ་ཚུལ་དྲོལ་ལ་སོ་སོར་གྱིས་ཤིག་པའོ། །མ་གྲུབ་ན་འགེན་ཕག་ལ་ལྔའམ་དྲུག་དུ་བྱ་ཞེས་པ་དང་། ཁ་གསག་གིས་བསྩུ་ཞིང་ལྷུང་བཟེད་དང་ཆོས་གོས་བླང་ཞེས་པ་དང་། གནས་ཁང་གློ་ཕུག་དང་ཁང་པ་བརྩེགས་པ་སྦྱིན་ཞེས་
པ་དང་། ཁྲུས་དང་འབྲོང་སྡུར་བྱ་ཞེས་པ་དང་། ཆོས་བསྒྲགས་པ་ལ་སོགས་པ་འདི་དག་གིས་མགུ་བར་བྱ་ཞེས་པ་རྣམས་ནི་གོང་མ་ལྟར་བྱར་མ་ནུས་སམ། འཐབ་ཀྲོལ་ཅན་དེས་བརྫིས་པར་གྱུར་ན་འགེན་ཕག་ཁ་མང་དུ་བྱས་ལ། དགེ་སློང་གཉིས་གསུམ་མམ་བཞི་ལྔ་ནས་གསོ་སྦྱིན་ཀུན་བུར་བྱ་བ་དང་། དེ་
เล่ม ๑๖๔ · หน้า 189b
མགུ་བར་བྱ་བའི་ཐབས་འདི་ལྟར་གྱིས་ཤིག་པའོ། །འོན་ཀྱང་གཞར་མ་ནུས་ན་འགེན་ཕག་དུ་གསོ་སྦྱིན་བྱ་ཞེས་པ་ནི་གོང་མ་ལྟར་ཡིད་བཞོས་ཤིང་བསྲིས་སུ་ཟིན་གྱིས་ཀྱང་མི་རུང་བ་ཙམ་གྱི་ཚོད་ན་གདོད་འགེན་ཕག་གི་གསོ་སྦྱིན་ཁ་མང་དུ་བྱས་པ་དེ་དག་ཏུ་གོང་མ་ལྟར་གསོ་སྦྱིན་གྱིས་ཤིག་པའོ། །དེང་ཁྱེད་ཚུལ་
ནས་མི་འབྱུང་ངམ་ཞེས་ཟེར་ན། ཚེ་དང་ལྡན་པ་དག་འདི་ནི་གཞི་བའི་ལས་ཡིན་གྱི། ཁྱེད་གུད་ནས་བྱོན་པ་རྣམས་གཞེས་ཞེས་བྱ་ཞེས་པ་ནི་འཐབ་ཀྲོལ་ཅན་དེ་གསོ་སྦྱིན་གྱི་དུས་སུ་བསྐུལ་ན་འདི་སྐད་དུ་རྒྱང་ཞིང་རྒྱུད་ཅིག་པའོ། །དོང་ནས་འབྱུང་ཞེས་པ་ནི་འཐབ་ཀྲོལ་ཅན་དེ་དག་སོང་ནས་གདོད་ཚུལ་ནས་ཕྱུང་
ཤིག་པའ། །ཚུལ་ནས་འབྱུང་བའི་དངོས་པོའོ།། །།ད་ནི་ཕྲན་ཚེགས་ལ་སོགས་པ་ལས་འབྱུང་བ་བསྡུས་ཏེ་སྟོན་པ་ནི་བཟོད་པ་མ་བྱས་པར་འཁོན་པ་དང་མི་འབྱུང་ཞེས་པ་ལ་སོགས་པ་ཡིན་ཏེ། བཟོད་པ་མ་བྱས་པར་འཁོན་ཡོད་བཞིན་དུ་ཚུལ་ནས་མ་བྱུང་ཤིག་པའོ། །ཚུལ་ནས་འབྱུང་ཀར་རམ་
ཞེ་ན། འདིའི་དུས་ནི་ཞག་བཅུའམ་ཟླ་བ་ཕྱེད་དུ་ཆས་ནས་སོ་ཞེས་པ་དང་། བདུན་ནམ་བརྒྱད་ཅེས་ཀྱང་ཁ་ཅིག་གོ་ཞེས་པ་ཡིན་ཏེ་ཞག་གྲངས་འདི་ཙམ་གྱི་སྔ་རོལ་ནས་བཟོད་པ་གསོལ་ཞིང་འཁོན་ཤོགས་ཤིག་པའོ། །འདུས་ནས་མ་ཡིན་ཞེས་པ་ནི་གང་དུ་ཡང་རུང་དགེ་འདུན་འདུས་པའི་ཚེ་བཟོད་པར་
གསོལ་བ་མ་བྱེད་ཅིག་པའོ། །དེ་འདི་མི་བཟོད་ནའོ་ཞེས་པ་ནི་བཟོད་པ་གསོལ་ན་བཟོད་པར་བྱེད་དུ་མི་བཏུབ་པ་དེའང་ཚུལ་ནས་མ་དབྱུང་ཤིག་པའོ། །དེ་བཞིན་དུ་ལུས་པ་ཐམས་ཅད་ཀྱང་མགུ་བ་མ་བྱས་ན་མ་ཡིན་ཞེས་པ་ནི་ཚུལ་ནས་འབྱུང་བར་ཐམས་ཅད་ཀྱིས་ཀྱང་གཅིག་ལ་གཅིག་བཟོད་པ་གསོལ་
ཅིག་པའོ། །ཁྲོས་པ་ལ་བཟོད་པར་མི་གསོལ་བ་མ་ཡིན་ཞེས་པ་ནི་ཁྲོས་སུ་ཟད་པར་བྱ་བ་མ་ཡིན་གྱི་དེའི་ངན་ཟླ་ཞིང་བཟོད་པར་གསོལ་ཅིག་པའོ། །དགེ་སློང་ལ་དགེ་སློང་མས་ཕྱི་རོལ་གྱི་གནས་སུ་མ་ཡིན་ཞེས་པ་དང་། རྐང་པ་ལ་མི་གཏུག་ཅེས་པ་དང་། བཟོད་ནས་གཏུག་བར་བྱ་ཞེས་པ་ནི་
དགེ་སློང་མས་དགེ་སློང་ཕ་ལ་བཟོད་པ་གསོལ་བའི་ཐབས་འདི་ལྟར་གྱིས་ཤིག་པའོ། །བཟོད་པར་གསོལ་ན་དགེ་སློང་ཕས་མི་མཉན་པར་མི་འགྲོ་ཞེས་པ་དང་། འགལ་བར་མི་བྱ་ཞེས་པ་ནི་དགེ་སློང་ཕ་ལ་དགེ་སློང་མ་བཟོད་པ་གསོལ་ན། ཉན་དུ་མི་བཏུབ་པ་དང་། དེ་དང་འགལ་བའི་བག་
เล่ม ๑๖๔ · หน้า 190a
མ་བྱེད་ཅིག་པའོ། །མངོན་པར་ཤེས་པས་བཟོད་པ་གསོལ་བ་ལ་སྔ་ནས་རྣ་བཅའ་ཞེས་པ་ནི་ཁོང་ཁྲོས་པ་དེ་དང་མཛའ་བའམ་བཤེས་གཉེན་ཡོད་པ་གཅིག་ལ་ལག་ཅུག་ལ་དེས་སྔ་ནས་རྣ་ཚོས་ཤིག་པའོ། །མི་བཏུབ་ན་ཐབས་བཙལ་བ་ལ་མི་དྲིང་བ་མ་ཡིན་ཞེས་པ་ནི་བཟོད་པས་མི་བཏུབ་ན་
བཏུབ་ཏུ་ཟད་ཅེས་བཟོད་པར་མི་གསོལ་བར་ཐལ་བྱུང་དུ་བཏང་བ་མ་ཡིན་གྱི་ཅི་ནས་ཀྱང་བཟོད་པར་འགྱུར་བའི་ཐབས་ལ་དྲིང་ཤིག་པའོ། །མི་བཤོལ་ཞེས་པ་དང་། ངད་མ་ལས་ཀྱི་བར་དུ་མི་བསྡད་པ་མ་ཡིན་ཞེས་པ་ནི་བཟོད་པར་གསོལ་བ་བསྒྱང་ཡང་མི་བསྒྱང་། བརྟུན་ཡང་མི་ངས་པར་
ཁྲོས་པ་ངད་ལས་པའི་དྲོད་ཀྱིས་ཟུང་ཤིག་པའོ། །བཟོད་པར་གསོལ་བ་ལ་མི་བཟོད་པ་མ་ཡིན་ཞེས་པ་ནི་བཟོད་པར་གསོལ་བ་ལ་མི་བཟོད་པ་མ་བྱེད་ཅིག་པའོ། །ཕྲན་ཚེགས་ལ་སོགས་པར་གཏོགས་པའོ། །ཚུལ་ནས་འབྱུང་བའི་དངོས་པོ་རྫོགས་སོ།། །།གཏན་པའི་དངོས་པོད་སྟོན་པ་ནི། གཏན་
པ་གདིང་ཞེས་པ་ལ་སོགས་པ་ཡིན་ཏེ། འོག་ནས་འབྱུང་བ་ལྟ་བུའི་གཏན་པ་དགེ་སློང་གི་དགེ་འདུན་གྱིས་བཏིང་བར་གྱིས་ཤིག་པའོ། །དེ་ལ་འདིའི་མིང་གཏན་པར་གདགས་པ་ནི་ཆོས་གོས་བརྐྱང་བའི་གཏན་པ་དགེ་འདུན་ཀུན་གྱི་སྤྱིར་དགོས་ཤིང་བརླིང་བ་དང་། དེས་ཆོས་གོས་ལ་སོགས་པ་མི་
འཁུམས་ཤིང་ཐར་གཅོད་པའི་ཕྱིར་མིང་གཏན་པ་ཞེས་བྱ་བ་དང་། འདྲ་བར་འདིའང་དགེ་འདུན་ཐ་མི་དད་པ་དང་། བྱ་བ་གཅིག་པ་དང་། རྙེད་པ་དང་ཡོན་ཏན་ཐུན་མོང་བ་དང་། བག་མི་འཁུམས་ཤིང་བག་ཡངས་པར་(བྱད་‚བྱེད་)པའི་ཕྱིར་གཏན་པ་ཞེས་བྱའོ། །དེ་ལྟ་བས་ན་གཏན་པ་བཏིང་བའི་ཡོན་ཏན་ཇི་ལྟ་བུ་ཡིན་
པ་སྟོན་པ་ནི། གཏན་པ་བཏིང་བ་ནི་གསུམ་པོ་ཇི་བཞིན་བ་དང་། ཡང་ཡང་གི་ཟས་དང་། འདུས་ཤིང་ཟ་བ་དང་། མ་བྱས་པར་གྲོང་དུ་འཇུག་པ་དང་། ཆོས་གོས་སློང་བ་རྣམས་ཀྱི་ཉེས་མེད་པ་དང་། ལྷག་མ་རྣམས་དང་རྙེད་པ་ཐུན་མོང་བའོ་ཞེས་པ་ཡིན་ཏེ་ཡོན་ཏན་འདི་རྣམས་ཡོད་པའི་ཕྱིར་གཏན་པ་བཏིང་བར་
བྱའོ། །དེ་ལ་གསུམ་པོ་ཇི་བཞིན་ཞེས་པ་ནི་འཆང་འབྲལ་འཇོག་པ་གསུམ་གོང་དུ་སྨོས་པའོ། །ལྷག་མ་རྣམས་དང་། རྙེད་པ་ཐུན་མོང་ཞེས་པ་ནི་གཏན་པ་བཏིང་ནས་ཡུལ་གུད་དུ་སོང་དུ་ཟིན་ཀྱང་དགེ་སློང་གཞི་ལ་འཁོད་པ་གཞན་དང་རྙེད་པ་ཐུན་མོང་དུ་དབང་བའོ། །འདིར་སྟོད་གཡོགས་དང་སྨད་གཡོགས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด