ตัวบทไม่มีชื่อ — ประโยคแรก: ལུང་སྟོན་པ་ཀ་ལཱ་པའི་མདོའི་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་བཞུགས་སོ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๕ · หน้า 211a
ལ་ཨིའོ། །རྀ་ཡིག་མཐའི་བྱིངས་ཀྱི་ཨནྦི་ཀ་ར་ཎ་ཡོན་ཏན་མེད་པ་ཕ་རོལ་ལ་ཨེ་ཨཱ་ག་མར་འགྱུར་རོ། །ཨཱ་དྲི་ཡ་ཏེ། ཨཱ་དྷྲི་ཡ་ཏེ། དྲིང་མ་གུས། དྷྲེང་མི་གནས། ཨཱང་སྔོན་དུའོ། །ཏེའོ། །ཨ་ནཱའོ། །ཏུཏ་སོགས་ཀྱི་ཨན་ལ་ཞེས་པས་ཡོན་ཏན་མེད་དོ། །འདིས་
ཨི་ཡིག་ཨཱ་ག་མའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་བ་དག་ཅེས་པས་ཨི་ཡའོ། །ར་ཉིད་དོ། །ཨན་ལ་ཞེས་པ་ཅི་ཞེ་ན། ཨཱ་ད་དྲེ། དྲིང་། ཨཱང་ངོ་། །པ་རོ྅ཀྵའི་ཨེའོ། །ཐམས་ཅད་དུ་ཨཱཏྨ་ནེ་ཞེས་པ་ཡོན་ཏན་མེད་དོ། །ཡོན་
ཏན་མེད་པ་ལ་ཞེས་པ་ཅི་ཞེ་ན། ཧ་ར་ཏི། ཨི་ཡིག་ཨཱ་ག་མ་རྗེས་སུ་འཇུག་བཞིན་པ་ན། ཨི་ཡིག་ཨཱ་ག་མ་སྒྲུབ་པ་ནི་ཕྱི་མའི་དོན་དུའོ། །ཨི་ཡིག་ཨཱ་ག་མའི་ཡང་ཨི་ཡར་བསྒྱུར་བ་བྱས་པ་ན་འདོར་བར་གྱུར་པ་སྒྲུབ་པར་བྱེད་པའང་ངོ་། །ཡཎ་ཨཱ་ཤཱི་ཥ་དག་ལ་ཡ་ལའོ། །རྀ་ཡིག་མཐའ་
ཅན་གྱི་བྱིངས་ལས་ཡཎ་ཕ་རོལ་དང་ཨཱ་ཤཱི་ཥའི་ཡ་ཕ་རོལ་ལ་ཨེ་ཡིག་ཨཱ་ག་མར་འགྱུར་རོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོ་ཐོབ་པ་ལའོ། །ཀྲི་ཡ་ཏེ། ཧྲི་ཡ་ཏེ། ཀྲི་ཡཱཏ། ཧྲི་ཡཱཏ། བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །ཨཱ་ཤཱི་ཥའི་ཡཱ་ཏའོ། །ཨི་ཡིག་
ཨཱ་ག་མ་དང་ར་ཉིད་དོ། །ཨརྟི་དང་བརྩེགས་པ་དང་པོ་དག་གི་ཡོན་ཏན་ནོ། །རྀ་ཡིག་གང་གི་དང་པོ་བརྩེགས་པ་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ནས་ཟླས་དབྱེ་བའོ། །ཨརྟི་དང་བརྩེགས་པ་དང་པོ་ཅན་གྱི་རྀ་ཡིག་གི་ཡཎ་དང་ཨཱ་ཤཱི་ཥའི་ཡ་ཡིག་ལ་ཡོན་ཏན་དུ་འགྱུར་རོ། །སྔ་
མས་ཨི་ཡིག་ཨཱ་ག་མ་ཐོབ་པ་ལའོ། ཨརྻ་ཏེ། ཨརྻཱ་ཏ། སྨརྻ་ཏེ། སྨརྻཱ་ཏ། རྀ་འགྲོ་བ། སྨྀ་སེམས་པ། ཡ་ལ་ཞེས་པ་ཅི་ཞེ་ན། སྨྀ་ཥཱིཥྚ། འདིར་ཅིའི་ཕྱིར་མི་འགྱུར། སཾ་སྐྲྀ་ཡ་ཏེ། སཾ་སྐྲྀ་ཡཱཏ། ཀྲྀཉ་བྱེད། སཾ་སྔོན་དུའོ། །མས་ས་རི་སུ་པ་རྣམས་ལས་
སུ་ཊའོ། །ཞེས་པས་སུ་ཊའོ། །འདིར་སུ་ཊ་བྱས་པ་ན་བརྩེགས་པ་དང་པོ་ཉིད་ཀྱི་ཕྱིར་ཡོན་ཏན་ཐོབ་བོ་ཞེ་ན། འདྀ་ཡོད་མོད། འོན་ཀྱང་ནང་གི་ཡན་ལག་ལ་ཕྱིའི་ཡན་ལག་གྲུབ་པ་མ་ཡིན་ནོ་ཞེས་པའི་ཚིག་ལས་མི་འགྱུར་རོ། །ནང་གི་ཡན་ལག་ལ་ནི་ཚིག་གཅིག་གི་ཡུལ་ལ་ཡོན་ཏན་བྱ་བ་ཡིན་ལ་ཕྱིའི་
เล่ม ๑๙๕ · หน้า 211b
ཡན་ལག་ཚིག་གཉིས་ཀྱི་ཡུལ་གྱི་སུཊ་ལས་གྲུབ་པ་མིན་ནོ། །དེའི་ཕྱིར་རྀ་ཡིག་བརྩེགས་པ་དང་པོ་ཅན་མ་ཡིན་ནོ། །ཙེ་ཀྲཱི་ཡི་ཏ་ལའོ། །ཨིརྟ་དང་རྀ་ཡིག་བརྩེགས་པ་དང་པོ་ཅན་གྱི་ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །ཡོན་ཏན་དགག་པ་ཐོབ་པ་ལའོ། །ཨ་རཱརྻ་ཏེ། སཱ་སྨརྻ་ཏེ།
འཁྱོག་པོར་བགྲོད་པར་བྱེད། ཤིན་ཏུ་སེམས་པར་བྱེད་དོ་ལ་ཡ་སྒྲའོ། །འདིས་ཡོན་ཏན་ནོ། །དབྱངས་པོ་ལས་གཉིས་པའི་ཞེས་པས་ཪྻ་ཞེས་པ་འདི་ལན་གཉིས་བརྗོད། ཨཱ་ག་མ་མེད་པའི་རིང་པོའོ་ཞེས་པས་རིང་པོའོ །ཧན་འཚེ་བ་ལ་གྲིན་རུ་བསྒྱུར་བར་བྱ་སྟེ། ཙེ་ཀྲཱི་ཡིཏ་ཕ་
རོལ་ལའོ། །ཛེ་གྲྣཱི་ཡ་ཏེ། ཤིན་ཏུ་འཚེ་བར་བྱེད་དོ་ལ་ཡ་སྒྲའོ། །གྷྣཱི་རུ་བསྒྱུར་རོ། །གཉིས་བརྗོད། ཨ་བྷྱཱ་སའི་བྱ་བའོ། །འཚེ་བ་ཞེས་པ་ཅི་ཞེ་ན། ཛཾ་གྷ་ནྱ་ཏེ། འཁྱོག་པོར་བགྲོད་དོ་ལ་བཤད་པ་ལས་ཡ་སྒྲའོ། །དེ་ནས་རྗེས་སུ་ང་རོའོ། །ཨ་བྷྱ་སའི་འང་ངོ་ཞེས་པས་
གྷའོ། །གྷྲ་དྷྨཱ་དག་གི་ཨིའོ། །གྷྲ་དྲི་ལེན་པ་ལའོ། །དྷྨཱ་སྒྲ་ལའོ་ཞེས་པ་འདི་དག་ཙེ་ཀྲཱི་ཡི་ཏ་ཕ་རོལ་ལ་ཨཱོ་ཉིད་དུ་འགྱུར་རོ། །ཛེ་གྷྲཱི་ཡ་ཏེ། དེ་དྷྨཱི་ཡ་ཏེ། ཤིན་ཏུ་དྲི་འཛིན་ནོ། །ཤིན་ཏུ་སྒྲོགས་སོ་ལ་ཡ་སྒྲའོ། །འདིས་ཨཱི་ཉིད་དོ། །གཉིས་བརྗོད་དོ། །ཨ་བྷྱཱ་སའི་བྱ་བའོ། །
ཙེ་ཀྲཱི་ཡི་ཏ་ཞེས་པས་ཅི་ཞེ་ན། ཨཱ་གྷྲ་ཡ་ཏེ། ཨཱ་དྷྨཱ་ཡ་ཏེ། བྱིངས་ཐམས་ཅད་པ་ལ་ཡཎའོ། །ཡིན་ལ་ཨའི་ཡི་གེའི་འོ། །རྟགས་ཀྱི་ཨའི་ཡི་གེ་ཡིན་ཕ་རོལ་ལ་ཨཱི་ཉིད་དུ་འགྱུར་རོ། །མངྒ་ལཱི་ཡ་ཏེ། ཡིན་ལ་ཞེས་པ་ཅི་ཞེ་ན་ཤུ་བྷ་ཀཱ་མྱ་ཏི། ཨཱ་དིའི་སན་ཨཱ་དྱ་ཏ་ནཱི་དག་
ལ་གྷྀ་སླའོ། །ཨད་ཟ་བ་ལའོ་ཞེས་པ་འདིའི་སན་ཕ་རོལ་དང་ཨཱ་དྱ་ཏ་ནཱི་ལའང་གྷྀ་སླར་བསྒྱུར་བར་འགྱུར་རོ། །ལྀ་ཡིག་ནི་པུཥ་སོགས་དང་དྱུཏ་སོགས་ཀྱི་དོན་ཏོ། །ཛི་གྷཏྶ་ཏི། ཨད་ཟ་བ་ལའོ། །སན྄འོ། །གྷསླྀ་རུ་བསྒྱུར་རོ། །གཉིས་བརྗོད། །སན་ལ་སའི་ཡི་གེ་ཞེས་པས་
ཨི་ཉིད་དོ། །སའི་ས་ལ་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཏའོ་ཞེས་པས་སའི་ཏའོ། །ཨཱ་དྱ་ཏ་ནཱི་ལ། ཨ་གྷ་སཏ྄། ཨ་གྷ་ས་ཏཱམ྄། ཨ་གྷ་སན྄། དི་ཏཱམ྄་ཨན྄འོ། །འདིས་གྷསླྀའོ། །པུཥ་སོགས་ཀྱི་མདོས་ཨཎའོ། །སན་དང་ཨཱ་དྱ་ཏ་ནཱི་དག་ལ་ཞེས་པ་ཅི་ཞེ་ན།
เล่ม ๑๙๕ · หน้า 212a
ཨཱ་དྱ་ཏེ། པ་རོ྅ཀྵ་ལ་ཡང་ནའོ། །ཨཱ་དིའི་པ་རོ྅ཀྵ་ལ་གྷསླི་ཡང་ན་བསྒྱུར་བར་འགྱུར་རོ། །ཇ་གྷཱ་ས། ཛཀྵ་ཏུཿ། ཛཀྵུ། ཨད་ཟ་བ། ཨཊ་ཨ་ཏུས྄་ཨུ་སའོ། །གྷསླྀ་རུ་བསྒྱུར། གཉིས་བརྗོད་དོ། །ཨ་བྷྱཱ་སའི་བྱ་བའོ། །ཨཏ་ལ་ཨའི་
ཨུ་པ་དྷཱ་ཞེས་པས་རིང་པོའོ། །གཞན་ལ་གམ྄་ཏན་ཞེས་པས་ཨུ་པ་དྷཱ་དབྱིའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་ཞེས་པས་གྷའི་ཀའོ། །ཤ་སི་པ་སི་ཞེས་པས་ཥའོ། །ཕྱོགས་གཅིག་ལ། ཨཱ་ད། ཨཱ་ད་ཏུཿ། ཨཱ་དུཿ། གཉིས་བརྗོད་དོ། །དང་པོའི་ཐམས་
ཅད་དུ་ཞེས་པས་རིང་པོའོ། །པ་རོ྅ཀྵ་ལ་ཞེས་པ་ཅི་ཞེ་ན། ཨཏྟི། བེ་ཉའི་འང་བ་ཡིའོ། །བེཉ་སྣལ་མའི་རྒྱུད་ལའོ་ཞེས་པ་འདིའི་བ་རོ྅ཀྵཱ་ལ་བ་ཡི་རུ་བསྒྱུར་བར་ཡང་ན་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཨུ་བཱ་ཡ། །ཨཱུ་ཡ་ཏུཿ། ཨཱུ་ཡུཿ། བེཉ་སྣལ་མའི་རྒྱུད་ལའོ། །
ཨཊ་དང་ཨ་ཏུས྄་དང་ཨུས྄འོ། །བ་ཡི་རུ་བསྒྱུར་རོ། །ཡོན་ཏན་མེད་པ་ན་གྲ་ཧི་ཛྱཱ་བ་ཡི་ཞེས་པས་སཾ་པྲ་སཱ་ར་ཎའོ། །གཉིས་བརྗོད། ཨཊ་ལ་གཉིས་ཀ་རྣམས་ཀྱི་ཨ་བྷྱ་སའི་པ་རོ྅ཀྵ་ལ་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཕྱོགས་གཅིག་ལ། བ་བཽ། བ་བ་ཏུཿ། བ་བུཿ། ཨ་
ཡིག་ལ་ཨཊ་ཨཽའོ། །མཚམས་སྦྱོར་གྱི་ཡི་གེ་ལའང་ངོ་ཞེས་པས་ཨཱ་དབྱིའོ། །ཡོན་ཏན་མེད་པ་ཉིད་ལ་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨ་དབྱིའོ་ཞེས་པ་འདིས་ཨ་དབྱིའོ། །བ་ཡ་ཏིའི་ཡ་ཡིག་གི་པ་རོཉཀྵ་ཡོན་ཏན་མེད་པ་ལ་བ་ཉིད་ཡང་ན་བཤད་པར་བྱ་སྟེ། ཨུ་བ་ཏུཿ། ཨཱུ་
བུཿ། ཨཱུ་ཡ་ཏུཿ། ཨཱུ་ཡུཿ། ཧནྟིའི་ཨཱ་ཤཱི་ཥ་ལ་བ་དྷིའོ། །ཧནྟིའི་ཨཱ་ཤཱི་ཥ་ཕ་རོལ་ལ་ཕ་རོལ་བ་དྷིར་བསྒྱུར་བར་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །བ་དྷྱཱ་ཏ། བ་དྷྱསྟམ྄། ཨཱ་ཤཱི་ཥ་ལ་ཞེས་པ་ཅི་ཞེ་ན། ཛ་གྷཱ་ན། ཨ་བྷྱཱ་ས་ལས་ཀྱང་ངོ་ཞེས་པས་གྷའོ། །
ཨཱ་དྱ་ཏ་ནཱི་ལ་ཡང་ངོ་། །ཧནྟིའི་ཨཱ་དྱ་ཏ་ནཱི་ཕ་རོལ་ལ་བ་དྷི་རུ་བསྒྱུར་འགྱུར་རོ། །ཨ་བ་དྷི་ཏ། ཨ་བ་དྷིཥྚམ྄། ཨ་བ་དྷིཥཿ། ཧན་འཚེ་བ་ལའོ། །དི་དང་ཏམ྄་དང་ཨན྄འོ། །འདིས་བ་དྷིའོ། །སི་ཙ་དང་ཨིཊའོ། །སི་ཙ་ལས་སོ་ཞེས་པས་གཅིག་ཉིད་ལ་ཨཱི་ཊའོ། །ཨིཊ་ལས་
เล่ม ๑๙๕ · หน้า 212b
ཀྱང་ཨིཊ་ལའོ་ཞེས་པས་སི་ཙ་དབྱིའོ། །སི་ཙ་ལ་ཨ་བྷྱི་ཏ་བིད་ཨཏ་རྣམས་ལས་ཞེས་པས་ཨན་ཨུསའོ། །ཨཱ་ཏྱ་ཏ་ནཱིའི་ཨཱདྨ་ནེའི་ཚིག་ལ་ཧ་ནའི་བ་དྷི་རུ་ཡང་ན་བཤད་པར་བྱ་སྟེ། ཨཱ་བ་དྷིཥྚ། ཨཱ་བ་དྷི་ཥཱ་ཏམ྄། ཨཱ་བ་དྷི་ཥ་ཏ། རུ་ཙ་སོགས་ལ་ས་ཧ་ནའི་སྔོན་དུ་ཨང྄འོ། །
ཨཱ་དྱ་ཏ་ནཱིའི་ཏ་དང་ཨཱ་ཏཱམ྄་དང་ཨནྟཾའོ། །ཧན྄འི་བ་དྷིའོ། །སི་ཙ་དང་ཨིཊའོ། །ཨ་ཡིག་མ་ཡིན་པ་ཨཱཏྨ་ནེ་ལའང་ངོ་ཞེས་པས་ན་དབྱིའོ། །ཕྱོགས་གཅིག་ལ། ཨཱ་ཧ་ཏ། ཨཱ་ཧ་སཱ་ཏཱཾ། ཨཱ་ཧ་ས་ཏ། འདོད་པའི་དབང་གིས་ན་དབྱིའོ། །དྷཱུཊ་ཕ་རོལ་ལ་ཐུང་ངུ་ལས་
ཀྱང་ཨིཊ་མེད་ཅེས་པས་སི་ཙ་དབྱིའོ། །ཨིཎའི་གཱའོ། །ཨི་ཎའི་ཨཱ་ཏྱ་ཏ་ནཱི་ལ་གཱ་རུ་བསྒྱུར་རོ། །ཨ་གཱཏ྄། ཨ་གཱ་ཏཱམ྄། ཨ་གུཿ། ཨིཎ་འགྲོ། དི་དང་ཏཱམ྄་དང་ཨ་ཎའོ། །ག་རུ་བསྒྱུར་རོ། །སི་ཙའོ། །ཨི་ཎ་སྠཱ་དཱ་བི་ཞེས་པས་སི་ཙ་འཇིག་གོ། །སི་ཙ་
ཨ་བྷྱསྟ་བིད་ཅེས་པས་ཨུ་ཙའོ། །ཨཱ་ཡིག་གི་དབུས་ལ་ཞེས་པས་ཨཱ་དབྱིའོ། །ཨཱ་དྱ་ཏ་ནཱི་ལ་ཞེས་པ་ཅི་ཞེ་ན། ཨེ་ཏི། ཨི་ཀའི་འང་ཨཱ་དྱཏ་ནཱི་ལ་གཱ་རུ་བསྒྱུར་བ་བཤད་པར་བྱ་སྟེ། ཨ་དྷྱ་གཱ་ཏ། ཨ་དྷྱ་གཱ་ཏཱ་མ། ཨ་དྷྱ་གུཿ། ཨི་ཀ་དྲན་པ་ལའོ། །ཨ་དྷི་སྔོན་
དུའོ། །གཞན་སྔ་མ་བཞིན་ནོ། །ཨིཎ་སྠཱ་དཱ་ཞེས་པ་འདིས་ཨིཀ་ཡང་བཤད་དོ། །དེ་ནས་སིཙ་འཇིག་གོ། །ཨིངའི་པ་རོ྅ཀྵ་ལའོ། །ཨིང་ཀློག་པ་ཞེས་པ་འདི་པ་རོ྅ཀྵ་ལ་གཱ་རུ་བསྒྱུར་བར་འགྱུར་རོ། །ཨ་དྷི་ཛ་གེ། ཨ་དྷི་ཛ་ག་ཏེ། ཨ་དྷི་ཛ་གི་རེ། ཨིང྄ཀློག་
པ་ལའོ། །ཨ་དྷི་སྔོན་དུའོ། །གཱ་རུ་བསྒྱུར། གཉིས་བརྗོད། བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨཱ་དབྱིའོ་ཞེས་པས་ཨ་དབྱིའོ། །འོ་ན་གཉིས་བརྗོད་པའི་རྒྱུ་མཚན་དབྱངས་ལ་ཞེས་པའི་ཚིག་ལས་གཉིས་བརྗོད་པ་ལ་སྔ་མའི་གཱ་རུ་བསྒྱུར་བར་ནི་མི་འགྱུར་རོ་ཞེ་ན། བདེན་ཏེ་
དབྱངས་ཀྱི་སྒྲུབ་པ་ཡོངས་སུ་བཤད་པ་ལ་བྱ་བ་སྨོས་པས་འགའ་ཞིག་ཏུ་སྔ་མའི་དབྱངས་སྒྲུབ་པར་བྱེད་དོ་ཞེས་པ་འདིར་མཐའི་ཨིཊ་བྱས་པ་ལ་གཉིས་བརྗོད་པ་སྔ་མའི་ཡོན་ཏན་གྲུབ་བོ། །ཨིངའི་ཨཱ་དྱ་ཏ་ནཱི་དང་། བྱ་བ་ཤོར་བ་དག་ལ་གི་རུ་བསྒྱུར་བ་ཡང་ན་བཤད་པར་བྱ་སྟེ། ཨ་དྷྱ་གཱིཥྚ།
เล่ม ๑๙๕ · หน้า 213a
ཨ་དྷྱཱ་གཱི་ཥྱཏ། ཨིང་ཀློག །ཨ་དྷི་སྔོན་དུའོ། །ཨཱ་དྱ་ཏ་ནཱའི་ཨཱདྨ་ནེའི་ཏིང་དང་བྱ་བ་ཤོར་བའི་ཨདྨ་ནེའི་སྱ་ཏའོ། །གཱི་རུ་བསྒྱུར་སི་ཙའོ། །ཕྱོགས་གཅིག་ལ། ཨ་དྷྱཻཥྚ། ཨ་དྷྱཻཥྱཏ། དབྱངས་དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ་ཞེས་པས་
ཨཻ་ཡིག་གོ། །སན་ལ་ཨིཎ་ཨིང་དག་གི་ག་མིའོ། །ཨིཎ་དང་ཨིང་དག་གི་སན་ཕ་རོལ་ལ་ག་མི་རུ་བསྒྱུར་རོ། །ཨི་ཡིག་བརྗོད་པའི་དོན་ཏོ། །ཛི་ག་མི་ཥ་ཏེ། ཨིཎ་ལས་འགྲོ་བར་འདོད་ལ་སན྄འོ། །ག་མི་རུ་བསྒྱུར་རོ། །གམ྄་ལས་ས་ལ་པ་རསྨཻ་ལ་ཞེས་པས་ཨིཊའོ། །
ཨིང་ལས་ཀྱང་ངེས་པར་སྟེ། ཨ་དྷི་ཛི་གཱཾ་ས་ཏེ། ཨིང་ལ་ཨ་དྷི་སྔོན་དུའོ། །ཧན་དང་ཡི་ངའི་གཾ་དག་གི་ཨུ་པ་དྷཱའི་ཞེས་པས་རིང་པོའོ། །སན་ལ་ཞེས་པ་ཅི་ཞེ་ན། ཨེ་ཏི། ཨ་དྷི་ཏེ། རྟོགས་པའི་དོན་ལ་ཨི་ཎ་ག་མི་རུ་མི་འདོད་དོ། །ཨརྠཱ་ན་པྲ་ཏཱི་ཥི་ཥ་ཏི། ཨིཎའོ། །
པྲ་ཏི་སྔོན་དུའོ། །སནའོ། །དབྱངས་མཐའ་རྣམས་ཀྱི་སན་ལ་ཞེས་པས་རིང་པོའོ། །དབྱངས་དང་པོ་ལས་གཉིས་པའི་ཞེས་པས་སནའི་སྒྲ་གཉིས་བརྗོད་དོ། །སན་ལ་ཨའི་ཡི་གེའི་ཞེས་པས་ཨི་ཉིད་དོ། །རྟོགས་པ་མ་ཡིན་པའི་དོན་ལ་ཨིཎའི་ཨིན་ཕ་རོལ་ལ་ག་མི་རུ་བཤད་པར་
བྱ་སྟེ། ག་མ་ཡ་ཏི། འགྲོ་རུ་འཇུག་པ་ལ་ཨིན྄འོ། །བཤད་པ་ལས་ག་མིའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །མ་རྗེས་སུ་འབྲེལ་བ་རྣམས་ཀྱི་ཐུང་ངུའོ། །རྟོགས་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཨརྠཱ་ན་པྲ་ཏྱཱ་ཡ་ཡ་ཏེ། རྟོགས་སུ་འཇུག་གོ་ལ་ཨིནའོ། །འཕེལ་
བའོ། །ཨ་སྟིའི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་བྷཱུའོ། །ཨས་ཡོད་པ་ལའོ་ཞེས་པ་འདིའི་བྱིངས་ཐམས་ཅད་པ་མ་ཡིན་པའི་ཡུལ་ལ་བྷཱུ་རུ་བསྒྱུར་རོ། །བྷ་བི་ཏཱ། བྷ་བི་ཥྱ་ཏི། བྷཱ་རུ་བསྒྱུར་བ་བྱས་ནས་ཏ་དང་སྱ་ཏིའོ། །བྷཱུ་ཡཱཏ། བ་བྷཱུ་བ། བྷ་བ་ཏིའི་ཨའོ། །བྷཱུའི་
མཐའ་བའོ། །བྱིངས་ཐམས་ཅད་པ་མིན་པ་ཞེས་པ་ཅི་ཞེ་ན། ཨ་སྟི། སྱཱཏ། ཨསྟུ། ཨཱ་སཱིཏ། ཏི་དང་ཡཱཏ་དང་ཏུ་དང་དིའོ། །སཔྟ་མཱི་ལ་ཨ་སྟིའི་དང་པོའིའོ་ཞེས་པས་ཨ་དབྱིའོ། །ཨསྟི་ལས་དི་སི་དག་ལ་ཞེས་པས་ཨཱི་ཊའོ། །ཨ་སྟིའི་ཞེས་པས་ཨ་ཡིག་གི་ཨཱ་
เล่ม ๑๙๕ · หน้า 213b
ཡིག་གོ། །བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཞེས་པ་ལ་གལ་ཏེ་སཔྟ་མི་འགྱུར་བ་དེའི་ཚེ། རྀའི་ཡི་གེ་དང་གསལ་བྱེད་མཐའ་ལས་ཀྱང་གྷྱཎ་གྱུར་པ་ལ་བྷཱུ་རུ་བསྒྱུར་བ། བྷཱ་བྱཾ་ཞེས་པ་འདི་ལྟ་བུར་གྱུར་པ་སཔྟ་མཱིའི་ཡུལ་ལ་ནི་སྔ་མ་སོགས་དེ་ལས་དབྱངས་མཐའ་ཉིད་ལས་དབྱངས་ལ་ཡའོ་
ཞེས་པས་ཡའི་རྐྱེན་ལ་བྷ་བྱཾ་ཞེས་པས་གྲུབ་པའོ། །ཅི་སྟེ་བྷ་བྱཾ་ཞེས་པ་འདི་མི་འགྱུར་བ་ཅི་ཞེ་ན། གང་གི་ཚེ་ཨུ་ཡིག་ལས་ངེས་པ་ཅན་ལའོ་ཞེས་པས་གྷྱན་བྱ་བའོ། །བྲཱུའི་བཙིའོ། །བྲུཉ་གསལ་བར་སྨྲ་བ་ལའོ་ཞེས་པ་འདི་བྱིངས་ཐམས་ཅད་པ་མ་ཡིན་པའི་ཡུལ་ལ་བ་ཙི་རུ་བསྒྱུར་
བར་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །བཀྟ། བཀྵྱ་ཏི། ཨ་བཀྵྱཏ། བྲཱུའི་བཙའོ། །ཏཱ་དང་སྱ་ཏི་དང་སྱཏའོ། །ཙ་སྡེའི་ཀིའོ། །ཨུ་ཙྱཱ་ཏེ། སྭ་པི་བཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཨུ་བཱ་ཙ་པ་རོ྅ཀྵ་གཉིས་ཀ་རྣམས་ཀྱི་ཨ་བྷཱ་སའི་ཞེས་པས་སཾ་པྲ་
སཱ་ར་ཎའོ། །བྱིངས་ཐམས་ཅད་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། བྲ་བཱི་ཏི། བྲུ་ཡཱཏ། བྲ་བཱི་ཏུཿ། ཨ་བྲ་བཱིཏ། བྲུ་ལས་ངག་དང་པོར་ཨཱིཊའོ་ཞེས་པས་ཡོན་ཏན་ཅན་ལ་ཨཱིཊའོ། །འདིར་ཡང་གང་གི་ཚེ་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་རྣམ་པར་བཤད་པ་དེའི་ཚེ་བྲུཉ་
དབྱངས་མཐའི་ཉིད་ལས་ཡའི་རྐྱེན་བྱས་པ་ན། བརྩི་རུ་བསྒྱུར་བས་བ་ཙམ་ཞེས་པས་འགྱུར་བ་དང་། དངོས་པོའི་ཡུལ་ལ་རྣམ་པར་བཤད་བཞིན་པ་ལ་ནི་བཙི་རུ་བསྒྱུར་བ་དང་པོ་བྱས་པ་ལ་གསལ་བྱེད་ཀྱི་མཐའ་ཉིད་ལས་གྷྱན་བྱས་པར་གྱུར་པ་ན་བཱཙྱམ྄་ཞེས་པ་གྲུབ་བོ། །ཙཀྵིདྲའི་
ཁྱཱིཉའོ། །ཙཀྵིངའི་བྱིངས་ཐམས་ཅད་པ་མ་ཡིན་པའི་ཡུལ་ལ་ཁྱཱཉ་ར་བསྒྱུར་རོ། །ཨཱ་ཁྱཱཏཱ། ཨཱ་ཁྱཱ་སྱ་ཏི། ཨཱ་ཁྱཱ་སྱ་ཏ། བྱིངས་ཐམས་ཅད་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཨཱ་ཙཥྚེ། ཙཀྵིངའི་སྔོན་དུ་ཨངའོ། །བརྩེགས་པའི་དང་པོ་ས་ཀ་དག་གི་མཐའ་ལ་ཡང་
ཞེས་པས་ཀ་དབྱིའོ། །གང་གི་ཚེ་བྱིངས་ཐམས་ཅད་པ་མ་ཡིན་པ་ཕ་རོལ་ལ་ཞེས་འགྱུར་བ་དེའི་ཚེ། ཙེཀྵི་ངའི་ཨཱདྨ་ནེའི་ཚིག་བྱས་པ་ཉིད་ལས་ཁྱཱཉའི་འབྲེལ་པ་ཅན་གཉིས་ཀའི་ཚིག་གི་དོན་གྱི་བྱེད་པ་ཡིན་ན་དོར་བའི་དོན་ལ། ཙཀྵིང྄འི་བསྒྱུར་བ་མི་འདོད་དེ། སཾ་ཙཀྵྱཿ། ཁ་ལཱཿ།
เล่ม ๑๙๕ · หน้า 214a
དོར་བར་བྱའོ་ཞེས་པའི་དོན་ཏོ། །རྀ་ཡིག་དང་གསལ་བྱེད་མཐའ་ལས་གྷྱ་ཎའོ། །ཡུའི་རྐྱེན་ལ་ཡང་། བི་ཙཀྵ་ཎཱཿ། རུཙ་སོགས་ལས་ཀྱང་གསལ་བྱེད་དང་པོ་ལས་སོ་ཞེས་པས་ཡུའོ། །ཡུ་བུ་ཛྷ་ཞེས་པས་ཨན་དུ་བསྒྱུར་བའོ། །ཙཀྵིངའི་རུ་ཙ་སོགས་
ཉིད་ཀྱི་ཕྱིར་ཨཱདྨ་ནེའི་ཚིག་གྲུབ་པ་ལ་ང་རྗེས་སུ་འབྲེལ་པ་བྱེད་པ་ནི་རུཙ་སོགས་ཀྱི་རྒྱུ་མཚན་གྱི་ཨཱདྨ་ནེའི་ཚིགས་ཁ་ཅིག་ཏུ་མི་རྟག་པའི་དོན་དུའོ། །དེ་ནས་ས་ཧ་སྟེ་ཞེས་སོགས་མ་ཡིན་པར་གྲུབ་བོ། །པ་རོ྅ཀྵ་ལ་ཡང་ནའོ། །ཙཀྵིངའི་པ་རོ྅ཀྵའི་ཡུལ་ལ་ཁྱཱཉ་རུ་བསྒྱུར་བར་ཡང་ན་འགྱུར་རོ། །
རྟག་ཏུ་ཐོབ་པ་ལ་ཡང་ནའི་སྒྲའོ། །ཨཱ་ཙ་ཁྱེ། ཨཱ་ཙ་ཁྱཱ་ཏེ། ཨཱ་ཙ་ཁྱི་རེ། བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨཱ་དབྱིའོ་ཞེས་པས་ཨཱ་དབྱིའོ། །ཕྱོགས་གཅིག་ལ། ཨཱ་ཙ་ཙཀྵེ། ཨཱ་ཙ་ཙཀྵཱ་ཏེ། ཨཱ་ཙ་ཙཀྵི་རེ། ཨ་ཛིའི་བིའིའོ། །ཁྱད་པར་བསྟན་པ་ནི་དཀྱུས་ལ་འགོག་པར་
བྱེད་པ་མ་ཡིན་ནོ་ཞེས་པས་བྱིངས་ཐམས་ཅད་པ་མ་ཡིན་པ་ཞེས་རྗེས་སུ་འཇུག་གོ། །པ་རོ྅ཀྵ་གཟུང་བ་ནི་མ་ཡིན་ལ། ཡང་ན་ཞེས་པའང་ལྡོག་གོ། །ཨཛ་འགྲོ་བ་དང་འཕེན་པ་དག་ལའོ་ཞེས་པ་འདི་བྱིངས་ཐམས་ཅད་པ་མ་ཡིན་པའི་ཡུལ་ལ་བཱི་རུ་བསྒྱུར་བར་འགྱུར་རོ། །བེ་ཏཱ། བེ་ཤྱ་ཏི། ཨེ་བེ་
ཥྱ་ཏ། བྱིངས་ཐམས་ཅད་པ་མིན་པ་ཞེས་པ་ཅི་ཞེ་ན། ཨ་ཛ་ཏི། གང་གི་ཚེ་འདིར་བདུན་པ་ཕ་རོལ་དུ་གྱུར་པ་དེའི་ཚེ་ནི་གསལ་བྱེད་ཀྱི་མཐའ་ཉིད་ལས་ཨ་ཛི་ལས་གྷྱཎ་ཕ་རོལ་ལ་བཱི་རུ་བསྒྱུར་བ་ལ། བཻ་ཡམ྄། ཞེས་པར་འགྱུར། བདུན་པའི་ཡུལ་ལ་བསྒྱུར་བ་བྱས་པ་ན་དབྱངས་མཐའ་ཉིད་ལས་
ཡའི་རྐྱེན་གྱུར་པ་བེ་ཡམ྄་ཞེས་པས་གྲུབ་བོ། །གྷཉ་དང་ཨལ་དང་ཀྱ་པ་ལ་མི་འདོད་དེ། ས་མཱ་ཛཿ། ས་མ་ཛཿ། ས་མ་ཛྱཿ། ཨ་ཛིའི་སྔོན་དུ་ས་མའོ། །དངོས་པོ་ལ་གྷཉ་དང་བཤད་པ་ལས་ཨལ་དང་ས་མ་ཛ་ཨཱ་ས་ནི་ཥཏ་ཅེས་པས་ཀྱ་བའོ། །ཡུཊ་ལ་ཡང་ན་འདོད་དེ། པྲཱ་ཛ་ནཿ། པྲ་བ་ཡ་ཎཿ། བྱེད་
བ་དང་གཞི་དག་ལའང་ངོ་ཞེས་པས་ཡུཊའོ། །ཕྱོགས་གཅིག་ལ་བཱི་རུ་བསྒྱུར་བ་དང་ཡོན་ཏན་ནོ། །ཨད་སོགས་ལས་བི་ཀ་ར་ཎ་འཇིག་གོ། །ཨད་ཟ་བ་ལའོ་ཞེས་པ་འདི་ལྟ་བུ་ལ་སོགས་པའི་ཚོགས་ལས་བི་ཀ་ར་ཎའི་འཇིག་པར་འགྱུར་རོ། །ཛུ་ཧོ་ཏི། བིནྷེ་ཏེ། ཨཏྟི། ཧནྟེ་དྭེཥྚེ། བི་ཀ་ར་ཎའི་ཞེས་པ་ཅི་ཞེ་ན།
เล่ม ๑๙๕ · หน้า 214b
ཨཱདྱཏེ། ཇུ་ཧེ་ཏི་སོགས་ལས་ཀྱང་ངོ་། །ཧུ་སྦྱིན་པ་དང་ལེན་པ་དག་ལའོ་ཞེས་པ་འདི་ལྟ་བུ་ལ་སོགས་པའི་ཚོགས་ལས་བི་ཀ་ར་ཎ་འཇིག་པར་འགྱུར་རོ། །ཛུ་ཧོ་ཏི། བི་བྷེ་ཏི། ཛི་ཧྲེ་ཏེ། ཧུ་སྦྱིན། ཉིབྷི་འཇིགས་པ། ཧྲི་ངོ་ཚ་བ། བི་ཀ་ར་ཎའི་ཞེས་པ་ཅི་ཞེ་ན། ཧུ་ཡ་ཏེ། ནཱ་མིའི་མཐའ་རྣམས་ཀྱི་ཡ་ཎ་ཨ་ཡི་
ཞེས་པས་རིང་པོའོ། །ཙེ་ཀྲཱི་ཡི་ཏའི་ཡང་ནའོ། །ཙེ་ཀྲཱི་ཡི་ཏའི་ཡང་ན་འཇིག་པར་འགྱུར་རོ། །བོ་བྷ་བཱི་ཏི། རཱ་ར་ཏྲི་ཏི། བྷཱུ་ཡོད་པ་ལའོ། །རཊ་ཡོངས་སུ་བཤད་པ་ལའོ། །ཤིན་ཏུ་ཡོད་དོ་ཤིན་དུ་བཤད་དོ་ལ་ཡ་སྒྲའོ། །དེ་འཇིག་གོ། །གཉིས་བརྗོད་དོ། །ཙ་ར་ཀ་རཱི་ཞེས་པ་རསྨཻའི་ཚིག་ཏིའོ། །ཨ་ནའོ། །
ཨད་སོགས་ལས་འཇིག་གོ། །བཤད་པ་ལ་ཨཱིཊའོ། །ཕྱོགས་གཅིག་ལ། བོ་བྷུ་ཡ་ཏེ། རཱ་ར་ཊྱ་ཏེ། ཨིཎ་སྠཱ་དཱ་པི་བ་ཏི་བྷཱུ་རྣམས་ལས་སི་ཙའི་པ་རསྨཻ་ལའོ། །ཨིཎ་འགྲོ་བ་ལའོ། །ཥྛཱ་འགྲོ་བ་མི་འཇུག་པ་ལའོ། །དཱ་ཞེས་པ་དའི་མིང་ཅན་རྣམས་སོ། །པཱ་འཐུང་བ་ལའོ། །བྷཱུ་ཡོད་པ་ལའོ། །འདི་
རྣམས་ཀྱི་ཕ་རོལ་གྱི་སི་ཙ་རསྨཻའི་ཚིག་ཕ་རོལ་ལ་འཇིག་པར་འགྱུར་རོ། །ཨ་གཱཏ། ཨ་སྠཱཏ། ཨ་པཱཏ། ཨ་བྷཱཏ། ཨ་བྷཱུཏ། ཨིཎའི་གཱའོ་ཞེས་པས་གཱའོ། །སི་ཙ་འཇིག་གོ། །པ་རསྨཻའི་ཚིག་ལ་ཞེས་པ་ཅི་ཞེ་ན། བྱ་ཏི་ཨ་བྷ་བིཥྚ། བྷཱུའི་སྔོན་དུ་བྱ་ཏིའོ། །ཨཱདྱ་ཏ་ནཱིའི་ཨཱདྨ་ནེའི་ཚིག་ཏའོ། །སི་ཙ་དང་ཨི་ཊའོ། །
གྷྲཱ་དང་ཤཱ་དང་ཙྪ་དང་ཥྚ་དྷེཊ་རྣམས་ཀྱི་ཕ་རོལ་གྱི་སི་ཙ་པ་རསྨཻའི་ཚིག་ཕ་རོལ་ལ་ཡང་ན་འཇིག་པར་བཤད་པར་བྱ་སྟེ། ཨ་གྷྲཱ་ཏྲ། ཨ་ཤཱཏ། ཨ་ཨཱ་ཤཏ། ཨཙྪཱ་ཏ། ཨ་དྷཱ་ཏ྄། གྷཱ་དྲི་ལེན་པ་ལའོ། །ཤོ་ཕྲ་མོར་བྱེད་པ་ལའོ། །ཙྪོ་གཅོད་པ་ལའོ། །ཥོ་མཐའི་ལས། དྷེ་ཊ་འཐུང་བ་ལའོ། །
སི་ཙའོ། །བཤད་པ་ལས་འཇིག་གོ། །ཕྱོགས་གཅིག་ལ། ཨ་གྷྲ་སཱིཏ྄། ཨ་ཤ་སཱིཏ྄། ཨཙྪཱ་སཱིཏ྄། ཨ་སཱ་སཱིཏ྄། ཨ་དྷཱ་སཱི་ཏ྄། སིཙའོ། ཡ་མི་ར་མི་ནཱ་མི་ཨཱཏ་མཐའ་རྣམས་ཀྱིས་ཞེས་པས་ཨིཊ་དང་ཨིཏའི་སྔོན་དུ་ས་ཡིག་ཨཱ་ག་མ་འང་ངོ་། །སི་ཙ་ལས་སོ་ཞེས་པས་ཨཱིཊའོ། །
ཨིཊ་ལས་ཀྱང་ཨཱི་ཊའོ་ཞེས་པས་སི་ཙ་དབྱིའོ། །མཚུངས་པའི་རིང་པོའོ། །པ་རསྨཻའི་ཚིག་ལ་ཞེས་པ་ཅི་ཞེ་ན། ཨ་གྷྲཱ་སཱ་ཏཱམ྄། པུཥྤེ་དེ་བ་དཏྟེན། ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་མ་ཕན་པར་ཀུན་བཤད་པའི་སྐབས་ཀྱི་རྐང་པ་བཞི་པ་རྫོགས་སོ།། །།
เล่ม ๑๙๕ · หน้า 215a
ནཱ་མི་མཐའི་བྱིངས་དང་བིཀ་ར་ཎ་དག་གི་ཡོན་ཏན་ནོ། །ནཱ་མིའི་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་དུ་འགྱུར་རོ། །གནས་གཞན་ཡོངས་སུ་བཤད་པ་ལ་སྤྱི་བོའི་གནས་ཅན་རིའི་ཡི་གེའི་ཨར྄འོ། །རྐན་གྱི་གནས་ཅན་ཧི་ཡི་ཡི་གེའི་རྐན་བྱ་བ་ཨེ་ཡིག་དང་།
མཆུ་ལས་བྱུང་བ་ཨུའི་ཡི་གེ་ཨོ་ཡིག་གོ། །ཀར་ཏི། ཏར་ཏི། ཙེ་ཏཱ། ནེ་ཏཱ། སྟོ་ཏཱ། ལ་བི་ཏཱ། ཀྲཱྀ་ཉ་བྱེད་པ་ལའོ། །ཏྲཱྀ་རྐྱལ་བ་ལའོ། །ཙིཉ་སོགས་པ་ལའོ། །ཎཱི་ཉ་ཐོབ་པ་ལའོ། །ཥྚུཉ་བསྟོད་པ་ལའོ། །ལཱུཉ་གཅོད་པ་ལའོ། །བི་ཀ་ར་ཎའི། སུ་ནོ་ཏི། ནཱ་མི་མཐའ་ཞེས་པ་ཅི་ཞེ་ན། ཨུ་མྦྷི་ཏ།
ཨུནྦྷ་རྫོགས་པ་ལའོ། །འདིར་མཆུ་ལས་བྱུང་བའི་ཨུ་ཡིག་མཆུ་ལས་བྱུང་བའི་ཨོ་ཡིག་གི་ཡོན་ཏན་ཐོབ་པ་ལའོ། །བྱིངས་དང་བི་ཀ་ར་ཎ་དག་གི་ཞེས་པ་ཅི་ཞེ་ན། ཀརྟྲྀ་བྷིཿཕལ་པ་དང་གཙོ་བོ་དག་གི་གཙོ་བོ་ལ་བྱ་བ་ཡང་དག་པར་རྟོགས་པར་བྱའོ། །ཞེས་པས་ཕལ་བའི་བྱིངས་སུ་མི་འགྱུར་རོ། །
ནཱིབྷྱཱཾ། ལཱུབྷྱཱཾ། འདྲེན་པར་བྱེད་དོ་གཅོད་པར་བྱེད་དོ་ཞེས་ནཱི་དང་ལཱུ་ལ་ཀྭི་པའོ། །ནཱི་དང་ལཱུའི་སྒྲ་འདི་དག་གཙོ་བོར་ཡོད་པ་མ་ཡིན་པའི་བྱིངས་ཉིད་དེ་ཀྭི་པའི་མཐའ་བྱིངས་ཉིད་གཏོང་བ་མ་ཡིན་ཞིང་རྟགས་ཉིད་དུའང་རྟོགས་པར་བྱ་བའོ་ཞེས་པས་འདིའི་དགག་པའི་བྱ་བ་བརྗོད་པ་ཉིད་མེད་པའི་ཕྱིར་རོ། །
གླཱ་ཡ་ཏི། ཞེས་པས་འདིར་ཨེ་ཡིག་ཡོན་ཏན་དུ་མི་འགྱུར་ཏེ། གལ་ཏེ་འགྱུར་ན་ཨེ་ཡིག་ཀླག་པར་བྱས་པས་ཅིར་འགྱུར། ཨུ་པ་དྷཱ་ནཱི་མིའི་འང་ཡང་བའིའོ། །བྱིངས་སྨོས་པ་རྗེས་སུ་འཇུག་ཅིང་བི་ཀ་ར་ཎ་སྨོས་པ་ནི་མ་ཡིན་ཏེ། དེའི་ཨུ་པ་དྷཱ་མི་སྲིད་པའི་ཕྱིར་རོ། །བྱིངས་གང་ཨུ་པ་དྷཱ་ནཱ་མི་ཡོད་པ་ཅན་ཡང་
བར་གྱུར་པ་དེའི་ཡོན་ཏན་དུ་འགྱུར་རོ། །བེ་ཏི་ཏཱ། མོཥི་ཏཱ། བརྟིཏཱ། བིད་ཤེས་པ་ལའོ། །མུཥ་རྐུ་བ་ལའོ། །བྲྀ་ཏུ་འཇུག་པ་ལའོ། །དོགྷྷཱ། དེཥྚ། དུཧ་འཇོག །དཱིཥ་མི་དགའ་བ་ལའོ། །ད་དང་པོའི་གྷའོ་ཞེས་པས་ཧའི་དྷའོ། །གྷ་ཌྷ་དྷ་བྷ་ཞེས་པས་ཏའི་དྷའོ། །དྷུཏ་རྣམས་ཀྱི་གསུམ་པ་ཞེས་པས་
གྷའི་གའོ། །ཨུ་པ་དྷཱ་ཞེས་པ་ཅི་ཞེ་ན། བྷི་ནཏྟི་བྷི་དིར། རྣམ་པར་འཇོམས་པ་ལའོ། །རུ་དྷ་སོགས་ཀྱི་དབྱངས་ལས་ན་སྒྲའོ། །ཡང་བ་ཞེས་པ་ཅི་ཞེ་ན། ཨུཧ་ཏེ། ཨཱིཧ་ཏེ། ཨིན་ལས་ཙཎ་ཕ་རོལ་ལ་རྀའི་ཡི་གེ་ཨུ་པ་དྷཱ་ར་གྱུར་པའི་རྀ་ཡིག་ཏུ་ཡང་ན་བཤད་པར་བྱ་སྟེ། ཨ་བཱི་བྲི་དྷ་ཏ྄། ཨ་བཱི་བརྡྷཏ།
เล่ม ๑๙๕ · หน้า 215b
བྲྀདྷུ་འཕེལ་བ་ལའོ། །འཕེལ་དུ་འཇུག་གོ་ལ་ཨིནའོ། །དིའོ། །ཤི་དྲུ་སྲུ་ཀ་མི་ཞེས་པས་ཙནའོ། །ཕྱོགས་གཅིག་ལ་རྀ་ཡིག་རྀ་ཡིག་གོ། །ཕྱོགས་གཅིག་ལ་ཡོན་ཏན་དུ་འགྱུར་རོ། །ཀ་རི་ཏ་དབྱེའོ། །གཉིས་བརྗོད། མཐུངས་པའི་མ་ཕྱིས་པ་ཞེས་པས་ཨི་ཉིད་དོ། །ཡང་བའི་རིང་པོའོ། །ཨ་ཙཱི་ཀྲྀ་ཏཏ།
ཨཙཀཱིརྟཏ། ཀྲྀཏ་ཡང་དག་པར་བསྔགས་པ་ལའོ། །ཙུར་སོགས་ལས་ཀྱང་ཞེས་པས་ཨིནའོ། །དིའོ། །ཙཎའོ། །རི་ཡིག་རྀ་ཡིག་གོ། །ཕྱོགས་གཅིག་ལ་ཀི་རྟེན་དང་ཡིཥ་དག་གི་ཀྟི་ཡང་ངོ་། །ཞེས་པའི་ཤེས་པར་བྱེད་པ་ལས་ཨིརའོ། །ནཱ་མིའི་ར་བ་དག་གི་ཞེས་པས་རིང་པོའོ། །ཀཱ་རི་ཏ་དབྱིའོ། །
གཉིས་བརྗོད་དོ། །བི་ཀ་ར་ཎ་ལ་ཨན་ཉིད་ལའོ། །མདོ་སྔ་མ་གཉིས་ཀྱི་ཤིན་ཏུ་བཞག་པའི་ཡོན་ཏན་བི་ཀ་ར་ཎ་ཐམས་ཅད་ལ་འགྱུར་རོ་ཞེས་པ་འགོག་པའོ། །བྱིངས་ཀྱི་ཡན་ཁོ་ནའི་བི་ཀ་ར་ཎ་ལ་ཡོན་ཏན་དུ་འགྱུར་རོ། །བྷབཏི། བྟབཏཿ བྷབནྟི། ཨན྄་ཉིད་ལ་ཞེས་པ་ཅི་ཞེ་ན། ནྲྀཏྱཏི། སུནོཏི། ཏྲྀཎོཏི།
ཀྲཱི་ཎཱ་ཏི། སུཥཱཎ། ནྲྀཏཱི་ལུས་ཀྱི་རྣམ་འགྱུར། ཥུཉ་དག་པ་ལའོ། །ཏྲྀ་ཎུ་ཟ་བ་ལའོ། །ཀྲཱྀཉ་རྫས་བརྗེ་བ་ལའོ། །པུཥ་རྒྱས་པ་ལའོ། །པུཥ་ལ་པཉྩ་མཱིའི་ཧིའོ། །དི་བ་སོགས་ལས་ཡནའོ། །སུ་སོགས་ལས་ནུའོ། །ཏན་སོགས་ལས་ཨུའོ། །ཀྲཱི་སོགས་ལས་ནཱའོ། །གསལ་བྱེད་མཐའ་ལས་ཧི་ལ་
ཨཱན་འོ་ཞེས་གྲངས་བཞིན་དུ་བི་ཀ་ར་ཎའོ། །ཨ་ཡིག་ལས་ཧནྟི་ཞེས་པས་ཧི་དབྱིའོ། །ཀ་རོ་ཏིའིའོ། །སྔ་མའི་ངེས་པར་ཨུ་ཡིག་བི་ཀར་ཎ་ལ་མི་འགྱུར་བར་བརྗོད་མོད་ཀ་རོ་ཏིའི་སྟེ། ཌུཀྲཉ་བྱེད་པ་ལའོ་ཞེས་པ་འདིའི་བི་ཀ་ར་ཎ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །ཀ་རོ་ཏི། ཀུ་རུ་ཏཿ ཀུརྦནྟི། ཏན་སོགས་ལས་
ཨུའོ། །འདིས་ཡོན་ཏན་ནོ། །ཨའི་ཨུ་ཡིག་གོ། །ཀ་རོ་ཏི་ཞེས་རྣམ་འགྱུར་ངེས་པར་བསྟན་པས་ཀྲྀཉ་འཚེ་བ་ལའོ་ཞེས་པས་ལྡོག་པའི་དོན་དུའོ། །ཀྲཱྀ་ཎོ་ཏི། མི་དིའིའོ། །ཉི་མི་དཱ་སྣུམ་པའོ་ཞེས་པ་འདི་བི་ཀ་ར་ཎ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །མི་དི་བྷུ་སོགས་ཅན་གྱི་ཡོན་ཏན་ཅན་དུ་གྲུབ་བོ་ཞེས་
བས་དེབ་སོགས་ཀྱིས་གཟུང་བར་བྱའོ། །མེདྱ་ཏི། དིབ་སོགས་ལས་ཡནའོ། །ཨ་བྷྱ་སྣ་རྣམས་ཀྱི་ཨུས་པའོ། །ཨ་བྷྱསྟ་རྣམས་དང་འབྲེལ་བའི་ཨུས་གང་ཡིན་པ་དེ་ཕ་རོལ་ལ་ནཱ་མིའི་ཡོན་ཏན་དུ་འགྱུར་རོ། །གཉིས་ཉིད་དང་མང་པོ་ཉིད་དག་གི་པ་ར་སྨཻ་ལའོ་ཞེས་པས་བཀག་པ་འགེགས་པའོ། །ཨུ་ཛུཧབུཿ
เล่ม ๑๙๕ · หน้า 216a
ཨ་བི་བྷ་ཡུཿ ཨཛཱགྟུཿ་ཧུ་སྦྱོན། ཉི་བྷཱི་འཇིག །ཛཱ་གྲཱྀ་གཉིད་སད་པ་ལའོ། །ཧྱསྟ་ནཱིའི་ཨན྄འོ། །ཨནྦི། ཛུ་ཧོ་ཏི་སོགས་ལས་ལས་འཇིག་གོ། །ཛུ་ཧོ་སྟི་སོགས་ལས་འཇིག་གཉིས་བརྗོད། སི་ཙ་ཨ་བྷྱ་སྟ་བིད་ཨཱཏ་རྣམས་ལས་བྷུ་མ་ཡིན་པའི་ཨན྄འི་ཨུསའོ་ཞེས་པས་ཨུསའོ། །
འདིས་ཡོན་ཏན་ནོ། །ཨ་བྷྱས་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཨ་བི་ཏུཿ་བིད་ཤེས་པ་ལའོ། །ཧྱསྟ་ནིའི་ཨན྄འོ། །ཙི་ཙྱུ། ཙིཉ་སོག་པ་ལའོ། །པ་རོ་ཀྵཱའི་ཨུསའོ། །སྔ་མ་བརྩེགས་པ་མིན་པའི་ཨིའི་ཡི་གེ་ཨ་སྟེ་ཞེས་པས་ཡའོ། །ཎ་རྗེས་སུ་འབྲེལ་པ་དང་ཙེ་ཀྲཱི་ཡིཏ་དག་ལ་མ་ཡིན་ནོ། །ནཱ་མི་མཐའི་
བྱིངས་དང་ཨུ་པ་དྷཱ་ནཱ་མིའིང་ཎ་རྗེས་སུ་འབྲེལ་པ་དང་ཙེ་ཀྲིའི་ཡི་ཏ་ལ་ཡོན་ཏན་དུ་མི་འགྱུར་རོ། །ནཱི་ཡ་ཏེ། ནུ་ཡ་ཏེ། བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །ཨ་སུཥཏ། ཨདྷུཏཏ྄། སུཥ་རྒྱས་པ་ལའོ། །དྷུ་དྷ་གསལ་བ་ལའོ། །སུཥ་སོགས་ཀྱི་མདོས་ཨཎའོ། །ཙེ་ཀྲཱི་ཡི་ཏ་ལ་ངེས་པར་ཡང་། ནེ་ནཱི་ཡ་ཏེ།
བོ་བྷུ་ཡ་ཏེ། པོསུཥྱ་ཏེ། ལེ་ལིཧྱ་ཏེ། ཤིན་ཏུ་རྒྱས་སོ་རོ་མྱང་ངོ་། །ཨ་བྷྱསྟའི་ཡང་ཨུ་པ་དྷཱ་ནཱ་མིའི་བྱིངས་ཐམས་ཅད་པ་ཡོན་ཏན་ཅན་ལ་དབྱངས་ལའོ། །མ་ཡིན་པ་ཞེས་པ་འཇུག་སྟེ། སྠཱ་དཱ་དག་གིའང་ཨ་ཏྱ་ཏ་ནཱི་ལ་ཞེས་པ་འདི་ལས་གོང་དུའོ། །ཨབྷྱསྟའི་མིང་ཅན་གྱི་ཨུ་བ་དྷཱ་ནཱ་མིང་ཅན་གྱི་
བྱིངས་ཀྱི་དབྱངས་དང་པོ་ལ་ཡོན་ཏན་ཅན་ཏེ་ཡོན་ཏན་དང་བཅས་པའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །ནེ་ནི་ཛཱ་ནི། ཨ་ནེ་ནི་ཛམ྄། བེ་བི་ཛཱ་ནི། ཨ་བེ་བི་ཛམ྄། བེ་བིཥཱ་ནི། ཨ་བེ་པིཥམ། ནི་ཛིར་དག་པ་ལའོ། །བི་ཛིར། ཐད་པའི་དངོས་པོ་ལའོ། །བཥླྀ་ཁྱབ་པ་ལའོ། །པཉྩ་མཱིའི་
ཨཱ་ནི་དང་། ཧྱསྟ་ནཱི་ཨམ྄འོ། །ཛུ་ཧོ་ཏི་སོགས་ཀྱིས་གཉིས་བརྗོད་དོ། །ནི་ཛི་བི་ཛི་བིཥ་རྣམས་ཀྱིས་བྱིངས་ཐམས་ཅད་པ་ལ་ཡོན་ཏན་ནོ་ཅེས་པས་ཨ་བྷྱཱ་སའི་ཡོན་ཏན་ནོ། །བྱིངས་ཐམས་ཅད་པ་ཞེས་པ་ཅི་ཞེ་ན། བེེ་དཱ་ནི། བིད་ཤེས་པ་ལའོ། །ཨུ་པ་དྷཱའི་ཞེས་པ་ཅི་ཞེ་ན། ཛུཧ་བཱ་ནཱི། ཧུ་སྦྱིན་པ་དབྱངས་ལ་ཞེས་པ་
ཅི་ཞེ་ན། ནེ་ནེཀྟི། ནི་ཛིར་དག་པ་ལའོ། །སྔ་མ་བཞིན་དུ་ཨ་བྷྱཱ་སའི་ཡོན་ཏན་བྱིངས་ཐམས་ཅད་པ་ཞེས་པ་ཅི་ཞེ་ན། ནི་ནེ་ཇ། ཨཊའོ། །འོ་ན་ནཱ་མིའི་ཡོན་ཏན་ཉིད་དུ་ཐོབ་བོ་ཞེས་པས་ནཱ་མི་སྨོས་པས་ཅི་བྱ་ཞེན་བརྗོད་པར་བྱ་སྟེ། ནཱ་མི་ཡང་དག་པར་གཟུང་ན་རྐྱེན་གྱི་ཡོན་ཏན་མེད་པར་བཤད་པ་ཇི་ལྟ་བ་བཞིན་དུ་འགྱུར་
เล่ม ๑๙๕ · หน้า 216b
གྱི་རྣམ་པ་གཞན་དུ་མི་འགྱུར་བའོ། །ཅིག་ཤོས་ལྟར་ན། ཛ་ཛ་ནཱ་ནི། ཞེས་པ་འདིར་ཨུ་བ་དྷཱ་དབྱི་བར་འགྱུར་རོ། །འདིས་ཨཱ་ནིའི་རྐྱེན་ཡོན་ཏན་ཉིད་ཀྱི་ཕྱིར་རོ་གལ་ཏེ་དེ་ལྟར་ན། ཛ་གྷྣུཿ ཞེས་པ་འདིར་ཡང་ཐབ་པ་མ་ཡིན་ནོ། །དེ་ལྟ་ན་འོ་ན་ཕྱི་མའི་དོན་དུ་ནཱ་མི་གཟུང་བ་སྟེ་ཨིཊ་མེད་
པའི་སན་ཡོན་ཏན་མེད་པ་དང་བཅས་པ་ཉིད་ལས་ན་མིའི་ཇི་ལྟ་བ་བཞིན་དུ་འགྱུར་བའོ། །གཞན་དུ་ན། བི་བྱཏྶ་ཏི་ཞེས་པ་འདིར་གྲ་ཧི་ཛྱཱ་བ་ཡི་ཞེས་པས་འདིར་བྱ་དྷའི་སཾ་པྲ་སཱ་ར་ཎ་རུ་འགྱུར་རོ། །འོ་ན་ཡོན་ཏན་བཀག་པ་ན་ཡོན་ཏན་ཅན་ཉིད་དོན་དང་བཅས་པའོ་ཞེས་པས་ཡོན་ཏན་བཟུང་བས་ཅི་བྱ་ཞེ་ན། སྨྲས་པ་ཨ་བྷྱསྟ་
རྣམས་ཀྱི་ཨུས྄་ལའོ་ཞེས་པ་འདིའི་ཡང་ཡོན་ཏན་འགག་པའི་དོན་ཡོན་ཏན་བཟུང་བའོ། །རྣམ་པ་གཞན་དུ་ན་ཇི་ལྟ་བ་ཉིད་དུ་གཉིས་ཉིད་དང་མང་པོ་ཉིད་དག་གི་འང་ངོ་ཞེས་པ་འདི་བཀག་པ་ལ་གནོད་པ་ཉིད་ཀྱི་ཡོན་ཏན་ཨ་བྷྱཱསྟ་རྣམས་ཀྱི་ཨུས་མ་འཇུག་པ་དེ་ལྟ་ཉིད་དུ། ཨབྷྱཱསྟའི་འང་ཨུ་བ་དྷཱའི་
ཞེས་འདི་ལའང་བཀག་པའི་ཡོན་ཏན་ལ་གནོད་པ་ཉིད་དོ། ཨ་ནེ་ནི་ཛུཿ ཞེས་པ་འདིར་འཇུག་གོ། །སན་ལའང་ཨིཌ་མེད་པ་ལའོ། །སན་གང་ལ་ཨིཊ་ཡོད་པ་མ་ཡིན་པ་ལ་ཞེས་ཚིག་རྣམ་པར་སྦྱར་རོ། །ཨུ་བ་དྷཱ་ནཱ་མིའི་སན་ཨིཊ་མེད་པ་ལ་ཡོན་ཏན་དུ་མི་འགྱུར་རོ། །བ་བྷིཏྶཏི། བུ་བྷུཏྶཏི། བྷི་དིར་
རྣམ་པར་འཇོམས་པའོ། །བུདྡྷ་རྟོགས་པ་ལའོ། །འཇོམས་པར་འདོད་དོ་རྟོགས་པར་འདོད་དོ་ལ་སན྄འོ། །ཏུ་དེ་ནུ་དེ་ཞེས་དང་རཱ་དྷི་རུ་དྷི་ཞེས་པས་ཨིཊ་མེད་དོ། །གཉིས་བརྗོད་དོ། །བྱིངས་ཀྱི་གསུམ་པ་དང་པོ་ཞེས་པས་པའི་བྷའོ། །ཛི་གྷྲྀཀྵ་ཏི། ཛུ་གུ་ཀྵཏི། གྲ་ཧ་ཉེ་བར་ལེན་པ་ལའོ། །གུ་ཧཱུ་ཡང་དག་པར་
སྒྲིབ་པ་ལའོ། །འཛིན་པར་འདོད་དོ་སྒྲིབ་པར་འདོད་དོ་ལ་སན྄འོ། །གྲ་ཧ་གུ་ཧ་དག་གི་སན་ལའོ་ཞེས་པས་ཨིཊ་མེད་དོ། །གྲ་ཧ་ལ་གྲ་ཧི་སྭ་སི་པྲཙྪ་རྣམས་ཀྱི་སན་ལའོ་ཞེས་པས་སམྤྲ་ས་ར་ཎའོ། །ཧའི་ཌྷའོ། །གསུམ་པ་དང་པོ་ཞེས་པས་གའི་གྷའོ། །ཥ་ཌྷ་དག་གིས་ལ་ཀའོ། །སན་ལ་ཞེས་པ་ཅི་ཞེ་ན། བྷེཏྟཱ། ཨིཊ་
མེད་པ་ཞེས་པ་ཅི་ཞེ་ན། ཙུཀོ་ཥི་ཥ་ཏེ། ཀུཥ་སྙིགས་མ་ལའོ། །ཨཱ་ག་མ་རྣམས་དེ་གཟུང་བས་མི་འཛིན་ནོ། །ཞེས་པས་ཨིཊ་དང་བཅས་པའི་ཡང་སན་ལ་བཀག་པར་འགྱུར་རོ། །ཨཏྱ་ཏ་ནཱི་ཨཱ་ཤིཥ་དག་ལའང་ཨཱདྨ་ནེ་ལའོ། །ཨིཊ་མེད་པ་ཞེས་པ་ཁོ་ནའོ། །ཨུ་པ་དྷཱ་ནཱ་མིའི་ཨིཊ་མེད་པའི་ཨ་ཏྱ་ཏ་ནཱི་དང་
เล่ม ๑๙๕ · หน้า 217a
ཨ་ཤཱི་ཥ་དག་གི་ཨཱདྨ་ནེ་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །ཨ་བྷིཏྟ། ཨཙྪི་ཏ། ཨ་བུདྡྷ། བྷི་དི་ར་རྣམ་པར་འབྱེད་པ། ཙྪི་དིར་གཉིས་སུ་བྱེད་པ། བུདྡྷ་རྟོགས་པ་ལའོ། །ཨ་ཏྱ་ཏ་ནཱིའི་ཨཱདྨ་ནེའི་ཚིག་ཏ་དང་ཨཱ་ཏཱ་མ་དང་ཨནྟའོ། །སི་ཙའོ། །དྷུཊ་ལས་ཀྱང་དྷུཊ་ལའོ་ཞེས་པས་སི་ཙ་དབྱིའོ། །
གྷ་ཌྷ་དྷ་བྷ་ཞེས་པས་ཏའི་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་དྷའི་དའོ། །ཨ་བྷིཏྶཱ་ཏཱམ། ཨ་བྷིཏྶ་ཏེ། ཨ་ཡིག་མ་ཡིན་པ་ལས་ཨཱདྨ་ནེ་ལའང་ཞེས་པས་ན་དབྱིའོ། །ཨཱ་ཤིཥ་ལ། བྷིཏ་སཱིཥྚ། ཙྪིཏྶཱིཥྚ། བྷུ་ཏྶིཥྚ། བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་བྷའི་བའོ། །ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཨ་ཀོཥིཥྚ།
ཀོཥི་ཥིཥྚ། ཀུཥ་སྙིགས་མ། ཨ་ཏྱ་ཏ་ནིའི་ཨཱདྨ་ནེའི་ཏ་དང་སི་ཙའོ། །ཨཱ་ཤིཥ་བི་སཱིཥྟའོ། །ཨུ་པ་དྷཱ་ཞེས་པ་ཅི་ཞེ་ན། ཨ་ཙེཥྚ། ཙེཥཱིཥྚ། ཙིཉ་སོགས་པ་ལའོ། །རྀཏ་མཐའ་རྣམས་ཀྱི་འང་ངོ་། །རྀ་ཡིག་གི་མཐའ་ཅན་གྱི་བྱིངས་རྣམས་ཀྱི་ཨིཊ་མེད་པའི་ཨཏྱ་ཏ་ནཱི་དང་། ཨ་ཤིཥ་དག་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་
རོ། །ཨ་ཀྲྀཏ། ཨ་ཀྲྀཥཱ་ཏཱམ྄། ཨ་ཀྲྀཥ་ཏ། ཨ་ཏྱ་ཏ་ནཱིའི་ཏ་དང་ཨཱ་ཏཱམ་དང་ཨནྟའོ། །ཨི་ཙའོ། །ཐུང་ངུ་ལས་ཀྱང་ཨིཊ་མེད་པའིའོ་ཞེས་པས་སི་ཙ་དབྱིའོ། །ཨ་ཡིག་མ་ཡིན་པ་ལས་ཨཱདྨ་ནེ་ལ་ཡང་ཞེས་པས་ན་དབྱིའོ། །ཨཱ་ཤིཥ་ལ་ཀྲྀཥཱིཥྚ། ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཨ་བ་རིཥྚ། བརིཥཱིཥྚ། བྲྀཉ་སྒྲིབ་པ་
ལའོ། །ཨཏྱ་ཏ་ནཱིའི་ཏའོ། །སི་ཙའོ། །ཨཱ་ཤཱིཥའི་སཱིཥྚའོ། །ཨིཊའོ། །ཡོན་ཏན་ནོ། །སྠཱ་ད་དག་གི་འང་ངོ་། །ཨ་ཏྱ་ཏ་ནཱི་སྨོས་པ་བསྒྲེལ་བར་བྱ་ཞིང་། ཨཱ་ཤཱིཥ་བཟུང་བ་ནི་མ་ཡིན་ཏེ། དེ་ཕ་རོལ་ལ་ནཱ་མི་མི་སྲིད་པའི་ཕྱིར་རོ། །ཥྠ་འགྲོ་བ་པ་ལའོ་ཞེས་པ་འདི་དང་། དཱའི་མིང་ཅན་གྱི་ཨ་ཏྱ་ཏ་ནཱིའི་ཨཱཏྨ་ནེའི་ཚིག་ལ་ཡོན་ཏན་དུ་མི་
འགྱུར་རོ། །སམ་སྠི་ཏ། སམ་སྠིཥཱ་ཏཱམ། སམ་སྠིཥ་ཏ། ཨ་དི་ཏ། ཨ་དིཥཱ་ཏཱམ། ཨ་དིཥཏ། ཨ་དྷིཏ། ཨ་དྷ་ཥི་ཏཱམ྄། ཨ་དྷ་ཥི་ཏ། ཥྠཱ་འགྲོ་བ་ལྡོག་པ་ལའོ། །དཱཉ་སྦྱིན། །དྷཱཉ་འཛིན། ཨ་ཏྱ་ཏ་ནཱིའི་ཏ་དང་ཨཱ་ཏཱ་མ་དང་ཨནྟའོ། །སྠཱ་དཱ་དག་གི་ཨ་ཏྱ་ཏ་ནཱིའི་ཨཱདྨ་ནེ་ལ་ཨིའོ་ཞེས་པས་ཨི་ཉིད་དོ། །ཐུང་ངུ་
ལས་ཀྱང་ཨིཊ་མེད་པའི་འོ་ཞེས་པས་སི་ཙ་དབྱིའོ། །ཨ་ཡིག་མ་ཡིན་པ་ལས་ཨཱདྨ་ནེ་ལ་ཡང་ངོ་ཞེས་པས་ན་དབྱིའོ། །བྷུ་ལས་སི་ཙ་འཇིག་པ་ལའོ། །བྷུ་ལས་སི་ཙ་འཇིག་པར་གྱུར་པ་ལ་ཡོན་ཏན་དུ་མི་འགྱུར་རོ། །ཨ་བྷུཏ྄། ཨ་བྷུ་ཏཱམ྄། ཨ་བྷཱུ་བན། ཨིཎ་སྠཱ་དཱི་པ་བ་ཏི་ཞེས་པ་ལས་སཙི་འཇིག་གོ། །བྷཱུའི་མཐའ་བའོ། །
เล่ม ๑๙๕ · หน้า 217b
བྷུ་ལས་སི་ཙ་འཇིག་པ་ལའོ་ཞེས་པས་ཨིཊ་མེད་དོ། །སིཙ་འཇིག་པ་ཞེས་པ་ཅི་ཞེ་ན། བྱ་ཏྱ་བྷ་བིཥྟ། བྱ་ཏྱ་བྷ་བིཥཱ་ཏཱམ྄། བྱ་དྱ་བྷ་བིཥ་ཏ། རུ་དྷ་སོགས་ཉིད་ཀྱི་ཕྱིར་བྱ་ཏི་སྔ་མ་ལས་བྷཱུ་ལ་ཨཱདྨ་ནེའི་ཚིག་ཏ་དང་ཨཱ་ཏཱམ་དང་ཨནྟོའོ། །བྱིངས་ཀྱི་དང་པོར་ཨཊའོ། །སིཙའོ། །ཨིཊའོ། །ཡོན་ཏན་ནོ། །ཨ་ཡིག་
མ་ཡིན་པ་ལས་ཨཱདྨ་ནེ་ལའང་ཞེས་པས་ན་དབྱིའོ། །སུ་ཏི་ལས་པཉྩ་མཱི་ལའོ། །ཥུང་སྲོག་ཆགས་མངལ་ནས་འགྲོ་བ་ལའོ་ཞེས་པ་འདིའི་འང་ཡོན་ཏན་མི་འགྱུར་བས་འདི་ཉིད་ངེས་པར་བསྟན་པ་ལས་སཱུ་ཏི་སྟི་པཉྩ་མི་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །བྱ་ཐམས་ཅད་ཀྱི་བྱིངས་ཐམས་ཅད་པ་ཨཱདྨ་ནེ་ལ་ཞེས་
པ་འདིས་པཉྩ་མིའི་ཕྱི་མ་ལ་ཡོན་ཏན་ཐོབ་པ་དེ་འགེགས་པའོ། །སུ་བཻ། སུ་བཱ་བ་ཧཻ། སུ་བཱ་མ་ཧཻ། ཥུང་སྲོག་ཆགས། པཉྩ་མཱིའི་ཨཻ་དང་ཨཱ་ཧཻ་དང་ཨ་མ་ཧཻའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས། དང་པོ་ལ་ཨི་ཡ། ཨུབ་དག་ཞེས་པས་ཨུ་བའོ། །བཉྩ་མཱི་ལ་ཞེས་པ་ཅི་ཞེ་ན། པྲས་བི་ཏཱ།
དཱིདྷཱི་བེ་བཱི་དག་གིའང་ངོ་། །པཉྩ་མཱི་ལ་ཞེས་པ་ལྡོག་གོ། །སུ་ཏི་དཱི་དྷཱི་བེ་བཱི་རྣམས་ཀྱི་བ་ཙ་མཱི་ལའོ། །ཞེས་སྦྱོར་བ་གཅིག་ཏུ་མ་བྱས་པའི་ཕྱིར་རོ། །དཱིདྷཱིང་གསལ་བ་དང་བརྩེ་བ་དག་ལའོ། །བེ་བཱིང་རྔན་པ་མཚུངས་པ་ལའོ། །འདི་དག་ཡོན་ཏན་དུ་མི་འགྱུར་རོ། །ཨཱ་དྷཱི་དྷྱ་ན་མ། ཨཱ་བེ་བྱན་མ། ཡུཊའང་ངོ་
ཞེས་པས་ཡུཊའོ། །སྔ་མ་བརྩེགས་པ་ཡིན་པའི་ཨིའི་ཡི་གེ་ཞེས་པས་ཡའོ། །ཨཱ་དཱི་དྷྱེ། ཨཱ་དཱི་དྷྱ་བ་ཧཻ། །ཨཱ་དཱི་དྷྱ་མཧཻ། ཨཻ་དང་ཨཱ་བ་ཧཻ་དང་ཨཱ་མ་ཧཻའོ། །གཞན་སྔ་མ་བཞིན་ནོ། །ཨཱ་བཻ་བྱཻ། ཨཱ་བཻ་བྱ་བ་ཧེ། ཨཱ་བེ་བྱཱ་མ་ཧཻ། ཏུཏ་བིད་མུཥ་རྣམས་ཀྱིས་ན་ལའོ། །ཏུ་དིར་མཆིམ་གཏོང་བ། བིད་ཤེས་པ། མུཥ་
རྐུ་བ། འདི་རྣམས་ཀྱིས་ན་ལ་ཡོན་ཏན་དུ་མི་འགྱུར་རོ། །སན་ལའང་ཨིཊ་མེད་པ་ལའོ་ཞེས་པ་འདིས་གྲུབ་པ་མ་ཡིན་ཏེ་ཨིཊ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །འདིར་ཤེས་པའི་བིད་གཟུང་བའོ། །ཏུ་ཏུ་དི་ཥ་ཏི། བི་བི་དི་ཥ་ཏི། མུ་མུ་ཥི་ཏི། སན་ལ་ཞེས་པ་ཅི་ཞེ་ན། རོ་དཱི་ཏཱ། བོ་དི་ཏཱ། མོ་ཥ་ཏཱ། ཨིཊ་
མེད་པའི་ནཱ་མི་མཐའ་རྣམས་ཀྱིའོ། །བྱིངས་གང་རྣམས་ལ་ཨིཊ་ཡོད་པ་མ་ཡིན་པ་དེ་རྣམས་ཀྱི་ཨིཊ་མེད་པའོ། །སན་ལ་ཞེས་པ་ཁོ་ནའོ། །བྱིངས་ནཱ་མིའི་མཐའ་ཅན་རྣམས་ཀྱི་ཨིཊ་མེད་པའི་སན་ལ་ཡོན་ཏན་དུ་མི་འགྱུར་རོ། །དི་དཱི་ཥ་ཏི། ནི་ནཱི་ཥ་ཏི། ཛུ་ཧུ་ཥ་ཏི། སནའོ་ཨིའི་ཡི་གེ་ལས་ཤྭི་ཤྭི་ཌིང་མིན་པ་ཞེས་
เล่ม ๑๙๕ · หน้า 218a
པ་དང་ཨཏ་ལ་ཡུ་རུ་ཎུ་མ་ཡིན་པ་ཞེས་པས་ཨིཊ་མེད་དོ། །དབྱངས་མཐའ་རྣམས་ཀྱིས་ན་ལ་ཞེས་པས་རིང་པོའི་གཉིས་པ་བརྗོད་དོ། །ཨིཊ་མེད་པའི་ཞེས་ཅི་ཞེ་ན། ཥི་ཥ་ཡིཥ་ཏེ་ཤིང་ཉལ་བ་ལའོ། །ཉལ་བར་འདོད་དོ་ལ་སནའོ། །ཨིཊའོ། །གཉིས་བརྗོད་དོ། །ཡོན་ཏན་ནོ། །
ཐམས་ཅད་ཀྱི་བྱིངས་ཐམས་ཅད་པ་ཨཱདྨ་ནེ་ལ་པཉྩ་མིའི་ཕྱི་མ་མ་ཡིན་པ་ལའོ། །བྱིངས་དང་བི་ཀ་ར་ཎ་ཐམས་ཅད་རྣམས་ཀྱི་པཉྩ་མིའི་ཕྱི་མ་མ་ཡིན་པའི་བྱིངས་ཐམས་ཅད་པའི་ཨཱདྨ་ནེའི་ཚིག་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །གང་པཉྩ་མིའི་ཨཱཏྨ་ནེའི་ཚིག་སྐྱེས་བུ་ཕྱི་མ་དེ་ལ་ཡོན་ཏན་དུ་འགྱུར་བ་ཁོ་
ནའོ། །སྟུ་ཏེ། སྟུ་བཱིཏ། སྟུ་ཏཱམ། ཨསྟུ་ཏ། ཥྚུཉ་བསྟོད་པ་ལའོ། །བརྟ་མཱ་ནཱིའི་ཏེ་དང་། སཔྟ་མཱིའི་ཨཱིཏ་དང་། པཉྩ་མིའི་ཏཱ་མ་དང་ཧྱསྟ་ནཱིའི་ཏའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུབ་དག་ཅེས་པས་ཨུབའོ། །དུགྡྷྲེ། དུཧཱིཏ྄། ཨདུགྡྷ། དུ་ཧ་འཇོ་
བ་ལའོ། །ཏེ་དང་ཨཱིཏ་དང་ཏཱམ྄་དང་ཏའོ། །ད་དང་པོའི་གྷའོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པ་ཏིའི་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ། །ཞེས་པས་གྷའི་གའོ། །བི་ཀ་ར་ཎའི། ཀུ་ཏུ་ཏེ། ཀུརྦཱིཏ། ཀུ་ཏུ་ཏཱམ། ཨ་ཀུ་ཏུཏ། ཌུ་ཀྲྀཉ་བྱེད་པ་ལའོ། །ཏན་སོགས་ལས་ཨུའོ། །ཀ་རོ་ཏི་ཞེས་པས་ཡོན་ཏན་
ནོ། །ཨའི་ཨུ་ཡིག་གོ། །སུ་ནུ་ཏེ། སུ་ནྭཱི་ཏ། སུ་ནུ་ཏཱམ། ཨ་སུ་ནུཏ། ཥུཉ་འཁྲུད་པ་ལའོ། །སུ་སོགས་ལས་ནུའོ། །བི་ཀ་ར་ཎའི་ནུའི་ཞེས་པས་བ་ཉིད་དོ། །ཐམས་ཅད་སྨོས་པ་ནི་ནཱ་མིའི་མཐའ་རྣམས་ཀྱི་ཞེས་པ་དེ་ལྡོག་པའི་དོན་དུའོ། །ཨཱདྨ་ནེ་ལ་ཞེས་པ་ཅི་ཞེ་ན། དོགྡྷོ། ཀ་རོ་ཏི། སུ་ནོ་ཏི། དུ་ཧའི་
སྔ་མ་བཞན་དུ་གྷ་ཉིད་ལ་སོགས་པའོ། །བྱིངས་ཐམས་ཅད་པ་ཞེས་པ་ཅི་ཞེ་ན། སྟོཏཱ་པེ། དོགྡྷཱ་བེ། ཤྭསྟ་ནིའི་ཏཱ་པེའོ། །པཉྩ་མིའི་ཕྱི་མ་མ་ཡིན་པ་ཞེས་པ་ཅི་ཞེ་ན། སྟ་བཻ། སྟ་བཱ་བ་ཧེ། སྟ་བཱ་མ་ཧེ། དོ་ཧཻ། ཀར་བེ། སུན་བཻ། ཨཻ་དང་ཨཱ་བ་ཧཻ་དང་ཨཱ་མ་ཧཻའོ། །ཏན་སོགས་ལས་ཨུའོ། སུ་སོགས་
ལས་ནུའོ། །ཡོན་ཏན་ནོ། །གཉིས་ཉིད་དང་མང་པོ་ཉིད་དག་གིའང་པ་ར་སྨཻ་ལའོ། །བྱིངས་དང་བི་ཀ་ར་ཎ་ཐམས་ཅད་ཀྱི་བྱིངས་ཐམས་ཅད་ཀྱི་པའི་བར་སྨཻའི་ཚིག་གཉིས་ཉིད་དང་མང་པོ་ཉིད་དག་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་ཏེ། པཉྩ་མིའི་ཕྱི་མ་ཡིན་ཏེ། པཉྩ་མེའི་པ་ར་སྨཻའི་ཚིག་གི་སྐྱེས་བུ་ཕྱི་མའི་གང་གཉིས་
เล่ม ๑๙๕ · หน้า 218b
ཉིད་དང་མང་པོ་ཉིད་དག་ལ་ནི་ཡོན་ཏན་དུ་འགྱུར་རོ། །སྟུཏཿ། སྟུ་བནྟི། སྟུ་ཏཱམ། སྟུ་བནྟུ། ཨསྟུ་ཏཱམ། ཨསྟུ་བན། དུགྡྷཿ། དུ་ཧནྟིཿ། དུགྡྷམ། དུཧནྟུ། ཨ་དུགྡྷཱམ། ཨ་དུ་ཧན། ཀུ་ཏུཏཿ། ཀུརྦནྟི། ཀུ་རུ་ཏཱམ། ཀུརྦནྟུ། ཨ་ཀུ་རུ་ཏཱམ། ཨ་ཀུརྦན། སུ་ནུ་ཏཿ། སུ་ནྭནྟི། སུ་ནུ་ཏཱ་མ། སུ་ནྭནྟུ། ཨ་སུ་ནུ་
ཏཱམ། ཨ་སུན་ན། བརྟ་མཱ་ནའི་ཏས་དང་ཨནྟི། པཉྩ་མཱིའི་ཏཱམ་ཨནྟུ། ཧྱ་སྟ་ནཱིའི་ཏཱམ་དང་ཨནའོ། །སྟུ་དང་དུ་ཧ་ཞེས་པ་འདི་དག་ལ་ཨནའོ། །ཨང་སོགས་ལས་འཇིག་གོ། །ཀྲྀ་སུ་དག་ལ་ཏན་སོགས་ལས་ཨུ་དང་སུ་སོགས་ལས་ནུའོ། །བི་ཀ་ར་ཎའི་ནུའི་ཞེས་པས་ནུའི་བ་ཉིད་དོ། །གཉིས་ཉིད་དང་མང་
བོ་ཉིད་ཅེས་པ་ཅི་ཞེ་ན། དོགྡྷི། ཀ་རོ་ཏི། སུ་ནོ་ཏི། བྱིངས་ཐམས་ཅད་པ་ལ་ཞེས་པ་ཅི་ཞེ་ན། སྟོ་ཏཱ་རཽ། སྟོ་ཏཱརཿ། པཉྩ་མཱིའི་ཕྱི་མ་མ་ཡིན་པ་ཞེས་པ་ཅི་ཞེ་ན། སྟ་བཱ་བ། སྟ་བཱ་མ། དོ་ཧཱ་བ། དོ་ཧཱ་མ། ཀ་ར་བཱ་བ། ཀ་ར་བཱ་མ། སུ་ན་བཱ་བ། སུ་ན་བཱ་མ། པཉྩ་མཱིའི་ཨཱ་བ་དང་ཨཱ་མའོ། །ཡོན་ཏན་ནོ། །པ་རོ྅ཀྵ་
ལའང་ངོ་། །བྱིངས་ཀྱི་པརོ྅ཀྵའི་པ་རསྨཻའི་ཚིག་གཉིས་ཉིད་དང་མང་པོ་ཉིད་ལ་ཡོན་ཏན་དུ་མི་འགྱུར་རོ། །ཙ་ཀྲ་ཏུཿ། ཙ་ཀྲུཿ། དུ་དུ་ཧ་ཏུཿ། དུ་དུ་ཧུཿ། གཉིས་དང་མང་པོ་ཉིད་དག་ཅེས་པ་ཅི་ཞེ་ན། དུ་དོ་ཧ། ཐམས་ཅད་དུ་ཨཱདྨ་ནེ་ལའོ། །བྱིངས་ཀྱི་བ་རོ྅ཀྵའི་ཨཱདྨ་ནེའི་ཐམས་ཅད་དུ་སྟེ་གཅིག་ཉིད་དང་
གཉིས་ཉིད་དང་མང་པོ་ཉིད་ལ་ཡོན་ཏན་དུ་མི་འགྱུར་རོ། །ཙཀྲེ། ཙ་ཀྲ་ཏེ། ཙ་ཀྲི་རེ། །དུ་དུ་ཧཱ་ཏེ། དུ་དུ་ཧི་རེ། ཨཱདྨ་ཞེས་པ་ཅི་ཞེ་ན། དུ་དོ་ཧ། ཨཱ་ཤཱིཥ་ལའང་པ་རསྨཻ་ལའོ། །ཨཱ་ཤཱིཥཱའི་འང་པ་རསྨཻའི་ཚིག་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །སྟུ་ཡཱཏ། སྟུ་ཡཱསྟཱམ། སྟུ་ཡཱསུཿ། དུཧྱཱཏ། དུཧྱཱསྟཱམ། དུཧྱཱསུཿ། ནི་མིའི་
མཐའ་རྣམས་ཀྱི་ཡཎ་ཨ་ཡཱི་ཞེས་པས་རིང་པོའོ། །པ་རསྨཻ་ལ་ཞེས་པ་ཅི་ཞེ་ན། སྟོཥཱིཥྚ། སཔྟ་མཱི་ལའང་ངོ་། །སཔྟ་མཱིའི་འང་པ་རསྨཻ་ལ་ཡོན་ཏན་མི་འགྱུར་རོ། །སྟུ་ཡཱཏ྄། དུཧྱཱཏ྄། སུ་ནུཡཱཏ། ཧི་ལའང་ངོ་། །ཧིའི་རྐྱེན་ལ་འང་ཡོན་ཏན་དུ་མི་འགྱུར་རོ། །སྟུ་ཧི། དུགྡྷི། པཉྩ་མཱིའི་ཧིའོ། །ད་དང་པོའི་གྷའོ། །
ཧིའི་དྷིའོ། །སུ་ནུ། ཥུཉ་མངོན་པར་འཁྲུད་པ། ནུ་ལས་ཀྱང་བརྩེགས་པ་མིན་པའི་ཞེས་པས་ཧི་དབྱིའོ། །དེ་བཞིན་དུ། ཨི་ཧི། ཨིཎ་འགྲོ་བ། འོ་ན་ཨེ་ཧི་ཞེས་པ་ཅི་ཞེ་ན། ཨཱང་སྔ་མ་ལས་ཨི་ཎའི་སྦྱོར་བ་འདིའོ། །ཏུད་སོགས་ཀྱི་ཨན་ལའོ། །ཏུད་སོགས་ཀྱི་ཚོགས་ཀྱི་ཨན་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །ཏུད་ཏི།
เล่ม ๑๙๕ · หน้า 219a
ནུད་ཏི། ཏུད་གདུང་བ། ནུད་བསྐུལ་བ་ལའོ། །ཨན་ལ་ཞེས་པ་ཅི་ཞེ་ན། ཏོཏྟཱ། ཨཱ་མ་ལ་བིཏ་ཉིད་ཀྱིའོ། །བིད་ཤེས་པ་ལའོ། །ཞེས་པ་འདི་ཨཱ་མ་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །བི་དྷཱཉྩ་ཀཱ་ར། བིད་ཤེས་པ་ལའོ། །ཨཊའོ། །ཨུཥ་བིད་ཛཱ་གྲཱྀ་རྣམས་ལ་ཡང་ནའོ་ཞེས་པས་
ཨཱ་མའོ། །ཨཱམ་ལས་ཀྲྀཉའོ། །གཉིས་བརྗོད་དོ། སཾ་བིདཱཉྩ་ཀྲེ། སཾ་སྔ་མའི་བིད། ཏུ་ཙ་སོགས་ལས་བ་རོ་ཀྵའི་ཨེའོ། །གཞན་སྔ་མ་བཞིན་ནོ། །ཨཱ་མ་ལ་ཞེས་པ་ཅི་ཞེ་ན། བི་བེད། བིད་ཅེས་བ་ཅི་ཞེ་ན། ཨོཥཱཉྩ་ཀཱར། ཨུཥ་བསྲེག་པ་ལའོ། །ཨཊའོ། །སྔ་མ་བཞིན་དུ་ཨཱམའོ། །ཉིད་སྨོས་པ་ནི་
རྣམ་པ་སྣ་ཚོགས་པའི་དོན་ཏོ། །བིད་ཤེས་པའི་དོན་གཟུང་བ་དེ་ཉིད་ལ་ཨཱ་མ་སྲིད་པ་ལས་སོ། །ཀུཊ་སོགས་ཀྱི་ཨིན་ཨི་ཙ་ཨཊ་རྣམས་མ་ཡིན་པ་ལའོ། །ཀུཊ་འཁྱོག་པ་ལའོ་ཞེས་པ་འདི་ནས་བརྩམས་ཏེ་ཇི་སྲིད་དུ་ཀུང་སྒྲ་ལའོ་ཞེས་པ་དེ་སྲིད་ནི་ཀུཊ་སོགས་སོ། །ཀུཊ་སོགས་ཀྱི་ཚོགས་ཀྱི་ཨིན་ཨི་ཙ་
ཨཊ་ཏེ་ཨིན་དང་ཨི་ཙ་དང་ཨཊ་ཕ་རོལ་མ་ཡིན་པ་ལ་ཡོན་ཏན་དུ་མི་འགྱུར་རོ། །ཨིན་ཨི་ཙ་ཨཊ་རྣམས་ལས་ཡོན་ཏན་ཉིད་དོ། །ཀུ་ཊི་ཏཱ། ཀུ་ཊི་ཥྱ་ཏི། པུ་ཊི་ཏཱ། པུ་ཊིཥྱ་ཏི། ཀུཊ་འཁྱོག་པོ། །པུཊ་ཡང་དག་པར་སྦྱོར་བ་ལའོ། །ནྱ་ནུ་བཱི་ཏ། ནྱདྷུ་བཱིཏ། ཎུ་བསྟོད་པ། དྷུ་གཡོ་བ་ལའོ། །ནི་སྔོན་དུའོ། །ཨ་དྱ་ཏ་
ནཱིའི་དིའོ། །བྱིངས་ཀྱི་དང་པོར་ཨཊའོ། །སི་ཙའོ། །ཨིཊའོ། །སི་ཙ་ལས་སོ་ཞེས་པས་ཨིཊའོ། །ཨིཊ་ལས་ཀྱང་ཨིཊ་ལའོ་ཞེས་པས་སི་ཙ་དབྱིའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུབ་དག་ཅེས་པས་ཨུ་བའོ། །ཨིན་ཨི་ཙ་ཨཊ་རྣམས་མ་ཡིན་པ་ཞེས་པ་ཅི་ཞེ་ན།
ཀོཊ་ཡ་ཏི། འཁྱོག་ཏུ་འཇུག་གོ་ལ་ཨིནའོ། །ཡོན་ཏན་ནོ། །ཨིཙའོ། །ཨཀོཊི། ཨ་ཏྱ་ཏ་ནཱིའི་ཏའོ། །དངོས་པོ་དང་དག་ལའང་ངོ་ཞེས་པས་སིཙའོ། །ཨི་ཙ་ལས་ཏ་དབྱིའོ། །ཨཊ་ལ། ཙུཀོཊ། བི་ཛིའི་ཨིཊ་ལའོ། །ཨོ་བི་ཛཱིའི་ཨིཊ་ལའོ། །ཨོ་བི་ཛཱི་འཇིགས་པ་དང་གཡོ་བ་དག་ལའོ་ཞེས་པ་འདིའི་
ཨིཊ་ཕ་རོལ་ལ་ཡོན་ཏན་དུ་མི་འགྱུར་རོ། །བཨུརྦི་ཛི་ཏཱ། ཨདྦི་ཛིཥྱ་ཏི། ཨོ་བིཛཱི་འཇིགས་པ་དང་གཡོ་བ། ཨུཏ་སྔོན་དུའོ། །ཏཱ་དང་སྱ་དེའོ། །ཨིཊའོ། །ཨིཊ་ལ་ཞེས་པ་ཅི་ཞེ་ན། ཨུདྦེགཿ། དངོས་པོ་ལ་གྷཉའོ། །ཙ་ཛ་དག་གི་དྷུཊ་དང་གྷ་རྗེས་སུ་འབྲེལ་པ་ལ་ཀ་ག་དག་ཅེས་པས་ཛའི་གའོ། །འོ་ན་ཨུདྦེཛིཏ་
เล่ม ๑๙๕ · หน้า 219b
བྲྀཥྚ་བྷི་ར་ཤྲ་ཡནྟཿ། ཞེས་འདིར་ཡོན་ཏན་ཅི་ཞེ་ན། བརྗོད་པར་བྱ་སྟེ། འདི་ཨིཊ་ལ་ཡོན་ཏན་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཨིན་ལའོ། །བིཛི་ཏམ། བིཛི་ལས་ཨིནའོ། །ཡོན་ཏན་ནོ། །ནིཥྛའོ་ཞེས་པས་ཀྟའོ། །ཨིཊའོ། །ཨིནའི་ནིཥྛ་ཨིཊ་ཅན་ལ་ཞེས་པས་ཨིཊ་མ་ཨིནའི་དབྱིའོ། །ཨུརྞའི་ཡང་ནའོ། །ཨུརྞུ་སྒྲིབ་
པ་ལའོ་ཞེས་པ་འདིའི་ཨིཊ་ཕ་རོལ་ལ་ཡོན་ཏན་དུ་ཡང་ན་མི་འགྱུར་རོ། །པྲ་ཨུརྞུ་བི་ཏཱ། པྲ་ཨུརྞ་བི་ཏཱ། ཨིཊའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་བདག་ཅེས་པས་ཨུ་བའོ། །ཕྱོགས་གཅིག་ལ་ཡོན་ཏན་ནོ། །ཨིཊ་ལ་ཞེས་པ་ཅི་ཞེ་ན། པྲཽརྞོ་ཏ། ཧྱ་སྟ་ནིའི་དིའོ། །དབྱངས་
ནམས་ཀྱི་དང་པོའི་འཕེལ་བའོ་ཞེས་པས་ཨཽ་ཡིག་གོ། །ཧྱསྟ་ནཱི་ལའང་ཡོན་ཏན་ནོ་ཞེས་པས་ཡོན་ཏན་ནོ། །སྠཱ་དཱ་དག་གི་ཨ་དྱ་ཏ་ནཱི་ལ་ཨཱདྨ་ནེ་ལ་ཨིའོ། །ཥྛ་གནས་པ་ལའོ་འདི་དང་དའི་མིང་ཅན་དག་གིས་ཨ་དྱ་ཏ་ནཱིའི་ཨཱདྨ་ནེ་ཕ་རོལ་གྱི་ཚིག་ལ་ཨི་ཉིད་དུ་འགྱུར་རོ། །སམ་སྠིཥཱ་ཏཱམ། སམ་སྠིཏ། ཨདིཏ།
ཨདི་ཥཱཏཱམ། ཨ་དྷིཏ། ཨདྷིཥཱ་ཏཱམ། ཨདྱ་ཏ་ནཱི་ཞེས་པ་ཅི་ཞེ་ན། སཾ་སྠཱསྱ་ཏེ། སམ་སྔོན་མ་ཅན་གྱི་ཏིཥྛ་ཏི་ཏུ་ཙ་སོགས་སོ། །ཨཱདྨ་ནེ་ལ་ཞེས་པ་ཅི་ཞེ་ན། ཨསྠཱ་ཏ། ཨ་དཱ་ཏ། ཨ་དྱཱ་ཏ། ཨིཎ་སྠཱ་དཱ་པི་བ་ཏི་ཞེས་པས་སི་ཙ་འཇིག་གོ། །མུ་ཙ་སོགས་ཀྱི་དབྱངས་ལ་ཨན་བི་ཀ་ར་ཎ་ལ་ན་ཡིག་ཨཱ་ག་མའོ། །མུ་ཙླྀ་གྲོལ་བ་
ལའོ་ཞེས་པ་འདི་ནས་བརྩམས་ནས་པི་ཤ་ཆ་ཤས་ལའོ་ཞེས་པའི་མཐར་ཐུག་པ་མུ་ཙ་སོགས་སོ། །མུ་ཙ་སོགས་ཀྱི་དབྱངས་གང་ཡིན་པ་དེ་ལས་ཕ་རོལ་ཏུ་ཨན་བི་ཀ་ར་ཎ་ཕ་རོལ་ལ་ན་ཡིག་ཨཱ་ག་མ་འགྱུར་རོ། །ཨ་ཡིག་ནི་བརྗོད་པའི་དོན་ཏོ། །མུཉྩ་ཏི། མུཉྩ་ཏེ། ལུམྦ་ཏི། ལུམྦ་ཏེ། བིནྡཏི། བིནྡ་ཏེ།
མུཙླྀ་གྲོལ་བ་ལའོ། །མུ་སླི་གཅོད་པ་ལའོ། །བི་དླཾ་ཐོབ་པ་ལའོ། །ཡ་ཛ་སོགས་ཉིད་ལས་གཉིས་ག་སྟེ་ཏི་དང་ཏེའོ། །ཨན་བི། འདིས་ན་ཡིག་ཨཱ་ག་མའོ། །ཨནྦི་ཀ་ར་ཎ་ལ་ཞེས་པ་ཅི་ཞེ་ན། མོཀྟཱ། ཨན་སྨོས་པ་ནི་རྣམ་པ་གསལ་བའི་དོན་དུའོ། །འདིར་གཞན་མུ་ཙ་སོགས་ཀྱི་བི་ཀ་ར་ཎ་ཡོད་པ་
མ་ཡིན་ནོ། །མརྫིན་ཤ་དག་གི་དྷུ་ཊ་ལའོ། །ཌུ་མ་སྫོ་དག་པ་ལའོ། །ཎ་ཤ་མི་མཐོང་བ་ལའོ། །འདི་དག་གི་དྷུཊ་ཕ་རོལ་ལ་དབྱངས་ལས་ཕ་རོལ་དུ་ན་ཡིག་ཨཱ་གམ་འགྱུར་རོ། །མདྐཱ། མཾ་ཀྵྱནྟི། ཨ་མཾ་ཀྵྱཏ། ཌུ་མསྫོ་དག་པ་ལའོ། །ཏཱ་དང་སྱནྟི་དང་སྱཏའོ། །ཡུ་ཛི་ཏུ་ཛི་ཞེས་སོགས་ཀྱིས་ཨིཊ་མེད་དོ། །འདིས་ན་
เล่ม ๑๙๕ · หน้า 220a
ཡིག་ཨཱ་ག་མའོ། །དྷུཊ་རྣམས་ཀྱི་གསུམ་པའོ། །ཞེས་པས་སའི་དའོ། །ཏ་སྡེའི་ཙ་ཊའི་སྡེ་པ་ཞེས་པས་དའི་ཛའོ། །བྲཤྩི་མསྫོ་དག་གི་དྷུཊ་ལ་ཞེས་པས་མཐའི་ཛ་ཡིག་དབྱིའོ། །ཙ་སྡེའི་ཀིའོ། །སྡེ་པ་ལ་སྡེ་པའི་མཐའོ། །ཥ་ཉིད་དོ། །ན་ཤའི་ངེས་པར་ཡང་། ནཥྚཱ་ཏཾ། ནཾ་ཀྵྱཏི། ཨ་ནཾ་ཀྵྱཏ། ཎ་ཤ་མི་
མཐོང་བ་ལའོ། །ཎའི་ནའོ། །ཏཱ་དང་སྱ་ཏི་དང་སྱཏའོ། །ར་དྷ་སོགས་ཉིད་ཀྱི་ཕྱིར་ཨིཊ་རྣམ་པར་བརྟག་པའོ། །ན་ཡིག་ཨཱ་ག་མའོ། །ཚ་ཤ་དག་གིའང་ཞེས་པས་ཥའོ། །ཥ་དྷ་དག་གིས་ལ་ཀའོ་ཞེས་པས་ཀའོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། ནཛྫྱེ། ནཤྱཏེ། ཏེའོ། །བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །རདྷི་ཛ་བྷི་དག་གི་
དབྱངས་ལའོ། །ར་དྷ་འཚེ་བ་ལའོ། །ཛ་བྷ་ཛི་བྷི་ལུས་རྣམ་པར་ཉམས་པ་ལའོ་ཞེས་པ་འདི་དག་གི་དབྱངས་ཕ་རོལ་ལ་དབྱངས་ལས་ཕ་རོལ་དུ་ན་ཡིག་ཨཱ་ག་མའོ། །རནྡྷ་ཡ་ཏི། ཛམྦྷ་ཡ་ཏི། འཚེ་རུ་འཇུག་གོ། །ལུས་ཉམས་སུ་འཇུག་གོ་ལ་ཨིནའོ། །ཨཱ་མ་དང་བསྒྱུར་བ་དག་ལས་ཨཱ་ག་མའི་སྒྲུབ་པ་སྟོབས་དང་ལྡན་ནོ་
ཞེས་པ་སྔར་ན་ཡིག་ཨཱ་ག་མ་བྱས་པ་དེ་ལ་ཨུ་པ་དྷཱའི་རིང་པོར་མི་འགྱུར་རོ། །རནྡྷ་ཀཿ། ཛམྦྷ་ཀཿ། ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཝུ་ནའོ། །དབྱངས་ལ་ཞེས་པ་ཅི་ཞེ་ན། རདྷྱ་ཏེ་ཛ་བྷྱ་ཏེ། ར་དྷིའི་ཨིཊ་ལ་བ་རོཀྵ་མིན་པ་ལ་མ་ཡིན་ནོ། །རདྷི་འཚེ་བ་དང་འགྲོ་བ་དག་ལའོ་ཞེས་པའྡིའི་ཨིཊ་ཕ་རོལ་ལ་ན་ཡིག་ཨཱ་ག་མ་མི་འགྱུར་
ཞིང་།། པརོ྅ཀྵ་མ་ཡིན་པ་སྟེ། པ་རོ྅ཀྵའི་མཐའ་ཅན་གྱི་ཨིཊ་གང་ཡིན་པ་དེ་ལ་ནི་འགྱུར་ན་ཁོ་ནའོ། །སྔ་མས་ཐོབ་པ་ལའོ། །རདྷི་ཏཱ། རདྷིཥྱ་ཏི། ཨ་རདྷཥྱ་ཏ། རདྷིཏ་བྱམ། ཏ་བྱ། ཨ་ནཱི་ཡ་དག་གོ་ཞེས་པས་ཏ་བྱའོ། །ཨིཊ་མ་ཞེས་པ་ཅི་ཞེ་ན། རནྡྷ་ཡ་ཏི། པརོ྅ཀྵ་མིན་པ་ཞེས་པ་ཅི་ཞེ་ན། ར་རནྡྷི་པ། ར་རནྡྷི་མ།
པ་རོ྅ཀྵའི་བ་དང་མའོ། །གཉིས་བརྗོད་དོ། །ཨིཊའོ། །སྔ་མས་ན་ཡིག་ཨཱ་ག་མའོ། །རབྷི་ལ་བྷ་དག་གི་བི་ཀ་ར་ཎ་དང་པ་རོ྅ཀྵ་དག་མིན་པ་ལའོ། །བི་ཀ་ར་ཎ་པ་རོ྅ཀྵཱ་དེ་རྣམས་ནི་བི་ཀ་ར་ཎ་པ་རོ྅ཀྵཱའོ། །དེ་ནས་ན་ཉའི་ཚིག་སྡུད་དོ། །དབྱངས་ལ་ཞེས་པ་ཁོ་ནའོ། །དབྱངས་ལས་ཕ་རོལ་དུ་ན་ཡིག་ཨཱ་ག་མ་ཞེས་
པའང་ངོ་། །རབྷ་རྩོམ་པ་ལའོ། །ཌུ་ལ་བྷཥ་ཐོབ་པ་ལའོ། །འདི་དག་གི་བི་ཀ་ར་ཎ་དང་པ་རོ྅ཀྵ་དག་མིན་པའི་དབྱངས་ཕ་རོལ་ལ་ན་ཡིག་ཨཱ་ག་མ་འགྱུར་རོ། །བི་ཀ་ར་ཎ་དང་པོ་རོ྅ཀྵཱ་རྣམས་ཀྱི་དབྱངས་ཕ་རོལ་གང་ཡིན་པ་དེ་ལ་མི་འགྱུར་རོ། །ཨཱ་རམྦྷ་ཡ་ཏི། ཨཱལམྦྷ་ཡ་ཏི། རབྷ་རྩོམ། ལ་བྷ་ཐོབ། །ཨང་སྔོན་
เล่ม ๑๙๕ · หน้า 220b
དུའོ། །རྩོམ་དུ་འཇུག་གོ། །ཐོབ་ཏུ་འཇུག་གོ་ཞེས་ཨིནའོ། །འདིས་ན་ཡིག་ཨཱ་ག་མའོ། །ཨཱ་རམྦྷ་ཀཿ། ཨཱ་ལམྦྷ་ཀ། ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཝུཎའོ། །ན་ཨཱ་ག་མའོ། །བི་ཀ་ར་ན་དང་པོ་རོ྅ཀྵ་དག་མིན་པ་ཞེས་པ་ཅི་ཞེ་ན། ཨཱ་ར་བྷ་ཏེ། ཨཱ་ལ་བྷ་ཏེ། ཨཱ་རེ་བྷེ། ཨཱ་ལེ་བྷེ། གསལ་བྱེད་གཅིག་པའི་དབུས་ན་ཡོད་པ་ཞེས་
པས་ཨེ་ཉིད་དང་ཨ་བྷྱཱས་དབྱི་བ་དག་གོ། །དབྱངས་ལས་ཞེས་པ་ཅི་ཞེ་ན། ཨཱ་ར་བྷྱ་ཏེ། ཨཱ་ལ་བྷྱ་ཏེ། ལ་བྷི་ཉེར་བསྒྱུར་མེད་པའི་ཎམ་དང་ཨི་ཙ་ཕ་རོལ་ལན་ཡིག་ཨཱ་ག་མ་ཡང་ན་བཤད་པར་བྱ་སྟེ། ཎ་མ་ལ། ལམྦྷཾ། ལམྦྷ་མ། ལཾ་བྷཾ་ལཱ་བྷམ། ཡང་ཡང་ལ་ནམ་ཡང་ན་ཞེས་པས་ཎམའོ། །བཤད་པ་ལས་ན་ཨཱ་ག་མ་
ཡང་ནའོ། །ཕྱོགས་གཅིག་ལ་ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །ཡང་ཡང་ལ་ཎམ་ཡང་ན་སྟེ་ཚིག་ཀྱང་གཉིས་སོ་ཞེས་པའི་ཚིག་ལས་གཉིས་བརྗོད་དོ། །ཨི་ཙ་ལ། ཨ་ལམྦྷི། ཨ་ལཱ་བྷི། ཉེར་བསྒྱུར་མེད་པ་ཞེས་པ་ཅི་ཞེ་ན། པྲ་ལམྦྷཾ། པྲ་ལམྦྷི། ཧུདྷུཊ་དག་ལས་ཧིའི་དྷིའོ། །ཧུ་སྦྱིན་པ་དང་ལེན་པ་དག་ལའོ་ཞེས་པ་
འདི་ལས་དང་དེ་བཞིན་དུ། དྷུཊ་མཐའ་ལས་ཀྱང་ཕ་རོལ་དུ་པཉྩ་མིའི་ཧི་སྟེ། ཧིའི་རྐྱེན་དྷི་ཏུ་བསྒྱུར་བར་འགྱུར་རོ། །ཛུ་ཧུ་ཏི། དྷུཊའི་མཐའ་ལས། ཙ་ཀཱདྡྷི། ཙ་ཀཱ་སྲྀ་གསལ་བ། ཧིའི་དྷིའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་སའི་འོ། །ཙྪིནྡྷ། བྷིནྡྷ། ཙྪི་དིར་གཉིས་སུ། བྷི་དིར་འཇོམས་པ་ལའོ། །ཧིའོ། །
ཏུ་དྷ་སོགས་ཀྱི་དབྱངས་ལས་ཞེས་པས་ན་སྒྲའོ། །ཏུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའ་དབྱིའོ། །ཧིའི་དྷིའོ། །ཤཎྜྷི་ད། པིཎྜྷྷ། ཤིཥླྀ་ཁྱད་པར། པིཥླྀ་ཡང་དག་པ། ཧིའོ། །སྔ་མ་བཞིན་དུ་ན་སྒྲའོ། །མཐའི་དབྱིའོ། །ཏའི་དྷི་ཉིད་དོ། །དྷུཊ་རྣམས་ཀྱི་བཞ་པ་རྣམས་ལ་གསུམ་པའོ་ཞེས་པས་ཥ་ཡིག་གི་རི་ཊུ་ར་ཥ་སྤྱི་བོར་
ལས་ཞེས་པའི་ཚིག་ལས་གསུམ་པ་ཌའོ། །ཥ་དང་ཊ་སྡེ་ལས་ཞེས་པས་དྷེའི་ཌྷའོ། །ཏ་སྡེའི་ཙཊའི་སྡེ་པ་ཞེས་པ་ནའི་ཎའོ། །ཧུ་དང་དྷུཊ་དག་ལས་ཞེས་པ་ཅི་ཞེ་ན། ཀྲཱྀ་ཎཱི་ཧི། གཉིས་ག་འདི་རྣམས་ཀྱི་ཨི་ཡིག་གོ། །ཧིའི་ཞེས་པ་ཅི་ཞེ་ན། ཛུ་ཧོ་ཏི། བྷིནཏྟི། ཨིཊ་དང་བཅས་པའི་ཡུལ་ལའང་ཧིའི་དྷི་ཉིད་དུ་མི་འདོད་དོ། །
ཏུ་དྷི་ཧི། ཏུ་དིར་འཆི་བ་གཏོང་བ་ལའོ། །ཏུད་སོགས་ལས་བྱིངས་ཐམས་ཅད་པ་ལའོ་ཞེས་པ་ཨིཊའོ། །བྷིནཏྟ་ཏཱ། བྷི་དིར་ལ་ཧིའོ། །སྔ་མ་བཞིན་ན་སྒྲ་དང་མཐའ་དབྱིའོ། །བཤད་པ་ལས་ཧིའི་ཏཱ་ཏ་ཎའོ། །སྒྲ་མེད་པ་ལ་དང་པོའོ། །ཨསྟི་ལས་སོ། །ཨས་ཡོད་པ་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་ཧི་དྷི་ཉིད་དུ་འགྱུར་
เล่ม ๑๙๕ · หน้า 221a
རོ། །ཨ་དྷི། ཨ་ས་ཡོད་པ། ཧིའོ། །ཨ་སྟིའི་དང་པོ་ཞེས་པས་ཨ་ཡིག་དབྱིའོ། །དཱ་ཨ་སྟི་དག་གི་ཨེ་སྟེ་ཨ་བྷྱ་ས་དབྱི་བ་འང་ངོ་ཞེས་པས་སའི་ཨེ་ཉིད་དོ། །རྟག་པ་དང་མི་རྟག་པ་དག་ལས་རྟག་པའི་སྒྲུབ་པ་སྟོབས་དང་ལྡན་ནོ་ཞེས་པས་ཨེ་ཉིད་བྱས་པ་ན་དྷུཊ་ས་ཡིག་མེད་པའི་ཕྱིར་སྔ་
མའི་ས་དྷི་ཉིད་དུ་ཐོབ་པ་མ་ཡིན་ནོ་ཞེས་པའི་ཚིག་ལས་སོགས་ཞེ་ན། ཨེ་ཉིད་དུ་བྱས་པའང་གནས་ཅན་དང་འདྲ་བར་འགྱུར་བས་ཡོད་པ་མ་ཡིན་ཏེ། ཨའི་ཡི་གེའི་སྒྲུབ་པ་ལས་ཞེས་པས་བཀག་པའི་ཕྱིར་རོ། །ཤཱསྟིའི་ཤཱ་ཡང་ངོ་། །ཤཱསྟི་སྟེ་ཤཱ་སུ་རྗེས་སུ་སྟོན་པ་ལའོ་ཞེས་པ་འདིའི་ཧི་ཕ་རོལ་ལ་ཤཱ་རུ་བསྒྱུར་
བར་འདོད་དོ། །འང་གི་སྒྲས་ཧིའི་དྷི་ཉིད་དུ་འང་ངོ་། །ཨ་ནུ་ཤཱ་དྷི། པྲ་ཤཱ་དྷི། ཤཱ་སུ་རྗེས་སུ་སྟོན་པ་ལའོ། །ཨ་ནུ་དང་ཕྲ་སྔོན་དུའོ། །ཧིའི། ཧི་དྷི་ཉིད་དོ། །ཤ་རུ་བསྒྱུར་རོ། །ཨ་བྷྱསྟ་ལས་ཨནྟིའི་ན་དབྱིའོ། །ཨནྟ་ལ་ཡོད་པའི་ན་ནི་ཨ་བྷྱསྟ་ལས་ཕ་རོལ་གྱི་ཨནྟ་ཞེས་པ་འདིའི་ན་ཡིག་གང་ཡིན་པ་དེ་
དབྱི་བར་འགྱུར་རོ། །ཨནྟིའི་ཨི་ཡིག་ནི་བརྗོད་པའི་དོན་ཏོ། །དད་ཏི། དད་ཏུ། ད་དྷ་ཏི། ད་དྷ་ཏུ། ཛུ་ཧོ་སྟི། ཛུ་ཧྭ་ཏུ། དིར་དྲ་ཏི། དིར་དྲ་ཏུ། ཌུ་དཱཉ་སྦྱིན། ཌུདྷཱཉ་འཛིན། ཧུ་ལེན། དིར་དྲཱ་དབུལ། བརྟ་མཱ་ནའི་ཨནྟི་དང་པཉྩ་མིའི་ཨནྟུའོ། །ཨནའོ། །ཛུ་ཧོ་སྟི་སོགས་ཀྱིས་འཇིག་གོ། །ཛུ་ཧོ་སྟི་སོགས་ཀྱིས་
གཉིས་བརྗོད་དོ། །དིར་དྲའི་ཨད་སོགས་ལས་འཇིག་གོ། །ཨ་བྷྱསྟ་རྣམས་ཀྱི་ཨ་ཡིག་གོ་ཞེས་པས་ཨ་དབྱིའོ། །ཛུ་ཧོ་སྟིའི་བྱིངས་ཐམས་ཅད་པ་ལ་ཞེས་པས་བ་ཉིད་དོ། །འདིས་ན་དབྱིའོ། །ཨ་བྷྱསྟ་ལས་ཞེས་པ་ཅི་ཞེ་ན། ཡཱནྟི། ཨནྟི་སྨོས་པ་ཅི་ཞེ་ན། ད་འདིར་ན། ཌུ་དཱཉ་སྦྱིན། སཔྟ་མཱིའི་ཨཱི་རནའོ། །སྔ་མ་
བཞིན་དུ་ཨཱ་དབྱིའོ། །ཨ་ཡིག་མིན་པ་ལས་ཨཱཏྨ་ནེ་ལའང་ངོ་། །ཨནྟའི་ན་དབྱིའོ་ཞེས་པ་ཁོ་ནའོ། །ཨཱཏྨ་ནེའི་ཚིག་གི་ཨནྟའི་སྒྲ་གང་ཡིན་པ་དེའི་ཨ་ཡིག་མ་ཡིན་པ་ལས་ན་ཡིག་དབྱི་བར་འགྱུར་རོ། །ཨ་ཡིག་ལས་ཕ་རོལ་གྱི་མི་འགྱུར་རོ། །ཀུརྦ་ཏེ། ཙི་ནོ་ཏེ། ལུ་ན་ཏེ། ཌུ་ཀྲྀཉ་བྱེད། ཙིཉ་སོགས། ལུཉ་གཅོད་པ་
ལའོ། །བརྟྟ་མ་ནཱིའི་ཨནྟེའོ། །ཏན་སོགས་ལས་ཨུའོ། །སུ་སོགས་ལས་ནུའོ། །ཀྲཱི་སོགས་ལས་ནཱའོ། །ཀ་རོ་ཏིའོ་ཞེས་པས་ཡོན་ཏན་ནོ། །ཨའི་ཨཱུ་ཡིག་གོ། །བི་ཀ་ར་ཎའི་ནུའི་ཞེས་པས་བ་ཉིད་དོ། །ཀྲི་སོགས་རྣམས་ཀྱི་བི་ཀ་ར་ཎའི་ཞེས་པས་ནའི་རྐྱེན་གྱི་ཨ་དབྱིའོ། །སུ་སོགས་རྣམས་ཀྱི་ཐུང་ངུའོ། །
เล่ม ๑๙๕ · หน้า 221b
འདིས་ན་དབྱིའོ། །ཨཱཏྨ་ནེ་ཞེས་པ་ཅི་ཞེ་ན། ལུ་ནནྟི། ཨ་ཡིག་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཙྱ་བནྟེ། བླ་བནྟེ། ཙྱུང་འགྲོ། བླུང་འགྲོ། ཨནྟེ། ཨནའོ། །ཤེཏི་ལས་ཨནྟི་དང་པོའི་ཨིརའོ། །ཤཱིང་ཉལ་བ་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་ཨནྟིའི་སྒྲའི་ཨིར་ཨཱག་མ་འགྱུར་རོ། །ཨནྟིའི་ཨི་ཡིག་བརྗོད་པའི་དོན་
དང་ཨཱ་ག་མའི་ཨེ་འང་ངོ་། །ཤེར་ཏེ། ཤེར་ཏཱམ། ཨ་ཤེར་ཏ། ཤིང་ཉལ་བ་ལའོ། །བརྟྟ་ན་མཱ་ནའི་ཨནྟེའོ། །པཉྩ་མཱི་ཨནྟཱ་མའོ། །ཧྱསྟ་ནིའི་ཨནྟའོ། །ཤཱིངའི་བྱིངས་ཐམས་ཅད་པ་ལའོ་ཞེས་པས་ཡོན་ཏན་ནོ། །འདིས་ར་ཡིག་ཨཱ་ག་མའོ། །སྔ་མ་བཞིན་དུ་ན་དབྱིའོ། །ཨནྟིའི་ཞེས་པ་ཅི་ཞེ་ན། ཤེ་ཏེ། ཤ་ཡཱ་ཏེ། ཏེ་དང་
ཨཱ་ཏེའོ། །སྔ་མ་བཞིན་ཡོན་ཏན་ནོ། །བིཏྟི་ལས་ད་ལྟར་བ་ལ་པ་ར་སྨཻ་ཨཊ་སོགས་རྣམས་ཡང་ནའོ། །བཀྲ་ཤིས་པ་རསྨཻའི་ཚིག་རྣམས་སོ་ཞེས་པ་འདིར་ཚིག་རྣམས་ཞེས་པ་འདི་ཕྱིས་པའོ། །བིད་ཤེས་པ་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་པ་རསྨཻའི་ཚིག་རྣམས་ད་ལྟ་བའི་དུས་ལ་བྱས་པའི་ཏི་སོགས་རྣམས་ཨཊ་
སོགས་སུ་བསྒྱུར་བར་ཡང་ན་འགྱུར་རོ། །ཅིག་ཤོས་ཀྱི་གནས་ལ་བཤད་པའི་ཏི་སོགས་པ་རསྨཻའི་ཚིག་རྣམས་པ་རསྨཻའི་ཚིག་གི་མིང་ཅན་ཁོ་ནའི་ཨཊ་སོགས་རྣམས་སུ་འགྱུར་རོ། །བིད། བིད་ཏུཿ། བིདུཿ། བེཏྠཿ། བིད་ཐུཿ། བིད། བེ། བེདྦ། བེདྨ། བཏྟ་མཱ་ནའི་ཏི་ཏས་ཨནྟི། སི་ཐས་ཐ། མི་བས་མས་འོ། །འདི་ཏི་སོགས་
རྣམས་ཨཊ་སོགས་རྣམས་སུ་ཡང་ན་བསྒྱུར་ཞིང་གནས་ཅན་དང་འདྲ་བར་འགྱུར་བའི་ཕྱིར་བརྟ་མཱ་ནའི་གནས་སོ་ཞེས་པས་ཙཎ་པ་རོཀྵཱ་ལ་གཉིས་བརྗོད་པར་མི་འགྱུར་རོ། །གཅིག་ཚིག་ལ་ཡོན་ཏན་ཉིད་དོ། །གཞན་ལ་གཉིས་ཉིད་དང་མང་པོ་ཉིད་དག་ལ་ཞེས་པས་བཀག་གོ། །ཕྱོགས་གཅིག་ལ་བེཏྟི། བིཏྟཿ། བིད་ནྟི།
བེཏྶི། བིཏྠཿ། བིཏྠ། བིདྨི། བིདྦཿ། ད་ལྟར་བ་ལ་ཞེས་པ་ཅི་ཞེ་ན། བི་དྱཏ། པ་རསྨཻའི་ཚིག་ཅེས་པ་ཅི་ཞེ་ན། སམྦིཏྟེ། བིད་ལས་སྔོན་དུ་སཾ་ཡོད་པ་རུ་ཅི་སོགས་ལས་བརྟ་མཱ་ནའི་ཏེའོ། །བྲུའི་དང་པོ་ལྔ་རྣམས་ལ་ཨཱ་ཧ་འང་ངོ་། །དང་པོར་ཡོད་པ་དང་པོ་སྟེ། ད་ལྟར་བ་ལ་པ་རསྨཻ་ཨཊ་སོགས་སུ་ཡང་ནའོ་ཞེས་པ་ཁོ་ནའོ། །
བྲུའི་ཕ་རོལ་གྱི་ད་ལྟར་བའི་དུས་ལ་བྱས་པའི་དང་པོ་སྟེ་དང་པོར་གནས་པའི་པ་རསྨཻའི་ཚིག་ལྔ་རྣམས་ཇི་ལྟར་གྲངས་བཞིན་དུ་ཨཊ་སོགས་ལྔ་རྣམས་ཉིད་འགྱུར་ཞིང་བྲུའང་ཨཱ་ཧ་ཏུ་བསྒྱུར་བར་འགྱུར་རོ། །ཨཱཧ། ཨཱཧ་ཏུཿ། ཨ་ཧུཿ། ཨཱཏྠ། ཨཱཧ་ཐུཿ། བྲུ་ཉ་གསལ་བར་སྨྲ། ཏི་ཏས་ཨནྟི། སི་དང་ཐསའོ། །འདིས་ཨཊ་
เล่ม ๑๙๕ · หน้า 222a
སོགས་སུ་བསྒྱུར་བ་དང་བྲཱུའང་ཨཱ་ཧ་ཏུ་བསྒྱུར་རོ། །ཐལ་ཕ་རོལ་ལ་ཐལ་ལ་ཐའང་ངོ་། །ཞེས་པས་ཧའི་ཐའོ། །ཐ་དང་པོའི་ཏའི་ཕྱོགས་གཅིག །བྲི་བཱི་ཏ། བྲུ་ཏཿ། བྲུ་བནྟི། པྲ་པཱི་ཥི། པྲུ་ཐཿ། བྲུ་ལས་ཨི་ཊའོ། །ཡོན་ཏན། ལྔ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། བྲུཐ། ཐལ་བ་ལའང་ངོ་། །ཨཱཧ་ཞས་
པ་ཁོ་ནའོ། །ཨཱཧའི་མཐའ་ཐལ་ལ་སྟེ་ཐ་ཡིག་ཕ་རོལ་ལ་ཐ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཀིམ། ཨཱཏྠ། བྲུཉ་གསལ་བ་ལའོ། །བཏྟ་མཱ་ནའི་སིའོ། །སྔ་མས་སིའི་ཐལ་དང་བྲུའི་ཨཱ་ཧའོ། །འདིས་ཧའི་མཐའོ། །དེ་དང་པོའོ། །ཨཱ་ཡིག་ལས་ཨཊ་ཨཽའོ། །བྱིངས་ཨཱ་ཡིག་གི་མཐའ་ཅན་ལས་ཕ་རོལ་གྱི་ཨཊ་ཨཽ་རུ་
འགྱུར་རོ། །པ་པཽ། ཡ་ཡཽ། ད་དཽ། པཱ་འཐུང་བ། ཡཱ་ཐོབ་པ། དཱ་སྦྱིན་པ་ལའོ། །ཨཊའོ། །གཉིས་བརྗོད་དོ། །འདིས་ཨཽ་ཉིད་དོ། །ཨཊ་ཅེས་པ་ཅི་ཞེ་ན། ཡཱ་ཏི། རཱྀཏ་མཐའི་ཡོན་ཏན་མེད་པ་ལ་ཨི་རའོ། །བྱིངས་རྀ་ཡིག་མཐའ་ཅན་གྱི་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ལ་ཨིར་དུ་བསྒྱུར་བར་འགྱུར་རོ། །ཀི་ར་ཏི། གི་ར་ཏི།
ཀྲཱྀ་རྣམ་པར་གཡེང་བ། གྲྀ་གསལ་བར་བྱེད་པ། ཏིའོ། །ཨནའོ། །ཏུད་སོགས་ཀྱི་ཞེས་པས་ཡོན་ཏན་མེད་དོ། །འདིས་ཨིརའོ། ཀིརྻ་ཏེ། གཱིརྻ་ཏེ། ཏེའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །འདིས་ཨིརའོ། །ནཱ་མིའི་ར་བ་དག་ཅེས་པས་རིང་པོའོ། །རཱྀཏ་མཐའ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཏུ་ད་ཏི། ཡོན་ཏན་མེད་པ་
ལ་ཞེས་པ་ཅི་ཞེ་ན། ཀ་ར་ཏཱ། ཀྲྀ་རྣམ་པར་གཡོ་བ་ལའོ། །ཡི་གེ་གཅིག་མིན་ཐམས་ཅད་ཀྱི་ཞེས་པའི་ཚིག་མི་རྟག་སྟེ། གི་ར་ཏིའི་ཚེ་ཀྲཱི་ཡི་ཏ་ལའོ་ཞེས་པའི་ཤེས་པར་བྱེད་པ་ལས་སོ། །དེས་ན་རཱྀའི་མཐའ་དེ་བཞིན་དུ་བསྒྱུར་བར་ཤེས་པར་བྱའོ། །མཆུར་གྱུར་པ་དྷཱིའི་འང་ཨུརའོ། །མཆུ་ལས་བྱུང་བ་ནི་མཆུར་གྱུར་
པའོ། །བྱིངས་གང་གི་ཨུ་པ་དྷཱ་མཆུར་གྱུར་ཡིན་པ་དེ་མཆུར་གྱུར་ཨུ་པ་དྷཱའོ། །རྀ་མཐའི་བྱེངས་མཆུར་གྱུར་ཨུ་པ་དྷ་ཅན་གྱི་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ལ་ཨུར་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨིར་བསྒྱུར་བ་འགེགས་པ་ལའོ། །ཨཱ་པཱུཪྻཱཏ། ཨཱ་བྷཱུ་ཪྻ་ཏེ། པྲྀ་སྐྱོང་བ་ལའོ། །བྷྲྀ་སྤྱོ་བ་ལའོ། །ཏེ་དང་ཡཎའོ། །འདིས་རཱྀ་
ཡིག་གི་ཨུརའོ། །ན་མིའི་ར་བ་དག་ཅེས་པས་རིང་པོའོ། །མུམཱུཪྵ་ཏེ། བུ་བྷུཪྵ་ཏེ། སནའོ། །རཱྀཏ་མཐའ་རྣམས་ཀྱི་སན་ལའོ་ཞེས་པས་ཨིཊ་རྣམ་པར་བརྟག་པར་བཤད་དོ། །འདིས་ཨུརའོ། །ན་མིའི་ར་བ་དག་གི་ཞེས་རིང་པོའོ། །གཉིས་བརྗོད་དོ། །ཐུང་ངུའོ། །མཆུར་ཨུ་པ་དྷཱ་ཞེས་པ་ཅི་ཞེ་ན། ཏཱིཪྻ་ཏེ། ཡོན་ཏན་མེད་པ་ཞེས་
เล่ม ๑๙๕ · หน้า 222b
པ་ཅི་ཞེ་ན། པ་ར་ཏཱི། པྲྀ་སྐྱོང་བ་ལའོ། །འང་གི་སྒྲ་ལས་སོ་ལས་བྱུང་བ་ཨུ་པ་དྷཱིའི་ཡང་རཱྀཏ་མཐའི་ཡོན་ཏན་མེད་པ་ལ་ཨུར་དུ་བསྒྱུར་བར་འགྱུར་རོ། །དུ་དྷུཪྵ་ཏི། དྷི། རྒྱུ་བར་བྱེད་པ་ལའོ། །འང་གི་སྒྲས་ཨུརའོ། །ཨིན་དང་ཙཎ་ལ་མཚུངས་པ་མ་ཕྱིས་པའི་ཨུ་པ་དྷཱའི་ཐུང་ངུའོ། །གང་གི་མཚུངས་པ་ཕྱིས་པ་ཡོད་པ་མ་
ཡིན་པ་དེ་ནི་མཚུངས་པ་ཕྱིས་པ་མིན་པའོ། །དེའི་ཨུ་པ་དྷཱ་ནི་མཚུངས་པ་མ་ཕྱིས་པའི་ཨུ་པ་དྷཱའོ། །སྒྲ་གང་གི་མཚུངས་པ་མ་ཕྱིས་པ་ནི་མཚུངས་པ་མ་ཕྱིས་པ་ཏེ། དེའི་ཨུ་པ་དྷཱུ་ཐུང་ངུར་འགྱུར་རོ། །ཨིན་དང་ཙཎ་ཕ་རོལ་ལ་སྟེ་ཕ་རོལ་ལས་སོ། །ཨ་པཱིཔཙཏ། ཨ་བཱི་པ་ཋཏཱ། འཚེད་དུ་འཇུག་པ་ལ་སྦྱོར་རོ། །
ཀློག་ཏུ་འཇུག་པ་ལ་སྦྱོར་རོ་ལ་ཨིནའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །ཤྲི་དྲུ་སྲུ་ཀ་མི་ཞེས་པས་ཙ་ནའོ། །ཀཱ་རི་ཏ་དབྱིའོ། །འདིས་ཐུང་ངུའོ། །གཉིས་བརྗོད། མཚུངས་པ་མ་ཕྱིས་པ་ཞེས་པས་ཨི་ཉིད་དོ། །ཡང་བའི་རིང་པོའོ། །མཚུངས་པ་མ་ཕྱིས་པ་སྨོས་པ་ཅི་ཞེ་ན། ཨཏྱ་རཱ་ཛ་ཏ། རྒྱལ་པོ་འདའ་ཏུ་མི་
འཇུག་གོ་དང་བྱིངས་དོན་ལ་ཨིན་ཏེ་ཀཱ་རི་ཏའོ་ཞེས་པས་ཨིནའོ། །ཨིན་ལ་རྟགས་ཡི་གེ་གཅིག་མིན་པའི་མཐའི་དབྱངས་དང་པོ་དབྱིའོ། །དིའོ། །ཨཊ་བྱིངས་ཀྱི་དང་པོར་རོ། །ཙཎའོ། །གཉིས་བརྗོད། ཨུ་པ་དྷཱའི་ཞེས་པ་ཅི་ཞེ་ན། ཨཙ་ཀཱཾ་ཀྵཏ། ཀཾ་ཀྵི་འདོད་པ་ལའོ་འདོད་པ་ལ་སྦྱོར་དུ་འཇུག་གོ་ལ་ཨིནའོ། །ཙཎ་ལ་
ཞེས་པ་ཅི་ཞེ་ན། པཱཐཡ་ཏི། གང་ལ་ཨིན་ཕ་རོལ་ལ་ཨིནའི་ཕྱིས་པ་དེ་ལ་མཚུངས་པ་ཕྱིས་པ་ཉིད་ཀྱི་ཕྱིར་ཐུང་ངུ་མི་ཐོབ་ཅེས་པ་ལ་བཤད་པར་བྱ་སྟེ། ཨི་བཱི་བ་ད་ཏ། བ་ད་གསལ་བར་བརྗོད་པ་ལའོ་ཞེས་པ་འདི་ལས་ཨིན་མཐའ་ལ་སླར་ཡང་ཨིནའོ། །དིའོ། །ཙཎའོ། །ཤཱ་སུ་དང་རྀཏ་རྗེས་སུ་འབྲེལ་པ་རྣམས་ཀྱི་
མ་ཡིན་ནོ། །ཤས་སུ་རྗེས་སུ་སྟོན་པ་ལའོ་ཞེས་པ་འདི་དང་རྀཏ་རྗེས་སུ་འབྲེལ་བ་རྣམས་ཀྱི་ཨིན་དང་ཙཎ་ཕ་རོལ་ལ་ཨུ་པ་དྷཱའི་ཐུང་ངུར་མི་འགྱུར་རོ། །ཨཤ་ཤཱས་ཏ། ཨུཌུ་ཌྷཽ་ཀ་ཏ། ཨ་ཡ་ཡཱ་ཙ་ཏ། ཤཱསུ་རྗེས་སུ་སྟོན་པ་ལའོ། །ཌྷཽ་ཀྲྀ་འགྲོ་བའི་དོན་ཏོ་ཊུ་ཡཙྲི་སློང་བ་ལའོ། །སྟོན་དུ་འཇུག་གོ། །དེ་བཞིན་དུ་འགྲོ་རུ་འཇུག་
གོ། །སློང་དུ་འཇུག་གོ་ལ་ཨིནའོ། །དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། །གཉིས་བརྗོད་དོ། །པི་བ་ཏིའི་དབྱི་སྟེ། ཨ་བྷྱཱ་སའི་འང་ཨཱིཏའོ། །ཨིན་དང་ཙཎ་ཕ་རོལ་ལ་ཞེས་པ་ཁོ་ནའོ། །ཨུ་པ་དྷཱི་ཞེས་པའང་ངོ་། །པ་འཐུང་བ་ལའོ་ཞེས་པ་འདིའི་ཨུ་པ་དྷཱ་ཨིན་དང་ཙཎ་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཨ་བྷྱཱ་སའི་འང་ཨའི་ཉིད་དོ། །
เล่ม ๑๙๕ · หน้า 223a
ཨ་པཱི་པྱཏ། ཨ་པཱི་པྱཏཱམ། ཨ་པཱི་པྱན། པཱ་འཐུང་བ་ལའོ། །འཐུང་དུ་འཇུག་གོ་ལ་ཨིནའོ། །ཤཱ་ཚཱ་སཱ་ཧྭ་བྱཱ་བེ་པ་རྣམས་ཀྱི་ཨིན་ལ་ཞེས་པ་ཨཱ་ཡིག་གི་ཨ་ཡི་རུ་བསྒྱུར་བར་འགྱུར་རོ། །དིའོ། །ཏཱམའོ། །ཨན་ནོ། །ཙཎའོ། །འདིས་ཨུ་པ་དྷཱ་དབྱིའོ། །ཨིན་ལ་བྱས་པ་ནི་གནས་ཅན་དང་འདྲ་
བའོ་ཞེས་པའི་ཚིག་ལས་པ་ལན་གཉིས་བརྗོད་དོ། །ཐུང་ངུའོ། །ཨ་བྷྱསའི་ཨཱི་ཉིད་དོ། །ཏིཥྛ་ཏིའི་ཨིཏའོ། །ཥྛཱ་གནས་པ་ལའོ་ཞེས་པ་འདིའི་ཨུ་པ་དྷཱའི་ཨིན་ཕ་རོལ་ལ་དང་ཙཎ་ཕ་རོལ་ལས་ཨི་ཉིད་དུ་འགྱུར་རོ། །ཨ་ཏིཥྛི་པཏ། ཥྛཱ་གནས། གནས་སུ་འཇུག་གོ་ལ་ཨིནའོ། །ཨརྟྟི་ཧྲཱི་ཙླཱི་རཱི་ཀྵ་ཡི་དང་ཨཏ་མཐའ་
རྣམས་ཀྱི་ཞེས་པས་པ་ཡིག་ཨཱ་མའོ། །དིའོ། །ཙཎའོ། །འདིས་ཨུ་པ་དྷཱའི་ཨི་ཉིད་དོ། །གཉིས་བརྗོད་དོ། །ཨིཊ་པས་ལས་ཕ་རོལ་གྱི་སྒྲ་མེད་པའོ། །ཛི་གྷྲ་ཏིའི་ཡང་ནའོ། །གྷྲ་དྲི་ཉེ་བར་ལེན་པ་ལའོ་ཞེས་པ་འདིའི་ཨུ་པ་དྷཱའི་ཨིན་དང་ཙ་ཎ་ཕ་རོལ་ལ་ཨི་ཉིད་དུ་ཡང་ན་འགྱུར་རོ། །ཨ་ཛིགྷྲི་པཏ། དྲི་འཛིན་དུ་འཇུག་གོ་
ལ་ཨིཎའོ། །ཨརྟྟི་ཧྲཱི་ཙླཱི་ཞེས་སོགས་ཀྱིས་པ་ཡིག་ཨཱ་ག་མའོ། །དིའང་ངོ་། །ཙ་ཎའོ། །འདིས་ཨུ་པ་དྷཱའི་ཨི་ཉིད་དོ། །གཉིས་བརྗོད་དོ། །ཨ་བྷྱའི་སའི་བྱ་བའོ། །ཕྱོགས་གཅིག་ལ། ཨ་ཛི་གྷྲ་པཏ། མཚུངས་པ་མ་ཕྱིས་པའི་ཞེས་པས་ཨི་ཉིད་དོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་
པར་ཀུན་བཤད་པའི་རྐང་པ་ལྔ་པའི་སྐབས་རྫོགས་སོ།། །།ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཡོན་ཏན་མེད་པ་ལ་ཨ་ནུ་ཥཾ་ག་དབྱིའོ། །གང་རྣམས་ཀྱི་ཨིཏ་རྗེས་སུ་ཡོད་པ་དེ་རྣམས་ནི་ཨིཏ་རྗེས་སུ་འབྲེལ་པའོ། །དེ་ནས་དགག་པའི་ཚིག་སྡུད་དོ། །བྱིངས་གང་རྣམས་ཀྱི་ཨིཏ་རྗེས་སུ་འབྲེལ་པ་མ་
ཡིན་ཏེ་ཨི་ཡིག་རྗེས་སུ་འབྲེལ་པ་མ་ཡིན་པ་དེ་རྣམས་ཀྱི་ཨ་ནུ་ཥཾ་ག་ཡོན་ཏན་མེད་པའི་རྐྱེན་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཤྲ་སྱ་ཏེ། དྷྭ་སྱ་ཏེ། བྷྲ་སྱ་ཏེ། ཤྲནྶུ་དང་དྷྭནྶུ་དང་བྷྲནྶུ་འོག་ཏུ་ལྟུང་བ་ལའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །འདིས་ཨ་ནུ་ཥཾ་ག་དབྱིའོ། །ས་ནཱི་པྲ་སྱ་ཏེ། ད་ནཱི་དྷྭ་སྱ་ཏེ། ཤིན་ཏུ་ལྟུང་ངོ་ལ་ཡ་སྒྲའོ། །
ཨ་ནུ་ཥཾ་ག་དབྱིའོ། །གཉིས་བརྗོད་དོ། །བཾ་ཙི། ཤྲནྶི། དྷྭནྶ། བྷྲནྶ། མཐའ་ནིའོ་ཞེས་པས་ནཱི་ཨཱ་ག་མའོ། །ཐམས་ཅད་ལ་ཎ་རྗེས་སུ་འབྲེལ་པ་དང་ཞེས་པས་ཡོན་ཏན་མེད་དོ། །ཤྲསྟཿ། དྷྭསྟཿ། བྷྲཥྚཿ། ནིཥྛའོ་ཞེས་པས་ཀྟའོ། །ཡཎ་དང་འདྲ་བའི་དངོས་པོ་ལས་ཡོན་ཏན་མེད་པ་ཉིད་དོ། །ཚ་ཤ་དག་གིའང་ངོ་
เล่ม ๑๙๕ · หน้า 223b
ཞེས་པས་ཥ་ཉིད་དོ། །ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཞེས་པ་ཅི་ཞེ་ན། བནྟྱ་ཏེ། བིད་མངོན་པར། ཨི་ཡིག་ནི་ན་ཡིག་ཨཱ་ག་མའི་དོན་ཏོ། །ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་རྣམས་ཀྱི་ཞེས་དགག་པ་བྱས་པའི་ཤུགས་ལས་ན་ཡིག་ཨཱ་ག་མའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཤྲནྶི་ཏཱ། ཤྭསྟ་ནིའི་ཏཱའོ། །འོ་ན་འདི་
ཡང་ཡོན་ཏན་མེད་པ་སྟེ་ཀུཊ་སོགས་རྣམས་ཀྱི་འདི་ཕ་རོལ་ལ་ཡོན་ཏན་དཀག་པ་མཐོང་བའི་ཕྱིར་ཡཎ་སོགས་རྣམས་ཀྱང་འགའ་ཞིག་ཏུ་གང་ཡོན་ཏན་མེད་པར་རབ་ཏུ་གྲགས་པ་རྣམས་ཀྱིས་གྲུབ་པ་དེ་རྣམས་ཀྱང་མཐོང་ངོ་། །ཡོན་ཏན་ཅན་དཔེར་ན། ཛཱ་ག་ཏྱ་ཏེ་ཞེས་པ་སོགས་ཡོན་ཏན་དང་ཡོན་ཏན་མེད་པ་རྣམ་པར་གཞག་པ་
གང་ཡིན་པ་དེ་ལ་རྣམ་པར་གཞག་པ་ཅི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། དཀྱུས་མ་དང་ཁྱད་པར་གྱི་ཚིག་སོགས་ཉེ་བ་མེད་པ་རྐྱེན་གང་ལ་དགག་པ་བྱ་བ་སྟེ། ཡོན་ཏན་མཚུངས་པས་ཡོན་ཏན་དང་བཅས་པ་ཅི་ལྟ་བ་བཞིན་དུ་ཡཎ་སོགས་ནི་ཉེ་བའི་ཚིག་སོགས་དཀྱུས་མའི་ཡོན་ཏན་བཀག་པ་གང་ལ་ཡོན་ཏན་མེད་པ་མ་ཡིན་པ་
དེ་དཔེར་ན་ཀུཊ་སོགས་མཚན་གཞིའི་ངོར་ཡང་། ཁྱད་པར་ལས་བརྟན་པ་གང་ལས་འདི་ནི་བག་མེད་པ་ལས་ཡོན་ཏན་དང་ཡོན་ཏན་མེད་པ་སྟེ། ཡོན་ཏན་དང་བཅས་པའམ་ཡོན་ཏན་མེད་པ་བག་མེད་པ་ཅན་ཁོ་ན་ལས་སོ། །འདིར་ཡོན་ཏན་དང་བཅས་པ་ཉིད་དམ་ཡོན་ཏན་མེད་པ་ཉིད་རབ་ཏུ་གྲགས་པས་གྲུབ་པ་མ་ཡིན་ཏེ།
རྐྱེན་ཐ་དད་པའོ། །དམྦྷིའི་ཨིཊ་མེད་པར་གྱུར་པ་ལས་ཨ་ནུ་ཥཾ་ག་དབྱི་བར་འདོད་དེ། དྷིསྤཏི། དནྦྷུ་ཚུལ་འཆོས་པ་ལའོ། །སནའོ། །སན་ལ་འདིའི་ཨིཊ་ཡང་ནའོ། །གཉིས་བརྗོད་དོ། །བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་དའི་དྷའོ། །དནྦྷིའི་ཨིཏའང་ངོ་ཞེས་པས་དབྱངས་ཀྱི་ཨི་ཉིད་དོ། །སྒྲ་མེད་པ་རྣམས་
ལ་ཤིཊ་མ་ཡིན་པ་རྣམས་ཀྱི་དང་པོའོ་ཞེས་པས་བྷའི་བའོ། །འདི་ནས་ཨ་བྷྱཱ་སའི་དབྱིའོ་ཞེས་པས་ཨ་བྷྱ་ས་དབྱིའོ། །ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། དི་དམྦྷི་ཥ་ཏི། ན་སྒྲ་ལས་ཀྱང་བི་ཀ་ར་ཎ་ལས་སོ། །ཨིཏ་རྗེས་སུ་འབྲེལ་པ་མ་ཡིན་པ་ཡོན་ཏན་མེད་པ་ཞེས་པ་མི་འཇུག་གོ། །ན་སྒྲ་ལས་བི་ཀ་ར་ཎ་ལས་ཕ་
རོལ་གྱི་ཨ་ཎུ་ཥཾ་ག་དབྱིའོ། །ཧིཾ་སྟི། ཧིཾ་སྟཿ། ཧིཾ་སནྟི། ཧྲི་ཧ་དང་ཧི་སི་འཚེ་བ་ལའོ། །ཨི་ཡིག་ནི་ན་ཡིག་ཨཱ་ག་མའི་དོན་ཏོ། །ཨིཏ་རྗེས་སུ་འབྲེལ་པ་མིན་པ་ཞེས་པའི་ཤེས་པར་བྱེད་པ་ལས་ན་ཨཱ་ག་མའོ། །རུ་དྷ་སོགས་ཀྱི་དབྱངས་ལས་ཞེས་ན་སྒྲའོ། །རུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའ་དབྱིའོ། །འདིས་
เล่ม ๑๙๕ · หน้า 224a
ཨ་ནུ་ཥཾ་ག་དབྱིའོ། །རྗེས་སུ་ང་རོའོ། །བྷཾ་ཀྟི། བྷཾཀྟཿ། བྷཉྫནྟི། བྷཉྫོ་ཉེ་བ་ལའོ། །སྔ་ན་བཞིན་དུ་ན་སྒྲ་དང་མཐའ་དབྱིའོ། །ཙ་སྡེའི་ཀིའོ། །ཨ་ནུ་ལཾ་ག་དབྱིའོ། །ན་སྒྲ་ལས་ཞེས་པའི་ནུས་པས་བྱེ་པ་པོ་ལའོ། །གཞན་པས་ནི་བི་ཀ་ར་ཎ་ལས་ཕ་རོལ་གྱི་ཨ་ནུ་ཥཾ་ག་དབྱི་བ་
མེད་དོ། །བི་ཀ་ར་ཎ་ལས་ཞེས་པ་ཅི་ཞེ་ན། ནནྡ་ཏི། ཨིནྡ། བྲནྠི། གྲནྠི། དནྦྷི་རྣམས་ཀྱི་པ་རོ྅ཀྵ་ལ་ཡོན་ཏན་མེད་པ་ལའོ། །ཉི་ཨིནྡྷི་འབར་བ། ཤྲནྠ་དང་གྲནྡྲ་གཞུང་བསྒྲིག་པ་ལའོ། །དནྦྷ་ཚུལ་འཆོས་པ་ལའོ་ཞེས་པ་འདི་རྣམས་ཀྱི་པ་རོཉཀྵཱ་ཡོན་ཏན་མེད་པ་ཕ་རོལ་ལ་ཨ་ནུ་ཥཾ་ག་དབྱི་བར་འགྱུར་
རོ། །ས་མཱིདྷེ། ཉི་ཨིནྡྷི་འབར་བ་ལའོ། །ཉིའི་སྒྲ་ནི་ཉི་རྗེས་སུ་འབྲེལ་པ་དང་འདོད་པ་ཞེས་པའི་དོན་ཏོ། །སཾ་སྔོན་དུའོ། །པ་རོ྅ཀྵའི་ཨེའོ། །ཨ་ནུ་ཥཾ་ག་དབྱིའོ། །གཉིས་བརྗོད། མཚུངས་པའི་རིང་པོའོ། །ནཱ་མི་དང་པོ་ལྗི་བ་ལྡན་པ་ཞེས་པས་ཨམ་གྱི་རྐྱེན་མི་འགྱུར་རོ། །སམཱ་དྷི་ཞེས་པ་འདིའི་སྡེབ་སྦྱོར་
ཡོད་པ་ཉིད་ཀྱི་ཕྱིར་རོ། །ཤྲེ་ཐ་ཏུཿ། ཤྲེཐུཿ། གྲེཐ་ཏུཿ། དེ་བྷ་ཏུཿ། དེ་བྷུཿ། ཨ་ཏུས་ཨུསའོ། །གཉིས་བརྗོད་དོ། །ཏྲྀ་ཕལ་བྷཛ་ཏྲ་པ་ཤྲནྠི་ཞེས་པ་ཨི་ཉིད་དང་ཨ་བྷྱཱ་ས་དབྱི་བ་དག་གོ། །ཨ་ནུ་ཥཾ་ག་དབྱིའོ། །གྲུབ་པ་ལ་སྦྱོར་བ་རྩོམ་པ་ནི་ངེས་པའི་དོན་དུའོ། །ཨིནྡྷི་སོགས་ཁོ་ནའི་ཕ་རོ྅ཀྵ་ཡོན་ཏན་མེད་པ་ལ་
ཨ་ནུ་ཥཾ་ག་དབྱི་བ་ཇི་ལྟ་བར་འགྱུར་རོ། །གཞན་རྣམས་ཀྱི་མི་འགྱུར་ཏེ། ཤ་ཤྲཾ་སེ། ཐལ་ལའང་ངོ་། །ཤྲནྠི་གྲནྛ་དམྦྷི་རྣམས་ཁོ་ནའོ། །ཨིནྡྷིའི་ཨཱཏྨ་ནེའི་ཚིག་ཉིད་ལས་ཐལ་མེད་དོ་ཞེས་པ་འདི་རྗེས་སུ་འབྲེལ་པ་མ་ཡིན་ཏེ། ཤྲནྠི་གྲནྠི་དམྦྷི་རྣམས་ཀྱི་ཕ་རོལ་ལ་ཨ་ནུ་ཥཾ་ག་དབྱི་བར་འགྱུར་རོ། །ཤྲི་ཐི་ཐ། གྲེ་
ཐི་ཐ། སྔ་མ་བཞིན་དུ་ཨེ་ཉིད་དང་ཨ་བྷྱཱ་སཱ་དབྱི་བ་དག་གོ། །དཾ་ཤི་སཾ་ཛི་སྭ་ཛི་རཉྫི་རྣམས་ཀྱི་ཨན་ལའོ། །དཾ་ཤ་སོས་ཟ་བར་བྱེད་པ་ལའོ། །ཥཾ་ཛ་འགྲོགས་པ་ལའོ། །རཾ་ཇེ་ཚོས་ལའོ་འདི་རྣམས་ཀྱི་ཨན་ཕ་རོལ་ལ་ཨ་ནུ་ཥཾ་ག་དབྱིའོ། །ད་ཤཏི། ས་ཛ་ཏི། པ་རི་ཥྭ་ཛ་ཏི། ར་ཛ་ཏི།
ཨན་ལ་ཞེས་པ་ཅི་ཞེ་ན། ཨུ་པ་དཾ་ཤཿ། བངྒཿ། བ་རི་ཥྭཾ་ག །རངྒཿ། དངོས་པོ་ལ་གྷཉའོ། །ཙ་ཛ་དག་གི་དྷུཊ་དང་གྷ་རྗེས་སུ་འབྲེལ་པ་ལ་ཀ་ག་དག་ཅེས་པས་ཛའི་གའོ། །རཾ་ཛའི་ཨིན་ཕ་རོལ་ལ་སྨིག་རྒྱུའི་དོན་ལ་ཨ་ནུ་ཥཾ་ག་དབྱི་བར་བྱ་སྟེ། ར་ཛ་ཡ་ཏི་མྲྀ་གཾ ། སྐོམ་དུ་འཇུག་གོ་ལ་ཨིནའོ། །ཨའི་ཨུ་པ་དྷཱ་ཞེས་
เล่ม ๑๙๕ · หน้า 224b
པས་རིང་པོའོ། །མ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཐུང་ངུའོ། །སྨྲིག་རྒྱུ་ཞེས་པ་ཅི་ཞེ་ན། རཉྫ་ཡ་ཏི་བ་སྟྲཾ། ཨིན་ཨིཙ་ཨཊ་རྣམས་ལ་ཨུ་པ་དྷཱའི་ཨ་རིང་པོ་སྟེ་ནཱ་མི་རྣམས་ཀྱིའང་འཕེལ་བའོ། །ཨ་ཡིག་ཨུ་པ་དྷཱ་གྱུར་པ་རིང་པོ་དད་ན་མི་རྣམས་ཀྱི་ཡང་དེ་བཞིན་ཉིད་དུ་འཕེལ་བར་འགྱུར་ཏེ། ཨིན་དང་ཨི་ཅེ་དང་ཨཊ་ཕ་
རོལ་ལའོ། །པཱ་ཙ་ཡ་ཏི། ཡཱ་ཛ་ཡ་ཏི། ཙཱ་ཡ་ཡ་ཏི། ནཱ་ཡ་ཡ་ཏི། ཧཱབ་ཡ་ཏི། པཙ་འཚེད། ཡ་ཇེ་ལྷ། ཙིཉ་སོག །ཎཱིཉ་ཐོབ། ཧུ་སྦྱིན་པ། འཚེད་དུ་འཇུག་གོ། །མཆོད་དུ་འཇུག་གོ། །དེ་བཞིན་དུ་སོག་ཏུ་འཇུག་གོ། །ཐོབ་ཏུ་འཇུག་གོ། །ལེན་དུ་འཇུག་གོ་ལ་ཨིནའོ། །པ་ཙ་དང་ཡ་ཛ་དག་གི་ཨུ་པ་དྷཱིའི་ཨཱ་རིང་
པོའོ། །གཞན་རྣམས་ཀྱི་ནཱ་མི་མཐའི་འཕེལ་བ་ཨཻ་དང་ཨཽའོ། །ཨི་ཙལ། ཨ་པཱ་ཙི། ཨ་ཡཱ་ཙི། ཨ་ཀཱ་རི། ཨ་དྱ་ཏ་ནཱིའི་ཏའོ། །དངོས་པོ་དང་ལས་དག་ལའང་ངོ་། །ཞེས་པས་ཨིཙའོ། །ཨིཙ་ལས་ཏ་དབྱིའོ། །རིང་པོའོ། །འཕེལ་བ་འང་ངོ་། །ཨཊ་ལ། པ་པཱ་ཙ། ཙིཙཱ་ཡ། ཛུ་ཧཱ་བ། ཙཀཱ་ར། ཨའི་
ཞེས་པ་ཅི་ཞེ་ན། བྷེ་ད་ཡ་ཏི། འབྱེད་དུ་འཇུག་གོ་ལ་ཨིནའོ། །ཡོན་ཏན་ནོ། །ཨུ་པ་དྷཱ་ཞེས་པ་ཅི་ཞེ་ན། ཙ་ཀཱ་པ་ཡ་ཏི། གསལ་བར་བྱེད་དུ་འཇུག་གོ་ལ་ཨིན་ནོ། །ཨིན་ཨི་ཙ་ཨཊ་རྣམས་ལ་ཞེས་པ་ཅི་ཞེ་ན། པ་ཋ་ཏི། མིང་སྔོན་མ་ཅན་གྱི་ཆོ་ག་མི་རྟག་ཅེས་པའི་ཚིག་ལས་ཕྱི་མའི་གཅིག་ཚིག་ཨཊ་ལ་འཕེལ་བ་
དང་རིང་པོ་ཡང་ན་འགྱུར་རོ། །ཨ་ཧཾ་ཙི་ཙཱ་ཡ། ཨ་ཧཾ་ཙི་ཙ་ཡ། ཨ་ཧཾ་པཱ་པཙ། ཨ་ཧཾ་པ་པཙ། ཨ་ཧཾ་པ་པཱ་ཋ། ཨ་ཧཾ་པ་པ་ཋ། དབྱངས་མཐའ་རྣམས་ཀྱི་སི་ཙ་ལ་རསྨཻའོ། །འཕེལ་བའོ་ཞེས་པ་ཉིད་དོ། །བྱིངས་དབྱངས་མཐའ་ཅན་རྣམས་ཀྱི་མཐའི་སིཙ་དང་པ་རསྨཻའི་ཚིག་ཕ་རོལ་ལ་འཕེལ་བར་འགྱུར་རོ། །ཨ་
ཙེ་ཥཱི་ཏ། ཨ་ནཻ་ཥཱི་ཏ། ཨ་སྟཱ་བི་དཱ་ཏ། ཨ་ལཱ་བཱི་ཏ། ཙི་ཉ་སོག །ཎིཉ་ཐོབ། སྟུཉ་བསྟོད་པ། ལུ་ཉ་གཅོད། དེའོ། །སིཙའོ། །སིཙ་ལས་སོ་ཞེས་པས་ཨཱི་ཊའོ། །འདིས་འཕེལ་བའོ། །སྟུ་ལས་སྟུ་པུ་དྷུ་ཉ་རྣམས་ལ་པ་རསྨཻའི་པའོ་ཞེས་པས་ཨི་ཊའོ། །ལུཉ་ལ་འང་ངོ་ཨིཊ་ལས་ཀྱང་ཨཱིཊ་ལ་ཞེས་པས་ཨིཊ་དབྱིའོ། །
སི་ཙ་ལ་ཞེས་པ་ཅི་ཞེ་ན། ནེ་ཏཱ། པ་རསྨཻ་ལ་ཞེས་པ་ཅི་ཞེ་ན། ཨ་ཙྱཽཥྚ། ཙྱུང་འགྲོ་བ་ལའོ། །ཨ་དྱ་ཏ་ནཱིའི་ཏའོ། །སིཙའོ། །ཡོན་ཏན་ནོ། །ཨུཏ་ལས་ཡུ་ཏུ་ཎུ་ཞེས་པས་ཨིཊ་མེད་དོ། །གསལ་བྱེད་མཐའ་ཅན་རྣམས་ཀྱི་ཨིཊ་མེད་པ་རྣམས་ཀྱིའོ། །གང་རྣམས་ལ་ཨིཊ་ཡོད་པ་མ་ཡིན་པ་དེ་རྣམས་ནི་ཨིཊ་མེད་པ་
เล่ม ๑๙๕ · หน้า 225a
རྣམས་སོ། །སིཙ་ལས་པ་རསྨཻ་ཞེས་པ་ཁོ་ནའོ། །ནཱ་མི་རྣམས་ཀྱི་ཞེས་པའང་ངོ་། །བྱིངས་གསལ་བྱེད་ཀྱི་མཐའ་ཅན་ཨིཊ་མེད་པའི་ནཱ་མི་རྣམས་ཀྱི་སི་ཙ་ཕ་རོལ་ལ་པ་རསྨཻ་ཕ་རོལ་ལ་འཕེལ་བར་འགྱུར་རོ། །ཡོན་ཏན་བསལ་བའོ། །ཨ་བྷཻ་ཏྶཱིཏ། ཨ་ཙྟྶཻ་ཏྶཱིཏ། ཨ་རཽ་ཏྶཱི་ཏ། བི་དིར་རྣམ་པར་
འཇོམས་པ་ལའོ། །ཙྪི་དིར་གཉིས་སུ་བྱེད་པ་ལའོ། །རུ་དྷིར་འགོག་པ་ལའོ། །སི་ཙའོ། །སི་ཙ་ལས་སོ་ཞེས་པས་ཨཱི་ཊའོ། །དིའོ། །ཨ་དི་ནུ་དི། ཏུ་དི་ཞེས་པ་དང་རཱ་དྷི། རུ་དྷི་ཞེས་པས་ཨིཊ་མེད་དོ། །འདིས་འཕེལ་བ་ལའོ། །ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཨ་ཀོ་ཥཱི་ཏ། ཀུ་ཤ་ངེས་པར་རྟོགས་པ་ལའོ། །
དིའོ། །སིཙའོ། །ཨིཊའོ། །ཨིཊ་ལས་ཀྱང་ལས་ཨཱིཊ་ལའོ་ཞེས་པས་སིཙ་དབྱིའོ། །ཡོན་ཏན་ནོ། །ཨའི་ཡང་རིང་པོའོ། །བྱིངས་གསལ་བྱེད་ཀྱི་མཐའ་ཅན་རྣམས་ཀྱི་ཨིཌ་མེད་པའི་ཨ་ཡིག་གང་ཡིན་པ་དེ་སིཙ་པ་རསྨཻའི་ཕ་རོལ་ལ་རིང་པོར་འགྱུར་རོ། །ཨ་པཱཀྵཱི་ཏ། ཨ་བྷཱ་ཀྵཱིཏ། ཨ་དཱཀྵཱི་ཏ། པ་ཙ་འཚེད་
པ་ལའོ། །བྷནྫ་འཇོམས་པ་ལའོ། །དཧ་ཐལ་བར་བྱེད་པ་ལའོ། །དིའོ། །སིཙའོ། །སི་ཙ་ལ་ཞེས་པས་ཨཱིཊའོ། །འདིས་རིང་པོའོ། །རྩ་སྡེའི་ཀིའོ། །ད་དང་པོའི་གྷའོ། །སྒྲ་མེད་པ་རྣམས་ལ་ཤིཊ་ཞེས་པས་ཀའོ། །ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཨ་ར་ཀྵི་ཏ། ཨིཊ་དང་བཅས་པ་ལ་ཡང་ནའོ། །ཨིཊ་དང་ལྷན་
ཅིག་པར་འཇུག་པའི་བྱིངས་གང་ཡིན་པ་དེ་ཨིཊ་དང་བཅས་པའོ། །ཨའི་ཞེས་པ་ཁོ་ནའོ། །ཨུ་པ་དྷཱ་ཞེས་པ་འདིར་འབྲེལ་ཏེ། ཨིཊ་དང་བཅས་པའི་བྱིངས་ཨ་ཡིག་ཨུ་པ་དྷཱ་གྱུར་པའི་སི་ཙ་དང་པ་རསྨཻའི་ཚིག་ཕ་རོལ་ལ་རིང་པོར་ཡང་ན་འགྱུར་རོ། །ཨ་ཀཱ་ནཱི་ཏ། ཨ་ཀ་ནཱི་ཏ། ཨ་རཱ་ཎཱི་ཏ། ཨ་ར་ཎཱི་ཏ། ཀན་དང་
རཎ་སྒྲ་ལའོ། །ཨའི་ཞེས་པ་ཅི་ཞེ་ན། ཨ་དེ་བཱིཏ། དི་བུ་བརྩེ་བ་ལའོ། །ཨུ་པ་དྷ་ཞེས་པ་ཅི་ཞེ་ན། ཨ་རཀྵཱི་ཏ། ཧ་ཡིག་དང་ཡ་ཡིག་དང་མ་ཡིག་མཐའ་རྣམས་ཀྱི་ཨིཊ་དང་བཅས་པ་རྣམས་དང་ཀྵ་ཎུ་ཤ་སུ་དག་དང་ཨེཏ་རྗེས་སུ་འབྲེལ་བ་རྣམས་དང་། དེ་བཞིན་དུ་དབྱངས་དང་པོ་ཅན་ཨིཊ་དང་བཅས་པ་རྣམས་ཀྱི་
རིང་པོར་མི་འདོད་དེ། ཨ་གྲ་ཧཱིཏ། ཨ་བ་མཱིཏ། ཨ་བྱ་ཡཱིཏ། གྲཧ་ཉེ་བར་ལེན་པ་ལའོ། །ཌ་བ་མ་སྐྱུག་པ་ལའོ། །བྱ་ཡ་འགྲོ་བ་ལའོ། །ཀྵཎ་དང་ཤ་སུ་དག་ལ། ཨཀྵ་ཎཱི་ཏ། ཨ་ཤ་སཱིཏ། ཀྵ་ཎུ་འཚེ་བ་ལའོ། །ཤ་སུ་འཚེ་བ་ལའོ། །ཨིཏ་རྗེས་སུ་འབྲེལ་བ་རྣམས་ཀྱི། ཨར་གཱིཏ། ར་གེ་ཆགས་པ་ལའོ། །ཨེ་
เล่ม ๑๙๕ · หน้า 225b
ཡིག་ནི་སི་ཙལ་རིང་པོ་དགག་པའི་དོན་ཏོ། །དབྱངས་དང་པོ་ཨིཊ་དང་བཅས་པ་རྣམས་ཀྱི། མཱ་བྷན་པན་ཊཱིཏ། ཨཊ། པཊ་འགྲོ་བ་ལའོ། །མཱ་བྷ་བན་གྱི་སྒྲས་སྦྱར་བའོ། །ཨའི་ཡི་གེའི་ཨ་ཡིག་གོ་ཞེས་པས་ཨ་ཡིག་གི་ཨཱ་ཡིག་ཐོབ་པ་མ་ཡིན་ཏེ། མཱ་དང་མསྨ་སྦྱོར་བ་ལ་མ་ཡིན་ནོ་ཞེས་བཀག་པ་ལས་སོ། །
བ་ད་པྲ་ཛ་རལ་མཐའ་རྣམས་ཀྱིའང་ངོ་། །ར་དང་ལ་ནི་ར་ལ་དག་གོ། །གང་གི་མཐའ་ར་ལ་ཡིན་པ་དེ་རྣམས་ར་ལ་མཐའ་རྣམས་ཏེ་ཨཱི་ཨུ་པ་དྷཱ་ཞེས་པའང་རྗེས་སུ་འཇུག་གོ། །བ་ད་གསལ་བར་བརྗོད་པ་ལའོ། །བྲཛ་འགྲོ་བ་ལའོ་ཞེས་པའི་བྱིངས་འདི་དག་དང་། དེ་བཞིན་དུ་ར་དང་ལའི་མཐའ་ཅན་གྱི་བྱིངས་རྣམས་
ཀྱིའང་ཨ་ཡིག་ཨུ་པ་དྷཱའི་སིཙ་དང་པ་རསྨཻའི་ཚིག་ཕ་རོལ་ལ་རིང་པོར་འགྱུར་རོ། །ཨ་བཱ་དཱ་ཏི། ཨ་བྲཱ་ཛཱི་ཏ། ཨ་ཙ་རཱིཏ། ཙ་ར་འགྲོ། ཕལ་རྫོགས། ཨའི་ཞེས་པ་ཅི་ཞེ་ན། ཨ་ཁོ་རཱི་ཏ། ཀྵུར་དང་། ཁུར་རྣམ་པར་འཁྲི་བ་ལའོ། །ཨུ་པ་དྷཱིའི་ཞེས་པ་ཅི་ཞེ་ན། ཨ་བ་བྷྲིཏ། ཨ་ཤྭ་ལ་ལཱིཏ། ཨ་བྷྲ།
མ་བྷྲ། བབྷྲ། ཙེར་འགྲོ་བའི་དོན་ཏོ། །ཤལ། ཤྭལླ་མྱུར་དུ་འགྲོ་བ་ལའང་ངོ་། །ཤྭི་ཛཱ་གྲྀ་དག་གི་ཡོན་ཏན་ནོ། །ཌུ་ཨོ་ཤྭི་འགྲོ་བ་འཕེལ་བ་ལའོ། །ཛཱེ་གྲྀ་སད་པ་ལའོ། །འདི་དག་གི་སིཙ་དང་པ་རསྨཻའི་ཚིག་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །དབྱངས་མཐའ་རྣམས་ཀྱི་སིཙ་ལ་པ་རསྨཻའི་ལའོ་ཞེས་པས་འཕེལ་
བ་ཐོབ་པ་ལའོ། །ཨ་ཤྭ་ཡཱི་ཏ། ཨ་ཛཱ་ག་རཱི་ཏ། ཨརྞུ་ཏིའི་ཡང་ནའོ། །ཨཱུརྣུཉ་སྒྲིབ་པ་ལའོ་ཞེས་པ་འདིའི་སིཙ་ལ་དང་པ་རསྨཻ་ཚིག་ཕ་རོལ་ལ་ཡོན་ཏན་དུ་ཡང་ན་འགྱུར་རོ། །པྲཽརྞ་བཱིཏ། པྲཽཎྞཱ་བཱི་ཏ། པྲོཎུ་བཱིད་ཏ། འདིས་ཡོན་ཏན་ཡང་ནའོ། །ཕྱོགས་གཅིག་ལ་སིཙ་ལ་པ་རསྨཻ་ལ་ཞེས་པས་འཕེལ་བའོ། །ཕྱོགས་
གཅིག་ལ་བི་ཛིའི་ཨིཊ་ལའོ་ཨུརྞུའི་ཡང་ནའོ་ཞེས་པས་ཡོན་ཏན་རྣམ་པར་བརྟག་པའོ། །དབྱངས་དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ། །ཨརྟྟི་སརྟྟི་དག་གི་ཨཎ་ལའོ། །ཨརྟྟི་སརྟྟི་ཞེས་པ་རྀ་སྲྀ་འགྲོ་བ་ལའོ། །རྀ་འགྲོ་བ་དང་ཐོབ་པ་ལའོ། །སྲྀ་འགྲོ་བ་ལའོ་ཞེས་པ་ཐུན་མོང་དུ་གཟུང་བའོ། །ཨརྟི་དང་སརྟི་
དག་གི་ཨཎ་ཕ་རོལ་ལ་ཡོན་ཏན་ཏུ་འགྱུར་རོ། །ཎ་ནི་ཎ་རྗེས་སུ་ཞེས་པའི་དགག་པ་འགེགས་པའོ། །ཨཱ་ར་ཏ། ཨ་ས་ར་ཏ། པུཥ་སོགས་ཀྱི་མདོས་ཨཎའོ། །འདིས་ཡོན་ཏན་ནོ། །ཨའི་ཡི་གེའི་ཨཱ་ཡིག་གོ་ཞེས་པས་ཨ་ཡིག་གི་ཨཱ་ཡིག་གོ། །སརྟི་ལས་བྱིངས་ཀྱི་དང་པོར་ཨཊའོ། །ཨརྟི་དང་སརྟི་དག་གི་
เล่ม ๑๙๕ · หน้า 226a
ཞེས་པ་ཅི་ཞེ་ན། ཨ་མུ་ཥཏ། སྔ་མ་བཞིན་ཨཎའོ། །ཛཱགརྟའི་ཀཱ་རི་ཏའོ་ལའོ། །ཛཱ་གྲྀ་སད་པ་ལའོ་ཞེས་པ་འདིའི་ཀཱ་རི་ཏ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །འཕེལ་བ་ལ་དམིགས་བསལ་ལོ། །ཛཱ་ག་ར་ཡ་ཏི། སད་དུ་འཇུག་ལ་ཨིནའོ། །ཀཱ་རི་ཏ་ལ་ཞེས་པ་ཅི་ཞེ་ན། ཛ་ཛཱ་གཱ་ར། ཨཊའོ། །
ཡཎ་ཨཱ་ཤཱིཥ་དགལ་ཡ་ལའོ། །ཛཱ་གྲྀའི་ཡཎ་ཕ་རོལ་དང་ཨཱ་ཤཱི་ཥཱི་ཡ་ཡིག་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །ཛཱ་གཪྻཏེ། ཛཱགཪྻཏཱ། པ་རོ྅ཀྵ་ལ་ཡོན་ཏན་མེད་པ་ལའོ། །ཛ་གྲྀའི་པ་རོ྅ཀྵ་ཡོན་ཏན་མེད་པ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་རོ། །ཛ་ཛཱ་ག་ར་དུཿ། ཛ་ཛཱ་ག་ཏུཿ། པ་རོ྅ཀྵཱ་ལ་ཞེས་པ་ཅི་ཞེ་ན། ཛཱ་གྲིཏི།
ཨནྟིའོ། །ཨ་བྷྱཱསྟ་ལས་ཨིནྟིའི་ན་དབྱིའོ་ཞེས་པས་ན་ཡིག་དབྱིའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཛ་ཛཱ་གཱ་ར། འཕེལ་བའི་ཆོ་ག་ཉིད་ལ་ཡོན་ཏན་དུ་མི་འགྱུར་རོ། །བརྩེགས་པ་དང་པོའི་རྀ་ཏའི་ཡང་ངོ་། །བརྩེགས་པ་དང་པོའི་ཏྀཏ་ཏི་རྀ་ཡིག་པ་རོཉཀྵ་ཡོན་ཏན་མེད་པ་ལ་ཡོན་ཏན་དུ་འགྱུར་རོ། །ས་སྭ་ར་ཏུཿ།
ས་སྭ་ཏུཿ། ད་དྷྭ་ར་ཏུཿ། ད་དྷྭ་ཏུཿ། སྤྲྀ་སྒྲ་ལའོ། །དྷྭྀ་གནོད་པ་ལའོ། །རིཏ་ཅེས་པ་ཅི་ཞེ་ན། ཙིཀྵི་ཡ་ཏུཿ། ཙིཀྵི་ཡུཿ། ཀྵི་ཟད་པ་ལའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་བ་དག་ཅེས་པས་ཨི་ཡའོ། །བརྩེགས་པ་དང་པོ་ཞེས་པ་ཅི་ཞེ་ན། ཙ་ཀྲ་ཏུཿ། ཡོན་ཏན་
མེད་པ་ཞེས་པ་ཅི་ཞེ་ན། པ་སྨྲ་ར། སྨྲྀ་སེམས་པ་ལའོ། །ཨཊའོ། །རྀཏ་མཐའ་རྣམས་ཀྱི་འང་ངོ་། །བྱིངས་རཱིཏ་ཀྱི་མཐའ་ཅན་རྣམས་ཀྱིའང་པ་རོ྅ཀྵཱ་ཡོན་ཏན་མེད་པ་ལ་ཡོན་ཏན་དུ་འགྱུར་རོ། །བི་ཙ་ཀ་ར་ཏུཿ། བ་ཙི་ཀ་ཏུཿ། ནི་ཛ་གར་ཏུཿ། ནི་ཛག་ཏུཿ། ཀྲྀ་གཡང་བ། གྲྀ་གསལ་བར་བྱེད་པ་ལའོ། །བི་དང་ནི་སྔོན་
དུའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། བི་ཙ་ཀཱ་ར། རྀཙྪའི་རྀ་ཏའིའོ། །རྀཙྪ་དབང་པོ་ཉམས་པ་དང་རྨོངས་པ་དག་ལའོ་ཞེས་པ་འདིའི་རྀ་ཡིག་གང་ཡིན་པ་དེའི་པ་རོ྅ཀྵ་ལ་ཡོན་ཏན་དུ་འགྱུར་རོ། །ཡོན་ཏན་མེད་པ་ལ་ཞེས་པ་འདིར་མི་འཇུག་གོ། །ཨཱ་ནརྩྪ། ཨཱ་ནརྩྪ་ཏུ། ཨཱ་ནརྩྪུ། གཉིས་བརྗོད་དོ། །རྀའི་
ཡི་གེ་ཨ་ཡིག་གོ། །དང་པོའི་ཨའི་ཐམས་ཅད་དུའོ་ཞེས་པས་རིང་པོའོ། །རྀ་ཡིག་ལ་འང་ངོ་ཞེས་པས་ན་ཨཱ་ག་མའོ། །འདིས་ཡོན་ཏན་ནོ། །པ་རོ྅ཀྵ་ལ་ཞེས་པ་ཅི་ཞེ་ན། རྀཙྪཏཱ། ཤཱིངའི་བྱིངས་ཐམས་ཅད་པ་ལའོ། །ཤིང་ཉལ་བ་ལའོ་ཞེས་པ་འདིའི་བྱིངས་ཐམས་ཅད་པ་ཕ་རོལ་ལ་ཡོན་ཏན་དུ་འགྱུར་
เล่ม ๑๙๕ · หน้า 226b
རོ། །ཐམས་ཅད་ཀྱི་བྱིངས་ཐམས་ཅད་པ་ཨཱཏྨ་ནེ་ལ་པཉྩ་མཱིའོ་ཞེས་པས་དགག་པ་ཐོབ་པ་ལའོ། །ཤེ་ཏེ། ཤ་ཡཱིཏ། ཤེ་ཏཱམ། ཨ་ཤ་ཏེ། ཤཱིང་ཉལ་བ། བཏྟ་མཱ་ནིའི་ཏེ་དང་ས་སཔྟ་མཱིའི་ཨཱིཏ་དང་། བཉྩ་མིའི་ཏཱམ་དང་ཧྱ་སྟ་ནཱིའི་ཏའོ། །འདིས་ཡོན་ཏན་ནོ། །ཤཱིང་ཞེས་པ་ཅི་ཞེ་ན། སྟུ་སྟེ་བྱིངས་ཐམས་ཅད་པ་ལ་
ཞེས་པ་ཅི་ཞེ་ན། ཤིཤྱེ། པ་རོ྅ཀྵཱའི་ཨེའོ། །སྔ་མ་བརྩེགས་པ་མིན་པའི་ཨིའི་ཞེས་པས་ཡའོ། །ཡ་ལ་ཨཱི་ནི་ཨ་ཡིའོ། །ཡོན་ཏན་མེད་པ་སྨོས་པ་འདིར་སྦྲེལ་ཏེ། ཤཱིངའི་ཡ་ཡིག་ཡོན་ཏན་མེད་པ་ཕ་རོལ་ལ་ཨ་ཡི་རུ་བསྒྱུར་བར་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཤྱ་ཏེ། ཤཱ་ཤཡྻ་ཏེ། ཡ་སྒྲའོ། །
འདིས་ཨ་ཡའོ། །གཉིས་བརྗོད་དོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། ཤེ་ཡཾ། དབྱངས་ལས་ཡའོ་ཞེས་པས་ཡའོ། །ཨཱཏ་མཐའ་རྣམས་ཀྱི་ཨི་ཙ་ལ་ཨཱ་ཡིའོ། །བྱིངས་ཨཱ་ཡིག་གི་མཐའ་ཅན་རྣམས་ཀྱི་ཨི་ཙ་ཕ་རོལ་ལ་ཨཱ་ཡི་རུ་བསྒྱུར་བར་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཨ་དཱ་ཡི། ཨ་དྷཱ་
ཡི། ཨ་པཱ་ཡི། ཌུ་དཱཉ་སྦྱིན། ཌུ་དྷཱ་ཉ་འཛིན། པ་འཐུང་བ་ལའོ། །ཨིཙ་ལ་ཞེས་པ་ཅི་ཞེ་ན། དཱཏཱ། ཤཱཙྪཱ་སཱ་ཧྭཱ་བྱ་བི་པཱ་རྣམས་ཀྱི་ཨིན་ལའོ། །ཤོ་ཕྲ་མོར་བྱེད་པ་ལའོ། །ཙྪོ་གཅོད་པ་ལའོ། །ཥེ་མཐའི་ལས་ལའོ། །ཧྭེཉ་འགྲན་པ་ལའོ། །བྱེཉ་སྡོམ་པར་བྱེད་པ་ལའོ། །བེཉ་སྣལ་མའི་རྒྱུད་ལའོ། །པཱ་འཐུང་
བ་ལའོ། །བཻ་དང་ཨོ་བཻ་སྐེམས་པ་ལའོ་ཞེས་པས་ཡང་ནའོ། །འདི་རྣམས་ཀྱི་མཐའ་ཕ་རོལ་ལ་ཨཱ་ཡི་རུ་བསྒྱུར་བར་འགྱུར་རོ། །ཨརྟི་ཧྲཱི་ཞེས་པས་པ་ཡིག་ཨཱ་ག་མ་ཐོབ་པ་ལའོ། །ཤ་ཡ་ཡ་ཏི། ཙྪཱ་ཡ་ཡ་ཏི། ཨ་བ་སཱ་ཡ་ཡ་ཏི། ཧྭ་ཡ་ཡ་ཏི། སཾ་བྱ་ཡ་ཡ་ཏི། བཱ་ཡ་ཡ་ཏི། པཱ་ཡ་ཡ་ཏི། ཕྲ་མོར་བྱེད་དུ་འཇུག་གོ། །
དེ་བཞིན་དུ་གཅོད་དུ་འཇུག་གོ། །མཐའི་ལས་བྱེད་དུ་འཇུག་གོ། །འགྲན་དུ་འཇུག་གོ། །སྡོམ་དུ་འཇུག་གོ། །རྒྱུད་དུ་འཇུག་གོ། །འཐུང་ངུ་འཇུག་གོ། །ཡང་ན་སྐེམས་སུ་འཇུག་གོ་ལ་ཨིནའོ། །འདིས་ཨཱ་ཡིའོ། །ཨརྟི་ཧྲཱི་ཙླི་རཱི་ཀྣུ་ཡཱི་ཀྵྨཱ་ཡཱི་དང་ཨཱཏ་མཐའ་རྣམས་ཀྱི་པ་མཐའ་སྟེ་ཡ་དབྱི་ཞིང་ནཱ་མི་རྣམས་ཀྱི་ཡོན་ཏན་འང་
ངོ་། །ཨིན་ལ་ཞེས་པ་འཇུག་སྟེ། ཧནྟིའི་ཧའི་ཞེས་པ་འདི་ལས་གོང་དུའོ། །ཨརྟི་ཞེས་པ་རྀ་སྲྀ་འགྲོ་བ་ལའོ། །ཡང་ན་རྀ་འགྲོ་བ་དང་ཐོབ་པ་ལའོ། །ཧྲཱི་ངོ་ཚ་བ་ལའོ། །ཙླཱི་ཞུ་བ་ལའོ། །རཱི་འགྲོ་བ་དང་འཇུག་པ་ལའོ། །ཡང་ན་རཱི་ཨོ་ཉན་པ་ལའོ། །ཀྣུ་ཡཱི་སྒྲ་ལ་སྟེ་མཐོ་བ་ལའོ། །ཀྵྨཱ་ཡཱི་གཡོ་བ་ལའོ། །འདི་རྣམས་
เล่ม ๑๙๕ · หน้า 227a
དང་དེ་བཞིན་དུ། ཨཱཏ་མཐའ་རྣམས་ཀྱིའང་ཨིན་ཕ་རོལ་ལ་པ་ཡིག་ཨཱ་ག་མ་དང་ཡ་ཡིག་གིའང་དབྱི་བར་འགྱུར་རོ། །ཨརྟི་སོགས་པ་རྣམས་ཀྱི་ནཱ་མི་གང་ཡིན་པ་དེ་རྣམས་ཀྱི་ཡོན་ཏན་ཡང་ངོ་། །ཨརྟེ་པ་ཡ་ཏི། ཧྲེ་པ་ཡ་ཏི། ཙླེ་པ་ཡ་ཏི། རེ་པ་ཡ་ཏི། ཀྣོ་པ་ཡ་ཏི། ཀྵྨཱ་པ་ཡ་ཏི། དཱ་པ་ཡ་ཏི། སྠཱ་པ་ཡ་ཏི།
འགྲོ་རུ་འཇུག་གོ། །དེ་བཞིན་དུ་ཡང་ན་ཐོབ་ཏུ་འཇུག་གོ། །ངོ་ཚ་རུ་འཇུག་གོ། །འདམ་དུ་འཇུག་གོ། །འགྲོར་འཇུག་གོ། །ཡང་ན་ཉན་དུ་འཇུག་གོ། །སྨྲ་རུ་འཇུག་གོ། །གཡོ་རུ་འཇུག་གོ། །སྦྱིན་དུ་འཇུག་གོ། །གནས་སུ་འཇུག་གོ་ཞེས་པས་ཨིནའོ། །འདིས་པ་ཡིག་ཨཱ་ག་མའོ། །ཀྵུ་ཡི། ཀྵྨཱ་དག་གི་ཡ་དབྱིའོ། །ནཱ་
མི་རྣམས་ཀྱི་ཡོན་ཏན་ནོ། །པཱ་ཏིའི་ལ་མཐའ་ལའོ། །པཱ་ཏི་སྟེ་པཱ་བསྲུང་བ་ལའོ། །འདིའི་ཨིན་ཕ་རོལ་ལ་ལ་ཡིག་ཨཱ་ག་མ་འགྱུར་རོ། །པཱ་ལ་ཡ་ཏི། སྐྱོང་དུ་འཇུག་གོ་ཞེས་པས་ཨིནའོ། །སླར་ཡང་མཐའ་སྨོས་པ་ན་རྣམ་པ་གསལ་བའི་དོན་དུའོ། །དྷུཉ་པྲཱི་ཎཱ་ཏི་དག་གི་ནའོ། །དྷུཉ་གཡོ་བ་ལའོ། །པྲཱིཉ་ཚིམ་པ་ལ་སྟེ་
མཛེས་པ་ལའང་ངོ་། །འདི་དག་གི་ཨིན་ཕ་རོལ་ལ་ན་ཡིག་ཨཱ་ག་མར་འགྱུར་རོ། །འཕེལ་བ་འགེགས་པའོ། །པི་དྷུ་ན་ཡ་ཏི། པྲཱི་ཎ་ཡ་ཏི། རྣམ་པར་གཡོ་རུ་འཇུག་གོ། །དེ་བཞིན་དུ་ཚིམ་དུ་འཇུག་གོ་ལ་ཨིནའོ། །དྷུཉ་པྲཱི་ཎ་ཏི་དག་གི་ཞེས་ཉ་ཡིག་དང་བི་ཀ་ར་ཎའི་བསྟན་པ་ནི། དྷུ་རྣམ་པར་རྟོག་པ་ལའོ། །པྲཱིང་དགའ་
བའོ་ཞེས་པ་འདི་དག་ཏུད་སོགས་དང་བིད་སོགས་ཅན་གྱི་དག་གི་འགྱུར་ཏེ། དྷཱ་བ་ཡ་ཏི། པྲ་ཡ་ཡ་ཏི། རྣམ་པར་གཡོ་རུ་འཇུག་གོ་དེ་བཞིན་དུ་དགའ་རུ་འཇུག་གོ་ཞེས་པ་ལ་ཨིནའོ། །འཕེལ་བའོ། །ཥུཀ་ཡང་ནའོ། །ཉི་བྷི་འཇིགས་པ་ལའོ་ཞེས་པ་འདིའི་ཨིན་ཕ་རོལ་ལ་ཥུཀ་ཨཱ་ག་མ་ཡང་ན་འགྱུར་རོ། །ཨུ་ཡིག་
ནི་བརྗོད་པའི་དོན་ཏོ། །ཀ་ཡིག་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བྱས་པའི་ཁྱད་པར་གསལ་བར་བྱེད་པའི་དོན་དུའོ། །དེས་ན་ཨཱ་ག་མ་འདི་འཇིགས་པའི་རྒྱུའི་དོན་ལ་འགྱུར་ཏེ། འཇིགས་པར་བྱེད་པ་ལས་ནི་མ་ཡིན་ནོ། །མུཎྜོ་བྷཱི་ཥ་ཡ་ཏེ། འཇིགས་པའི་རྒྱུ་ལ་སྦྱོར་རོ་ལ་ཨིནའོ། །འདིས་ཥུ་ཀ་ཨཱ་ག་མའོ། །རུ་ཙ་
སོགས་ཉིད་ལས་ཨཱདྨ་ནེའི་ཚིག་གོ། །ཕྱོགས་གཅིག་ལ། མུཎྜོ་བྷཱ་ས་ཡ་ཏེ། བཤད་པ་ལས་ཡང་ན་ཨཱ་ཉིད་དོ། །ཨརྟི་ཧྲི་ཞེས་སོགས་ཀྱིས་པ་ཡིག་ཨཱ་ག་མའོ། །འཇིགས་པར་བྱེད་པ་ལ་མི་འགྱུར་ཏེ། ཀུཉྩི་ཀ་པཻ་ནཾ་བྷཱ་ཡ་ཡ་ཏཻ། ཨིན་ལ་ཞེས་པ་ཅི་ཞེ་ན། བྷེཏཱ། སྥཱ་ཡི་བ་རུ་བསྒྱུར་བའོ། །བ་ཡང་འདི་ཡིན་ལ་
เล่ม ๑๙๕ · หน้า 227b
བསྒྱུར་བ་ཡང་ཡིན་པ་ནི་བ་རུ་བསྒྱུར་བའོ། །ཡང་ན་ཞེས་པ་ལྡོག་གོ། །སྤཱ་ཡཱི་ཨོ་སྱཱ་ཡི་འཕེལ་བ་ལའོ་ཞེས་པ་འདིའི་ཨིན་ཕ་རོལ་ལ་བ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །སྥཱ་བ་ཡ་ཏ། ཏྱ་སུ་འཇུག་གོ་ལ་ཨིནའོ། །འདིས་ཡའི་བ་ཉིད་དོ། །བསྒྱུར་བ་སྨོས་པ་ནི་ཨཱ་ག་མར་དོགས་པ་ལྡོག་པའི་དོན་དུའོ། །རུ་ཧེའི་པ་
ཡང་ནའོ། །རུ་ཧ་ས་བོན་འདེབས་པ་ལའོ་ཞེས་པ་འདིའི་ཨིན་ཕ་རོལ་ལ་པ་ཡིག་ཏུ་བསྒྱུར་བར་ཡང་ན་འགྱུར་རོ། །བྲྀཀྵ་ན་རོ་པ་ཡ་ཏི། བྲྀཀྵཾ་ཏྲོ་ཧ་ཡ་ཏི། སྐྱེ་རུ་འཇུག་གོ་ལ་ཨིནའོ། །ཨིན་ལ་ཞེས་པ་ཅི་ཞེ་ན། ཨཱ་རོ་ཧ་ཏི། ཤདིའི་འགྲོ་བ་མ་ཡིན་པ་ལ་ཏའོ། །ཤདླི་ཞིབ་ལའོ། །ཤདླྀ་འཇིགས་པ་ལའོ་ཞེས་པ་ཡང་
ནའོ། །འགྲོ་བ་མ་ཡིན་པའི་དོན་ལ་ཤ་དེའི་ཏ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨིན་ཕ་རོལ་ལའོ། །ཕ་ལཱ་ནི་ཤཱ་ཏ་ཡ་ཏི། ཞི་བ་སྦྱོར་རོ་ལ་ཨིནའོ། །དའི་ཏའོ། །འགྲོ་བ་མ་ཡིན་པ་ཞེས་པ་ཅི་ཞེ་ན། གཱཿ ཤཱང་ཡ་ཏི། བ་ལང་འགྲོ་བར་བྱེད་དོ་ཞེས་པའི་དོན་ཏོ། །ཧ་ན་ཏིའི་ཏའོ། །ཧ་ན་འཚེ་བ་དང་འགྲོ་བ་དག་ལའོ་ཞེས་པ་
འདིའི་ཨིན་ཕ་རོལ་ལ་ཏ་ཉིད་དུ་འགྱུར། །གྷཱ་ཏ་ཡ་ཏི། འཇོམས་སུ་འཇུག་གོ་ལ་ཨིནའོ། །ཧནྟིའི་གྷིའོ་ཞེས་པས་གྷའོ། །འདིས་ཏའོ། །སླར་ཡང་ཏ་སྨོས་པ་ནི་འགྲོ་བ་མིན་པ་ལ་ཞེས་པ་འདི་ངེས་པའི་དོན་དུ་སྟེ། དེས་ན་འགྲོ་བའི་དོན་ལ་ཡང་ཏ་ཉིད་དེ། གཱ་མ་དཎྜ་ན་གྷ་ཏ་ཡ་ཏི། འགྲོ་བར་བྱེད་དོ་ཞེས་པའི་དོན་ཏོ། །
ཨིན་ལ་ཞེས་པ་ཅི་ཞེ་ན། ཧནྟི། ཧནྟིའི་ཧའི་ཨིན་ཨི་ཅ་དག་ལ་གྷིའོ། །ཧནྟིའི་ཧ་ཡིག་ཨིན་དང་ཨིཙ་ཕ་རོལ་ལ་གྷི་ཉིད་དུ་འགྱུར་ཏེ། ཨི་ཡིག་ནི་བརྗོད་པའི་དོན་ཏོ། །གྷཱ་ཏ་ཡ་ཏི། ཨ་གྷཱ་ཏི། སླར་ཡང་ཧནྟི་སྨོས་པ་ནི་ཧ་ཡིག་མཐའི་བྱིངས་ཀྱི་གྷ་ཉིད་དུ་འགྱུར་རོ་ཞེས་དོགས་པ་ལྡོག་པའི་དོན་དུའོ། །ཨུ་པདྷཱ་ཕྱིས་
པའི་འང་ངོ་། །ཨུ་པ་དྷ་ཕྱིས་པའི་ཧནྟིའི་ཧ་ཡིག་གྷ་ཉིད་དུ་འགྱུར་རོ། །གྷྣནྟི། གྷྣནྟུ། ཨགྷྣཱན། བརྟ་མཱ་ནའི་ཨནྟི་དང་ཨཙ་མིའི་ཨནྟུ་དང་ཧསྟ་ནཱའི་ཨནའོ། །གམ་ཧན་ཛན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཨ་བྷྱཱ་ས་ལས་ཀྱང་ངོ་། །ཨ་བྷྱཱ་ས་ལས་ཕྱི་མའི་ཧནྟིའི་ཧ་ཡིག་གྷ་བ་ཉིད་དུ་འགྱུར་རོ། །ཛི་གྷཱནྦ་ཏི། ཧན་དང་ཨིངའི་
གམ་དག་གི་ཨུ་པ་དྷཱའི་ཞེས་པས་རིང་པོའོ། །ཛ་གྷཱ་ན། ཛཾ་གྷཱ་ནྱ་ཏ། འཁྱོག་པོར་འཇོམས་སོ་ཞེས་བཤད་པ་ལས་ཡ་སྒྲའོ། །རྗེས་སུ་སྣ་ལྡན་མཐའ་ཅན་ཨཏ་མཐའི་རྗེས་སུ་ང་རོ་ཞེས་པས་རྗེས་སུ་ང་རོ་ཨཱ་ག་མའོ། །ཧི་འགྲོ་བ་དང་འཕེལ་བ་ལའོ་ཞེས་པ་འདིའི་ཨ་བྷྱཱ་ས་ལས་ཕ་རོལ་གྱི་ཙཎ་ལས་གཞན་པའི་རྒྱུ་མཚན་ལ་གྷ་
เล่ม ๑๙๕ · หน้า 228a
ཉིད་དུ་བཤད་པར་བྱ་སྟེ། པྲ་ཛི་གྷཱ་ཡ་ཏེ། ཧི་འགྲོ་བ་དང་འཕེལ་བ་ལའོ། །པྲ་སྔོན་དུའོ། །ཨཊའོ། །གཉིས་བརྗོད། གྷ་ཉིད་དོ། །ཨའི་ཨུ་པ་དྷ་ཞེས་པས་འཕེལ་བའོ། །པྲ་ཛེ་གྷཱི་ཡ་ཏེ། ཤིན་ཏུ་འགྲོའོ་ཞེས་པས་ཡ་སྒྲའོ། །ནཱ་མི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །ཙཎ་ལས་
གཞན་ལ་ཞེས་པ་ཅི་ཞེ་ན། པྲ་ཛཱི་ཧ་ཡ། ཧི་འགྲོ་བ་ལའོ། །པྲ་སྔོན་དུའོ། །འགྲོ་རུ་འཇུག་གོ་ལ་ཨིནའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་བའོ། །དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། །ཨིན་དང་ཙཎ་ལ་མཚུངས་པ་ཞེས་པས་ཐུང་ངུའོ། །ཨིན་ལ་གནས་ཅན་དང་འདྲ་བའོ་ཞེས་པས་ཧི་གཉིས་བརྗོད་དོ། །ཡང་བའི་
རིང་པོའོ། །ཛིའི་སན་པ་རོ྅ཀྵ་དག་ལ་གིའོ། །ཛི་ཞེས་པ་ཛི་རྒྱལ་བ་ལའོ། །ཛི་ཛྲྀ་ཟིལ་གྱིས་གནོན་པ་ལའོ་ཞེས་པ་ཡང་ནའོ། །ཛི་ཞེས་པ་འདིའི་སན་ཕ་རོལ་དང་པ་རོ྅ཀྵ་ཕ་རོལ་ལའང་གི་རུ་བསྒྱུར་རོ། །ཛི་གཱི་ཥ་ཏི། བི་ཛི་གཱཥ་ཏེ། བི་སྔོན་མ་ཅན་འདི་ནི་རུ་ཙ་སོགས་སོ། །དབྱངས་མཐའ་རྣམས་ཀྱི་སན་ལ་ཞེས་པས་རིང་
པོའོ། །པ་རོ྅ཀྵ་ལ། ཛི་གཱ་ཡ། ཨཊའོ། །བི་ཛི་གྱི་སྔ་མ་བརྩེགས་པ་མིན་པའི་ཨིའི་ཡི་གེ་ཡ་སྟེ་ཞེས་པས་ཡའོ། །སན་པ་རོཉཀྵ་ལ་ཞེས་པ་ཅི་ཞེ་ན། ཛེ་ཏཱ། ཛེ་ཛཱི་ཡ་ཏེ། ཤིན་ཏུ་རྒྱལ་ལོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །འདི་ཅིའི་ཕྱིར་སཾ་པྲ་སཱ་ར་ཎ་བྱས་པ་ལ་མི་འགྱུར། ཛི་ཛྱ་ཏུཿ། ཛི་ཛྱུཿ། ཛྱཱ་
ལང་ཚོ་ཉམས་པ་ལའོ། །ཨ་ཏུས་དང་ཨུ་སའོ། །གྲ་ཧི་ཛྱཱ་ཞེས་པས་སཾ་པྲ་སཱ་ར་ཎའོ། །གཉིས་བརྗོད་དོ། །བདེན་ཏེ་འདི་མཚན་ཉིད་ལས་བྱུང་བའི་ཛི་གྲ་ཡིན་པས་གི་རུ་བསྒྱུར་བ་མེད་དོ། །ཙིའི་ཀི་ཡང་ནའོ། །ཙིཉ་སོག་པ་ལའོ་ཞེས་པ་འདིའི་སན་དང་པ་རོ྅ཀྵ་ཕ་རོལ་ལ་ཀི་རུ་ཡང་ན་བསྒྱུར་བར་བྱའོ། །ཙི་ཀཱི་ཥ་ཏེ། ཙི་ཙཱི་
ཥཏི། ཙི་ཀཱ་ཡ། ཙི་ཙཱ་ཡ། ཙི་ཀྱེ། ཙི་ཙི་ཡ། སྔ་མ་བརྩེགས་པ་མིན་པའི་ཨིའི་ཡི་གེ་ཡ་སྟེ་ཞེས་པས་ཡའོ། །སན་པ་རོ྅ཀྵ་ལ་ཞེས་པ་ཅི་ཞེ་ན། ཙེ་ཙཱི་ཡ་ཏེ། ས་ཎའི་དབྱངས་ལ་མང་པོ་མིན་པ་ཉིད་ལ་ཨ་དབྱིའོ། །ཨ་ཏ་དབྱི་བ་ནི་ཨ་དབྱི་བའོ། །མང་པོ་མིན་པ་ནི་མང་པོ་མིན་པའོ། །སན་གྱི་ཨ་ཡིག་ཡིན་པ་དེ་དབྱངས་དང་པོ་
རྐྱེན་ལ་མང་པོ་ཉིད་མིན་ཏེ་མང་པོའི་ཚིག་མ་ཡིན་པ་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཨ་དྷུཀྵཱ་ཏཱམ། ཨ་དྷུཀྵཱ་ཐཱམ། དུཧ་འཇོ་བ་ལའོ། །ཨ་དྱ་ཏ་ནཱིའི་ཨཱ་ཏཱམ་དང་། ཨཱ་ཐཱ་མའོ། །ཨིཊ་མེད་པ་ཞེས་པས་སཎའོ། །འདིས་ཨ་ཡིག་དབྱིའོ། །ད་དང་པོའི་གྷའོ། །བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་དའི་དྷའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མིན་པ་
เล่ม ๑๙๕ · หน้า 228b
རྣམས་ཀྱི་ཞེས་པས་གྷཱི་ཀའོ། །ཨ་དྷུཀྵི། ཨ་དྱ་ཏ་ནཱིའི་ཨིའོ། །གཞན་སྔ་མ་བཞིན་ནོ། །དབྱངས་ལ་ཞེས་པ་ཅི་ཞེ་ན། ཨ་དྷུཀྵཏ། མང་པོ་ཉིད་མིན་པ་ཞེས་པ་ཅི་ཞེ་ན། ཨ་དྷུ་ཀྵནྟ། ཨ་དྱ་ཏ་ནཱིའི་ཨནྟའོ། །སཎ་འོ། །ཨ་དང་མཚམས་སྦྱོར་གྱི་དབྱིའོ། །གལ་ཏེ་འདིར་ཨ་ཡིག་ཕྱིས་པར་གྱུར་པ་ན་ཨ་ཡིག་མིན་པ་ལས་
ཨཱཏྨ་ནེ་ལ་འང་ངོ་ཞེས་པས་ན་དབྱི་བར་མི་འགྱུར་རོ། །ད་རི་དྲཱ་ཏིའི་བྱིངས་ཐམས་ཅད་པ་མིན་པ་ལའོ། །དབྱིའོ་ཞེས་པ་འཇུག་སྟེ་ན་དབྱི་བ་འང་ངོ་ཞེས་པ་འདི་ལས་གོང་དུའོ། །ད་རི་དྲ་འགྲོ་བ་ངན་པ་ལའོ་ཞེས་པ་འདིའི་མཐའ་བྱིངས་ཐམས་ཅད་པ་མིན་པ་ཕ་རོལ་ལ་དབྱིའོ། །ད་རི་དྲྱཱ་ཏེ། ད་རི་དྲད། བྱིངས་ཐམས་ཅད་པ་ལ་
ཡཎའོ། །ཨཱ་ཤཱི་ཥའི་ཡཱཏ། ད་རི་ཏྲཿ། པ་ཙ་སོགས་ལས་ཨ་ཙ་འང་ངོ་ཞེས་པས་ཨ་ཙའོ། །བྱིངས་ཐམས་ཅད་པ་མིན་པ་ཞེས་པ་ཅི་ཞེ་ན། ད་རི་ཏྲཱ་ཏི། ཨ་དྱ་ཏ་ནཱི་ལ་ཡང་ན་འདོད་དོ། །ཨ་ད་རི་ཏྲ་ཏ། ཨ་ད་རི་ཏྲ་པཱིཏ། ཨ་དྱ་ཏ་ནཱིའི་དིའོ། །སི་ཙའོ། །ཨིཊའོ། །ཨིཊ་ལས་ཀྱང་ཨཱིཊ་ལ་ཞེས་པས་སི་ཙ་དབྱིའོ། །བཤད་
པ་ལས་ཨཱ་ཡང་ན་དབྱིའོ། །གང་གི་ཚེ་མ་ཕྱིས་པ་དེའི་ཚེ། ཡ་མི་ར་མིན་མི་ཨཱཏ་མཐའ་ཞེས་པས་པ་ཡིག་ཨཱ་ག་མའོ། །ཡུཊ་དང་ཝུ་ཎའི་རྐྱེན་ལ་དང་ཨིཊ་མེད་པའི་སན་ལའང་དབྱི་བར་མི་འདོད་དོ། །ཡུཊ་ལ། ད་རི་དྲ་ཎཱམ། ཡུཊའོ་ཞེས་པས་ཡུཊའོ། །ཝུའི་རྐྱེན་ལ། ད་རི་དྲ་ཡཀཿ། ཝུཎའོ། །ཨཱཏ་མཐའ་རྣམས་
ཀྱི་ཨི་ཙ་ལ་ཨ་ཡི་ཞེས་པས་ཨཱ་དབྱིའོ། །ཨིཊ་མེད་པའི་སན་ལ། དི་ད་རི་དྲ་སཱ་ཏི། འབུལ་བར་འདོད་དོ་ཞེས་པས་སནའོ། །ད་རི་དྲཱ་ཏི་ལས་སན་ལ་ཨིཊ་རྣམ་པར་བརྟག་པར་བཤད་དོ། །ཨིཊ་དང་བཅས་པ་ལས་ནི་དབྱི་སྟེ། དི་ད་རི་དྲི་ཥ་ཏི། བྲཤྩི་མསྫ་དག་གི་དྷུཊ་ལའོ། །ཨོབྲ་ཤྩུ་གཅོད་པ་ལའོ། །ཌུ་མསྫོ་
དག་པ་ལའོ། །འདི་དག་གི་མཐའི་དྷུཊ་ཕ་རོལ་ལ་དབྱི་བར་འགྱུར་རོ། །པྲཥྚཱ། བྲཀྵྱཏི། ཨ་བྲཀྵྱཏ། ཏ་དང་སྱ་ཏི་དང་སྱ་ཏའོ། །འདིས་མཐའ་དབྱི་བའོ། །ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །ཥ་ཌྷ་དག་གིས་ལ་ཀའོ། །མཾཀྟཱ། མཾཀྵྱ་ཏི། ཨ་མཾཀྵྱཏ། མསྫིན་ཤ་དག་གི་དྷུཊ་ལའོ་ཞེས་པས་ན་ཡིག་ཨཱ་ག་མའོ། །
དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་སའི་དའོ། །ཏ་སྡེའི་ཙཊའི་སྡེ་པ་ཞེས་པས་དེའི་ཛའོ་འདིས་མཐའ་དབྱིའོ། །ཙ་སྡེའི་ཀིའོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། བྲྀཤྩྱཏེ། མསྫྱ་ཏེ། ཡ་ཎའོ། །གྲ་ཧི་ཛྱཱ་བ་ཡི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཡན་ལ་ཨོ་ཡིག་གིའོ། །ཡན་ཕ་རོལ་ལ་ཨོ་ཡིག་དབྱི་བར་འགྱུར་རོ། །དྱཏི། སྱཏི།
เล่ม ๑๙๕ · หน้า 229a
དོ་དུམ་བུར་བྱེད་པ། ཥོ་མཐའི་ལས་ལའོ། །དི་བ་སོགས་ལས་ཡནའོ། །ན་ཡིག་འདིའི་དོན་ཏོ། །ཨོ་ཡིག་ཅེས་པ་ཅི་ཞེ་ན། དཱི་བྱ་ཏི། དི་བུ་རྩེ་བ་ལའོ། །ནཱ་མིའི་ར་བ་ཞེས་པས་རིང་པོའོ། །ཨཱ་ཡིག་གི་ཨུས་ལའོ། །ཨཱ་ཡིག་གི་ཨུས་ཕ་རོལ་དབྱི་བར་འགྱུར་རོ། །བསྒྱུར་བའི་ཨུས་གཟུང་བར་བྱའི།
པ་རོ྅ཀྵའི་མང་ཚིག་མིན་ནོ། །དེ་ཕ་རོལ་ལ་ཨཱ་དབྱི་བ་བྱིངས་ཐམས་ཅད་མིན་པ་ཞེས་པ་འདིས་གྲུ་བཞིན་པའི་ཕྱིར་རོ། །ཨ་ཡུཿ། ཨ་ཏུཿ། ཨ་ལུཿ། ཡཱ་ཐོབ་པ་ལའོ། །རཱ་སྦྱིན། ལ་ལེན་པ་ལའོ། །ཧྱསྟནའི་ཨནའོ། །ཨ་ནའི་ཨུསའོ་ཞེས་པས་ཨན་ཨུསའོ། །ཨཱ་དབྱིའོ། །ཨ་གུཿ། ཨ་དུཿ། ཨིཎ་འགྲོ་བ།
ཌུདཱཉ་སྦྱིན་པ། ཨདྱ་ཏ་ནཱིའི་ཨནའོ། །སིཙའོ། །ཨིཎ་སྠཱ་དཱ་ཞེས་པས་སི་ཙ་འཇིག་གོ། །སྔ་མ་བཞིན་དུ། ཨཱ་ནཱའི་ཨུ་སའོ། །ཨི་ཎའི་གཱའོ་ཞེས་པས་ཨིཎཱི་གཱ་རུ་བསྒྱུར་རོ། །ཨ་དབྱིའོ། །ཨཱ་ཡིག་གི་ཞེས་པ་ཅི་ཞེ་ན། ཨ་བི་དུཿ། བིད་ཤེས་པ་ལའོ། །ཨནའོ། །ཨ་ནའི། ཨུ་སའོ། །མཚམས་སྦྱོར་གྱི་ཡི་གེ་ལ་
འང་ངོ་། །ཨ་ཡིག་མཚམས་སྦྱོར་གྱི་ཡི་གེ་ཕ་རོལ་ལའང་དབྱི་བར་འགྱུར་རོ། །པ་པཽ། ད་དཽ། བྱ་ཏི་རེ། བྱ་ཏི་ལེ། རཱ་ལེན་པ། ལ་ལེན་པ་ལའོ། །བྱ་ཏི་སྔོན་དུའོ། །བརྟ་མཱ་ནའི་ཨེའོ། །འདིས་ཨཱ་དབྱིའོ། །ཨ་སྟིའི་སིལའོ། །ཨས་ཡོད་པ་ལའོ་ཞེས་པ་འདིའི་མཐའ་སི་ལ་སྟེ་ས་ཡིག་དང་པོར་ཡོད་པའི་བྱིངས་ཐམས་ཅད་
པའི་རྐྱེན་ཕ་རོལ་ལ་དབྱི་བར་འགྱུར་རོ། །སི་ལ་ཞེས་པའི་སི་ཡི་ག་ལས་ཨི་ཡིག་བརྗོད་པའི་དོན་ཏོ། །ཨ་སི། ཨས་ཡོད་པ་ལའོ། །བརྟ་མཱ་ནའི་སིའོ། འདིས་ས་དབྱིའོ། །བྱ་ཏི་སེ། ཨས་ཡོད་པ་ལའོ། །བྱ་ཏི་སྔོན་དུའོ། །རུ་ཙ་སོགས་ཉིད་ལས་ཨཱདྨ་ནེའི་ཚིག་སེའོ། །ཨ་སྟིའི་དང་པོའི་ཞེས་པས་ཨ་ཡིག་དབྱིའོ། །
འདིས་ས་དབྱིའོ། །སི་ལ་ཞེས་པ་ཅི་ཞེ་ན། ཨསྟི། དཱིདྷཱི། བེ་བི་དག་གི་ཨིའི་ཡི་གེ་ཡ་ཡིག་དག་ལའོ། །དི་དྷཱིང་གསལ་བ་ལའོ། །བེ་བིང་རྔན་པ་མཚུངས་པ་ལའོ། །འདི་དག་གི་མཐའི་ཨིའི་ཡི་གེ་སྟེ་ཨཱི་ཡིག་དང་ཡ་ཡིག་དག་ལའང་མཐའ་དབྱི་བར་འགྱུར་རོ། །ཨཱ་དི་དྷི་ཏཱ། ཨ་བེ་བི་ཏཱ། ཤྭསྟ་ནིའི་ཏཱའོ། །ཨིཊའོ། །
འདིས་མཐའ་དབྱིའོ། །ཨ་དཱི་དྷཱི་ཏ། ཨཱ་བེ་བཱི་ཏ། སཔྟ་མཱིའི་ཨཱི་ཏའོ། །མཐའ་དབྱིའོ། །ཨཱ་དྷཱིདྷྱ་ཏེ། ཨཱ་བེ་བྱ་ཏེ། ཡཎའོ། །ཨི་ཡིག་ཡ་ཡིག་དག་ལ་ཞེས་པ་ཅི་ཞེ་ན། ཨཱ་དཱི་དྷྱེ། ཨཱ་བ་བྱེ། བརྟ་མཱ་ནའི་ཨེའོ། །སྔ་མ་བརྩེགས་པ་མིན་པའི་ཞེས་པས་ཨི་ཡའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཨའི་དེ་དག་སྟེ་དེ་
เล่ม ๑๙๕ · หน้า 229b
དབྱི་བའང་ངོ་། །དེ་དག་དབྱི་བ་ནི་དེ་དབྱི་བའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ཕ་རོལ་ལ་ཨའི་དེ་དག་སྟེ་ཨ་ཡིག་དང་མཚམས་སྦྱོར་གྱི་ཡི་གེར་བསྒྱུར་བ་དང་གྲངས་ཇི་ལྟ་བ་བཞིན་དུ་དེ་དག་ཕ་རོལ་ལའང་ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་དབྱི་བར་འགྱུར་རོ། །བ་ཙནྟི། ཡ་ཛནྟི། པ་ཙེ། ཡ་ཛེ། བརྟ་མཱ་ནའི་ཨནྟི་དང་
ཨེའོ། །ཨནའོ། །འདིས་ཨ་ཡིག་ནི་ཨ་ཡིག་དང་མཚམས་སྦྱོར་གྱི་ཡི་གེ་དག་ཏུ་བསྒྱུར་བ་དང་ཕ་རོལ་དག་དབྱི་བའང་ངོ་། །ཨའི་ཞེས་པ་ཅི་ཞེ་ན། ཡཱནྟི། ནཱ་མི་དང་གསལ་བྱེད་མཐའ་ལས་ཨཱ་ཡི་དང་པོའིའོ། །ནཱ་མི་དང་གསལ་བྱེད་ནི་ནཱ་མི་གསལ་བྱེད་དོ། །དེ་ནས་འབྲུ་མང་པོ་པའོ། །ནཱ་མིན་གྱི་མཐའི་རྟགས་
ལས་དང་གསལ་བྱེད་མཐའ་ཅན་གྱིའང་ཨཱ་ཡི་ཕ་རོལ་གྱི་དང་པོ་དབྱི་བར་འགྱུར་རོ། །ཨ་གནཱི་ཡ་ཏེ། པ་ཊུ་ཡ་ཏེ། བྱེ་ཌུ་པ་པོ་ལ་ཨཱ་ཡི་ཞེས་པས་ཨ་ཡིའོ། །འདིས་དང་པོ་དབྱིའོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །གསལ་བྱེད་མཐའ་ཅན་ལ། བི་དྭོ་སྱ་ཏེ། པ་ཡ་སྱ་ཏེ། ནཱ་མི་དང་གསལ་བྱེད་
མཐའ་ཞེས་པ་ཅི་ཞེ་ན། ཀཱ་ཀཿཤྱེ་ནཱ་ཡ་ཏེ། གམ་ཧན་ཛན་ཁན་གྷས་རྣམས་ཀྱི་ཨུ་པ་དྷཱིའི་དབྱངས་དང་པོ་ཨཎ་མིན་པ་ལ་ཡོན་ཏན་མེད་པ་ལའོ། །གམླྀ་འགྲོ་བ་ལའོ། །ཧན་འཚེ་བ་ལའོ། །ཛན་སྐྱེ་བ་ལའོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ་ཞེས་པས་ཡང་ནའོ། །ཁ་ནུ་ངེས་པར་འཇོམས་པ་ལའོ། །གྷསླྀ་བསྒྱུར་བ་ཅན་ནོ། །འདི་
རྣམས་ཀྱི་ཨུ་པ་དྷཱའི་དབྱངས་དང་པོ་ཡོན་ཏན་མེད་པ་ལ་དབྱི་བར་འགྱུར་རོ། །ཨཎ་མིན་པ་སྟེ་ཨཎཱི་རྐྱེན་ཕ་རོལ་དོར་བ་ནའོ། །ཛགྷ་ཏུཿ། ཛགྨུཿ། ཛགྷྣ་ཏུཿ། ཛགྷྣཿ། ཛ་ཛྙ་ཏུཿ། ཛ་ཛྙུཿ། ཛཛྙཱ་ཏེ། ཛ་ཛྙི་རེཿ། ཙཁྣ་ཏུཿ། ཙཁྣུཿ། ཛཀྵ་ཏུཿ། ཛཀྵུཿ། ཛ་ན་སྐྱེ་བ་ལའོ་ཞེས་པ་འདི་ལས་པ་རསྨཻའི་ཚིག་གོ། །ཛ་ནཱི་རབ་
ཏུ་སྐྱེ་བ་ལའོ་ཞེས་པ་འདི་ལས་ཨཱཏྨ་ནེའི་ཚིག་གོ། པ་རོ྅ཀྵ་ལ་ཡང་ནའོ་ཞེས་པས་ཨ་དེའི་གྷ་སླྀའོ། །གཉིས་བརྗོད་དོ། །ཨ་བྷྱཱ་སའི་བྱ་བའོ། །འདིས་ཨུ་པ་དྷཱ་དབྱིའོ། ཨ་བྷྱཱ་ས་ལས་ཀྱང་ངོ་ཞེས་པས་ཧའི་གྷའོ། །ཏ་སྡེའི་ཙཊཱི་སྡེ་པ་ཞེས་པས་ནའི་ཉའོ། གྷ་སླྀའི། ཤཱ་སི་བ་སི་གྷ་སི་ཞེས་པས་ཌའོ། མཐའི་ཞེས་
བྱ་བ་ལ་ཨུ་པ་དྷཱ་སྨོས་པ་ནི་ལྕི་བའི་སྒྲུབ་པ་གསལ་བའི་དོན་དུའོ། །དབྱངས་དང་པོ་ལ་ཞེས་པ་ཅི་ཞེ་ན། གམྱ་ཏེ། ཨ་ཎ་མིན་པ་ཞེས་པ་ཅི་ཞེ་ན། ཨ་ག་མ་ཏ། ཨ་གྷ་ས་ཏ། གམླྀ་འགྲོ་བ་ལའོ། །ཨད་ཟ་བ་ལའོ། །དིའོ། །ཨ་དིའི་ས་ན་ཨ་དྱ་ཏ་ནཱི་དག་ལ་གྷསླྀའོ་ཞེས་པས་ཨ་དིའི་གྷསླྀའོ། །པུཥ་སོགས་ཀྱི་མདོས་
เล่ม ๑๙๕ · หน้า 230a
ཨཎའོ། །ཡོན་ཏན་མེད་པ་ཞེས་པ་ཅི་ཞེ་ན། གམ་ནམ། ཀཱ་རི་ཏའི་ཨཱ་མ་ཨིཊ་བི་ཀ་ར་ཎ་ལ་མིན་པ་ལའོ། །ཀཱ་རི་ཏཱི་དབྱི་བར་འགྱུར་ཏེ། ཨཱ་མ་ཨིཊ་བི་ཀ་ར་ཎ་མ་ཡིན་པ་ཞེས་པ་ཨཱཏྨ་དང་ཨིཊ་དང་བེ་ཀ་ར་ཎ་སྟེ་འདི་རྣམས་དོར་བའི་རྐྱེན་ཕ་རོལ་ལའོ། །ཀཱ་ར་ཎཱ། ཧཱར་ཎཱ། ཀཱ་རི། ཧ་རི། ཨིཥི་ཤྲནྠི་
ཨ་སི་བནྟི་ཞེས་པས་ཡུའོ། །ཀཱ་རི་ཏ་དབྱིའོ། །ཨ་ཙཱི་ཀ་ར་ཏ། ཀཱ་རི། ཧ་རི་དིའོ། །ཙཎའོ། །ཀཱ་རི་ཏ་དབྱིའོ། །ཨིན་དང་ཙཎ་ལ་མཚུངས་པའི་ཞེས་པས་ཐུང་ངུའོ། །གཉིས་བརྗོད་དོ། །མཚུངས་པ་མ་ཕྱིས་པའི་ཞེས་པས་ཨི་ཉིད་དོ། །ཡང་བའི་རིང་པོའོ། །ཨཱ་མ་ཨིཊ་བི་ཀ་ར་མིན་པ་ཞེས་པ་ཅི་ཞེ་ན། ཀ་ར་ཡཱ་མ། ཙ་
ཀཱ་ར། ཀཱ་རི། ཨཊའོ། །ཙ་ཀཱ་ས་དང་ཀཱས་དང་རྐྱེན་གྱི་མཐའ་ཞེས་པས་ཨཱམའོ། །ཡོན་ཏན་ནོ། །ཨཱམ་ལས་ཀྲྀཉ་ཞེས་བ་ཀྲྀཉའོ། །གཉིས་བརྗོད་དོ། །ཨིཊ་ལ། ཀཱ་ར་ཡི་ཏཱ། ཨིཊ་དང་། ཡོན་ཏན་ནོ། །བི་ཀ་ར་ཎ་ལ། ཀཱ་ར་ཡ་ཏི། བུ་རྒྱུད་ཀྱི་དབྱངས་སྔ་མ་མིན་པའི་ཡའི་ཡིན་ཨཱ་ཡི་རྣམས་ལའོ། །བུ་རྒྱུད་ལ་
འབྱུང་བ་ནི་བུ་རྒྱུད་དོ། །འདི་ལྟ་སོགས་ཀྱི་ཨ་ཎར་འདོད་ཅེས་པས་ཨཎའོ། །ཡ་ཡིག་གང་ལས་དབྱངས་སྔ་མ་ཡིན་པ་དེ་ནི་དབྱངས་སྔ་མའོ། །དེ་ནས་དགག་པའི་བསྡུ་བའི་བསྡུ་བའོ། །བུ་རྒྱུད་ཀྱི་སྟེ་བུ་རྒྱུད་ཀྱི་དོན་ལ་བྱས་པའི་ཡ་ཡིག་དབྱངས་སྔ་མ་མིན་པ་དེ་གང་ལས་དབྱངས་སྔ་མ་དེའི་ཡིན་དང་ཨཱ་ཡི་ཕ་རོལ་ལ་དབྱི་
བར་འགྱུར་ཞིང་ཨིའི་རྐྱེན་ལའང་ངོ་། །ཡའི་ཞེས་པའི་ཨ་ཡིག་བརྗོད་པའི་དོན་ཏོ། །གཱརྒཱི་ཡ་ཏི། གཱརྒཱ་ཡ་ཏེ། གཱརྒཱི། གཱརྒཱའི་བུ་རྒྱུད་ལ། གརྒ་སོགས་ལས་ཎྱའོ་ཞེས་པས་ཎྱའོ། །གརྒའི་བུ་འདོད་པའི་བདག་ཉིད་ལ་ཡིན་ནོ། །གརྒའི་བུ་རྒྱུད་བཞིན་དུ་སྤྱོད་དོ་ལ་བྱེད་པ་པོ་ལ་ཨཱ་ཡི་ཞེས་པས་ཨཱ་ཡིའོ། །གཞན་དུ་ཎྱ་
ལས་སོ་ཞེས་པས་ཨཱིའི་རྐྱེན་ནོ། །འདིས་ཡ་དབྱིའོ། །ཡིན་ལ་ཨཱའི་ཡི་གེ་ཞེས་པས་ཨཱི་ཉིད་དོ། །ཨི་ཡིག་ཕ་རོལ་ལ་བུད་མེད་དུ་བྱས་པའི་ཨི་ལེག་ལ་ཞེས་པས་ཨ་དབྱིའོ། །ཡའི་ཞེས་པ་ཅི་ཞེ་ན། བཱ་ཤིཥྞཱི་ཡ་ཏི། བཱ་ཤིཥྛཱ་ཡ་ཏེ། བཱ་ཤིཥྛཱི། བ་ཤིཥྛིའི་བུ་རྒྱུད་ལ། བུ་རྒྱུད་ལ་ཨཎ་ཡང་ནའོ་ཞེས་པས་ཨཎའོ། །གལ་ཏེ་
འདིར་ཨ་ཡིག་དབྱི་བར་འགྱུར་ན། ཡན་ལ་ཨཱི་ཉིད་དུ་མི་འགྱུར་རོ། །ཨ་ཡི་ལའང་ནཱ་མི་དང་གསལ་བྱེད་མཐའ་ལས་ཞེས་པས་ཨ་དབྱི་བ་མེད་དོ། །བུ་རྒྱུད་ཀྱི་ཞེས་པ་ཅི་ཞེ་ན། ཨཱདྷཱི་ཡ་བྷ། ཨཱརྻ་ཡ་ཏེ། ཨཱདྷཱི། རྀ་འགྲོ་བ་ལའོ། །རྀའི་ཡི་གེ་དང་གསལ་བྱེད་མཐའ་ལས་ཞེས་པས་གྷྱ་ཎའོ། །ཨའི་ཨུ་པ་དྷཱ་ཞེས་པས་འཕེལ་
เล่ม ๑๙๕ · หน้า 230b
བའོ། །དེ་ནས་ཡིནའོ། །ཨཱ་ཡིའོ། །སྐྱེས་པ་དང་ལྡན་པ་ལས་གལ་ཏེ་དེས་བཤད་པ་ཞེས་པས་ཨཱི་ཡིག་གོ། །དབྱངས་སྔ་མ་མིན་པ་ཞེས་པ་ཅི་ཞེ་ན། ཀཱ་རི་ཀེ་ཡཱི་ཡ་ཏི། ཀཱ་རི་ཀེ་ཡཱ་ཡ་ཏེ། ཀཱ་རི་ཀེ་ཡཱི། ཀཱ་རི་ཀའི། །བུ་རྒྱུད་ལ་བུད་མེད་དང་ཨ་ཏྲི་སོགས་ལས་ཨེ་ཡ་ཎའོ་ཞེས་པས་ཨེ་ཡཎའོ། །ཨིའི་ཡི་གེ་དང་ཨའི་ཡི་གེ་
དབྱིའོ། །ཡིན་ནོ། །ཨཱ་ཡིའོ། །ཨཎ་ཨེ་ཡ་ཨིཀ་ལས་ཞེས་པས་ཨཱིའོ། །ཡིན་ཨཱ་ཡི་རྣམས་ལ་ཞེས་པ་ཅི་ཞེ་ན། གཱརྒྱ་ཀཱ་མྱ་ཏི། ཨཱ་ཡིག་ཕ་རོལ་ལ་མཏྶྱའི་ཡ་དབྱི་བར་བྱ་སྟེ། མཏྶཱི། གཽ་ར་སོགས་ལས་སོ་ཞེས་པས་ཨཱིའི་རྐྱེན་ནོ། །ཏི་ཥྱ། པུཥྱ། དག་གི་ཨཎ་ཕ་རོལ་ལ་ཏི་ཥྱ་ཡིས་སྦྱོར་བའི་ཟླ་བ་ནི། ཏཻ་ཥཿ། དེ་བཞིན་
དུ། པཽ་ཥཿ། ན་དབྱི་བའང་ངོ་། །ཡིན་དང་ཨཱ་ཡི་དག་རྗེས་སུ་འཇུག་སྟེ་ཨཱི་ཡིག་ནི་མ་ཡིན་ནོ་ཏེ་ཡིན་དང་ཨའི་ཕ་རོལ་ལན་ཡིག་དབྱི་བར་འགྱུར་རོ། །པ་ཐའི་ཡ་ཏེ། པ་ཐཱི་ཡ་ཏེ། རཱ་ཛཱ་ཡ་ཏི། རཱ་ཛཱ་ཡ་ཏེ། བི་དྭ་སྱ་ཏི། བ་དྭ་སྱ་ཏེ། པནྠི་དང་རཱ་ཛན་དང་བི་དྭནྶུ་རྣམས་ལས་ཡིན་དང་ཨཱ་ཡིའོ། །འདིས་ན་དབྱིའོ། །པནྠིའི་སྒྲ་ནཱ་
མིའི་མཐའ་རྣམས་ཀྱི་ཡཎ་ཨ་ཡི་ཞེས་པས་རིང་པོའོ། །བིདྭནྶུའི་སྒྲ་ཡི་ནཱ་མི་དང་གསལ་བྱེད་མཐའ་ལས་ཞེས་པས་ཨཱ་ཡིའི་ཨཱ་དབྱིའོ། །དེ་བཞིན་དུ། པནྠིའི་སྒྲ་ལས་ཀྱང་ངོ་། །ན་ག་རཱི་ཡ་ཏི། ཞེས་སོགས་ལས་དབྱི་བར་མི་འགྱུར་ཏེ་བྱཱ་ཀ་ར་ཎའི་མཚོན་བྱའི་ཉིད་ལས་སོ། །གསལ་བྱེད་ལའང་འདི་རྣམས་ཀྱི་ནའོ། །
རྟགས་མཐའི་ན་ཡིག་ཡིག་གོ། །ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨིཏ་མིན་པའི་འོ་ཞེས་པའི་མདོ་རྣམས་ཀྱི་ན་དབྱི་བ་གྲུབ་པ་ལ་སྦྱོར་བ་བརྩམས་པ་ནི་ངེས་པའི་དོན་དུའོ། །དེས་ན་ཡིན་དང་ཨཱ་ཡི་དག་ཕ་རོལ་ལ་རྟགས་ཀྱི་ན་དབྱི་བ་ཉིད་དུ་འགྱུར་གྱི་བྱ་གཞན་ལ་མི་འགྱུར་རོ་ཞེས་པའི་དོན་ཏོ། །སྒྲུབ་པའི་དོན་ལ་ཞེས་གཞན་རྣམས་སོ། །
དེ་ལྟ་ན་ཡང་། རཱ་ཛཱི་ཡ་ཏི། རཱ་ཛཱ་ཡ་ཏེ། ཞེས་སོགས་ལ་ཨི་ཉིད་དང་ཨཱ་ཉིད་དག་ཏུ་འགྱུར་རོ། །གསལ་བྱེད་ལས་དེ་སི་དག་གིའོ། །གསལ་བྱེད་ལས་ཕ་རོལ་གྱི་དི་དང་སི་དག་དབྱི་བར་འགྱུར་རོ། །ཨ་དྭེཊ། ཨ་དྭེཊ། ཨ་ལེཊ། ཨ་ལེཊ། ཨ་དྷོ་ཀ །ཨ་དྷོཀ ། དྭིཥ་མི་དགའ་བ་ལའོ། །ལི་ཧ་རོ་མྱང་བ་ལའོ། །དུཧ་འཇོ་བ་ལའོ། །
ཧྱསྟ་ནཱིའི་དེ་དང་སིའོ། །འདིས་དེ་སི་དག་དབྱིའོ། །དྭི་ཥའི་ཥ་ཡིག་རྫོགས་པ་ལ་ཡང་ནའོ་ཞེས་པས་ཊའོ། །ལི་ཧའི་ཧའི་ཌྷའོ། །སྔ་མ་བཞིན་དུ་ཌྷའི་ཊའོ། །དུ་ཧའི་ད་དང་པོའི་གྷའོ། །ཕྱིས་པ་ལའང་དི་སི་དག་ལའོ་ཞེས་པས་དའི་དྷའོ། །སྔ་མ་བཞིན་གྷའི་ཀའོ། །གསལ་བྱེད་ལས་ཞེས་པ་ཅི་ཞེ་ན། ཨ་བྷ་བ་ཏ། ཨ་བྷ་བཿ། བྷཱུ་
เล่ม ๑๙๕ · หน้า 231a
ཡོད་པ། དི་དང་སིའོ། །ཨ་ནའོ། །དི་སི་དག་གི་ཞེས་པ་ཅི་ཞེ་ན། དོགྷྣི། དུ་ཧ་འཇོ་བ་ལའོ། །ཏིའོ། །ཡོན་ཏན་ནོ། །ད་དང་པོའི་གྷའོ། །གྷ་ཌྷ་དྷ་བྷ་ཞེས་པས་ཏའི་དྷའོ། །དུཊ་རྣམས་ཀྱི་གསུམ་པའོ། །དི་དང་ལྷན་ཅིག་སྤྱོད་པའི་སི་གཟུང་ངོ་། །དེས་ན་འདིར་མི་འགྱུར་རོ། །དོཀྵི། དུ་ཧ་འཇོ་བ་ལའོ། །བརྟ་མཱ་
ནཱིའི་སིའོ། །ཨནའོ། །ཨད་སོགས་ལས་འཇིག་གོ། །ད་དང་པོའི་གྷའོ། །སྒྲ་མེད་པ་རྣམས་ལ་ཞེས་པས་གྷའི་ཀའོ། །ཥ་ཉིད་དོ། །བྱིངས་མིན་པའི་ཡའི་ཨན་མེད་པ་ལའོ། །གསལ་བྱེད་ལས་ཞེས་པ་ཁོ་ནའོ། །གསལ་བྱེད་ལས་ཕ་རོལ་གྱི་བྱིངས་མིན་པ་དང་འབྲེལ་བའི་ཡ་ཡིག་དབྱི་བར་འགྱུར་ཏེ། ཨན་མེད་པ་སྟེ་ཨན་
མེད་པ་ཞེས་པ་འདིས་བྱིངས་ཐམས་ཅད་པ་མིན་པ་མཚོན་པར་བྱའོ། །པཱ་པ་ཙི་ཏཱ། པཱ་པ་ཙིཥྱ་ཏེ། པཱ་པ་ཙྱའི་སྒྲ་ལས་ཤྭསྟ་ནཱིའི་ཏཱའོ། །བྷ་པིཥྱནྟིའི་སྱ་ཏེའོ། །ཨིཊའོ། །ཨཱི་ཡང་དབྱིའོ། །ཞེས་པ་འདིས་ཨ་ཡིག་དབྱིའོ། །བེ་བྷི་དིཏཱ། བེ་བྷི་དི་ཥྱ་ཏེ། བེ་བྷི་ཏྱའི་སྒྲ་ལས་ཏཱ་དང་སྱ་ཏེའོ། །གཞན་སྔ་མ་བཞིན་ནོ། །གསལ་
བྱེད་ལས་ཞེས་པ་ཅི་ཞེ་ན། ལོ་ལུ་ཡི་ཏཱ། ཤིན་ཏུ་གཅོད་དོལ་ཡ་སྒྲའོ། །གཉིས་བརྗོད། ཏཱའོ། །ཨིཊའོ། །ཨའི་འང་དབྱིའོ། །ཨན་མེད་པ་ཞེས་པ་ཅི་ཞེ་ན། པཱ་པ་ཏྱཱཏ། བྱིངས་མིན་པ་ཞེས་པ་ཅི་ཞེ་ན། མ་དྷྱ་ཏཱ། མདྷྱ་འཆིང་བ་ལའོ། །ཕལ་པ་དང་གཙོ་བོ་དག་གི་གཙོ་བོ་ལ་བྱ་བ་ཡང་དག་པར་རྟོགས་པར་བྱའོ་ཞེས་པའི་ཚིག་
ལས་གཙོ་བོ་ནི་བྱིངས་ཞེས་པས་འདི་དགག་པའོ། །གང་བྱིངས་རྣམས་ཨིཎ་ལའོ། །ཕལ་པ་ལ་ནི་བྱིངས་ཏེ། དེའི་ཡ་དབྱི་བར་འགྱུར་བ་ཁོ་ནའོ། །ཡིན་དང་ཨཱ་ཡི་དག་གི་ཡ་ཡིག་གསལ་བྱེད་ཕ་རོལ་སྔར་བརྗོད་པའི་རྒྱུ་མཚན་ལས་དབྱི་བར་བྱ་བ་ཡང་ན་བཤད་པར་བྱ་སྟེ། ཏྲྀ་ཥ་དི་ཏཱ། ཏྲྀ་ཥ་དྱི་ཏ། དྱི་ཥ་དི་ཏཱ། ཏྲྀ་ཥ་དྱི་ཏ།
ཏྲྀཥད་འདོད་དོ་ལ་ཡིན་ནོ། །ཏྲྀཥད་བཞིན་དུ་སྤྱོད་དོ་ལ་ཨཱ་ཡིའོ། །ཏ་དང་ཨིཊའོ། །ཨིའང་དབྱིའོ། །བྱིངས་མིན་པ་ཞེས་པ་ལྡོག་གོ། །ཨ་ཡིག་གི་དབྱི་བར་འགྱུར་ཏེ། ཨན་མེད་པ་ལ་སྟེ་ཨན་མིན་ནོ་ཞེས་པ་འདིས་འདིར་ཡང་བྱིངས་ཐམས་ཅད་པ་མིན་པ་མཚོན་ནོ། །ཙི་ཀཱིཪྵི་ཏཱ། ཙི་ཀཱིཪྵི་ཥྱ་ཏི། ཙི་ཀཱིརྟིའི་སྒྲ་དང་ཏ་ལས་ཏཱ་
དང་སྱ་ཏིའོ། །ཨིཊའོ། །ཨ་ཡིག་དབྱིའོ། །ག་ཎ་ཡ་ཏི། མྲི་ག་ཡ་ཏི། པྲྀ་ཧ་ཡ་ཏི། ག་ཎ་བགྲང་བ་ལའོ། །མྲྀག་ཚོལ་པ་ལའོ། །སྤྲྀ་ཧ་འདོད་པ་ལའོ། །ཨཏ་མཐའ་རྣམས་ཀྱི་ཙུར་སོགས་ལས་ཀྱང་ངོ་ཞེས་པས་ཨིནའོ། །ཨའིའང་དབྱིའོ། །དེའི་དབྱངས་བསྒྱུར་བ་ནི་རྒྱུ་མཚན་གཞན་ཞེས་པས་གནས་ཅན་དང་འདྲ་བའི་དངོས་པོ་
เล่ม ๑๙๕ · หน้า 231b
ལས་གཎའི་ཨུ་པ་དྷཱ་རིང་པོ་དང་མྲྀ་ག་དང་སྤྲྀ་ཧའི་ཡོན་ཏན་དུ་མི་འགྱུར་རོ། །སླར་ཡང་དབྱི་བ་སྨོས་པ་རྣམ་པ་གསལ་བའི་དོན་དུའོ། །སི་ཙའི་དྷ་ཡིག་ལའོ། །དབྱིའོ་ཞེས་པ་འཇུག་སྟེ་ཙ་སྡེའི་ཀིའོ་ཞེས་པས་འདི་ལས་གོང་དུའོ། །དྷ་ཡིག་དང་པོའི་རྐྱེན་ཕ་རོལ་ལ་སི་ཙ་དབྱིའོ། །ཨ་ལ་བ་དྷྭི་མ། ལུཉ་གཅོད་པ་ལའོ། །
ཨ་དྷ་བི་དྷྭམ། དྷུཉ་འདར་བ་ལའོ། །ཨ་དྱ་ཏ་ནཱིའི་དྷྭམའོ། །སི་ཙའོ། །ཨིཊའོ། །འདིས་སི་ཙ་དབྱིའོ། །ཡོན་ཏན་ནོ། །སིཙ་ཞེས་པ་ཅི་ཞེ་ན། སྟུ་དྷྭེ། དྷ་ཡིག་ཅེས་པ་ཅི་ཞེ་ན། ཨ་ལ་བིཥྚ། ལཱུཉ་གཅོད་པ་ལའོ། །ཨ་དྱ་ཏ་ནཱིའི་ཏའོ། །སིཙའོ། །ཨིཊའོ། །ཡོན་ཏན་ནོ། །དྷུཊ་ལས་ཀྱང་དྷུཊ་ལའོ། །དྷུཊ་ལས་ཕ་
རོལ་གྱི་སི་ཙ་དྷུཊ་ཕ་རོལ་ལ་དབྱིའོ། །ཨ་བྷིཏྟཿ། ཨ་བྷིཏྠཱཿ། ཨ་བུདྡྷཿ། ཨ་བུདྡྷཿ། བྷི་དིར་འཇོམས་པ་ལའོ། །བུདྡྷ་རྟོགས་པ་ལའོ། །ཏས་དང་ཐཱསའོ། །སི་ཙའོ། །འདིས་དབྱིའོ། །བུདྡྷའི་གྷ་ཌྷ་དྷ་བྷ་རྣམས་ཞེས་པས་ཏ་ཐཱ་དག་གི་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ། །དྷུཊ་ལས་ཞེས་པ་ཅི་ཞེ་ན། ཨ་མཾ་སྟ། མན་
ཤེས་པ་ལའོ། །ཨ་དྱ་ཏ་ནཱིའི་ཏའོ། །སི་ཙའོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། ཨ་བྷིཏྶ་ཏཱམ། བྷི་དིར་འཇོམས་པ་ལའོ། །ཨཱ་ཏཱམ་དང་སིཙའོ། །ཐུང་ངུ་ལས་ཀྱང་ཨིཊ་མེད་པའིའོ། །སི་ཙ་གང་ལ་ཨིཊ་ཡོད་པ་མིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཐུང་ངུ་ལས་ཕ་རོལ་གྱི་ཨིཊ་མེད་པའི་སི་ཙ་དྷུཊ་ཕ་རོལ་ལ་དབྱི་བར་འགྱུར་
རོ། །ཨ་ཀྲྀཏ། ཨ་ཀྲྀ་ཐཱཿ། ཨ་ཧྲྀ་ཏ། ཨ་ཧྲྀ་ཐཱཿ། ཨ་དྱ་ཏ་ནཱིའི་ཏ་དང་ཐཱསའོ། །སིཙའོ། །དེས་འདི་དབྱིའོ། །ཐུང་ངུ་ལས་ཞེས་པ་ཅི་ཞེ་ན། ཨ་ཙེཥྚ། ཙི་ཉ་སོགས་པ་ལའོ། །ཏའོ། །ཡོན་ཏན་ནོ། །སིཙའོ། །ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཨ་བཱ་རིཥྚ་མ། བྲྀ་ཉ་འདམ་པ་ལའོ། །ཏཱམའོ། །སིཙའོ། །ཨིཊའོ། །
དབྱངས་མཐའ་རྣམས་ཀྱི་སི་ཙ་ལ་པ་རསྨཻ་ལ་ཞེས་པས་འཕེལ་བའོ། །འོ་ན་གཞན་དུ་གྱུར་པའི་ཕྱིར་འཕེལ་བ་བྱས་པ་ན་ཐུང་དུ་ལས་བྱི་སི་ཙ་མེད་དོ་ཞེ་ན། བདེན་ཏེ་དབྱི་བའི་སྒྲུབ་པ་སྟོབས་དང་ལྡན་པ་ཉིད་ཀྱི་ཕྱི་དབྱི་བ་སྟོབས་དང་ལྡན་པར་འགྱུར་རོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། ཨ་ཀྲྀཥཱ་ཏཱམ། ཨ་ཀྲྀ་ཥཏ། ཨ་ཏཱམ་དང་
ཨནྟའོ། །སིཙའོ། །ཨ་ཡིག་མིན་པ་ལ་ཞེས་པས་ན་དབྱིའོ། །ཨིཊ་ལས་ཀྱང་ཨཱིཊ་ལའོ། །ཨིཊ་ལས་ཕ་རོལ་གྱི་སི་ཙ་ཨཱིཊ་ཕ་རོལ་ལ་དབྱི་བར་འགྱུར་རོ། །ཨ་ལཱ་བཱིཏ། ཨ་པཱ་པཱིཏ། ཨ་ཀོ་ཥཱིཏ། ལུཉ་གཅོད་པ། པཱུཉ་འཐུང་བ་ལའོ། །ཀུཥ་ངེས་པར་རྟོག་པའོ། །དིའི། །སིཙའོ། །ཨིཊའོ། །ཨཱིཊའོ། །
เล่ม ๑๙๕ · หน้า 232a
འདིས་སིཙ་དབྱིའོ། །དབྱངས་མཐའ་རྣམས་ཀྱི་སིཙ་ལ་པ་རསྨཻ་ལ་ཞེས་པས་འཕེལ་བའོ། །ཨུ་པ་དྷཱའི་ཡོན་ཏན་ནོ། །ཨིཊ་ལས་ཞེས་པ་ཅི་ཞེ་ན། ཀཱཪྵཱི་ཏ། ཨཱིཊ་ལས་ཞེས་པ་ཅི་ཞེ་ན། ཨ་ལཱ་བིཥྚ་མ། བརྩེགས་པ་དང་པོའི་ས་ཀ་དག་གི་མཐའ་ལའང་ངོ་། །བརྩེགས་པ་དང་པོའི་ས་ཀ་དག་
ཅེས་ས་ཡིག་དང་ཀ་ཡིག་དག་སྟེ། དེ་དག་དྷུཊ་ཕ་རོལ་ལ་དབྱི་བར་འགྱུར་ཏེ། མཐའ་ལའང་སྟེ་ཚིག་མཐར་འཇུག་བཞིན་པའི་བརྩེགས་པའིའོ། །ས་ཡིག་གི་རེ་ཞིག་དྷུཊ་ལ། ཨཱ་རིཔྶཏི། ཨཱ་ལིཔྶཏི། རབྷ་རྩོམ་པ་ལའོ། །ཌུ་ལ་བྷཥ་ཐོབ་པ་ལའོ། །ཨཱང་སྔོན་དུའོ། །སནའོ། །གཉིས་བརྗོད་དོ། །སན་ལ་མི་
མཱི་མ་དཱ་ར་བྷ་ཞེས་པས་ཨི་སའོ། །ཨ་བྷྱཱ་ས་འདི་དབྱིའོ། །འདིས་ཨ་ཡིག་དབྱིའོ། །སྒྲ་མེད་པ་རྣམས་ལ་ཞེས་པས་བྷའི་པའོ། །ཀ་ཡིག་གི་དྷུཊ་ལ། ཨཱ་ཙཥྚི། ཨཱ་ཙཀྵེ། ཙཀྵིངའོ། །ཨཱང་སྔོན་དུའོ། །ཏེ་དང་སེའོ། །འདིས་ཀ་དབྱིའོ། །སེའི་རྐྱེན་ལ་ཥ་དྷ་དག་གི་ས་ལ་ཀའོ། །མཐའི་ས་ཡིག་གི །ཨ་བཱ་བ་
ཀཿ། བསྐ་འགྲོ་བའི་དོན་ཏོ། །འཁྱོག་པོར་བགྲོད་དོ་ལ་ཡ་སྒྲའོ། །ཙེ་ཀྲྀ་ཡི་ཏའི་ཡང་ནའོ་ཞེས་པས་འཇིག་གོ། །གཉིས་བརྗོད་དོ། །ཨཱ་ག་མ་མེད་པའི་རིང་བོའོ་ཞེས་པས་རིང་པོའོ། །ཧྱསྟ་ནིའི་དིའིའོ། །བྱིངས་ཀྱི་དང་པོར་ཨཊའོ་ཨནའོ། །ཨད་སོགས་ལས་འཇིག་གོ། །གསལ་བྱེད་ལ་དི་སི་དག་གི་ཞེས་པས་དི་
དབྱིའོ། །འདིས་ས་ཡིག་དབྱིའོ། །མཐའི་ཀ་ཡིག་དབྱི་བ་ནི། ཨ་རཱ་རཊ། རཀྵ་བསྲུང་བ་ལའོ། །ཤིན་ཏུ་བསྲུང་ངོ་ལ་ཡ་སྒྲའོ། །གཞན་སྔ་མ་བཞིན་ནོ། །འདིས་ཀ་དབྱིའོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་ཥའི་ཊའོ། །ས་ཀ་དག་གི་ཞེས་པ་ཅི་ཞེ་ན། ནརྣ་རྟྟི། ནྲྀཏི་ལུས་གཡོ་བ་ལའོ། །ཤིན་ཏུ་གར་བྱེད་དོ་
ལ་ཡ་སྒྲའོ། །འཇིག་གོ། །གཉིས་བརྗོད་དོ། །འཇིག་པ་ལ་རི་རེ་ཕ་དག་ཀྱང་ངོ་ཞེས་པས་ར་ཨཱ་ག་མའོ། །ཏིའོ། །ཡོན་ཏན་ནོ། །བརྩེགས་པའི་དང་པོ་ཞེས་པ་ཅི་ཞེ་ན། བསྟཱ། ཤསྟཱ། དྷུཊ་ལ་ཞེས་པ་ཅི་ཞེ་ན། བསྐ་སྟེ། རཀྵ་སྟེ། ཙ་སྡེའི་འདྲ་བའི་ཡི་གེ་མིན་པ་ལ་ཀིའོ། །དྷུཊ་ལ་ཞེས་པ་དང་མཐའ་ཞེས་པ་
འདི་གཉིས་རྗེས་སུ་འཇུག་སྟེ། སྐྱེས་པར་བརྗོད་པ་ཞེས་པ་འདི་ལས་གོང་དུའོ། །ཙ་སྡེའི་འདྲ་བའི་ཡི་གེ་མིན་པའི་དྷུཊ་ཕ་རོལ་ལ་ཀིརུ་འགྱུར་ཏེ་མཐའི་འང་ངོ་། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །པཀྟཱ། པཀྵྱ་ཏི། ཡོཀྟཱ། ཡོཥྱ་ཏི། བཙ་འཚེད་པ་ལའོ། །ཡུ་ཛིར་སྦྱོར་བ་ལའོ། །མཐའ་ལས་ངེས་པར་ཡང་ཨ་པ་ཀ །
เล่ม ๑๙๕ · หน้า 232b
ཨ་ཡོ་ཀ །ཤིན་དུའམ་ཡང་ཡང་ལ་ཡ་སྒྲའོ། །དེའི་འཇིག་གོ། །གཉིས་བརྗོད་དོ། །ཧྱསྟ་ནཱིའི་དིའོ། །གསལ་བྱེད་ལས་དི་སི་དག་གི་ཞེས་པས་དི་དབྱིའོ། །འདིས་ཀའོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། བཙྨི། འདྲ་བའི་ཡི་གེ་མིན་པ་ཞེས་པ་ཅི་ཞེ་ན། ཨུཛྫྷ་ཏི། ཨུཉྪ་ཏི། ཨུཛྫྷ་གཏོང་པ་ལའོ། །ཨུནྪི་ཟ་བ་
ལའོ། །ཛའི་ཀ་ཉིད་དུ་མི་འགྱུར་རོ། །སྡེ་པ་སྡེ་པས་འདྲ་བའི་ཡི་གེའོ་ཞེས་པའི་ཚིག་ལས་ར་ཙ་ཚ་ཛ་ཛྷ་ཉ་རྣམས་འདྲ་ཡིག་གི་མིང་ཅན་ནོ། །སྡེ་པའི་མཐའི་སྒྲུབ་པའོ་ཞེས་པའི་ཚིག་ལས་མཐའི་ཙ་སྡེའི་ཀ་ཉིད་དུ་འགྱུར་རོ། །ཞེས་པས་འདྲ་བའི་ཡི་གེ་མིན་པ་སྨོས་པ་སྟེ་བྱིངས་ཀྱིས་ཙ་སྡེ་ཁྱད་པར་དུ་གྱུར་པ་མཐའ་མིན་པའི་
ཡང་ན་མི་འགྱུར་རོ། །ཧའི་ཌྷའོ། །ཧའི་ཌྷ་ཉིད་དུ་འགྱུར་ཏེ་དྷུཊ་ཕ་རོལ་ལའོ། །མཐའ་ལའང་ངོ་། །ལེཀྵྱ་ཏི། ཨ་ལེ་ཀྵྱ་ཏ། ལིཧ་རོ་མྱང་བ་ལའོ། །སྱ་ཏི་དང་སྱཏའོ། །ཡོན་ཏན་ནོ། །འདིས་ཌྷྱའོ། །ཥ་ཌྷ་དག་གི་ས་ལ་ཀའོ། །སོ་ཌྷཱ། བོ་ཌྷཱ། ས་ཧ་བཟོད་པ། བཧ་ཐོབ་པ། ཏཱའོ། །སཧའི་ཨིཊ་རྣམ་པར་བརྟག་
པའོ། །བཧའི་ད་ཧི་ཞེས་སོགས་ཀྱི་ཨིཊ་མེད་དོ། །འདིས་ཌྷའོ། །གྷ་ཌྷ་དྷ་བྷ་ཞེས་པས་ཏའི་དྷའོ། །ཏ་སྡེའི་ཙ་ཊའི་སྡེ་པ་སྦྱོར་བ་ལ་ཞེས་པས་དྷའི་ཌྷའོ། །ཌྷ་ལ་ཌྷ་དབྱིའོ། །ས་ཧི་བ་ཧི་དག་གི་ཨ་ཡིག་གི་ཨོཊའོ་ཞེས་པས་ཨོ་ཉིད་དོ། །མཐའ་ལས། ཨ་ལེ་ལེ་ཊ། ལིཧ་རོ་མྱང་། ཤིན་ཏུ་རོ་མྱོང་ལ་ཡ་སྒྲའོ། །དྷུཊ་ལ་ཞེས་
པ་ཅི་ཞེ་ན། ས་ཧ་ཏེ། ད་དང་པོའི་གྷའོ། །ཆ་ཤས་གང་གི་དང་པོ་ད་ཡིན་པ་དེ་ནི་ད་དང་པོའོ། །བྱིངས་ཉིད་དང་འབྲེལ་པའི་ཆ་ཤས་དང་པོ་ཅན་གྱི་ཧ་ཡིག་གི་གང་ཡིན་པ་དེའི་དྷུཊ་ཕ་རོལ་དང་མཐའ་ལའང་གྷ་ཉིད་དུ་འགྱུར་རོ། །ཌྷ་ཉིད་སེལ་བའོ། །ཨ་དྷོཀྵྱ་ཏ། ཨ་དྷེཀྵྱ་ཏ། དུ་ཧ་འཇོ་བ། ད་ཧི་ཉེ་བར་སོག་པ་ལའོ། །སྱ་ཏའོ། །
བྱིངས་ཀྱི་དང་པོར་ཨ་ཊའོ། །འདིར་ཨ་ཡིག་ཨཱ་ག་མ་བྱས་པ་ན། ཨ་དུ་ཧ། ཨ་དི་ཧ་ཞེས་པ་འདིའི་ཆ་ཤས་གང་བྱིངས་དག་གི་དང་པོ་ཅན་དེའི་ཧ་ཡིག་གང་ཡིན་པ་དེ་གྷ་ཉིད་དོ། །བྱིངས་ཀྱི་གསུམ་པ་དང་པོ་ཞེས་པས་དའི་དྷའོ། །སྒྲ་མེད་པ་རྣམས་ལ་ཤིཊ་ཅེས་པས་གྷའི་ཀའོ། །དོགྡྷ། དོཀྵྱ་ཏི། དུཧ་འཇོ་བ། ད་ཧི་ཉེ་བར་སོག་པ་ལའོ། །ཏཱ་དང་
སྱཏིའོ། །འདིས་གྷའོ། །གྷ་ཌྷ་དྷ་བྷ་རྣམས་ཞེས་པས་ཏཱའི་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ། །སྔ་མ་བཞིན་དུ་ཀ་ཉིད་དང་དང་པོ་བཞི་པ་ཉིད་དོ། །གལ་ཏེ་ཡང་བྱིངས་ཆ་ཤས་ད་དང་པོ་མི་འབྱུང་བ་དེ་ལྟར་ཡང་དང་པོའི་མཐའ་བཞིན་གཅིག་ལའོ་ཞེས་པའི་ཚིག་ལས་གྷ་ཉིད་དོ། །མཐའ་ལ་ཡང་། ཨ་དྷོ་ཀཱ། དུ་ཧ་འཇོ་བ། ཧྱསྟ་ནཱིའི་
เล่ม ๑๙๕ · หน้า 233a
དིའོ། །བྱིངས་ཀྱི་དང་པོར་ཨཊའོ། །ཨནའོ། །ཨད་སོགས་ལས་འཇིག་གོ། །གསལ་བྱེད་ལ་དི་སི་དག་གི་ཞེས་པས་དེ་དབྱིའོ། །འདིས་གྷའོ། །ཕྱིས་པ་ལའང་དི་སི་ཞེས་པས་དའི་དྷའོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་གྷའི་ཀའོ། །དྷུཊ་ལ་ཞེས་པ་ཅི་ཞེ་ན། དུ་ཧ་ཏེ། དྲུ་ཧ་མུ་ཧ་སྣུ་ཧ་སྣི་ཧ་
རྣམས་ཀྱི་དྷུཊ་ལ་གྷ་ཉིད་དུ་ཡང་ན་བཤད་པར་བྱ་སྟེ། དྲོགྡྷ། མོགྡྷ། སྣོགྡྷ། སྣེགྡྷ། དྲུ་ཧ་འཚེ་བ། མུཧ་སེམས་པ་དང་བྲལ་བ་ལའོ། །སྣུཧ་སྐྱུག་པ་ལའོ། །སྣིཧ་དགའ་བ་ལའོ། །ཤྭསྟ་ནིའི་སྟཱའོ། །རདྷ་སོགས་ལས་ཨིཊ་རྣམ་པར་བརྟག་པ་ལའོ། །བཤད་པ་ལས་གྷ་ཉིད་དོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་
དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ། །ཕྱོགས་གཅིག་ལ། དྲོ་ཌྷ། མོ་ཌྷ། སྣོ་ཌྷ། སྣེ་ཌྷ། ན་ཧའི་དྷའོ། །ན་ཧིའི་དྷའོ། །ན་ཧ་འཆིད་པ་ལའོ་ཞེས་པ་འདིའི་དྷ་ཉིད་དུ་འགྱུར་ཏེ། དྷུཊ་ཕ་རོལ་དང་མཐའ་ལའང་ངོ་། །ཌྷ་ཉིད་སེལ་བའོ། །ནདྷྷཱ། ནཏྶྱ་ཏི། འདིས་ཧའི་དྷའོ། །མཐའ་ལ། ཨ་ནནྟ། ཤིན་ཏུ་འཆིང་
ངོལ་ཡ་སྒྲའོ། །སྔ་མ་བཞིན་འཇིགས་པ་སོགས་སོ། །དྷུ་ཊ་ལ་ཞེས་པ་ཅི་ཞེ་ན། ནཧྱ་ཏེ། བྷྲྀཛ་སོགས་རྣམས་ཀྱི་ཥའོ། །བྷྲསྫིའི་ངེས་པར་བསྟན་པ་འདི་ཉིད་ལས་བྷྲྀ་ཛ་རུ་བསྒྱུར་བས་ཏེ། བྱཱ་ཀ་ར་ཎའི་མཚོན་བྱའི་རྩ་བ་ཉིད་ཡིན་པའི་ཕྱིར་རོ། །བྷྲཛ་འཚེད་པ་ལའོ། །སྲྀ་ཛ་སྤྲོ་བ་ལའོ། །མྲྀ་ཛཱུ་ཥ་དག་པ་ལའོ། །
ཡ་ཛ་ལྷ་མཆོད་པ་ལའོ། །རཱྀ་ཛ་གསལ་བ་ལའོ། །བྷྲྀ་ཛ་གསལ་བ་ལའོ་ཞེས་པ་དེ་རྣམས་ནི་བྷྲྀ་ཛ་སོགས་སོ། །འདི་རྣམས་ཀྱི་མཐའི་ཥ་ཉིད་དུ་འགྱུར་ཏེ། དྷུཊ་ཕ་རོལ་དང་མཐའ་ལ་འང་ངོ་། །བྷྲཥྚ། བྷྲཀྵྱཏི། ཨ་བྷྲཀྵྱཏ། བརྩེགས་པ་དང་པོ་ས་ཀ་དག་གི་ཞེས་པས་ས་དབྱིའོ། །འདིས་ཥའོ། །ཥ་ཌྷ་དག་གི་
ཀའོ། །ཨ་བ་རཱི། བྷརྚ་ཡ་སྒྲའོ། །འཇིག་གོ། །གཉིས་བརྗོད་དོ། །གྲ་ཧི་ཛྱཱ་ཞེས་པས་སཾ་པྲ་སཱ་ར་ཎའོ། །འཇིག་པ་ལ་རཱི་རེ་ཕ་དག་ཀྱང་ངོ་ཞེས་པས་རཱི་ཨཱ་ག་མའོ། །ཧྱསྟ་ནཱིའི་དིའོ། །གསལ་བྱེད་ལས་དི་སི་ཞེས་པས་དེ་དབྱིའོ། །ཡོན་ཏན་ནོ། །འདིས་ཥའོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་ཥའི་ཊའོ། །པྲཥྚཱ།
པྲཀྵྱ་ཏི། བྲྀ་ཛ་འགྲོ་བ་ལའོ། །པྲྀ་ཛི་ཏྲྀ་ཤ་དག་གི་དབྱངས་ལས་ཞེས་པས་ཨ་ཡིག་ཨཱ་ག་མའོ། །འདིས་ཥའོ། །ཨ་ས་རཱི་སཏྚ། ཡ་སྒྲའོ། །སྔ་མ་བཞིན་དུ་འཇིག་པ་སོགས་སོ། །མཱཏྵྚཱ། མཱཏྐྵྱ་ཏི། མྲྀ་ཛུཥ་དག་པ་ལའོ། །ཏཱ་དང་སྱ་ཏིའོ། །ཡོན་ཏན་ནོ། །མརྫའི་མཱ་རྫའོ་ཞེས་པས་མ་རྫི་རུ་བསྒྱུར་རོ། །འདིས་ཥའོ། །
เล่ม ๑๙๕ · หน้า 233b
ཥ་ཌྷ་དག་གི་ཀའོ། །ཨ་མ་རཱི་མཱཏྚ། ཡ་སྒྲའོ། །སྔ་མ་བཞིན་འཇིག་པ་སོགས་སོ། །ཡོན་ཏན་བྱས་པ་ལ་མརྫའི་མཱརྫིའོ། །ཛའི་ཥའོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་ཥའི་ཊའོ། །ཡཥྚ། ཡཀྵྱཏི། ཡ་ཛ་ལྷ་མཆོད་པ་ལའོ། །ཨ་ཡཱ་ཡཊ། ཨ་རཱ་རཱཊ། ཨ་བཱ་བྷཊ། རཱ་ཛི་གསལ་བ་ལའོ། །ཥ་ཉིད་བྱས་པ་ན་ཥའི་ཊའོ། །
རཱ་ཛི་བྷྲཛ་དག་ལས་ཨིཊ་དང་བཅས་པའི་དྷུཊ་དང་པོའི་རྐྱེན་ལ་མི་འབྱུང་ངོ་། །བྷྲསྫིའི་བྷྲྀ་ཛ་རུ་བསྒྱུར་བ་ནི་ཡོན་ཏན་དང་བཅས་པའི་རྐྱེན་ལ་ཡང་ན་བཤད་པར་བྱ་སྟེ། བྷྲ་ཛ་ན་མ། བྷརྫ་ན་མ། ཡུཊ་འང་ངོ་ཞེས་པས་ཡུཊའོ། །དེ་བཞིན་དུ། བྷྲིཥྚཱ། བྷརྵྚཱ། འདིས་ཥའོ། །བརྩེགས་པའི་དང་པོ་ས་ཀ་ཞེས་པས་ས་
དབྱིའོ། །ཡོན་ཏན་མེད་པ་ལ་ནི་ཇི་ལྟར་ཐོབ་པ་ཉིད་ཀྱི་ཚུལ་ལོ། །བྷྲྀཛྫ་ཏི། བྷྲྀཛྫྱཏེ། ཨནའོ། །བྱིངས་ཐམས་ཅད་པ་ལ་ཡ་ཎའོ། །གྲ་ཧི་ཛྱ་བ་ཡི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཚ་ཤ་དག་གིའང་ངོ་། །ཚ་ཤ་ཞེས་པ་འདི་དག་དྷུཊ་ཕ་རོལ་དང་མཐའ་ལའང་ཥ་ཉིད་དུ་འགྱུར་རོ། །པྲཥྚ། པྲཀྵྱ་ཏི། ཨ་ཀྵྚ་ཏེ། ཨ་པྲཀྵྱཏ།
བེཥྚཱ། བེཀྵྱ་ཏི། ཨ་བེཀྵྱཏ། པྲཙྪ་ཤེས་པར་འདོད་པ་ལའོ། །བིཥ་འཇུག་པ་ལའོ། །ཨ་པ་རཱི་པཊྚ། ཨ་བེ་བེཊ། དྷུཊ་ལ་ཞེས་པ་ཅི་ཞེ་ན། པྲྀཙྪྱཏེ། པྲ་བི་ཤྱ་ཏེ། སྐྱེས་པར་བརྗོད་པ་ནི་སྐྱེས་པ་བཞིན་ཨཱ་ཡི་ལའོ། །གང་གི་སྐྱེས་པ་ལ་བཤད་པ་དེ་ནི་སྐྱེས་པར་བརྗོད་པའོ། །སྔར་སྐྱེས་པ་ལ་གང་གིས་བཤད་པ་དེ་ད་ལྟ་བུད་
མེད་ལ་འཇུག་པ་དེའི་ཨཱ་ཡིའི་ཕ་རོལ་ལ་སྐྱེས་པ་བཞིན་འགྱུར་རོ། །སྐྱེས་པའི་རྟགས་ཀྱི་གཟུགས་གང་ཡིན་པ་དེ་འགྱུར་རོ་ཞེས་པའི་དོན་ཏོ། །བྲམ་ཟེ་མོ་བཞིན་དུ་སྤྱོད་པ་ནི། བྲཧྨ་ཎཱ་ཡ་ཏེ། ཨེ་ནཱི། ཨེ་ཏཱ་ཡ་ཏེ། ཤྱེ་ནཱི། ཤྱེ་ཏཱ་ཡ་ཏེ། ཧ་རི་ཎཱི། ཧ་རི་ཏཱ་ཡ་ཏེ། ཨེཏ་དང་ཤྱེ་ཏ་དང་ཧི་ར་ཏ་རྣམས་ལས་ཏ་ཨུ་པ་དྷཱ་ལས་ཡང་ན་སྟེ་ཏའི་འང་
ན་ཡིག་གོ་ཞེས་ཨཱིའི་རྐྱེན་ནོ། །དེའི་ཚིག་ལ་བྱེད་པ་པོ་ལ་ཨ་ཡི་ཞེས་པས་ཨཱ་ཡིའོ། །འདིས་སྐྱེས་པ་དང་འདྲ་བར་གྱུར་པ་ན། ཨེཊ། ཤྱེཏ། ཧ་རིཏ་ཞེས་པ་འདི་རྣམས་སུ་བསྒྱུར་རོ། །ཨཱ་ཡིའི་རྐྱེན་ལ་ཞེས་པ་ཅི་ཞེ་ན། བྲཱཧྨ་ཎཱི་ཡ་ཏི། ཡིནའོ། །ཙིའི་ཀ་ཡང་ནའོ་ཞེས་པའི་ཡང་ན་ཞེས་པ་འཇུག་སྟེ། དེའང་རྣམ་པར་གཞག་པ་
རྣམ་པར་བཤད་པའོ། །དེས་ན་བུད་མེད་ཀྱི་རྟགས་ཁོ་ན་སྐྱེས་པ་དང་འདྲ་བར་འགྱུར་གྱི་མ་ནིང་གི་རྟགས་ནི་མིན་ནོ། །ཨ་ཏ་ནུ་ཡ་ཏེ། ནཽ་འཽ་སྒྲའོ། །ཨ་ཏི་སྔོན་དུའོ། །ཆུ་ལས་བསྒྲལ་ཟིན་པའི་གྲུ་གང་ཡིན་པ་དེ་ཨ་ཏི་ནུའོ། །མ་ནིང་ལ་དབྱངས་ཐུང་ངུའོ་ཞེས་པས་ཐུང་ངུའོ། །ཨུ་ཡིག་གོ། །ཨ་ཏི་ནུ་གྲུ་བཞིན་དུ་སྤྱོད་དོ་ལ་བྱེད་
เล่ม ๑๙๕ · หน้า 234a
པ་པོ་ལ་ཨཱ་ཡི་ཞེས་ཨ་ཡིའོ། །ནཱ་མི་དང་གསལ་བྱེད་མཐའ་རྣམས་ལས་ཞེས་པས་ཨ་དབྱིའོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །ཨ་ཏི་ནུའི་སྒྲ་ཨ་ཏི་ནོ་རུ་བསྒྱུར་བར་མི་འགྱུར་ཏེ། རྣམ་པར་གཞག་པ་རྣམ་པར་བཤད་པས་རྣམ་པར་ཤེས་པ་ལས་ཀྱང་འདིར་ཡང་མི་འགྱུར་
ཏེ། ཏྲོ་ཎཱི་ཡ་ཏེ། ཤྭ་ཤྲུ་ཡ་ཏེ། ཨ་ལས་ཨཱ་ཏཱམ་ཨ་ཐ་མའི་དང་པོའི་ཨིའོ། །ཨཱ་ཏཱམ་དང་ཨཱ་ཐཱམ་ཞེས་པས་དབྱེའོ། །དང་པོ་དབྱི་བ་དང་མཐའ་དབྱི་བའང་ངོ་ཞེས་པས་ཨོས་དབྱིའོ། །ཨ་ལས་ཏེ་ཨ་ཡིག་ལས་ཕ་རོལ་གྱི་ཨཱ་ཏཱམ་དང་། ཨཱ་ཐཱམ་ཞེས་པ་འདི་དག་གི་དང་པོའི་ཨི་ཉིད་དུ་འགྱུར་རོ། །པ་ཙེ་ཏཱམ། པ་ཙེ་
ཐཱམ། པཉྩ་མཱིའི་ཨཱ་ཏཱམ་དང་ཨཱ་ཐཱམའོ། །ཨན་བི། འདིས་ཨཱ་ཡིག་གི་ཨི་ཉིད་དོ། །ཨ་ལས་ཞེས་པ་ཅི་ཞེ་ན། ཀུརྦཱ་ཏཱམ། ཀུརྦཱ་ཐཱམ། ཀྲྀཉ་བྱེད་པ་ལའོ། །ཏན་སོགས་ལས་ཨུའོ། །ཀ་རོ་ཏིའོ་ཞེས་པས་ཡོན་ཏན་ནོ། །ཨའི་ཨུ་ཡིག་གོ། །ཨཱ་ཏེ་ཨཱ་ཐེ་ཞེས་པའི་འང་ངོ་། །ཨཱ་ཏེ་དང་ཨཱ་ཐེ་ཞེས་ཟླས་དབྱེའོ། །ཨོས་
སྔ་མ་བཞིན་དུ་འཇིག་གོ། །ཨ་ཡིག་ལས་ཕ་རོལ་གྱི་ཨཱ་ཏེ་དང་ཨ་ཐེ་ཞེས་པ་འདི་དག་གི་དང་པོའི་ཨི་ཉིད་དུ་འགྱུར་རོ། །པ་ཙེ་ཏེ། པ་ཙེ་ཐེ། །ཨ་ཛེ་ཏེ། རྣམ་པར་འགྱུར་བ་ངེས་པར་བསྟན་པའི་ཕྱིར་དབྱངས་ཕ་རོལ་ལ་ཨ་ཏེ་དང་ཨ་ཐེ་ཞེས་པ་འདི་དག་རང་བཞིན་དུ་དངོས་པོའི་དོན་ལའོ། །དེས་ན། པ་ཙེ་ཏི་ཨི་ཏི། པ་ཙེ་ཐེ་
ཨི་ཏི། ཨི་ཏིའི་སྒྲ་ལས་གཞན་གྱི་ཨ་ཡིག་གི་མཐའི་གཉིས་བརྗོད་པ་རང་བཞིན་ཏེ། པ་ཙཱས་བ་ཧེ་ཨི་ཏི། ཨའི་བ་མ་དག་ལ་རིང་པོའོ། །ཡཱ་སྒྲའིང་སཔྟ་མཱིའིའོ། །ཨ་ཡིག་ལས་ཕ་རོལ་གྱི་སཔྟ་མཱིའི་སྒྲ་ཡཱའི་སྒྲའང་ཨི་ཉིད་དུ་འགྱུར་རོ། །པ་ཙེཏ། པ་ཙེ་ཏཱམ། བ་ཙེཿ། ཡཱ་ཏ་དང་ཡ་ཏཱམ་དང་ཡཱསའོ། །ཨནའོ། །འདིས་
ཡཱ་ཡ་ཨིའོ། །ཡ་ཞེས་བརྗོད་པར་བྱ་བ་ལ་སྒྲ་སྨོས་པ་ནི་ཡཱ་སྒྲའི་དབྱངས་དང་བཅས་པ་ཨི་ཉིད་ཀྱི་དོན་ཏོ། །ཕ་རོལ་གྱི་བྱ་བ་ལ་དང་པོ་རྣམ་པར་འགྱུར་བའོ་ཞེས་པའི་ཚིག་ལས་ཡ་ཡིག་ཙམ་གྱིས་ཨི་ཉིད་དུ་འགྱུར་རོ། །འོ་ན་དེའི་ཨི་ཉིད་བྱས་པ་ན་སླར་ཡང་ཡ་ཉིད་ལ་ཡཱ་སྒྲ་ཉིད་དུ་གནས་པ་ཞེས་མདོས་བྱས་པར་འགྱུར་བ་ཅི་ཞེ་ན།
བདེན་ཏེ་མདོ་བརྩམས་པའི་ཤུགས་ཨི་ཡིག་གི་ཡ་ཉིད་དུ་མ་བྱས་པར་ཐོས་པར་འགྱུར་རོ། །ཨ་ལས་ཞེས་པ་ཅི་ཞེ་ན། ཨ་དྱཱཏ། སཔྟ་མཱིའི་ཞེས་པ་ཅི་ཞེ་ན། ཙིཀཱིཏྵྱཱཏ། ཨཱ་ཤིཥའི་ཡཱཏའོ། །ཨཱའིང་དབྱིའོ། །ནང་གི་ཡན་ལག་ཉིད་ལས་ཨ་ཡིག་དབྱི་བ་ལ་ཐོབ་པ་མེད་པའི་ཕྱིར་ཨི་ཉིད་དུ་མི་འགྱུར་རོ་ཞེས་སཔྟ་མི་སྨོས་
เล่ม ๑๙๕ · หน้า 234b
པས་དབྱངས་བསྒྱུར་བ་ཉིད་ཀྱི་ཕྱིར་དེའི་སྔ་མའི་མི་འགྱུར་རོ། །ཡཱམ་ཡུས་དག་གི་ཨི་ཡ་མ་ཨི་ཡུས་དག་གོ། །ཨ་ཡིག་ལས་ཕ་རོལ་གྱི་ཡཱ་མ་དང་ཡུས་ཞེས་པ་འདི་དག་གྲངས་ཇི་ལྟ་བ་བཞིན་དུ་ཨི་ཡཾ་དང་ཨི་ཡུས་ཞེས་པ་འདི་དག་ཏུ་བསྒྱུར་བར་འགྱུར་རོ། །པ་ཙེ་ཡཱམ། པ་ཙེ་ཡུཿ། ཡ་ཛེ་ཡམ། ཡ་ཛེ་ཡུཿ། སཔྟ་མིའི་ཡཱཾ་
དང་ཡུསའོ། །ཨནའོ། །འདིས་ཨི་ཡམ་དང་ཨི་ཡུས་དག་གོ། །ཨ་ལས་ཞེས་པ་ཅི་ཞེ་ན། ཀུཪྻྰ། ཀུཪྻུཿ། སཔྟ་མཱིའི་འང་ཡ་ལའོ་ཞེས་པས་ཨུ་ཡིག་དབྱིའོ། །ཤམ་སོགས་རྣམས་ཀྱི་ཡན་ལ་རིང་པོའོ། །མཚོན་པར་བྱ་བའི་ཆེད་དུ་བ་ཉིད་ཀྱི་ཕྱིར་བརྡ་སྤྲོད་པའི་ཤམ་སོགས་བརྒྱད་གཟུང་ངོ་། །ཤ་མུ་ཉེ་བར་ཞི་བ།
ཏ་མུ་འདོད་པ། ད་མུ་ཉེ་བར་ཞི་བ། ཤ་མུ་དཀའ་དུ་བ། བྲ་མུ་མི་གནས་པ། ཀྵ་མུཥ་བཟོད་པ། ཀླ་མུ་ངལ་བ། མདཱི་དགའ་བ་ལའོ། །འདི་རྣམས་ཀྱི་ཡན་ཕ་རོལ་ལ་རིང་པོར་འགྱུར་རོ། །ཤཱ་མ་ཏི། ཏ་མྱ་ཏ། ཤཱམྱ་ཏི། བྷྲཱམྱ་ཏི། ཀྵམྱ་ཏི། ཀླམྱ་ཏི། མཱཏྱ་ཏི། དིབ་སོགས་ལས་ཡནའོ། །འདིས་རིང་པོའོ། །ཡན་
ཞེས་པ་ཅི་ཞེ་ན། ཤ་མི་ཏཱ། ཥྛི་བུ་ཀླ་མུ་ཨ་ཙམ་རྣམས་ཀྱི་ཨན་ལའོ། །ཥྛི་བུ་ངེས་པར་གནས་པ་ལའོ། །ཀླམུ་ངལ་བའོ། །ཙ་མུ་ཟ་བ་ལའོ། །ཨཱང་སྔོན་དུའོ། །འདི་རྣམས་ཀྱི་ཨན་ཕ་རོལ་ལ་རིང་པོར་འགྱུར་རོ། །སྠི་བ་ཏི། ཀླཱ་མ་ཏི། ཨཱ་ཙཱ་མ་ཏི། ཀླུ་མུ་ལ་བཤད་པ་ཉིད་ལས་ཨནྦི་ཀ་ར་ཎའོ། །ཨན་ལ་ཞེས་པ་ཅི་
ཞེ་ན། ཥྛ་བཏཱི། ཙ་མུའི་ཨཱང་སྔོན་མ་ཉེ་བའི་ཚིག་ཅན་ལས་གཞན་ལ་མི་འགྱུར་རོ། །ཙ་མ་ཏི་པ་རི་ཙ་མ་ཏི། ཀྲ་མའི་བ་རསྨཻ་ལའོ། །ཨན་ལ་ཞེས་པ་འཇུག་སྟེ། ཛ་ནིའི་བི་ཀ་ར་ཎ་ལ་ཛཱའོ་ཞེས་པ་འདི་ལས་གོང་དུའོ། །ཀྲ་མུ་རྐང་པ་བསྐྱོད་པ་ལའོ་ཞེས་པ་འདིའི་ཨན་དང་པ་རསྨཻའི་ཚིག་ཕ་རོལ་ལ་རིང་པོར་འགྱུར་རོ། །ཀྲཱ་
མ་ཏེ། ཀྲཱ་མ་ཏཿ། ཀྲཱ་མནྟི། ཡན་ཕ་རོལ་ལའང་འདོད་དེ། ཀྲཱམྱ་ཏེ། བཤད་པ་ལས་ཡནའོ། །པ་རསྨཻ་ཞེས་པ་ཅི་ཞེ་ན། ཨཱ་ཀྲ་མ་ཏེ་བྷ་ནུཿ། གམ་ཨི་ཥུ་ཡམ་རྣམས་ཀྱི་ཚའོ། །པ་རསྨཻ་ཞེས་པ་མི་འཇུག་གོ། །གམླྀ་འགྲོ་བ་ལའོ། །ཨིཥུ་འདོད་པ་ལའོ། །ཡ་མུ་ཉེ་བར་འཇིག་པ་ལའོ། །འདི་རྣམས་ཀྱི་ཨན་ཕ་རོལ་ལ་ཚ་ཉིད་དུ་
འགྱུར་རོ། །གཙྪ་ཏི། སཾ་གཙྪ་ཏེ། ཨིཙྪ་ཏི། ཡཙྪ་ཏི། སཾ་སྔོན་མ་ཅན་གྱི་ག་མཱི་ཏུ་ཙ་སོགས་སོ། །བཱའི་བི་བའོ། །པ་འཐུང་བ་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་བི་བ་རུ་བསྒྱུར་བར་འགྱུར་རོ། །པི་བ་ཏི། བི་བ་ཏིའི་དབྱི་སྟེ་ཞེས་པའི་ཤེས་པར་བྱེད་པ་ལ་ཡོན་ཏན་མེད་དོ། །གྷྲཱའི་ཛི་གྷྲའོ། །གྷྲ་ཏྲི་ལེན་པ་ལའོ་ཞེས་པ་འདིའི་
เล่ม ๑๙๕ · หน้า 235a
ཨན་ཕ་རོལ་ལ་ཛི་གྷྲ་རུ་བསྒྱུར་བར་འགྱུར་རོ། །ཛི་གྷྲ་ཏི། དྷྨཱའི་དྷ་མའོ། །དྷྨ་སྒྲ་དང་མེ་ཀུན་དུ་སྦྱོར་བ་དག་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་དྷ་མ་རུ་བསྒྱུར་བར་འགྱུར་རོ། །དྷ་མ་ཏི། སྠཱའི་ཏིཥྛའོ། །ཥྛཱ་གནས་པ་ལའོ་ཞེས་པ་འདིའི་ཨན་པ་ཕ་རོལ་ལ་ཏིཥྛ་རུ་བསྒྱུར་བར་འགྱུར་རོ། །ཏིཥྛ་ཏི། མྣཱའི་མ་ནའོ། །
མྣཱ་གོམས་པ་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་མན་རུ་བསྒྱུར་བར་འགྱུར་རོ། །མ་ནི་ཏི། དཱཎའི་ཡཙྪའོ། །དཱཎ་སྦྱིན་སྦྱིན་པ་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་ཡཙྪ་རུ་བསྒྱུར་བར་འགྱུར་རོ། །ཡཙྪ་ཏི། དཱཎའི་ཎ་ཡིག་འདིའི་དོན་ཏོ། །དྲྀ་ཤིའི་པ་ཤྱའོ། །དྲྀ་ཤིར་ལྟ་བ་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་པ་ཤྱ་རུ་བསྒྱུར་བར་
འགྱུར་རོ། །པ་ཤྱ་ཏི། ཨརྟིའི་རྀཙྪའོ། །རྀ་འགྲོ་བ་དང་ཐོབ་པ་དག་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་རྀཙྪ་རུ་བསྒྱུར་བར་འགྱུར་རོ། །རྀཙྪ་ཏི། སརྟིའི་དྷཱ་བའོ། །དྲི་ཤིར་ལྟ་བ་ལའོ་ཞེས་པ་འདིའི་ཕ་རོལ་ལ་ས་ཤུ་རུ་བསྒྱུར་བར་འགྱུར་རོ། །དྷཱ་བ་ཏི། དྷཱ་བ་བསྒྱུར་བ་ནི་འགྱོགས་པར་འགྲོ་བ་ལ་འདོད་པའོ། །དེས་ན་འདིར་
མི་འགྱུར་ཏེ། པྲྀ་ཡཾ་ཨ་ནུ་ས་ར་ཏི། སྲྀ་འགྲོ་བ་ལའོ། །དྷཱ་བུ་འགྲོ་བ་དང་དག་པ་ལའོ་ཞེས་པའི་བྱིངས་གཉིས་ཀྱི། སརྟི། དྷཱ་བ་ཏི། ཞེས་པའི་སྦྱོར་བ་གཉིས་གྲུབ་པ་ལ་སྦྱོར་བ་བརྩམ་པར་བྱ་བ་མིན་ནོ་ཞེས་གསུང་ངོ་། །ཤ་དིའི་ཤཱི་ཡའོ། །ཤདླྀ་ཉམས་པ་ལའོ། །ཤདླྀ་ལ་འཇིགས་པ་དང་འགྲོ་བ་ལ་འཇུག་པ་དང་སྦྱིན་པ་རྣམས་
ལའོ་ཞེས་པས་ཡང་ནའོ། །ཤ་དིའི་ཨན་ཕ་རོལ་ལ་ཤཱི་ཡ་རུ་བསྒྱུར་བར་འགྱུར་རོ། །ཤཱི་ཡ་ཏེ། ཤདིའི་ཨནྦི་ཀ་ར་ཎའི་ཡུལ་ལ་ཨཱཏྨ་ནེའི་ཚིག་བཤད་པར་བྱ་སྟེ། རུཙ་སོགས་ཉིད་ཀྱི་ཕྱིར་རོ། །ཥ་དིའི་ཤཱིདའོ། །ཥདླྀ་འཇིགས་པ་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་ཤཱིད་དུ་བསྒྱུར་བར་འགྱུར་རོ། །རུ་ཏྲ་ཤཱིད་ཏི། ཛ་ནིའི་བི་ཀ་
ར་ཎ་ལ་ཛཱའོ། །ཛ་ནི་རབ་ཏུ་སྐྱེ་བ་ལའོ་ཞེས་པ་འདིའི་བི་ཀ་ར་ཎ་ཕ་རོལ་ལ་ཛུ་རུ་བསྒྱུར་བར་འགྱུར་རོ། །ཛཱ་ཡ་ཏེ། ཡ་ཛཱ་ཡེ་ཏེ། ཛཱ་ཡནྟེ། དི་བ་སོགས་ལས་ཡནའོ། །ཛན་སྐྱེ་བ་ལའོ་ཞེས་པ་འདི་མ་སྨོས་པ་ནི་བི་ཀ་ར་ཎ་མེད་པའི་ཕྱིར་རོ། །ཡན་ལའོ་ཞེས་བྱ་བ་ལ་བི་ཀ་ར་ཎ་སྨོས་པ་ནི་ཕྱི་མའི་དོན་དུའོ། །ཛྙཱའིའང་ངོ་། །ཛྙཱ་རྟོགས་པ་
ལའོ་ཞེས་པ་འདིའི་བི་ཀ་ར་ཎ་ཕོ་རོལ་ལ་ཛ་རུ་བསྒྱུར་བར་འགྱུར་རོ། །ཛཱ་ནཱ་ཏི། པཱུ་སོགས་རྣམས་ཀྱི་ཐུང་ངུའོ། །པཱུང་དག་པ་ལའོ་ཞེས་པ་ལ་སོགས་པའི་བི་ཀ་ར་ཎ་ཕ་རོལ་ལ་ཐུང་ངུར་འགྱུར་རོ། །པུ་ནཱ་ཏི། ལུ་ནཱ་ཏི། པསྟྲྀ་ཎཱ་ཏི། པཱུཉ་དག་པ་ལའོ། །ལུཉ་གཅོད་པ་ལའོ། །སྟྲིཉ་སྒྲིབ་པ་ལའོ། །ཐུང་ངུའོ། །པུ་སོགས་
เล่ม ๑๙๕ · หน้า 235b
རྣམས་བྲྀཏའི་མཐར་ཐུག་པའི་བར་རྣམས་སོ། །བི་ཀ་ར་ཎ་ལ་ཞེས་པ་ཅི་ཞེ་ན། པུ་ཡ་ཏེ། གསལ་བྱེད་དང་པོ་ཡོན་ཏན་ཅན་གྱི་བྱིངས་ཐམས་ཅད་པ་ལ་ཨུཏའི་འཕེལ་བའོ། །ཨུ་ཡིག་གི་འཕེལ་བར་འགྱུར་ཏེ། གསལ་ཏེ་དང་པོ་ཡོན་ཏན་ཅན་ཏེ། ཡོན་ཏན་དང་བཅས་པའི་བྱིངས་ཐམས་ཅད་པ་ལ་ཡོན་
ཏན་ཅན་ནོ། །ཡཽ་ཏི། ཡཽཥི། སྟཽ་ཏི། སྟཽཥི། ཡུ་སྤེལ་བ་ལའོ། །ཥྚུཉ་བསྟོད་པ་ལའོ། །ཨནྦི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། །འདིས་འཕེལ་བའོ། །དེ་བཞིན་དུ། སྟཽ་ཏུ། ཨ་སྟཽཏ། པཉྩ་མཱིའི་ཏུ་དང་ཧྱ་སྟ་ནཱིའི་དིའོ། །ཡུ་ཡིག་ཅེས་པ་ཅི་ཞེ་ན། ཨེ་ཏི། ཨེ་ཏུ། ཨི་ནུ་འགྲོ་བ་ལའོ། །ཨཽ་ཞེས་བྱ་བ་མིང་
སྔོན་མ་ཅན་གྱི་འཕེལ་བ་མི་རྟག་པའི་དོན་ཏེ། དེས་ན་བི་ཀ་ར་ཎ་རྣམས་ལས་དེ་དག་གི་མི་འགྱུར་ཏེ། སུ་ནོ་ཏི། ཡོ་ཡོ་ཏི། ཡུ་བསྲེ་བ་ལ་ལའོ། །ཤིན་ཏུ་སྦྲེ་བ་ལ་ཡ་སྒྲའོ། །ཙེ་ཀྲཱི་ཡི་ཏའི་ཡང་ན་འཇིག་གོ། །གཉིས་བརྗོད་དོ། །གསལ་བྱེད་དང་པོ་ལ་ཞེས་པ་ཅི་ཞེ་ན། ཡ་བཱ་ནི། ཡུ་བ་སྲེ་བ་ལའོ། །པཉྩ་མཱིའི་ཨཱ་ནིའོ། །
ཡུཏཿ། ཏསའོ། །བྱིངས་ཐམས་ཅད་པ་ལ་ཞེས་པ་ཅི་ཞེ་ན། སྟོ་ཏཱ། ཨཱུརྞོ་ཏིའི་ཡང་ཡོན་ཏན་ནོ། །ཨཱུརྞུའི་ཨུ་ཡིག་གི་གསལ་བྱེད་དང་པོ་ལ་ཡོན་ཏན་དང་བཅས་པ་ཕ་རོལ་ལ་ཡང་ན་འཕེལ་བར་འགྱུར་རོ། །ཐོབ་པ་ལ་རྣམ་པར་བརྟག་པའོ། །པྲོརྞཽ་ཏི། པྲརྞོ་ཏི། པྲོརྞོ་ཏི། པྲོརྞཽ་མི། པྲོརྞཽཥི་གསལ་བྱེད་དང་པོ་ལ་ཞེས་པ་ཅི་ཞེ་ན།
པྲོརྞུ་བཱ་ནི། ཡོན་ཏན་ཅན་ལ་ཞེས་པ་ཅི་ཞེ་ན། པྲརྞུ་ཏ། ཧྱསྟ་ནཱི་ལའང་ངོ་། །ཨཱུརྞུའི་ཧྱསྟ་ནཱི་ཕ་རོལ་ལ་ཡོན་ཏན་དུའང་འགྱུར་རོ། །སྔ་མས་ཕྱོགས་གཅིག་ལ་འཕེལ་བའི་དམིགས་བསལ་ལོ། །པྲཽརྞོཏ། ཧྱསྟ་ནཱིའི་དིའོ། །དབྱངས་དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ་ཞེས་པས་ཨཽ་ཡིག་ཏུ་བསྒྱུར་བའོ། །ཏྲྀ་ཧིའི་བི་ཀ་ར་
ཎ་ལ་ཨིཊའོ། །གསལ་བྱེད་དང་པོ་ཡོན་ཏན་ཅན་ཞེས་པ་འཇུག་སྟེ། ཏྲྀཧ། ཧི་སི་འཚེ་བ་ལས་སོ་ཞེས་པ་འདི་བི་ཀ་ར་ཎ་ལས་ཕ་རོལ་ཏུ་ཨིཊ་ཨཱ་ག་མར་འགྱུར་ཏེ། གསལ་བྱེད་དང་པོ་ཡོན་ཏན་ཅན་ཕ་རོལ་པའོ། །ཨིཊའོ་ཊ་ཡིག་ནི་སྔོན་གྱི་སློབ་དཔོན་པ་རབ་ཏུ་གྲགས་པའི་ཨཱ་ག་མར་གསལ་བར་བྱེད་པའི་དོན་དུའོ། །
ཏྲྀ་ཎེཌྷི། ཏྲྀ་ཎེཀྵི། ཏྲྀཎེཧྨི། བརྟ་མཱ་ནིའི་ཏི་དང་སི་དང་མིའོ། །རུདྷ་སོགས་ཀྱི་དབྱངས་ལས་ཞེས་པས་ན་སྒྲའོ། །འདིས་ཨི་ཊའོ། །ཧའི་ཌྷའོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་ཏའི་དྷའོ། །ཥ་དང་ཊ་སྡེ་ལས་ཞེས་པ་དྷའི་ཌྷའོ། །ཌྷ་ལ་ཌྷའི་དབྱིའོ། །ས་ཡིག་ཕ་རོལ་ལ་ཥ་ཌྷའི་ས་ལ་ཀའོ། །ཨ་ཏྲྀ་ཎེ་ཊ། ཧྱསྟ་ནཱིའི་དིའོ། །ན་སྒྲའོ། །
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด