ตัวบทไม่มีชื่อ — ประโยคแรก: ལུང་སྟོན་པ་ཀ་ལཱ་པའི་མདོའི་འགྲེལ་པ་སློབ་མ་ལ་ཕན་པ་ཞེས་བྱ་བ་བཞུགས་སོ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๕ · หน้า 236a
ཨིཊའོ། །གསལ་བྱེད་ལས་དི་སི་དག་དབྱིའོ། །ཧའི་ཌྷའོ། །གསལ་བྱེད་དང་པོ་ལ་ཞེས་པ་ཅི་ཞེ་ན། ཏྲིཎ་ཧཱ་ནི། ཡོན་ཏན་ཅན་ཞེས་པ་ཅི་ཞེ་ན། ཏྀཎྜྷཿ། ཏསའོ། །ན་སྒྲའོ། །རུ་དྷ་སོགས་ཀྱི་བི་ཀ་ར་ཎའི་མཐའ་དབྱིའོ། །སྔ་མ་བཞིན་དུ་ཌྷ་ཉིད་ལ་སོགས་པའོ། །ན་ལས་སོ་ཞེས་བྱ་བ་ལ་ཀ་ར་ཎ་
སྨོས་པ་ནི་རྣམ་པ་གསལ་བའི་དོན་དུའོ། །བྲཱུ་ལས་ངག་དང་པོར་ཨཱིཊའོ། །གསལ་བྱེད་དང་པོ་ཡོན་ཏན་ཅན་བྱིངས་ཐམས་ཅད་པ་ལ་ཞེས་པ་འཇུག་གོ། །བྲཱུ་ཉ་ལས་ཕ་རོལ་གྱི་ངག་གང་ཡིན་པ་དེའི་གསལ་བྱེད་དང་པོ་ཡོན་ཏན་ཅན་གྱི་བྱིངས་ཐམས་ཅད་པའི་དང་པོར་ཨཱིཊ་ཨཱ་ག་མ་འགྱུར་རོ། །ཊ་ཡིག་ནི་ཨིཊ་ལས་
ཀྱང་ཞེས་པའི་དོན་ཏོ། །བྲ་བཱི་ཏི། བྲ་བཱི་ཥ། བྲ་བཱི་མི། བྲ་བཱི་ཏུ། ཨ་བྲ་བཱི་ཏ། གསལ་བྱེད་དང་པོ་ཞེས་པ་ཅི་ཞེ་ན། བྲ་བཱ་ནི། ཡོན་ཏན་ཞེས་པ་ཅི་ཞེ་ན། བྲུ་ཡཱཏ། བྱིངས་ཐམས་ཅད་པ་ལ་ཞེས་པ་ཅི་ཞེ་ན། བཀྟཱ་འབྲུའི་རྩིའོ། །ཙེ་ཀྲཱི་ཡི་ཏ། འཇིག་པའི་མཐའ་ལ་ཡང་ན་འདོད་དེ། བོ་བྷ་བཱི་ཏི། བོ་བྷཽ་ཏི། རོ་ར་བཱི་ཏི། རོ་རཽ་ཏི།
ཤིན་ཏུ་འབྱུང་ངོ་ཤིན་ཏུ་བརྗོད་དོ་ལ་ཡ་སྒྲའོ། །འཇིག་གོ། །ཙརྐ་རཱི་ཏཾ། པ་རསྨཻ་ཚིག་ལ་སོགས་པའང་ངོ་། །ཨསྟི་ལ་དི་སི་དག་ལའོ། །ཨས་ཡོད་པ་ལའོ། །ཞེས་པ་འདི་ལས་ཕ་རོལ་གྱི་དི་དང་སི་དག་ལས་དང་པོར་ཨཱིཊ་ཨཱ་ག་མ་འགྱུར་རོ། །ཨཱ་སི་ཏ། ཨཱ་སཱི། ཧསྟ་ནཱིའི་དི་དང་སིའོ། །ཨསྟཱི་ཞེས་པས་ཨ་ཡིག་གི་
ཨཱ་ཡིག་གོ། །དི་དང་ལྷན་ཅིག་སྤྱོད་པ་སྨོས་པས་འདིར་མི་འགྱུར་རོ། །ཨ་སི། སི་ལ་ཨ་ཏིའི་སི་ལའོ་ཞེས་པས་ས་དབྱིའོ། །དི་སི་ཞེས་པ་ཅི་ཞེ་ན། ཨསྟི། ཏི་ངེས་པར་བསྟན་པ་ལ་བྷུ་རུ་བསྒྱུར་བར་བྱས་པ་ན་མི་འགྱུར་ཏེ། ཨ་བྷཱུཏ། ཨ་བྷུཿ། ཨིཎ་སྠཱ་དཱ་ཞེས་པས་སི་ཙ་འཇིག་གོ། །སི་ཙ་ལས་སོ། །སི་ཙ་ལས་ཕ་རོལ་
གྱི་དི་སི་དག་ལས་དང་པོར་ཨཱིཊ་ཨཱ་ག་མ་འགྱུར་རོ། །ཨ་ཀཱཪྵཱཿ། ཨ་ལཱ་བྷིཏ། ཨཱ་ལཱ་བྷིཿ། རུད་སོགས་རྣམས་ལས་ཀྱང་ངོ་། །མཚོན་པར་བྱ་བའི་ངོར་རུད་སོགས་ལྔ་རྣམས་གཟུང་བར་བྱ་སྟེ། རུ་དིར་མཆི་མ་འཛག་པ་ལའོ། །ཉི་སྭ་པ་ཉལ་བ་ལའོ། །ཤྭས་སྲོག་འཛིན་པ་ལའོ། །ཨནའང་ངོ་། །ཛ་ཀྵ་ཟ་བ་ལའོ། །
འདི་རྣམས་ལས་ཕ་རོལ་གྱི་དི་སི་དག་ལས་དང་པོར་ཨཱིཊ་ཨཱ་ག་མ་འགྱུར་རོ། །རུད་སོགས་ལས་བྱིངས་ཐམས་ཅད་པ་ལའོ་ཞེས་པས་ཨིཊ་ཐོབ་པ་ལའོ། །ཨ་རོ་དཱི་ཏ། ཨ་རོ་དཱིཿ། ཨ་སྭ་པཱི་ཏ། ཨ་སྭ་པཱིཿ། ཨ་ཤྭ་སིཏ། ཨ་ཤྭ་སཱིཿ། པྲ་ཎཱིཏ། པྲ་ཎཱིཿ། ཨཛ་ཀྵཱི་ཏ། ཨཛཀྵཱིཿ། ལྔ་རྣམས་སྨོས་པ་ལས་འདིར་མི་འགྱུར་ཏེ།
เล่ม ๑๙๕ · หน้า 236b
ཨ་ཛཱ་གརྦྷ་བཱཎ། ཡོན་ཏན་ནོ། །གསལ་བྱེད་དི་སི་དག་ཅེས་པས་དི་དབྱིའོ། །ཨད་ལས་ཨཊའོ། །ཨད་ཟ་བ་ལའོ་ཞེས་པ་འདི་ལས་ཕ་རོལ་གྱི་དི་སི་དག་ལས་དང་པོར་ཨཱིཊ་ཨཱ་གམ་འགྱུར་རོ། །ཊ་ཡིག་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཨཱ་ད་ཏ། ཨཱདཿ། ཨའི་ཡི་གེའི་ཨཱ་ཡིག་གོ་ཞེས་པས་ཨཱ་ཡིག་གོ། །རུད་སོགས་
ལས་ཀྱང་འདོད་དེ། ཨ་རོ་དཏ། ཨ་རོདཿ། ཨ་སྭ་བཏ། ཨ་སྭ་པཿ། ཨ་ཤྭ་སཏ། ཨ་ཤྭ་སཿ། པྲཱ་ཎ་ཏ། པྲཱ་ཎཿ། ཨ་ཛ་ཀྵཏ། ཨ་ཛ་ཀྵཿ། སའི་ས་ལ་བྱིངས་ཐམས་ཅད་པ་མིན་པ་ལ་ཏའོ། །སའི་ཏེ་ས་ཡིག་དང་པོ་ཅན་བྱིངས་ཐམས་ཅད་པ་མིན་པ་ཕ་རོལ་ལ་ཏ་ཉིད་དུ་འགྱུར་རོ། །བཏྶྱ་ཏི། བས་གནས་པ། བི་བཏྶ་ཏི།
སནའོ། །ཛིགྷཏྶ་ཏི། ཨ་དིའི་སན་ཨ་དྱ་ཏ་ནཱི་དག་ལ་གྷསླྀའོ་ཞེས་པས་གྷསླྀའོ། །གཉིས་བརྗོད་དོ། །སའི་ས་ལ་ཞེས་པ་ཅི་ཞེ་ན། བཀྵྱཏི། བཙ་སྨྲ་བ་ལའོ། །ས་ལ་ཞེས་པ་ཅི་ཞེ་ན། བསྟཱ། བྱིངས་ཐམས་ཅད་པ་མིན་པ་ཞེས་པ་ཅི་ཞེ་ན། ཨཱསྶི། ཨས་ཉེ་བར་འཇུག་པ་ལའོ། །ཨ་ཎ་ལ་བ་ཙིའི་ཨུ་པ་དྷཱའི་ཨོའོ། །བཙིའོ། །
ཨུ་པ་དྷཱའི་ཨན་ཕ་རོལ་ལ་ཨོ་ཉིད་དུ་འགྱུར་རོ། །ཨ་བོ་ཙཏ། ཨ་བོ་ཙ་ཏཱམ། ཨ་བོ་ཙ་ན། ཨ་སུ་བ་ཙི་ཞེས་པས་ཨནའོ། །ཨ་སྱ་ཏིའི་མཐའ་ཐའོ། །ཨ་སུ་འཕན་པ་ལའོ་ཞེས་པ་འདིའི་ཨན་ཕ་རོལ་ལ་ཨ་ཡིག་ཨཱ་ག་མ་འགྱུར་རོ། །ཨཱསྠཏ། སྔ་མ་བཞིན་དུ་ཨཎའོ། །ཤྭ་ཡ་ཏིའི་ཨའོ། །ཊུ་ཨོ་ཤྭི་འགྲོ་བ་དང་
འཕེལ་བ་དག་ལའོ་ཞེས་པ་འདིའི་ཨཎ་ཕ་རོལ་ལ་ཨ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨ་ཤྭཏ། འདི་ཉིད་ལས་ཤྭ་ཡ་ཏིའི་ཨ་ཡིག་ཏུ་བསྒྱུར་བ་སྒྲུབ་པའི་ཕྱིར་ཨ་ཎའོ། །བ་ཏིའི་པཔྟིའོ། །པཏླྀ་འགྲོ་བ་ལའོ་ཞེས་པ་འདིའི་ཨཎ་ཕ་རོལ་ལ་པཔྟིར་བསྒྱུར་བར་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །ཨ་བཔྟཏ།
པུཥ་སོགས་ཀྱི་མདོས་ཨཎའོ། །ཀྲྀ་པའི་རའི་ལའོ། །ཀྲྀ་པུ་ནུས་པ་ལའོ་ཞེས་པ་འདིའི་ཡོན་ཏན་བྱས་པའི་ར་ཡིག་གང་ཡིན་པ་དེ་ལ་ཉིད་དུ་འགྱུར་རོ། །ཀལྤྟ། ཀལྤྶྱ་ཏི། ཡོན་ཏན་ནོ། །ར་ཡིག་གི་ལ་ཡིག་གོ། །ཀླྀ་པི་ཙྲྀ་ཏི་མིན་པའི་རྀཏ་ཨུ་པ་དྷཱ་ལས་ཀྱང་ངོ་ཞེས་པའི་ཤེས་པར་བྱེད་པ་ལས་རྀ་ཡིག་གི་ལྀ་ཡིག་ཏུ་བསྒྱུར་བར་འདོད་དེ།
དེས་ན། ཙིཀླྀཔྶཏི། སནའོ། །གཉིས་བརྗོད་དོ། །མཆོག་གི་སྦྱོར་བའི་རྗེས་སུ་འབྲངས་ནས་གཞན་ལ་ཡང་ར་ཡིག་གི་མ་ཉིད་དུ་ཡང་ན་བཤད་པར་བྱ་སྟེ། བཱ་རཿ། བཱ་ལཿ། མུ་རཾ། མུ་ལཾ། ལ་གྷུཿ། རགྷུཿ། ཨ་ལཾ། ཨ་རཾ། ཨུ་སུ་ལཿ། ཨུ་སུརཿ། པ་ལི་གྷཿ། པ་རི་གྷཿ། པ་ལྱངྐཿ། ཨརྻངྐཿ། ཨ་ཡ་ཏི་ལས་ཉེར་བསྒྱུར་གྱིའོ། །རའི་ལ་
เล่ม ๑๙๕ · หน้า 237a
ཞེས་པ་ཁོ་ནའོ། །ཨ་ཡ་ཏི་ལ་སྟེ། ཨ་ཡ་འགྲོ་བ་ལའོ་ཞེས་པ་འདི་ཕ་རོལ་ལ་ཉེར་བསྒྱུར་གྱི་ར་ཡིག་གང་ཡིན་པ་དེ་ལ་ཉིད་དུ་འགྱུར་རོ། །པ་ལཱ་ཡ་ཏེ། པ་ལཱ་ཡེ་ཏེ། པ་ལཱ་ཡནྟེ། ཨ་ཡ་འགྲོ་བ་ལའོ། །བ་རཱ་སྔོན་དུའོ། །འདིས་རའི་ལའོ། །ཨཱ་ཏེ་ཨཱ་ཐེ་ཞེས་པའང་ངོ་ཞེས་པས་ཨིའོ། །པ་ལཱ་
ཡྱ་ཏེནྷ་བ་ཏཱ་པྲཏྱ་ཡ། ཞེས་པ་འདིར་ལ་ཉིད་དུ་མི་འགྱུར་ཏེ། པྲ་ཏིའི་སྒྲ་སྔོན་མའི་ཨ་ཡ་ཏིའི་སྦྱོར་བ་མེད་པའི་ཕྱིར་རོ། །ཨ་ཡ་ཏི་ལ་ཞེས་པ་ཅི་ཞེ་ན། པ་རཱ་ཡ་ཡ་ཏ་ཏེ། ཡ་ཏཱི་འབད་པ་ལའོ། །གི་ར་ཏིའི་ཙ་ཀྲཱི་ཡི་ཏ་ལའོ། །གྲྀ་གསལ་བ་ལའོ་ཞེས་པ་འདིའི་ཙེ་ཀྲཱི་ཡིཊ་ཕ་རོལ་ལ་ར་ཡིག་གང་ཡིན་པ་དེ་ལ་ཉིད་དུ་འགྱུར་རོ། །
ནི་ཛེ་གི་ལྱ་ཏེ། སྨད་པ་གསལ་བར་བྱེད་དོ་ལ་ཡ་སྒྲའོ། །རཱྀ་ཏ་མཐའི་ཡོན་ཏན་མེད་པ་ལ་ཨིརའོ། །འདིས་ལ་ཉིད་དོ། །གཉིས་བརྗོད་དོ། །ཙེ་ཀྲཱི་ཡི་ཏ་ལ་ཞེས་པ་ཅི་ཞེ་ན། ནི་གཱིརྻ་ཏེ། དབྱངས་ལ་ཡང་ནའོ། །གི་ར་ཏིའི་ར་ཡིག་དབྱངས་ཕ་རོལ་ལ་ཡང་ན་ར་ཉིད་དུ་འགྱུར་རོ། །ནི་གི་ར་ཏི། ནི་གི་ལ་ཏི། ཨནའོ།
ཨིརའོ། །ཡང་ན་ལ་ཉིད་དོ། །ནི་ག་ལན་མ་ནི་གར་ཎམ། ཡུཊ་འང་ངོ་ཞེས་པས་ཡུཊའོ། །ཡང་ནའི་སྒྲ་རྣམ་པར་གཞག་པ་རྣམ་པར་བཤད་པ་ཤེས་པར་བྱེད་པ་ལས། པྲཎྡྱདྒེ་ག་ལཿ། བི་ཤེ་ཏུ་ག་རཿ། འདི་རྣམས་ལས་ས་ཙ་སོགས་ལས་ཨ་ཙའོ། །བྱིངས་ཀྱི་གསུམ་པ་དང་པོ་གྷ་ཌྷ་དྷ་བྷ་མཐའི་དང་པོས་དྷྭ་དག་ལ་
བཞི་པ་ཉིད་དོ། །ཆ་ཤས་གང་གི་དང་པོ་གསུམ་པ་ཡིན་པ་དེ་གསུམ་པ་དང་པོའོ། །གྷ་དང་ཌྷ་དང་དྷ་དང་བྷ་མཐའ་ཅན་ཞེས་ཟླས་དབྱེ་ཁོང་ན་གནས་པའི་འབྲུ་མང་པོ་པའོ། །དང་པོའི་བཞི་པ་ནི་དང་པོ་བཞི་པ་སྟེ། དང་པོའི་དངོས་པོ་བཞི་པ་ཉིད་དོ། །བྱིངས་གང་གི་ཆ་ཤས་གསུམ་
པ་དང་པོའོ། །གྷ་དང་ཌྷ་དང་དྷ་དང་བྷའི་མཐའ་ཅན་གྱི་དང་པོ་གང་ཡིན་པ་དེ་ས་ཡིག་དང་ཧྭེའི་སྒྲ་ཕ་རོལ་ལ་རང་གི་སྡེ་ལ་ཡོད་པའི་བཞི་པར་འགྱུར་རོ། །ཨ་དྷོཀྵྱཏ། ཨ་གྷོ་ཀྵྱཏ། ཨ་བྷོཏྶྱཏ། དུ་ཧ་འཇོ་བ་ལའོ། །གུ་ཧཱུ་སྡོམ་པར་བྱེད་པ་ལའོ། །བུདྡྷ་རྟོགས་པ་ལའོ། །བྱ་བ་ཤོར་བའི་སྱཏ་དང་། བྱིངས་ཀྱི་དང་པོར་
ཨཊའོ།། དུ་ཧའི་ད་དང་པོའི་གྷའོ། །གུ་ཧའི་ཧའི་ཌྷའོ། །འདིས་དང་པོའི་བཞི་པའོ། །སྒྲ་མེད་པ་རྣམས་ལ་ཞེས་པས་གྷའི་ཀ་དང་དྷའི་ཏའོ། །ཥ་ཌྷ་དག་གི་ས་ལ་ཀའོ། །དྷིཔྶཏི། དནྦྷུ་ཆུ་ལ་འཆོས་པ་ལའོ། །ས་ནའོ། །གཉིས་བརྗོད་དོ། །དནྦྷུའི་ཨི་ཏའང་ངོ་ཞེས་པས་ཨི་ཉིད་དང་ཨ་བྷྱས་དབྱི་བའང་ངོ་། །འདིས་དའི་དྷའོ། །
เล่ม ๑๙๕ · หน้า 237b
འདོད་པའི་དབང་ལས་ན་དབྱིའོ། །སྒྲ་མེད་པ་རྣམས་ལས་ཞེས་པས་བྷའི་པའོ། །དྷོཀྵྱ་ཏི། དུཧ་འཇོ་བ། སྱ་ཏིའོ། །ད་དང་པོའི་གྷའོ། །འདིས་དའི་དྷའོ། །དང་པོ་དང་མཐའ་བཞིན་དུ་གཅིག་ལའོ་ཞེས་པའི་ཚིག་ལས་དུ་ཧའི་སྒྲ་བྱིངས་ལ་ཆ་ཤས་སོ། །དྷྭའི་སྒྲ་ལའང་། ཨ་དྷུ་གྡྷྭཾ། དུཧ་འཇོ་བ།
ཨ་དྱ་ཏ་ནཱིའི་དྷྭ་མའོ། །བྱིངས་ཀྱི་དང་པོར་ཨཊའོ། །ཨིཊ་མེད་པ་ཤིཊ་མཐའ་ཞེས་པས་སཎའོ། །བཤད་པ་ལས་དེ་འཇིག་གོ། །ད་དང་པོའི་གྷའོ། །འདིས་དའི་དྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་གྷའི་གའོ། །ནྱ་གྷུ་ཌྷྭམ། གུ་ཧུ་སྒྲིབ་པ་ལའོ། །ནི་སྔོན་དུའོ། །དྷྭམའོ། །སཎའོ། །བཤད་
པ་ལས་ཏེ་འཇིག་གོ། །ཧའི་ཌྷའོ། །འདིས་གྷའི་གའོ། །ཥ་དང་ཊ་སྡེ་ལ་ཞེས་པས་དྷའི་ཌྷའོ། །དྷ་ལ་ཌྷ་དབྱིའོ། །ཨུ་པ་དྷཱའི་རིང་པོའང་ངོ་། །ཨ་བྷུ་དཾ། བུ་དྷ་རྟོགས་པ་ལའོ། །དྷྭ་མའོ། །སི་ཙའོ། །སི་ཙའི་དྷ་ཡིག་ལ་ཞེས་པས་སི་ཙ་དབྱིའོ། །འདིས་བའི་བྷའོ། །དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་དྷའི་
དའོ། །གསུམ་པ་དང་པོ་ཅན་ཞེས་པ་ཅི་ཞེ་ན། ཀྲོཏྶྱ་ཏི། ཀྲུ་དྷ་ཁྲོ་བ་ལའོ། །གྷ་ཌྷ་དྷ་བྷ་མཐའ་ཅན་ཞེས་པ་ཅི་ཞེ་ན། དཱསྱཏི། སྒྲུབ་པ་གང་ལ་དང་པོ་ཡིན་པ་དེའི་ཚེ་དེའི་བྱ་བའོ་ཞེས་པའི་ཚིག་ལས་ས་ཡིག་ལ་བྱ་བས་ཡིག་དང་པོ་ལ་རྟོགས་པར་བྱའོ། །དེས་ན་འདིར་མི་འགྱུར་ཏེ། དི་དམྦྷི་ཥ་ཏི། ས་དྷྭ་དག་ལ་ཞེས་པ་ཅི་ཞེ་ན། དོགྷྷ།
ཕྱིས་པ་ལའང་དི་སི་དག་ལའོ། །བྱིངས་ཀྱི་ཆ་ཤས་གསུམ་པ་དང་པོ་ཅན་གྷ་ཌྷ་དྷ་བྷ་མཐའི་དང་པོ་བཞི་པར་འགྱུར་ཏེ། དི་སི་ཕྱིས་པར་གྱུར་པ་ལའང་ངོ་། །ཨ་དྷོ་ཀ། །ཨ་དྷོཀ། དུཧ་འཇོ་བ་ལའོ། །ཧྱསྟ་ནཱིའི་དི་དང་སིའོ། །གསལ་བྱེད་ལས་དི་སི་དག་གི་ཞེས་པས་དི་སི་དབྱིའོ། །ད་དང་པོའི་གྷའོ། །འདིས་དའི་དྷའོ། །
རྫོགས་པ་ལ་ཡང་ནའོ་ཞེས་པ་གྷའི་ཀ་ཡིག་གོ། །ཨ་ཛོ་གྷོ་ཊ། གུ་ཧུ་སྒྲིབ་པ་ལའོ། །ཤིན་དུ་སྒྲིབ་བོ་ལ་ཡ་སྒྲའོ། །འཇིག་གོ། །གཉིས་བརྗོད། དིའོ། །བྱིངས་ཀྱི་དང་པོར་ཨཊའོ། །སྔ་མ་བཞིན་དུ་དི་དབྱིའོ། །ཧའི་ཌྷའོ། །འདིས་གའི་གྷའོ། །སྔ་མ་བཞིན་དུ་ཌྷའི་ཊའོ། །འོ་ན་སི་དབྱི་བའི་ཡུལ་ལ་རྐྱེན་ཕྱིས་པ་
ལ་རྐྱེན་གྱི་མཚན་ཉིད་དོ་ཞེས་པའི་ཚིག་ལས། སྔ་མས་དང་པོ་བཞི་པ་ཉིད་དུ་གྲུབ་བོ་ཞེས་པས་སི་སྨོས་པ་དོན་མེད་དོ་ཞེ་ན། འདི་ནི་ཡང་དག་པ་མ་ཡིན་ཏེ། ས་ཡིག་ལ་ནི་ཡི་གེའི་བྱ་བ་སྔ་མ་ལ་བསྒྲུབ་པར་བྱའོ། །ཡི་གེ་ལ་སོ་སོར་བརྟེན་པའི་བྱ་བ་རྐྱེན་གྱི་མཚན་ཉིད་ལ་མ་ཡིན་ཏེ་ཡི་གེ་ལ་བརྟེན་པ་ལ་རྐྱེན་གྱི་མཚན་ཉིད་མེད་དོ་
เล่ม ๑๙๕ · หน้า 238a
ཞེས་བཀག་པའི་ཕྱིར་རོ། །ད་དྷཱ་ཏིའི་ཏ་ཐ་དག་ལའང་ངོ་། །གྷ་ཌྷ་དྷ་བྷ་མཐའ་ཞེས་པ་འདི་ལས་དྷ་མཐའ་སྨོས་པ་འཇུག་སྟེ། ཌུ་དྷཉ་འཛིན་པ་དང་ལེན་པ་ལའོ་ཞེས་པ་འདི་དྷ་མཐའི་དང་པོ་བཞི་པར་འགྱུར་ཏེ། ས་ཡིག་དང་དྷྭའི་སྒྲ་ཕ་རོལ་ལའོ། །ཏ་ཐ་སྟེ་ཏ་ཡིག་དང་ཐ་ཡིག་དག་ལའང་ངོ་། །
དྷཏྶེ། དྷདྡྷེ། ཌུདྷཱཉ་འཛིན། བརྟ་མཱ་ནའི་སེ་དང་དྷྭེའོ། །ཨནའོ། །ཛུ་ཧོ་ཏི་སོགས་ལས་འཇིག་གོ། །ཛུ་ཧོ་ཏི་སོགས་ཀྱི་གཉིས་བརྗོད་དོ། །གཉིས་པ་བཞི་པ་ཞེས་པས་དྷའི་དའོ། །ཨ་བྷྱསྟ་རྣམས་ཀྱི་ཨཱ་དབྱིའོ། །འདིས་དའི་དྷའོ། །སྒྲ་མེད་པ་རྣམས་ལ་ཞེས་པས་དྷའི་ཏའོ། །ཏ་ཐ་ལ་ངེས་པར་ཡང་། དྷཏྟཿ། དྷཏྠཿ།
ཌུདྷྣཉ། ཏས་དང་ཐསའོ། །གཞན་སྔ་མ་བཞིན་ནོ། །དྷའི་མཐའ་ཞེས་པ་ཅི་ཞེ་ན། ད་དྷཱ་ཏི། ད་དྷཱ་སི། ཨཱ་དབྱི་བར་མི་འགྱུར་ཏེ། དེའི་ཡོན་ཏན་སྒྲུབ་པའི་ཕྱིར་རོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀུན་བཤད་པའི་སྐབས་དྲུག་པའི་རྐང་པ་རྫོགས་སོ།། །།བྱིངས་ཐམས་
ཅད་པ་མིན་པའི་གསལ་བྱེད་དང་པོ་ཡ་ཡིག་དང་པོ་མིན་པའི་དང་པོར་ཨིཊ་ཨཱ་ག་མའོ། །བྱིངས་ལས་གསལ་བྱེད་དང་པོ་ཅན་ཡིན་ལ་ཡ་ཡིག་དང་པོ་ནི་མིན་པའི་བྱིངས་ཐམས་ཅད་པ་མིན་པའི་དང་པོར་ཨིཊ་ཨཱ་ག་མ་འགྱུར་རོ། །ཊ་ཡིག་ནི་ཨིཊ་ལས་ཀྱང་ཨཱིཊ་ལའོ་ཞེས་པའི་དོན་ཏོ། །དྷ་བ་ཏཱི། བྷ་བི་ཥྱ་ཏེ། ཨ་བྷ་
བིཥྱ་ཏ། བྷ་བི་ཏཱ། བྷ་བི་ཏུཾ། བྷ་བི་ཏ་བྱཾ། ཝུཎ་ཏྲྀ་ཙ་དག་གོ་ཞེས་པས་ཏྲྀ་ཙའོ། །འདོད་པའི་དོན་རྣམས་ལ་བྱེད་པ་པོ་གཅིག་པ་ཞེས་པས་ཏུམའོ། །ཏ་བྱ་ཨ་ནཱི་ཡ་དག་གོ་ཞེས་པས་ཏ་བྱའོ། །བྱིངས་ཐམས་ཅད་པ་མིན་པ་ལ་ཞེས་པ་ཅི་ཞེ་ན། ཨཱ་ཏེ། གསལ་བྱེད་དང་པོ་ཞེས་པ་ཅི་ཞེ་ན། བ་བྷཱུ་བ། ཡ་ཡིག་དང་པོའི་
མིན་པའི་ཞེས་པ་ཅི་ཞེ་ན། བྷུ་ཡཱ་ཏ། བྲྀ་ཎོ་ཏི་ལས་སྒྲིབ་པར་བྱེད་པ་ལ་ཞེས་པའི་ཤེས་པར་བྱེད་པ་ལས་བི་ཀ་ར་ཎའི་མི་འགྱུར་ཏེ། གྲེ་ཧུ་ཏི། སྣུ་ཀྲ་མི་དག་ལས་པར་སྨཻ་ལའོ། །པ་རསྨཻའི་ཚིག་གི་རྒྱུ་མཚན་རྣམས་ལས་སོ་ཞེས་སློབ་དཔོན་གྱི་བཀླགས་པས་སོ་ཞེས་གསུངས་སོ། །སྣུ་རབ་ཏུ་འཇིགས་པ་ལའོ། །
ཀྲ་མུ་རྐང་པ་འགོད་པ་ལའོ། །འདི་དག་ལས་བ་རསྨཻའི་ཚིག་གི་རྒྱུ་མཚན་གྱི་བྱེད་པ་ལས་བྱིངས་ཐམས་ཅད་པ་མིན་པ་ཕ་རོལ་ཅན་གསལ་བྱེད་དང་པོ་ཅན་ཡ་ཡིག་དང་པོ་མིན་པ་ལ་དང་པོར་ཨིཊ་ཨཱ་ག་མ་འགྱུར་རོ། །པྲསྣ་པིཏ། ཀྲ་མི་ཏཱ། ཀྲ་མིཥྱ་ཏི། ཙིཀྲ་མིཥྱཏི། འདིར་སྣུ་དང་ཀ་མི་པ་རསྨཻའི་ཚིག་གི་སྔོན་མས་
เล่ม ๑๙๕ · หน้า 238b
གྲུབ་པ་ལ་སླར་ཡང་བརྗོད་པ་ནི་ངེས་པའི་དོན་དུའོ། །པ་རསྨཻའི་ཚིག་གི་རྒྱུ་མཚན་ཁོ་ནས་ཇི་ལྟ་བ་བཞིན་འགྱུར་བའི་ཕྱིར་དེ་དག་ལས་ཨཱཏྨ་ནེའི་རྒྱུ་མཚན་ལས་ནི་མི་འགྱུར་རོ། །པྲསྣོཥཱིཥྚ། པྲཀྲཾ་སཱིཥྚ། པྲསྣོཥྱོཏི། པྲཀྲཾ་སྱ་ཏེ། དངོས་པོ་དང་ལས་དག་ལས་ཨཱཏྨ་ནེའི་ཚིག་རྣམས་སོ་ཞེས་པས་ཨཱཏྨ་ནེའི་ཚིག་གོ། །
དེ་བཞིན་དུ། པྲ་ཀྲནྟ། པྲ་དང་ཨུ་པ་སྔོན་དུའོ། །ཀྲ་མི་སོགས་ལས་ཀྱི་དོན་ལ་རུ་ཙ་སོགས་སོ། །རུད་སོགས་ལས་བྱིངས་ཐམས་ཅད་པ་ལའོ། །གསལ་བྱེད་དང་པོ་ཡ་ཡིག་དང་པོ་མིན་པའི་ཞེས་པ་ཁོ་ནའོ། །དེའང་དོན་གྱི་དབང་ལས་བདུན་པའི་མཐའ་ཞེས་པར་བྱའོ། །རུད་སོགས་ཀྱི་ཚོགས་ལས་ཕ་རོལ་གྱི་གསལ་
བྱེད་དང་པོ་ཅན་ཡ་ཡིག་དང་པོ་མིན་པ་ཅན་གྱི་བྱིངས་ཐམས་ཅད་པ་ཕ་རོལ་ལ་དང་པོར་ཨིཊ་ཨཱ་ག་མར་འགྱུར་རོ། །རོ་དི་ཏི། སྭ་བི་ཏི། ཤྭ་སི་ཏི། པྲ་ཎི་ཏི། ཛཀྵི་ཏི་གསལ་བྱེད་དང་པོ་ལ་ཞེས་པ་ཅི་ཞེ་ན། རུ་དནྟི། ཡ་ཡིག་དང་པོ་མིན་པ་ལ་ཞེས་པ་ཅི་ཞེ་ན། རུདྱཱཏ། རུདྱ་ཏེ། ཞེས་པ་འདིར་ཨིཊ་ཨཱ་ག་མ་མི་འགྱུར་ཏེ།
ཡཎ་བྱས་པ་ལ་བརྟག་པ་བྱས་པ་ཉིད་ཀྱི་ཕྱིར་རོ། །ལྔ་རྣམས་ཀྱི་རུད་སོགས་སྨོས་པ་ལས་འདིར་མི་འགྱུར་ཏེ། ཛཱགཏྟི། ཨཱི་ཤ་ལས་ས་ལའོ། །བྱིངས་ཐམས་ཅད་པ་ལའོ་ཞེས་པ་ཁོ་ནའོ། །ཨཱི་ཤ་དབང་ཕྱུག་ལའོ་ཞེས་པ་འདི་ལས་ཕ་རོལ་གྱིས་ལས་ཏེ། ས་ཡིག་དང་པོ་ཅན་གྱི་བྱིངས་ཐམས་ཅད་པ་ཕ་རོལ་ལ་དང་པོར་ཨིཊ་
ཨཱ་ག་མར་འགྱུར་རོ། །ཨཱི་ཤི་ཥེ། ཨཱི་ཥི་ཥྭ། ཨཱིཌ་ཛན་དག་གི་ས་དང་དྷྭ་ལའང་ངོ་། །བྱིངས་ཐམས་ཅད་པ་ལའོ་ཞེས་པ་ཁོ་ནའོ། །ཨཱིཊ་བསྟོད་པ་ལའོ། །ཛན་སྐྱེ་བ་ལའོ། །འདི་དག་དང་འབྲེལ་བ་ཅན་གྱི་ས་ཡིག་དང་པོ་ཅན་དང་། དྷྭའི་སྒྲ་དང་པོ་ཅན་གྱི་བྱིངས་ཐམས་ཅད་པ་ལ་དང་པོར་ཨིཊ་ཨཱ་ག་མར་འགྱུར་ཞིང་། འང་གི་སྒྲ་
ལས་ཨཱི་ཤ་ལས་ཀྱང་ངོ་། །ཨཱི་ཌིཥེ། ཨཱི་ཌིཤྭ། ཨཱི་ཌིདྷྭེ། ཨིཌིདྷྭཾ། བརྟ་མཱ་ནིའི་སེ་དང་དྷྭེའོ། །པཉྩ་མིའི་སྭ་དང་དྷྭཾའོ། །བྱ་ཏི་ཛ་ཛྙིཥེ། བྱ་ཏི་ཛཛྙིཥྭ། བྱ་ཏི་ཛ་ཛྙི་དྷྭེ། བྱཏི་ཛ་ཛྙིདྷྭཾ། བི་དང་ཨ་ཏི་དག་སྔོན་དུའོ། །ཛུ་ཧོ་ཏི་སོགས་ལས་གཉིས་བརྗོད་དོ། །ཨིཊའོ། །གམ་ཧན་ཛན་ཞེས་པས་ཨུ་པ་དྷཱ་དབྱིའོ། །ཏ་སྡེའི་ཙཊའི་སྡེ་པ་
ཞེས་པས་ནའི་ཉའོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ་ཞེས་པ་འདི་གཟུང་བར་བྱ་བ་མ་ཡིན་ཏེ། ཡན་གྱིས་འགེགས་པའི་ཕྱིར་རོ། །ཨཱི་ཤ་ལས་ངེས་པར་ཡང་། །ཨཱི་ཤི་དྷྭེ། ཨཱི་ཤི་དྷྭཾ། གམ་ལས་ས་ལ་བ་རསྨཻ་ལའོ། །པ་རསྨཻའི་ཚིག་གི་རྒྱུ་མཚན་ལས་ཞེས་པའི་སློབ་དཔོན་གྱི་མདོ་བཀླགས་པས་བྱིངས་ཐམས་ཅད་པ་མིན་པ་སྨོས་པ་
เล่ม ๑๙๕ · หน้า 239a
རྗེས་སུ་འཇུག་གོ། །པ་རསྨཻའི་ཚིག་གི་རྒྱུ་མཚན་ཅན་གམ་གང་ཡིན་པ་དེ་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པའི་ས་ཡིག་གང་ཡིན་པ་དེ་ལ་སྟེ། ས་ཡིག་ལ་དང་པོར་ཨིཊ་ཨཱ་ག་མ་འགྱུར་རོ། །ཡ་མིར་མིན་མི་ག་མི་ཞེས་པའི་དགག་པ་འགེགས་པའོ། །ག་མིཥྱ་ཏེ། པ་རསྨཻའི་ཚིག་སྨོས་པ་
ནི་གལ་ཏེ་ས་ཡིག་ཁྱད་པར་གྱུར་པའི་སན་ལས་ཨིཊ་ཨཱ་ག་མར་མི་འགྱུར་རོ། །ཛི་ག་མི་ཥ་ཏི། ཛི་ག་མི་ཥ། ཤནྶི་དང་རྐྱེན་ལས་ཞེས་པས་ཨ་ཡིག་གི་རྐྱེན་ནོ། །བུད་མེད་ལ་ཨ་ལས་ཨཱ་པའོ། །ཛིག་མིཥུཿ། སན་མཐའ་དང་ཨཱ་ཤད་སི་དང་ཞེས་པས་ཨུའོ། །ཨའིང་དབྱིའོ། །འོ་ན་ག་མི་ཐམས་ཅད་དུ་བ་རསྨཻའི་ཚིག་གི་
རྒྱུ་མཚན་དུ་སྦྱོར་བ་ཉིད་ཀྱི་ཕྱིར་བ་རསྨཻའི་ཚིག་གི་རྒྱུ་མཚན་ལས་ཞེས་པ་ཅི་ཞེ་ན། སཾ་གཾ་སཱིཥྚ། སཾ་གཾ་སྱ་ཏེ། གམ་ལས་སཾ་སྔོན་མ་ཅན་ནི་རུ་ཙ་སོགས་སོ། །དེ་བཞིན་དུ། ཨ་དྷི་ཛི་གཱསྨས་ཏེ། ཨིང་འགྲོ་བ་ལའོ། །ཨ་དྷི་སྔོན་དུའོ། །སན་ལ་ཨིཎ་ཨིད་དག་གི་ག་མིའོ། །གཉིས་བརྗོད་དོ། །ཧན་དང་ཨི་ངའི་གམ་དག་གི་ཨུ་
བ་དྷཱའི་ཞེས་པས་རིང་པོའོ། །འདིར་གནས་ཅན་དང་འདྲ་བར་འགྱུར་བའི་ཕྱིར་གམ་ལས་ཨཱཏྨ་ནེའི་ཚིག་གི་རྒྱུ་མཚན་ནོ། །ཧན་དང་རྀཏ་མཐའ་ལས་སྱ་ལའོ། །ཧན་འཚེ་བ་དང་འགྲོ་བ་ལ་ཞེས་པའི་བྱིངས་འདི་ལས་དང་རྀཏ་མཐའ་རྣམས་ལས་ཀྱང་ཕ་རོལ་གྱི་ས་ཡིག་དང་པོ་ཅན་གྱི་རྐྱེན་ལ་དང་པོར་ཨིཊ་ཨཱ་ག་མར་འགྱུར་རོ། །
ཧ་ནི་མ་ནྱ་ཏི་ལས་ན་ལས་སོ་ཞེས་པ་དང་། རྀཏ་ལ་བྲྀང་བྲིཉ་མིན་པ་ལས་ཞེས་པའི་དགག་པ་འགེགས་པའོ། །ཧ་ནི་ཤྱ་ཏེ། ཀ་རི་ཤྱ་ཏི། སྱ་ལ་ཞེས་པ་ཅི་ཞེ་ན། ཛིགྷཱཾ་བ་ཏི། ཨ་བྷྱཱ་ས་ལས་ཀྱང་ངོ་ཞེས་པས་གྷའོ། །ཧན་དང་ཨི་དའི་གམ་དག་གི་ཨུ་བ་དྷའི་ཞེས་པས་རིང་པོའོ། །ཨཉྫི་ལས་ས་ཙི་ལས་སོ། །ཨཉྫུ་གསལ་བ་
ལའོ་ཞེས་པའི་བྱིངས་འདི་ལས་ཕ་རོལ་གྱི་སི་ཙ་ཕ་རོལ་ལ་དང་པོར་ཨིཊ་ཨཱག་མར་འགྱུར་རོ། །ཨུ་རྗེས་སུ་འབྲེལ་བ་ཉིད་ལས་རྣམ་པར་བརྟག་པ་ཐོབ་པ་ལའོ། །ཨཱཉྫིཏ། ཨཱཉྫཱིཥྚཱཾ། ཨཱཉྫིཥུཿ། དི་དང་ཏཱམ་དང་ཨན་དང་སི་ཙའོ། །འདིས་ཨིཊའོ། །ཨིཊ་ལས་ཀྱང་ཨཱིཊ་ལའོ་ཞེས་པས་སི་ཙ་དབྱིའོ། །ཨ་ནའི་ཨུསའོ། །
ཨའི་ཡི་གེའི་ཨ་དབྱིའོ། །སི་ཙ་ལ་ཞེས་པ་ཅི་ཞེ་ན། ཨཾཀྟཱ། ཨཉྫིཏཱ། སྭ་ར་ཏི། སུ་ཏི། ཞེས་པ་ཨིཊ་ཡང་ནའོ། །སྟུསུ་དྷུཉ་རྣམས་ལས་བ་རསྨཻ་ལའོ། །སི་ཙ་ལ་ཞེས་པ་ཁོ་ནའོ། །ཥྚུཉ་བསྟོད་པ་ལའོ། །ཥུཉ་བཀྲུ་བ་ལའོ། །ཥུ་རབ་ཏུ་སྐྱེ་བ་དང་དབང་ཕྱུག་དག་ལའོ་ཞེས་པས་ཡང་ནའོ། །ཥུ་སྲུ་འགྲོ་བ་ལའོ་ཞེས་
เล่ม ๑๙๕ · หน้า 239b
པ་ཡང་ནའོ། །དྷུཉ་གཡོ་བ་ལའོ། །འདི་རྣམས་ལས་སི་ཙ་ཕ་རོལ་དང་པ་རསྨཻ་ཚིག་ཕ་རོལ་ལ་དང་པོར་ཨིཊ་ཨཱ་ག་མར་འགྱུར་རོ། །སྟུ་སུ་འདི་དག་གི་ཨུ་ཏ་ལས་ཡུ་རུ་ཎུ་ཞེས་པའི་དགག་པ་འགེགས་པའོ། །དྷུཉའི་ཡང་སྭརྟི་པུ་ཏི་ཞེས་པས་རྣམ་པར་བརྟག་པའིའོ། །ཨ་སྟཱི་བཱི་ཏ། ཨ་སཱ་བི་ཏ། ཨ་དྷཱ་བཱི་ཏ།
དབྱངས་མཐའ་རྣམས་ཀྱི་སི་ཙ་ལ་པ་རསྨཻ་ལའོ་ཞེས་པས་འཕེལ་བའོ། །བ་རསྨཻ་ལ་ཞེས་པ་ཅི་ཞེ་ན། ཨ་སྟོཥྚ། ཨསོཥྚ། ཨ་དྷོཥྚ། ཨ་དྷ་བིཥྚ། ཡ་མི་ར་མི་ན་མི་ཨཱཏ་མཐའ་རྣམས་ཀྱི་སི་མཐའ་འང་ངོ་། །གང་གི་མཐའ་ཨཱཏ་ཡིན་པ་དེ་ནི་ཨཱ་ཏ་མཐའ་རྣམས་སོ། །དེ་ནས་ཟླས་དབྱེའོ། །ཡ་མུ་ཉེ་བར་འགོག་པ་
ལའོ། །ར་མུ་རྩེ་བ་ལའོ། །ནམ་འདུད་པ་དང་སྒྲ་ལའོ། །འདི་རྣམས་དང་ཨཊ་མཐའ་རྣམས་ལས་ཀྱང་འདི་རྣམས་དང་འབྲེལ་པའི་སི་ཙ་དང་། པ་རསྨཻའི་ཚིག་ཕ་རོལ་ལ་དང་པོར་ཨིཊ་ཨཱ་ག་མར་འགྱུར་ཞིང་ས་ཡིག་ཨཱ་ག་མའང་ངོ་། །ཡ་མིར་མིན་མི་ཞེས་པ་དང་ཨཱཊ་ལས་དབྱངས་གཅིག་པ་ཨིཊ་ཡིན་ནོ་ཞེས་པའི་ཡང་དགག་པ་
འགེགས་པའོ། །ཨ་ཡཾ་སཱི་ཏ། ཨ་ཡཾ་སིཥྚཱ། ཨ་ཡཾ་སི་ཥུཿ། བྱ་རཾ་སཱི་ཏ། བྱ་རཾ་སིཥྚཱཾ། བྱ་རཾ་སི་ཥུཿ། ཨ་ནཾ་སི་ཥུཿ། དི་དང་ཏཱཾ་དང་ཨན་དང་སི་ཙ་དང་ཨཱིཊའོ། །འདིས་ཨིཊའོ། །ཨིཊ་ལས་སྔོན་དུ་ས་ཡིག་ཨཱ་ག་མའོ། །སི་ཙ་དབྱིའོ། །ཨ་ནའི་ཨུསའོ། །ཨ་མཐའ་རྣམས་ཀྱི་ཨ་ཨཱ་སཱིཏ། ཨ་ཡཱ་སིཥྚཱཾ། ཨ་ཡཱ་
སི་ཥུཿ། ཡཱ་ཐོབ་པ་ལའོ། །གཞན་སྔ་མ་བཞིན་ནོ། །སྨིང་པཱུང་རཱྀ་ཨཱཉྫུ་ཨ་ཤཱུ་ཀྲཱྀ་གྲཱྀ་དྲྀ་དྷྲྀ་པྲཙྪ་རྣམས་ཀྱིས་སན་ལའོ། །སྨིང་འཛུམ་པ་ལའོ། །པཱུང་གཙང་བ་ལའོ། །རྀ་འགྲོ་བ་ལའོ། །ཨཉྫུ་གསལ་བ་ལའོ། །ཨ་ཤཱུ་ཁྱབ་པ་ལའོ། །ཀྲཱྀ་གཡེང་པ་ལའོ། །གྲྀ་གསལ་བར་བྱེད་པ་ལའོ། །དྲྀང་མ་གུས་པ་ལའང་ངོ་།
དྷྲྀང་ངེས་པར་འཇིགས་པ་ལའོ། །པྲཙྪ་ཤེས་པར་འདོད་པ་ལའོ། །འདི་རྣམས་ཀྱི་སན་ལ་དང་པོར་ཨིཊ་ཨཱ་ག་མར་འགྱུར་རོ། །སྨཡ་ཏི་ལ་ཨི་ཡིག་ལས་ཤྭི་ཤྲི་ཌིད་ཤཱིང་ཞེས་པས་དགག་པ་ཐོབ་བ་ལའོ། །པཱུང་ལ་ཨུའི་ཡི་གེ་དང་གུབ་སོགས་རྣམས་ལས་ཀྱང་ངོ་། །ཏྲྀ་དྷི་རྀ་རྣམས་ཀྱི་རྀཏ་ལས་བྲྀང་བྲྀཉ་མིན་པ་ཞེས་
པ་དང་ཨཉྫུ་ཨ་ཤཱུ་ལ་སྭ་ར་ཏི་སུ་ཏི་ཞེས་པས་རྣམ་པར་བརྟག་པ་ཐོབ་པ་དང་དེ་བཞིན་དུ་ཀྲཱྀ་གྲཱྀ་དག་གི་རཱྀཏ་མཐའ་རྣམས་ཀྱི་སན་ལ་རྣམ་པར་བརྟག་པར་བཤད་པར་བྱ་བ་དང་པྲཙྪི་ཡང་བྲཙྪི་ལས་པྲཙྪ་ལས་སོ་ཞེས་པས་དགག་པ་ཐོབ་པ་ལའོ། །བི་སི་སྨ་ཡི་ཥ་ཏེ། བི་ད་བི་ཥ་ཏེ། ཛ་དང་མཐར་གནས་དང་པ་སྡེ་ཕ་རོལ་ཅན་
เล่ม ๑๙๕ · หน้า 240a
ཨ་ཡིག་ལ་ཨུའི་ཡི་གེའོ་ཞེས་པ་ཨི་ཉིད་དོ། །ཨ་རི་རི་ཥ་ཏི། དབྱངས་དང་པོ་ལས་གཉིས་པའི་ཞེས་པས་གཉིས་བརྗོད་དོ། །དེ་བཞིན་དུ། ཨཉྫི་ཛི་ཥ་ཏི། ཨ་ཤི་ཤི་ཥ་ཏི། ཙིཀ་རི་ཥ་ཏི། ཛི་ག་རི་ཥ་ཏི། དི་ད་རི་ཥ་ཏི། དི་དྷ་རི་ཥ་ཏེ། གཡེང་བར་འདད་ད། །དེ་བཞིན་དུ་གསལ་བར་
བྱེད་འདོད་དོ། །མ་གུས་པར་བྱེད་འདོད་དོ། །འཇིག་པར་བྱེད་འདོད་དོ་ཞེས་པ་ལ་སནའོ། །ཨིཊའོ། །པི་པྲྀཙྪི་ཥ་ཏི། གྲ་ཧི་སྭ་པི་པྲཙྪ་རྣམས་ཀྱི་སན་ལའོ་ཞེས་པས་སཾ་པྲ་སཱ་རཎའོ། །པཱུངའི་ང་རྗེས་སུ་འབྲེལ་བ་ངེས་པར་བསྟན་པ་ལས་པཱུཉ་ལྡོག་པའི་དོན་དུའོ། །པུ་པཱུ་ཥ་ཏི། རཱྀ་ཏ་མཐའ་རྣམས་དང་བྲྀང་།
བྲྀཉ་དག་ལས་སན་ལ་ཨིཊ་ཡང་ན་འདོད་དེ། ཏི་ཏ་རི་ཥ་ཏི། ཏི་ཏཱིཪྵ་ཏི། ཏི་ཊཱིཪྵ་ཏི། ཏྲཱྀ་རྐྱལ་བ་ལའོ། །རྀཏ་མཐའི་ཨིརའོ། །ན་མི་ར་བ་དག་གསལ་བྱེད་ཅེས་པས་རིང་པོའོ། །བི་བ་རི་ཥ་ཏེ། བུ་བུཪྵ་ཏེ། བི་བ་རི་ཥ་ཏི། བུ་བུཪྵ་ཏི། བྲིང་ཡང་དག་པར་གུས་པ་ལའོ། །བྲྀཉ་འདམ་པ་ལའོ། །ཨིཊ་ཡང་ནའོ། །ཕྱོགས་
གཅིག་ལ་ཨིཊ་མེད་པ་ལ་དབྱངས་མཐའ་རྣམས་ཀྱི་སན་ལའོ་ཞེས་པས་རིང་པོའོ། །མཆུར་གྱུར་ཨུ་བ་དྷཱའི་འང་ཞེས་པའིའང་གི་སྒྲ་ལས་ཨུཊའོ། །སྭ་ར་ཏི། སཱུ་ཏི། སུ་ཡ་ཏི། དྷུཉ་རྣམས་དང་ཨུཏ་རྗེས་སུ་འབྲེལ་བ་རྣམས་ལས་ཀྱང་གསལ་བྱེད་དང་པོ་ཡ་ཡིག་དང་པོ་མིན་པའི་བྱིངས་ཐམས་ཅད་པ་ཡིན་
པ་ལ་དང་པོར་ཨིཊ་ཨཱ་ག་མ་ཡང་ན་བཤད་པར་བྱ་སྟེ། སྦྲྀ་སྒྲ་ལའོ། །སྭ་རི་ཏཱ། སྭརྟཱ། ཥུང་སྲོག་ཆགས་འགྲོ་བ་ལའོ། །སྲ་ས་བི་ཏཱ། པྲ་སོ་ཏ། ཤུང་སྲོག་ཆགས་རབ་ཏུ་སྐྱེ་བ་ལའོ། །ཡན་བྱས་པ་ན། སུ་ཡ་ཏི། ཞེས་ངེས་པ་བསྟན་པའོ། །པྲ་ས་བི་ཏཱ། པྲ་སོ་ཏཱ། དྷུཉ་གཡོ་བ་ལའོ། །བི་དྷ་བི་ཏཱ། བི་
དྷ་ཏཱ། གཱ་ཧི་ཏཱ། གཱ་ཌྷ། ག་ཧུ་སྲུབ་པ་ལའོ། །སུ་ཏི་སུ་ཡ་ཏི་ཞེས་ངེས་པར་བསྟན་པ་ལས་ཥུ་འདེབས་པ་ལའོ་ཞེས་པ་འདི། རུང་ལ་སོགས་པ་ཅན་གྱི་སུ་བ་ཏིའི་མི་འགྱུར་ཏེ། ས་བི་ཏཱ། དྷུཉའམ་ཉ་རྗེས་སུ་འབྲེལ་བ་ནི་དྷུ་རྣམ་པར་གཡེང་བ་ལའོ་ཞེས་པ་འདི་ལྡོག་པའི་དོན་དུའོ། །དྷ་བི་ཏཱ། འདི་ཡང་རྣམ་པར་
གཞག་པ་རྣམ་པར་བཤད་པར་བྱ་སྟེ། དེས་ཨུའི་ཡི་གེ་མ་ཡིན་ཞེས་པ་ཀ་རྗེས་སུ་འབྲེལ་བ་ལ་དགག་པ་ཁོ་ནའོ། །སཱུཏྭ། དྷཱུ་ཏྭ། དེ་བཞིན་དུ་རདྷ་འཚེ་བ་ལའོ། །ན་ཤ་མི་མཐོང་བ་ལའོ། །ཏྲྀ་པ་ཚིམ་པ་ལའོ། །ཏྲི་པ་དགའ་བ་ལའོ། །དྲུཧ་འཚེ་བ་ལའོ། །མུཧ་སེམས་པ་དང་བྲལ་བ་ལའོ། །སྣུཧ་སྐྱུག་པར་
เล่ม ๑๙๕ · หน้า 240b
བྱེད་པ་ལའོ། །སྣིཧ་དགའ་བ་ལའོ་ཞེས་པ་འདི་རྣམས་ལས་ཀྱང་ངོ་། །ར་དྷི་ཏཱ། རདྡྷཱ། ན་ཤི་ཏ། ནཾཥྚཱ། མསྫི་ན་ཤ་དག་གི་དྷུཊ་ལ་ཞེས་པས་ན་ཨཱ་ག་མའོ། །ཚ་ཤ་དག་གིའང་ངོ་ཞེས་པས་ཥའོ། །ཏརྤིཏཱ། ཏརྤྟཱ། ཏཔྟཱ། དརྤི་ཏཱ། དརྤྟཱ། ཏཔྟཱ། བཤད་པ་ལས་ཡང་ན་ཨ་ཡིག་ཨཱ་ག་མའོ། །ཏོ་ཧི་ཏ། ཏོ་གྡྷ། ཏོ་དྷཱ་
མོ་ཧི་ཏཱ། མོགྡྡྟ། མོདྷཱ། སྣོ་ཧི་ཏཱ། སྣོ་གྡྷ། སྣོ་ཌྷཱ། སྣེ་ཧི་ཏཱ། སྣེགྡྷ། སྣེཌྷཱ། དྲུཧ་མུ་ཧ་སྣུཧ་སྣི་ཧ་རྣམས་ཀྱི་བཤད་པ་ལས་གྷ་ཡང་ནའོ། །ཕྱོགས་གཅིག་ལཧའི་ཌྷའོ། །དེ་བཞིན་དུ་ནིར་སྔ་མའི་ཀུཥི་ལས་ཀྱང་ངོ་། །ནིཥྐོཥྚ། ནིཀོཥྚ། ནི་རའི་ར་ཡིག་རྣམ་པར་གཅད་བྱ་སྟེ། མི་ཟད་པ་མིན་པའི་རྣམ་པར་
བཅད་པ་ནི་ཞེས་པས་སོ། །ནིའི་སྒྲ་ལས་ས་ཉིད་དོ། །ཨི་བ་མཐའི་བྱིད་རྣམས་ལས་དང་། རྀདྷུ་འཕེལ་བ་ལའོ། །བྷསྫ་འཚེད་པ་ལའོ། །དནྦྷུ་ཚུལ་འཆོས་པ་ལའོ། །ཤྲྀཉ་བརྟེན་པ་ལའོ། །ཡུ་བསྲེ་བ་ལའོ། །ཨུརྞུཉ་སྒྲིབ་པ་ལའོ། །བྷྲྀཉ་འགེངས་པ་ལའོ། །ཛྙཱ་ཁོང་དུ་ཆུད་པ་ལའོ། །འདི་ཨིན་མཐའ་ལས་
སོ། །ཥ་ཎུ་སྦྱིན་པ་ལའོ། །ཏ་ནུ་རྒྱས་པ་ལའོ། །པཏླྀ་འགྲོ་བ་ལའོ། །ད་རི་དྲཱ་འགྲོ་བ་ངན་པ་ལའོ། །ཞེས་པ་འདི་རྣམས་ལས་ཀྱང་སན་ལ་ཨིཊ་ཡང་ན་འདོད་དེ། ཨི་བ་མཐའི་ལས། དི་དེ་བི་ཥ་ཏི། དུ་དྱུ་ཥ་ཏི། དི་བུ་རྩེ་བ་ལའོ། །ཚ་བ་དག་གི་ལྔ་པ་ལའང་ཤ་ཨུཊའོ་ཞེས་པས་བ་ཡིག་གི་ཨཱུཊའོ། །གཉིས་བརྗོད་
དོ། །རྀདྷུ་འཕེལ་བ་ལའོ། །ཨརྟི་དྷིཥ་ཏི། སན་དང་ཨིཊའོ། །ཡོན་ཏན་ནོ། །དབྱངས་དང་པོ་ལས་གཉིས་པའི་ཞེས་པས་དྷི་གཉིས་བརྗོད་དོ། །གཉིས་པ་བཞི་པ་དག་གི་ཞེས་པས་དྷའི་དའོ། །ཕྱོགས་གཅིག་ལ་ཨཱིརྟྟྤ་ཏི། འདི་ཨཱ་སྣོ་ཏིའི་ཨཱི་སའོ་ཞེས་པ་འདིར་བསྒྲུབས་ཟིན་ཏོ། །བྷྲསྫ་ལ། བི་བྷྲཛྫི་ཥ་ཏི།
བི་བྷྲིཀྵ་ཏི། བརྩེགས་པའི་དང་པོ་ས་ཀ་ཞེས་པས་ས་དབྱིའོ། །དནྦྷུ་ལ། དི་དམྦྷི་ཥ་ཏི། དྷིཔྶ་ཏི། ཤྲིཉ་བརྟེན་པ་ལ། ཤི་ཤྲ་ཡི་ཥ་ཏི། ཤི་ཤྲ་ཥ་ཏི། ཡུ་ལ་ཡི་ཡ་བི་ཥ་ཏི། ཛ་དང་མཐར་གནས་ཞེས་པས་ཨི་ཉིད་དོ། །ཕྱོགས་གཅིག་ལ། ཡུ་ཡཱུ་ཥ་ཏི། ཨུརྞུཉ་འགེབས་པ་ལའོ། །པྲོརྞུན་བིཥ་ཏི། པྲོརྞུནུཥ་ཏི།
དབྱངས་དང་པོ་ལས་གཉིས་པའི་ཞེས་པས་ནུའི་སྒྲ་གཉིས་བརྗོད་དོ། །བྷྲྀཉ་ལ། བི་བྷ་རི་ཥ་ཏི། བུ་བྷུཪྵ་ཏི། ཛྙཱ་ཁོང་དུ་ཆུད་པ་ལའོ། །ཛི་ཛྙཱ་པ་ཡ་ཥ་ཏི། ཛྙཱིཔྶཏི། ཛྙཱ་ལས་ཨིནའོ། །ཨརྟི། ཧྲིཙླི་ཞེས་པས་བ་ཡིག་ཨཱ་ག་མའོ། །ཛྙཱི་པྶ་ཏི་ཞེས་པ་འདིའི་ཨཱ་སྣོ་ཏིའི་ཨི་ཞེས་པ་འདིར་གྲུབ་བོ། །ཥ་ཎུ་ལ། སི་ས་ནི་
เล่ม ๑๙๕ · หน้า 241a
ཥ་ཏི། སི་སཱ་ས་ཏི། དྷུཊ་ལ་ཞེས་པས་ཨཱ་ཉིད་དོ། །ཏ་ནུ་རྒྱས་པ་ལའོ། །ཏི་ཏ་ནི་ཥ་ཏི། ཏི་ཏཾ་ས་ཏི། པཏླྀ་འགྲོ་བ་ལའོ། །པི་པ་ཏི་ཥ་ཏི། པེཏྤ་ཏི། སན་ལ་མི་མཱི་མཱ་དཱ་ཞེས་པ་འདིར་བསྒྲུབས་ཟིན་ཏོ། །ད་རི་དྲ་འགྲོ་བ་ངན་པ་ལའོ། །དི་ད་རི་དྲིཥ་ཏི། དི་ད་རི་དྲཱ་ས་ཏི། ད་རི་དྲ་ཏིའི་བྱིངས་ཐམས་
ཅད་པ་མིན་པ་ཞེས་པས་ཨཱ་དབྱིའོ། །ཨིཊ་མེད་པའི་སན་ལ་བཤད་པར་བྱ་བ་མ་ཡིན་ནོ། །གྲ་ཧི་ལས་པ་རོ྅ཀྵཱ་མིན་པ་ལ་ཨིཊའི་རིང་པོའོ། །གྲཧི་ལས་ཕ་རོལ་གྱི་ཨིཊ་རིང་པོར་འགྱུར་རོ། །པ་རོ྅ཀྵ་མིན་པ་ལ་སྟེ་པ་རོ྅ཀྵ་ལ་ནི་ཨིཊ་གང་ཡིན་པ་དེའི་རིང་པོར་མི་འགྱུར་རོ། །གྲ་ཧཱི་ཏ། གྲ་ཧཱི་ཥྱ་ཏི། གྲ་ཧཱི་ཥྱ་ཏ། གྲ་ཧཱི་
ཏཱ། གྲ་ཧཱི་ཏུམ། གྲ་ཧཱི་ཏ་བྱཾ། ཨིཊ་སྨོས་པ་ནི་གྲ་ཧི་ལས་གནས་ཅན་ཉིད་ལྡོག་པའི་དོན་དུའོ། །པ་རོ྅ཀྵ་མིན་པ་ལ་ཞེས་པ་ཅི་ཞེ་ན། ཛ་གྲྀ་ཧི་མ་བ་ཛ་གྲྀ་ཧི་མ། ཨིཊའོ་ཞེས་བརྗོད་པར་བྱ་བ་ལ་རིང་པོ་སྨོས་པ་ནི། རཱྀཏ་མཐའ་རྣམས་དང་བྲྀང་བྲྀཉ་དག་ལས་ཕ་རོལ་གྱི་ཨཱ་ཤཱི་ཥ་དང་པ་རོ྅ཀྵ་དོར་བར་བྱས་ནས་རིང་པོ་ཡང་ནའོ། །
ཏ་རཱི་ཏཱ། ཏ་རི་ཏཱ། སཾ་བ་རཱི་ཏཱ། སཾ་བ་རི་ཏཱ། ཨཱ་ཤཱིཥ་དང་པ་རོ྅ཀྵ་དག་ལ་ནི་མི་འགྱུར་ཏེ། ཏ་རི་ཥཱིཥྚ། བ་རི་ཥཱི་ཥྚ། ཏེ་རི་ཐ། ཏེ་རི་བ། ཏེ་རི་མ། ཏྲྀ་རྐྱལ་པ་ལའོ། །ཏྲཱྀ་ཕལ་བྷ་ཛ་ཏྲས་ཞེས་པས་ཨེ་ཉིད་དང་ཨ་བྷྱ་ས་དབྱི་བ་དག་གོ། །བ་བ་རི་ཐ། ཤས་དད་པ་དང་པོ་ཞེས་པས་ཨེ་དང་ཨ་བྷྱ་ས་དབྱི་བ་དག་མ་ཡིན་ནོ། །
ཙེཀྲི་ཡི་ཏ་དག་འཇིག་པའི་མཐའ་ལས་གྲ་ཧི་ལས་ཨིཊ་རིང་བོར་མི་འདོད་དེ། ཛ་རི་གྲྀ་ཧི་ཏཱ། ཤིན་ཏུ་གཟུང་བར་བྱའོ་ལ་ཡ་སྒྲའོ། །འཇིག་གོ། །གྲ་ཧི་ཛྱཱ་ཞེས་པས་སཾ་པྲ་སཱ་རཎའོ། །གཉིས་བརྗོད་དོ། །འཇིག་པ་ལ་རི་རེ་ཕ་དག་ཀྱང་ངོ་ཞེས་པས་རི་ཨཱ་ག་མའོ། །ཨཱཏ་ལས་དབྱངས་གཅིག་པ་ལས་ཨིཊ་མེད་དོ། །ཨིཊ་མེད་
དེ་དབྱངས་གཅིག་པའི་བྱིངས་ཨཱཏ་ལས་ཏེ། ཨ་ཡིག་གི་མཐའ་ཅན་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨིཊ་མི་འགྱུར་རོ། །ཨིཊ་མེད་པ་འགྱུར་རོ་ཞེས་པའི་དོན་ཏོ། །དཱཏཱ། དཱསཱིཥྚ། དསྱཏི། མིན་ཞེས་བརྗོད་པར་བྱ་བ་ལ་ཨིཊ་མེད་པ་ལ་ཞེས་སྨོན་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །དབྱངས་གཅིག་པ་ལ་
ཞེས་པ་ཅི་ཞེ་ན། ད་རི་དྲི་ཏཱ། ད་རི་དྲི་ཏི་བྱིངས་ཐམས་ཅད་པ་མིན་པ་ལ་ཞེས་པས་ཨཱ་དབྱིའོ། །ཨིའི་ཡི་གེ་ལས་ཤྭི་ཤྲི་ཌིང་ཤཱིང་མིན་པ་ལས་སོ། །ཌུ་ཨོ་ཤྭི་འགྲོ་བ་དང་འཕེལ་པ་ལའོ། །ཤྲིཉ་བསྟན་པ་ལའོ། །ཌིང་འཕུར་པ་ལའོ། །ཤཱིང་ཉལ་བ་ལའོ། །འདི་རྣམས་བོར་བའི་ཨིའི་ཡི་གེ་མཐའ་དབྱངས་གཅིག་པའི་
เล่ม ๑๙๕ · หน้า 241b
བྱིངས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཙེ་ཏཱ། ཙེ་ཥཱི་ཥྚ། ནེ་ཏཱ། ནེ་ཥྱ་ཏི། དབྱངས་གཅིག་པ་ལས་ཞེས་པ་ཅི་ཞེ་ན། ཨཱ་དཱི་དྷི་ཏཱི། ཨཱི་བེ་བི་ཏཱ། དཱི་དྷཱི་བེ་བི་དག་གི་ཨི་ཡིག་གོ་ཞེས་པས་ཨཱི་ཡིག་དབྱིའོ། །ཤྭི་ཤྲི་ཌཱིང་ཤིང་མིན་པ་ལས་ཞེས་པ་ཅི་ཞེ་ན། ཤྭ་ཡི་ཏཱ། ཤྲ་ཡི་ཏཱ།
ཌ་ཡི་ཏཱ། ཤ་ཡི་ཏཱ། ཨུཏ་ལས་ཡུ་རུ་ཎུ་སྣུ་ཀྵུ་ཥྞུ་མ་ཡིན་པ་ལས་སོ། །ཡུ་བསྲེ་བ་ལའོ། །རུ་སྒྲ་ལའོ། །ཎུ་བསྟོད་པ་ལའོ། །སྣུ་རབ་ཏུ་འཛག་པ་ལའོ། །ཊུཀྵུ་སྒྲ་ལའོ། །ཀྵྞུ་རྣོ་བ་ལའོ། །འདི་རྣམས་སྤངས་པའི་ཨུཏ་ལས་ཏེ་ཨུ་ཡིག་གི་མཐའ་ཅན་དབྱངས་གཅིག་པའི་བྱིངས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་
པ་མ་ཡིན་པ་ལ་ཨཱིཊ་ཨཱ་ག་མ་མི་འགྱུར་རོ། །སྟོ་ཏཱ། སྟོཥྱཏི། ཏ་ཕ་རོལ་བྱེད་པ་ནི་དེའི་དུས་ཀྱི་དོན་དུའོ། །དེས་ན། ལ་བི་ཏཱ། དབྱངས་གཅིག་པ་ལ་ཞེས་པ་ཅི་ཞེ་ན། སྲོརྞ་བི་ཏཱ། ཡུ་རུ་ཎུ་སྣུ་ཀྵུ་ཀྵུ་མིན་པ་ལ་ཞེས་པ་ཅི་ཞེ་ན། ཡ་བི་ཏཱ། ར་བི་ཏཱ། ན་བཾ་ཏཱ། སྣ་བི་ཏཱ། ཀྵ་བི་ཏཱ། ཀྵྞ་བི་ཏ། རྀཏ་ལས་བྲྀང་བྲྀཉ་མིན་པ་
ལས་སོ། །བྲྀང་ཡང་དག་བར་གུས་པ་ལའོ། །བྲྀཉ་འདམ་པ་ལའོ། །འདི་དག་དོར་བའི་རྀ་ཏ་ལས་ཏེ་རྀ་ཡིག་མཐའ་ཅན་གྱི་བྱིངས་དབྱངས་གཅིག་པ་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨི་ཊ་ཨཱ་ག་མ་མི་འགྱུར་རོ། །ཀརྟཱ། ཧརྟཱ། དབྱངས་གཅིག་པ་ལས་ཞེས་པ་ཅི་ཞེ་ན། ཛཱ་ག་རི་ཏཱ། ཤ་ཀི་
ལས་ཀ་ལས་སོ། །ཤ་ཀ་རྣམ་པར་བཤད་པ་ལས་སོ། །ཤཀླྀ་ནུས་པའོ་ཞེས་པ་ཡང་ནའོ། །བྱིངས་ཐམས་ཅད་བ་མིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཀ་ལས་ཞེས་པ་ལ་སོགས་པའི་ཚིག་རྣམས་ཀྱི། །ཤཱ་ཤ་ཀི་ཏཱ། ཞེས་སོགས་ལས་དགག་པར་མི་འགྱུར་རོ་ཞེས་ཁ་ཅིག་གོ། །ཤཀྟཱ། བ་ཙི་བ་ཙི་སིཙི་
ར་ཙི་མུ་ཙི་ལས་ཙ་ལས་སོ། །ཌུ་པ་ཙ་ཥ་འཚེད་པ་ལའོ། །བཙ་སྨྲ་བ་ལའོ། །བྲུ་བའི་བ་ཙི་ཡང་ནའོ། །ཥི་ཙ་འཛག་པ་ལའོ། །རི་ཙིར་སྤོང་། བི་ཙིར་འཐད་པའི་དངོས་པོ་ལའོ། །མུ་ཙླྀ་གྲོལ་བ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པའི་ཨིཊ་ཨཱ་ག་མར་མི་འགྱུར་རོ། །བཀྟཱ། བྲཙྪ་
ལས་ཚ་ལས་སོ། །པྲཙྪ་ཤེས་འདོད་ལའོ། །ཞེས་པ་འདི་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པའི་ཨིཊ་ཨཱ་ག་མར་མི་འགྱུར་ཏེ། གང་གི་ཚེ་ཁྱད་པར་ཅན་དུ་གྱུར་པ་ནའོ། །བྲཥྚ། པྲཀྵྡྱཏི། ཚ་ཤ་དག་གི་ཡང་ངོ་ཞེས་པས་ཥའོ། །ཥ་ཌྷ་དག་གི་ས་ལ་ཀའོ། །པིཙྪི་ལས་ཨིཊ་དང་བཅས་པའོ། །དེའི་ཕྱིར་
เล่ม ๑๙๕ · หน้า 242a
བཀླག་པར་བྱ་བ་མ་ཡིན་ནོ། །ཡུ་ཛི་རུ་ཛི་རནྫི་བྷུ་ཛི་བྷ་ཛི་བྷནྫི་སནྫི་ཏྱ་ཛི་བྷྲ་སྫི་ཡ་ཛི་མསྫི་སྲི་ཛི་ནི་ཛི་བི་ཛི་ཥྭནྫི་ལས་ཛ་ལས་སོ། །ཡུ་ཛིར་སྦྱོར་བ་ལའོ། །ཡུ་ཛ་ཏིང་ངེ་འཛིན་ལའོ་ཞེས་པས་ཡང་ནའོ། །རུ་ཛོ་འཇོམས་པ་ལའོ། །རནྫ་ཆོས་པ་ལའོ། །བྷ་ཛ་བསྟེན་པ་ལའོ། །བྷནྫོ་ཉེད་པ་ལའོ། །བྷྲ་ཛ་
འཚེད་པ་ལའོ། །བྷུཛ་སྐྱོང་བ་ལའོ། །བྷུཛོ་འཁྱོག་པོ་ཉིད་ལའོ། །ཡཛ་ལྷ་མཆོད་པ་ལའོ། །ཥྭནྫ་ཡོངས་སུ་འཁྱུད་པ་ལའོ། །ཊུ་མསྫོ་དག་པ་ལའོ། །ཏྱཛ་སྤོང་བ་ལའོ། །སྲྀཛ་སྤྲོ་བ་ལའོ། །ནི་ཛིར་དག་པ་ལའོ། །བི་ཛིར་ཐ་དད་པའི་དངོས་པོ་ལའོ། །སནྫ་འགྲོགས་པ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་
ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །གང་གི་ཚེ་ཐམས་ཅད་ཀྱི་ཐམས་ཅད་རྣམས་བཤད་པ་ནི་རེ་ཞིག་དཀའོ། །ཡོཀྟཱ། རོཀྟཱ། རདྐཱ། བྷཀྟཱ། བྷདྐྟཱ། བྷྲཥྚཱ། བརྩེགས་པའི་ས་དག་དག་གི་ཞེས་པས་ས་དབྱིའོ། །བྷྲྸྀཛ་སོགས་རྣམས་ཀྱི་ཥའོ། །བྷོ་ཀྟཱ། ཡཥྚཱ། པ་རིཥྭཾཀྟཱ། མཾཀྟ། མསྫི་ན་ཤ་དག་གི་
ཞེས་པས་ན་ཡིག་ཨཱ་ག་མའོ། །བྲཤྩི། མ་སྫ་དག་གི་དྷུཊ་ལ་ཞེས་པས་ས་དབྱིའོ། །ཏྱཀྟཱ་སྲཥྚཱ། སྲྀ་ཛི་ཏྲྀ་ཤ་དག་གི་ཨ་ཡིག་ཨཱ་ག་མའོ། །བྷྲྀ་ཇ་སོགས་རྣམས་ཀྱི་ཥའོ། །ནེཀྟཱ། བེཀྟཱ། སཾཀྟཱ། མྲྀ་ཛུཥ་དག་པ་ལའོ་ཞེས་པ་འདི་ཨུ་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་ཨིཊ་ཡང་ནའོ་དེའི་ཕྱིར་བཀླག་པར་བྱ་བ་མ་ཡིན་ཏེ། མཱརྵྚ།
མཱརྫིཏཱ། མརྫིའི་མཱརྫིའོ། །ཏུ་དི་ནུ་དི་ཀྵུ་དི་སྭི་དྱ་ཏི། བིདྱ་ཏི། ཇིནྡ་ཏི་བི་ན་ཏྟི་ཙྪི་དི་བྷི་དི་ཤ་དི་ས་དི་པ་དི་སྐནྡི་ཧ་དི་ཨ་དི་ཁི་དི་ལས་ད་ལས་སོ། །ཏུད་འཐེར་པ་ལའོ། །ནུད་བསྐུལ་བ་ལའོ། །ཀྵུ་དིར་ཕྲ་མོར་བྱེད་པ་ལའོ། །སྭི་ད་ལུས་ཀྱི་རྣམ་འགྱུར་ལའོ། །དི་བ་སོགས་ལས་ཡནའོ། །བིད་ཡོད་པ་ལའོ། །ཡནའོ། །བིདླྀ་
ཐོབ་པ་ལའོ། །མུ་ཙ་སོགས་ཉིད་ལས་ན་ཡིག་ཨཱ་ག་མའོ། །བི་ད་རྣམ་པར་དཔྱོད་པ་ལའོ། །རུ་དྷ་སོགས་ལས་དབྱངས་ལས་ན་སྒྲའོ། །ཙྪི་དིར་གཉིས་སུ་བྱེད་པ་ལའོ། །བྷི་དིར་རྣམ་པར་འཇོམས་པ་ལའོ། །ཤ་དླྀ་འཇོམས་པ་ལའོ། །ཤདླྀ་དམན་པར་བྱེད་པ་ལའོ་ཞེས་པས་ཡང་ནའོ། །སདླྀ་འགྲོ་བ་དང་འཇིག་པ་དང་
ངེས་པར་ཀུན་སྦྱིན་པ་ལའོ། །སདླྀ་ངེས་པར་ཉམས་པ་ལའོ་ཞེས་པས་ཡང་ནའོ། །པ་ད་འགྲོ་བ་ལའོ། །སྐནྡིར་སྐེམས་པ་ལའོ། །ཧ་ད་བཤད་པ་འདོར་བ་ལའོ། །ཨད་ཟ་བ་ལའོ། །ཁི་དི་སྐྱོ་བ་ལའོ། །ཁི་ད་ཡོངས་སུ་གདུང་བ་ལའོ་ཞེས་པས་ཡང་ནའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་
เล่ม ๑๙๕ · หน้า 242b
ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཏོཏྟ། ནོཏྟ། ཀྵོཏྟ། སྭེཏྟ། བེཏྟ། དངོས་པོའི་ཡང་ངོ་། །བེཏྟ། ནོར་གྱི་ཐོབ་བོ་ཞེས་པའི་དོན་ཏོ། །བེཏྟ། རྣམ་པར་སྤྱོད་དོ་ཞེས་པའི་དོན་ཏོ། །ཙྪེཏྟཱ། བྷེཏྟ། ཤཏྟཱ། སཏྟཱ། སྐཏྟཱ། པཏྟཱ། ཧཏྟཱ། ཨཏྟཱ། ཁེཏྟཱ། བདེ་ཤེས་པའི་དོན་ལ་ཨིཊའོ། །བེ་དི་ཏཱ། རཱ་དྷི་རུ་དྷི་ཀྲུ་དྷི་ཀྵུ་དྷི་བཾ་དྷི་ཤུདྷི་
སིདྷྱ་ཏི་བུ་དྷྱ་ཏི་ཡུ་དྷི་བྱ་དྷི་སཱ་དྷི་ལས་དྷ་ལས་སོ། །ར་དྷ་ཡང་དག་པར་གྲུབ་པ་ལའོ། །རུ་དྷིར་འགོག་པ་ལའོ། །ཀྲུདྷ་ཁྲོ་བ་ལའོ། །ཀྵུ་དྷ་བཀྲེས་པ་ལའོ། །བཾ་དྷ་འཆིང་བ་ལའོ། །ཤུ་དྷེ་གཙང་བ་ལའོ། །ཥི་དྷུ་ཡང་དག་པར་གྲུབ་པ་ལའོ། །ངེས་པར་བསྟན་པ་ལས་ཡནའོ། །བུདྷ་ཁོང་དུ་ཆུད་པ་ལའོ། །ཡུ་དྷ་གཡུལ་
འཁྲུག་པ་ལའོ། །བྱདྷ་བསྣུན་པ་ལའོ། །སཱ་དྷ་ཡང་དག་པར་འགྲུབ་པ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །རཱདྡྷཱ། རོདྡྷཱ། ཀྲོདྡྷྭ། ཀྲོདྡྷ། བཾདྡྷཱ། ཤོདྡྷཱ། སེདྡྷཱ། བོདྡྷཱ། ཡོདྡྷཱ། བྱདྡྷཱ། སདྡྷཱ། སཱདྡྷཱ། སིདྷྱིཏི། ཞེས་ཡན་གྱི་ངེས་པར་བསྟན་པ་ལས་
ཥི་དྷུ་འགྲོ་བ་ལའོ་ཞེས་པ་བུ་སོགས་ཅན་འདི་ལྡོག་པའི་དོན་དུའོ། །དེས་ན། སེདྷི་ཏཱ། ཧ་ནི་མ་ནྱ་སྟི་ལས་ན་ལས་སོ། །ཧན་འཚེ་བ་ལའོ། །མན་ཤེས་པ་ལའོ། །ཡན་གྱི་ངེས་པར་བསྟན་པ་ལས་སོ། །འདི་དག་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལས་ཨིཊ་ཨཱ་ག་མར་མི་འགྱུར་རོ། །ཏནྟཱ། མནྟཱ། མནྱ་ཏི་
ཞེས་ངེས་པར་བསྟན་པས། མ་ནུ་ཁོང་དུ་ཆུད་པ་ལའོ་ཞེས་པའི་ཏན་སོགས་ཅན་འདི་ལྡོག་པའི་དོན་དུའོ། །མ་ནི་ཏཱ། ཨ་བི་ཏ་བི་ཏི་བི་སྭ་བི་བ་པི་ཤ་པི་ཚུ་པི་ཀྵི་པི་ལི་བི་ལུ་བི་སྲཾ་པི་ལས་པ་ལས་སོ། །ཨཱ་པླྀ་ཁྱབ་པ་ལའོ། །ཏབ་ཡང་དག་པར་གདུང་བ་ལའོ། །ཏི་བླི་ཟག་པར་བྱེད་པའི་དོན་ཏོ། །ཉཥྭི་པ་ཉལ་བ་ལའོ། །
ཌུབ་པས་བོན་འདེབས་པ་ལའོ། །ཤབ་སྨོད་པ་ལའོ། །ཚུ་པ་རེག་པ་ལའོ། །ཀྵི་པ་གཏོང་བ་ལའོ། །ལིཔ་ཉེ་བར་བྱུང་པ་ལའོ། །ལུ་བླྀ་གཅོད་པ་ལའོ། །སྲྀ་བླྀ་འགྲོ་བ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཨཱཔྟཱ། ཏཔྟཱ། ཏེཔྟཱ། སྭཔྟཱ། པཔྟཱ། ཤཔྟཱ།
ཆཔྟཱ། ཀྵེཔྟཱ། ལེཔྟཱ། ལོཔྟཱ། པཏྤྟ། སྲཔྟ། བཤད་པ་ལས་ཨཱ་ཡིག་ཨཱ་ག་མ་ཡང་ནའོ། །ཏྲྀ་པི་ཏྲྀ་བི་དགའ་དྷ་སོགས་ཉིད་ཀྱི་ཕྱིར་ཨིཊ་ལ་ཡང་ན་ཞེས་པ་བཀླག་པར་བྱ་བ་མིན་ནོ། །ཡ་བྷི་ར་བྷི་ལ་བྷི་རྣམས་ལས་བྷ་ལས་སོ། །ཡ་བྷ་ཕྱིན་ཅི་ལོག་ཏུ་འཁྲིག་པ་ལའོ། །ར་བྷ་རྩོམ་པ་ལའོ། །ཌུ་ལ་བྷཥ་ཐོབ་པ་ལའོ། །
เล่ม ๑๙๕ · หน้า 243a
འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཨནྟཱ། རནྟཱ། ནནྟཱ། གནྟཱ། ཡ་མི་རམི་ན་མི་ག་མི་ལས་མ་ལས་སོ་ཡམ་ཉེ་བར་འཇིག་པ་ལའོ་ར་མུ་རྩེ་བ་ལའོ་ཎམ་འདུད་བ་དང་སྒྲ་ལའོ་གམླྀ་འགྲོ་བ་ལའོ་འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མ་
ཡིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཡནྟཱ། རནྟཱ། ནནྟཱ། གནྟཱ། རི་ཤི་རུ་ཤི་ཀྲུ་ཤི་བི་ཤི་ལི་ཤི་དི་ཤི་ཏྲྀ་ཤི་སྤྲྀ་ཤི་མྲྀ་ཤི་དཾ་ཤི་ལས་སོ། །རི་ཤ་ཏུ་ཤ་འཚེ་བ་ལའོ། །ཀྲུ་ཤ་བདེ་བ་ལའོ། །བི་ཤ་འཇུག་པ་ལའོ། །ལིཤ་ཆུང་བའི་དངོས་པོ་ལའོ། །དི་ཤ་སྤྱིར་བཏང་བ་ལའོ། །དྲྀ་ཤིར་བལྟ་བ་ལའོ། །སྤྲྀཤ་
རེག་པ་ལའོ། །མྲྀ་ཤ་ཀུན་ནས་བཟོད་པ་ལའོ། །དཾ་ཤ་ཟ་བ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པའི་དང་པོར་ཨིཊ་ཨཱ་ག་མར་མི་འགྱུར་རོ། །རེཥྚཱ། རོཥྚཱ། ཀྲོཥྚཱ། བེཥྚཱ། ལེཥྚཱ། དེཥྚཱ། ཊྲཥྚཱ། སྲྀ་ཛི་ཏྲཾ་ཤ་དག་ལས་ཨ་ཡིག་ཨཱ་ག་མའོ། །མཥྚཱ། ཡཏྵྚ། བཤད་པ་ལས་ཨ་
ཡིག་ཨཱ་ཡིག་མ་ཡང་ནའོ། །དེ་བཞིན་དུ། མྲཥྚཱ། མཏྵྚཱ། ཐམས་ཅད་ལ་ཚ་ཤད་དག་གི་འང་ངོ་ཞེས་པས་ཥ་ཡིག་གོ། །ཏྭིཥི་པུཥྱ་ཏི། ཀྲྀཥི། ཤཱྀཥྱ་ཏི་དྭི་ཥི་པི་ཥི་ཤི་ཥི་ཤུ་ཥི་ཏུ་ཥི་དུ་ཥི་ལས་ཥ་ལས་སོ། །ཏྭི་ཥ་གསལ་བ་ལའོ། །བུཥ་རྒྱས་པ་ལའོ། །ཡནའོ། །ཀྲྀཥ་འབྲི་བ་ལའོ། །ཤླི་ཥ་འཁྱུད་པ་
ལའོ། །དྭིཥ་མི་དགའ་བ་ལའོ། །པིཥླྀ་ཕྲ་མོར་བྱེད་པ་ལའོ། །བིཥླཾ་ཁྱབ་པ་ལའོ། །ཤིཥླྀ་འཇིག་པ་ལའོ། །ཤུཥ་སྐེམས་པ་ལའོ། །ཏུཥ་དགའ་བ་ལའོ། །དུཥ་རྣམས་འགྱུར་བ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅདྤ་མིན་པ་ལ་ཨཱིཊ་ཨཱ་ག་མ་མི་འགྱུར་རོ། །ཏྭེཥྚཱ། པོཥྚཱ། ཀརྵྚཱ་
ཀྲཥྚཱ། ཤླེཥྚཱ། དྭེཥྚཱ། པེཥྚཱ། བེཥྚཱ། ཤེཥྚཱ། ཤོཥྚཱ། ཏོཥྚཱ། དོཥྚཱ། པུཥྚཱ་ཏི། ཞེས་པ་ངེས་པ་བསྟན་པ་ཨ་བྷུ་སོགས་ཅན་ལྡོག་པའི་དོན་དུའོ། །པོཥིཏཱ། པ་ས་ཏི་དང་གྷ་སི་ལས་པ་ལས་སོ། །པ་ས་གནས་པ་ལའོ། །གྷ་སི་མདོ་ལས་བྱུང་བའི་བྱིངས་སོ། །བསྒྱུར་བ་ལའོ། །འདི་དག་ལས་ཕ་རོལ་
གྱི་བྱིངས་ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །བསྟཱ། གྷསྟ། ཛིགྷཏྤ་ཏི། པ་ས་ཏི་ཞེས་ངེས་པར་བསྟན་པ་ལས་པ་ས་སྒྲིབ་པ་ལའོ་ཞེས་པའི་ཨད་སོགས་ཅན་འདིའི་མི་འགྱུར་ཏེ། བ་སི་ཏཱ། ད་ཧི་དི་ཧི་དུ་ཧི་མི་ཧི་རུ་ཧི་ལི་ཧི་ན་ཧི་བ་ཧི་ལས་ཧ་ལས་སོ། །ད་ཧ་ཐལ་བར་བྱེད་པ་ལའོ། །དི་ཧ་ཉེ་བར་
เล่ม ๑๙๕ · หน้า 243b
སོག་པ་ལའོ། །དུཧ་རབ་ཏུ་འཇོ་བ་ལའོ། །མི་ཧ་གསིང་བྲན་པ་ལའོ། །རུཧ་ས་བོན་ལའོ། །ལི་ཧ་རོ་མྱང་བ་ལའོ། །ཎཧ་འཆིང་བ་ལའོ། །བཧ་ཐོབ་པ་ལའོ། །འདི་རྣམས་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་ཨིཊ་ཨཱ་ག་མ་དང་བཅས་པར་མི་འགྱུར་རོ། །དགྡྷཱ། དེགྡྷཱ། དོགྡྷཱ། མེདྷཱ། རོ་ཌྷ། ལེཌྷཱ།
ནཌྷ། བོཌྷཱ། ད་ཧི་དི་ཧི་དུ་ཧ་རྣམས་ཀྱི་ད་དང་པོའི་གྷའོ། །གཞན་རྣམས་ཀྱི་ཧའི་ཌྷའོ། །ན་ཧིའི་དྷའོ་ཞེས་པས་དྷའོ། །བྷིའི་ས་ཧི་བ་ཧ་དག་ཨཱི་ཡི་གེའི་ཨོ་ཏའོ་ཞེས་པས་ཨེ་ཉིད་དོ། །མུ་ཧ་རྣམ་པར་རྨོངས་པ་ལའོ་ཞེས་པ་འདིར་དྷ་སོགས་ཉིད་ཀྱི་ཕྱིར་ཨིཊ་ཡང་ནའོ། །ས་ཧི་ལས་རྟག་ཏུ་ཨིཊ་དང་བཅས་
བའོ། །གྲཧ་གུཧ་དག་གི་སན་ལའོ། །གྲཧ་ཉེ་བར་ལེན་པ་ལའོ། །གུཧུ་སྒྲིབ་པ་ལའོ། །འདི་དག་གི་སན་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཛིགྷྲི་ཀྵ་ཏི། ཛུ་གྷུ་ཀྵཏི། གྲ་ཧི་སྭ་པི་པྲཙྪ་རྣམས་ཀྱི་སན་ལ་ཞེས་པས་སམ་པྲ་སཱ་ར་ཎའོ། །ཧའི་ཌྷའོ། །བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་གའི་གྷའོ། ཥ་ཌྷ་དག་
གི་སཱ་ལ་ཀའོ། །སན་ལ་ཞེས་པ་ཅི་ཞེ་ན། གྲ་ཧི་ཏཱ། གུ་ཧི་ཏཱ། ཨུའི་ཡི་གེ་དང་གུ་པ་སོགས་རྣམས་ལས་ཀྱང་ངོ་། །ཨུའི་ཡི་གེའི་མཐའ་ལས་དང་གུ་བ་སོགས་ཀྱི་མདོ་ལས་ཀྱང་སྟེ་གུ་པ་དང་ཏི་ཛ་དང་ཀིཏ་དང་མན་དང་བ་དྷ་དང་དཱན་དང་ཤཱན་དང་ཞེས་པ་འདི་རྣམས་ལས་སྣ་ཕ་རོལ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །
ཨུའི་ཡི་གེ་སྨོས་པས་ཨུ་ཡིག་མཐའ་ཅན་དང་ཨུ་ཡིག་མཐའ་ཅན་རྣམས་ཀྱང་གཟུང་བར་བྱ་སྟེ། ཨུ་ཡིག་མཐའ་ཅན་རྣམས་ནི། ཡུ་རུ་ཎུ་ཀྵུ་སྣུ་ཀྵྞུ་རྣམས་སོ། །ཡུ་ཡུ་ཥ་ཏི། རུ་རུ་ཥ་ཏི། ཎུ་རྣུ་ཥ་ཏི། ཙུ་ཀྵུ་ཥ་ཏི། སུ་སྣུ་ཥ་ཏི། ཙུཀྵྞུ་ཥ་ཏི། ལུ་ལུ་ཥ་ཏི། དབྱངས་མཐའ་རྣམས་ཀྱིས་ན་ལ་ཞེས་པས་རིང་
པོའོ། །གུབ་སོགས་རྣམས་ལ་ས་ཛུ་གུཔྶ་ཏེ། ཏི་ཏི་ཀྵ་ཏེ། ཙིཀིཏྶཏི། མཱི་མཱཾ་ས་ཏི། བཱི་བྷཏྶ་ཏེ། དེ་དཱཾས་ཏི། ཤི་ཤཾ་ས་ཏེ། གུཔ་ཏི་ཛ་ཀིཏ་རྣམས་ལས་སནའོ། །མཱན་བརྡ་དཱན་ཞེས་སོགས་ཀྱིས་ཀྱང་སནའོ། །གཉིས་བརྗོད་དོ། །མན་སོགས་རྣམས་ཀྱིས་ཨ་བྷྱསཱི་ཐུང་ངུ་དང་ཨི་ཉིད་བྱས་པ་ན་མཱན་པ་དྷ་
དཱན་ཤན་རྣམས་ལས་ཨ་བྷྱསཱི་རིང་པོ་ཡང་ངོ་ཞེས་པས་རིང་པོའོ། །བ་དྷི་ལས་བྱིངས་ཀྱི་གསུམ་པ་དང་པོའི་བྷ་ཌྷ་དྷ་བྷ་ཞེས་པ་བའི་བྷའོ། །བྷུ་ལས་སི་ཙ་འཇིག་པ་ལའོ། །བྷུ་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་མིན་པ་ལ་སི་ཙ་འཇིག་པར་གྱུར་པ་ན་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཨ་བྷུཏ། ཨིཎསྠཱ་ད་བི་བ་
เล่ม ๑๙๕ · หน้า 244a
ཏི་བྷུ་རྣམས་ལས་ཞེས་པས་སིཙ་འཇིག་གོ། །སིཙ་འཇིག་པ་ཞེས་པ་ཅི་ཞེ་ན། བྱཏྱ་བྷ་བིཥྚི། ཀྲྀ་སྲི་བྲྀ་བྷྲི་སྟུ་དྲུ་ཤྲུ་སྲུ་རྣམས་ཉིད་ལས་པ་རོ྅ཀྵཱ་ལའོ། །ཌུ་ཀྲྀཉ་བྱེད་པ་ལའོ། །སྲྀ་འགྲོ་བ་ལའོ། །ཌུ་བྷྲིཉ་འཛིན་པ་ལའོ། །བྲྀ་ཞེས་པ་བྲྀང་དང་བྲྀཉ་དག་གོ། །སྟུཉ་བསྟོད་པ་ལའོ། །དྲུ་འགྲོ་
བ་ལའོ། །ཤྲུ་རྟོགས་པ་ལའོ། །སྲུ་འགྲོ་བ་ལའོ། །འདི་རྣམས་ལས་པ་རོ྅ཀྵ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །ཙ་ཀྲྀབ། ཙ་ཀྲྀམ། དེ་བཞིན་དུ། ས་སྲྀབ། ས་སྲྀམ། བ་བྷྲྀབ། བབྷྲྀམ། བ་བྲིབ། བ་བྲིམ། ཏུཥྚུབ། ཏུཥྚུམ། དུ་དྲུམ། ཤུ་ཤྲུམ། སྲུ་སྲུམ། ཀྲྀ་ལ་སོགས་པ་རྣམས་ཀྱི་དགག་པ་གྲུབ་
པ་ལ་སྦྱོར་བ་བརྩམས་པ་ནི་ནུས་པའི་དོན་དུའོ། །ཀྲྀ་རྣམས་ཉིད་ལས་པ་རོ྅ཀྵཱ་ལ་ཨིཊ་མེད་པ་དེས་གཞན་རྣམས་ཀྱི་ཨིཊ་བཀག་པ་ལས་ཀྱང་པ་རོ྅ཀྵ་ལ་ཨིཊ་ཨཱ་ག་མའོ། །པེ་ཙིབ། ཤ་ཀིམ། གསལ་བྱེད་གཅིག་པའི་དབུས་ཞེས་པས་ཨེ་ཉིད་དང་ཨ་བྷྱས་དབྱི་བ་དག་གོ། །དག་གི་ཚིག་ངེས་པར་བསྟན་
པ་མི་རྟག་པ་སྟེ། དེས་ན་བྲྀཉ་ལས་ཐལ་ལ་དགག་པ་མི་ནུས་ཏེ། བབ་རི་ཐ། རྀ་ཡིག་ལས་ཐལ་ལའོ། །རྀ་ཡིག་མཐའ་ཅན་ལས་ཐལ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །སྔ་མའི་ངེས་པ་ཐོབ་པ་ལའོ། །དདྷྭརྠ། ཛ་ཧརྠ། དྷྲྀ་གནད་པ་ལའོ། །ཧྲྀཉ་འཕྲོག་པ་ལའོ། །ཤྭསྟཱ་ནཱི་ལ་རྟག་ཏུ་ཨིཊ་མེད་པའི་ངེས་པ་ཉེ་བར་
བསྟན་པ་ལ་ཨ་ཡིག་ལྡན་པའི་བྱིངས་ལས་ཐལ་ལ་ཨིཊ་ཡང་ན་བཤད་པར་བྱའོ། །ཉེ་བར་བསྟན་པ་ནི་མདོ་བཀླགས་པ་དང་བྱིངས་བཀླགས་པ་འང་ངོ་། །པ་པཀྠ། པེ་ཙེ་ཐ། ཤྭསྟ་ནཱི་ལ་ཨིཊ་མེད་པ་ཞེས་པ་ཅི་ཞེ་ན། ཛགྷ་སིཐ། ཨ་དིའི་པ་རོ྅ཀྵཱ་ལ་ཡང་ནའོ་ཞེས་པས་གྷ་སླྀའོ། །ཤྭསྟ་ནཱི་ལ་གྷས་ལ་ཨིཊ་དང་
བཅས་པ་ཉིད་ཀྱི་ཕྱིར་རྟག་ཏུ་ཨིཊ་མེད་པ་ཉེ་བར་བསྟན་པ་མེད་དོ། །རྟག་ཏུ་སྨོས་པ་ཅི་ཞེ་ན། ཨཱ་ནཉྫིཐ། ཨནྫུ་གསལ་བ་ལའོ། །ཐལའོ། །ཨིཊའོ། །དང་པོ་ཨཱི་ཐམས་ཅད་དུ་ཞེས་པས་རིང་པོའོ། །དེ་ལས་ན་ཨཱ་ག་མའོ། །ཨནྫི་ལས་ཡང་ན་ཨིཊ་ཉིད་ཀྱི་ཕྱིར་ཕྱོགས་གཅིག་ལ་ཨིཊ་མེད་པ་ཉིད་ཡོད་ཅེས་རྣམ་
བར་བརྟག་པར་འགྱུར་རོ་བ་ལ་རྟག་ཏུ་སྨོས་པས་མི་འགྱུར་རོ། །ཉེ་བར་བསྙན་པ་ལ་ཞེས་བ་ཅི་ཞེ་ན། ཙཀཪྵི་ཐ། ཀྲྀཥ་འབྲི་བ་ལའོ། །ཡོན་ཏན་བྱས་པར་གྱུར་པ་ན་འདི་ཨ་ཡིག་དང་ལྡན་པ་ནི་ཉེ་བར་བསྟན་པ་མ་ཡིན་ནོ། །དེ་བཞིན་དུ་དབྱངས་མཐའ་རྣམས་ལས་དང་པྲོ་ཛིཏྲྀ་ཤ་དག་ལས་ཀྱང་ངོ་། །ཡ་ཡཱཐ། ཡ་ཡིཐ།
เล่ม ๑๙๕ · หน้า 244b
སསྲཥྠ། སསརྫིཐ། ད་ཏྲཥྛ། དདཪྴིཐ། སྲྀཛི་ཊྀཤ་དག་ལས་ཨ་ཡིག་ཨཱ་ག་མའོ། །བྲྀཛ་སོགས་རྣམས་ཀྱི་ཥའོ། །ཚ་ཤ་དག་གི་འང་ངོ་། །ཞེས་པས་ཤ་ཉིད་དོ། །ཨ་དི། ཨཏྟི་བྱེ་ཉ་རྣམས་ཀྱི་ཐལ་ལ་རྟག་པར་འདོད་དེ། ཨདི་ལས་ཨ་ཡིག་དང་ལྡན་པ་ཉིད་ལས་རྣམ་པར་བརྟག་པ་ཐོབ་པ་ལའོ། །བྱེཉ་ལས་
ཀྱང་དབྱངས་མཐའ་ཉིད་ལས་སོ། །ཨཏྟི་ལས་ནི་དགག་པ་ཐོབ་པ་ལའོ། །ཨཱ་དི་ཐ། ཨ་དི་ལས་ཐལའོ། །གཉིས་བརྗོད་དོ། །དང་པོའི་ཨའི་ཐམས་ཅད་དུ་ཞེས་པས་རིང་པོའོ། །ཨཱ་རིཐ། རྀ་འགྲོ་བ་ལའོ། །ཐལའོ། །གཉིས་བརྗོད་དོ། །སྔ་མ་བཞིན་རིང་པོའོ། །ཨིཊའོ། །ཡོན་ཏན་ནོ། །བྱེ་ཉའི་བི་
བྱ་ཡི་ཐ། པ་རོ྅ཀྵཱ་ལ་གཉིས་ཀ་རྣམས་ཀྱི་ཨ་བྷྱཱ་སའི་ཞེས་པ་སཾ་པྲ་སཱ་རཎའོ། །ཀྲྀཉ་ལས་སུཊ་མེད་པ་ལས་སོ། །གང་ལ་སུཊ་ཡོད་པ་མིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །པ་རོ྅ཀྵ་ལ་ཞེས་པ་འཇུག་གོ། །ཀྲྀཉ་ལས་སུཊ་མེད་པ་སྟེ་སུཊ་ཨཱ་ག་མ་དང་བྲལ་བ་ལས་པ་རོ྅ཀྵ་ལ་ཨིཊ་ཨཱ་ག་མ་མི་འགྱུར་རོ། །
ཙཀྲྀབ། ཙཀྲྀམ། ཙ་ཀརྠ་སུཊ་མེད་པ་ལས་ཞེས་པ་ཅི་ཞེ་ན། སཾ་ཙམ་ཀ་རི་བ། སཾ་ཙ་སྐ་རི་མ། སཾཙ་སྐ་རིཐ། ཌུ་ཀྲྀཉ་བྱེད། སྔཾ་སྔོན་དུའོ། །སཾ་པ་རི་ཨུ་པ་ལས་རྒྱན་ལ་སུཊའོ་ཞེས་པས་སུཊའོ། །གཉིས་བརྗོད་དོ། །ཤིཊ་ལས་ཕ་རོལ་གྱི་སྒྲ་མེད་པའོ། །བརྩེགས་པ་དང་པོའི་རྀཏའི་ཡང་ངོ་ཞེས་པས་ཡོན་ཏན་ནོ། །
སཾ་པ་རི་ཨུ་པ་རྣམས་ལས་ཀ་རོ་ཏི་ལ་རྒྱན་དང་འདུས་པ་ལའང་སུཊའོ། །སཾ་དང་པ་རི་དང་ཨུ་པ་ཞེས་པ་འདི་རྣམས་ལས་ཕ་རོལ་གྱི་ཀ་རོ་ཏི་ལ་རྒྱན་དང་འདུས་པའི་དོན་ལ་སུཊ་ཨཱ་ག་མ་འགྱུར་རོ། །ཊ་ཡིག་ནི་སྔོན་གྱི་སློབ་དཔོན་རྣམས་ལ་རབ་ཏུ་གྲགས་པས་ས་ཡིག་ཨཱ་ག་མ་དང་པོར་བསྟན་པའི་དོན་དུའོ། །ཨུ་
ཡིག་ནི་བརྗོད་པའི་དོན་ཏོ། །སཾ་སྐརྟཱ། ཨུས་སྐརྟཱ། སཾ་ཀརྟཱ། སཾ་ཀརྟུཾ། སཾཀརྟབྱཾ། སམ་དང་པ་རི་དང་ཨུ་པ་རྣམས་ལས་ཞེས་པ་ཅི་ཞེ་ན། པྲ་ཀ་རོ་ཏི། ཀ་རོ་ཏི་པ་ཞེས་པ་ཅི་ཞེ་ན། སཾ་བྷ་བ་ཏི། རྒྱན་དང་འདུས་པ་ལ་ཞེས་པ་ཅི་ཞེ་ན། སཾཀརྟཱ། པ་རིཀརྟཱ། ཨུ་པ་ཀརྟཱ། ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་
པ་སློབ་མ་ལ་ཕན་པར་ཀུན་བཤད་པའི་རབ་ཏུ་བྱེད་པ་བདུན་པ་རྫོགས་སོ།། །།ཚིག་མཐར་དྷུཊ་རྣམས་ཀྱི་དང་པོའོ། །ཚིག་མཐར་འཇུག་པའི་དྷུཊ་རྣམས་ཀྱི་དང་པོར་འགྱུར་རོ། །ཏྭཏན་ཡ་ནཾ། ཏྭནྣ་ཡ་ནཾ། ཨརྠ་བྷུ་ཏ་ནཱ་ཐཿ། ཨརྠ་བྷུཏྟཱ་ཐ། ཧ་དང་བཞི་པ་མཐའ་ཅན་ཞེས་པས་བྷའོ། །འདིས་དང་པོའོ། །ལྔ་
เล่ม ๑๙๕ · หน้า 245a
པ་ལ་ལྔ་པ་ཡང་ནའོ་ཞེས་པས་ཏའི་ནའོ། །ཚིག་མཐར་ཞེས་པ་ཅི་ཞེ་ན། བདྨཾ། ཙིསྟེ། རྫོགས་པ་ལ་ཡང་ནའོ་ཞེས་པས་གལ་ཏེ་འདི་ཅིའི་ཡུལ་ཡིན་ཞེ་ན། བརྗོད་པར་བྱ་སྟེ། གང་ལ་ཕ་རོལ་གྱི་ཡི་གེ་མི་དམིགས་པའི་དེ་དང་དེའི་ཡུལ་ལོ། །གང་ལ་ཕ་རོལ་འགྱུར་བ་ནི། དེ་དང་དེའི་ཅུང་
ཟད་ཙམ་མོ། །རང་དང་ས་ཡིག་དག་གི་རྣམ་པར་བཅད་པའོ། །ཚིག་མཐར་ཞེས་པ་ཁོ་ནའོ། །ཚིག་མཐར་གྱུར་པའི་རེ་ཕ་དང་ས་ཡིག་དག་རྣམ་པར་བཅད་པར་འགྱུར་རོ། །ཨ་བྷི་བྷཿ། ཌུ་བྷྲྀཉ་འཛིན། ཧྱསྟ་ནཱིའི་དིའོ། །ཛུཧོཧི་སོགས་རྣམས་ཀྱི་གཉིས་བརྗོད་དོ། །བྷྲྀཉ་ཧཱང་མཱང་རྣམས་ཀྱི་ཨིཊའོ། །གསར་
བྱེད་ལས་དི་སི་དག་གིའོ་ཞེས་པས་དེ་དབྱིའོ། །བཙཱ་བཿ། པ་ཙཱ་མཿ། ཨའི་བ་མ་དག་ལ་ཞེས་པས་རིང་པོའོ། །གྲུབ་པར་གྱུར་པ་ལ་སྦྱོར་བ་བརྩམས་པ་ནི་ངེས་པའི་དོན་དུའོ། །བྱིངས་ཀྱི་ཡུལ་ལ་ཚིག་མཐར་རྣམ་པར་བཅད་པ་ཉིད་དུ་ཇི་སྐད་བཤད་པ་བཞིན་དུ་འགྱུར་མོད། འདིར་མི་འགྱུར་ཏེ། ཨཱ་སྨ་ཧེ། གྷ་
ཌྷ་དྷ་བྷ་རྣམས་ལས་དྷ་མིན་པ་ལས་ཏ་ཐ་དག་གི་དྷའོ། །བྷ་དང་ཌྷ་དང་བྷ་དང་དྷ་རྣམས་ལས་ཏ་ཡིག་དང་ཐ་ཡིག་དྷ་ཉིད་དུ་འགྱུར་ཏེ། དྷ་མིན་པ་སྟེ་དྷཱ་ཉ་ལས་ཕ་རོལ་གྱི་ནི་མི་འགྱུར་རོ། །སྒྲ་མེད་པ་ལ་དང་པོའོ་ཞེས་པ་གྷ་ཌྷ་དྷ་བྷ་རྣམས་ཀྱི་དང་པོ་ཐོབ་བ་ལའོ། །གྷ་ལས། ཨ་དུགྡྷ། ཨ་དུགྡྷཿ། དུཧ་འཇོ་བ་ལའོ། །ཏ་
དང་ཐཱསའོ། །སཎའོ། །བཤད་པ་ལས་འཇིག་གོ། །ད་དང་པོའི་གྷའོ། །འདིས་ཏ་ཐ་དག་གི་དྷའོ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་གྷའི་གའོ། །ཨ་ལཱ་ཌྷི། ཨ་ལཱི་ཌྷཱཿ། ལིཧ་རོ་མྱང་བ་ལའོ། །སཎའོ། །སྔ་མ་བཞིན་དུ་འཇིག་གོ། །ཧའི་ཌྷའོ། །ཨ་བུདྡྷཿ། ཨབུདྡྷཱཿ། བུདྡྷ་རྟོགས་པ་ལའོ། །
དྷུཊ་ལས་ཀྱང་དྷུཊ་ལ་ཞེས་པས་སིཙ་འཇིག་གོ། །ཨ་ལབྡྷ། ཨ་ལབྡྷཱཿ། །ཌུ་ལ་བྷཥ་ཐོབ་པ་ལའོ། །སྔ་མ་དུ་སི་ཙ་འཇིག་གོ། །གྷ་དྷ་དྷ་བྷ་རྣམས་ལས་ཞེས་པ་ཅི་ཞེ་ན། ཨ་ཀྲྀཏ། ཨ་ཀྲྀ་ཐཱ། ཐུང་ངུ་ལས་ཀྱང་ཨིཊ་མེད་པའི་ཞེས་པས་སིཙ་དཔྱིའོ། །ཏ་ཐ་དག་གི་ཞེས་བ་ཅི་ཞེ་ན། ཨབྷུཀྵཱ་ཏཱམ། དུཧ་འཇོ་བ་ལའོ།
ཨཱ་ཏཱ་མའོ། །སཎའོ། །ད་དང་པོའི་གྷའོ། །བྱིངས་ཀྱི་གསུམ་པ་དང་པོའི་ཞེས་པས་ད་ཡིག་གི་དྷའོ། །སཎའི་དབྱངས་ལ་མང་པོ་མིན་པ་ཉིད་ལ་ཨ་དབྱིའོ་ཞེས་པས་སཎའི་ཨ་ཡིག་དབྱིའོ། །སྒྲ་མེད་པ་རྣམས་ལ་ཤིཊ་མིན་པའི་དང་པོའོ་ཞེས་པས་གྷའི་ཀའོ། །དྷཱ་མིན་པ་ཞེས་པ་ཅི་ཞེ་ན། དྷཏྟ། དྷཏྠཿ། དདྷཱ་ཏིའི་
เล่ม ๑๙๕ · หน้า 245b
ཏ་ཐ་དག་ལའང་ངོ་ཞེས་པ་དེ་དག་འདིར་སྒྲུབ་པའོ། །ཥ་དག་གི་ས་ལ་ཀའོ། །ཥ་ཡིག་དང་བྷཱ་ཡིག་དག་གི་ཀ་ཉིད་དུ་འགྱུར་ཏེ། ས་ལ་སྟེ་ས་ཡིག་དང་པོ་ཕ་རོལ་ལའོ། །པེ་ཀྵྱཏེ། ལེཀྵྱཏེ། ཨ་སེཀྵྱཏ། ཨ་ལེ་ཀྵྱཏ། པི་སིཀྵྱ་ཏི། ལིལིཀྵྱ་ཏི། པིཥླི་ཕྱེ་མར་བྱེད་པ་ལའོ། །ལིཧ་རོ་མྱགས་པ་ལའོ། །སྱཏི་
དང་སྱཏའོ། །ལིཧའི་ཧའི་དྷའོ། །འདིས་ཥ་དྷ་དག་གི་ཀའོ། །ཥ་དྷ་དག་གི་ཞེས་པ་ཅི་ཞེ་ན། ལབྤྱཏེ། ཌུལ་བྷཥ་ཐོབ་པ་ལའོ། །ས་ལ་ཞེས་པ་ཅི་ཞེ་ན། པེ་ནཥྚི། རུ་དྷ་སོགས་ཀྱི་དབྱངས་ལས་ན་སྒྲའོ། །ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོ། །ཥ་དང་ཊ་སྡེ་ལས་ཕ་རོལ་གྱི་ཏ་སྡེའི་ཊ་སྡེར་འགྱུར་རོ། །ཥ་ལས།
བེཥྚ། པིཥླི་ཕྱེ་མར་བྱེད་པ་ལའོ། །བི་ཤ་འཇུག་པ་ལའོ། །ཚ་ཤ་དག་གི་འང་ངོ་ཞེས་པས་ཥ་ཉིད་དོ། །འདིས་ཊའོ། །ཊ་སྡེ་ལས་ཨཱིཊྚེ། ཨཱིཊ་བསྟོད་པ་ལའོ། །སྒྲ་མེད་པ་རྣམས་ལ་ཞེས་པས་ཌའི་ཊའོ། །ལེ་དྷཱ། ལི་ཧ་རོ་མྱང་བ་ལའོ། །ཡོན་ཏན་ནོ། །ཧའི་ཌྷའོ། །ཏ་སྡེའི་ཞེས་པ་ཅི་ཞེ་ན། དྭེཥྨི། ཥ་དང་ཊ་སྡེ་
ལས་ཞེས་པ་ཅི་ཞེ་ན། བཀྟི། ཊ་སྡེ་ལས་ཕ་རོལ་ཏ་སྡེའི་ཊ་སྡེར་གྲུབ་པ་ལ་སླར་ཡང་སྒྲུབ་པ་སྨོས་པ་ནི་རྣམ་པ་སྣ་ཚོགས་པའི་དོན་ཏོ། །ཏ་སྡེའི་ཥ་ལས་ཊ་སྡེའི་ཞེས་པའི་མདོར་བྱའོ། །དྷ་ལས་དྷའི་དབྱིང་ཞིང་ཨུ་པ་དྷཱའི་རིང་པོ་ཡང་ངོ་། །དྷ་ཡིག་ནི་ཌྷ་ཡིག་ཕ་རོལ་ལ་དབྱིང་བར་གྱུར་ཏེ་ཨུ་པ་དྷཱའི་ང་རིང་པོའོ། །ལཱི་དྷཿ།
ལཱིདྷ་བཱན། གཱུ་དྷཿ། གུདྷ་བཱ་ནཿ། ལིཧ་རོ་མྱང་བ་ལའོ། །གུ་ཧུ་སྦེང་པ་ལའོ། །ནིཥྛའོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །ཌྷ་ཉིད་ལ་སོགས་པ་རྣམས་བྱས་པ་ལ་ཌྷ་ལ་ཌྷའི་དབྱིའོ། །རིང་པོའི། །དེ་བཞིན་དུ། ཨ་ལཱི་ཌྷ། ཨ་ལཱི་ཌྷཱཿ། ཌྷ་ལ་ཞེས་པ་ཅི་ཞེ་ན། ཨ་ལིཀྵཏཱ། ལིཧ་རོ་མྱང་བ་ལའོ། །དེའོ། །སཎའོ། །
ཧའི་ཌྷའོ། །ཨུ་པ་དྷཱ་སྨོས་པ་ནི་མིང་སྔོན་མ་ཅན་གྱི་སྒྲུབ་པ་ལས་འདི་མི་རྟག་པའི་དོན་དུའོ། །དེས་ན་རྀ་ཡིག་རིང་པོར་མི་འགྱུར་ཏེ། བྲྀཌྷཿ། བྲྀཧུ་བརྩོན་པ་ལའོ། །ཀྟའོ། །ས་ཧི་བཧ་དག་གི་ཨ་ཡིག་གི་ཨོཏའོ། །ཌྷ་དབྱི་བ་བཟུང་ངོ་། །འདིར་དོན་གྱི་དབང་ལས་བདུན་པའི་མཐའ་ཤེས་པར་བྱ་སྟེ། ས་ཧི་བ་ཧ་དག་གི་ཌྷ་
དབྱི་བར་གྱུར་པ་ལ་ཨཱི་ཡི་གེ་ཨོ་ཡིག་ཏུ་འགྱུར་རོ། །རིང་པོའི་དམིགས་བསལ་ལོ། །སོཌྷཱ། བོཌྷཱ། ཥཧ་བཟོད་པ་ལའོ། །བྷ་ཐོབ་པ་ལའོ། །སྔ་མ་བཞིན་དུ་ཌ་ཉིད་ལ་སོགས་པའོ། །ཨ་ཡིག་གི་ཨོ་ཉིད་དོ། །ཨུདྦོ་ཌྷཱམ། བཧ་ཐོབ་པ་ལའོ། །ཨུཏ་སྔོན་དུའོ། །ཨ་དྱ་ཏ་ནཱིའི་ཏཱ་མའོ། །དྷུཊ་ལས་ཀྱང་དྷུཊ་
เล่ม ๑๙๕ · หน้า 246a
ལའོ་ཞེས་པས་སིཙ་དབྱིའོ། །ཨའིང་རིང་པོའོ། །ཧའི་ཌྷའོ། །གྷ་ཌྷ་དྷ་བྷ་རྣམས་ལས་ཞེས་པས་ཏ་ཡིག་གི་དྷ་ཡིག་གོ། །ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོ། །ཞེས་པས་དྷའི་ཌྷའོ། །ཌྷ་ལ་ཌྷ་དབྱིའོ། །ཨཱ་ཡིག་གི་ཨེ་ཉིད་དོ། །ཨཱི་ཡི་གེ་ཞེས་པ་ཅི་ཞེ་ན། ཨུ་ཌྷཿ། བཧ་ཐོབ་པ་ལའོ། །ཀྟའོ། །
སྭ་པི་བ་ཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཧའི་ཌྷའོ། །ཌྷ་དབྱི་བ་ལ་ཞེས་པ་ཅི་ཞེ་ན། སཧྱ་ཏེ། དྷུཊ་རྣམས་ཀྱི་བཞི་པ་རྣམས་ལ་གསུམ་པའོ། །དྷུཊ་རྣམས་ཀྱི་བཞི་པ་ཕ་རོལ་ལ་གསུམ་པར་འགྱུར་རོ། །ཨ་དུ་གྡྷ། ཨ་བུདྡྷ། ཙ་ཀཱདྡྷི། ཙ་ཀཱ་སྲྀ་གསལ་བ་ལའོ། །བཉྩ་མིའི་ཏིའོ། །ཏུ་དྷུཊ་དག་ལས་ཧིའི་དྷིའོ།
འདིས་སའི་དའོ། །སླར་ཡང་བརྗོད་པ་ནི་བྱིངས་ཀྱི་ཡུལ་ལ་བཞི་པ་ལ་གསུམ་པ་ཉིད་དུ་ཇི་ལྟ་བ་བཞིན་དུ་འགྱུར་རོ་ཞེས་ངེས་པའི་དོན་དུའོ། །དེས་ན་འདིར་མི་འགྱུར་ཏེ། ཤཀྱ་ཏེ། ཤིཊ་མིན་པ་རྣམས་ཀྱི་སྒྲ་མེད་པ་རྣམས་ལ་དང་པོའོ། །དྷུཊ་རྣམས་ཀྱིས་ཞེས་པ་ཁོ་ནའོ། །ཤིཊ་མིན་པ་རྣམས་ཀྱི་སྟེ་ཤིཊ་བོར་
བའི་དྷུཊ་རྣམས་ཀྱི་སྒྲ་མེད་པ་རྣམས་ཕ་རོལ་ལ་དང་པོར་འགྱུར་རོ། །བྷེཏྟཱ། ཙྪེཏྟཱ། བི་བྷིཏྶཏི། ཙྪིཏྶཏི། ཤིཊ་མིན་པ་རྣམས་ཀྱིས་ཞེས་པ་ཅི་ཞེ་ན། ཨསྟི། ཨའི་བ་མ་དག་ལ་རིང་པོའོ། །ཨ་ཡིག་གི་བ་དང་མ་དག་ཕ་རོལ་ལ་རིང་པོར་འགྱུར་རོ། །པ་ཙཱ་མི། །པ་ཙཱ་བཿ། པ་ཙཱ་མཿ། དཱ་བྱཱི་མི། དཱི་བྱཱ་བཿ། དཱི་བྱཱམཿ། ཨའི་
ཞེས་པ་ཅི་ཞེ་ན། ད་དྷྭཿ། ད་དྷྨཿ། ཌུ་དྷ་ཉ་འཛིན། ཛུ་ཧོ་ཏི་སོགས་ཀྱི་གཉིས་བརྗོད། བས་དང་མསའོ། །ཨ་བྷྱ་སྟ་རྣམས་ཀྱི་ཨཱ་ཡིག་གོ་ཞེས་པས་ཨཱ་དབྱིའོ། །གལ་ཏེ་འདིར་རིང་པོར་འགྱུར་ན་ཨཱ་དབྱི་བར་མི་འགྱུར་ཏེ་ཨཏའོ་ཞེས་བྱ་བ་ལ་རིང་པོར་བཟུང་བ་ནི་ཕྱི་མའི་དོན་དུའོ། །དབྱངས་མཐའ་
རྣམས་ཀྱི་སན་ལའོ། །བྱིངས་དབྱངས་མཐའ་ཅན་རྣམས་ཀྱི་སན་ཕ་རོལ་ལ་རིང་པོར་འགྱུར་རོ། །ཙི་ཙཱི་ཥ་ཏི། ཛུ་ཏུ་ཥ་ཏི། ཙི་ཀཱིཪྵ་ཏི། དབྱངས་མཐའ་ཅན་རྣམས་ཀྱི་ཞེས་པ་ཅི་ཞེ་ན། པི་བ་ཀྵ་ཏི། སན་ལ་ཞེས་པ་ཅི་ཞེ་ན། ཙི་ནོ་ཏི། ཧན་དང་ཨིངའི་གམ་དག་གི་ཨུ་པ་དྷཱའིའོ། །ཨིངའི་གམ་ནི་ཨིངའི་
གམའོ། །བྱིངས་ཀྱི་ཧནྟི་དང་སན་ལས་ཨིཎ་ཨིང་དག་གི་ག་མིའོ་ཞེས་པའི་ཡང་ཨིང་གི་གནས་ལ། ག་མི་གང་ཡིན་པ་དེ་དག་གི་སན་ལ་ཨུ་བདྷཱ་རིང་པོར་འགྱུར་རོ། །ཛི་གྷཱཾ་སཏི། ཨ་བྷྱཱསའི་འང་ཞེས་བ་གྷའོ། །འདིས་རིང་པོའོ། །ཨ་དྷི་ཛི་གྷཱཾ་ས་ཏི། །ཨིངའི་སྔོན་དུ་ཨ་དྷིའོ། །སནའོ། །སན་ལ་ཨིན་ཨིང་དག་གི་
เล่ม ๑๙๕ · หน้า 246b
ག་མིའོ་ཞེས་པས་ག་མིའོ། །འདིས་རིང་པོའོ། །ཨིང་སྨོས་པ་ཅི་ཞེ་ན། ཛི་ག་མིཥ་ཏི། གམ་ལས་ས་ལ་པ་རསྨ་ལའོ་ཞེས་པས་ཨིཊའོ། །ཨུ་བ་དྷཱ་ཁོ་ནའི་རིང་པེར་འགྱུར་བ་ལས་ཨུ་པ་དྷ་སྨོས་པ་ནི་ཁྱད་པར་གཞན་གསལ་བའི་དོན་དུའོ། །དེས་ན། ཏ་ནོ་ཏིའི་ཨིཊ་མེད་པའི་སན་ལ་རིང་པོར་ཡང་ན་འགྱུར་ཏེ།
ཏི་ཏཱཾ་ས་ཏི་ཏ་ནོ་ཏི་ལས་སན་ལ་ཨིཊ་རྣམ་པར་བརྟག་པར་བཤད་དོ། །ཨིཊ་དང་བཅས་པའི་སན་ལ་ནི་མི་འགྱུར་ཏེ། ཏི་ཏ་ནི་ཥ་ཏི། ནཱ་མིནའི་ར་དང་བ་དག་ལས་གསལ་བྱེད་ལ་སྟེ་ཀུར་ཚུར་དག་མ་ཡིན་པའིའོ། །ན་མི་ནའི་གང་ར་བ་དག་ལ་སྟེ་ར་ཡིག་དང་བ་ཡིག་དེ་དག་ཕ་རོལ་ལ་གསལ་བྱེད་ཕ་རོལ་ཅན་ལ་
རིང་པོར་འགྱུར་ཏེ། ཀུར་ཚུར་དག་མ་ཡིན་པ་སྟེ། ཀུར་དང་ཚུར་ཞེས་པ་འདི་དག་དོར་བར་བྱས་ནས་སོ། །བི་ཤཱིརྻ་ཏེ། ཨ་བ་གཱུ་པུརྻ་ཏེ། ཨཱ་པུརྻ་ཏེ། ཤྲཱྀ་འཚེ་བ་ལའོ། །གུརཱི་བརྩོན་པ་ལའོ། །པྲཱྀ་སྐྱོང་བ་ལའོ། །སནའོ། །རཱྀཏ་མཐའ་རྣམས་ཀྱི་ཨིརཱོ། །མཆུར་གྱུར་ཨུཔ་དྷཱའི་ཞེས་པས་ཨུར་རོ། །
འདིར་རིང་པོའོ། །བི་ཤཱིརྻ་ཏ། ཨ་བ་གུ་དྱཱཏ། དཱི་བྱ་ཏི། སི་བྱ་ཏི། དི་བ་སོགས་ལས་ཡནའོ། །དེ་བཞིན་དུ། ཧུརྩྪི་ཏཱ། ཧུརྪ་འཁྱོག་པོ་ལའོ། །ནཱ་མིནའི་ཞེས་པ་ཅི་ཞེ་ན། སྨརྻ་ཏེ། ཨརྟི་དང་བརྩེགས་པ་དང་པོ་དག་གི་ཡོན་ཏན་ནོ་ཞེས་པས་ཡོན་ཏན་ནོ། །ཀུརྪུར་དག་གི་མིན་པ་ཞེས་པ་ཅི་ཞེ་ན། ཀུརྻཱ་ཏ།
ཌུ་ཀྲྀཉ་བྱེད། ཡཱཏའོ། །ཏན་སོགས་ལས་ཨུའོ། །ཀ་རོ་ཏི་ཞེས་པས་ཡོན་ཏན་ནོ། །ཨའི་ཨུ་ཡིག་གོ། །ས་པྟ་མཱིའི་ཡ་ལའང་ངོ་ཞེས་པས་ཨུ་ཡིག་དབྱིའོ། །ཚུརྻཱ་ཏ། ཚུར་གཅོད་པ་ལའོ། །ཨཱ་ཤཱིཥའི་ཡཱཏའོ། །ཀུ་རའི་སྒྲས་ཌུ་ཀྲྀཉ་བཟུང་བ་ཡིན་གྱི་ཀུ་རུ་སྒྲ་ལའོ་ཞེས་པ་འདིའི་ནི་མ་ཡིན་ནོ། །
ཀུ་རི་ཞེས་ཨི་ཡིག་གི་ངེས་པར་བརྟེན་པ་མ་བྱས་པའི་ཕྱིར་རོ། །འོན་ཀུརྻཱ་ཏ་ཞེས་འདིར་དབྱངས་བསྒྱུར་བ་ཡོངས་སུ་བཤད་པས་ཨུ་ཡིག་ཕྱིས་པའི་གནས་ཅན་དང་འདྲ་བར་འགྱུར་བའི་ཕྱིར་གསལ་བྱེད་ཕ་རོལ་གྱི་ར་ཡིག་མེད་པས་ཐོབ་པ་མེད་པའི་ཕྱིར། ཀ་རོ་ཏི་བཀག་པ་དོན་མེད་དོ་ཞེ་ན། འདི་ཡོད་མོད། རིང་པོའི་
ཆོ་ག་སོ་སོ་ནི་གནས་ཅན་དང་འདྲ་བར་འགྱུར་བ་དག་པར་བྱ་སྟེ་རིང་པོར་སྒྲུབ་པ་ནི། སོ་སོར་གནས་ཅན་དང་འདྲ་བ་མེད་དོ་ཞེས་པའི་ཚིག་ལས་སོ། །གསལ་བྱེད་ལ་ཞེས་པ་ཅི་ཞེ་ན། ཀི་ར་ཏི། ནུ་བ་ཏི། ཀྲྀ་བསྐྱོད་པ་ལའོ། །ནུ་བསྟོད་པ་ལའོ། །ཨན་བིའོ། །རཱྀཏ་མཐའ་རྣམས་ཀྱི་ཨིརའོ། །བྱིངས་ཀྱི་ཨིའི་ཡི་གེ་དང་
เล่ม ๑๙๕ · หน้า 247a
ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་བ་ཞེས་པས་ཨུ་བའོ། །ཧྱསྟ་ནཱིའི་དི་ལས་སའི་ཏའོ། །ཧྱསྟ་ནཱིའི་དི་གང་ཡིན་པ་དེ་ཕ་རོལ་ལ་ས་ཡིག་གི་ཏ་ཉིད་དུ་འགྱུར་རོ། །ཨ་ཙ་ཀཱཏ། ཨ་ནྭ་ཤཱཏ། ཙ་ཀཱ་སྲྀ་གསལ་བ་ལའོ། །ཤཱ་སུ་རྗེས་སུ་སྟོན་པ་ལའོ། །ཨ་ནུ་སྔོན་དུའོ། །ཧྱསྟ་ནཱིའི་དིའོ། །
གསལ་བྱེད་ལས་དི་སི་དག་གི་ཞེས་པས་དབྱིའོ། །འདིས་ས་ཡིག་གི་ཏ་ཡིག་གོ། །སའི་ཞེས་པ་ཅི་ཞེ་ན། ཨ་དྷོ་ཀ །དུཧ་འཇོ་བ་ལའོ། །ད་དང་པོའི་གྷའོ། །ཕྱིས་པ་ལའང་དི་སི་དག་ལའོ་ཞེས་པས་ད་ཡིག་གི་དྷ་ཡིག་གོ། །ཧྱསྟ་ནཱི་ལ་ཞེས་པ་ཅི་ཞེ་ན། ཨ་ཙ་ཀཱ་སཱིཏ། །ཧྱསྟ་ནཱིའི་སིའི་སྔ་མ་བཞིན་དུ་སི་དབྱིའོ། །
བཤད་པ་ལས་སའི་ཏ་ཉིད་ཡང་ནའོ། །དིའོ། །སིཙའོ། །ཨཊའོ། ཨཱིཊའོ། །དི་ལ་ཞེས་པ་ཅི་ཞེ་ན། ཨ་ཙ་ཀཱ་སྟཱ་མ། ཧྱ་སྟ་ནཱིའི་སི་ཕ་རོལ་ལ་ས་ཡིག་ཏ་ཉིད་དུ་ཡང་ན་བཤད་པར་བྱའོ། །ཨ་ཙ་ཀཱཏྟྭཾ། ཨཱ་ཙ་ཀསྟྭཱཾ། ད་དྷ་དཔན་མེད་དག་གི་ཧྱ་སྟ་ནཱིའི་སིའོ། །སྔ་མ་བཞིན་དུ་སི་དབྱིའོ། །བཤད་པ་ལས་སའི་ཏ་ཉིད་
ཡང་ནའོ། །ད་དྷ་དག་གི་ཧྱ་སྟ་ནཱིའི་སི་ཕ་རོལ་ལ་ར་ཉིད་དུ་ཡང་ན་བཤད་པར་བྱའོ། །ཨ་བྷི་ན་སྟྭཾ། ཨ་བྷིན་རྟྭཾ། ཨ་རུ་སྟྭམ། ཨ་རུཎ་རྟྭཾ། བྷི་དིར་རྣམ་པར་འབྱེད་པ་ལའོ། །རུ་དྷིར་སྒྲིབ་པ་ལའོ། །ཧྱསྟ་ནཱིའི་སིའོ། །རུ་དྷ་སོགས་ཀྱི་དབྱངས་ལས་ཕ་རོལ་དུ་ན་སྒྲའོ་ཞེས་པས་ན་སྒྲའོ། །སྔ་མ་བཞིན་དུ་སི་དབྱིའོ། །
བཤད་པ་ལས་ད་དང་དྷ་དག་གི་ར་ཉིད་ཡང་ནའོ། །བྱིངས་ཀྱི་དང་པོར་ཨ་ཧྱ་སྟ་ནཱི་ཨདྱ་ཏ་ནཱི་བྱ་བ་ཤོར་བ་རྣམས་ལ་ཨཊའོ། །བྱིངས་ཀྱི་དང་པོར་ཧྱ་སྟ་ནི་དང་ཨ་དྱ་ཏ་ནཱི་དང་བྱ་བ་ཤོར་བ་རྣམས་ཕ་རོལ་ལ་ཨཊ་ཨཱ་ག་མར་འགྱུར་རོ། །ཨ་ཡ་ཛ་ཏ། ཨ་པ་ཋ་ཏ། ཨ་ཡཱ་ཀྵཱིཏ། ཨ་པ་ཀྵིཏ། ཨའིང་རིང་པོའོ་ཞེས་པས་
རིང་པོའོ། །བྷྲྀ་ཛ་སོགས་རྣམས་ཀྱི་ཥའོ། །ཨ་ཀ་རིཥྱཏ། ཨཧ་རིཥྱ་ཏ། ཧན་དང་རྀ་ཏ་མཐའ་ལས་སྱ་ལའོ་ཞེས་པས་ཨིཊའོ། །བྱིངས་སྨོས་པ་ནི་ཧྱསྟ་ནཱི་སོགས་རྣམས་ཀྱི་ཨཱ་ག་མ་ཅན་ཉིད་ལྡོག་པའི་དོན་དུའོ། །དབྱངས་དང་པོ་རྣམས་ཀྱི་དང་པོའི་འཕེལ་བའོ། །བྱིངས་དབྱངས་དང་པོ་ཅན་རྣམས་ཀྱི་ཧྱསྟ་ནཱི་སོགས་ཕ་
རོལ་རྣམས་ལ་དང་པོར་འཕེལ་བར་འགྱུར་རོ། །ཨ་ཡིག་ཨཱ་ག་མ་འགེགས་པའོ། །ཨཻ་ཀྵཏ། ཨཻ་ཧཏ། ཨཽ་ཧཏ། ཨིཀྵ་བལྟ་བ་ལའོ། །ཨཱི་ཧ་བྱ་བ་ལའོ། །ཨཱུཧ་རྟོག །ཧྱསྟ་ནཱིའི་ཏའོ། །འཕེལ་བའོ། །ཨཻ་ཀྵིཥྚ། ཨཻ་ཧིཥྚ། སི་ཙའོ། །ཨིཊའོ། །ཨཻ་ཀྵི་ཥྡྱ་ཏ། ཨཻ་ཧཥྡྱ་ཏ། ཨཽ་ཧིཥྡྱཏ། ཨའི་ཡི་གེའི་ཨཱ་
เล่ม ๑๙๕ · หน้า 247b
ཡིག་གོ། །དང་པོའི་ཞེས་པ་ཁོ་ནའོ། །དང་པོའི་ཨའི་ཡི་གེ་ནི་ཧྱསྟ་ནཱི་ལ་སོགས་པ་རྣམས་ཕ་རོལ་ལ་ཨཱ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨཱ་ཊ་ཏ། ཨཱ་ཊཱི་ཏ། ཨ་ཊཱིཥྱཏ། ཨཊ་པཊ་འགྲོ་བ་ལའོ། །འདིས་ཨ་ཡིག་གི་ཨ་ཡིག་གོ། །ཨཱ་སྣོ་ཏ། ཨ་བླྀ་ཁྱབ་པ་ལའོ། །སུ་སོགས་ལས་ནུའོ། །ཨ་ཡིག་གི་ཨཱ་ཡིག་གོ། །
ཨཱ་བ་ཏ། པུཥ་སོགས་ཀྱི་མདོས་ཨནའོ། །ཨཱ་པྶྱཏ། འོ་ན་སྔ་མས་ཨཱའི་ཡི་གེའི་ཨ་ཡིག་ཏུ་འགྱུར་བས་སྦྱོར་བ་བརྩམས་པས་ཅི་བྱ་ཞེ་ན། བདེན་ཏེ། ཨའི་ཡི་གེ་ཐམས་ཅད་ཀྱི་སྒོའི་གནས་སོ་ཞེས་པ་འདིར་ཕྱོགས་གཅིག་ལ་ཐམས་ཅད་ཨའི་ཡི་གེའི་འཕེལ་བ་རྣམས་སུ་འགྱུར་ཞིང་ཨ་ཡིག་ཉིད་ཇི་ལྟ་བར་
འགྱུར་གྱི་ཨཻ་ཨཽ་ཞེས་པ་འདི་དག་ཏུ་མི་འགྱུར་རོ་ཞེས་པས་སྦྱོར་བ་བརྩམས་པ་དོན་དང་བཅས་པའོ། །ཨ་སྟིའིའོ། །ཨས་ཡོད་པ་ལའོ་ཞེས་པ་འདིའི་ཨའི་ཡི་གེ་གང་ཡིན་པ་དེ་ཧྱསྟ་ནཱི་ཕ་རོལ་ལ་ཨཱ་ཡིག་ཏུ་བསྒྱུར་བར་འགྱུར་རོ། །ཨ་དྱ་ཏ་ནཱི་དང་བྱ་བ་ཤོར་བ་དག་འཇུག་པ་མ་ཡིན་ཏེ། དེ་དག་ཕ་རོལ་ལ་བྷུ་རུ་བསྒྱུར་
བ་བྱས་བ་ལ་ཨའི་ཡི་གེ་མི་སྲིད་པའི་ཕྱིར་རོ། །ཨསྟིའི་དང་པོ་ཞེས་པས་དབྱི་བ་ཐོབ་པ་ལའོ། །ཨཱསྟཱ་མ། ཨཱ་ས་ནཱ། ཨས་ཡོད་པ་ལའོ། །ཧྱསྟ་ནཱིའི་ཏཱམ་དང་ཨནའོ། །འདིས་ཨཱ་ཡིག་གོ། །ཨེ་ཏིའི་ཡ་ལའོ། །དང་པོ་སྨོས་པ་རྗེས་སུ་འཇུག་སྟེ། ཨིཎ་འགྲོ་བ་ལའོ་ཞེས་པ་འདིའི་ཧྱ་སྟ་ནཱི་ལ་ཡ་ཡིག་ཏུ་གྱུར་བའི་ཡ་
དེ་ལ་དང་བོར་ཨཱ་ཡིག་ཨཱ་ག་མར་འགྱུར་རོ། །ཨཱ་ཡན། ཨིཎ་འགྲོ་བ་ལའོ། །ཧྱསྟ་ནཱིའི་ཨནའོ། །ཨིནའིང་ངོ་ཞེས་པས་ཡ་ཉིད་དོ། །ཨཱི་ཡིག་ཨཱ་ག་མའོ། །ཡ་ལ་ཞེས་པ་ཅི་ཞེ་ན། ཨ་ག་ཏ། ཨིཎ་སྠཱ་དཱ་ཞེས་པས་སི་ཙ་འཇིག་གོ། །ཨིཎའི་ག་ཞེས་པས་གྲ་རུ་བསྒྱུར་རོ། །མཱ་དང་མཱ་སྨ་སྦྱོར་བ་ལ་མིན་ནོ། །
མཱའི་སྒྲ་དང་མཱ་སྨའི་སྒྲས་སྦྱོར་བར་གྱུར་པ་ན་ཨ་ཡིག་ཨཱ་ག་མ་ལ་སོགས་པ་མི་འགྱུར་རོ། །མཱ་བྷ་བཱན། པཀྵཱི་ཏ། མསྨཔཱཀྵཱིཏ། ཨའིང་རིང་པོའོ། །མོཀྵཱིཏ། མཱ་མཱསྨོཀྵཱིཏ། འཕེལ་བར་མི་འགྱུར་རོ། དེ་བཞིན་དུ། མཱ་བྷ་བཱན། ཨ་ཊཱིཏ། ཞེས་པ་ལ་སོགས་པ་དཔེར་བརྗོད་པར་བྱའོ། །མསྨའི་སྒྲ་དང་ལྷན་ཅིག་
སྤྱོད་པ་ལས་མའི་སྒྲ་ཚིག་ཕྲད་དུ་གཟུང་བར་བྱ་སྟེ། ཏྭཱ་མཱ་ནི་གཉིས་པ་ལའོ་ཞེས་པ་འདི་ནི་མ་ཡིན་ནོ། །དེས་ན་འདིར་དགག་པར་མི་འགྱུར་ཏེ། ས་དཱ་མཱ་བྷ་བཱན་ཤྱཏ། མའི་སྒྲའི་ཏྭཱ་མཱ་ནི་གཉིས་པོ་ལའོ་ཞེས་པས་མཱ་རུ་བསྒྱུར་རོ། །ཨ་པ་ཤྱཏ་ཞེས་པ་ནི་དྲྀ་ཤ་ལས་དིའོ། །དྲྀ་ཤིའི་པ་ཤྱའོ། །ན་མིནའི་མཐའ་ལས་
เล่ม ๑๙๕ · หน้า 248a
བྱིངས་ལས་ཨཱ་ཤཱིཥ་ཨ་དྱ་ཏ་ནཱི་པ་རོ྅ཀྵཱ་རྣམས་ལ་དྷའི་ཌྷའོ། །ནཱ་མིནའི་མཐའ་ཅན་གྱི་བྱིངས་ལས་ཨཱ་ཤཱིཥ་དང་ཨ་དྱ་ཏ་ནཱི་དང་པོ་རོ྅ཀྵ་རྣམས་ཕ་རོལ་ལ་དྷ་ཡིག་གང་ཡིན་པ་ཌྷ་ཉིད་དུ་འགྱུར་རོ། །ཙཥཱིཌྷྭཾ། སྟོ་ཥཱི་ཌྷྭཾ། ཀྲྀཥཱི་ཌྷྭཾ། རྀཏ་མཐའ་རྣམས་ཀྱི་འོང་ངོ་ཞེས་པས་ཀྲྀ་ཉའི་ཡོན་
ཏན་མེད་དོ། །ཨ་དྱ་ཏ་ནཱི་ལ། ཨ་ཙེ་ཌྷཾ། ཨ་ཀྲྀ་ཌྷཾ། སིཙའི་དྷ་ཡིག་ལའོ་ཞེས་པས་སི་ཙ་དབྱིའོ། །པ་རོ྅ཀྵཱ་ལ། ཙི་ཙྱི་ཌྷེ། ཏུཥྚུ་ཌྷྭེ། ཙཀྲྀ་ཌྷྭེ། ཀྲྀ་སྲྀ་བྷྲྀ་བྲྀ་ཞེས་པའི་ངེས་པ་ལས་ཙི་ནོ་ཏི་ལས་ཨིཊའོ། །སྔ་མ་བརྩེགས་པ་མིན་པའི་ཨའི་ཡི་གེ་ཡ་སྟེ་ཞེས་པས་ཡའོ། །ནཱ་མི་ནའི་མཐའ་ལས་ཞེས་པ་ཅི་ཞེ་ན།
པཀྵཱི་ཌྷྭཾ། ཌུཔ་ཙཥ་འཚེད་པ་ལའོ། །ཨཱ་ཤཱིཥ་ཨཱ་དྱ་ཏ་ནཱི་པ་རོ྅ཀྵ་རྣམས་ལ་ཞེས་པ་ཅི་ཞེ་ན། སྟུདྷྭེ། བརྟ་མཱ་ནའི་དྷྭེའོ། །ཨིཊ་ལས་ཕ་རོལ་གྱི་དྷའི་ཨ་ཤཱིཥ་ཨཱ་དྱ་ཏ་ནཱི་པ་རོཉཀྵ་རྣམས་ཡི་གནས་ལ་ཌྷ་ཉིད་དུ་ཡང་ན་བཤད་པར་བྱའོ། །ལ་བིཥཱི་ཌྷྭཾ། ལ་བི་ཥི་ཌྷྭཾ། ཨ་ལ་བི་དྷྭཾ། ཨ་ལ་བི་དྷཾ། སི་ཙའི་དྷ་ཡིག་ལའོ་
ཞེས་པས་སིཙ་དབྱིའོ། ལུ་ལུ་བི་ཌྷྭེ། ལུ་ལུ་བི་དྷྭེ། བྱིངས་ཀྱི་ཨིའི་ཡི་གེ་དང་ཨུའི་ཡི་གེ་དག་མཐའི་དབྱངས་དང་པོ་ལ་ཨི་ཡ་ཨུ་ཝ་ཞེས་པས་ཨུ་ཝའོ། །མ་རྫིའི་མཱརྫིའོ། །མྲྀ་ཛཱུཥ་དག་པ་ལའོ་ཞེས་པ་འདིའི་ཡོན་ཏན་བྱས་པ་ལ་མརྫ་ཞེས་པའི་གཟུགས་ཏེ། མརྫི་རུ་བསྒྱུར་བར་འགྱུར་རོ། །མཱརྵྚཱ།
མཱརྵྚ་ཏི། མྲྀཛུ་ཥ་དག་པ་ལའོ། །ཏཱ་དང་སྱ་ཏིའོ། །ཡོན་ཏན་ནོ། །འདིས་མརྫའི་མཱརྫིའོ། །བྷྲྀཛ་སོགས་རྣམས་ཀྱི་ཥའོ། །ཥ་ཌྷ་དག་གི་སལ་ཀའོ། །མརྫི་ཞེས་པ་ཅི་ཞེ་ན། མྲྀཥྚཿ། བརྟ་མཱ་ནའི་ཏསའོ། །དབྱངས་དང་པོ་ཡོན་ཏན་མེད་པ་ལ་མྲྀ་ཛའི་མཱརྫི་རུ་བསྒྱུར་བ་ཡང་ན་བཤད་པར་བྱ་སྟེ། པ་རི་མཱིརྫནྟི།
པིར་མྲྀ་ཛནྟི། བྱིངས་ཀྱི་དང་པོའི་ཥའི་སའོ། །བྱིངས་ཀྱི་དང་པོའི་ཥ་ཡིག་གང་ཡིན་པ་དེ་ས་ཉིད་དུ་འགྱུར་རོ། །ས་ཧ་ཏེ། ཥ་ཧ་བཟོད་པ་ལའོ། །སིཉྩ་ཏི། ཥིཙ་ཟག་པ་ལའོ། །མུ་ཙ་སོགས་ཉིད་ལས་ན་ཡིག་ཨཱ་ག་མའོ། །བྱིངས་ཀྱིས་ཞེས་པ་ཅི་ཞེ་ན། ཥདྦྷིཿ། དང་པོ་སྨོས་པ་ཅི་ཞེ་ན། ལཥི་ཏཱ། ལཥ་
མཛེས་པ་ལའོ། །མིང་གི་བྱིངས་དང་ཥྭཀྐའི་འང་མི་འདོད་དེ། ཥཎྜཱི་ཡ་ཏི། ཥཎྜའི་སྒྲ་ལས་ཡིནའོ། །ཥཀྐཏེ། ཥྭཀྐ་འགྲོ་བའི་དོན་ཏོ། །ཥྛིབུ་ཀླ་མུ་ཨཱ་ཙམ་རྣམས་ཀྱི་ཨན་ལའོ་ཞེས་པའི་ཤེས་པར་བྱེད་པ་ལས་ཥྛི་བུའི་ས་ཉིད་དུ་མི་འགྱུར་ཏེ། ཥྛཱི་བ་ཏི། ཥྛི་བུ་ཀླ་མུ་ཨཱ་ཙམ་རྣམས་ཀྱི་ཞེས་པས་རིང་
เล่ม ๑๙๕ · หน้า 248b
པོའོ། །ཥྛི་བུའི་ཡང་ཥ་ཡིག་ལས་ཕ་རོལ་གྱི་ཋ་ཡིག་གི་ཐ་ཡིག་དག་ཏུ་ཡང་ནའོ་ཞེས་ཁ་ཅིག་གསུང་ངོ་། །གང་གི་ཚེ་ཋ་ཡིག་ཡིན་པ་དེའི་ཚེ། ཌེཥྛཱི་བྱཏི། གང་གི་ཚེ་ཐ་ཡིན་པ་དེའི་ཚེ། ཏེསྠི་བྱ་ཏེ། ཡ་སྒྲའོ། །ན་མིའི་ར་བདག་གི་ཞེས་པས་རིང་པོའོ། །གཉིས་པ་བཞི་པ་དག་གི་དང་པོ་གསུམ་པ་དག་
གོ་ཞེས་པས་ཐའི་ཏ་དང་ཐའི་ཏའོ། །ཅི་སྟེ་ས་ཡིག་དང་པོ་བྱིངས་ཐམས་ཅད་རྣམས་ཅིའི་ཕྱིར་བཀླག་པར་བྱ་བ་མིན་ཅི་ཞེ་ན། དེ་ལྟར་ནུས་པ་མ་ཡིན་ནོ། །རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་གནས་པའི་ཞེས་པའི་ཚིག་ལས་རྣམ་འགྱུར་གྱི་ས་ཡིག་གི་ཥ་ཉིད་དུ་བསྒྲུབ་པར་བྱ་བ་དེ་མི་འགྱུར་ཏེ། རྣམ་འགྱུར་གྱི་ས་
ཡིག་མི་སྲིད་པའི་ཕྱིར་རོ། །དེས་ན་ལྷག་མའང་ངོ་། །ཎའི་ནའོ། །བྱིངས་ཀྱི་དང་པོའི་ཞེས་པ་ཁོ་ནའོ། །བྱིངས་ཀྱི་དང་པོའི་ཎ་ཡིག་ན་ཉིད་དུ་འགྱུར་རོ། །ན་མ་ཏི། ཎམ་འདུད་པ་དང་སྒྲ་ལའོ། །ན་ཡ་ཏི། ཎཱིཉ་ཐོབ་པ་ལའོ། །བྱིངས་ཀྱི་དང་པོའི་ཞེས་པ་ཅི་ཞེ་ན། བྷ་ཎ་ཏི། བྷཎ་སྒྲ་ལའོ། །མིང་གི་བྱིངས་
དག་གི་མི་འདོད་དེ། ཎ་ཀཱ་རཱི་ཡ་ཏི། རྒྱུ་མཚན་ལ་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་སའི་ཥ་ཉིད་དོ། །རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་ཞེས་མིང་ལས་སྠཱ་ལས་ཀྱང་ཞེས་པས་ཌའོ། །རྒྱུ་མཚན་ནི་བྱེད་པའི་རྒྱུའོ་ཞེས་པའི་དོན་ཏོ། །རྒྱུ་མཚན་ལས་ཏེ་ནཱ་མིའི་ཡི་གེ་དང་ཀ་དང་ར་ལས་
ཕ་རོལ་གྱི་ས་ཡིག་རྐྱེན་ལ་གནས་པ་དང་རྣམ་འགྱུར་ལ་གནས་པ་དང་ཨཱ་ག་མ་ལ་གནས་པ་ཥ་ཉིད་དུ་ཐོབ་བོ། །རེ་ཞིག་ནཱ་མི་ལས། ཙི་ཙཱི་ཥ་ཏི། ཛུ་ཧུ་ཥ་ཏི། དབྱངས་མཐའ་རྣམས་ཀྱིས་ན་ལ་ཞེས་པས་རིང་པོའོ། །ཀ་ལས། པཀྵྱཏི། ར་ལས། ཙི་ཀཱིཪྵ་ཏི། རྣམ་འགྱུར་གྱི་ས་ཡིག་གི །སི་ཥེ་ཙ། པུ་ཥྭ་པ།
ཥྭི་ཙ་ཟག་པ་ལའོ། །ཉི་ཥཔ་ཉལ་བ་ལའོ། །ཨཊའོ། །གཉིས་ཀ་རྣམས་ཀྱི་ཨ་བྷྱཱ་སའི་པ་རོ྅ཀྵ་ལ་ཞེས་པས་སཾ་པྲ་སཱ་ར་ཎའོ། །ཨཱ་ག་མའི་ས་ཡིག་གི། པ་རིཥྐཏྟཱ། སཾ་པ་རི་ཨུ་པ་རྣམས་ལས་ཀ་རོ་ཏི་ལ་རྒྱན་དང་འདུས་པ་ལ་སུཊ་ཞེས་པས་སུཊའོ། །རྒྱུ་མཚན་ལས་ཞེས་པ་ཅི་ཞེ་ན། དཱ་སྱ་ཏི། རྐྱེན་དང་རྣམ་
འགྱུར་དང་ཨཱ་ག་མ་ལ་གནས་པ་ཞེས་པ་ཅི་ཞེ་ན། སེ་སི་མྱ་ཏེ། སྱ་མུ་སྭ་ན་དྷྭ་ན་སྒྲ་ལའོ་ཤིན་ཏུ་བའི་དོན་ལ་ཡ་སྒྲའོ། །སྭ་པི་སྱ་མི་བེཉ་རྣམས་ཀྱི་ཙེ་ཀྲཱི་ཡི་ཏ་ལ་ཞེས་པ་སཾ་པྲ་སཱ་ར་ཎའོ། །ཥ་ཉིད་དུ་གྲུབ་ཟིན་པ་ལ་སླར་བརྗོད་པ་ནི་ཕྱི་མའི་དོན་དུའོ། །རྒྱུ་མཚན་ལས། ཤཱ་སི་བ་སི་གྷ་སི་རྣམས་ཀྱི་སའི་ཥ་ཉིད་དུ་
เล่ม ๑๙๕ · หน้า 249a
ཞེས་སྦྱོར་བ་གཅིག་ཏུ་མ་བྱས་པ་ནི་རྣམ་པ་སྣ་ཚོགས་པའི་ཕྱིར་རོ། །ཤ་སི་བ་སི་གྷ་སི་རྣམས་ཀྱིའོ། །ཤཱ་སུ་རྗེས་སུ་སྟོན་པ་ལའོ། །བས་གནས་པ་ལའོ། །པ་རོ྅ཀྵ་ལ་ཡང་ནའོ་ཞེས་པས་གྷསིའོ། །འདི་རྣམས་ཀྱི་རྒྱུ་མཚན་ལས་ཕ་རོལ་གྱི་ས་ཡིག་ཥ་ཉིད་དུ་འཐོབ་པོ། །རྐྱེན་དང་རྣམ་
འགྱུར་དང་ཨཱ་ག་མའི་དོན་བརྗོད་པ་མིན་ནོ། །ཤིཥྱ་ཏེ། ཤཱ་སིའི་ཨུ་པ་དྷའི་ཨཎ་དང་གསལ་བྱེད་དག་ལ་ཨིཏ་ཅེས་པས་ཨི་ཉིད་དོ། །འདིས་ཥ་ཉིད་དོ། །ཤིཥྚཿ། ཤིཥྚ་བཱན། ནིཥྛཱའོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །ཨུཥྱ་ཏེ། བས་གནས་པ་ལའོ། །སྭ་པི་བཙི་ཞེས་པ་སཾ་པྲ་སཱ་ར་ཎའོ། །ཨུ་ཥི་ཏཿ། །
ཨུ་ཥི་ཏ་བཱན། འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟ་དང་ནིཥྛཱ་འོ་ཞེས་པས་ཀྟ་བནྡྷུའོ། །སྔ་མ་བཞིན་དུ་སཾ་པྲ་སཱ་ར་ཎའོ། །ནིཥྛཱ་ལའོ་ཞེས་པས་ཨིཊའོ། །ཛཀྵ་ཏུཿ། ཛཀྵུཿ། པ་རོ྅ཀྵཱ་ལ་ཡང་ནའོ་ཞེས་པས་ཨ་དི་གྷ་སླྀའོ། །གཾ་ཧན་ཛན་ཥན་གྷས་ཞེས་པས་ཨུ་པ་དྷཱ་དབྱིའོ། །སྒྲ་མེད་པ་རྣམས་ལ་ཞེས་པས་
གྷ་ཡིག་ཀ་ཡིག་གོ། །ཥ་ཉིད་དོ། །རྒྱུ་མཚན་ལས་ཞེས་པ་ཅི་ཞེ་ན། ཨ་ནུ་ཤཱ་སྟི། བ་ས་ཏི། ཛགྷཱ་ས། སྟཽ་ཏི་ན་ཨིན་མཐའ་ཉིད་དག་གི་ཥ་ཎ་ལའོ། །སྟཽ་ཏི་ཞེས་པ་ཨུ་ཡིག་གི་འཕེལ་བ་སྟེ་གསལ་བྱེད་དང་པོ་ལ་ཞེས་པས་འཕེལ་བའོ། །ཥ་ཎ་ལ་ཞེས་པས་ན་ཥ་ཉིད་བྱས་པར་འདོད་དོ། །སྟཽ་ཏི་དང་ཨི་ན་མཐའ་རྣམས་
ཀྱིའང་ས་ཡིག་ཥ་ཉིད་དུ་འཐོབ་སྟེ། ཥཎ་ཕ་རོལ་ལའོ། །ཏུཥྚུ་ཥ་ཏི། སུ་ཥྛཱ་པ་ཡི་ཥ་ཏི། སི་ཥེ་ཙ་ཡི་ཥ་ཏི། ཉིཥྭ་པ་ཉལ་བ་ལའོ། །ཥིཙ་འཛག་པ་ལའོ། །ཉལ་དུ་འཇུག་པར་འདོད་དོ། །དེ་བཞིན་དུ། ཟག་ཏུ་འཇུག་པར་འདོད་དོ་ལ་ཨིནའོ། །སནའོ། །ཨིཊའོ། །ཡོན་ཏན་ནོ། །དྱུ་ཏི་སྭ་པི་དག་གི་ཞེས་པས་སཾ་
པྲ་སཱ་ར་ཎའོ། །སླར་ཡང་བརྩམ་པ་ནི་ངེས་པའི་དོན་དུའོ། །སན་ལ་ཥ་ཉིད་དུ་བྱས་པ་ལ་སྟོ་ཏི་དང་ཨིན་མཐའ་དག་གི་ཥ་ཉིད་ཡིན་གྱི་གཞན་གྱིས་མ་ཡིན་ནོ། །དེས་ན་འདིར་མི་འགྱུར་ཏེ། སུ་སུ་ཥ་ཏི། སི་སི་ཀྵ་ཏི། ཥུཉ་བཀྲུ་བ་ལའོ། །ཥིཙ་འཛག་པ་ལའོ། །ཥ་ཎ་ལ་ཞེས་པ་ཅི་ཞེ་ན། ཏིཥྛ་ས་ཏི། འདིར་སན་ལ་
ཥ་ཉིད་མེད་དོ་ཞེས་བྱིངས་ཀྱི་ཥ་ཉིད་བཅད་པར་མི་བྱའོ། །སྭི་དི་སྭ་དི་ས་ཧི་རྣམས་ཀྱི་ཨིན་མཐའི་ཥཎ་ལ་ཥ་ཉིད་དུ་མི་འདོད་དེ། སི་སྭ་དེ་ཡི་ཥ་ཏེ། སི་ཧ་ཧ་ཡི་ཥ་ཏི། ཥྭིད་ལུས་ཀྱི་འཛག་པ་ལའོ། །སྭད་ཡྭད་སྭདྷ་རོ་མྱང་བ་ལའོ། །ཥཧ་བཟོད་པ་ལའོ། །ལུས་འཛག་ཏུ་འཇུག་པར་འདོད་དོ། །དེ་བཞིན་དུ་རོ་མྱང་དུ་
เล่ม ๑๙๕ · หน้า 249b
འཇུག་པར་འདོད་དོ། །བཟོད་དུ་འཇུག་པར་འདོད་དོ་ལ་ཨིནའོ། །འཇིག་གོ་ཡིས་ཕྱིས་པ་ལ་རྐྱེན་གྱི་བྱ་བ་མ་ཡིན་ནོ། །འཇིག་གོ་ཡིས་ཕྱིས་པ་ནི་འཇིག་གོ་ཡིས་ཕྱིས་པའོ། །རྐྱེན་གྱི་བྱ་བ་མ་ཡིན་པ་ནི་རྐྱེན་ལ་བྱ་བ་མ་ཡིན་ནོ། །འཇིག་གོ་ཡིས་སྒྲས་བརྗོད་པ་གང་ལ་དབྱི་བྱས་པ་དེ་ལ་རྐྱེན་གྱི་བྱ་བ་བྱ་བར་ཐོབ་པ་
གང་ཡིན་པ་དེ་རང་བཞིན་གྱིས་མི་འགྱུར་རོ། །རྐྱེན་གྱི་མཚན་ཉིད་ཀྱིས་ཐོབ་པ་ལའོ། །ཨཾ་གཱཿ ཨཎའོ། །གྲགས་པ་རྣམས་ཀྱི་མང་པོ་ཉིད་ལ་བུད་མེད་མིན་པའི་བུ་རྒྱུད་ཀྱི་རྐྱེན་གྱི་ཞེས་པས་ཨཎ་འཇིག་གོ། །འདིར་ཎ་དང་བཅས་པ་ལ་དང་པོར་འཕེལ་བའོ་ཞེས་པས་འཕེལ་བ་ཐོབ་པ་ལའོ། །དུགྡྷཿ། དུ་ཧནྟི། དུཧ་
འཇོ་བ་ལའོ། །ཏས་དང་ཨནྟིའོ། །ཨན་བི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། །འདིར་བི་ཀ་ར་ཎ་ལ་ཨན་ཉིད་ལའང་ངོ་ཞེས་པས་ཡོན་ཏན་ཐོབ་པ་ལའོ། །དེ་དང་པོའི་གྷའོ། །གཉིས་བརྗོད་པའི་རྒྱུ་མཚན་དབྱངས་ལ་གཉིས་བརྗོད་པ་བྱས་པ་ན་དབྱངས་ཀྱི་ཆོ་གའོ། །དབྱངས་ཀྱི་ཆོ་ག་ནི་དབྱངས་ཀྱི་སྒྲུབ་པའོ། །
གཉིས་སུ་རྗོད་པར་བྱེད་པའི་རྒྱུ་མཚན་ནི་གཉིས་བརྗོད་པའི་རྒྱུ་མཚན་ནོ། །དབྱངས་དང་པོའི་རྐྱེན་ལ་གཉིས་བརྗོད་པའི་རྒྱུ་མཚན་དུ་གྱུར་པ་ལ་སྔར་གཉིས་བརྗོད་པ་བྱས་པ་ན་ཕྱིས་དབྱངས་ཀྱི་ཆོ་ག་བྱ་བར་འགྱུར་རོ། །པ་ས་ཏུཿ། པ་སུཿ། ཛགྨ་རུཿ། ཛགྨུཿ། པཱ་འཐུང་བ་ལའོ། །གམླྀ་འགྲོ་བ་ལའོ། །ཨ་ཏུས་དང་
ཨུསའོ། །འདིར་ཕྱིས་པ་ཉིད་ཀྱི་ཕྱིར་ཨ་དབྱི་བ་དང་ཨུ་བ་དྷཱ་དབྱི་བ་དག་ཏུ་འགྱུར་རོ། །དེ་ལས་ཀྱང་གཉིས་བརྗོད་པར་མི་འགྱུར་ཏེ། དབྱངས་གཅིག་མེད་པ་ལས་སོ། །འདིར་སྔར་ནི་གཉིས་བརྗོད་ཅིང་དེ་ནས་དབྱངས་ཀྱི་ཆོ་གའོ། །བྱིངས་ཐམས་ཅད་པ་མིན་པ་ལ་ཨཱ་དབྱིའོ་ཞེས་པས་ཨཱ་དབྱིའོ། །གཾ་ཧན་ཞེས་
པས་ཨུ་པ་དྷཱའི་དབྱིའོ། །ཨཱ་ཊི་ཊཏ། ཨཱ་ཤི་ཤཏ། ཨཊ་པཊ་འགྲོ་བ་ལའོ། །འགྲོ་བར་འཇུག་པ་ལ་སྦྱོར་རོ། །དེ་བཞིན་དུ་ཟ་རུ་འཇུག་པ་ལ་སྦྱོར་རོ་ལ་ཨིནའོ། །རིང་པོའོ། །དིའོ། །ཙཎའོ། །ཕྱིས་ཉིད་ཀྱི་ཕྱིར་ཀཱ་རི་ཏ་དབྱིའོ། །འདིས་སྔར་བརྗོད་དོ། །དབྱངས་ཀྱི་ཆོ་ག་ཞེས་པ་ཅི་ཞེ་ན། ཨཱ་པི་སྱེ། ཨོ་སྱཱ། ཡཱི་
འཕེལ་བ་ལའོ། །པ་རོ྅ཀྵཱའི་ཨེའོ། །འདིར་ཕྱིས་ཉིད་ཀྱི་ཕྱིར་སྱཱ་ཡའི་པ་རོ྅ཀྵཱ་ལ་པིའོ་ཞེས་པས་པི་རུ་བསྒྱུར་རོ། །དེ་ནས་གཉིས་བརྗོད་དོ། །དབྱངས་ལ་ཞེས་པ་ཅི་ཞེ་ན། ཛེ་གྷྲྀ་ཡ་ཏེ། གྷྲ་དྲི་ལན་པ་ལའོ། །ཡ་སྒྲའོ། །གྷྲ་དྷྨ་དག་གི་ཨཱིའོ་ཞེས་པས་ཨཱིའོ། །ངེས་ན་གཉིས་བརྗོད་དོ། །གཉིས་བརྗོད་པའི་རྒྱུ་མཚན་ཞེས་པ་
เล่ม ๑๙๕ · หน้า 250a
ཅི་ཞེ་ན། དུ་དྷུ་ཥ་ཏི། དི་བུ་རྩེ་བ་ལའོ། །སནའོ། །ཚ་བ་དག་གི་ལྔ་པ་ལའང་ཤ་ཨུཊ་དག་གོ་ཞེས་པས་བ་ཡིག་ཨུཊ་རུ་བསྒྱུར་བའོ། །འདིར་ཨུ་ཡིག་དབྱངས་གཉིས་བརྗོད་པའི་རྒྱུ་མཚན་མ་ཡིན་ནོ། །དེས་ན་སྔར་དབྱངས་ཀྱི་ཆོ་ག་ཡ་ཉིད་དོ། །དེ་ནས་གཉིས་བརྗོད་དོ། །བྱས་པ་ན་ཞེས་སྨོས་
པ་ནི་ཁ་ཅིག་ཏུ་དབྱངས་ཀྱི་ཆོ་ག་སྔར་འཇུག་པའི་དོན་ཏོ། །དེས་ན། ཨ་རི་རི་ཥ་ཏི། ཞེས་པ་འདིར་གཉིས་བརྗོད་པ་ལས་སྔོན་དུ་ཡོན་ཏན་གྲུབ་བོ། །འོ་ན་ཨིཊ་མེད་པར་འང་སན་ལ་གཉིས་བརྗོད་པ་མཐོང་བའི་ཕྱིར་འདིར་ཇི་ལྟར་ཨིཊ་གཉིས་བརྗོད་པའི་རྒྱུ་མཚན་ཉིད་དུ་འགྱུར་ཞེ་ན། འདི་ཡོད་མོད་འོན་ཀྱང་འདིར་ཨིཊ་
ཨཱ་ག་མ་བྱས་པ་ན་ཨིཊ་དང་བཅས་པའི་སན་དབྱངས་ལས་དང་པོར་གཉིས་བརྗོད་པའི་རྒྱུ་མཚན་ནོ་ཞེས་པས་ཡོན་ཏན་ལས་སྔར་གཉིས་བརྗོད་པར་འགྱུར་རོ། །གལ་ཏེའང་ཨིཊ་རྐྱེན་གྱི་ཆ་ཤས་ཉིད་དུ་གྱུར་ན་གཉིས་བརྗོད་པའི་རྒྱུ་མཚན་ཉིད་དུ་མི་འགྱུར་ན། ད་དྷི་ཐ། ཞེས་སོགས་གྲུབ་པར་མི་འགྱུར་བས་
གཉིས་བརྗོད་པ་ལས་སྔོན་དུ་ཨ་དབྱིབ་འཇུག་པས་དེའི་ཕྱིར། ཨ་རི་རི་ཥ་ཏི། ཞེས་པ་འདིར་སྔོན་དུ་ཡོན་ཏན་འཇུག་པའི་དོན་དུ་བྱ་བ་བྱས་པ་སྨོས་པའོ། །ཌུ་དྷཱ་ཉ་འཛིན་པ་རོ྅ཀྵའི་ཐལའོ། །པ་རོ྅ཀྵ་ལ་སྲྀ་བྲྀ་བྷྲྀ་སྟུ་དྲུ་ཤྲུ་སྲུ་རྣམས་ཉིད་ལས་པ་རོ྅ཀྵཱ་ལའོ། །ཀྲྀ་ལ་སོགས་པ་རྣམས་ཀྱི་ངེས་པ་ལས་ཨིཊའོ། །
གཉིས་བརྗོད་དོ། །ཨིཊ་ལ་ཡང་ངོ་ཞེས་པས་ཨཱ་དབྱིའོ། །གང་རྗེས་སུ་འབྲེལ་པ་མི་སྦྱོར་རོ། །ཡི་གེ་གང་རྣམས་ཀྱི་རབ་ཏུ་སྦྱར་བྱ་མིན་པ་རབ་ཏུ་སྦྱོར་བ་མེད་པ་དེ་ནི་རྗེས་སུ་འབྲེལ་བའི་མིང་ཅན་དུ་འགྱུར་རོ། །ཌུ་ཀྲྀ་ཉའི་ཌུ་ཡིག་དང་ཉ་ཡིག་རྗེས་སུ་འབྲེལ་བ་དག་གོ། །སྔོན་གྱི་སློབ་དཔོན་གྱི་མིང་གི་ཡན་ལག་ཏུ་བྱས་པ་ནི་བྱ་
བའི་དོན་བརྗོད་པའི་མིང་ཅན་དུ་རྟོགས་པར་བྱ་བའི་དོན་ཏོ། །དེས་ན། བ་ཡི་བ་ཙི་སོགས་རྣམས་ཀྱི་ཨི་ཡིག་ཏུ་གྱུར་པའི་ཡང་རབ་ཏུ་སྦྱོར་བ་མེད་པ་ཉིད་ལ་མིང་ཅན་དུ་མི་འགྱུར་རོ། །གལ་ཏེ་འགྱུར་ན་ན་ཡིག་ཨཱ་ག་མའོ། །མིང་ཅན་གང་དུ་དགོས་ཤེ་ན། ཌུ་རྗེས་སུ་འབྲེལ་བ་ལས་ཨ་ཐུའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །
པེ་པ་ཐུཿ། ཊུ་བེ་གྲི་ཀ་སི་གཡོ་བ་ལའོ། །ཊུ་རྗེས་སུ་འབྲེལ་པ་ལས་ཞེས་པས་ཨ་ཐུའོ། །ཤ་སོགས་རྣམས་ཤིཊ་ཅེས་པའོ། །ཤ་སོགས་རྣམས་ཏེ་ཤ་དང་ཥ་དང་ས་དང་ཧ་རྣམས་ཤིཊའི་མིང་ཅན་དུ་འགྱུར་རོ། །ཤིཊའི་མིང་གིས་གང་དུ་དགོས་ཤེ་ན། ཨིཊ་མེད་པ་ཨིཊ་མཐའ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཨ་ལིཀྵ་
เล่ม ๑๙๕ · หน้า 250b
ཏ། ལི་ཧ་རོ་མྱང་བ་ལའོ། །དིའོ། །སཎའོ། །ཧའི་ཌྷའོ། །ཥ་ཌྷ་དག་གི་ས་ལ་ཀའོ། །ཨི་ཨུ་རྀཏ་མཐར་གནས་ཀྱི་རྒྱུ་མཚན་རྣམས་སཾ་པྲ་སཱ་ར་ཎའོ། །ཨི་དང་ཨུ་དང་རི་ནི་ཨི་ཨུ་རྀཏ་དེ་རྣམས་སོ། །ཨི་ཡིག་དང་ཨུ་ཡིག་དང་རྀ་ཡིག་དེ་རྣམས་ནི་སཾ་པྲ་སཱ་ར་ཎའི་མིང་ཅན་དུ་འགྱུར་རོ། །སཾ་པྲ་སཱ་ར་ཎའི་མིང་གང་དུ་དགོས་ཤེ་ན།
མཐར་གནས་པ་ཕ་རོལ་གྱི་དབྱངས་དང་བཅས་པའི་སཾ་པྲ་སཱ་ར་ཎའོ་ཞེས་པ་ལ་སོགས་པ་རྣམས་སུའོ། །ཨིཛྱ་ཏེ། སུ་སྱ་ཏེ། སཾ་གྲྀཧྱ་ཏེ། མཐར་གནས་ཀྱི་རྒྱུ་མཚན་རྣམས་ཞེས་པ་ཅི་ཞེ་ན། ས་མ་སྠི་ཏེ། སྠཱ་དཱ་དག་གི་ཨ་དྱ་ཏ་ནཱིའི་ཨཱཏྨ་ནེ་ལ་ཨིའོ་ཞེས་པས་ཨ་ཉིད་དོ། །ཐུང་ངུ་ལས་ཀྱང་ཨིཊ་མེད་པའི་ཞེས་པས་སི་ཙ་
དབྱིའོ། །གལ་ཏེ་འདིའི་ཨི་ཡིག་གི་མིང་ཅན་དུ་འགྱུར་ན་དེ་མཐའ་རིང་པོ་ཞེས་པས་རིང་པོར་འགྱུར་རོ། །རྒྱུ་མཚན་བྱས་པས་ཇི་ལྟར་འགྱུར་ཞེ་ན། སིཙ་དབྱི་བ་བྱས་པ་ན་ནི་དེ་ལ་རིང་པོ་ཐོབ་པ་ལའོ། །ཨར་དང་མཚམས་སྦྱོར་གྱི་ཡི་གེ་སྔ་མ་གཉིས་དག་ཀྱང་ཡོན་ཏན་ནོ། །ཨར་ཞེས་པའི་སྒྲ་འདི་དང་སྔ་མ་དག་ཀྱང་སྟེ་ཨར་
དང་གང་མཚམས་སྦྱོར་གྱི་ཡི་གེའི་སྔ་མ་ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ། །ཨུའི་ཡི་གེ་ལ་ཨོ་ཞེས་པ་འདི་རྣམས་ཀྱི་མདོས་བྱས་པ་དེ་རྣམས་ནི་ཡོན་ཏན་གྱི་མིང་ཅན་དུ་འགྱུར་རོ། །ཡོན་ཏན་གྱི་མིང་གིས་གང་དུ་དགོས་ཤེ་ན། གསུངས་པ། ནཱ་མི་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་ནོ་ཞེས་པ་ལ་སོགས་པ་རྣམས་
སུའོ། །ཀརྟཱ། ཙེ་ཏཱ། སྟོཏཱ། ཨར་དང་ཕྱི་མ་དག་ཀྱང་འཕེལ་བའོ། །ཨཱར་ཞེས་པའི་སྒྲ་འདི་དང་ཕྱི་མ་སྟེ་ཕ་རོལ་གྱི་གང་མཚམས་སྦྱོར་གྱི་ཡི་གེའི་ཕྱི་མ་བཀླགས་པ། ཨེ་ཨོ་ཞེས་པ་འདི་དག་གིས་འཕངས་པའི་ཨཻ་ཨཽ་ཞེས་པ་ཕྱི་མ་འདི་རྣམས་འཕེལ་བའི་མིང་ཅན་རྣམས་སུ་འགྱུར་རོ། །འཕེལ་བའི་མིང་ནི་གང་དུ་
དགོས་ཤེ་ན། ཨའི་ཨུ་པ་དྷཱ་རིང་པོ་སྟེ་ནཱ་མི་རྣམས་ཀྱིའང་འཕེལ་བའོ། །ཞེས་པ་ལ་སོགས་པ་རྣམས་སུའོ། །ཙ་ཀཱ་ར། མི་ནཱ་ཡ། ལུ་ལཱ་བ། གཉིས་བརྗོད་པའི་རྒྱུ་མཚན་དབྱངས་ལ་གཉིས་བརྗོད་པ་བྱས་པ་ན་དབྱངས་ཀྱི་ཆོ་གའོ་ཞེས་པའི་ཚིག་ལས་སྔ་མ་གཉིས་བརྗོད་པའོ། །དེ་ནས་ཨིན་ཨིཙ་ཨཊ་རྣམས་ལ་ཨུ་
པ་དྷཱའི་རིང་པོ་སྟེ་ནཱ་མི་རྣམས་ཀྱིའང་འཕེལ་བའོ་ཞེས་པས་འཕེལ་བའོ། །ཇོ་བོ་དྲག་འབྱོར་གྱིས་མཛད་པའི་འགྲེལ་པ་སློབ་མ་ལ་ཕན་པར་ཀུན་བཤད་པའི་སྐབས་སུ་རྐང་པ་བརྒྱད་པ་རྫོགས་སོ།། །།ཀུན་བཤད་པའི་སྐབས་རྫོགས་སོ།། །།སྐད་གཉིས་དབང་པོ་ཆོས་རྗེ་སོགས། །ཐུགས་དགོངས་རྫོགས་
เล่ม ๑๙๕ · หน้า 251a
དང་གངས་ཅན་ལ། །སློབ་ཕན་དགའ་སྟོན་བགྱི་བའི་སླད། །སྒྲ་རིག་ཇི་བཞིན་རྩེ་མོས་བསྒྱུར།། །།གྲུབ་པ་ཉ་ཎ་རྗེས་སུ་འབྲེལ་པ་ལ་ཨིཙ་བཞིན་དུའོ། །ཨིཙ་ལྟ་བུ་ནི་ཨིཙ་བཞིན་དུའོ། །ཉ་དང་ཎ་ནི་ཉ་ཎ་དག་སྟེ། དེ་དག་རྐྱེན་གང་གི་རྗེས་སུ་འབྲེལ་བ་ཡིན་པ་ཞེས་རྣམ་པར་སྦྱར་རོ། །ཛྲ་གྲི་ལས་
ཀྲྀཏ་ཤནྟྲྀང་བི་དག་མ་ཡིན་པ་ལའོ་ཞེས་པ་འདི་ལས་ཀྲྀཏ་ལ་ཞེས་པ་རྗེས་སུ་འཇུག་གོ། །ཉ་ཡིག་རྗེས་སུ་འབྲེལ་པ་དང་ཎ་ཡིག་རྗེས་སུ་འབྲེལ་པའི་ཀྲྀཏ་ཀྱི་རྐྱེན་ཕ་རོལ་ལ་བྱིངས་ཀྱི་བྱ་བ་ཨིཙ་དང་འདྲ་བར་འགྱུར་ཏེ། ཨིཙ་ལ་གང་བཤད་པ་དེ་ཉ་ཡིག་དང་ཎ་ཡིག་རྗེས་སུ་འབྲེལ་པ་ཕ་རོལ་ལའང་འགྱུར་རོ་ཞེས་པའི་དོན་ཏོ། །
པཱ་ཀཿ། པཱ་ཙ་ཀཿ། ཌུ་པ་ཙ་ཥ་འཚེད་པ་ལའོ། །འཚེད་པའོ་ཞེས་པས་དངོས་པོ་ལ་གྷཉའོ། །འཚེད་པར་བྱེད་དོ་ཞེས་པས་པུཎ་ཏྲྀ་ཙ་དག་གོ་ཞེས་པས་བུཎའོ། །ཉ་ཡིག་དང་ཎ་ཡིག་དག་འདིའི་དོན་ཏོ། །གྷ་ཡིག་ནི་ཙ་ཛ་དག་གི་ཀ་ག་དག་གོ་ཞེས་པའི་དོན་ཏོ། །ཡུ་བུ་ཛྷ་རྣམས་ཀྱི་ཞེས་པས་བུའི་ཨ་ཀར་བསྒྱུར་བའོ། །ཙ་ཛ་དག་
གི་ཀ་ག་དག་གོ་ཞེས་པས་ཙ་ཡིག་གི་ཀ་ཡིག་གོ། །ཇི་ལྟར་ཨི་ཙ་ཕ་རོལ་ལ་ཨའི་ཨུ་པ་དྷཱ་ཞེས་པས་རིང་པོར་བཤད་པ་དེ་ལྟར་འདིར་ཡང་འགྱུར་རོ། །ཀ་རཿ། ཀཱཾ་ར་ཀཿ། ཌུ་ཀྲྀཉ་བྱེད་པ་ལའོ། །བྱེད་པའོ་ཞེས་པས་དངོས་པོ་ལ་གྷཉའོ། །བྱེད་དོ་ཞེས་པ་སྔ་མ་བཞིན་དུ་བུཎ་ཏེ་ཨ་ཀར་བསྒྱུར་བའང་ངོ་། །ཨིཙ་དང་འདྲ་བར་
འགྱུར་བའི་ཕྱིར་ཨའི་ཨུ་པ་དྷཱ་ཞེས་པ་ལ་སོགས་པས་འཕེལ་བའོ། །དཱ་ཡཿ། དཱ་ཡ་ཀཿ། སྟེར་བའོ་ཞེས་པས་གྷཉའོ། །སྟེར་རོ་ཞེས་པས་བུཎའོ། །ཨི་ཙ་དང་འདྲ་བར་འགྱུར་བའི་ཕྱིར་ཨཱཏ་མཐའ་རྣམས་ཀྱི་ཨིཙ་ལ་ཨཱ་ཡིའོ་ཞེས་པས་ཨཱ་ཡིའོ། །གྲུབ་པ་སྨོས་པ་ནི་བཀྲ་ཤིས་པའི་དོན་དུའོ། །ཧནྟིའི་ཏའོ། །
ཉ་ཎ་རྗེས་སུ་འབྲེལ་པ་ལ་ཞེས་པ་རྗེས་སུ་འཇུག་གོ། །ཧནྟིའི་ཏ་ཉིད་དུ་འགྱུར་ཏེ། ཉ་ཡིག་དང་ཎ་ཡིག་རྗེས་སུ་འབྲེལ་པའི་ཀྲྀཏ་ཕ་རོལ་ལའོ། །གྷཱཏཿ། གྷཱཏ་ཀཿ། འཇོམས་པའོ་ཞེས་བྱས་ནས་དངོས་པོ་ལ་གྷཉའོ། །འཇོམས་སོ་ཞེས་པས་བུཎའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །ཧནྟིའི་ཧའི་ཨིན་ཨིཙ་དག་ལ་
གྷིའོ་ཞེས་པས་ཧེ་ཡིག་གི་གྷ་ཡིག་གོ། །འདིས་ནའི་ཏའོ། །ཨིཊ་དང་བཅས་པ་ཨམ་མཐའ་ཝ་མི་ཀ་མི་ཙམ་མིན་པ་རྣམས་ཀྱི་མ་ཡིན་ནོ། །བྱིངས་ཨིཊ་དང་བཅས་པ་ཨཾ་མཐའི་ཉ་ཎ་རྗེས་སུ་འབྲེལ་པའི་ཀྲྀཏ་ཕ་རོལ་ལ་ཨི་ཙ་དང་འདྲ་བའི་བྱ་བར་མི་འགྱུར་རོ། །ཝ་མི་ཀ་མི་ཙམ་མིན་པ་རྣམས་ཀྱི་
เล่ม ๑๙๕ · หน้า 251b
སྟེ། ཝ་མི་དང་། ཀ་མི་དང་ཙམ་རྣམས་ཀྱི་ནི་དགག་པར་འགྱུར་བ་མ་ཡིན་ནོ། །ཤམཿ། ཤམ་ཀཿ། ཏམཿ། ཏམ་ཀཿ། ཤ་མུ་ཉེ་བར་ཞི་བ་ལའོ། །ཏ་མུ་འདོད་པའོ་ཞེས་པས་དངོས་པོ་ལ་གྷཉའོ། །ཞི་བར་བྱེད་དོ་འདོད་པར་བྱེད་དོ་ཞེས་པ་བུ་ཎ་ཏྲི་ཙ་དག་གོ་ཞེས་པས་བུཎ་
ཏེ་ཨ་ཀར་བསྒྱུར། ཨིཙ་དང་འདྲ་བར་འགྱུར་བར་འགག་པས་རིང་པོ་མེད་དོ། །དེ་བཞིན་དུ། ཤ་མཱི། ཏ་མཱི་སྟེ་ཞི་བའི་ངང་ཚུལ་ལོ། །འདོད་པའི་ངང་ཚུལ་ལོ། །ཞེས་པས་ཤམ་ལ་སོགས་པ་བརྒྱད་རྣམས་ཀྱི་གྷི་ནི་ཎའོ། །ཎ་ཡིག་ནི་ཨིཙ་དང་འདྲ་བར་འགྱུར་བའི་དོན་ཏོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །
གྷ་ཡིག་ནི་ཙ་ཛ་དག་གི་ཀ་ག་དག་གོ་ཞེས་པའི་དོན་ཏོ། །གལ་ཏེ་ཡང་དཔེར་བརྗོད་པ་འདི་རྣམས་ལ་ཨིཊ་ཨཱ་ག་མ་མེད་མོད་དེ་ལྟ་ནའང་། ཨིཊ་དང་བཅས་པ་སྨོས་པས་འདིར་ཨིཊ་དང་བཅས་པའི་བྱིངས་རྣམས་ཉེ་བར་མཚོན་པར་བྱའོ། །ཨིཊ་དང་བཅས་པའི་ཞེས་པ་ཅི་ཞེ་ན། ཡཱ་མཿ། ཡཱ་མ་ཀཿ། སྡོམ་
པའོ། །སྡོམ་པར་བྱེད་དོ་ཞེས་ཀྱང་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་དེ་ལ་ན། ཨུ་ད་ཡ་མཿ། ཨུ་པ་ར་མཿ། ཅི་ལྟར་ཡིན་ཏེ། ཡ་མི་དང་ར་མི་དག་ཨིཊ་དང་བཅས་པ་མ་ཡིན་པ་ལས་སོ་ཞེ་ན། བདེན་ཏེ། ཨཌ་བརྩོན་པ་ལའོ། །ཡ་མུ་ཉེ་བར་འཇིག་པ་ལའོ་ཞེས་སོགས་བྱེད་པའི་ཚིག་ལས་དགག་པར་འགྱུར་རོ། །
ཨམ་མཐའ་ཞེས་པ་ཅི་ཞེ་ན། པཱ་ཐཿ། པཱ་ཐ་ཀཿ། ཝ་མི་ཀ་མི་ཙམ་མིན་པ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། བཱམཿ། ཐཱ་མ་ཀཿ། ཀཱ་མཿ། ཀཱ་མ་ཀཿ། ཨཱ་ཙཱ་མཿ། ཨཱ་ཙཱ་མ་ཀཿ། ཌུ་ཝམ་སྐྱུག་པ་ལའོ། །ཀ་མུ་མཛེས་ཨུ་ད་ཡ་མེ། པ་ལའོ། །ཨུ་པར་མེ། ཙ་མུ་ཟ་བ་ལའོ། །ཙ་མི་ལས་ཨཱང་སྔ་མའོ། །སྐྱུག་པའོ། །མཛེས་
པའོ། །ཀུན་ནས་ཟ་བའོ་ཞེས་པས་གྷ་ཉའོ། །སྐྱུག་པར་བྱེད་དོ། །འདོད་པར་བྱེད་དོ། །ཀུན་ནས་ཟ་བར་བྱེད་དོ། །ཞེས་པས་བུཎའོ། །ཨཱང་སྔོན་མ་ཅན་གྱི་ཙ་མི་སྨོས་པར་ཟད་དེ། དེས་ན་འདིར་མི་འགྱུར་རོ། །པི་ར་ཙ་མཿ། གྷཉའོ། །ཨཱ་མཿ། ཅི་ལྟར་ཡིན་ཏེ། འདི་ལས་དགག་པ་ཐོབ་པས་སོ་ཞེ་ན། བརྗོད་པར་
བྱ་སྟེ། འདི་ནི་བྷུ་ལ་སོགས་པའི་ཨམ་འགྲོ་བ་ལའོ་ཞེས་པ་འདིའི་གཟུགས་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཙུར་ལ་སོགས་པའི་ཨམ་ནད་ལའོ་ཞེས་པ་འདིའི་ཡིན་ནོ། །ཨམ་ནད་ལའོ། །ཙུར་སོགས་ལས་ཀྱང་ངོ་ཞེས་པས་ཨིནའོ། །ཨའི་ཨུ་པ་དྷཱ་རིང་པོའོ། །དེ་ལས་དབྱངས་དང་བྲྀ་དྲི་ག་མི་ཞེས་པས་ཨ་ལའོ། །
เล่ม ๑๙๕ · หน้า 252a
ཀཱ་རི་ཏ་དབྱིའོ། །བི་ཤྲཱམཿ། ཤྲ་མུ་དཀའ་དུབ་ལ་སྟེ་སྐྱོ་བ་ལའོ། །བི་སྔ་མ་དང་གྷཉ། ཇི་ལྟར་ཞེ་ན་བརྗོད་པར་བྱ་སྟེ་སྦྱོར་བ་འདི་ནི་ལེགས་པ་མ་ཡིན་གྱི། བི་ཤྲ་མཿ། ཞེས་པ་ལྟར་འབྱུང་བར་བྱའོ། །དཱི་དྷཱི་བེ་བཱི་དག་གིའང་ངོ་། །མ་ཡིན་ནོ་ཞེས་པ་ཁོ་ནའོ། །དཱི་དྷཱིང་གསལ་བ་ལའོ། །བེ་བཱིད་བྱ་
དགའ་མཚུངས་པ་ལའོ་ཞེས་པ་འདི་དག་གི་ཉ་ཎ་རྗེས་སུ་འབྲེལ་པ་ཕ་རོལ་ལ་ཨིཙ་དང་འདྲ་བའི་བྱ་བར་མི་འགྱུར་རོ། །ཨཱ་དཱི་དྷྱ་ཀཿ། ཨ་དཱི་དྷྱ་ཀཿ། ཨཱ་བེ་བྱ་ཀཿ། ཨཱ་བེེ་བྱ་ཀཿ། གསལ་བར་བྱེད་པའི་ངང་ཚུལ་དང་བྱ་དགའ་མཚུངས་པའི་ངང་ཚུལ་ལོ་ཞེས་པ་ནི་ནྟི་ཧིཾ་སི་ཞེས་པས་བུཉའོ། །གསལ་བར་བྱེད་དོ་བྱ་
དགའ་མཚུངས་པར་བྱེད་དོ་ཞེས་པས་བུཎའོ། །ཨིའི་ཡི་གེ་ཞེས་པས་ཡའོ། །ཤ་ལ་བྱིངས་ཐམས་ཅད་པ་བཞིན་ནོ། །ཤ་རྗེས་སུ་འབྲེལ་པ་ལ་ཞེས་པ་རྗེས་སུ་འཇུག་སྟེ་མདོ་ཕྱི་མ་དག་ལའོ། །ཤ་རྗེས་སུ་འབྲེལ་པའི་རྐྱེན་ཕ་རོལ་ལ་བྱིངས་ཐམས་ཅད་པ་དང་འདྲ་བའི་དངོས་པོར་འགྱུར་ཏེ། བྱིངས་ཐམས་
ཅད་པ་ལ་གང་བཤད་པ་དེ་ཤ་ཡིག་རྗེས་སུ་འབྲེལ་པ་ལའང་འགྱུར་རོ་ཞེས་པའི་དོན་ཏོ། །ཛུ་ཧྭ་ཏྲ། ཧུ་སྦྱིན་པ་ལའོ། །ད་ལྟར་བ་ལ་ཤནྟྀང་ཞེས་པས་ཤནྟྀངའོ། །ང་ཡིག་ནི་ང་ལ་ཡོན་ཏན་མ་ཡིན་ནོ་ཞེས་པའི་དོན་ཏོ། །རྀ་ཡིག་ནི་ཨུད་དང་རྀ་ཞེས་པའི་དོན་ཏོ། །ཤ་ཡིག་ནི་འདིའི་དོན་ཏོ། །བྱིངས་ཐམས་ཅད་པ་དང་འདྲ་
བར་འགྱུར་བའི་ཕྱིར་ཨན་བི་ཀར་ཎའོ། །ཛུ་ཧོ་ཏི་ལ་སོགས་པ་རྣམས་ལས་འཇིག་གོ། །ཛུ་ཧོ་ཏི་ལ་སོགས་པ་རྣམས་ཀྱི་གཉིས་བརྗོད་པའོ། །ཛུ་ཧོ་ཏིའི་བྱིངས་ཐམས་ཅད་ལའོ་ཞེས་པས་ཝ་ཉིད་དོ། །ཨ་བྷྱཱ་སྟ་ལས་དབྱིའོ་ཞེས་པས་ན་ཡིག་དབྱིའོ། །པ་ཙ་ན། པ་ཐ་ན། སྔ་མ་བཞིན་དུ་ཤནྟྲྀངའོ། །ཨན་བི་ཀ་ར་ཎའོ། །
ཨ་དང་མཚམས་སྦྱོར་གྱི་ཡི་གེ་དབྱིའོ། །ང་ལ་ཡོན་ཏན་མ་ཡིན། ང་རྗེས་སུ་འབྲེལ་པའི་རྐྱེན་ཕ་རོལ་ལ་ཡོན་ཏན་འགྱུར་བ་མ་ཡིན་ནོ། །བི་ད་ན། ལི་ཧ་ན། སུ་ནྭ་ན། བིད་ཤེས་པ་ལའོ། །ལིཧ་རོ་མྱང་བ་ལའོ། །ཥུཉ་འཁྲུད་པ་ལའོ། །སྔ་མ་བཞིན་དུ་ཤནྟྲྀང་དང་ཨན་བི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། །སུ་ལ་
སོགས་པ་ལས་ནུའོ། །ནུའི་བི་ཀ་ར་ཎའོ་ཞེས་པས་ཝ་ཉིད་དོ། །ཀལ་ཡཎ་བཞིན་འང་སྟེ་ཡ་ལ་བརྗོད་པ་བོར་བའོ། །ཡལ་བཤད་པ་ནི་ཡ་ལ་བརྗོད་པའོ། །བྲྀ་ཛི་ལས་ཙུར་ལ་སོགས་པ་ཉིད་ཀྱི་ཕྱིར་ཨིནའོ། །ཀྲྀ་ཏྱ་ཡུག་རྣམས་གཞན་ལའང་ཞེས་པས་ཎམའོ། །ཀ་རྗེས་སུ་འབྲེལ་བའི་རྐྱེན་ལ་ཡཎ་དང་འདྲ་བའི་
เล่ม ๑๙๕ · หน้า 252b
དངོས་པོར་འགྱུར་ཞིང་། ཡལ་བརྗོད་པ་བོར་བ་སྟེ། གང་ཡ་ཡིག་ལ་བཤད་པ་ཡཎ་དང་ཨཱ་ཤཱིཥ་དག་ལའོ་ཞེས་པ་ལ་སོགས་པ་དེ་དོར་བའོ་ཞེས་པའི་དོན་ཏོ། །ཀྲྀ་ཏཿ། ཀྲྀ་ཏ་ཝ་ན། ཧྲི་ཏཿ། ཧྲི་ཏ་ཝཱ་ནཿ། བྱ་བའོ། །བྱེད་དོ། །འཕྲོག་པའོ། །འཕྲོག་གོ་ཞེས་པ་ནིཥྛའོ་ཞེས་པས་ཀྟ་དང་ཀྟ་ཝནྟུའོ། །ཡཎ་དང་
འདྲ་བར་འགྱུར་བའི་ཕྱིར་ཡོན་ཏན་མེད་དོ། །གྲྀཧཱེཏཿ། གྲྀཧཱིཏ་ཝཱན། འཛིན་པར་བྱས་ཟིན་ཏོ། །འཛིན་པར་བྱེད་ཟིན་ཏོ། །སྔ་མ་བཞིན་དུ་ཀྟ་དང་ཀྟ་ཝནྟུའོ། །ཨིཊའོ། །གྲ་ཧི་ལས་པ་རོ྅ཀྵ་མིན་པ་ལ་ཨིཊའི་རིང་པོའོ། །ཡཎ་དང་འདྲ་བར་འགྱུར་བའི་ཕྱིར་གྲ་ཧི་ཛྱ་ཞེས་པས་ས་པྲ་སཱ་ར་ཎའོ། །ཡ་ལ་བརྗོད་པ་
བོར་བའོ་ཞེས་པ་ཅི་ཞེ་ན། ཀྲྀ་ཏཿ། ཙིཏཿ། འདི་ལ་ཡཎ་དང་ཨཱ་ཤཱཥི་དག་ལ་ཡ་ལའོ་ཞེས་པ་དང་། ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཤཱཥི་ཞེས་པས་རིམ་པ་ཇི་ལྟ་བར་ཨི་ཨཱ་ག་མ་དང་རིང་པོར་ཡང་མི་འགྱུར་རོ། །ཛ་གྲྀའི་ཀྲྀཏ་ལ་ཤནྟྀང་བི་དག་མ་ཡིན་པ་ལའོ། །ཛཱ་གརྟིའི་ཀྲྀཏ་ཕ་རོལ་ལ་ཤནྟྀང་དང་བི་ཞེས་པ་འདི་དག་
བོར་བ་ལ་ཡཎ་དང་འདྲ་བའི་དངོས་པོར་འགྱུར་རོ། །ཛཱ་ག་རཿ། ཛཱ་ག་ར་ཀཿ། སད་པའོ་ཞེས་པས་གྷཉའོ། །སད་པར་བྱེད་དོ་ཞེས་པས་བུཎའོ། །ཡཎ་དང་འདྲ་བར་འགྱུར་བའི་ཕྱིར་ཡཎ་ཨཱ་ཤཱཥི་དག་གི་ཡ་ལའོ་ཞེས་པ་འདིས་ཡོན་ཏན་ནོ། །ཛཱ་ག་རི་ཏཿ། ཛཱ་ག་རི་ཏ་ཝཱན། སད་དོ་ཞེས་པས་འགྲོ་བའི་དོན་དང་ལས་མེད་
པ་ཞེས་པས་ཀའོ། །ནིཥྛའོ་ཞེས་པས་ཀྟ་ཝནྟུའོ། །ཨིཊའོ། །ཡོན་ཏན་ཏེ་སྔ་མ་བཞིན་ནོ། །ཀྲྀཏ་ལ་ཞེས་པ་ཅི་ཞེ་ན། ཛཱ་གྲི་ཏཿ། བརྟ་མཱ་ནའི་ཏས་སོ། །ཤནྟྲྀང་དང་བི་དག་མ་ཡིན་པ་ཞེས་པ་ཅི་ཞེ་ན། ཛཱ་གྲ་ཏ། བརྟ་མཱ་ན་ལ་ཤནྟྲྀངའོ་ཞེས་པས་ཤནྟྲྀངའོ། །ཨན་བི་ཀ་ར་ཎའོ། །ཨད་སོགས་ལས་འཇིག་གོ། །
ཨ་བྷྱསྟ་ལས་དབྱིའོ་ཞེས་པས་ན་དབྱིའོ། །ཛཱ་གྲྀ་བིཿ། ཛ་གྲྀ་སྟི་ཛ་གྲྀ་རྣམས་ལས་ཀྭི་ནའོ་ཞེས་པས་ཀྭིནའོ། །སྒྲ་ལྡན་དང་ཏི་དག་ལའང་ཀྲྀཏའོ་ཞེས་པས་ཨིཊ་མེད་དོ། །རུད་སོགས་དང་ཀྵུདྷ་ཀུ་ཥ་གུ་དྷ་མྲྀད་མྲྀཌ་བད་བས་གྲཧ་རྣམས་མ་ཡིན་པ་ཨིཊ་དང་བཅས་པའི་ཀྟ་ཡོན་ཏན་ཅན་ནོ། །འདི་ལ་ཡོན་ཏན་ཡོད་
དོ་ཞེས་པས་ཡོན་ཏན་ཅན་ནོ། །གང་རྣམས་ཀྱི་དང་པོ་རུཏ་སོགས་རྣམས་སོ། །དེ་རྣམས་ཀྵུ་དྷ་སོགས་དང་ལྷན་ཅིག་ཟླས་དབྱེ་བྱས་པ་ལན་ཉའི་བསྡུ་བའོ། །བྱིངས་ལས་ཕ་རོལ་གྱི་ཀྟྭའི་རྐྱེན་ཨིཊ་དང་བཅས་པ་ཡོན་ཏན་ཅན་དུ་འགྱུར་ཏེ། རུཏ་ལ་སོགས་པ་དང་ཀྵུ་དྷ་དང་ཀུཥ་དང་ཀླིཤ་དང་གུ་དྷ་དང་མྲྀད་
เล่ม ๑๙๕ · หน้า 253a
དང་མྲྀཌ་དང་བང་དང་བས་དང་གྲཧ་རྣམས་མ་ཡིན་པའོ། །རུཏ་སོགས་རྣམས་ཀྱི་ནི། རུ་དིར་མཆི་མ་འཛག་པ་ལའོ། །བིད་ཤེས་པ་ལའོ། །མུཥ་རྐུ་བ་ལའོ། །ཞེས་པ་འདི་རྣམས་དང་། དེ་བཞིན་དུ། ཀྵུདྷ་བཀྲེས་པ་ལའོ། །ཀུཥ་འབྱིན་པ་ལའོ། །ཀླི་ཤྦུ་རྣམ་པར་གནོད་པ་ལའོ། །ཀླིཤ་ཉེ་བར་
གདུང་བ་ལའོ་ཞེས་པ་ཡང་ནའོ། །གུདྷ་ཡོངས་སུ་དཀྲིས་པ་ལའོ། །མྲྀད་ཞིབ་མོར་བྱེད་པ་ལའོ། །མྲྀཌ་བདེ་བ་ལའོ། །བད་གསལ་བར་སྨྲ་བ་ལའོ། །བས་གནས་པ་ལའོ། །གྲཧ་ཉེ་བར་ལེན་པ་ལའོ་ཞེས་པ་འདི་རྣམས་ཀྱི་ཀྟྭའི་རྐྱེན་གང་ཡིན་པ་དེའི་ཡོན་ཏན་དུ་མི་འགྱུར་རོ། །རུང་སོགས་རྣམས་ནི་རུ་ད་བིད་མུཥ་རྣམས་ཀྱི་
སན་ལའོ་ཞེས་པ་འདིར་གང་གཟུང་བ་དེ་རྣམས་སོ། །ཀ་ལ་ཡཎ་བཞིན་ནོ་ཞེས་ཡོན་ཏན་དགག་པ་ཐོབ་པ་ལས་སོ། །བརྟི་ཏྭཱ། བིརྡྷི་ཏྭཱ། དེ་པི་ཏཱ། པྲི་ཏུ་འཇུག་པ་ལའོ། །བྲིདྷུ་འཕེལ་བའི་བྱིངས་སོ། །དེ་བུ་རྩེ་བ་ལའོ། །འཇུག་པའོ། །འཕེལ་བའོ། །རྩེ་བའོ་ཞེས་པ་བྱེད་པ་པོ་གཅིག་པ་དག་གི་སྔ་མའི་དུས་ལའོ་ཞེས་
པས་ཀྟའོ། །ཨིཊའོ། །ཡོན་ཏན་ནོ། །ཤཾས་ཏྭཱི། ཤནྶུ་བསྟོད་པ་ལའོ། །ཡོན་ཏན་ཅན་གྱི་ཕྱིར་ཨ་ནུ་ཥཾ་ག་དབྱི་བ་མེད་དོ། །ཀྟྭ་ཞེས་པ་ཅི་ཞེ་ན། ནི་ཀུ་ཙི་ཏི། དངོས་པོའི་དོན་ལ་བུད་མེད་ལ་ཀྟིའོ། །ཨིཊའོ། །སྒྲ་ལྡན་དང་ཏི་དག་ལ་ཀྲྀཏ་ལའོ་ཞེས་པའི་ཨིཊ་དགག་པ་འདིར་མི་འགྱུར་ཏེ། ན་ཉས་བསྟན་པ་ནི་མི་རྟག་པའོ་
ཞེས་པའི་ཚིག་གོ། །ཨིཊ་དང་བཅས་པ་ཞེས་པ་ཅི་ཞེ་ན། ཀྲྀཏྭཱ། རུཏ་སོགས་དང་ཀྵུདྷ་སོགས་མིན་པ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། རུ་ད་ཏྭཱ། བེ་ད་ཏྭི། མུ་ཥི་ཏྭཱ། ཀྵུ་དྷི་ཏྭཱ། ཀུ་ཥི་ཏྭཱ། ཀླི་ཤི་ཏྭ། གུ་དྷི་ཏྭཱ། མྲྀ་ད་ཏྭི། མྲྀ་ཌ་ཏྭི། ཨུ་ད་ཏྭི། ཨུ་ཥི་ཏྭཱ། གྲི་ཧཱ་ཏྭཱ། སྭ་པི་བ་ཙི་ཞེས་པས་བ་དི་དང་བ་སི་དག་གི་སཾ་པྲ་སཱ་ར་ཎའོ། །
ཤཱ་སི་བ་སི་ཞེས་པས་ཥའོ། །ཀྵུ་དྷི་བས་དག་གི་འང་ངོ་ཞེས་པས་ཀྵུ་དྷི་དང་བས་དག་གི་ཨིཊའོ། །གྲ་ཧི་ཛྱ་བ་ཡི་ཞེས་པས་སཾ་པྲ་སཱ་ར་ཎའོ། །པ་སི་རོ་མྱོང་བ་ལའོ་ཞེས་པ་འདི་འཛིན་པ་མ་ཡིན་ཏེ། སཾ་པྲ་སཱ་ར་ཎ་མེད་པའི་ཕྱིར་ཡོན་ཏན་ཅན་ཉིད་དུ་ཡོད་པའམ་མེད་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །སྐནད་སྱནྡ་དག་གི་ཀྟྭའོ། །
ཡོན་ཏན་ཅན་ཞེས་པ་རྗེས་སུ་འཇུག་སྟེ། ཧླདའི་ཐུང་ངུའོ་ཞེས་པ་འདི་ལས་གོང་དུའོ། །སྐནྡིར་སྐེམ་པ་ལའོ། །སྱནྡུ་འཛག་པ་ལའོ་ཞེས་པ་འདི་དག་གི་ཀྟྭའི་རྐྱེན་ལ་ཡོན་ཏན་དུ་འགྱུར་རོ། །ཨིཊ་དང་བཅས་པ་མ་ཡིན་པའི་དོན་དུ་བརྗོད་པའོ། །སྐཾཏྟྭཱ། སྱཾཏྟྭཱ། བྱེད་པ་པོ་གཅིག་དག་གི་སྔ་མའི་དུས་ལའོ་ཞེས་པས་ཀྟྭཱའོ། །
เล่ม ๑๙๕ · หน้า 253b
སྐནྡིནི་ཨ་དེ་ནུ་ངི་ཞེས་པས་ཨིཊ་མེད་པའོ་སྱནྡི་ནི་ཨུཏ་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་ཨིཊ་ཡང་ནའོ། །སླར་ཡང་ཀྟ་སྨོས་པ་ནི་ཡཔ་ཏུ་བསྒྱུར་བ་བྱས་ན་ཡོན་ཏན་ཅན་ཉིད་བཟློག་པའི་དོན་དུའོ། །གནས་ཅན་བཞིན་འབྱུང་བའི་ཕྱིར་འགྱུར་རོ། །པྲ་སྐརད། པྲསྱདྱ། ཚིག་སྡུད་ལ་འབྱུང་བ་ལ་ཞེས་པས་ཀྟྭཱའི་རྐྱེན་གྱི་ཡ་པའོ། །ཡོན་ཏན་
ཅན་ཉིད་དུ་མི་འགྱུར་བའི་ཕྱིར་ཨ་ནུ་ཥཾ་ག་དབྱིའོ། །གསལ་བྱེད་དང་པོ་ཨུ་ཨི་ཨུ་པ་དྷཱ་ཅན་གྱི་ཝ་མིན་པའི་ཡང་ནའོ། །ཨུ་དང་ཨི་ནི་ཨུ་དང་ཨི་དག་གོ། །ཨུ་དང་ཨི་དག་གང་གི་ཨུ་པ་དྷཱ་ཡིན་པ་དེ་ནི་ཨུ་དང་ཨི་ཨུ་པ་དྷཱ་ཅན་ནོ། །གང་ལ་ཝ་ཡིག་གི་མཐའ་མེད་པ་དེ་ནི་པ་མིན་པ་སྟེ་བ་མིན་པ་དེའིའོ། །དང་པོ་དབྱིའོ་ཞེས་པའི་
ཚིག་ལས་མཐའི་སྦྲ་དབྱིའོ། །བྱིངས་གསལ་བྱེད་དང་པོ་ཅན་ཨུ་ཡིག་དང་ཨི་ཡིག་གི་ཨུ་པ་དྷཱ་ཅན་བ་ཡིག་མཐའ་ཅན་མིན་པའི་ཀྟྭཱའི་རྐྱེན་ཨིཊ་དང་བཅས་པའི་ཡང་ན་ཡོན་ཏན་ཅན་དུ་འགྱུར་རོ། །ཨིཊ་དང་བཅས་པའི་ཀྟྭཱ་ཡོན་ཏན་ཅན་ནོ་ཞེས་པས་རྟག་ཏུ་ཡོན་ཏན་ཉིད་དུ་ཐོབ་པ་ལའོ། །ཏྱོ་ཏི་ཏྭཱ། དྷོ་ཏི་ཏྭཱ། ལོ་ཁ་ཏྭི།
ལི་ཁི་ཏྭཱ། གསལ་བྱེད་དང་པོ་ཅན་ལ་ཞེས་པ་ཅི་ཞེ་ན། ཨེ་ཥི་ཏྭཱ། ཨོ་ཥི་ཏྭཱ། ཨི་ཥུ་འདོད་པ་ལའོ། །ཨུཥ་བསྲེག་པ་ལའོ། །ཨུ་ཨི་ཨུ་པ་དྷཱ་ཅན་འི་ཞེས་པ་ཅི་ཞེ་ན། ན་རྟ་ཏྭཱི། ནྭི་ཏཱི་ལུས་རྣམ་པར་འགྱུར་བ་ལའོ། །ཝ་མིན་པའི་ཞེས་པ་ཅི་ཞེ་ན།དེ་བ་ཏྭཱི། ཐམས་ཅད་ཨིཊ་དང་བཅས་པའི་ཀྟྭ་ཡོན་ཏན་ཅན་ནོ་
ཞེས་པས་ཡོན་ཏན་ཅན་ཉིད་དོ། །ཨིཊ་དང་བཅས་པ་ཞེས་པ་ཅི་ཞེ་ན། ནུཏྟྭཱ། བྷིཏྟྭཱ། ནུད་བསྐུལ་བ་ལའོ། །བྷི་དིར་རྣམ་པར་འཇོམས་པ་ལའོ། །ཨུ་ཨི་ཨུ་པ་དྷ་ཅན་གྱི་ཞེས་པ་འདི་ལས་ཨུ་ཡིག་དང་ཨཱི་ཡིག་དག་འཛིན་པ་མ་ཡིན་ཏེ་བཤད་པ་ལས་སོ། །གསལ་བྱེད་དང་པོ་ཅན་ཨུ་ཨི་ཨུ་པ་དྷཱ་ཅན་ཝ་ཡིག་
མཐའ་ཅན་མ་ཡིན་པའི་གང་ཨིཊ་དང་བཅས་པའི་སན་དེ་ནི་ཡང་ན་ཡོན་ཏན་ཅན་ཉིད་དུ་བཤད་པར་བྱའོ། །རུ་རོ་ཙི་ཥ་ཏེ། རུ་རུ་ཙི་ཥ་ཏེ། ལི་ལེ་ཁི་ཥ་ཏི། ལི་ལི་ཁི་ཥ་ཏི། ཨིཊ་དང་བཅས་པ་ཞེས་པ་ཅི་ཞེ་ན། བི་བྷཏྶཏི། བྷི་དིར་རྣམ་པར་འཇོམས་པ་ལའོ། །ཏྲྀ་ཥི། མྲྀ་ཥི། ཀྲྀ་ཥི་བཉྩི་ལུ་ཉྩ་རྀ་ཏ་རྣམས་ཀྱི་འང་ངོ་། །ཡང་
ན་ཞེས་པ་འཇུག་སྟེ། ཤིང་སུང་ཞེས་པ་འདི་ལས་གོང་དུའོ། །ཉིཏྲྀཥ་སྐོམ་པ་ལའོ། །མྲིཥ་བཟོད་པ་ལའོ། །ཀྲྀཥ་ཆུང་ངུར་བྱེད་པ་ལའོ། །པཉྩ་འགྲོ་བའི་དོན་ནོ། །ལུནྩ་ངེས་པར་སེལ་བ་ལའོ། །རྀ་ཏི་མདོ་ལས་འབྱུང་བའི་བྱིངས་སོ། །འདི་རྣམས་ཀྱི་ཀྟྭའི་རྐྱེན་ཨིཊ་དང་བཅས་པའི་ཡང་ན་ཡོན་ཏན་ཅན་དུ་འགྱུར་རོ། །
เล่ม ๑๙๕ · หน้า 254a
ཏཪྵི་ཏྭཱ། ཏྲྀཥི་ཏྭཱ། མཪྵི་ཏྭཱ། མྲྀཥི་ཏྭཱ། ཀཪྵིཏྭཱ། ཀྲྀཥི་ཏྭཱ། བཉྩི་ཏྭཱ། བ་ཙི་ཏྭཱ། ལུཉྩི་ཏྭཱ། ལུ་ཙི་ཏྭཱ། ཨརྟི་ཏྭཱ། རྀ་ཏི་ཏྭཱ། ཡོན་ཏན་ཅན་ཉིད་ཀྱི་ཕྱོགས་ལ་ཡོན་ཏན་ཏེ། བཉྩི་ལུཉྩི་དག་གིའང་ཨ་ནུཥཾ་ག་དབྱི་བར་མི་འགྱུར་རོ། །ཨིཊ་དང་བཅས་པ་ཞེས་པ་ཅི་ཞེ་ན། བཀྟྭཱ། བཉྩུ་འགྲོ་བཾ་ལའོ། །
ཨུཏ་རྗེས་སུ་འབྲེལ་པ་དང་པུང་ཞེས་པའི་ཕྱོགས་ལ་ཨིཊའི་ཡོན་ཏན་ཉིད་དུ་མི་འགྱུར་བའི་ཕྱིར་ཨ་ནུ་ཥཾ་ག་དབྱིའོ། །རྀཏ་ཅེས་པས་རྀ་ཡིག་མཐའ་རྣམས་གཟུང་བར་མི་བྱ་སྟེ་བཤད་པ་ལས་སོ། །ཐ་དང་ཕ་མཐའ་རྣམས་ཀྱིའང་ཨ་ནུ་ཥཾ་ག་ཅན་རྣམས་ཀྱིའོ། །ཐ་ཡིག་དང་ཕ་ཡིག་མཐའ་ཅན་རྣམས་ཀྱི་བྱིངས་རྣམས་ཀྱིའང་
ཨ་ནུ་ཥཾ་ག་ཅན་རྣམས་ཀྱི་ཀྟྭཱའི་རྐྱེན་ལ་ཡང་ན་ཡོན་ཏན་ཅན་ཉིད་དོ། །གྲནྠིཏྭཱ། གྲཐིཏྭཱ། གུམྥིཏྭཱ། གུ་ཕི་ཏྭཱ། གྲནྠ་གཞུང་སྒྲིག་པ་ལའོ། །གུཾ་ཕ་འཁྱུད་པ་ལའོ། །ཐ་དང་ཕ་མཐའ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཤནྶི་ཏྭཱ། ཨིཊ་དང་བཅས་པའི་ཀྟྭཱ་ཡོན་ཏན་ཅན་ནོ་ཞེས་པས་ཡོན་ཏན་ཅན་ཉིད་དོ། །ཨ་ནུ་ཥཾ་ག་ཅན་རྣམས་ཀྱི་
ཞེས་པ་ཅི་ཞེ་ན། ཀོ་ཐི་ཏྭཱ། རེ་ཕི་ཏྭཱ། ཀུ་ཐ་རུལ་བར་འགྱུར་བ་ལའོ། །རི་ཕ་དང་རི་ཎ་ཕ་འགྲོ་བ་ལའོ། །ཛ་མཐའ་དང་ན་ཤ་རྣམས་ཀྱི་ཨིཊ་མེད་པ་རྣམས་ཀྱིའོ། །ཨ་ནུ་ཥཾ་ག་ཅན་རྣམས་ཀྱི་ཞེས་པ་ཁོ་ནའོ། །བྱིངས་ཛ་ཡིག་གི་མཐའ་ཅན་ཨ་ནུ་ཥཾ་ག་ཅན་ཨིཊ་མེད་པ་རྣམས་ཀྱི་དང་ན་ཤིའིའང་ཀྟྭཱའི་རྐྱེན་ཡོན་ཏན་ཅན་དུ་ཡང་ན་
འགྱུར་རོ། །བྷཾཀྟྭཱ། བྷཀྟྭཱ། རཾཀྟྭཱ། རཀྟྭཱ། བྷཉྫོ་ཉེད་པ་ལའོ། །རཉྫ་ཚོས་པ་ལའོ། །ཡུ་ཛི་རུ་ཛི་ཞེས་པས་ཨིཊ་མེད་དོ། །ནཾཥྚྭཱ། ནཥྚྭཱ། ན་ཤ་མི་མཐོང་བ་ལའོ། །རདྷ་སོགས་ཉིད་ཀྱི་ཕྱིར་ཨིཊ་རྣམ་བར་བརྟག་པའོ། །མསྫི་ན་ཤ་དག་གི་དྷུཊ་ལའོ་ཞེས་པས་ན་ཡིག་ཨཱ་ག་མའོ། །ཚ་ཤ་དག་གི་འང་པོ་ཞེས་པས་ཥའོ། །ཡོན་ཏན་ཅན་
ཉིད་དུ་མི་འགྱུར་བའི་ཕྱོགས་ལ་ཨ་ནུ་ཥཾ་ག་དབྱིའོ། །ཨ་ནུ་ཥཾ་ག་ཅན་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཡུཀྟྭཱ། ཡུ་ཛིར་སྦྱོར་བ་ལའོ། །ཨིཊ་མེད་པ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། ཨཉྫི་ཏྭཱ། ཨཉྫུ་གསལ་པ་ལའོ། །ཤཱིང་པུད་དྷྲྀ་ཥིཀྵྭི་དིཥྭི་དི་མིང་རྣམས་ཀྱི་ཨིཊ་དང་བཅས་པའི་ནིཥྛཱའོ། །ཤཱིང་ཉལ་བ་ལའོ། །པུང་དག་པར་བྱེད་པ་ལའོ། །
ཉི་དྷྲྀཥཱ་སྤྱི་བརྟོལ་ཅན་ལའོ། །ཉི་ཀྵྭི་དཱ་སྣུམ་པ་དང་རྨོངས་པ་དག་ལའོ། །ཥྭི་དཱ་ལུས་ཀྱི་རྔམ་འབྱུང་བ་ལའོ། །ཉི་མི་དཱ་སྣུམ་པ་ལའོ། །འདི་རྣམས་ཀྱི་ནིཥྛཱའི་རྐྱེན་ཨིཊ་དང་བཅས་པ་ནི་ཡོན་ཏན་ཅན་དུ་འགྱུར་རོ། །ཀ་ལ་ཡཎ་བཞིན་ཞེས་པ་དགག་པ་ཐོབ་པ་རྣམས་སོ། །ཤ་ཡི་ཏཿ། ཤ་ཡི་ཏ་ཝཱན། པ་བི་ཏཿ། པ་བི་ཏ་ཝཱན། པྲཱ་
เล่ม ๑๙๕ · หน้า 254b
དྷཪྵི་ཏཿ། པྲཱ་དྷཪྵིཏ་སཱན། པྲ་ཀྵྭེ་དི་ཏཿ། པྲ་ཀྵྭེ་དི་ཏ་བཱཎ། པྲ་སྭེ་དི་ཏཿ། པྲ་སྭེ་དི་ཏ་ཝཱན། པྲ་མེ་དི་ཏཿ། པྲ་མེ་དི་ཏ་བཱན། ཉི་ཌྷྀ་ཥཱ་ཞེས་པ་ལ་སོགས་པ་རྣམས་ཀྱི་ཨཱ་ཡིག་ནི་ཨཱ་ཏ་རྗེས་སུ་འབྲེལ་པ་འང་ངོ་ཞེས་ཨཱི་དོན་ཏོ། །ཉལ་བར་བྱེད་དོ་ཞེས་པས་ཉི་རྗེས་སུ་འབྲེལ་པ་དང་འདོད་པ་ཞེས་པ་འདི་དང་འང་གི་སྒྲ་ལས་
འཇུག་བཞིན་པ་ལ་ཀྟའོ། །ནིཥྛཱའོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །དག་པར་བྱས་སོ། །དག་པར་བྱེད་ཟིན་ཏོ་ཞེས་པས་ཀྟ་དང་ཀྟ་བནྟུའོ། །དཔལ་མགོ་མཐོ་བ་ལ་སོགས་པའི་ཆེད་དུ་རབ་ཏུ་ཞུགས་སོ་ཞེས་པ་ལ་སོགས་པ་དག་གོ། །དང་པོའི་ལས་ལ་ཀྟའོ། །བྱེད་པ་པོ་ལའང་ཞེས་པས་ཀྟའོ། །པུང་ཀླི་ཤྲ་ཞེས་པས་ཨི་ཊའོ། །
ལྷག་མ་རྣམས་ཀྱི་དངོས་པོ་དང་། དང་པོའི་ལས་དག་ལ་ཡང་ནའོ་ཞེས་པས་སོ། །ཨིཊ་དང་བཅས་པ་ཞེས་པ་ཅི་ཞེ་ན། པུ་ཏཿ། པྲ་དྷྀཥྚཿ། མྲྀཥ་ལས་བཟོད་པ་ལའོ། །བཟོད་པ་ལ་འཇུག་བཞིན་པའི་མྲྀཥཾ་བཟོད་པ་ལའོ་ཞེས་བ་འདི་ལས་ཕ་རོལ་གྱི་རྐྱེན་ནིཥྛའི་ཨིཊ་དང་བཅས་པ་ཡོན་ཏན་ཅན་དུ་འགྱུར་རོ། །མཪྵི་ཏཿ།
མཪྵིཏ་ཝཱན། བཟོད་པ་བྱས་སོ། །བཟོད་པ་བྱེད་ཟིན་ཏོ། །ཞེས་པ་ནིཥྛའོ་ཞེས་པས་ཀྟ་དང་ཀྟ་ཝནྟུའོ། །བཟོད་པ་ཞེས་པ་ཅི་ཞེ་ན། ཨ་པ་མྲྀ་ཥི་ཏཾ། ངག་སྨྲས་སོ། །དངོས་པོ་དང་དང་པོའི་ལས་དག་ལ་ཨུཏ་ཨུ་པ་དྷཱ་ལས་ཡང་ནའོ། །དངོས་པོ་དང་དང་པོའི་ལས་ཀྱི་དོན་ལ། ནིཥྛའི་རྐྱེན་ཨུཏ་ཨུ་པ་དྷཱ་ཅན་གྱི་བྱིངས་ལས་ཕ་རོལ་
ཨིཊ་དང་བཅས་པ་ནི་ཡང་ན་ཡོན་ཏན་ཅན་དུ་འགྱུར་རོ། །དྱོ་དི་ཏཾ། དྱུ་ཏི་ཏཾ། མོ་དི་ཏཾ། མུདིཏཾ། དྱུཏ་འབར་བ་ལའོ། །མུད་དགའ་བ་ལའོ། །གསལ་བ་ཉིད་དང་དགའ་བ་ཉིད་དོ་ཞེས་པས་དངོས་པོ་ལ་མ་ནིང་ལ་ཀྟའོ། །དང་པོའི་ལས་ལ། །པྲ་དྱོ་དི་ཏཿ། པྲདྷུ་ཏི་ཏཿ། པྲ་མོ་དི་ཏཿ། པྲ་མུ་དི་ཏཿ། གསལ་བའི་ཆེད་དུ་རབ་ཏུ་ཞུགས་
སོ་དགའ་བའི་ཆེད་དུ་རབ་ཏུ་ཞུགས་སོ་ཞེས་པས་དང་པོའི་ལས་ལ་ཀྟའོ། །དངོས་པོ་དང་དང་པོའི་ལས་ལ་ཞེས་པ་ཅི་ཞེ་ན། མུ་དི་ཏཿ། དགའ་བར་བྱེད་དོ་ཞེས་པས་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་བྱེད་པ་པོ་ཀྟའོ། །ཨུད་ཨུ་པ་དྷཱ་ཅན་ལས་ཞེས་པ་ཅི་ཞེ་ན། ལི་ཁི་ཏཾ། དངོས་པོ་ལ་མ་ནིང་ལ་ཀྟའོ། །ཡང་ནའི་
སྒྲ་ནི་རྣམ་པར་གཞག་པ་རྣམ་པར་བཤད་བརྗོད་པར་བྱེད་པ་སྟེ། དེས་ན་ཨུཏ་ཨུ་པ་དྷཱ་གང་རྣམས་ཀྱི་ཨན་བི་ཀ་ར་ཎ་ལ་ཡོན་ཏན་མཐོང་བ་དེ་རྣམས་གཟུང་བར་བྱའོ། །དེས་ན་འདིར་མི་འགྱུར་རོ། །གུ་དྷི་ཏཾ། གུ་དྷ་ཡོངས་སུ་བསྐོར་བ་ལའོ་ཞེས་པ་འདི་དི་བ་ལ་སོགས་པའོ། །སྔ་མ་བཞིན་ཀྟའོ། །ཧླཱ་དའི་ཐུང་ངུའོ། །ནིཥྛ་
เล่ม ๑๙๕ · หน้า 255a
སྨོས་པ་སྦྲེལ་བར་བྱའོ། །དེ་ལ་དོན་གྱི་དབང་ལས་བདུན་པའི་མཐའ་ཅན་དུ་ཤེས་པར་བྱའོ། །ཧླཱདཱི་བདེ་བ་ལའང་ངོ་ཞེས་པ་འདིའི་ནིཥྛཱ་ཕ་རོལ་ལ་ཐུང་ངུར་འགྱུར་རོ། །པྲཧླནྣཿ། པྲཧླནྣ་ཝཱན། རབ་ཏུ་བདེ་བར་བྱས་སོ་ཞེས་པས་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །ནིཥྛཱའོ་ཞེས་པས་
ཀྟ་ཝནྟུའོ། །ཌི་ཤྭེ་ཞེས་པས་ཨིཊ་མེད་དོ། །འདིས་ཐུང་ངུའོ། །ད་ལས་སྔ་མའི་དའི་འང་ངོ་ཞེས་པས་ནིཥྛ་ན་ཉིད་དེ། སྔ་མའི་དའི་འང་ནའོ། །ནིཥྛཱ་ལ་ཞེས་པ་ཅི་ཞེ་ན། ཨཱཧླཱ་ད་ཡ་ཏི། ཀུན་ནས་བདེ་བར་བྱེད་པ་ལ་རབ་ཏུ་སྦྱོར་རོ་ཞེས་པས་ཨིནའོ། །ཀྟིའི་རྐྱེན་ལའང་འདོད་དེ། པྲཧླཏྟིཿ། དངོས་པོའི་དོན་ལ་བུད་མེད་
ལ་ཀྟིའོ། །ཚཱ་དིའི་གྷ་ཨིས་མནྟྲ་ན་ཀྭི་པ་རྣམས་ལའང་ངོ་། །ཚཱ་དིའི་གྷལ་སྟེ། ཉེར་བསྒྱུར་གཉིས་མེད་པིའིའོ། །ཚཱད་ཡང་དག་པར་སྒྲིབ་པ་ལའོ་ཞེས་པ་འདིའི་གྷའི་རྐྱེན་ཕ་རོལ་ལ་ཐུང་ངུར་འགྱུར་ཏེ། ཉེར་བསྒྱུར་གཉིས་པའི་ནི་མི་འགྱུར་རོ། །པྲཙྪ་དཿ། དནྟ་ཙྪ་དཿ། ཚཱ་དི་ནི་ཙུར་ལ་སོགས་པ་ཉིད་ཀྱི་ཕྱིར་ཨིནའི་མཐའ་
ཅན་ནོ། །འདིས་སོ་རྣམས་སྒྲིབ་པར་བྱེད་དོ་ཞེས་པས་སྐྱེས་པ་ལ་མིང་ལ་གྷའོ། །གྷ་ཡིག་ནི་ཙ་ཛ་དག་གི་ཀ་ག་དག་གོ་ཞེས་པའི་དོན་ཏོ། །ཐུང་ངུའོ། །ཀཱ་རི་ཏ་དབྱིའོ། །ཉེར་བསྒྱུར་གཉིས་པ་མིན་པའི་ཞེས་པ་ཅི་ཞེ་ན། ས་མུ་པཙྪ་དཿ། སྔ་མ་བཞིན་དུ་གྷའོ། །ཉེར་བསྒྱུར་དུ་མ་ཅན་གྱི་ཚཱ་དིའང་ཐུང་ངུར་འདོད་པ་མ་ཡིན་ཏེ།
ས་མུ་བྷི་ཙྪ་དཿ། ཨི་ས་མནྟྲན་ཀྭི་པ་རྣམས་ལའང་ངོ་། །ཉེར་བསྒྱུར་གཉིས་པ་ཅན་མིན་པའི་ཞེས་པ་ལྡོག་གོ། །ཨིས་དང་མན་དང་ཏྲ་དང་ཀྭིཔ་སྟེ་འདི་རྣམས་ཕ་རོལ་ལ་ཚཱ་དིའི་ཐུང་ངུར་འགྱུར་རོ། །ཨིས་ནི། ཙྪ་དི།། འདིས་འགེགས་པར་བྱེད་དོ་ཞེས་པས། ཨར་ཙྪི་ཤུ་ཙི་ཧུ་སྲྀ་པྲཙྪ་དིཙྪཾ་དི་རྣམས་ལས་ཨིསའོ་ཞེས་པས་
ཨིསའོ། །ཀཱ་རི་ཏ་དབྱེའོ། །ཐུང་ངུའོ། །མན་ནི། ཙྪདྨཱ། ཙྪདི་ལས་མནའོ། །ཞེས་པས་མནའོ། །ཏྲ་ནི། ཙྪཏྟྲ། ཥནའོ་ཞེས་པས་ཥྚནའོ། །ཥ་ཡིག་ནི་ཨཱི་ཡིག་གི་དོན་ཏོ། །མདོར་ཏྲེའི་སྒྲས་བརྗོད་པ་ལས་ཥ་ཉིད་ལོག་པ་ན་ཊ་ཉིད་ལྡོག་གོ། །ཀྭིཔ་ནི། གྲིཧ་ཙྪ་ཏྲ། ཁང་པ་སྒྲིབ་པར་བྱེད་དོ་ཞེས་པས་ཀྭིཔའོ། །རིང་
པོ་ཉེ་བའི་ཚིག་མི་ཟད་པ་མིན་པའི་ཁ་རྗེས་སུ་འབྲེལ་པ་ལའོ། །ཉེ་བའི་ཚིག་མི་ཟད་པ་མིན་པའི་སྟེ་མི་ཟད་པ་དང་བྲལ་བའི་རིང་པོའི་མཐའ་ཁ་རྗེས་སུ་འབྲེལ་བའི་རྐྱེན་ཡོད་པ་ཐུང་ངུར་འགྱུར་རོ། །ས་ཏིཾ་མནྱ་ཀུ་ལ་ཊཱ། ཏཱ་རུ་ཎཱིཾ་མནྱཱས་བྲིདྡྷཱ། མན་ཤེས་པ་ལའོ། །ས་ཏཱི་དང་ཏ་རུ་ཎཱིའི་སྒྲ་དག་སྔ་མར་རོ། །དམ་པ་མོར་
เล่ม ๑๙๕ · หน้า 255b
བདག་ཉིད་སེམས་སོ། །གཞོན་ནུ་མར་བདག་ཉིད་སེམས་སོ། །ཞེས་པས་བདག་ཉིད་ལ་ཁ་ཤའང་ངོ་། །ཤ་ཡིག་ནི་ཤ་ལ་བྱིངས་ཐམས་ཅད་པ་བཞིན་ཞེས་པའི་དོན་ཏོ། །ཁ་ཡིག་ནི་འདིའི་དོན་ཏོ། །དིབ་སོགས་ལས་ཡནའོ། །བུད་མེད་ལ་ཨ་ལས་ཨཱཔའོ་ཉེ་བའི་ཚིག་གི་ཐུང་ངུའོ། །ཐུང་ངུ་དང་ཨ་རུ་ཥ་དག་གི་ཞེས་
པས་མ་ཨཱ་ག་མའོ། །མི་ཟད་པ་མིན་པའི་ཞེས་པ་ཅི་ཞེ་ན། དི་ཝཱ་མནྱཱ་རཱ་ཏྭཱཿ། དོ་ཥཱ་མནྱཱ་མ་ཧཱཿ། མན་ཤེས་པ་ལའོ། །དི་ཝཱ་དང་དོ་ཥཱའི་སྒྲ་དག་སྔ་མར་རོ། །ཉིན་མོ་བཞིན་དུ་བདག་ཉིད་སེམས་སོ། །དོ་ཥཱ་དང་འདྲ་བར་བདག་ཉིད་སེམས་སོ་ཞེས་པས་སྔ་མ་བཞིན་དུ་ཁ་ཤའོ། །ཁ་རྗེས་སུ་འབྲེལ་པ་ལ་ཞེས་པ་ཅི་ཞེ་ན། བ་
དྷུཾ་མནྱ་ཏེ། དབྱངས་གཅིག་པའི་ནཱ་མིའི་ཨམ་སྟེ་རྐྱེན་བཞིན་འང་ངོ་། །ཉེ་བའི་ཚིག་མི་ཟད་པ་མིན་པའི་ཞེས་པ་དང་ཁ་རྗེས་སུ་འབྲེལ་པ་ལ་ཞེས་པ་འདིར་རྗེས་སུ་འཇུག་གོ། །ཕྱི་མ་ལ་ཡང་ངོ་། །ནཱ་མིའི་མཐའ་ཅན་གྱི་ཉེ་བའི་ཚིག་མི་ཟད་པ་མིན་པ་དབྱངས་གཅིག་པའི་ཁ་རྗེས་སུ་འབྲེལ་པ་ཡོད་ན། ཨམ་ཨཱ་ག་མ་འགྱུར་
ཏེ་དེའང་རྐྱེན་བཞིན་ནོ། །འོ་ན་རྐྱེན་ཇི་བཞིན་ཞེ་ན། བརྗོད་པར་བྱ་སྟེ་ཨམ་དང་ཉེ་བའི་རྐྱེན་སྨོས་པས་ཨམ་གྱི་རྐྱེན་ཁོ་ན་རྟོགས་པར་བྱའི་རྐྱེན་གཞན་ནི་མ་ཡིན་ནོ། །དེ་ལྟའང་ཅི་ཞིག་གི་ཨམ་འཛིན་ཞེ་ན། གཉིས་པ་གཅིག་ཚིག་གོ། །ཅིའི་ཕྱིར་ཞེ་ན། བཤད་པའི་ཕྱིར་རོ། །ཡང་འདི་ཨཱག་མར་འགྱུར་རོ་ཞེས་ཇི་ལྟར་བཤད་
པར་བྱ་ཞེ་ན། བརྗོད་པར་བྱ་སྟེ། རྐྱེན་དང་འདྲ་བར་བསྒྲེ་བའི་ཤུགས་ལ་སྟེ། གང་གི་ཕྱིར་གལ་ཏེ་འདི་བསྒྱུར་བ་ཡིན་པར་གྱུར་ན་རྐྱེན་དང་འདྲ་བའི་འབྲས་བུ་ཅི་ཞིག་ཏུ་འགྱུར། གཱཾ་མ་ནྱཿ། སྟིཾ་མ་ནྱཿ། ཤྲི་ཡཾ་མ་ནྱཿ། བྷུ་ཝཾ་མནྱཿ། ནཾ་ར་མ་ནྱཿ། མན་ཤེས་པ་ལའོ། །གོ། སྟཱྀ། ཤྲི། བྷུ་ནྲྀ་ཞེས་པ་སྔ་མའོ། །རྡོ་རྗེ་བདག་ཉིད་སེམས་
པར་བྱད་དོ་ཞེས་པ་ལ་སོགས་པར་ཚིག་རྣམ་པར་སྦྱོར། སྔ་མ་བཞིན་དུ་ཁ་ཤའོ། །ཨམ་ཨཱ་ག་མའོ། །རྐྱེན་དང་འདྲ་བར་འགྱུར་བའི་ཕྱིར་ཨཾ་ཤས་དག་ལ་ཨཱའོ། །ཨམ་ཤས་དག་གི་དང་པོ་དབྱིའོ། །ཨཱིཏ་ཨཱུཏ་དག་གི་ཨི་ཡ་ཨུཝ་དག་དབྱངས་ལའོ། །གྷུཊ་ལའོ་ཞེས་པས་རྀཏ་ཀྱི་ཆོ་ག་རྣམས་འགྱུར་རོ། །ནཱ་མཱིའི་ཞེས་
པ་ཅི་ཞེ་ན། ཛྙཾ་མ་ནྱཱ། ཤེས་པར་བྱེད་དོ་ཞེས་པས་ཛྙ་སྟེ་ནཱ་མིན་ཨུ་པ་དྷཱ་དང་པྲཱྀ་ཀྲཱྀ་གྲཱྀ་ཛྙ་རྣམས་ཀྱི་ཀའོ། །ཞེས་པས་ཀའི་རྐྱེན་ནོ། །ཤེས་པར་བདག་ཉིད་སེམས་སོ་ཞེས་པས་ཁ་ཤའོ། །རིང་པོ་ཉེ་བའི་ཚིག་གི་ཞེས་པས་ཛྙཱའི་སྒྲའི་ཐུང་ངུའོ། །ཐུང་ངུ་དང་ཨ་རུ་ཥ་དག་གི་ཞེས་པས་མ་ཨཱ་ག་མའོ། །གལ་ཏེ་ཨམ་ཨཱ་ག་མར་
เล่ม ๑๙๕ · หน้า 256a
འགྱུར་ན་ཐུང་ངུར་མི་འགྱུར་བར་ཐལ་ཏེ། ཐུང་ངུའི་ཨཱ་ག་མ་བཀག་པའི་ཕྱིར་རོ། །དབྱངས་གཅིག་པའི་ཞེས་པ་ཅི་ཞེ་ན། སེ་ནཱ་ནི་མ་ནྱཿ། དམག་དཔོན་དུ་བདག་ཉིད་སེམས་པར་བྱེད་དོ་ཞེས་པས་ཁ་ཤའོ། །སྔ་མ་བཞིན་དུ་ཐུང་ངུ་དང་མ་ཨཱ་ག་མའང་ངོ་། །མི་ཟད་པ་མིན་པའི་ཞེས་པ་ཅི་ཞེ་ན། སུ་མ་ནྱཿ།
མཛེས་པར་བདག་ཉིད་སེམས་སོ་ཞེས་པས་ཁ་ཤའོ། །ཐུང་ངུ་དང་ཨ་རུ་ཥ་དག་གི་མཐའོ། །ཐུང་ངུ་དང་ཨ་རུ་ཥ་ནི་དེ་དག་སྟེ་ཐུང་ངུ་དང་ཨ་རུ་ཥ་དག་གོ། །ཐུང་ངུའི་མཐའ་ཅན་ཉེ་བའི་ཚིག་ཟད་པ་མ་ཡིན་པ་དང་། ཨ་རུ་ཥའི་སྒྲའི་ཁ་རྗེས་སུ་འབྲེལ་པར་གྱུར་པ་ལ་མ་ཡིག་ཨཱ་ག་མར་འགྱུར་རོ། །མཐའི་སྒྲ་ནི་ཨཱ་ག་མ་
ཉིད་དུ་གསལ་བར་བྱེད་དོ་ཞེས་གསུང་ངོ་། །སྟ་ནནྡྷ་ཡཿ། ཨཱ་སྱཾདྷ་ཡཿ། དྷེཊ་འཐུང་བ་ལའོ། །སྟ་ན་དང་ཨཱ་སྱ་དག་སྔ་མའོ། །ནུ་མ་ལས་འཐུང་ངོ་ཞེས་པ་ཤུ་ནི་སྟན་མུཉྫ་ཞེས་པས་ཁ་ཤའོ། །ཨན་བི་ཀ་ར་ཎའོ། །ཨེ་ཨ་ཡའོ། །ཨ་དང་མཚམས་སྦྱོར་གྱི་ཡི་གེ་དབྱིའོ། །འདིས་མ་ཨཱ་ག་མའོ། །ཨ་རུནྟུ་དཿ། ཏུད་བརྡུང་བ་ལའོ། །
ཨ་རུ་ཥ་སྔ་མར་རོ། །ཨ་རུ་ཥ་བརྡུང་ངོ་ཞེས་པ་བ་ཧ་བི་དྷུ་ཨ་རུས་ཏི་ལ་རྣམས་ལ་ཏུད་ལས་སོ་ཞེས་པས་ཁ་ཤའོ། །ཨན་བི་ཀ་ར་ཎའོ། །མ་ཨཱ་ག་མའོ། །བརྩེགས་པ་དང་པོའི་དྷུཊཱིའོ་ཞེས་པས་ས་ཡིག་དབྱིའོ། །མི་ཟད་པ་མིན་པའི་ཞེས་པ་ཅི་ཞེ་ན། སུ་ཀ་རཿ། བདེ་མོར་བྱས་སོ་ཞེས་པས་ཨཱིཥད་དུར་སུ་རྣམས་ལ་
ཞེས་པས་ཁ་ལའོ། །ལ་ཡིག་ནི་དངོས་པོ་དང་ལས་དག་ལ་ཀྲྀ་ཏྱ་ཀྟ་ཞེས་པའི་དོན་ནོ། །ཁ་ཡིག་ནི་རིང་པོའི་ཉེ་བའི་ཚིག་ཅེས་པའི་དོན་ནོ། །ཨུཥྞ་དང་བྷ་དྲ་དག་གི་ཀ་ར་ཎའི་སྒྲ་ཕ་རོལ་ལ་མ་ཨཱ་ག་མར་བཤད་པར་བྱའོ། །ཨུཎཾ་ཀ་ར་ཎཾ། བྷ་རཾ་ཀ་ནཾ། སཏྱ་དང་ཨཱ་ག་ད་དང་ཨསྟུ་རྣམས་ཀྱི་ཀཱ་ར་ལའོ། །སཏྱ་ཨཱ་ག་ཏ་ཨསྟུ་
སྟེ་དེ་རྣམས་ནི་སཏྱ་དང་ཨཱ་ག་དང་ཨསྟུ་རྣམས་ཏེ། སཏྱ་དང་ཨཱ་ག་དང་ཨསྟུ་ཞེས་པ་འདི་རྣམས་ཀྱི་ཀཱ་རའི་སྒྲ་ཕ་རོལ་ལམ་ཡིག་ཨཱ་ག་མ་འགྱུར་རོ། །སཏྱཾ་ཀཱརཿ། ཨ་གདཾ་ཀཱརཿ། ཨསྟུཾ་ཀཱརཿ། བདེན་པར་བྱེད་དོ། །དཔུང་རྒྱན་བྱེད་དོ། །ཨསྟུ་བྱེད་དོ་ཞེས་པས་ལས་ལ་ཨཎའོ། །མ་ཨཱ་ག་མའོ་ཨསྟུའི་སྒྲ་ཚིག་ཕྲད་
དུ་ཁས་བླངས་པ་ན་འཇུག་གོ། །གིལ་མ་གི་ལ་མིན་པའིའོ། །ཉེ་བའི་ཚིག་མི་ཟད་པ་མིན་པའི་ཞེས་འཇུག་སྟེ་ཐུང་ངུ་སྨོས་པའང་ངོ་། །ཉེ་བའི་ཚིག་མི་ཟད་པ་མིན་པ་ཐུང་ངུའི་མཐའ་ཅན་གྱི་ལ་མིན་པ་སྟེ་ཀི་ལའི་སྒྲ་བོར་བའི་མ་ཡིག་ཨཱ་ག་མར་འགྱུར་ཏེ། གི་ལའི་སྐྲ་ཕ་རོལ་ལའོ། །ཏི་མིཾ་གི་ལཿ། ཤ་ཏྲུཾ་གི་ལཿ། བྲྀ་ངེས་པར་
เล่ม ๑๙๕ · หน้า 256b
གནོན་པ་ལའོ། །ཏི་མི་དང་ཤ་ཏྲུའི་སྒྲ་དག་སྔ་མའོ། །ཆུ་སྲིན་གནོན་ནོ། །དགྲ་བོ་གནོན་ནོ་ཞེས་པས། མུ་ལར་བི་བྷུཛ་ལ་སོགས་པ་རྣམས་ལས་ཀྱང་ངོ་ཞེས་པས་ཀའོ། །རཱི་ཏ་མཐའི་ཨིརའོ། །དབྱངས་ལ་ཡང་ནའོ་ཞེས་པས་ལ་ཉིད་དོ། །འདིས་མ་ཨཱ་ག་མའོ། །མི་ཟད་པ་མིན་པའི་ཞེས་པ་ཅི་ཞེ་ན། ནི་གི་ལཿ། ངེས་པར་གནོན་
ཏོ་ཞེས་པ་ནཱ་མའི་ཨུ་པ་དྷཱ་དང་པྲྀ་ཀྲྀ་གྲྀ་ཞེས་པས་ཀའོ། །ཐུང་ངུ་མཐའ་ཅན་གྱི་ཞེས་པ་ཅི་ཞེ་ན། ཏ་ད་གིལཿ། དེ་གནོན་ཏོ་ཞེས་པ་མཱུ་ལ་བི་བྷུ་ཛ་ལ་སོགས་པ་ཉིད་ཀྱི་ཕྱིར་ཀའོ། །གི་ལ་མ་ཡིན་པའི་ཞེས་པ་ཅི་ཞེ་ན། གི་ལ་གི་ལཿ། གི་ལ་གནོན་ནོ་ཞེས་པས་སྔ་མ་བཞིན་ཀའོ། །དོན་དང་ལྡན་པའི་གི་ལའི་སྒྲ་གཟུང་བ་སྟེ། དེས་ན་དོན་
མེད་པ་ཅན་ལ་མི་འགྱུར་རོ། །མ་དྷུ་ལི་ཧ་ཏི། ཉེར་བསྒྱུར་ལས་སུ་དུར་དག་མིན་པ་ལས་ལ་བྷའི་བྷ་ལས་སྔོན་དུ་ཁལ་གྷཉ་དག་ལའོ། །ཉེར་བསྒྱུར་ལས་ཕ་རོལ་གྱི་ལ་བྷའི་བྷ་ལས་ཏེ་བྷ་ཡིག་ལས་སྔོན་དུ་ཁལ་དང་གྷཉ་ཕ་རོལ་ལམ་ཡིག་ཨཱ་ག་མར་འགྱུར་ཏེ། ཉེར་བསྒྱུར་སུ་དུར་དག་ལས་ཕ་རོལ་གྱི་མི་འགྱུར་རོ། །ཁལ་ལ། ཨཱི་ཥཏ་
པྲ་ལམྦྷཿ། བདེ་བླག་ཏུ་རབ་ཏུ་ཐོབ་པར་བྱེད་དོ་ཞེས་པས། ཨཱི་ཥཏ་སུ་ངུར་རྣམས་ལ་ཞེས་པས་ཁལའོ། །འདིས་མ་ཨཱ་ག་མའོ། །གྷཉ་ལ། ཨུ་པ་ལཾ་བྷཿ། ལ་བྷི་ལས་དངོས་པོ་ལ་གྷཉའོ། །ཉེར་བསྒྱུར་ལས་ཞེས་པ་ཅི་ཞེ་ན། ཨའིཥལླ་བྷཿ། བདེ་བླག་ཏུ་ཐོབ་པར་བྱེད་དོ་ཞེས་པས་སྔ་མ་བཞིན་དུ་ཁལའོ། །འོ་ན་འདིར་ར་བྷི་ལ་བྷ་
ཞེས་པ་འདིས་ན་ཨཱ་ག་མ་ཅིའི་ཕྱིར་མི་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། གལ་ཏེ་འགྱུར་ན་ལ་བྷ་ཞེས་པའི་གཟུགས་འབྲས་བུ་ལས་ཡང་དག་པར་འབྱུང་བ་ཉིད་ཀྱི་ཕྱིར་ཉེར་བསྒྱུར་སྨོས་པས་ཅི་ཞིག་བྱས་པར་འགྱུར། སུ་དུར་དག་མིན་པ་ལས་ཞེས་པ་ཅི་ཞེ་ན། སུ་ལ་བྷཿ། དུ་རླ་བྷཿ། ཁལའོ། །གལ་ཏེ་དེ་བཞིན་ཡིན་ན་ཇི་ལྟར། སུ་
པྲ་ལཾ་བྷཿ། དུཥྤྲ་ལཾ་བྷཿ། ཡིན་ཞེ་ན་བརྗོད་པར་བྱ་སྟེ། འདིར་ནི་སུ་དུར་དག་ལས་ཕ་རོལ་གྱི་ལ་བྷི་མིན་ནོ། །འོ་ན་ཅི་ཞེ་ན། པྲའི་སྒྲ་ལས་ཏེ། སུ་དུར་འབའ་ཞིག་པ་དག་ལས་དགག་པ་བཤད་པར་བྱའོ། །དེས་ན། ཨ་ཏི་སུ་ལཾ་བྷཿ། ཨ་ཏི་དུ་རླཾ་བྷཿ། གལ་ཏེ་དེ་བཞིན་ཅི་ལྟར་ན་ཅི་ལྟར། ཨ་ཏི་སུ་ལ་བྷཾ། ཨ་ཏི་དུརླ་བྷཾ། ཞེས་པ་
ཡིན་ཞེ་ན་བརྗོད་པར་བྱ་སྟེ། སུ་ལ་བྷ་དང་དུར་ལ་བྷའི་སྒྲ་དག་འདུས་བྱས་ནས་ཕྱི་ནས་ཨ་ཏིའི་སྒྲ་དང་འབྲེལ་བའོ། །ཕུལ་དུ་བྱུང་བས་རྙེད་པར་སླ་བ་ནི། ཨ་ཏི་སུ་ལ་བྷཾ། དེ་བཞིན་དུ། ཨ་ཏི་དུརླ་བྷཾ། ཨཱང་ལས་ཕ་རོལ་གྱི་ལ་བྷི་ལས་ཡ་ཡིག་དང་པོ་ཅན་གྱི་རྐྱེན་ལ་མ་ཡིག་ཨཱ་ག་མ་བཤད་པར་བྱ་སྟེ། ཨཱ་ལཾ་བྷྱཿ། ཀུན་ནས་ཐོབ་
เล่ม ๑๙๕ · หน้า 257a
པར་བྱའོ་ཞེས་པ་ཤ་ཀི་ས་ཧི་པ་སྡེ་མཐའ་ལས་ཀྱང་པོ་ཞེས་པས་ཡའོ། །ཡཎ་དང་ཙེ་ཀྲི་ཡི་ཏ་དག་ལའང་མི་འདོད་དེ། ཨཱ་ལ་བྷྱ་ཏེ། ཨཱ་ལ་ལ་བྷྱ་ཏེ། ཤིན་ཏུ་ཀུན་དུ་ཐོབ་པར་བྱའོ་ཞེས་པས་ཡ་སྒྲའོ། །རཱ་ཏི་ལས་ཀྲྀཏ་ལ་ཡང་ནའོ། །ར་ཏྲིའི་སྒྲའི་རྐྱེན་ཡོད་པ་ན་མ་ཡིག་ཨཱ་ག་མར་ཡང་ན་
འགྱུར་རོ། །རཱ་ཏྲྀ་ཙ་རཿ། རཱ་ཏྲི་ཙ་རཿ། མཚན་མོ་རྒྱུ་བར་བྱེད་དོ་ཞེས་པས་ཙ་རི་ལས་ཊའོ། །ར་ཏྲཱི་མ་ཊཿ། རཱ་ཏྲྱ་ཊཿ། མཚན་མོ་འགྲོའོ་ཞེས་པས་བཙ་སོགས་རྣམས་ལས་ཨཙའོ་ཞེས་པས་ཨཙའོ། །ཀྲྀཏ་ལ་ཞེས་པ་ཅི་ཞེ་ན། རཱ་ཏྲི་གཱ་ར་གྱཿ། ཀྲྀཏ་ལ་ཞེས་པ་རྗེས་སུ་འཇུག་བཞིན་པ་ལ་སླར་ཡང་ཀྲྀཏ་སྨོས་པའི་ཕྱིར་གཞན་
ལའང་སྟེ་ཀྲྀཏ་མིན་པ་འགའ་ཞིག་ལའང་བྱ་བ་རྣམ་པར་ཤེས་པར་བྱའོ། །དེས་ན་ཡ་ལ་ཡང་ནའོ་ཞེས་པས་ཨཱ་ཉིད་དོ། །དཔེར་ན། པྲ་ཁཱ་ཡ། པྲ་ཁ་ནྱ། ཞེས་པ་ལ་སོགས་པ་ལ་འགྱུར་བ་དེ་བཞིན་དུ། ཁཱ་པ་ཏེ། ཁ་ནྱ་ཏེ། ཞེས་པ་ལ་སོགས་པ་ཡང་ངོ་། །པུ་རཾ་ད་ར་བཱ་ཙཾ་ཡ་མ་སརྦཾ་ཧ་དྭིཥཾ་ཏ་པ་རྣམས་ཀྱང་ངོ་། །སྒྲ་འདི་
རྣམས་ནི་པཱ་ཏར་བྱས་པ་སྟེ་གྲུབ་པ་ཉིད་ཀྱིས་བཤད་པར་བྱའོ་ཞེས་པའི་དོན་ཏོ། །པུརནྡ་རཿ། དྲི་འཇིགས་པ་ལའོ། །འཇིགས་པ་ལ་རབ་ཏུ་སྦྱོར་རོ་ཞེས་ཨིནའོ། །འཕེལ་བའོ། །པུ་ར་སྔོན་མའོ། །གྲོང་འཇོམས་པར་བྱེད་དུ་འཇུག་གོ་ཞེས་པ་ནི་པུརནྡ་ར་སྟེ། ལས་ལ་ཨཎའོ། །ཀཱ་རི་ཏ་དབྱིའོ། །ཚིག་སྔ་མའི་ཨམ་
ཨཱ་ག་མ་ཚིག་ཕྲད་དུ་བྱས་པ་སྟེ། བྱིངས་ཀྱིའང་ཐུང་ངུའོ། །བཱ་ཙཾ་ཡ་མཿ། ཡམ་ཉེ་བར་འཇིག་པ་ལའོ། །སྔ་མར་ཝཱ་ཙའོ། །ངག་སྡོམ་མོ་ཞེས་པས་ཨཎའོ། །རིང་པོར་མི་འགྱུར་བ་ཚིག་ཏུ་བྱས་པ་སྟེ། ཨ་མ་ཨཱ་ག་མ་ལའང་ངོ་། །བརྟུལ་ཞུགས་ཀྱི་ཡུལ་ཁོ་ན་ལ་སྒྲ་འདི་བཤད་པར་བྱ་སྟེ། གཞན་ལ། ཝཱ་གཡཱ་མཿ། དྭིཥནྟ་
པཿ། ཏ་པི་ནི་ཨིནའི་མཐའ་ཅན་ནོ། །དྭིཥ་སྔ་མའོ། །སྡང་བ་རྡུང་བར་བྱེད་དུ་འཇུག་གོ་ཞེས་པས་ཨཎ་དང་ཐུང་ངུ་ཉིད་དང་མ་ཨཱ་ག་མ་ཚིག་ཕྲད་དུ་བྱས་པའོ། །བྱིངས་ཀྱི་མཐའ་པ་རྗེས་སུ་འབྲེལ་པ་ལ་ཏའོ། །ཐུང་ངུ་དང་ཨ་རུ་ཥ་དག་གི་ཞེས་པ་འདི་ལས་ཐུང་ངུ་ཞེས་པ་འཇུག་སྟེ། ཐུང་ངུའི་མཐའ་ཅན་གྱི་བྱིངས་ཀྱི་ས་
ཡིག་རྗེས་སུ་འབྲེལ་བའི་ཀྲྀཏ་ཕ་རོལ་ལ་ཏ་ཡིག་ཨཱ་ག་མར་འགྱུར་རོ། པུཎྱ་ཀྲྀཏ། པ་ད་ཀྲྀཏ། བསོད་ནམས་བྱས་ཟིན་ནོ། །ཚིག་བྱས་ཟིན་ནོ་ཞེས་པས་སུ་པུཎྱ་པཱ་པ་ཞེས་པས་ཀྲྀཉ་ལས་ཀྭི་པའོ། །འདིས་ཏ་ཡིག་ཨཱ་ག་མའོ། །པྲ་ཀྲྀཏྱ། པྲསྟུཏྱ། བྱེད་པ་པོ་གཅིག་དག་གི་ཞེས་པས་དངོས་པོའི་དོན་ལ་ཀྟྭའོ། །
เล่ม ๑๙๕ · หน้า 257b
ཚིག་སྡུད་ལས་འབྱུང་བ་ལ་ཞེས་པས་ཡཔ་ཏུ་བསྒྱུར་རོ། །པ་ཡིག་ནི་འདིའི་དོན་ནོ། །འོ་ན་པ་རྗེས་སུ་འབྲེལ་པའི་ཀྲྀཏ་ཀྱིས་བྱིངས་འཕངས་པ་དེའི་ཕྱིར། བྱིངས་སྨོས་པ་དོན་མེད་དོ་ཞེ་ན། དེ་ནི་ཡང་དག་པ་མིན་ཏེ། ཉེ་བའི་ཚིག་གི་སྐབས་ཡིན་པ་ཉིད་ཀྱི་ཕྱིར། ཉེ་བའི་ཚིག་ཐུང་ངུའི་མཐའ་ཅན་གྱིའང་པ་རྗེས་སུ་འབྲེལ་
པའི་ཀྲྀཏ་ཡོད་ན། ཏ་ཡིག་ཨཱ་ག་མ་སྲིད་པར་འགྱུར་བས་སོ། །གྲམ་ཎི། གྲོང་འདྲེན་པར་བྱེད་དོ་ཞེས་པ་ཀྭིཔའོ། །ཐུང་ངུའི་མཐའ་ཞེས་པ་ཅི་ཞེ་ན། ཨཱ་ནཱི་ཡ། ཎཱིཉ་ཐོབ་པ་ལའོ། །ཨཱང་སྔ་མའོ། །སྔ་མ་བཞིན་དུ་ཀྟའི་རྐྱེན་ཏེ། དེའི་ཡཔའོ། །པ་རྗེས་སུ་འབྲེལ་པ་ཞེས་པ་ཅི་ཞེ་ན། ཀྲི་ཏཿ། མཐའ་སྨོས་པ་ནི་རྣམ་
པ་སྣ་ཚོགས་པའི་དོན་ཏོ། །ཐུང་ངུ་སྨོས་པ་བཞིན་དུ་དེ་ཡང་རྗེས་སུ་འཇུག་པར་འགྱུར་རོ། །ཨོཏ་ཨཽཏ་དག་ལས་ཀྲྀཏའི་ཡ་དབྱངས་བཞིན་ནོ། །ཀྲྀཏ་ཡ་ནི་ཀྲྀཏ་ཀྱི་ཡིའོ། །ཨོ་ཡིག་དང་ཨཽ་ཡིག་ལས་ཕ་རོལ་གྱི་ཀྲྀཏ་ཀྱི་རྐྱེན་དང་འབྲེལ་པའི་ཡ་ཡིག་ནི་དབྱངས་དང་འདྲ་བར་འགྱུར་རོ། །ཧ་བྱཾ། ལ་བྱཾ། ཧུ་སྦྱིན་
པ་ལའོ། །ལུཉ་གཅོད་པ་ལའོ། །སྦྱིན་སྲེག་སྦྱིན་པར་བྱའོ། །གཅད་པར་བྱ་ཞེས་པས་ཨུའི་ཡི་གེ་ལས་གདོན་མི་ཟ་བ་དེ་བའོ་ཞེས་པས་དབྱངས་ལ་ཡའོ། །ཡོན་ཏན་ནོ། །དབྱངས་བཞིན་འགྱུར་བའི་ཕྱིར་ཨ་ཝར་བསྒྱུར་བའོ། །ཨ་བ་སྱ་ལཱ་བྱཾ། ཨ་བ་སྱ་བྷ་བྱཾ། གདོན་མི་ཟ་བར་གཅད་པར་བྱའོ། །གདོན་མི་
ཟ་བར་འབྱུང་བར་བྱའོ་ཞེས་པས་ཨུའི་ཡི་གེ་ལས་གདོན་མི་ཟ་བ་ལའོ་ཞེས་པས་གྷྱཎའོ། །འཕེལ་བའོ། །དབྱངས་བཞིན་དུ་འགྱུར་བའི་ཕྱིར་ཨཱ་ཝའོ། །ཨ་བ་ཤྱམའི་བཤད་པར་བྱ་བ་ལས་མ་ཡིག་དབྱིའོ། །ཨོཏ་དང་ཨཽ་ཏ་དག་ལས་ཞེས་པ་ཅི་ཞེ་ན། ཙ་ཡཿ། ཙི་ཉ་སོག་པ་ལའོ། །དབྱངས་ལས་ཡའོ། །
ཡོན་ཏན་ནོ། །ཀྲྀཏ་སྨོས་པ་ཅི་ཞེ་ན། ཨུ་པོ་ཡ་ཏེ། བེཉ་སྐུད་པའི་རྒྱུད་ལའོ། །ཨུ་པ་སྔ་མའོ། །བྱིངས་ཐམས་ཅད་པ་ལ་ཡཎའོ། །སྭ་པི་བ་ཙི་ཞེས་པས་སཾ་པྲ་སཱ་ར་ཎའོ། །ནཱ་མིའི་མཐའ་རྣམས་ཀྱི་ཡཎ་ཨཱ་ཡི་ཞེས་པས་རིང་པོའོ། །ཨུའི་ཡི་གེ་ལ་ཨོའོ། །ཛིཀྵི་ངག་གི་ནུས་པ་ལའོ། །ཛི་རྒྱལ་བ་ལའོ། །ཀྵི་
ཟད་པ་ལའོ་ཞེས་པ་འདི་དག་གི་ནུས་པའི་དོན་ལ་ཀྲྀཏའི་ཡ་ཡིག་དབྱངས་བཞིན་དུ་འགྱུར་རོ། །ཛ་ཡྻཿ། ཀྵ་ཡྻཿ། རྒྱལ་བའི་ཆེད་དུ་ནུས་པར་བྱའོ། །ཟད་པའི་ཆེད་དུ་ནུས་པར་བྱའོ་ཞེས་པ་དབྱངས་ལས་ཡའོ། །ཡོན་ཏན་ནོ། །ཨ་ཡའོ། །ནུས་པ་ལ་ཞེས་པ་ཅི་ཞེ་ན། ཛོ་ཡཿ། ཀྵེ་ཡཿ། རྒྱལ་བར་བྱའོ། །ཟད་པར་བྱའོ། །
เล่ม ๑๙๕ · หน้า 258a
ཞེས་པའི་དོན་ཏོ། །ཀྲཱིཉ་ལས་དེའི་དོན་ལའོ། །དེའི་དོན་ནི་དེའི་དོན་ནོ། །ཌུ་ཀྲཱི་ཉ་ལས་ཕ་རོལ་ཀྲྀཊའི་ཡ་ཡིག་དབྱངས་བཞིན་དུ་འགྱུར་ཏེ། དེའི་དོན་ཏེ་རྫས་བརྗེ་བ་ཡིན་ན། དེ་ཞེས་པས་ཀྲཱིཉ་ལ་བསྙེག་པར་བྱའོ། །ཀྲ་སྤྱོ་གཽཿ། དབྱངས་ལས་སྔ་མའོ། །ཡོན་ཏན་ནོ། །ཨ་ཡའོ། །དེའི་དོན་ལ་
ཞེས་པ་ཅི་ཞེ་ན། ཀྲེ་ཡོ་གཽཿ། རིན་གྱིས་བླང་བར་བྱ་བའི་བ་ལང་ཡོད་པའང་མ་ཡིན་ལ། ཟོད་མེད་པ་ལ་ཡོད་པའང་མ་ཡིན་ནོ་ཞེས་པས་རྫས་བརྗེ་བ་མེད་དོ། །སྦྱར་བ་མིན་པའི་བིའི་དབྱིའོ། །ཀྲྀཏ་སྨོས་པ་སྤྲེལ་ལོ། །ཀྭི་པ་ལ་སོགས་པའི་རྐྱེན་རྣམས་ཀྱི་རྗེས་སུ་འབྲེལ་པ་རྣམས་བསལ་ནས་བ་ཡིག་ཙམ་གང་ཡིན་པ་དེ་འདིར་
གཟུང་བར་བྱའོ། །ཨི་ཡིག་ནི་བརྗོད་པའི་དོན་ཏོ། །སྦྱར་བ་མིན་པ་སྟེ་ཡི་གེ་གཞན་དང་མི་ལྡན་པའི་པའི་ཀྲྀཏའི་མིང་ཅན་ཝ་ཙམ་གྱི་དབྱི་བར་འགྱུར་རོ། །ཨགྣི་ཙིཏ། མེ་བསགས་པར་བྱེད་དོ་ཞེས་པ་ཨགྣི་ལས་ཙི་ལས་སོ། །ཞེས་པས་ཀྭིཔའོ། །རྗེས་སུ་འབྲེལ་པ་དབྱི་བ་བྱས་པ་ན་འདིས་བ་དབྱིའོ། །བྱིངས་ཀྱི་མཐའ་ཏའོ། །
ཨརྡྷབྷཱཀ ། བྷཛ་བསྟེན། ཕྱེད་དུ་འབྱེད་དོ་ཞེས་པ་བྷ་ཛ་ས་ཧ་དག་ལས་བིཎའོ། །ཨའི་ཨུ་པ་དྷཱ་ཞེས་པས་རིང་པོའོ། །ཙ་སྡེ་དང་དྲྀ་ཤ་ཞེས་པས་གའོ། །སྦྱར་བ་མིན་པའི་ཞེས་པ་ཅི་ཞེ་ན། ཛཱ་ཛྪ་གྲྀཿ། ཀྲྀ་ཏཾ་གྱི་མིང་ཅན་གྱི་ཞེས་པ་ཅི་ཞེ་ན། ཨུ་པེ་ཡི་བ། ཨིཎ་འགྲོ་བ་ལའོ། །ཨུ་པ་སྔ་མར་རོ། །ཀྭནྶུ་དང་ཀཱན་ཞེས་པས་ཀྭནྶུའོ། །
གཉིས་བརྗོད་པའོ། །ཨིཎའོ་པ་རོ྅ཀྵ་ལ་རིང་པོའོ་ཞེས་པས་ཨ་བྷྱ་ས་རིང་པོའོ། །ཨརྟི་ཨིཎ་གྷས་དབྱངས་གཅིག་པ་ཞེས་པས་ཨིཊའོ། །ཨཎའི་ཡང་ངོ་ཞེས་པས་ཡའོ། །ཨུ་པེ་ཡི་ཝཱན། ཡང་དག་པར་སྨྲ་བ་ལ་ཨིན་ཀཱ་རི་ཏའོ་ཞེས་པས་ཨིནའོ། །ཨིན་ལ་རྟགས་ཞེས་པས་མཐའི་དབྱངས་ལ་སོགས་པ་དབྱིའོ། །མིན་
ཀྭན་སྭ་ནི་རྣམས་ཀྱང་ངོ་ཞེས་པའི་སྒྲ་ལས་བིཊའོ། །ཀཱ་རི་ཏ་དབྱིའོ། །དེ་རྣམས་བྱིངས་སོ། །ཞེས་པས་བྱིངས་ཡིན་པ་ཉིད་ཀྱི་ཕྱིར་ཝ་ཡིག་གི་ཀྲྀཏ་ཀྱི་མིང་མེད་དོ། །ཡ་བ་དག་གི་གསལ་བྱེད་ལ་ཡ་མ་ཡིན་པ་ལའོ། །ཡ་ཡིག་དང་ཝ་ཡིག་དག་གི་ཡ་མིན་པ་སྟེ་ཡ་ཡིག་དང་བྲལ་བའི་གསལ་བྱེད་ཕ་རོལ་ལ་དབྱི་བར་
འགྱུར་རོ། །ཀྣུཏཿ། ཀྣུཏ་ཝཱནཿ། ཀྵྨཱ་ཏཿ། ཀྵྨཱཏ་ཝཱ་ནཿ། ཀྣུ་ཡཱི་སྒྲ་ལའོ། །ཀྵྨཱ་ཡཱི་རྣམ་པར་གཡོ་བ་ལའོ། །སྒྲ་བྱས་ཟིན་ནོ། །སྒྲ་བྱེད་དུ་བཅུག་ཟིན་ནོ། །གཡོ་བ་བྱས་ཟིན་ནོ། །གཡོ་བ་བྱེད་དུ་བཅུག་ཟིན་ནོ་ཞེས་པ་ནིཥྛའོ་ཞེས་པས་ཀྟ་དང་ཀྟ་ཝནྟུའོ། །ཡ་ཡིག་དབྱིའོ། །དི་དི་ཝན། པིཥི་ཝཱན། དི་བུ་རྩེ་བ་ལའོ། །
เล่ม ๑๙๕ · หน้า 258b
ཥི་བུ་སྐུད་པའི་རྒྱུད་ལའོ། །ཀྭནྶུ་ཀན་ཞེས་པས་ཀྭནྶུའོ། །གཉིས་བརྗོད་པའོ། །བ་དབྱིའོ། །གསལ་བྱེད་ལ་ཞེས་པ་ཅི་ཞེ་ན། ཀྣུ་ཡི་ཏཱ། དེ་བི་ཏཱ། ཏྲྀ་ཙའོ། །ཨིཊའོ། །ཡ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། པྲཀྣུ་ཡྱ་པྲ་དཱི་བྱ། བྱེད་པ་པོ་གཅིག་དག་གི་ཞེས་པས་ཀྟྭྣའོ། །ཚིག་སྡུད་ལས་འབྱུང་བ་ཞེས་པས་ཡ་བའོ། །ནཱ་མིའི་
རབ་དག་ལ་ཞེས་པས་རིང་པོའོ། །ཨིནའི་ནིཥྛ་ཨིཊ་ཅན་ལའོ། །ནིཥྛ་ལ་གང་ཨིཊ་ཡིན་པ་དེ་ཕ་རོལ་ལ་ཨིན་དབྱི་བར་འགྱུར་རོ། །ཀཱ་ར་ཏིཿ། ཀཱ་རི་ཏཱ་ཝཱ་ཧཱ་རི་ཏཿ། ཧཱ་ར་ཏིབ་ན། ཀཱ་རི། ཧཱ་རི། བྱེད་དུ་བཅུག་ཟིན། བྱེད་དུ་འཇུག་ཟིན། འཕྲོག་ཏུ་འཇུག་པ་བྱས་ཟིན་ནོ། །འཕྲོག་ཏུ་འཇུག་པར་བྱེད་ཟིན་ནོ་ཞེས་པ་ནིཥྛའོ་ཞེས་
པས་ཀྟ་དང་ཀྟ་བནྟུའོ། །ཨིཊའོ། །འདིས་ཨིན་དབྱིའོ། །ནིཥྛ་ཞེས་པ་ཅི་ཞེ་ན། ཀཱ་ར་ཡི་ཏཱ། ཧཱ་ར་ཡི་ཏཱ། ཨཱ་ལུ་ཨིཥྞུ་ཨཱཡྻ་ཨནྟ་ཨིཏྣུ་རྣམས་ལ་མིན་ནོ། །ཨིན་ཞེས་པ་ཁོ་ནའོ། །ཨཱ་ལུ་དང་ཨིཥྞུ་དང་ཨཱ་ཡྱ་དང་ཨནྟ་དང་ཨིཏྣུ་ཞེས་པས་དི་རྣམས་ཕ་རོལ་ལ་ཨིན་དབྱི་བར་འགྱུར་བ་མ་ཡིན་ནོ། །ཀཱ་རི་ཏའི་ཨཱ་མ་ཨིཊ་
ཅེས་པས་ཐོབ་པ་ལའོ། །གྲྀཧ་ཡཱ་ལུཿ། སྤྲྀ་ཧ་ཡཱ་ལུཿ། གྲིཧ་འཛིན་པ་ལའོ། །སྤྲྀཧ་འདོད་པ་ལའོ། །ད་ཡི་པ་ཏི་གྲྀ་ཧི་ཞེས་པས་ཨཱ་ལུའོ། །ཡོན་ཏན་ནོ། །དྷཱ་ར་ཡིཥྞུཿ། པཱ་ར་ཡིཥྞུཿ། དྷྲྀ་ཉ་ངེས་པར་འཛིན་པ་ལའོ། །པྲྀ་སྐྱོང་བར་བྱེད་པ་ལའོ། །འཛིན་བཞིན་པ་ལ་རབ་ཏུ་སྦྱོར་རོ། །དེ་བཞིན་དུ་སྐྱོང་བར་བྱེད་དུ་འཇུག་པའི་ཆེད་
དུ་ཡང་ངོ་ཞེས་པས་ཨིནའོ། །ཙུར་སོགས་ལས་ཀྱང་ངོ་ཞེས་པས་ཨིན་ཏེ། ཨའིའང་དབྱིའོ། །འཕེལ་བའོ། །བྷ་ཛི་ཨ་ལཾ་ཀྲྀཉ་བྷུ་ས་ཧི་ཞེས་པས་ཨིཥྞུའོ། །སྤྲི་ཧཱ་ཡ་ཡྱཿ། སྤྲི་ཧིའི་ཨིན་མཐའ་ཉིད་ལས། ཤཱུ་དཀྵི། སྤྲྀ་ཧི་གྲྀ་ཧི་རྣམས་ན་ལས་ཨཱ་ཡྱའོ་ཞེས་པས་ཨཱ་ཡྱའོ། །མནྜ་ཡནྟཿ། མཎྜི་རྒྱན་ལའོ། །རྒྱན་གྱི་ཆེད་
དུ་སྦྱོར་རོ་ཞེས་པས་ཨིནའོ། །སྟྲི་བྷུ་བ་ཧི་བ་སི་ཞེས་ཛྷའི་རྐྱེན་ནོ། །ཡུ་བུ་ཛྷ་རྣམས་ཀྱི་ཞེས་པས་ཨནྟར་བསྒྱུར་རོ། །སྟ་ན་ཡ་ཏིནུཿ། སྟན་གསལ་བར་བྱེད་པ་ལའོ། །ཙུར་སོགས་ལས་ཀྱང་ངོ་ཞེས་པས་ཨིནའོ། །ཨའིའང་དབྱིའོ། །སྟ་ནི་རུ་ཥི་སུ་ཥི་ཞེས་པས་ཨིཏྣུའོ། །ཡང་བ་སྔ་མ་ཅན་ནི་ཡཔ་ལ་ཨ་ཡའོ། །ཨིན་
གང་ལས་ཡང་བར་སྔ་མ་ན་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་བ་སྔ་མ་ཅན་གྱི་ཨིནའི་ཨ་ཡ་རུ་འགྱུར་ཏེ། ཡང་ཕ་རོལ་ལའོ། །པྲ་ཤམ་སྤྱ་རབ་ཏུ་ཞི་བའི་ཆེད་དུ་སྦྱོར་རོ་ཞེས་པས་ཨིནའོ། །རིང་པོའོ། །མ་རྗེས་སུ་འབྲེལ་པ་རྣམས་ཀྱི་ཐུང་ངུའོ། །བྱེད་པ་པོ་གཅིག་པ་ཞེས་པས་ཀྟྭཱའོ། །བསྡུ་བ་འབྱུང་བ་ལ་ཞེས་པས་
เล่ม ๑๙๕ · หน้า 259a
ཡ་པའོ། །དེ་བཞིན་དུ་པྲ་ཎམ་སྤྱ་བི་ག་ཎ་སྤྱ་ག་ཎིའི་ཙུར་ལ་སོགས་པ་ཉིད་ཀྱི་ཕྱིར་ཨིནའི་མཐའ་ཅན་ནོ། །འོ་ན་ཨིནའི་ཡང་བ་སྔ་མ་མེད་དེ་བར་དུ་ཆོད་པའི་ཕྱིར་ཞེ་ན། བདེན་ཏེ། སྦྱོར་བ་རྩོམ་པའི་ཤུགས་ལས་ཆོད་པ་ནའང་བྱ་བ་རྣམ་པར་ཤེས་པར་བྱའོ། །ཡང་བ་སྔ་མའི་ཞེས་
པ་ཅི་ཞེ་ན། བིཙཱ་ཪྱ། རྣམ་པར་དཔྱད་པ་ལ་རབ་ཏུ་སྦྱོར་རོ། །ཞེས་པས་ཨིནའོ། །ཀྟའོ། །དེའི་ཡ་བའོ། །ཨཱསྣོ་ཏི་ལས་ཕ་རོལ་གྱི་ཨིནའི་ཡབ་ཕ་རོལ་ལ་ཨ་པར་ཡང་ན་འདོད་དོ། །པྲསྦྱ། པྲཱ་པྱ། ཨཱསླྀ་རྣམ་པར་ཐོབ་པ་ལའོ། །པྲ་སྔ་མའོ། །ཐོབ་ཏུ་འཇུག་པ་ལ་རབ་ཏུ་སྦྱོར་རོ་ཞེས་པས་ཨི་ནོའི། ཀྟྭའོ། །
ཡ་པའོ།། །ཡང་ན་ཨ་ཡའོ་ཕྱོགས་གཅིག་ལ་ཀཱ་རི་ཏ་དབྱིའོ། །མི་ན་ཏི་སོགས་དང་དཱ་སོགས་ཀྱི་ཨའོ། །གང་རྣམས་ཀྱི་དང་པོ་མཱི་ནཱ་ཏི་ཡིན་པ་དེ་ནི་མཱི་ནཱ་ཏི་ལ་སོགས་པ་རྣམས་སོ། །གང་རྣམས་ཀྱི་དང་པོ་དཱ་ཡིན་པ་དེ་རྣམས་ནི་དཱ་ལ་སོགས་པ་རྣམས་སོ། །དེ་ནས་ཟླས་དབྱེའོ། །ཡ་པྲ་ལ་ཞེས་པ་ཁོ་ནའོ། །མཱི་ནཱ་ཏི་ལ་
སོགས་པ་རྣམས་ཀྱི་སྟེ་མཱི་ནཱ་ཏི་དང་མི་ནོ་ཏི་དང་དིང་རྣམས་ཀྱི་དང་དེ་བཞིན་དུ། དཱ་ལ་སོགས་པ་རྣམས་ཀྱི་སྟེ་ད་དང་མཱ་དང་གཱ་ཡ་ཏི་དང་། པི་བ་ཏི་དང་། སྠཱ་ད་དང་ཛ་ཧ་ཏི་རྣམས་ཀྱི་ཡབ་ཕ་རོལ་ལ་ཨཱ་ཉིད་དོ། །ད་ལ་སོགས་པ་རྣམས་ཀྱི་དཱ་མཱ་གཱ་ཡ་ཏི་ཞེས་པ་ཨཱི་ཉིད་ཐོབ་པ་ལའོ། །པྲ་མཱ་ཡ། པ་རི་མཱ་ཡ། པྲ་དཱཡ།
མཱིཉ་འཚེ་བ་ལའོ། །ཌུ་མི་ཉ་རབ་ཏུ་འཕེན་པ་ལའོ། །དིང་ཟད་པ་ལའོ། །ཀྟའོ། །ཡཔའོ། །འདིས་ཨཱ་ཉིད་དོ། །ད་ལ་སོགས་པ་རྣམས་ཀྱི། པྲ་དཱ་ཡ། པྲ་དཱ་ཡ། པྲ་མཱ། པྲ་ཁཱ་ཡ། པྲ་པ་ཡ། པྲ་སྠཱ་ཡ། ཨ་བ་སཱ་ཡ། ཨ་བ་ཧཱ་ཡ། ཨཱི་ཡིག་གི་ཨཱ་ཉིད་དོ། །ཀྵིའི་རིང་པོའོ། །ཀྵི་ཟད་པ་ལའོ་ཞེས་པ་
འདིའི་ཡཱ་པ་ཕ་རོལ་ལ་རིང་པོར་འགྱུར་རོ། །པྲ་ཀྵཱི་ཡ། ཀྵི་ཡི་ཀྵཱི་ཞེས་བྱ་རྒྱུ་ལ་རིང་པོ་སྨོས་པ་ནི་ཕྱི་མ་རིང་པོ་རྟག་ཏུ་བ་མ་ཡིན་པའི་དོན་དུའོ། །ནིཥྛ་ལའོ། །ཀྵཱིའི་རིང་པོར་ཏེ་ནིཥྛ་ཕ་རོལ་ལའོ། །ཀྵཱི་ཎཿ། ཀྵཱི་ཎ་བནྲ། ཟད་པར་བྱེད་ཟིན་ནོ། །ཞེས་པ་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །ནིཥྛའོ་ཞེས་
པས་ཀྟ་བནྟུའོ། །ཀྵིའི་རིང་པོ་ལས་སོ་ཞེས་པས་ནིཥྛ་ན་ཉིད་དོ། །རིང་པོའི་རྟག་ཏུ་མ་ཡིན་པ་ཉིད་ཀྱི་ཕྱིར་དངོས་པོ་དང་ལས་ཀྱི་དོན་དག་ལ་མི་འགྱུར་རོ། །ཀྵི་ཏཾ། །མ་ནིང་ལ་དང་པོ་ལ་ཀྟའོ། །མ་ས་ལ། པྲ་ཀྵི་ཏཿ། ནིཥྛའོ་ཞེས་པས་ཀྟའོ། །ཁྲོས་ཚིག་དང་སྐྱོ་བ་དག་ལ་ནི་རྣམ་པར་བརྟག་པ་སྟེ་ཁྲོས་ཚིག་ལ། ཀྵི་ཎཱ་ཡུསྟྭཾ།
เล่ม ๑๙๕ · หน้า 259b
ཀྵཱི་ཏཱ་ཡུསྟྭཾ། སྐྱོ་བ་ལ་ནི། ཀྵཱི་ཎ་ཧཾ། ཀྵི་ཏ་ཧོ། །སྥཱ་ཡའི་སྥཱིའོ། །སྥ་ཡཱི་ཨོ་སྱ་ཡཱི་འཕེལ་བ་ལའོ་ཞེས་པ་འདིའི་ནིཥྛ་ཕ་རོལ་ལ་སྥཱི་རུ་བསྒྱུར་བར་འགྱུར་རོ། །སྥཱི་ཏཿ། སྥཱི་ཏ་ཝཱན། རྒྱས་པར་བྱས་སོ་ཞེས་པ་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །ནིཥྛ་ལ་ཞེས་པ་ཅི་ཞེ་ན། སྥཱ་ཏིཿ། བུད་མེད་ལ་
ཀྟིའོ།། །ཡ་བ་དག་གི་གསལ་བྱེད་ལ་ཞེས་པས་ཡ་དབྱིའོ། །བྱའི་རང་གི་ཡན་ལག་ལ་པཱིའོ། །རང་གི་ཡན་ལག་ལ་འཇུག་བཞིན་པའི་བྱ་ཡའི་ཨོསྱ་ཡའི་རྒྱས་པ་དང་འཕེལ་བ་ལའོ་ཞེས་པ་འདིའི་ནིཥྛ་ཕ་རོལ་ལ་པཱི་རུ་བསྒྱུར་འགྱུར་རོ། །དཱིཾ་ན་མུ་ཁཾ། རྒྱས་པར་བྱས་ཟིན་ནོ་ཞེས་པ་འགྲོ་བའི་དོན་དང་ཞེས་པས་
ཀྟའོ། །ལུས་སོགས་དང་ཨོཏ་རྗེས་སུ་འབྲེལ་པ་ལས་ཞེས་པས་ན་ཉིད་ངོ་། །དེ་བཞིན་དུ། བཱི་ནཽ་པ་ཡོ་དྷ་རོ། རང་གི་ཡན་ལག་ནི་ཁུ་བ་མིན་པའི་ལུས་དང་ལྡན་པ་འདིར་གཟུང་བར་བྱའོ། །རང་གི་བའི་ཡན་ལག་ནི་རང་གི་ཡན་ལག་ཅེས་པ་མིན་ནོ། །རྣམ་པ་གཞན་དུ་ན་ནི། །སྱ་ནཾ་དུ་དྷི་རཾ། ཞེས་པ་ལ་
སོགས་པ་ཡང་བཱི་རུ་བསྒྱུར་བར་འགྱུར་རོ། །པྱ་ནཾ་ཞེས་པ་འདིར་སྔ་མ་བཞིན་དུ་བྱས་པ་ན་ནིཥྛའི་ན་ཉིད་ལ་ཡབ་དག་གི་གསལ་བྱེད་ལ་ཞེས་པས་ཡ་དབྱིའོ། །བཱི་ན་དེ་ཝ་དཏྟཿ། ཞེས་པ་ཅི་ལྟར་ཡིན་ཏེ་འདི་ལ་བྱའི་རང་གི་ཡན་ལག་ལ་འཇུག་པ་མིན་པས་སོ་ཞེ་ན། བདེན་ཏེ། པཱ་ནིའི་སྒྲ་དང་པོར་རང་གི་ཡན་ལག་ལ་
འདུས་བྱས་ནས་ལྷས་སྦྱིན་ལ་འཇུག་པར་འགྱུར་རོ། །ཇི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། གང་ལ་ཡན་ལག་སྦོམ་པ་རྣམས་ཡོད་པ་ཞེས་པས་མནྟུ་ལ་སོགས་པ་ཉིད་ཀྱི་ཕྱི་ཨ་ཡིག་རྐྱེན་དུ་བྱས་པ་ནའོ། །ཨཱང་ལས་ཕ་རོལ་གྱི་བྱའི་བཱི་རུ་བསྒྱུར་བར་འདོད་དེ་ཨནྡྷུ་དང་ཨུ་དྷས་དག་གི་དོན་དག་ལའོ། །ཨཱ་བཱི་ནཿཁྲོན་
པའོ། །ཨཱ་པཱི་ནཾ། བཞོད་དོ། །གྲུབ་པར་གྱུར་པ་ལ་རྩོལ་བ་ནི་ངེས་པའི་དོན་དུའོ། །ཨཱང་ཁོ་ན་ལས་ཨནྡྷུ་དང་ཨུདྷས་དག་ལ་ཇི་ལྟ་བུ་བཞིན་འགྱུར་གྱི་འདིར་ནི་མི་འགྱུར་ཏེ། པྲ་པྱ་ནཾ། བཞོད་དོ། །ཤྲྀ་ཏཾ་འཚེད་པ་ལ་སྟེའོ་མ་དང་མར་དག་ལའོ། །འོ་མ་དང་མར་གྱི་དོན་དག་ལ་འཚེད་པ་རྟོགས་པར་བྱ་བ་ལ་ཤྲྀ་ཏཾ་
ཞེས་པ་ཚིག་ཕྲད་དུ་བྱས་པའོ། །ཤྲྀ་ཏཾ་ཀྵའི་རཾ། ཤྲྀ་ཏ་ཧ་བིཿ། བཀོལ་བའོ། །ཞེས་པའི་དོན་ཏོ། །ཤྲཱ་འཚེད་པ་ལའོ། །འཚེད་ཟིན་ནོ་ཞེས་པས་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །བྱིངས་ཀྱི་ཤྲྀ་རུ་བསྒྱུར་བ་ཚིག་ཕྲད་དུ་བྱས་པའོ། །འོ་མ་དང་མར་དག་ལ་ཞེས་པ་ཅི་ཞེ་ན། ཤྲཱ་ཎཱ། འཁུར་བའོ། །
เล่ม ๑๙๕ · หน้า 260a
ཨཱཏ་ལས་མཐར་གནས་བརྩེགས་པ་ལས་སོ་ཞེས་པས་ནིཥྛ་ན་ཉིད་དོ། །པྲ་སྟྱའི་སཾ་པྲ་སཱ་ར་ཎའོ། །ཥྚཻ་སྟྱཻ་སྒྲ་དང་འདུས་པ་དག་ལའོ་ཞེས་པ་འདི་པྲ་སྔོན་མ་ཅན་གྱི་སཾ་པྲ་སཱ་ར་ཎར་འགྱུར་ཏེ་ནིཥྛ་ཕ་རོལ་ལའོ། །པྲ་སྟཱིཏཿ། པྲ་སྟི་ཏ་བཱན། ཥྚཻ། སྟྱཻའི་སྒྲ་དག་ལའོ་རབ་ཏུ་འདུས་པར་བྱས་ཟིན་ཞེས་
པས་འགྲོ་བའི་དོན་དང་ལས་མེད་པ་ཞེས་པས་ཀྟའོ། །ནིཥྛའོ་ཞེས་པས་ཀྟ་བནྟུའོ། །འདིས་སཾ་པྲ་སཱ་ར་ཎའོ། །དེ་མཐའི་རིང་པོའོ་ཞེས་པས་རིང་པོའོ། །ཁུ་བའི་གོང་བུ་དང་རེག་པ་དག་ལ་ཤྱའིའོ། །ཁུ་བའི་གོང་བུ་ནི་ཁུ་གོང་ངོ་། །ཁུ་བའི་གོང་བུ་ལ་རེག་པ་ཡོད་པ་ལའང་ཤྱཻང་འགྲོ་བ་ལའོ་ཞེས་པ་འདིའི་ནིཥྛཱ་ཕ་
རོལ་ལ་སཾ་པྲ་སཱ་ར་ཎར་འགྱུར་རོ། །རེ་ཞིག་ཁུ་བའི་གོང་བུ་ལ། ཤྭི་ནཾ་གྷྲྀ་ཏཾ། ཤཱི་ནཾ་མེ་ཏཾ། འགྲོ་པར་བྱེད་ཟིན་ནོ་ཞེས་པས་སྔ་མ་བཞིན་དུ་ཀྟའོ། །སཾ་པྲ་སཱ་ར་ཎ་ལ་རིང་པོའོ། །ཤྱེ་ལ་རེག་པ་མ་ཡིན་པ་ལས་སོ་ཞེས་པས་ན་ཉིད་དོ། །རེག་པ་ལ། ཤཱི་ཏཾ་ཛ་ལཾ། ཤཱི་ཏཾ་བརྟ་ཏེ། ཁུ་བའི་གོང་བུ་དང་རེག་པ་དག་ལ་
ཞེས་པ་ཅི་ཞེ་ན། ཤྱ་ནཿ། སོང་ངོ་ཞེས་པའི་དོན་ནོ། །སྔ་མ་བཞིན་དུ་ན་ཉིད་དོ། །པྲ་ཏི་ལས་ཀྱང་ངོ་། །པྲ་ཏིའི་སྒྲ་ལས་ཕ་རོལ་གྱི་ཤྱ་ཡ་ཏི་ནིཥྛ་ཕ་རོལ་ལ་སཾ་པྲ་སཱ་ར་ཎར་འགྱུར་ཏེ། ཁུ་བའི་གོང་བུ་དང་རེག་པའི་དོན་མིན་པ་བརྗོད་པའོ། །པྲ་ཏི་ཤཱི་ནཿ། པྲ་ཏི་ཤཱི་ན་ཝཱན། ཨ་བྷི་ཨ་བ་དག་ལས་ཡང་ནའོ། །ཨ་བྷི་
དང་ཨ་བ་ཞེས་པ་འདི་དག་ལས་ཕ་རོལ་གྱི་ཤྱཱ་ཡ་ཏིའི་ནིཥྛཱ་ཕ་རོལ་ལ་ཡང་ན་སཾ་པྲ་སཱ་ར་ཎ་རུ་འགྱུར་རོ། །ཨ་བྷི་ཤཱི་ནཾ། ཨ་བྷི་ཤཱི་ནཾ། ཨ་བ་ཤྭི་ནཾ། ཨ་བ་ཤྱཱ་ནཾ། ཡང་ན་སཾ་པྲ་སཱ་ར་ཎའོ། །ཤྱེ་ལས་རེག་པ་མིན་དང་ཞེས་པས་ན་ཉིད་དོ། །བེཉ་ཛྱཱ་དག་གི་ཡ་པ་ལ་མ་ཡིན་ནོ། །བེཉ་ཛྱཱ་ཞེས་པ་འདི་དག་གི་ཡ་བ་ཕ་རོལ་
ལ་སཾ་པྲ་སཱ་ར་ཎར་འགྱུར་བ་མ་ཡིན་ནོ། །བེཉ་ནི་ཡཛ་ལ་སོགས་པ་ཉིད་ཀྱི་ཕྱིར་ཐོབ་ལ། ཛྱཱའ་གྲ་ཧ་ལ་སོགས་པ་ཉིད་ཀྱི་ཕྱིར་རོ། །པྲ་བཱ་ཡ། པྲ་ཛྱཱ་ཡ། བྱའི་འང་ངོ་། །བྱེཉ་ཞེས་པ་འདིའི་ཡ་པ་ཕ་རོལ་ལ་སཾ་པྲ་སཱ་ར་ཎར་མི་འགྱུར་ཏེ། ཡ་ཛ་ལ་སོགས་པ་ཉིད་ཀྱི་ཕྱིར་ཐོབ་པ་ལ། པྲ་བྱཱ་ཡ། བྱེཉ་སྡོམ་པར་བྱེད་པ་ལའོ། །
སཾ་པ་རི་དག་ལས་ཡང་ནའོ། །སཾ་དང་པ་རི་དག་ལས་ཕ་རོལ་བྱེཉའི་ཡ་བ་ཕ་རོལ་ལ་སཾ་པྲ་སཱ་ར་ཎར་ཡང་ན་མི་འགྱུར་རོ། །སཾ་བཱི་ཡ། སཾ་བྱཱ་ཡ། པ་རི་བཱི་ཡ། པ་རི་བྱཱ་ཡ། སཾ་པྲ་སཱ་ར་ཎ་བྱས་པ་ན་མཐའ་རིང་པོའོ་ཞེས་པས་རིང་པོའོ། །དེ་མཐའ་རིང་པོའོ། །མཐའ་ལ་ཡོད་པ་ནི་མཐའ་ལ་ཡོད་པའོ། །དེ་སྟེ་སཾ་པྲ་སཱ་ར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด